CLOSE WINDOW

GT3522: 'phags pa lang+ka ra gshegs pa'i mdo'i 'grel pa
Wyliee-texts produced with BDRC’s OCR application

xxx ་xxx ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཀུན་མཁྱེན་སངས་རྒྱས་འགྱུར་བ་གསུ ་བདག་མཚུངས།། སེམས་དཔའ་གཉིས་མི་གཉིས་ཀྱི་ཆོས་མཆོག་དང་།། འདུས་པ་མཐའ་དག་ཆུད་ལམ་ཐེག་གསུམ་ལ།། ཕྱག ་འཚལ་ནས་ནི་ཤེས་དཔལ་བཟང་མིང་གིས།། མོས་པའི་སེམས་ཅན་རྣམས་ལ་ཕན་གདགས་པར། བདག་གི་བློ་དང་གཞན་གྱི་བློར ་གསུངས་པ།། ལངྐར་གཤེགས་པ་ཐོས་ཚུལ་ཆོས་དང་ནི།། རིགས་པ་ཡིས་ནི་བཤད་པར་བྱེད་པའོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལངྐའི་གྲོང ་རྡལ་རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེའི་རིགས་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ལ་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་ལ་དབང་ཐོབ་པ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད ་པ་རྣམས་ཀྱི་ཚིག། གནས་བརྟན་བཙུན་གཙོ་འཇམ་དཔལ་གྱི་ཐོག་མ་དང་ཐ་མའི་རིའི་གནསུ་བཙུན་གཙོའི་བྱང་ཆུབ་སངའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དང་ལྷན་ཅིག་ཏུ ་སྡེ་སྣོད་བདུན་དུ་ཐེག་པ་ཆེ་ནོ་ཡང་དག་པར་བསྡུ་བ་བྱསོ་ཞེས་གགོ།། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་གདུལ་བའི་ཕྱིར་ལངྐའི་གོང་རྡལ་དུ་བཞུགས་ཕྲན་མདོ་སྡེ་འདི་ལངྐ་ར་ག་ཤ་ཌ་པ་ཞེ་བྱའོ།། ་གནོད་སྦྱིན་ཤིང་ན་ལ་སོགས་པར་ཡང་གསུངས་པ་ཡིན་ཏེ། གནོད་སྦྱིན་རྣམས་མངོན་པར་རབ་ཏུ་དང་བར་བྱ་བའི་ཕྱིར། ཀླག་གོ་ཞེས་སོ།། གནོད་སྦྱིན་འབོད་སྒྲོགས་ལ་སོགས་པ་གང་དག་གིས་སྔོན་རྒྱལ་བ་ལ ་བསྙེན་བཀུར་བ། བསོད་ནམས་ཀྱི་ཡན་ལག་ཆེ་བ་དང་། སྒྱུ་མའི་རྣམ་པར་ཐར་པ་ཐོབ་པ་དང་། གནས་གསུམ་དུ་རྣམ་པར་རྒྱལ་བ། གཟུགས་སྣ་ཚོགས་སུ་བསྒྱུར་བ་ལ་དབང་བས་ཇི་ལྟར་འདོད་པ་བཞིན་དུ་ལུས་འཛིན་ཅིང་གཏོང་བ་ནོར་བུ ་བཟང་ལ་སོགས་པས་བརྒྱད་ལ་སོགས་པས་དབང་པོ་རྣམས་སོ།། ལྷག་མ་རྟོགས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་ཟབ་མོ་སྟོན་ཏོ།། འབོད་སྒྲོགས་ཀྱང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་བོ་ཞེས་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། ལུས་སྤངས ་ནས་ཨིནྡྲ་ནཱི་ལའི་མགོ་གླང་ཅན་གྱི་པི་ཝཾ་དུ་བཞུགས་ཏེ། བཅོམ་ལྡན་འདས་ལ་ཤརྔ་ལ་སོགས་པས་པི་ཝཾ་བླངས་ཞེས་པའོ།། དེ་བཞིན་དུ་གཟུགས་རྣམ་པ་སྣ་ཚོགས་སུ་བསྒྱུར་བའི་རྣལ་འབྱོར་གྱི་དབང་པོ་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི ་ཏིང་ངེ་འཛིན་ཐོབ་པ་ཡིན་ན། ཇི་ལྟར་མཐུ་བོ་ཆེ་དགའ་བ་ཅན་དུ་གྱུར་པས་སྦྲེལ་བར་དུས། བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་དཀའ་བའི་སེམས་ཅན་འདུལ་བ་ཡིན་ཏེ། འཕགས་པ་བཙུན་གཙོ་རྡོ་རྗེ་འཛིན་ལ་སོགས་པ་ཡིན་ནོ།། གནོད་སྦྱིན ་གྱི་དབང་པོ་ལ་སོགས་པའི་གཟུགས་ཀྱིས་འཇིག་རྟེན་གསུམ་དུ་རྣམ་པར་རྒྱལ་བར་བྱེད་ཅིང་། དབང་ཕྱུག་ཆེན་པོ་བཙུན་མོ་དང་བཅས་པ་ཞབས་ཀྱིས་མནན་ཏེ།། གཟུངས་དང་། རྣམ་པར་ཐར་པ་ཡང་ཐོབ་པར་བྱེད་པས་ཕན་འདོགས་པར་མཛད་པས་ཏེ། སེམས ་ཅན་ཡོངས་སུ་སྨིན་པར་མཛད་པ་བསམ་དུ་མེད་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་བསམ་དུ་མེད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་བསམ་དུ་མེད་པའི་ཕྱིར་རོ།། ཇི་ལྟག་འཕགས་པ་འཇམ་དཔལ་གྱི་རྒྱུད་ཁྲོ་བོ་རྣམས་པར་རྒྱལ་བའི་བསྐལ་པ་ལས། འ ་དཔལ་གཞོན་ནུས་བརྒལ་པ་བཤད་པ་གདུལ་བྱའི་ལྷ་ལ་སོགས་པ་གདུལ་བ་དང་། ལྷ་མོ་ལ་སོགས་པ་སྒྲུབ་པའི་ཕྱིར་བཅོམ་ལྡན་འདས་འཕགས་པ་རྡོ་རྗེ་འཛིན་གྱིས་ངེས་བཤད་པར་བྱའོ་ཞེས་གསུངས་པའོ།། དངོས་གྲུབ་ཏུ་རབ་ཏུ་འབྱེད་པ་བཤད་པ་དང ་འཕགས་པ་ཞི་པའི་བློ་གྲོས་ཀྱིས་དྲིས་པ། སྙིང་ནཱི་ཆེ་བའི་བསྟན་པ་ལ་ལགན་རྡོན་ཇི་ལྟར་ན་ཁྱོད་ཀྱིས་དྲག་པོ་དང། འདོད་པ་དང་ལྡན་པ་དེ་སྐད་དུ་སྨྲ་བར་བྱེད། འཕགས་པ་རྡོ་རྗེ་འཛིན་པའི་ལན་ནི་སྔར་སྨྲས་པ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཚང ་མེད་པ་ཞེས་བྱ་བ་ལ་སོགས་པའོ།། སྙིང་རྗེའི་དབང་གི་ཕྱིར་འབོད་སྒྲོགས་ལའང་དེ་བཞིན་ཏེ། སེམས་ཅན་འདུལ་བ་དང་། བྱང་ཆུབ་ཀྱི་སྤྱོད་པ་བསམ་དུ་མེད་པའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། མི་དགེ་བ ་བཅུའི་ལས་ཀྱི་ལམ་དུ་འཇུག་ཏུ་ཟིན་ཀྱང་བསོད་ནམས་མང་དུ་འཕེལ་ལ་ལྟུང་བ་ཡང་མེད་དོ།། མདོ་ཀུན་ལས་བཏུས་པ་ལས་འབྱུང་བ། གལ་ཏེ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་ཞིག་བྱས་ན་ཡང་ནང་པར་དང་ཉི་མ་ཕྱེད་ན ་རྐྱེན་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉེས་པ་མེད་པར་འགྱུར་རོ།། ལྷ་ཆེན་པོ་དང་། གཏོགས་འདོད་དང་། ཚངས་པ་ལ་སོགས་པ་དེ་དག་ཀྱང་རྡོ་རྗེའི་དབང་བསྐུར་བས་དབང་བསྐུར་བས་ན་བྱང་ཆུབ་སེམས་དཔའ་ཉིད་དག་གོ།། དེ་དག་ནི་སངས་རྒྱས་སུ ་སྒྲུབ་པ་འདོད་པ་དང་ལྡན་ནོ།། ཞེས་རྣལ་འབྱོར་གྱི་དབང་པོ་རྣམས་ལ་འགལ་བའི་ཚིག་མ་ཡིན་ནོ།། ཚེ་ཐ་མ་པ་བཙུན་མོ་དང་རོལ་པ་རྣམ་པ་སྣ་ཚོགས་ནི་ཤེས་རབ་ཀྱི་དང་ཐབས་ལ་མཁས་པས་ན་བཙུན་མོའོ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའི་སྤྱད་པའི་ལྟད་མོས་བསམ་དུ་མེད་པ་སྡོང་པོས་བརྒྱུད་པ་ལ་སོགས་པ་ལས་རིག་པར་བྱའོ།། དགེ་སློང་ཆེན་པོའི་དགེ་འདུན་ཞེས་པ་ནི་གང་དག་ལ་རྫུ་འཕྲུལ་ཡོད་པ་དེ་དག་གཟུང་ངོ་།། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིགས ་ཞེས་པ་ནི་རྫུ་འཕྲུལ་ཅན་དེ་དག་ཉིད་འཁོར་དུ་འདུས་པར་བསྐྱེད་པ་ཡིན་ནོ།། དེར་མཆོག་ཏུ་ཟབ་པའི་རྣམ་པར་ཤེས་པའི་དབུ་མའི་ཏིང་ངེ་འཛིན་འཆད་དེ། དེ་བས་ན་གསུངས་པ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཞེས་སོ།། ཏིང་ངེ་འཛིན་དང ་དཔུང་དང་། སྟོབས་དང་། མངོན་པར་ཤེས་པ་དུ་མས་རྣམ་པར་རོལ་པ་ཞེས་པ་ལ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པའོ།། དབང་དང ་སྟོབས་ཐོབ་པས་མངོན་པར་ཤེས་པས་གང་དག་རྣམ་པར་རོལ་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། མངོན་པར་ཤེས་པ་ནི་སྣ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐུན་མོང་བ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། སྔོན་གྱི་གནས་དྲན ་པདང་གཞན་གྱི་སེམས་ཤེས་པ་དང་། ནམ་མཁའ་ལ་འགྲོ་བའི་རྫུ་འཕྲུལ་དང་ལྔའོ།། དྲུག་པ་ནི་ཉོན་མོངས་པ་ཟད་པ་མངོན་པར་ཤེས་པ་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡིན་ཏེ། མི་རྟག་པ་དང་། བདག་མེད་པ་དང་། སྡུག ་བསྔལ་བ་དང་། མི་གཙང་བར་བསྒོམས་པས་གང་ཟག་ལ་བདག་མེད་པ་རྟོགས་པར་བྱེད་དེ། ཕྱི་རོལ་འདོད་ཆགས་དང་སྤྲུལ་བ་རྣམས་ནི་བདག་ཏུ་ལྟ་བ་མ་སྤངས་པས་ཡང་སྲིད་པར་ཉིང་མཚམས་སྦྱར་ཚནས་སོ།། བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཆོས ་དང་གང་ཟགལ་བདག་མེད་པར་དང་པོ་ཉིད་དུ་ཡོངས་སུ་ཤེས་པར་གྱུར་ཏེ། དེ་དག་གིས་བདག་ཀྱང་མི་མཐོང་ན་བདག་གིས་ལྷ་རྡོ་སྨོས་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པས། འདོད་ཆགས་དང་བྲལ་བ་ཉིད་དག་ཟུགས་རྗེ་དང་བརྩེ་བས ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ་ནས་སོ།། ཇི་ལྟར་ཡང་དབུ་མ་ལས་གསུངས་པ། མྱ་ངན་ལས་འདའ་བའི་མཐུའ་གང་ཡིན། འཁོར་བའི་མཐའ་ཡང་གང་ཡིན་པ། དེ་གཉིས་པར་ན་ཅུང་ཟད་ཅིག། ཤིན་ཏུ་ཕྲ་བ་ཡོད་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་ཡོངས་སུ་མྱ་ངན་ལས་འདས་ཀྱང་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཐུགས་རྗེས་གཞན་གྱི་དོན་སྤྱོད་ཅེས་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་སོགས་པ་དག་ཅེས་པ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐམས་ཅད་མི ་གཉིས་པོའི་ཚུལ་ལ་ཆེར་རབ་པའི་བློ་གྲོས་གང་ལ་ཡོད་པ་དང་། གཞན་གྱི་དོན་དུ་ཐམས་ཅད་མཁྱེན་པ་ལ་ཡོངས་སུ་གསོལ་ཞིང་འདྲི་བ་དང་། ལན་རྒྱ་ཆེ་བ་དེ་ནི་དེ་ལྟར་བློ་གྲོས་ཆེ་བ་སྟེ། བཙུན་གཅོད་གང་དག་གི་ཐོག་མར་སྨོས་པ་བཙུན་གཅོ་བྱང་ཆུབ་སེམས ་དཔའ་དེ་དག་ནི་ཐམས་ཅད་མཁྱེན་པའི་འཁོར་དུ་དེ་བཞིན་དུ་མཆོད་པར་བྱ་བ་ཡིན་ནོ།། སངས་རྒྱས་ཐམས་ཅད་ཀྱི་ཕྱག་གི་དབང་བསྐུར་བས་དབང་བསྐུར་བ་ཞེས་པ་ནི་མཆོག་ཏུ་ཟབ་པ་མི་གཉིས་པར་རྟོགས་པ་ཀུན་ཏུ་རིག་པ་དང་མཉམ་པས་སངས་རྒྱས་ཀྱིས་དབང ་བསྐུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་པ་དང་། སྲིད་པའི་འཇིགས་པ་ཐམས་ཅད་སྤངས་པ་དང་། དབུགས་འབྱིན་པ་ཐོབ་པ་དང་། དེ་བཞིན་དུ་བཙུན་གཙོ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས ་དཔའ་རྣམས་ལ་ཕྱིར་མི་ལྡོག་པར་གསུངས་པ་ནི་མགོ་ལ་ཕྱག་གིས་དབང་བསྐུར་བའི་ཚུལ་ལོ།། བདག་གི་སེམས་སྣང་བའི་སྤྱོད་ཡུལ་ཡོངས་སུ་ཤེས་པའི་དོན་ལ་མཁས་ཞེས་པ་ལ། བདག་གི་སེམས་རྣམ་པར་ཤེས་པར་བྱ་བ་ཡུལ་ཉིད་དུ་མཁས་པ་གང་དག་གིས ་དོན་ཡོངས་སུ་ཤེས་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། ཤེས་པ་མ་གཏོགས་པར་ཕྱིའི་དོན་མེད་དོ་ཞེས་གང་དག་གིས་ཡོངས་སུ་རྟོགས་ཞེས་བྱ་བའི་ས་ཚིག་གོ།། ཕྱིའི་དོན་སུན་འབྱུང་བ་ནི་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། རྡུལ་ལས་ཆ་ནི་ཡོད ་པ་མིན་ཞེས་པའོ།། གཟུགས་སྦོམ་པོ་ཕྱོགས་ཀྱི་ཆར་དབྱེ་ན་ཁང་པ་དང་། སྡེ་དང་ནགས་ཚལ་བཞིན་ཏེ་སྟོང་པ་ཡིན་ནོ།། རྡུལ་ཕྲ་མོ་ཡང་ཕྱོགས་ཀྱི་ཕྱིར་དབྱེ་ན་སྟོང་པ་ཉིད་དོ།། འོ་ན་ཅི་ཞིག་སྣང་ཞེས་ཐམས་ཅད་མཁྱེན་པ་ལ་གསོལ་པ་དང་། ལན་དུ་གསུངས་པ། ཕྱི་ཡི་དངོས་པོ་མེད་པར ་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་ཞེས་སོ།། སེམས་ཅན་སྣ་ཚོགས་ཀྱི་སེམས་སྣ་ཚོགས་དང་། གཟུགས་དང་ཚུལ་དང་། འདུལ་བ་རྣམ་པ་ཐ་དད་པའི་ཆ་བྱད་འཆང་བ་ཞེས་པ་ནི་སེམས་ཅན་སྣ་ཚོགས་ཀྱི་སེམས་སྣ་ཚོགས་ལ་གཟུགས་ཀྱི་ཚུལ་རྣམས་ཀྱིས་འདུལ་བའི ་ཆ་བྱད་འཆང་བའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་ལ་དེ་ལྟ་བུ་ཞེས་བྱ་སྟེ། གཟུགས་བརྙན་གང་དག་གིས་སེམས་ཅན་ཕུལ་བར་འགྱུར་བ་དེ་ལྟ་བུའི་ཆ་བྱད་འཛིན་པར་བྱེད་དོ།། ཆོས་ལྔ་དང་། རང་བཞིན་དང་། རྣམ་པར་ཤེས་པ་དང་། བདག་མེད་པ་གཉིས་ཁོང ་དུ་ཆུད་པར་རྟོགས་པ་ཞེས་པ་ནི་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། ཐེག་པ་ཆེན་པོའི་དྲིན་ཐམས་ཅད་བསྡུ་བ་ནི་ཆོས་ལྔ་རྣམས་དང་རང་བཞིན་དང་། རྣམ་པར་ཤེས་པ་བརྒྱད་རྣམས་དང་།། བདག་མེད་གཉིས་ཀྱི་ནང་དུ་ནི།། ཐེག་པ་ཆེན་པོ་ཐམས་ཅད་འདུས།། ཆོས་ལྔ ་ལ་མིང་དང་། མཚན་མ་དང་། རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དོ།། དེ་དག་ནི་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པར་བསྡུ་སྟེ། མིང་ན་ཀུན་ཏུ་བརྟགས་པར་རོ།། མཚན་མ་དང་། རྟོག་པ་ནི་གཞན་གྱི་དབང་དུའོ།། ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པར་བསྡུའོ།། རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། སྲིད་པ་དང་ཐར་པའི་ཐུན་མོང་གི་རྒྱུད་པ་ལ་བྱ་བར་རྟགས་སོ།། རྣམ་པར་ཤེས་པ་བརླང་ནི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས ་པའི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པའོ།། བདག་མེད་པ་གཉིས་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ།། གང་ཡོད་པ་དེ་དག་ཐམས་ཅད་ནི་སྐད་ཅིག་པ་ཡིན་ཏེ། སེ་གོལ་གྱི་སྒྲ་དང་འབབ་ཆུ་བཞིན་ནོ།། རྟག་པ་མ་སྐྱེས་པས་ན་ཡོད་པར་མི ་གཟུང་སྟེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་པས་གང་ཟག་ལ་བདག་མེད་དོ།། ཆོས་ལ་བདག་མེད་པ་ཡང་གཟུགས་ལ་སོགས་པའི་ཆོ་སྣ་སྡོམ་པ་དང་ཕྱུ་བ་རྣམས་ཤེས་རབ་ཀྱིས་གཞིགས་པ་ནུ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང ་པར་འགྱུར་རོ།། འདི་ཉིད་དུ་གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོའི་རླབས་རྣམས་བཞིན་དུའོ།། གང་གི་ཚེ་ཤེས་པར་བྱ་བ་སྒོམ་པ་དང་། ཕྲ་བ་ཤེས་རབ་ཀྱིས་གཞིགས་ཏེ། ་མི་དམིགས་ནས་སྟོང་པར་འགྱུར་བ་དེའི་ཚེ། འཛིན་པ་དང་། གཟུང་བ་དང་། སྨྲ་བ་དང་། སླ་བར་བྱ་བ་དང་། བྱ་བ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། བསྐྱེད་པ་པོ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ལ་སོགས་པ་གཉིས་སུ་རྣམ་པར་རྟོག ་པ་མེད་པས་ནུ་མི་གཉིས་པར་ཁོང་དུ་ཆུད་ཅིང་རྟོགས་པ་རྣམས་སོ།། གཟུང་བ་མེད་པ་ཉིད་ཀྱིས་འཛིན་པ་མེད་པར་འཇུག་སྟེ། ཇི་ལྟར་བྱམས་པའི་དགོངས་པ་འབྱེད་པའི་ལུགས་ལས་འབྱུང་བ། བདག་དང་སེམས་ཅན་དོན་རྣམས་ཤེས།། རྣམ་རིག་སྣང་བ་རབ ་སྐྱེ་བ། དེ་ཡི་དོན་ནི་མེད་པ་སྟེ།། དེ་མེད་པས་ན་དེ་ཡང་མེད།། བྱེད་པ་པོ་དང་བྱ་བ་དང་འབྲེལ་པ་མེད་དོ།། གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པ་མེད་པ་སྟེ། དངོས་པོ་དང་། དངོས་པོ་མ་ཡིན་པ་དག་ཀྱང་འབྲེལ་པ་མེད་པས་ན་དུ་མི་སྐྱེས་པར་ཕན ་གདགས་པ་བཞིན་ནོ།། བློ་གྲོས་ཆེན་པོ་རིམས་སུ་འབྱུང་བ་མི་འཐད་པ་དང་། ཅིག་ཅར་འབྱུང་བ་ཡང་མི་འཐད་དོ།། རྒྱུས་མཚན་ཉིད་མ་ཐོབ་པས་ན་པ་ན་འདོགས་པ་དང་། ཕན་གདགས་པ་མེད་དེ། གཉི་གས་ཀྱང་བདག་འབྱུང་བ་ཐོབ་པའི་ཕྱིར་རོ།། དེ་ནས་སྐྱེད་པར་བྱེད་པས ་སྐྱེ་བར་བྱ་བའི་སྐྱེད་པ་ལ་སོགས་པ་ཆོས་གཞན་མི་བྱེད་དོ།། ཇི་ལྟར་དབུ་མ་ལས་འབྱུང་བ། དེ་སྟེ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ཡང་དེར་རིག་སཱ་ཏཾ་ཞེས་པའོ།། སྐྱེ་བ་དང་། གནས་པ་དང་། འགྲོག་པ་མཚན་ཉིད་གསུམ་མོ།། འོན་ཏེ་སྐྱེ་བ་འདུས་མ་བྱས། ་འདུས་བྱོས་མཚོན་ཉིད་ཇི་ལྟར་རུང་།། སྐྱེ་བ་སྐྱེ་བ་ཇི་ལྟ་བ།། བདག་ཉིད་གཞན་གྱིས་མ་ཡིན་ཏེ།། འགག་པོ་ལ་ཡང་འགག་པ་ནི།། བདག་ཉིད་གཞན་གྱིས་མ་ཡིན་ནོ།། དེས་ན་སྐྱེ་བ་པོ་ལ་སོགས་པའི་ཆོས་གུད་ན་མེད་པའི་ཕྱིར་རྟེན་ཅིང་འབྲལ་བར་འབྱུང་བ་མི ་འབྱུང་བའོ།། བྱེད་པ་པོ་ལ་མངོན་པར་ཆགས་པས་འཁོར་བར་གདགས། བྱེད་པ་པོ་དང་བྱ་བ་ལ་མངོན་པར་ཆགས་པ་མེད་པ་ན་དེ་ལྡོག་སྟེ། ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་རོ།། མི་གཉིས་པའི་བྱང་ཆུབ་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་རྣམ་པ ་གཉིས་པའི་རྣམ་པར་རྟོག་པའི་གཟུགས་བརྙན་ཐམས་ཅད་མི་སྣང་ངོ་།། སྣང་བ་དང་བཅས་པ་ལ་མཐོང་ཡང་ཤེས་རབ་ཀྱིས་མི་མཐོང་ངོ་།། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་ལ་སོགས ་པསྒོམ་པ་ན་གཟུགས་བརྙན་ལ་སོགས་པར་སྣང་བ་ཉིད་དོ།། རྒྱ་མཚོའི་ཀླུའི་རྒྱལ་པོའི་གནས་ནས་ཞག་བདུན་ལོན་ཏེ་བྱུང་ནས་ཞེས་པ་ནི་མི་ལས་འདས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཏེ། བཅོམ་ལྡན་འདས་ཀྱིས་འགྲོ་བ་གསུམ་མགུ་བར་བྱེད་པའོ།། འཛུམ་པ་མཛད་ཅེས ་པ་ནི་གཉིས་ཀྱིས་མི་གཉིས་པའི་ཆོས་ཟབ་མོ་སྔོན་གྱི་དེ་བཞིན་གཤེགས་པས་ཀྱང་དེར་བཤད་དེ། རྨི་ལམ་དུ་སྣང་བ་བཞིན་དུ་ཡུན་རིང་པོར་ཐུན་མོང་དུ་སྣང་སྟེ། ཕྱིའི་དོན་རཱི་འམ་རྒྱ་མཚོ་མཆིང་རྣམ་ཞེས་བྱ་བ་གང་ཡང་མེད་པའོ།། བཅོམ་ལྡན་འདས་ཀྱི་འཛུམ ་པ་ནི་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་སུ་འཁྲུལ་པ་བཞིན་དུ་གང་གིས་འཇིག་རྟེན་དཔྱད་པ་མཚུངས་པར་འཇུག་པར་བརྟག་གོ།། འཕགས་པ་སོ་སོར་རང་གི་རིག་པའི་ཡེ་ཤེས་དང་། རྟོག་གེའི་ལྟ་བ་དང་། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས ་རྒྱས་དང་། འཕགས་པའི་ཡུལ་དེ་དག་གིས་བསྒོམས་པའི་ཆོས་བསྟན་ཞེས་པ་ནི་གཟུང་བ་དང་། འཛིན་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་དང་། སྨྲ་བ་དང་། སྨྲ་བར་བྱ་བ་དང་། བྱ་བ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་པོ་དང་། ཡོད་པ་དང་། ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པ་དང་བྲལ་བ་འཕགས་པས་ས་རང་གི་རིག་པའི་ཡེ་ཤེས་མི་གཉིས་པའི་མཚན་ཉིད་དེ། མཆོག་ཏུ་ཟབ་པ། གཉིས་ཀྱི་ས་སྟོང་པའོ།། རྟོག་གེའི་ལྟ་བའི་མཚན་ཉིད་ཀྱི་ཡང་ཚད་མ་དང ་གཞལ་བས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་འབྱེད་ཅིང་སྣང་བའི་ཚུལ་དུ་བསྟན་ནོ།། ཇི་ལྟར་དགེ་སློང་དག་གཟུགས་ཅི་རྟག་པ་ཡིན་ནམ་མི་རྟག་པ་ཡིན། བཙུན་པ་འདི་མི་རྟག་པ་ལགས་སོ་ཞེས་སོ།། གང་མི་རྟག ་པ་ཡིན་པ་དེ་སྡུག་བསྔལ་བའོ།། འདི་ཅི་བདག་གམ། འདི་བདག་གི་བདག་གམ། བདག་གི་འདི་འམ། འདི་བདག་ཞེས་པ་དང་། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ།། ཞེས་ཏེ། བདག་ཏུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། དགྲ་བཅོམ་པ་མངོན་སུམ ་དུ་བྱས་སོ།། བཅོམ་ལྡན་འདས་ཀྱིས་མུ་སྟེགས་ཅན་གྱི་རྣལ་འབྱོར་པ་རྣམས་ལ་ཆོས་ཀྱི་ལྟ་བས་ཆོས་བཤད་དོ།། རྟོག་གེར་ལྟ་བ་རྣམས་ལ་བརྒལ་བའི་ལན་དུ་ཡང་རྟག་པ་དང་། གཅིག་པ་དང་། གཉིས་པ་དང་། མི་གཉིས་པ་མེད་དོ།། ཞེས་ཆོས་འཆད་པར་མཛད་དོ།། རྟག་པ ་ནིམ་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནོ་ཞེས་ཏེ། བཅོམ་ལྡན་འདས་ཀྱིས་གང་ཟག་ལ་བདག་མེད་པས་བསྒྲུབ་པར་ཚད་མར་གསུངས་སོ།། གཅིག་པ་ཡང་གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་ཁྱབ་པ་དང་། གཟུགས ་སྣ་ཚོགས་ཀྱི་རྣལ་འབྱོར་པའི་དབང་པོ་ཡང་དག་པར་མི་རིག་སྟེ། གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།། གཟུགས་གཉིས་པ་ཡང་མི་རིགས་ཏེ། ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་ལ་སོགས་པས ་ཀུན་ཏུ་བརྟགས་པའོ།། རང་བཞིན་གཅིག་ལ་སྤྱི་དང་ཁང་པུར་གི་བདག་ཉིད་དུ་རྣམུ་པ་གཉིས་སུ་མི་རུང་སྟེ། གཞན་གྱི་བྱ་བ་གཞན་གྱིས་བྱེད་པར་འགྱུར་རོ།། ཡང་ན་གཉིས་ཀྱི་བདག་ཉིད་མ་ཡིན་ནོ།། མི་གཉིས་པ་ཡང་མི་རིགས་ཏེ། གཅིག་དང་། དུ་མ་དང་། རྟག་པ་དང་། ་མི་རྟག་པ་དང་། གཟུགས་དང་། གཟུགས་མེད་པ་ལ་སོགས་པ་དང་བྲལ་བ་ཡིན་ན་ནི་མེད་པའི་གཟུགས་ཉིད་ཀུན་ཏུ་རྟགས་པར་འགྱུར་རོ།། རྒོལ་བ་དེ་དག་ཉིད་བཅོམ་ལྡན་འདས་ཀྱིས་ལང་དཀར་གཤེགས་པ་ཉིད་དུ་རྒྱ་ཆེར་བསལ་ཏོ།། གང་དག་གི་མོས་པ་རྒྱ ་བཔ་དེ་དག་གི་རྟོག་གེའི་ལྟ་བ་བཅོམ་ལྡན་འདས་ཀྱིས་ལྟ་བ་མེད་པར་མཛད་དོ།། ཚད་མ་དང་། གཞལ་བྱ་རྣམ་པར་བཞག་པ་ནི་གཉིད་ཀྱིས་མ་ལོག་པའི་དུས་ན་བསླུབ་དང་། བསླུ་བ་མེད་པར་ངེས་པས་ཐ་སྙད་དུ་བྱེད་པ་གཉིད་ཀྱིས་ལོག་པའི་དུས་ན་ཡང་བསླུ་བ་དང་། བསླུ ་བ་མེད་པར་དྲིས་པ་ཡོད་དོ།། མཚོ་དང་། མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པ་ཆུར་མཐོང་སྟེ། ཕྱིའི་དོན་མེད་དུ་མཚུངས་ཀྱང་། འཁྲུལ་པ་རྣམ་པ་སྣ་ཚོགས་སུ་འགྱུར་བར་འབྱེད་དོ།། སེམས་འཁྲུགས་ནས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་སྣང་བ་ལྟ་བུ་སྟེ ་འཁྲུག་པ་ཤེས་རབ་ཀྱི་ཞི་བ་ན་ཐར་པ་ཞེས་བྱའོ།། དེ་ནས་གནོད་སྦྱིན་གྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ནི་དེ་ལྟར་རྣམ་པ་དེ་ལྟ་བུ་སྟེ། གང་གིས་འཇིག་རྟེན་གསུམ་དུ་རྣམ་པར་རྒྱལ་བའི་བྱ་བ་འབོད་འགྲོག ་ཀྱིས་གསལ་ཏོ།། མཆོག་ཏུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་རྣལ་འབྱོར་གྱི་དབང་པོ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་ལྡན་པས་ཆོ་འཕྲུལ་གྱིས་མགུ་བར་མཛད་པ་ལ་མཆོད་ཅིང་བསྙེན་བཀུར་དང་། ཆོས་མཉམ་པའི་ཕྱིར་མེ་ཏོག་གི ་གཞལ་མེད་ཁང་ནས་བབས་ནས་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་རིམ་གྲོ་དང་བཅས་པར་ཕྱུག་འཚུལ་ཏེ། བཅོམ་ལྡན་འདས་ཀྱིས་གང་རྒྱ་མཚ་འཆིང་རྣམས་ཀྱི་རླབས་ལ་གཟིགས་ནས། གནས་དང་གནས་པའི་དངོས་པ་རྦ ་བར་ཆེད་དུ་རྗོད་པ་ཆེད་དུ་བརྗོད་པར་མཛད་པ་ནི་ཀུན་གཞི་རྣམ་པར་ཤེས་པ་འཇུག་པའི་རྣམ་པར་ཤེས་པ་ཡུལ་གྱི་རླུང་གིས་བསྐྱོད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཇི་ལྟར་འདི་ཉིད་དུ་གསུངས་པ།། ལུས་དང་ཡོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། སེམས་ཅན་ལ་གཟིགས་ནས་སུ་ཇི་ལྟར་དད་པ་བཞིན་དུ་ཆོད་བཤད་པར་མཛད་པ་ནི་སྤྱིར་གསུང་བ་དང་། ཟུར་གྱིས་གསུང་བ་སྟེ། ཇི་ལྟར་མེ་གཞོན་རྨི་ལམ་དུ།། བུ་བྱུང ་འཆི་བ་མཐོང་བ་དང་།། བྱུང་དགའ་ཤི་བས་མྱ་ངན་གནས།། དེ་ལྟར་ཆོས་ཀུན་ཤེས་རབ་ཀྱིས་ཞེས་པ་སྟེ། སྟོང་པ་ཉིད་དམ། མི་རྟག་པར་རྟོགས་པར་བྱེད་དོ།། བཅོམ་ལྡན་འོངས་ལ་འབོད་འགྲོགས་ཀྱིས་གཾ་དྷ་ར་ལ་སོགས་པའི་དབྱངས་ཀྱིས་དཀྱིལ་འཁོར ་གྱིས་པི་བཾ་བླངས་པ་སྟེ། རྩེད་མོ་རློམ་པར་བླང་བར་ནི།། ལྔ་པ་ཨུ་མ་དབྱངས་དག་སྟེ།། དཔའོ་དྲག་པོ་ངོ་མཚར་དུ།། དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ།། གནྡྷར་ནི་ཤ་དབྱངས་དག་ནི།། སྙིང་རྗེ་རོལ་པ་བླང་བར་བྱ།། ཐབ་མོ་འཇིགས་དང་བཅས་པ་ལ།། དྷཾ་འབད ་དབྱངས་ནི་བླང་བར་བྱའོ།། དེ་ལྟར་བས་ན་འབོད་འགྲོགས་ཀྱིས།། དོན་དང་མཐུན་པར་བླངས་པ་སྟེ།། དབྱངས་ཀྱི་དཀྱིལ་འཁོར་བནྡྷ་དང་།། བི་ཤ་ཁི་ལའི་གཞུང་ལས་བརྟག་པར་བྱའོ།། དབྱངས་བདུན་རྣམས་དང་གྲོང་གསུམ་དང་།། རྒྱལ་བ་ཉི་ཤུ་རྩ་གཅིག་དང་། ་ཏནཱ་བཞི་བཅུ་དགུ་རྣམས་ཏེ།། དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ།། འབོད་འགྲོགས་ཀྱིས་ལུས་མི་སྣང་བར་བྱས་ཏེ་པི་བཾ་གི་ཁོག་པར་ཞུགས་ནས་ཚོགས་སུ་བཅད་པས་གླུ་བླངས་པས་ན་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ཅིང་རྣལ་འབྱོར་གྱི་དབང་པོ་ཡིན་པའི་ཕྱིར ་དེ་ཇི་ལྟར་ན་གཏོགས་འདོད་ཀྱིས་བསྒྱེལ་བར་ནུས། གནོད་སྦྱིན་ཤིང་རྟ་ལས་ནི་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ས་བརྒྱད་ཀྱི་བདག་པོ་ཡིན་པར་འབྱུང་ངོ་།། རྣམ་པར་ཤེས་པར་སྨྲ་བ་ལས་ན་གཏོགས་འདོད་ཀྱང་ས་བདུན་གྱི་དབང་པོ་ཡིན་པ་འདྲ་སྟེ། ཇི་ལྟར་འདི ་ཏ་ལས་འབྱུང་བ།། མི་ཤེས་པས་ནི་ཡེ་ཤེས་བསྒྲིབས།། དེས་ན་སྐྱེ་བོ་རྨོངས་པར་འགྱུར།། ཡེ་ཤེས་ཀྱིས་ནི་མི་ཤེས་པ།། གང་དག་གིས་ནི་བཅོམ་པ་ན།། དེ་དག་ཡེ་ཤེས་ཉི་མ་བཞིན།། མཆོག་ཏུ་སྣང་བར་འགྱུར་བ་སྟེ། ཞེས་བྱ་བ་ལ་སོགས་པའོ།། དེས ་ན་ས་གོང་མ་ལ་གནས་པ་རྣམས་ཀྱིས་ཤེས་རབ་དང་ཐབས་ལ་མཁས་པས་ས་འོག་མ་ལ་གནས་པ་རྣམས་འདུལ་བར་བྱེད་དོ།། བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཐོབ་པ་ན་དབང་ཕྱུག་ཆེན་པོར་འགྱུར་ཏེ། དེས ་ན་འབོད་འགྲོགས་ཀྱི་དབང་ཕྱུག་ཆེན་པོ་ལ་མཉེས་པར་བྱེད་པ་ལ་ཉེས་པ་མེད་དོ།། ཅི་དེ་འདོད་ཆགས་དང་བྲལ་བ་ལ་དབང་ཐོབ་པས་འདོད་པའི་རྩེ་བས་རྩེའམ། འོན་ཏེ་འདོད་ཆགས་དང་མུ་བྲལ་བ་ཞིག་གམ། ཤིན་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ཡིན་ཏེ། ་གང་ཞེ་ན། བྱང་ཆུབ་སེམས་དཔའི་གནས་སོ།། ཁ་ཅིག་ལ་ནི་རྗེས་སུ་ཆགས་པ་མེད་པར་ཞེས་རྣལ་འབྱོར་གྱི་དབང་པོ་རྣམས་ལ་གསུངས་པའི་ཟུར་ས་བཅུ་ལས་འབྱུང་ངོ་།། བྱང་ཆུབ་སེམས་དཔའི་ས་བཅུ་པོར་དབང་ཕྱུག་ཆེན་པོར་འགྱུར་བས་ན་སྟོང་པ་ཉིད་ཀྱི ་@ཏིང་ངེ་འཛིན་ཐོབ་པར་ཡང་བརྟག་གོ།། དབང་ཕྱུག་ཆེན་པོས་སྨྲས་པའི་རྣལ་འབྱོར་ལྔས་བྱུང་བ། དངོས་པོ་མེད་ལས་ཐར་པར་སྨྲས།། འཆིང་བ་དངོས་པོར་རྟོག་པ་ལས།། དེ་བས་དངོས་པོ་ཡོངས་སྤངས་ཏེ།། སྟོང་པའི་དངོས་པོར་གནས་པར ་བྱ། ཅི་གཙང་གནས་རིགས་ཀྱི་འདོད་ཆགས་དང་བྲལ་བ་དབང་ཕྱུག་ཏུ་གཟུང་བར་བརྟག་གམ། དེ་མ་ཡིན་ཏེ། དེ་ནི་ཏིང་ངེ་འཛིན་དང་ཡེ་ཤེས་སོ།། ཆེ་བ་ཉིད་པར་བལ་མི་ཀས་རང་བཟོར་སྨྲས་པ་ནི་ཡིད་ཆེས་པར་མི་རུང་སྟེ། སྤྲ་བོ་ཆེ་རྣམས་དུམ་བུར་བླངས་པ་བརྒྱ ་བྱིན་ལྷའི་དབང་པོའི་སྨོན་ལམ་གྱིས་གསེན་པོར་གྱུར་ལ། གནོད་སྦྱིན་དང་སྲིན་པོ་རྣམས་སྨྲས་མ་ཐག་ཏུ་འཆི་བར་གྱུར་ཞེས་པ་དེ་ལྟ་ན་ནི་དབང་པོས་ཐོག་མར་ཅིའི་ཕྱིར་དམོས་མོས་མ་བསང་བརྒྱ་བྱིན་ཡང་ཇི་ལྟར་དེ་དག་གིས་བཅིངས་ཏེ་འོངས། དེ་ནི་འབོད་སྒྲོགས་ཀྱིས ་བསྟོད་པ་དེ་བཤད་པར་བྱ་སྟེ། སེམས་ཀྱིས་རང་བཞིན་ཚུལ་ཉིད་ཆོས་ཀྱི་གཏེར།། བདག་མེད་ལྷ་དང་རྣམ་བྲལ་དྲི་མ་མེད།། སོ་སོ་རང་རིག་ཤེས་པ་སྟོན་པ་ཡི།། ཆོས་ཚུལ་མགོན་པོས་འདིར་ཡང་བཤད་དུ་གསོལ།། ཞེས་པ་ལ། སེམས་མ་རྟོགས་པར་གཟུགས ་ལ་སོགས་པའི་ཕྱིའི་ཆོས་མེད་པ་ནི་བཅོམ་ལྡན་འདས་ཀྱིས་འདི་ཉིད་དུ་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་མ་ནི་ཡོད་པ་མིན། ཞེས་པ་ལ། འོ་ན་ཅི་ཞིག་སྣང་ཞེས་པ་དང་། ཕྱིའི་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང ་ཞེས་པའོ།། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཆོས་ཀྱི་གཏེར་གྱི་སྒྲས་འབོད་སྒྲོགས་ཀྱིས་སྔོན་ཐམས་ཅད་མཁྱེན་པའི་ཆོས་ཐོས་པའི་རྗེས་སུ་སོང་བས ་ཀུན་གཞིར་བརྟགས་པའི་དོན་དུ་སྣང་ངོ་།། ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པས་ལྟ་བ་དང་བྲལ་བ་སྟེ། རྟག་པ་དང་། བདག་དང་། བྱེད་པ་པོའི་ལྟ་བ་སྤངས་པས་ན་དེ་ཉིད་དྲི་མ་མེད་པའོ།། འཁྲུལ་པ་རྣམས་ཀྱི་གང་དང་གང་གིས་སྡུག་བསྔལ་རྗེསུ་འབྲེལ ་པར་འཇུག་པ་དེ་དང་དེ་ནི་བདག་ཏུ་ཆགས་པ་ལས་ཏེ། མར་མེ་ལ་སོགས་པར་ཕྱེ་མ་ལེབ་བཞིན་ནོ།། འཁོར་བར་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་མཚན ་ཉིད་ཀྱི་འཇུག་པ་ནི་སྡུག་བསྔལ་རྗེས་སུ་འབྲེལ་པ་ཞེས་བྱའོ།། འོན་ཏེ་ལོག་པའི་ཤེས་པ་མ་གཏོགས་པར་ཡང་སྡུག་བསྔལ་རྗེས་སུ་འབྲེལ་པར་འཇུག་པར་འགྱུར་ན། དེ་ལྟ་ན་ནི་ཡེ་ཤེས་ཀྱི་ཁྱད་པར་སྐྱེས་པ་རྣམས་ལ་ཡང་གང་པ་དང་། གཡང་ས་ལ་སོགས ་པའི་ཡུལ་སྤོང་དུ་ཟིན་ཀྱང་དེ་ཉིད་དུ་ལྟུང་བར་འགྱུར་ཏེ། འདི་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མའོ།། དེས་ན་བདག་ཏུ་ཆགས་པ་ལས་འཁོར་བའི་སྡུག་བསྔལ་འབྱུང་ངོ་།། བདག་མེད་པ་ཡོངས་སུ་རྟོགས་པས་ཐར་པ་སྟེ། རྫུ་འཕྲུལ་གྱི་སྟོབས་དང་། ་མགུ་བ་ལ་སོགས་པས་གཞན་སུས་ཀྱང་བྱིན་པའམ་ཕྲོགས་པ་མེད་དོ།། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རིན་པོ་ཆེ་དང་། གསེར་འཆང་བ་དང་། འབྲས་བུ་དང་། རྩ་བ་ལ་སོགས་པ་བཟའ་བ་དང་། འཁྲུ་བ་དང་། སྦྱིན་བསྲེག་དང་། གཡང་ས་ལ་སོགས ་པ་དང་། ཐལ་བས་བསྐུ་བ་དང་། སྒྲ་འབལ་པོ་དང་། དྲི་མ་དང་། རལ་པ་ལ་སོགས་པ་འཛིན་པས་ཀྱང་ཐར་པ་མ་ཡིན། བ་ལང་དང་། རི་དགས་དང་། རྨ་བྱའི་བརྟུལ་ཞུགས་ལ་སོགས་པས་ཀྱང་མ་ཡིན་གྱི། བདག་མེད་པ་ཡོངས་སུ་རྟོགས་པས་ལྟ་བ་ཐམས་ཅད ་སྤངས་ཏེ་ཐར་པར་འགྱུར་རོ་ཞེས་འབོད་སྒྲོགས་ཀྱིས་བསམས་པའོ།། ས་ས་རང་རིག་ཅེས་པ་ནི་ཡང་དག་པར་རིག་པ་མངོན་སུམ་སྟེ། མིག་གིས་ཤེས་པ་ངེས་པར་ཞུགས་པ་དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་ནོ།། སྟོན་པ་ན་མི་གཉིས ་པ་སྟོན་པ་སྟེ། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྟོང་པ་ལ་སོགས་པ་སྤྱིའི་རྣམ་པར་ཆོས་བཤད་པ་འཇུག་པའོ།། དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་རང་གི་རིག་པ་སྨྲ་བར་མི་ནུས་སོ།། ཇི་ལྟར་ཏིག་ན་གང་སྨྲས་པ།། དོན་དང་སྒྲ་ཡི་ཁྱད་པར་ལ། ་སྨྲ་བྱ་སྨྲ་བ་འདོད་མ་ཡིན།། དེ་སྔོན་མཐོང་བ་མ་ཡིན་ཕྱིར།། སྤྱིར་ནི་ཉེ་བར་བརྗོད་པར་བྱ།། ཆོས་ཀྱི་ཚུལ་ནི་གཉིས་ཀྱིས་མི་གཉིས་པ་ཡིན་ཡང་གཉིས་དང་མི་གཉིས་པའི་ཆོས་ཀྱི་ཚུལ་ལོ།། དེ་ལ་གཉིས་ཀྱི་མཚན་ཉིད་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན ་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་མཚན་ཉིད་དོ།། མི་གཉིས་པའི་རང་བཞིན་ནི་འཛིན་པ་དང་། གཟུང་བ་དང་། རྗོད་པ་དང་། བརྗོད་པར་བྱ་དང་། སྐྱེད་པ་དང་། བསྐྱེད་པར ་བ་དང་། བྱ་བ་དང་། བྱེད་པ་པོ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་དང་བྲལ་བའོ།། དགེ་བའི་ཆོས་ཀྱིས་ཡང་དག་བསགས་པའི་སྐུ།། བདེ་གཤེགས་འཕྲུལ་པས་སྤྲུལ་པ་སྟོན་པ་སྟེ།། སོ་སོ་རང་རིག་རྟོག་པའི་ཆོས་དགྱེས་པ།། ཐུབ་པ་དེང་མི ་ལང་དཀར་གཤེགས་པའི་དུས།། དགེ་བའི་ཆོས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་ཏེ། དེ་དག་གིས་གང་གི་སྐུ་ཡང་དག་པར་བསགས་པ་དེ་ལ་བསྟོད་ཅིང་ཕྱག་འཚལ་ཏེ། ཕན་འདོགས་པར་གསོལ་བ་འདེབས་སོ།། སྔ་མ་ནི་ལ ་ཀྱི་ཚིག་གོ།། ཕྱི་མ་ནི་འབོད་པའི་ཚིག་གོ།། འཕྲུལ་པས་སྤྲུལ་པ་སྟོན་པ་སྟེ་ཞེས་པ་ནི། སངས་རྒྱས་མྱ་ངན་འདའ་བ་མེད།། ཆོས་ཀྱང་ནུབ་པར་འགྱུར་བ་མིན།། སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར།། དེ་དག་མྱ་ངན་འདའ་བ་སྟོན་ཞེས་པ་སྟེ། འཕྲུལ་པས་སྤྲུལ་པའི་སྐུ ་རྣམས་ཀྱིས་དེ་དག་གིས་སྟོན་ཅེས་བྱའོ།། འབྱུང་བར་སྟོན་པ་ནི་ཇི་ལྟར་གསུངས་པ་དང་། གནས་དེ་ཉིད་དུ་སངས་རྒྱས་འབྱུང་།། འཇིག་རྟེན་མཁྱེན་པའི་བསྟན་པ་འབར།། ཡེ་ཤེས་མི་ལྡན་དེ་མི་མཐོང་།། གང་གིས་སྤྱོད་དག་མ་སྦྱངས་པའོ།། གཉིས་ཀྱི་རྣམ་པའི་གཞན་གྱི ་དང་ནི་ཀུན་རྫོབ་ཀྱི་བདེན་པའོ།། མི་གཉིས་པའི་ཚུལ་ནི་དོན་དམ་པ་སྟེ། ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་བཅོམ་ལྡན་འདས་ཆེ་བར་འབོད་སྒྲོགས་ཀྱིས་བསྒྲགས་སོ།། བདག་ཉིད་ཀྱིས་རིག་པ་གཞན་ལ་སྨྲ་བར ་མི་ནུས་སོ།། འོ་ན་རྣལ་འབྱོར་པ་དག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་ཇི་ལྟར་གཞན་ལ། སྨྲ་བར་བྱེད། དེ་བདེན་ཏེ་སྤྱིའི་རྣམ་པར་ཆོས་བཤད་པ་འབྱུང་ངོ་།། གཞན་དག་གི་ཡང་གང་རང་གི་མཚན་ཉིད་ཡིན་པ་རང་གིས་རིག་པར་གྱུར་པ་དེ་ཅི་བཞིན་དག་ལ ་རང་བཞིན་དུ་སྨོན་ནུས་སམ། གཏན་ཚིགས་སུ་བྷ་ཏྲ་ཧ་རའི་ཚིགས་སུ་བཅད་པ་བཞག་པ། མེ་དང་འབྲེལ་པས་བདག་ཚིག་ཅེས།། སེམས་པ་གཞན་དུ་གྱུར་པ་སྟེ།། ཚིག་པའི་སྒྲས་ནི་ཚིག་པའི་དོན།། ཤེས་པར་འགྱུར་བ་གཞན་དུའོ།། དྷརྨ་ཀཱིརྟའི་གཏན་ཚིགས་ལ།། བཏགས ་པ་སྒྲ་ཡིས་བརྗོད་པར་བྱེད།། དེ་ནི་དཔྱོད་ཕྱིར་འདོད་པ་སྟེ།། དེ་ཚེ་རང་གི་མཚན་ཉིད་མེད།། དེས་ན་དེ་ན་བཏགས་པ་མེད།། བདེ་ལ་སོགས་པའི་བདག་ཉིད་ནི།། གཞན་དུ་མི་སྟོན་འབྲེལ་མི་ནུས།། དེ་ཕྱིར་དེ་དག་རང་རིག་པ།། མངོན་པར་བརྗོད་དང་འབྲེལ་པ་མེད།། ཡང་དག ་དོན་དུ་དོན་བདག་ཉིད།། སྦྱོར་ཞིང་བ་དང་མེད་པ་སྟེ།། གཟུགས་ནི་གཅིག་དང་དུ་མ་ཞེས།། དེ་དག་བློ་ཡིས་འཁྲུལ་པའོ།། ཐམས་ཅད་མཁྱེན་པ་ཡང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་མ་ལུས་པའི་རྣལ་འབྱོར་གྱི་དབང་པོ་དོན་དམ ་པའི་བདེན་པ་མི་གཉིས་པའི་བྱང་ཆུབ་དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དོན་དམ་པའི་ཐུགས་རྗེས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་སོ།། ལངྐ་འདི་ནི་སྔོན་གྱི་རྒྱལ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔོན ་ཐམས་ཅད་མཁྱེན་པ་ལས་འབོད་སྒྲོགས་ཆོས་ཉན་པ་ན། བཙུན་གཙེ་བྱང་ཆུབ་སེམས་དཔའི་འཁོར་འདུས་པ་ནི་གཟུགས་མང་པོ་འཆང་བ་བཞུགས་ཞེས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པའི་གཟུགས་རྣམས་ཀྱིས་ཏེ། ཇི་ལྟར་སེམས་ཅན་རྣམས་དད་ཅིང་འདུལ་བར་འགྱུར་བ་དེ་ལྟ་བུའི་གཟུགས་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་བྱིན་གྱིས་རློབ་བོ།། གང་གི་ཚེ་ན་སངས་རྒྱས་མང་པོ་ལ་བསྙེན ་བབཀུར་བྱས་པ་གཟུགས་མང་པོ་འཆང་བའི་རྣལ་འབྱོར་གྱི་དབང་པོ་གནོད་སྦྱིན་གནས་པས་ན་དེའི་ཚེ་མི་གཉིས་པའི་ཆོས་ཀྱི་ཡུལ་འཚལ་བས་ན་བཤད་དུ་གསོལ་ཞེས་འབོད་སྒྲོགས་ཀྱིས་སྔར་བསྟོད་ཅིང་གསོལ་བ་གདབ་པར་བསམས་པར་བརྟག་གོ།། བཅོམ་ལྡན་འདས ་ནི་དགུང་བདུན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཆོག་ཏུ་ཡོངས་སུ་དག་ལ། འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོའི་སེམས་ཅན་མཐའ་དག་གི་དོན་སྒྲུབ་པར་བྱེད་པ་མི་ལས་འདས་པའི་བརྩོན་འགྲུས་དང ་རྣལ་འབྱོར་གྱི་དབང་པོར་བསྒྲགས་པ་བསྡུད་པའི་ཚིག་གོ།། གྲོང་རྡལ་འདི་ན་སུ་གནས་དང་ཞེས་བྱ་བ་ལ་སོགས་པ་ནི་འབོད་སྒྲོགས་ཀྱིས་གསོལ་པ་སྟེ། དེ་ལས་བཤད་པའི་ཚུལ་ལས་རྣམ་གྲོལ་བ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་ང་བ་གཉིས ་སུསུ་མངོན་པར་ཆགས་པ་རྣམས་ལ་མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྡུག་བསྔལ་བ་ལ་སོགས་པར་སྟོན་པར་འཇུག་པ་རིམ་གྱིས་བསྟན་པ་སྨྲས་པ་ཡིན་ནོ།། སོ་སོ་རང་གིས་རྟོགས་པའི་སྤྱོད་ཡུལ་ནི་མི་གཉིས་པ་སྟེ། སྟོང་པ་ཉིད་དང་། མཚན་མ ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཟབ་མོའི་ཚུལ་ལ་ཞུགས་པ་རྣམས་ཀྱིའོ།། ལངྐར་གཤེགས་པའི་མདོ་སྡེ་ནི་ཞེས་པ་ནི་རྣམ་པར་ཤེས་པ་དབུ་མའི་ཚུལ་ཟབ་མོ་སྟེ། སངས་རྒྱས་སྔ་མས་གསུངས་པའོ།། ཐམས་ཅད་མཁྱེན་པས་བཤད་དུ་གསོལ ་ཞེས་འབོད་སྒྲོགས་ཀྱིས་གསོལ་བ་བཏབ་ཅེས་བྱ་བའི་དོན་ཏེ། དེ་སྟེ་སྔོན་གྱི་ཐམས་ཅད་མཁྱེན་པ་རྣམས་གནོད་སྦྱིན་དག་གིས་ཆོས་ན་མཉན་པར་བྱ་བ་གཞན་ཅི་ཞིག་ཡོད་ཅེས་གླེང་དུ་དོགས་ནས་འབོད་འགྲོགས་ཀྱིས་དེ་སྤང་བར་སྨྲས་པ། རྣལ་འབྱོར་ཉེས་དང་རྣམ ་བྲལ་བ་ཞེས་བྱ་བ་ལ་སོགས་པའོ།། སྔོན་གྱི་ཐམས་ཅད་མཁྱེན་པ་ལས་ཆོས་ཐོས་ནས་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བར་ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་། བྱེད་པ་པོ་དང་། འཁྲུ་བ་དང་། སྦྱིན་བསྲེག་དང་། གཡང་ས་དང ་བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རིན་པོ་ཆེ་དང་། རྩ་ལ་སོགས་པ་འཛིན་པའི་རྣལ་འབྱོར་གྱིས་ཐར་པར་མངོན་པའི་ང་རྒྱལ་གྱིས་སྐྱོན་དང་བྲལ་ནས་གང་ཟག་དང་ཆོས་ལ་བདག་མེད་པ་སེམས་པ་རྣམས་སོ།། གནོད་སྦྱིན་དག་ནི་འདི་ན་མཆིས།། ཞེས ་པ་ནི་སྔོན་གྱི་ཐམས་ཅད་མཁྱེན་པས་བསྔགས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་སྐྱོན་དང་བྲལ་བ་རྣམས་སོ།། དེ་དག་ལ་གོང་མའི་ཡང་གོང་མའི་ཆོས་བཤད་པས་ས་གཞན་རྟོགས་པར་བྱེད་པའི་ཕྱིར་ཡང་དག་པར་འཇུག་པར ་བྱེད་དོ་ཞེས་པའོ།། ཐེག་ཆེན་ཚུལ་ལ་དད་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ཐེག་པ་ཆེན་པོ་ན་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པའི་ཕྱིར་རོ།། ཡང་ན་བསམ་པ་ཆེ་བ་སྟེ། སེམས་ཅན་ཐམས་ཅད་སྒྲོལ་བར་ཞུགས་པའི་ཕྱིར་རོ།། ཚོགས་ཆེ་བའི་ཕྱིར་ཏེ་ས་དང་པ ་རོལ་ཏུ་ཕྱིན་པའི་ཁྱད་པར་གྱིས་ཆེ་བ་ཉིད་དོ།། བསྐལ་པ་དུ་མར་བྱང་ཆུབ་ཀྱི་སྤྱོད་པ་དཀའ་བར་སྤྱད་པས་མི་སྐྱོ་བར་དུས་ཆེ་བའོ།། འབྲས་བུ་ཆེ་བ་ནི་འདོད་ཆགས་དང་བྲལ་བ་དང་། ཐམས་ཅད་མཁྱེན་པ་ཉིད་དང་། འགྲོ་བ་མ་ལུས་པའི་དོན་མཛད་པ་དང་། སྟོབས་བཅུ ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཡན་ལག་གིས་བརྒྱན་པོ་སྟེ། དེ་དག་རྣམ་པ་དེ་ལྟ་བུའི་ཐེག་པ་ཆེན་པོས་རང་ཞུགས་ནས་གཞན་དག་ཀྱང་འཇུག་པར་བགྱིད་ཅེས་ཏེ། བྱང་ཆུབ་སེམས་དཔའ་ཉིད་དག་གནོད་སྦྱིན་ལ་སོགས་པའི་གཟུགས ་སྣ་ཚོགས་སུ་སྣང་བའི་དོན་དུ་འབོད་སྒྲོགས་ཀྱིས་བསམ་པའོ།། སྲིད་གསུམ་དབང་པོ་ཞེས་བྱ་བ་ནི་འདིར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དབང་པོའི་ཕྱིར་རོ།། མེ་ཏོག་གི་གཞལ་མེད་ཁང་དུ་བཞུགས་ནས་མཆོད་པ་བཞེས་ཏེ་ཆོས་བཤད་པ་མཛད ་ཇི་ཞེས་པའོ།། འབོད་སྒྲོགས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་བཙུན་གཙོ་བློ་གྲོས་ཆེན་པོ་ལ་བསྟོད་ནས་ཐམས་ཅད་མཁྱེན་པ་ལ་མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དང་བྲལ་བ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་མཆོག་ཏུ་ཡོངས ་དྲུདྲན་ཐམམས་ཅན་ཐམས་ཅད་ལ་བས་གས་པ་མྱུ་ག་པ་། ས་ན་།། རྒྱུན་ན་ནས་སསུ་རྣམ་པར་ཐམ། མ་མཐོང་ག་། ས་མ་རྣམ་ན་རྗོད་ང། ནས་བྱབ་དེ་ལ་ང་ས་མཐམ་དང། ན ་ཀྱིས་གང་དག་ལ་བདག་མེད་པ་ཡོངས་སུ་རྟོགས་ཀྱང་ཕྱིའི་དོན་མེད་པར་ཕྱེའི་དོན་ལ་མངོན་པར་ཆགས་པའོ།། མུ་སྟེགས་ཅན་ནི་རྟག་པ་དང་། བདག་དང་། དབང་པོ་དང་། དམ་པ་སྦྱིན་པ་དང་། འཁྲུག་པ་དང་། སྦྱིན་བསྲེག་དང་། གད་པ་དང་། གཡང་ས་དང་། གར ་བྱེད་པ་དང་། གླུ་ལེན་པ་དག་རྣམ་པ་སྣ་ཚོགས་ཀྱི་ཆ་ལུགས་འཛིན་པ་དང་། རིན་པོ་ཆེ་དང་། རྩ་བ་འཛིན་ཅིང་བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་ཟབས་ཐར་པ་ལ་འཁྲུལ་པ་རྣམས་སོ།། འཁྲུལ་པ་དེ་རྣམ་པ་གཉིས་གཅད་པའི་ཕྱིར་མཆོག་ཏུ་ཡོངས་སུ་དག་པ ་དངོས་པོ་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་གཉིས་རྟོགས་པར་བྱེད་པ་ཐེག་པ་ཆེན་པོའི་ཆོས་སྟོན་པ་ནི་སངས་རྒྱས་སྒྲུབ་པར་བྱེད་པའོ།། བཅོམ་ལྡན་འདས་ཀྱིས་སྤྲུལ་ཏེ་དེར་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པས་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང ་གནས་ཀྱི་རྩེ་མོ་འཛིན་སྤྲུལ་པ་མཛད་དོ།། འབོད་སྒྲོགས་ཀྱིས་ཀྱང་མཆོག་ཏུ་ཡོངས་སུ་དག་པ་རྣལ་འབྱོར་གྱི་དབང་པོ་རི་དུ་མ་ལ་བཞུགས་པ་གཟུགས་སྣ་ཚོགས་མངའ་བའི་བཅོམ་ལྡན་འདས་དེ་ལ་མཆོད་པའི་ཕྱིར་ལུས་ཐ་མར་སྤྲུལ་པ་བྱེད་དོ།། སྟོང་ཕྲག ་བརྒྱ་པའི་མདོ་སྡེ་ཞེས་བྱ་བ་ནི་མདོ་སྡེ་རྣམ་པ་བརྒྱ་སྟེང་དུ་ཀླག་སྟེ། སྟོང་པ་ལ་སོགས་པའི་ཚིག་ཏུ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ།། ཡང་ན་སྟོང་ཕྲག་བརྒྱ་ནི་གང་གི་ལྗགས་དོན་མཐའ་མེད་པར་སེམས་ཅན་ལ་སྣང་བ་ཐམས་ཅད་མཁྱེན་པའི་གསུང་གི ་སྨྲས་པན་ས་ཆུད་དུར་བྱུང་བའོ།། མས་ཅད་བར་རིམ་བ་།། རོལ་ཡང་ཤི་སྔ་ནས་རྫུན་པ་འབྱུང་གནས་ཐམས་ཅདང་ཐུགས་བརྒྱ་ཇིག་རྟེན་གྱི་ཁམས་སུ་གནས་པ་ལས་རྒྱས་ཀྱིན་ཐམས་ཅད་དང་། དངས ་བཞུགས་པའི་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་ལ་རིན་ཆེན་འབྱུང་གནས་མྦྷ་ར་ལ་སྣང་བ་ནི་ནམ་ཁའི་སྐར་མ་མང་པོ་ཆུའི་སྣོད་ཀྱི་ནང་དུ་སྣང་བ་བཞིན་དུ་གཟུགས་བརྙན་གྱི་ཚུལ་གྱིས་སོ།། སྟོན་པ་དང་ནི་རྒྱལ་སྒྲས་རྣམས་ཞེས་བྱ་བ་ལ་སོགས་པ་ནི། སྟོན་པ་དང་གང ་ངག་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་རྣམ་པ་དེ་ལྟ་བུའི་མིག་ཡེརི་དང་། སྒྱུ་མ་རྣམ་པར་ཐར་པའི་རྨི་ལ་མི་དང་། མིག་འཕྲུལ་བཞིན་དུ་བསྟན་ནས་མི་སྣང་བར་གྱུར་པ་ནི་འབོང་སྔོགས་ལ་སོགས་པ་རྣམ་པར་ཤེས་པའི་ཡུལ་ལས་འདས་ནས་མི ་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་ཡོངས་སུ་ཤེས་པར་མཛད་པའི་དོན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒྲ་ཟབ་མོའི་ཡུལ་གྱི་རྣལ་འབྱོར་བསྒོམ་པའི་ཕྱིར་རོ།། གནོད་སྦྱིན་འབོད་སྒྲོགས་བདག ་གི་ལུས། ཁྱིམ་ན་གནས་པར་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་དབང་པོས་བྱིན་གྱིས་བརླབས་པས་འབོད་སྩོགས་ཀྱིས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཐོག་མ་དང་ཐ་མར་སྟེང་པ་ཉིད་དང་། དབུས་སུ་གཉིས་ཀྱིས་སྟོང་པ་ཉིད་པར་རྟོགས་པ་སྟེ ་སེམས་འཁྲུགས་ནས་འགྲོ་བ་རྣམ་པ་སྣ་ཚོགས་སུ་སྣ་ནི་རྨི་ལམ་དང་མིག་འཕྲུལ་སྣང་བ་བཞིན་ནོ།། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་ལྟ་བུའི་འཁྲུགས་པ་ལྡོག་པ་ནི་གང་གི་ཚེ་འབོད་སྒྲོགས་ཀྱིས་ཤེས་རབ་ཀྱིས་གཟུགས་སྦོམ་པོ་དང་། ཕྲ་མོ་མི་དམིགས་པ ་དེའི་ཚེ་གཉིས་ནི་ཞིང་བསྡམ་པ་མེད་པ་དང་། སྣང་བ་མེད་པ་དང་། དངོས་པོ་དང་དངས་པ་མ་ཡིན་པའི་རྣམ་པར་རྟོག་པ་མང་ཅད་དོན་དམ་པའི་བདེན་པ་མོ་གཉིས་པའི་ཆོས་ཉིད་ཡང་དག་པའི་རིག་པ་དེ་ལྟར་ཁོང་དུ་ཆུད་པར་མཛད་པན་ཤེས་རབ་དང་སབས་ཀྱིས་སོ།། རང་། ་ལྟར་ཤེས་རབ་ཀྱི་ཆོས་ཉིད་རྣམ་པ་དེ་ལྟ་བུའི་མི་རྟོག་པ་དང་། སྟོང་པ་ཉིད་དུ་རྟོགས་ནས་འབོད་སྒྲོགས་ཀྱིས་རྒྱུ་དང་རྐྱེན་མང་པོ་རྨི་ལམ་དང་། མིག་འཕྲུལ་དང་། མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མོ་གཞོན་གྱི་རྨི་ལམ་དུ་བུ་མཛོ ་པར་བྱེད་པ་རྣམས་ཀྱིས་མི་རྟག་པ་དང་། སྟོང་པ་ཉིད་ཀྱི་དོན་ཁྱད་པར་རྟོགས་པར་བྱེད་པའི་དོན་དུའོ།། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་དཔེར་བཞག་པ་ཐམས་ཅད་ལ་མི་རྟག་པ་དང་། སྟོང་པ་ཉིད་དུའོ།། ཡང་ཐམས་ཅད་ལ་ཐོག་མ་དང་ཐ་མའི་སྟོང་པ་ཉིད་དང ་དབུས་སུ་དངོས་པོ་གཉིས་མེད་པའི་སྟོང་པ་ཉིད་དུའོ།། ཕྱིའི་དོན་དུ་བཟུང་བ་དང་། འཛིན་པ་ངེས་པར་བྱེད་པ་རྣམ་པ་གཉིས་པ་ཐམས་ཅད་ལ་སྐྱེ་བ་མེད་པར་རོ།། འཁྲུལ་པའི་དབང་ལས་དེ་དག་ནི་སྣང་བའི་ཆོས་ཉིད་དོ།། ཤེས་རབ་ཀྱིས་དེ་དག་མི་དམིགས ་ཞེས་སོ།། ལྟ་བ་མེད་ཅིང་ལྟ་བའང་མེད།། སྒྲ་མེད་སྨྲ་བར་བྱ་མེད་ན།། གཞན་དུ་རྣམ་པར་རྟོག་པ་འདི།། སངས་རྒྱས་དང་ནི་ཆོས་ལྟར་གནས་ཞེས་བྱ་བ་ལ། ལྟ་བ་ནི་ཕྱིའི་དོན་མེད་པས་ན་མེད་དོ།། ལྟ་བ་ཡང་དེ་ཉིད་ཀྱི་ཕྱིར་མེད་དེ།། བདག་དང་གཞན་གྱི་རྒྱུད་ཀྱི་དབང ་གིས་སེམས་འཁྲུགས་པས་སྣང་བའི་ཆོས་ཉིད་ལ་དམིགས་པ་སྟེ། ཤེས་རབ་ཀྱིས་མི་དམིགས་སོ།། བཅོམ་ལྡན་འདས་ནི་ང་རོད་ཙམ་དུ་སྣང་བའི་ཆོས་ཉིད་དེ། འབོད་སྒྲོགས་ཀྱིས་སྒྱུ་མའི་རྣམ་པར་ཐར་པ་སྒོམ་པར་བྱེད་དོ།། ཇི་ལྟར་མཐོང་བཞིན་དུ་ལྟ་བ་ཞེས ་བྱ་བ་ལ་སོགས་པ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པར་བཞུགས་པའི་ཐམས་ཅད་མཁྱེན་པ་ལ་མཐོང་བར་བྱེད་པ་གང་དག་གིས་ཆོས་ཉིད་ལ་དེ་ལྟར་མཐོང་བའོ།། རྣམ་པར་རྟོག་པ་མི་འཇུག་ཅིང་ཞེས་བྱ་བ་ལ་སྟོགས ་པ་ནི་དངོས་པོ་དང་དངོས་པོ་མ་ཡིན་པར་རྟོག་པ་དང་བྲལ་བ་རྟོགས་པ་དག་གང་གི་ཚེ་ན་མཐོང་བར་གྱུར་པ་དེའི་ཚེ་མཆོག་ཏུ་ཡོངས་སུ་དག་པ་བདེན་པ་རྟོགས་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ།། གང་གི་ཚེ་ན་རྣམ་པར་རྟོག་པ་འཇུག་པར་འགྱུར་ཏེ། འཛིན་པ་དང ་གཟུང་བའི་ངོ་བོའི་ཕྱིར་དོན་ལ་མངོན་པར་ཆགས་པ་དེའི་ཚེ་གཟུགས་ཀྱི་སྐུའི་མཚན་ཉིད་དུ་སྣང་བ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་མཐོང་ཡང་ཆོས་ཀྱི་སྐུར་མི་མཐོང་བའོ།། བཅོམ་ལྡན་འདས་ནི་རྣམ་པར་རྟོག་པ་འཇུག་པ་དང་། མི་འཇུག་པ་ལས་མཐོང་བ་དང་མི་མཐོང་བ ་ཞེས་བྱའོ།། ལངྐའི་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་པ་མ་རྟོགས་པར་ཕྱིའི་དོན་མེད་པ་ནི་འདི་ཐམས་ཅད་སྣང་བའི་ཆོས་ཉིད་ཀྱི་ཕྱིར་ཏེ། སེམས་འཁྲུགས་པའི་མཐུས་མགོ་འཁོར་བ་དང་། བརྒྱ་ལ་བ་ལ་སོགས་པ་བཞིན་དུ་མིག་ཡོར་དུ་སྣང་བ་སྟེ། གང་གི་ཚེ་ཤེས་པར ་བྱ་བ་སྒོམ་པ་དང་། ཕྲ་བ་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ་མི་དམིགས་པའི་རྣལ་འབྱོར་རོ།། དེ་ལྟར་འབོད་སྒྲོགས་ཀྱིས་མི་དམིགས་པའི་རྣལ་འབྱོར་གྱི་འོག་ཏུ་རྣམ་པར་རྟོག་པ་རྒྱུ་བ་ལ་གནས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་འདུ་བྱེད་རྣམས་ལ་ཐོག་མ་དང་ཐ་མའི་སྟོང་པ ་ཉིད་དང་ང་གཉིས་མི་གཉིས་པར་མཐོང་ཞིང་དབུས་སུ་གཉིས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་སྒྱུ་མ་དང་འདྲ་བའི་ཆོས་ཉིད་དུ་རྗེས་སུ་བྱེད་དོ།། སྔོན་གྱི་དགེ་བའི་རྩ་བས་བསྐུལ་བ་ནི་འབོད་སྒྲོགས་ཀྱིས་ཐམས་ཅད་མཁྱེན་པ་ལ་མཆོད་ཅིང་བསྙེན་བཀུར་བ་དང་། ཆོས་ཉན ་པ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པའི་མངོན་པར་འདུ་བྱེད་པའི་བསོད་ནམས་དང་། བཅོམ་ལྡན་འདས་ཀྱི་ཐབས་དུ་མའི་བྱིན་གྱིས་བརླབས་ཀྱིས་བསྐུལ་བའོ།། གཙུག་ལག་ཐམས་ཅད་ལ་མཁས་པའི་བློ་ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་དང་མི ་གཉིས་པ་ལ་སོགས་པའི་གཙུག་ལག་ཐམས་ཅད་ལ་འབོད་སྒྲོགས་མཁས་པར་སྨྲས་པ་ཡིན་ནོ།། ཐོས་པ་དང་། སེམས་པ་དང་། སྒོམ་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་དེ་གཉིས་དང་མི་གཉིས་པའི་ཏིང་ངེ་འཛིན་གྱི་རྣམ་པར་རྟོགས་པའོ།། གཞན་གྱི་དྲིང་མི་འཇོག ་ཅེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་། དབང་པོ་ལ་སོགས་པར་ལྟ་བ་སྤང་པ་ནི་མཆོག་སྦྱིན་པ་དང་། འཁྲུ་བ་དང་། སྦྱིན་བསྲེག་དང་། ཐོགས་པ་མེད་པའི་གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང ་བཟའ་བ་དང་། ཆ་ལུགས་རྣམ་པ་སྣ་ཚོགས་སུ་འཛིན་པས་འཁོར་བ་ལས་འབྱུང་བའི་ཕྱིན་ཅི་ལོག་སྤོང་བའོ།། བདག་དང་བདག་གིར་རྟག་པར་མངོན་པར་ཆགས་པས་བསླད་པ་རྣམས་སྡུག་བསྔལ་དུ་འགྱུར་བ་ནི་མེར་ཕྱེ་མ་ལེབ་བཞིན་ནོ།། བདག་མེད་པ་རྣམ་པ་གཉིས ་ཡོངས་སུ་ཤེས་པ་ལས་བདག་ཏུ་ཆགས་པ་ལྡོག་པས་འཁོར་བའི་སྡུག་བསྔལ་ལྡོག་སྟེ། མཁས་པ་ནི་བདག་ཉིད་ཀྱིས་ཡོངས་སུ་ཤེས་པའོ།། རྟོག་གེར་མི་ལྟ་བ་ཞེས་བྱ་བ་ནི་ཁོང་དུ་མཆུད་པའི་དོན་ལ་ཅི་འདི་ལྟ་ཡིན་ནམ་མ་ཡིན་ཞེས་རྒྱུ་ལ་སྤྱོད་པ་ནི་རྟོག་པ་ཞེས་བྱའོ།། ་སྲིད་པ་དང་ཐར་པ་འབྱེད་པའི་རྒྱུ་ཡོངས་སུ་ཤེས་པ་གདོན་མི་ཟ་བ་དེ་ལ་ཡོད་པས་དེ་ལ་ཆོས་ལ་ཐེ་ཚོམ་མེད་དོ།། བདག་ལ་སོགས་པར་ལྟ་བ་དང་བྲལ་བས་གོང་ནས་གོང་དུ་ས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྟོགས་པར་བྱ་བ་ལ་མཁས་པས་ན་དེ་ལ་སའི་དབང་པོར་གྲུབ། ་པ་ཉིད་དོ།། ས་ཐམས་ཅད་ཡོངས་སུ་སྦྱངས་པ་ལ་མཁས་པ་གོང་མའི་ཡང་གོང་མར་ས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྟོགས་པར་བྱ་བ་ལ་མཁས་པ། རང་གི་མཚན་ཉིད་ཁྱད་པར་དུ་རྟོགས་པར་བྱེད་པ་གཉིས་དང་མི་གཉིས་པའི་ཏིང་ངེ ་འཛིན་ལ་མཁས་ཤིང་། ས་ཐམས་ཅད་ཀྱི་གོང་མའི་ཡང་གོང་མའི་ཡོན་ཏན་བྱང་ཆུབ་ཀྱི་ཚོགས་བསོད་ནམས་དང་། ཡེ་ཤེས་དང་ལྡན་པ་ལ་གཟུགས་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་སངས་རྒྱས་ཐོབ་པའི་ཕྱིར་འབོད་སྒྲོགས་ལ་སྨྲ་བར་བྱ་སྟེ། ་ཤེས་རབ་དང་ཐབས་ལ་མཁས་པར་བྱ་བ་ཆུད་པས་ན་ཆེ་བའོ།། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དབེན་པ་ལ་དགེའ་བ་ཞེས་བྱ་བ་ནི་མདོ་སྡེ་འདི་ཉིད་ལས་འབྱུང་སྟེ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། ་གང་གིས་ཡུལ་རྣམས་འཛིན་པ་ནི། དེ་ནི་རྣམ་པར་ཤེས་ཞེས་བྱ།། སེམས་མ་རྟོགས་པར་ཡུལ་དང་རྣམ་པར་ཤེས་པའི་སྣང་བ་མེད་དེ། ཇི་ལྟར་རྨི་ལམ་གྱི་དུས་ན་གཟུགས་ལ་སོགས་པའི་ཡུལ་དང་རྣམ་པར་ཤེས་པ་རྣམས་སྣང་ཡང་དེ་ན་ཡུལ་མེད་ལ། མིག་ལ ་སོགས་པའི་རྣམ་པར་ཤེས་པ་ཡང་མེད་དོ།། དེས་ན་སེམས་མཉམ་པར་མ་འདུས་པའི་ཕྱིར་མ་རིག་པ་དང་། ལུས་རྣམ་པར་སྨིན་པའི་སྟོབས་ལས་འགྲོ་བ་རྣམ་པ་སྣ་ཚོགས་སུ་སྣང་སྟེ། སྦོམ་པོ་དང་ཕྲ་བའི་གཟུགས་ཤེས་རབ་ཀྱིས་ཆར་རྣམ་པར་དབྱེ་བ་ནི། གང་གི ་ཚེ་ན་མི་དམིགས་པ་དེའི་ཚེ་གྲོལ་བར་འགྱུར་རོ།། རྒྱུད་གསུམ་ཆད་པར་ལྟ་བ་ཞེས་བྱ་བ་ནི་གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པ་མེད་པས་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སྐད་ཅིག་པ་གསུམ་དུ་འདུ་ཞིང་འབྲེལ་པ་མེད་དོ།། ། ་སྔ་མའི་འོག་ཏུ་ཡོད་པས་འདི་ཡོད་དོ།། ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་རབ་ཏུ་ངེས་ཤིང་ལས་དང་འབྲས་བུ་འབྲེལ་པར་རྣམ་པར་བཞག་པ་འབའ་ཞིག་གོ།། དེ་བཞིན་ཉིད་ཅེས་བྱ་བ་ནི་འབོད་སྒྲོགས་ལ་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པ་ཡོད་དེ། ་དེས་ན་མུ་སྟེགས་ཅན་གྱི་ལྟ་བའི་ཉེས་པ་ལས་རྣམ་པར་གྲོལ་ཞེས་བྱའོ།། མུ་སྟེགས་ཅན་ཐམས་ཅད་ཀྱི་རྒྱུ་དང་བྲལ་བའི་བློར་གྱུར་པ་ཞེས་ཏེ། གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་མུ་སྟེགས་ཅན་གྱི་རྒྱུར་ཀུན་ཏུ་རྟོག་པ་ནི་གང་དང་གང་ཁྱད་པ ་ཅན་གྱི་དབྱིབས་ཡོད་པ་དེ་བློ་ཅན་གྱི་སྐྱེས་བུས་བྱས་པ་ཡིན་ཏེ། བུམ་པ་དང་། ཕྲུ་བ་ལ་སོགས་པ་བཞིན་དུ་ལུས་དང་། བྱེད་པ་དང་། གནས་ལ་སོགས་པ་ཁྱད་པར་ཅན་གྱི་དབྱིབས་སོ།། ཆུའི་སྟོབས་ལ་སོགས་པས་བྱེ་མ་ལ་སོགས་པ་དབྱིབས་སུ་སྣང་བ་བློ ་ཅན་གྱིས་བྱས་པ་མ་ཡིན་ནོ།། དུས་ཁ་ཅིག་ཏུ་འདུས་པའི་པདྨ་ལ་སོགས་པའི་མྱུ་གུ་འབྱུང་བ་དེར་བློ་ཅན་བྱེད་པ་པོའི་ལས་མི་སྣང་ངོ་།། ཇི་ལྟར་དྷརྨ་ཀཱིརྟིས་སྨྲས་པ། མཐུན་དང་མི་མཐུན་དག་གིས་ནི།། གང་དག་གང་ལས་ཉེར་སྐྱེ་བ།། གལ་ཏེ་དེ་ལས་རྒྱུ་གཞན་ན། ་དེས་ན་གཉིས་པར་སྨྲ་བས་ཀུན་ཏུ་བརྟགས་པའི་རྒྱུ་མུ་སྟེགས་ཅན་གྱིས་འཁྲུལ་པའི་མཚན་འབོད་སྒྲོགས་ལ་མེད་དེ། རྟག་པ་དང་། བདག་ཏུ་ཆགས་པས་འཁོར་བའི་སྡུག་བསྔལ་དང་བདག་མེད་པ་ཤེས་པས་སྡུག་བསྔལ་ལྡོག་གོ་ཞེས་ཤེས་སོ།། དེ་བཞིན ་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ས་ལ་ནང་དུ་སྙོམས་པར་ཞུགས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་དོ།། དེ་བཞིན་དུ་ནང་གི་མི་གཉིས་པར་རྟོགས་པའི་ཆོས་ནི་སངས་རྒྱས་ཀྱི་སའོ།། གཉིས་སུ་མེད་པའི་ཆོས ་ཉིད་དང་མཉམ་པས་ན་མེ་སྤྱིར་གནས་པ་བཞིན་དུ་སྙོམས་པར་ཞུགས་པའོ།། སྒྲ་ཐོས་པ་ནི་འབོད་སྒྲོགས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲའོ།། གང་གི་བློ་ལས་བློ་གནས་པ་དེ་ནས་ཚིག་སྦྱར་རོ།། གང་ལ་རྣལ་འབྱོར་དེ་ལྟ་བུ་ཡོད་པ་དེས ་ཚིག་འབྱེད་པར་བསྒྱུར་རོ།། ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དེ་བཞིན་དུ་ལྟ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པར་མཉམ་པ་ཉིད་དང་། དངོས་པོ་དང་དངོས་པོ་མ་ཡིན་པ་རྣམ་པར་རྟོག་པ་སྤངས་པ་དང་། དོན་དམ་པའི ་བདེན་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་མཐོང་བ་ཡིན་ནོ།། རྣམ་པ་གཞན་དུ་ལྟས་ན་ཆད་པ་ལ་གནས་པར་འགྱུར་རོ།། ཞེས་བྱ་བ་ནི་གལ་ཏེ་ཡང་སེམས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་མ་ཡིན་པར་གྱུར་ན་དེའི་ཚེ་དགེ་བ་དང ་མི་དགེ་བར་མངོན་པར་འདུ་བྱེད་པ་རྣམས་ཆད་པ་ཉིད་དུ་འགྱུར་རོ།། ལས་དང་འབྲས་བུར་འབྲེལ་པ་རྣམས་ཀྱི་གནས་ནི་སེམས་ཏེ། ཇི་ལྟར་དེ་ཁོ་ན་ཉིད་སྡུས་པ་ལས་གསུངས་པ། སེམས་འདི་རང་བཞིན་གྱིས་འོད་གསལ་བ་སྟེ། གང་ཇི་ལྟར་ཡོངས་སུ་སྦྱོང་བ་དེ ་དེ་ལྟར་ཡང་དག་པར་གྲུབ་པའོ་ཞེས་སོ།། དགེ་བ་དང་མི་དགེ་བར་སེམས་ཀྱི་མངོན་པར་འདུ་བྱེད་པ་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་གཉིས་ཀྱི་རྣམ་པ་ཉིད་དོ།། ཤེས་རབ་ཀྱིས་སྦོམ་པ་དང་ཕྲ་བའི་ཆ་མི་དམིགས་པ་ན་དོན་དམ་པའི་བདེན་པ་མི་གཉིས་པའི་བྱང་ཆུབ ་རྟོགས་ཤེས་བྱའོ།། དེ་བཞིན་དུ་ཡང་སའི་དབང་པོ་རྣམས་ཀྱི་རྣལ་འབྱོར་གྱི་དབང་པོ་ནང་དུ་སྤྱོད་པས་ཆོས་ཐམས་ཅད་རྣམ་པར་བསྒོམ་པར་བྱ་སྟེ། ཕྱི་རོལ་གྱི་དོན་དུ་ལྟ་བ་ལ་མངོན་པར་ཆགས་པས་ནི་མ་ཡིན་ནོ།། ཁྱོད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དང་། ་མུ་སྟེགས་ཅན་གྱི་མངོན་པར་རྟོགས་པ་དང་། ཚིག་གི་དོན་གྱི་སྤྱོད་ཡུལ་དུ་ལྟུང་བའི་ལྟ་བ་དང་ཏིང་ངེ་འཛིན་དུ་མ་ཡིན། གཏམ་དང་སྦྲང་ལ་དགའ་བར་མ་གྱུར་པ་ཞེས་པ་ལ། མུ་སྟེགས་ཅན་ནི་རྟག་པ་དང་། བདག་དང་དབང་པོ་དང་། མཆོག་སྦྱིན་པ་དང་། འཁྲུ་བ་དང་། ་སྦྱིན་སྲེག་དང་། ཁ་འཚེ་བ་དང་། ཆ་ལུགས་སྣ་ཚོགས་དང་། གར་དང་། གླུ་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པར་རྣམ་པར་རྟོག་པ་དང་། རིན་པོ་ཆེ་དང་། མེ་ཏོག་ལ་སོགས་པ་འཛིན་ཅིང་བརྟུལ་ཞུགས་ལ་སོགས་པས་ཐར་པ་ཀུན་ཏུ་རྟོག་གོ།། རྟག་ཏུ་བདག་ཏུ ་ཚོགས་པས་འཁྲུགས་པས་འཁོར་བར་ལྟུང་བ་ནི་ཕྱེ་མ་ལབ་བཞིན་ནོ།། སེམས་ཅན་རྣམས་ཀྱི་བདག་ཏུ་ཆགས་པ་ལོག་པ་ན་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ།། དེ་བས་ན་མུ་སྟེགས་ཅན་གྱི་བདག་མེད་པ་མི་ཤེས་པས་རྣམ་པར་རྟོག ་པ་དུ་མས་འཁོར་ཞིང་ཐར་པའི་རྒྱུ་མི་རིག་གོ།། འབོད་སྒྲོགས་ལ་ནི་ཉན་ཐོས་ལས་ཐ་དད་པ་ཐེག་པ་ཆེན་པོའི་ཆོས་བཤད་པ་དེ་ལྟ་བུར་བཤད་དོ།། ཉན་ཐོས་རྣམས་ནི་ཕྱིའི་དོན་ལ་མངོན་པར་ཆགས་པ་སྟེ། ཐེག་པ་ཆེན་པོ་ལ་ཆེས་དང་གང་ཟག་ལ་བདག་མེད་ཅིང་བླ་ན་མེད་པའི ་ཡེ་ཤེས་ཐམས་ཅད་མཁྱེན་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་རོ།། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་དང་ལྡན་པ་ཞེས་པ་ནི་ཐམས་ཅད་མཁྱེན་པ་རྣམས་ཀྱི་གཉིས་པ་དང་མི་གཉིས་པའི་ཏིང་ངེ་འཛིན་ཏོ།། ཕ་རོལ་རྒོལ་བ་རབ་ཏུ་འཇོམས་པ་ཞེས ་བྱ་བ་ནི་མུ་སྟེགས་ཅན་གྱི་འཁྲུལ་པར་ལྟ་བ་ཐམས་ཅད་སེལ་ཅིང་མུན་པ་འཇོམས་པ་རྣམས་ཏེ། བདག་མེད་པར་སྨྲ་བ་པོ་རྣམས་ཀྱིས་རྟག་པ་དང་། བདག་དང་། དབང་པོ་ལ་སོགས་པར་ལྟ་བ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ ་རྣམ་པར་རྟོག་པ་དང་། ཆ་ལུགས་རྣམ་པ་སྣ་ཚོགས་དང་། རིན་པོ་ཆེ་དང་། རྩ་བ་ལ་སོགས་པ་འཆང་བས་ཐར་པའོ་ཞེས་རྒོལ་བ་རྣམས་ཀྱི་སྨྲ་བ་འཇོམས་པའོ།། ལྟ་བ་ངན་པ་སེལ་བ་ནི་རྟག་པ་དང་། བདག་ཏུ་ལྟ་བ་འཇིག་པར་བྱེད་དོ།། ་བདག་ཏུ་ལྟ་བ་རྣམ་པར་བཟློག་པ་ལ་མཁས་པ་ནི་བློ་ཞིབ་ཅིང་རྣམ་པར་ཤེས་པ་ཤིན་ཏུ་འགྱུར་བ་མཁས་པ་སྟེ། ཤེས་རབ་དང་ཐབས་ལ་མཁས་པས་སེམས་ཀྱི་རྒྱུད་ཉིད་ལ་བདག་གོ་ཞེས་སྨྲ་བར་བྱེད་དེ། ཤེས་རབ་ཕྲ་མོས་དཔྱོད་ཅིང་ཤེས་པར་བྱ་བ་སྦོམ་པོ་དང ་ཕྲ་བ་རྣམ་པར་གཞིགས་ནས་གང་གི་ཚེ་མཚན་མ་ལ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་ན་སེམས་བཟློག་པ་ལ་མཁས་པར་འགྱུར་རོ།། ཐེག་པ་ཆེན་པོ་ལ་སྤྱོད་པ་རྣམས་ཞེས་བྱ་བ་ནི་ཤེས་རབ་དྲང་སྙིང་རྗེ་ལ་སྦྱོར་བས། ཐེག་པ་ཆེན་པོ་དོན་གཞན་པ་སྤྱོད་པ་དང་། ་དེ་དག་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་བདག་དང་གཞན་གྱི་དོན་སྤྱོད་དོ།། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པ་ནི་མངོན་པར་རྟོགས་པ་ཞེས་བྱ་སྟེ། དེས་ན་ལངྐའི་བདག་པོ་འདི་ནི ་རྟོགས་པའོ་ཞེས་བྱ་སྟེ། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་ཐམས་ཅད་ཀྱི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པོ་དང་དངོས་པོ་མ་ཡིན་པ་མཉམ་པས་མངོན་པར་མ ་པར་རྟོགས་པའོ་ཞེས་པའོ།། དེ་བཞིན་གཤེགས་པའི་བདག་གི་སོ་སོ་རང་གི་ས་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པར་གྱིས་ཤིག་ཅེས་བྱ་བ་ནི་ས་ཡོངས་སུ་སྦྱོང་བ་དང་། ས་ལ་འཇུག་པ་དང་། ས་འཐོབ་པ་སྟེ། ཐོས་པ་དང་། སེམས་པ ་དང་། བསྒོམ་པ་ལ་མངོན་པར་བསྒྲུབ་པས་གོང་མའི་ཡང་གོང་མ་ཆུད་པར་འགྱུར་བ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བ་དང་། རྣལ་འབྱོར་གྱི་དབང་པོ་ཁོ་ན་སྒྲུབ་པའི་ཕྱིར་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་དང་། ་མུ་སྟེགས་ཅན་གྱི་རྗེས་སུ་འཇུག་པའི་སྒོའི་སྤྱོད་ཡུལ་ནི་མ་ཡིན་ཏེ། ཇི་ལྟར་བདག་ཏུ་འཛིན་པ་དང་། སྣང་བའི་མཚན་ཉིད་ལ་མངོན་པར་ཆགས་པ་དང་། འབྱུང་བ་དང་། ཡོན་ཏན་དང་། རྫས་ལ་ཡང་དག་པར་རྗེས་སུ་སྤྱོད་པ་བྱིས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་པ ་རྣམས་ཀྱིས་རྟོགས་པ་དང་། མ་རིག་པའི་རྐྱེན་དུ་ལྟ་བ་ལ་མངོན་པར་ཆགས་པས་མངོན་པར་ཉེན་པ་ཉན་ཐོས་དང་། རང་སངས་རྒྱས་ནི་མི་རྟག་པ་དང་། སྡུག་བསྔལ་དང་། བདག་མེད་པ་དང་། མི་གཙང་བའི་རྣམ་པར་ཕྱིའི་དོན་ལ་ཞུགས་པ་རྣམས་སོ།། དེ་ལ་མུ་སྟེགས ་ཅན་ནི་རྟག་པ་དང་། བདག་དང་། དབང་པོས་བྱིན་གྱིས་བརླབས་ཏེ། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་འབྲེལ་བའི་མཚན་ཉིད་དུ་ཀུན་ཏུ་རྟོག་པར་བྱེད་དོ།། ཕྱིའི་ས་ལ་སོགས་པ་འབྱུང་བ་རྣམས་ལ་ཡོན་ཏན་དང་ལས་རྣམས་གནས་སོ། ་ཞེས་རྫས་ནི་དགུ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། དུས་དང་། ཕྱོགས་དང་། བདག་དང་། ཡིད་ཅེས་སོ།། དེ་དག་ཀྱང་རྟག་པ་དང་། མི་རྟག་པ་ཡིན་ཏེ། རྡུལ་ཕྲ་མོའི་རྫས་རྣམས་ནི་རྟག་པའོ།། དེ་དག་གི་མ་བརྩམས་པ་ཡན་ལག་ཅན་གྱི་རྫས ་སྦོམ་པོ་ན་མི་རྟག་པའོ།། ཡོན་ཏན་རྣམས་ནི་གཟུགས་དང་། རོ་དང་། དྲི་དང་། རེག་དང་། ཚད་དང་། གྲངས་དང་། ཐ་དད་པ་དང་། སྦྱོར་བ་དང་། བྲལ་བ་དང་། གཞན་དང་། གཞན་མ་ཡིན་པ་དང་། བློ་རྣམས་དང་། བདེ་བ་དང་། སྡུག་བསྔལ་བ་དང་། འདོད་པ་དང་། ཞེ་སྡང་དང་། ་ནན་ཏན་ཡང་ངོ་ངོ།། ཡང་ཞེས་བྱ་བའི་སྒྲས་གཤེར་བ་དང་། ལྕི་བ་དང་། སྡུམ་པ་དང་། འདུ་བྱེད་དང་ལ་མཐོང་བ་དང་། མཐོང་བ་དང་། སྒྲ་རྣམས་ཏེ། ཡོན་ཏན་རྣམ་པ་ཉི་ཤུ་རྩ་བཞིའོ།། ལས་ལ་ཡང་རྣམ་པ་ལྔ་སྟེ། ལེན་པ་དང་། འདོར་བ་དང་། བརྐྱང་བ་དང ་བསྐུམ་པ་དང་། འགྲོ་བ་ནི་ལས་སོ།། སྤྱི་ནི་རྣམ་པ་གཉིས་ཏེ། མཆོད་དང་། མཆོག་མ་ཡིན་པའོ།། མཆོག་ནི་ཚིག་གི་དོན་གསུམ་ཡོད་པར་བྱེད་པས་ན་ཡོད་དོ་ཞེས་པའོ།། སྤྱི་མཆོག་མ་ཡིན་པ་ཡང་བ་ལང་ཉིད་དང་། རྟ་ཉིད་དང་། བུམ་པ་ཉིད་ལ་སོགས་པའོ།། ་ཁྱད་པར་རྣམས་ནི་ཁྱད་པར་གྱི་བློ་སྐྱེད་པ་རྣམས་ཏེ། ཉེ་བར་བཏགས་པ་དང་། ཉེ་བར་མ་བཏགས་པ་རྣམས་སོ།། ཉེ་བར་བཏགས་པ་ནི་རིགས་དང་། ཡོན་ཏན་དང་། བྱེད་པས་བྱས་པ་ནི་བཏགས་པའོ།། ཉེ་བར་མ་བཏགས་ནི་ཕ་མའི་ཁྱད་པར་ཏེ། ཇི་ལྟར་སའི་རྡུལ ་རྣམས་དང་། ས་མ་ཡིན་པའི་རྡུལ་རྣམས་ལས་བརྩམས་ཏེ། རིགས་དང་ཡོན་ཏན་དུ་སྦྱོར་ཡང་ཁྱད་པར་གྱིས་ཁྱད་པར་དུ་འབྱེད་ཅེས་སོ།། འབྲེལ་པ་འདིར་བློ་འབྲེལ་པ་སྟེ། རྫས་ལ་རྫས་དང་། ཡོན་ཏན་ལ་ཡོན་ཏན་དང་། ལས་ལ་ལས་ཞེས་སོ།། ཁྱད་པར་ཅན ་གྱི་རྒྱུད་ཀྱི་དྲ་བ་ཡོངས་སུ་ཤེས་པས་གྲོལ་བར་འགྱུར་རོ་ཞེས་ཁ་ཅིག་གོ།། གྲངས་ཅན་རྣམས་ཀྱིས་བྱ་བ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཡོངསུ་ཤེས་པས་གྲོལ་ལོ་ཞེས་ཏེ། སྐྱེས་བུ་ཡོན་ཏན་ལས་ལྷག་མ་བྱ་ཉི་ཤུ་རྩ་བཞིར་བྱེད་པ་ཡོངས་སུ་ཤེས་པས་སོ།། ཡོད ་པ་དང་། རྡུལ་དང་། མུན་པ་དང་། ཡོན་ཏན་རྣམས་མཉམ་པར་གནས་པ་ནི་གཙོ་བོ་ཞེས་སོ།། དེ་ལས་ཆེན་པོ་ཞེས་ཏེ། དེ་ནི་བློའི་རྣམ་གྲངསོ།། ཆེན་པོ་ལས་ངར་བྱེད་པའོ།། ངར་བྱེད་པ་ལས་དེ་ཙམ་ལྔ་སྟེ། སྒྲ་ལ་སོག་པ་ཡུལ་ལྔའོ།། དེ་ཙམ་ལྔ་རྣམ ་ལས་འབྱུང་བ་ལྔ་དང་། བློའི་དབང་པོ་ལྔ་སྟེ། རྣ་བ་དང་། པགས་པ་དང་། མིག་དང་། ལྕེ་དང་། སྣ་རྣམས་སོ།། ལས་ཀྱི་དབང་པོ་ལྔ་སྟེ། ཚིགས་དང་། ལག་པ་དང་། རྐང་པ་དང་། གསང་ཁུང་དང་། མཚན་མའི་མཚན་ཉིད་རྣམས་སོ།། ཡིད་ནི་ཀུན་ཏུ་རྟོག་པའོ།། སེམས ་ཅན་ནི་སྐྱེས་བུའི་རང་བཞིན་ནོ།། ཁོ་ན་ཤེས་པ་ཉི་ཤུ་ལྔ།། གནས་ནི་གང་ལ་གར་དགའ་རུང་།། མགོ་དྲེགས་རལ་པ་ཕུང་བུ་ཅན།། གྲོལ་བར་འགྱུར་ལ་དེར་དོགས་མེད།། ཅེས་གྲངས་ཅན་རྣམས་ཀྱིས་ཐར་པར་རྟོག་གོ། དེ་སྟེ་ཉོན་མོངས་པ་ཡོངས་སུ་ཟད་པ་མ ་གཏོགས་པར་རང་བཞིན་དང་། སྐྱེས་བུའི་ཁྱད་པར་ཁང་དུ་ཆུད་པས་ཐར་པར་གྱུར་ཏེ། དེ་ལྟ་ན་ནི་བྱ་དང་། རྩིག་པ་དང་། སྣམ་བུ་དང་། བུམ་པ་ལ་སོགས་པའི་ཁྱད་པར་ཁོང་དུ་ཆུད་པས་ཐར་པར་ཅིས་ན་མི་འགྱུར། སྲིད་པ་ཡོངས་སུ་མ་ཟད་ཀྱི་བར་དུ་ཁྱད་པར ་ཅན་རྣམས་ཀྱི་རྫས་དང་། ཡོན་ཏན་ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པས་ཐར་པར་གྱུར་ཏེ་དེ་ལྟ་བུར་ཟིན་ན་ནི་བྱི་ཕུང་གི་ཕྱེ་མའི་འབྲུམ་བུ་རྣམས་ཀྱི་གྲངས་ཁོང་དུ་ཆུད་པས་ཅིས་ན་ཡང་ཐར་པར་མི་འགྱུར།། དེ་དེ་བཞིན་དུ་མུ་སྟེགས་ཅན་ཀྵ་པ་ན་ཀ ་རྣམས་ཀྱི་ལྟ་བ་ནི་ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བའོ།། ཡོད་པར་འགྱུར་བ་ནི་སྤྱིར་བདག་ཉིད་དུའོ།། མེད་པར་འགྱུར་བ་ནི་ཁྱད་པར་གྱི་བདག་ཉིད་དུའོ།། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར། ་བ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་སྟེ། དེ་དག་ནི་སྨྲ་བར་བྱ་བའི་ཕྱོགས་སོ།། སྨྲ་བར་མི་བྱ་བའི་ཕྱོགས་ལ་སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཁྱད་པར་གྱི་བདག་ཉིད་ཡང་སྨྲ་བར་མི་བྱའོ།། སྤྱི་དང་ཁྱད་པར་གྱི་བདག་ཉིད་ཡོད་པར་འགྱུར་བ་ཅིག་ཅར་སྒྲ ་བར་མི་བྱའོ།། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་ཅིག་ཅར་ཡང་སྨྲ་བར་མི་བྱའོ།། དེ་དེ་ལྟར་འབོད་སྒྲོགས་ལ་མུ་སྟེགས་ཅན་གྱི་གཏི་མུག་གི་དྲི་བཟློག་པའི་དོན་དུ་ཐམས་ཅད་མཁྱེན་པས་ཆོས ་བཤད་དོ།། རྟག་པ་དང་། བདག་དང་། དབང་པོ་དང་། གཅིག་པོ་དང་། གཉིས་དང་། མི་གཉིས་པ་ལ་སོགས་པའི་རྒྱུ་དགག་པའི་ཕྱིར་ཡང་འབོད་འགྲོགས་ལ་ཆོས་བཤད་དོ།། ཆ་ལུགས་རྣམ་པ་སྣ་ཚོགས་ཀྱི་བརྟུལ་ཞུགས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན། ་བ་དང་། རྣམ་པར་རྟོགས་པས་ཀུན་ཏུ་མི་རྟོག་པའི་ཕྱིར་དངོས་པོ་དང་དངོས་པ་མ་ཡིན་པ་མི་རྟོག་པ་དང་། དོན་དམ་པའི་བདེན་པ་རྟོགས་པར་བྱེད་པ་དང་། མི་གཉིས་པ་ཁོང་དུ་ཆུད་པར་བྱེད་པའི་ཆོས་བསྟན་ཏོ།། གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང ་པོ་ཁོ་ནར་བསྒྲུབ་པ་དང་། གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་རྟག་པ་དང་། བདག་དང་། བྱེད་པ་པོར་ལྟ་བ་རྣམ་པར་བཅད་པའི་དོན་དུ་ཡང་དག་པའི་དོན་ཆོས་དང་། གང་ཟག་ལ་བདག་མེད་པ་ཞི་བའི་ཆོས་ལ་འཇུག་པར་བྱེད་དོ།། ལངྐའི་བདག ་པོཔོ་བདག་གི་སོ་སོ་རང་གིས་རིག་པ་རྟོགས་པར་བྱེད་པའི་ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་འདི་ནི་གཟུགས་སྣ་ཚོགས་རབ་ཏུ་ཐོབ་པར་བྱེད་པའོ་ཞེས་བྱ་བ་ནི་གཟུགས་རྣམ་པ་སྣ་ཚོགས་སུ་གྱུར་པ་དང་། གལ་ཏེ་གཟུགས་གཅིག་རྣམ་པར་བཟློག་ཀྱང་དེ་བཞིན་དུ ་གཟུགས་གཞན་གྱི་གནས་ཏེ་འཇིག་པར་མི་འགྱུར་བ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་པ་དང་མི་གཉིས་པའི་ཏིང་ངེ་འཛིན་ཐོབ་པས་སོ།། ཐེག་པ་ཆེན་པོ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཉན་ཐོས་དང་། མུ་སྟེགས་ཅན་མ་གཏོགས་པར་རྣམ་པ་དེ་ལྟ་བུ། ་ཐེག་པ་ཆེན་པོ་ཉིད་ཀྱིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབས་པའི་ཕྱིར་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་ཡིན་ནོ།། ཐེག་པ་ཆེན་པོ་ཉིད་ཀྱིས་གང་ཟག་དང་ཆོས་ལ་བདག ་མེད་པ་ཁོང་དུ་ཆུད་པར་བྱེད་པས་ན་ཐེག་པ་ཆེན་པོའི་རྣལ་འབྱོར་ཁོང་དུ་ཆུད་པས་ཁྱད་པར་ཁོང་དུ་ཆུད་པར་བྱ་བ་དང་། མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་སེམས་ཅན་ཐམས་ཅད་ལ་ཕན་འདོགས ་པའི་ས་ཐོབ་བོ།། ཁེབས་པའི་གཡོགས་མ་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རླབས་ཟློག་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཉམ་པར་མི་འདུ་བའི་མ་རིག་པས་འཁྲུགས་པའི་མཐུས་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི་མགོ་འཁོར་བ་དང ་བརྒྱལ་བ་ལ་སོགས་པ་བཞིན་ནོ།། དཔྱོད་པའི་ཤེས་རབ་མཉམ་པར་འདུས་པ་དང་ལྡན་པས་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་བ་གཞིག་པར་བྱེད་པ་ན་མི་དམིགས་ཏེ་སྟོང་པར་མཐོང་ངོ་།། དེ་དེ་ལྟར་མ་རིག་པས་ཁེབས་པའི་གཡོགས་མ་ཤེས་པས་རྟོགས་པ་ན་ཡང ་ལྡོག་ཏེ། འདི་མི་གཉིས་པ་དོན་དམ་པའི་བདེན་པ་རྟོགས་པར་བྱེད་པ་ནི་ཐེག་པ་ཆེན་པོའི་རྣལ་འབྱོར་ཅེས་བྱ་བ་སྟེ། མུ་སྟེགས་ཅན་གྱི་རྣལ་འབྱོར་གྱི་གནས་སུ་ལྟུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ།། མུ་སྟེགས་ཅན་གྱི་རྣལ་འབྱོར་གནས་ནི་འཁོར་བར་ལྟུང ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་པ་རྣམས་ཀྱི་བདག་ཏུ་ཆགས་པ་མི་ལྡོག་གོ།། ཇི་སྲིད་དུ་བདག་མེད་པ་ཡོངས་སུ་ཤེས་པར་མ་གྱུར་པ་དེ་སྲིད་དུ་ཐར་པར་མི་འགྱུར་རོ།། རླུང་དགག་པ་ལ་སོགས་པའི་རྣལ་འབྱོར་གྱི་གཟུགས་རྣམ་པ་སྣ་ཚོགས་དང་། སྲིད་པའི ་སྤྱོད་མི་འཐོབ་བོ།། ཐལ་བས་བྱུག་པ་དང་། དྲི་མ་འཆང་བ་དང་། སྒྲ་འབལ་བ་དང་། རལ་པ་བསྡུས་པའི་ཞགས་པ་དང་། ཆ་བྱད་སྣ་ཚོགས་དང་། ཁ་འཚེ་བ་དང་། གར་དང་། གླུ་དང་། འཁྲུ་བ་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་ས་དང་། ་གྲང་བ་དང་། ཚ་བ་དང་། ཉི་མ་དང་། ལྔ་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་རྣམ་པར་རྟོག་ཅིང་རྣལ་འབྱོར་གྱི་དབང་པོ་མགུ་བར་བྱེད་པ་དང་། མཆོག་སློང་བ་ལ་སོགས་པས་ཐར་པར་མི་འགྱུར་ཏེ། ཇི་སྲིད་དུ་ཤེས་རབ་ཀྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང ་མི་གཙང་བ་དང་། སྟོང་པ་ཉིད་ཀྱི་ཆོས་ཉིད་མ་དཔྱད་པ་དེ་སྙིང་དུ་རྟག་པ་དང་། བདག་ཏུ་ཆགས་པ་མི་ལྡོག་གོ།། མུ་སྟེགས་ཅན་གྱི་རྣལ་འབྱོར་དུ་ཕྱིན་ཅི་ལོག་པ་རྣམས་ནི་འཁོར་བ་ཉིད་དུ་ལྟུང་བ་སྟེ། ཤེས་རབ་ཀྱིས་གྲོལ་བས་དེའི་ཕྱིར་ཐམས་ཅད་མཁྱེན་པས་རྒྱུ ་གསུངས་པ། ལངྐའི་བདག་པོ་མུ་སྟེགས་ཀྱི་རྣལ་འབྱོར་ནི་མུ་སྟེགས་ཅན་རྣམས་ཀྱི་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་བའོ་ཞེས་ཏེ། བདག་ཏུ་ཆགས་པ་ཡོད་ན་ཇི་ལྟར་ཐར་པར་འགྱུར་ཞེས་དགོངས་པའོ།། གཉིས་པ་དང་མི་གཉིས་པར་སྨྲ་བ་མུ་སྟེགས ་ཅན་ཐམས་ཅད་ནི་བདག་ཏུ་མངོན་པར་ཆགས་པ་ལ་གནས་པས་བདག་སྡུག་བསྔལ་ལས་གྲོལ་བར་བྱེད་པ་དང་། མཆོག་ཏུ་དགའ་བའི་བསམ་གཏན་དུ་བདག་བདེ་བར་བཞག་པར་བྱའོ་ཞེས་ཏེ། བདག་ཏུ་ཞེན་པ་དེ་ཉིད་མ་ལྡོག་པ་ཡིན་ནོ།། བདག་མེད ་པར་སྨྲ་བ་རྣམས་ཀྱི་སྐད་ཅིག་མར་འཇིག་པར་ཡོངས་སུ་ཤེས་པས་བདག་དང་བདག་གི་སྲེད་པ་གང་ཡང་མི་འཇུག་གོ།། རྣམ་པར་ཤེས་པའི་རང་བཞིན་གཉིས་ཀྱི་དོན་ལ་ཆགས་པོར་ལྟ་བས་མུ་སྟེགས་ཅན་རྣམས་ཀྱི་ལས་རྣལ་འབྱོར་འདི་གཞན་པའོ།། ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྣམས་རྣམ་པར་ཤེས་པའི་རང་བཞིན་ལ་དེ་ལྟར་གཉིས་ཀྱི་རྣམ་པ་མེད་པར་ཡང་རབ་རིབ་དང་། རྨི་ལམ་གྱི་ཤེས་པ་བཞིན་པ་ལ་འཛིན་པ་དང་གཟུང་བའི་ངོ་བོར་གཉིས་ཀྱི་དོན་དུ་ཡོངས་སུ་རྟོག་པར་བྱེད་པ་དང་། རང་བཞིན་གྱིས ་འོད་གསལ་ཞིང་སྐད་ཅིག་པའི་རྒྱུད་མི་གཉིས་པའི་རྟོགས་འཛིན་པ་དང་། གཟུང་བའི་དངོས་པོ་དང་བྲལ་བ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་པ་ཡང་དག་པར་རིག་པ་ཙམ་ནི་དབང་པོའི་ཤེས་པ་རྟོགས་པ་མེད་པ་ཞུགས་པས་མྱོང་བ ་བཞིན་དུ་མུ་སྟེགས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་མི་བྱེད་དོ།། ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པས་དོན་དམ་པའི་བདེན་པ་མི་གཉིས་པ་རང་གི་རིག་པ་ཡོད་པ་དང་། མེད་པར་སྨྲར་མེད་པ་ཉིད་དུ་བདེ་བར་གཤེགས་པ་པ་རྣམས་དོན་དམ ་པའི་དངོས་པོར་ཁོང་དུ་ཆུད་པར་བྱེད་དོ།། ཚད་མ་དང་། གཞལ་བྱ་ལ་སོགས་པ་ཚིག་གི་དོན་བཅུ་དྲུག་རྣམས་གཏན་ལ་ཕབ་པ་ཡོངས་སུ་ཤེས་པས་གདོན་མི་ཟ་བའི་གནས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་གང་དག་དེ་སྐད་སྨྲ་བ་དེ་དག་ལ་ཡང་ཚད་མ་དང་། ་གཞལ་བྱ་མ་གཏོགས་པར་ཚིག་གི་དོན་མེད་པའི་ཕྱིར་རོ།། དོགས་པ་དང་། དགོས་པ་དང་། གྲུབ་པའི་མཐའ་དང་། དཔེ་དང་། ཡན་ལག་དང་། རྟོག་གེ་དང་། ངེས་པ་དང་། རྣོད་པ་དང་། ཟུག་ཟུག་ཏུ་སྨྲ་བ་དང་། ཐོ་འཚམ་པ་དང་། རྒྱར་སྣང་བ་དང་། ཀླན ་བ་དང་། རིགས་འདྲ་བ་དང་། ཚར་བཅད་པའི་གནས་རྣམས་ཀྱང་ཤེས་པ་དང་། ཤེས་པར་བྱ་བ་མ་གཏོགས་པར་མེད་པའི་ཕྱིར་རོ།། ཤེས་པ་མ་གཏོགས་པར་ཤེས་པར་བྱ་བ་མི་སྲིད་ཅེས་བྱ་སྟེ། རབ་རབ་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག ་འཕྲུལ་ལ་སྩོགས་པ་བཞིན་དུ་འཁྲུལ་པའི་མཐུས་ཉི་ཤུ་ལྔ་ལ་སོགས་པ་སྨྲ་བ་ཐམས་ཅད་ཀྱི་གཉིས་ཀྱི་རྣམ་པ་སྣང་བ་ནི་བངག་དང་བདག་གིར་མངོན་པར་ཆགས་པའོ།། རྟག་པ་ནི་མ་སྐྱེས་པས་ན་རི་བོང་གིར་བཞིན་དུ་དངོས་པོ ་མི་གཉིས་པར་སྨྲ་བ་རྣམས་ལ་ཕྱིའི་དངོས་པོ་མང་དུ་ཟིན་ཀྱང་འོན་ཀྱང་དེ་དག་ལ་གཅིག་པུར་བདག་དང་ཚངས་པ་དང་། དབང་པོ་ལ་སོགས་པ་མ་གཏོགས་པར་དངོས་པོ་གཞན་མེད་པས་ན་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ ་སོགས་པ་ཅིག་པའི་སྐྱོན་དུ་འགྱུར་རོ།། བདེ་བར་གཤེགས་པ་དཔེ་མི་གཉིས་པར་སྨྲ་བ་རྣམས་ཀྱི་ཕྱིའི་དོན་མེད་ཀྱང་སྐད་ཅིག་པའི་ཆུང་པའི་རྒྱུད་འབྱེད་པས་མར་མེ་ཐ་དད་པ་བཞིན་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་མཉམ་མི་འཛིན་པའི་མ ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུས་སེམས་ཅན་མང་པོ་རྣམས་ལ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ཐ་དད་པར་སྣང་ངོ་།། ཤེས་རབ་ཀྱིས་དཔྱད་དེ་གང་གི་ཚེ་ཤེས་པར་བྱ་བ་སྒོམ་པ་དང་། ཕྲ་བ་ཡན་ལག་ཏུ་རྣམ་པར་ཕྱེ་སྟེ་སྟོང་པར་མཐོང་བ་དེའི་ཚེ ་བདག་ཉིད་མི་གཉིས་པའི་ཆུད་པ་ཡིན་པས་འཁོར་བ་དང་མྱ་ངན་ལས་འདས་པ་སྡུག་བསྔལ་བ་དང་སྡུག་བསྔལ་མེད་པར་འབྱེད་པར་མུ་སྟེགས་ཅན་གྱི་ཀུན་ཏུ་རྟོག་པ་ལྟར་མ་ཡིན་ནོ།། ཇི་ལྟར་དབུ་མ་ལས་གསུངས་པ་དང་།། མྱ་ངན་འདས་པར་རྣམ་རྟོག ་མེད། འཁོར་བ་བསལ་བར་བྱ་བ་མིན།། གང་ན་འཁོར་བའང་མྱ་ངན་འདས།། དེ་ནི་ཅི་ཞིག་རྣམ་པར་རྟོག། ལེན་མེད་པ་ནི་མྱ་ངན་འདའ།། མྱ་ངན་འདས་ཀྱང་ང་ཡིར་འགྱུར། གང་དག་འཛིན་པ་དེ་དག་ལེན།། ད་ནི་ལེགས་མིན་འཛིན་པའི།། མྱ་ངན ་འདས་པའི་མཐའ་གང་ཡིན།། འཁོར་བའི་མཐའ་ཡང་གང་ཡིན་པ།། དེ་དག་གཉིས་ཀྱི་བར་ན་ཡང་།། ཅུང་ཟད་ཕྲ་བ་ཡོང་མ་ཡིན།། ཤེས་རབ་ཀྱིས་དཔྱད་ནས་མཐོང་བ་ཡང་མི་མཐོང་བ་སྟེ། མཁས་པ་ཡང་དག་གྲོལ་བ་རྣམས་ནི་གཞན་གྱི་དོན་དུ་གཟུགས་བརྙན་དང་དྲི་ཟའི ་གྲོང་ཁྱེར་ལ་སོགས་པ་བཞིན་དུ་འཁོར་བར་སྤྱོད་དོ།། ཉན་ཐོས་དང་སུ་སྟེགས་ཅན་རྣམས་མ་གཏོགས་པར་ཐེག་པ་ཆེན་པོར་སྣང་བའི་ཚུལ་བཞིན་དུ་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་བརྟུལ་ཏེ། མཐའ་གཉིས་བཅང་པ་དོན་དམ་པའི ་བདེན་པ་མི་གཉིས་པར་རྟོགས་པ་ནི་འཁོར་བའི་སྡུག་བསྔལ་ཟད་པ་ཡིན་ནོ་ཞེས་འབོད་སྒྲོགས་ལ་ཆོས་བཤད་དོ།། དེ་བཞིན་གཤེགས་པས་མཐོང་བ་ལས་ཞེས་བྱ་བ་ནི་བློས་རྟོགས་པ་མཐོང་བ་ཉིད་ལས།། དེ་བཞིན་གཤེགས་པ་མཐོང་བ་ཡིན་ཞེས་དེ་ལྟར་དགོས ་པར་བརྟག་གོ།། བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་ཅན་རྣམས་ཀྱི་གཙོ་བོ་ཐམས་ཅད་མཁྱེན་པ་ལ་གསོལ་བར་བྱའོ་ཞེས་འབོད་སྒྲོགས་ཀྱིས་བསམ་པའོ།། དེ་ལ་རྣལ་འབྱོར་མངའ་བས་ན་རྣལ་འབྱོར་ཅན་ནོ།། ཐོས་པ་དང་། སེམས་པ་དང་། ་སྒོམ་པ་ཤིན་ཏུ་སྐྱེས་པས་རྣལ་འབྱོར་གྱི་དབང་པོ་ཡིན་ནོ།། རྣལ་འབྱོར་ལ་མངའ་མཛད་པ་ནི་རྣལ་འབྱོར་རྣམས་དེའི་དབང་དུ་འགྱུར་བའི་ཕྱིར་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པ་ལས་གང་གང་གིས་ཐམས་ཅད་མཁྱེན་པར་འགྱུར ་བ་ཡིན་ནོ།། ཐོས་པ་དང་། སེམས་པའི་ཤེས་རབ་ཀྱིས་དཔྱོད་པས་ཐོག་མར་སྣང་བ་དང་བཅས་པའི་རྣལོ་འབྱོར་རྣམས་སུ་འགྱུར་རོ།། གང་གི་ཚེ་ཤེས་རབ་ཀྱིས་གཤིག་ཅིང་སྡོམ་པ་དང་ཕྲ་བ་མི་དམིགས་པ་དེའི་ཆེ་བར་དུ་སྣང་བ་མེད་པའི་རྣལ་འབྱོར་དུ་རྣམ་པར ་བཞག་པར་འགྱུར་རོ།། གང་གི་ཚེ་སྙིང་རྗེའི་བག་ཆགས་ཀྱིས་གླེངས་ཏེ་གཞན་གྱི་དོན་བྱེད་པ་དེའི་ཚེ། ཐ་མར་ཐམས་ཅད་མཁྱེན་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་དབང་པོར་གྱུར་ཏེ། སེམས་ཅན་རྣམས་ཇི་ལྟར་འདུལ་བར་འགྱུར ་བ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པའི་གཟུགས་རྣམས་ཀྱིས་དེ་ལྟར་ཆོས་སྟོན་པར་མཛད་དོ།། བདེ་བཤེགས་པ་ལ་སེམས་ཅན་རྣམས་ཀྱིས་ཀྱང་ལྷ ་ཆེན་པོ་དང་། ཚངས་པ་ལ་སོགས་པའི་གཟུགས་སུ་ཤེས་ཏེ། ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ་སྟེ། དེ་ན་བཅོམ་ལྡན་འདས་རྣལ་འབྱོར་ཐམས་ཅད་ལ་མངའ་མངའ་མཛད་པ་ཡིན་ནོ།། མུ་སྟེགས་ཅན་གྱི་རྣལ་འབྱོར་རྣམ་པར་བཟློག་པའི་ཕྱིར་བཅོམ ་ལྡན་འདས་ལ་གསོལ་བར་བྱའོ་ཞེས་འབོད་སྒྲོགས་ཀྱིས་བསམས་པའི་དོན་ཏེ། ཐམས་ཅད་མཁྱེན་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་གྱི་རྗེས་སུ་སྙོམས་འཇུག་གོ་ཞེས་ཏེ། ཇི་ལྟར་འདི་ཉིད་དུ་གསུངས་པ། བཅོམ་ལྡན་འདས་ནི ་དབང་ཕྱུག་ཆེན་པོ་མཆོག་གི་རྣལ་འབྱོར་ལ་སྙོམས་པར་འཇུག་གོ་ཞེས་ཏེ། སྲིད་པ་གསུམ་པོ་ཁ་ཅིག་སྤྲུལ་ཁ་ཅིག་སྔ་ནས་སྤྲུལ་པ་སྟེ། དེ་ནི་ཐེག་པ་རྣམས་སྟོན་པ།། ད་ནི་ང་ཡི་རང་བཞིན་ས།། དབང་ཕྱུག་ཆེན་པོ་གནས་ཀྱི་མཆོག། འོག་མིན་ཤིན་ཏུ་རྣམ ་པར་མཛེས་ཞེས་བྱ་བ་ལ་སོགས་པའོ།། ཁམས་གསུམ་རྣམ་པར་སྤྲུལ་པ་གང་།། དེ་ཡི་འོད་ཟེར་རབ་ཏུ་འཐུང་ཞེས་པའོ།། དེ་དེ་ལྟར་མ་ལུས་པའི་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པའི་སྐུ་རྣམ་པ་སྣ་ཚོགས་ཀྱི་གཟུགས་ཀྱི་ཆོ་འཕྲུལ་གྱིས་སེམས ་ཅན་གྱི་ཚོགས་མགུ་བར་མཛད་པའོ།། སོ་སོ་རང་གི་རིག་པ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་སྟོན་པའོ།། འཕྲུལ་པས་སྤྲུལ་པ་དང་བྲལ་ཞེས་བྱ་བ་ནི་འཕྲུལ་པ་སྤྲུལ་པ་ཞེས་བྱའོ།། ཉོན་མོངས་པའི་ཤིང་ཟད་པར་བྱེད་ཅེས་བྱ་བ་ལ། ཉོན ་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། ཡུལ་མ་ངེས་པའི་ཤེས་པ་ལ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་ཕྱིན་ཅི་ལོག་རྣམས་བགེགས་བྱེད་དོ།། དེས་ན་མི་རྟག་པ་དང་། བདག་མེད་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ ་བསྒོམས་པས་ལྡོག་པར་འགྱུར་རོ།། ཇི་ལྟར་གསུངས་པ་གང་གི་ཚེ་གཡོགས་མ་མེད་པ་ལྟ་བུའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་པར་བྱ་བ་ཐམས་ཅད་རབ་ཏུ་འཇུག་གོ་། ཞེས་སོ།། རྒྱལ་བའི་སྲས་ཀྱིས་ཡོངས་སུ་བསྐོར་ཞེས་བྱ་བ་ནི་སྣོད་ཆུང་ངུའི་ཆུའི ་ནང་དུ་གྲོང་དང་། ཀུན་དགའ་ར་བ་དང་། གཞལ་མེད་ཁང་དང་། སྐར་མ་མང་པོ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་ཕན་ཚུན་དུ་ཐོགས་པ་མེད་པར་སྣང་བ་བཞིན་དུ་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱང་ཉག་མའི་རྩེ་མོར་སྣང་བར་འགྱུརརོ།། དོན་དམ་པར་ན ་སེམས་མ་རིག་པས་གློངས་ཏེ་རྣམ་པ་གཉིས་སུ་འབྱུང་ངོ་།། ཤེས་རབ་ཀྱིས་སྣང་བ་མེད་པར་འགྱུར་ཏེ། དེ་བས་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཤེས་པས་ཐམས་ཅད་མཁྱེན་པ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རྣལ་འབྱོར་ལ་དབང ་མཛད་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་ཅིང་བཞུགས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་སྟེ། དངོས་པོ་དང་དངོས་པོ་མ་ཡིན་པར་ལོག་པར་རྟོག་པ་སྤངས་པའི་ཕྱིར་རོ།། ཇི་ལྟར་འདི ་དུ་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་།། དངོས་པོ་མྱ་ངན་ང་མི་འདའ།། རྣམ་རྟོག་རྣམ་ཤེས་བཟློག་པ་ན།། ང་ནི་མྱ་ངན་འདས་པའོ།། ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངས་སོ།། དེ་བས་མེད་པར་ཤེས་མི ་བྱ།། ཡོད་པ་ཡང་ནི་མི་རྟག་གོ།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པོ་དང་དངོས་པོ་མ་ཡིན་པ་མཉམ་པ་ཉིད་ཀྱིས་མངོན་པར་རྟོག་པར་འགྱུར་རོ་ཞེས་པའོ།། ཐུགས་རྗེ་ཅན་དང་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་ཁྱབ་པ་ཞེས་བྱ ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྒྱ་ཆེར་སྨྲས་པ་ཡིན་ནོ།། ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་ནི་ཡང་དག་པའི་ཡོན་ཏན་ཚང་མར་གྱུར་པས་ཡང་དག་པར་བསྟོད་པ་སྟེ། ཡེ་ཤེས་ལ་གཟུགས་མེད་པས་ན་ཡུལ་རྣམ་པར་ཆད་པ་མེད་དེ་གཟུག ་ཅན་མ་ཡིན་པའི་ཆོས་རྣམས་ནི་ཕྱོགས་སུ་མི་གནས་ཞེས་བྱའོ།། དེ་བས་ན། ཐམས་ཅད་རྣམ་རྟོག་མེད་ཅིང་སྣང་བ་མེད།། འཕྲོས་རྣམས་ཀྱིས་མ་འཕྲོས་པ། འདི་ནི་འཇིག་རྟེན་མགོན་པོ་དག། སངས་རྒྱས་བསྟན་པ་བདུད་རྩིའོ།། སྟོང་པ་ཞེས་པས་སྨྲ་མི་བྱ ་མི་སྟོང་པར་ཡང་མ་ཡིན་ཏེ།། གཉིས་ཀ་མི་གཉིས་མ་ཡིན་པ། ཞི་ལ་བཞི་པོ་ག་ལ་ཞིག། མུ་སྟེགས་ཅན་ནི་རྟག་པ་དང་། ཉན་ཐོས་ནི་མི་རྟག་པ་དང་། ཐེག་པ་ཆེན་པོའི་ཚུལ་ནི་རྟོགས་རྒྱུན་རྟག་པ་དང་། ཆད་པ་དང་བྲལ་བས་ཉོན་མོངས་པ་ཟད་པའི་བར ་པའི།། བྱེད་པ་དང་མཚན་ཉིད་རྣམ་པར་ལོགས་ཞེས་བྱ་བ་ནི་གང་བྱེད་པ་འམ་མཚན་ཉིད་བརྟགས་པ་མེད་པའོ།། གཉིས་དང་མི་གཉིས་པ་མུ་སྟེགས་ཅན་གྱི་རྣལ་འབྱོར་ཕྱི་རོལ་དང་བདག་ཏུ་ལྟ་བས་སྐྱོན་ཅན་དུ་བྱས་པས་སྤངས་ཏེ། དོན་དམ་པའི ་བདེན་པ་དངོས་པོ་དང་དངོས་པོ་མ་ཡིན་པར་མི་རྟོག་པ། མི་གཉིས་པ་རྟོགས་པ། བྱེད་པའི་མཚན་ཉིད་དང་བྲལ་བ། བདེ་བར་གཤེགས་པའི་རྣལ་འབྱོར་སངས་རྒྱས་ཀྱིས་འཐོབ་པར་བྱེད་པ་ཤེས་པར་འདོད་དོ།། དེ་ལ་ཡང་མུ་སྟེགས་ཅན་རྣམས་ཀྱིས ་བྱེད་པ་དང་། བྱེད་པ་པོར་མངོན་པར་ཆགས་པས་འཁོར་བར་གདགས་སོ།། འདུ་བྱེད་སྐད་ཅིག་པར་ཡོངས་སུ་ཤེས་པས་བདག་དང་། བྱེད་པ་པོ་དང་། བྱེད་པ་ལ་མངོན་པར་ཆགས་པ་བཟློག་པས་འཁོར་བའི་སྡུག་བསྔལ་ལྡོག་སྟེ། ཆོས་དང་གང ་ཟག་བདག་མེད་པར་རྟོགས་པས་ཆགས་པ་མེད་པར་འགྲོལ་བར་འགྱུར་རོ།། སྐད་ཅིག་པའི་དངོས་པོ་ནི་འཇིག་པ་དང་ཐ་དད་པ་མ་ཡིན་ཏེ། དེ་བྱེད་པ་པོར་བཞག་ཏུ་ནི་སྐད་ཅིག་པ་གཞན་དུ་གནས་ཤིང་བྱེད་པ་མེད་པས་སོ།། ཇི་ལྟར་འཕགས་པའི་དགེ ་འདུན་ཆེན་པོ་པ་རྣམས་ཀྱི་ཀློག་པ། འདུ་བྱེད་རྣམས་ནི་སྐད་ཅིག་མ།། མི་བརྟུན་བྱེད་པ་ག་ལ་ཞིག། གང་འབྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད།། དེ་དེ་ལྟར་ན་བྱེད་པ་པོ་དང་བྱེད་པ་མངོན་པར་འབྲེལ་པ་དངོས་པོར་གྱུར་པར་མི་རུང ་བྱེད་པ་པོ་ལས་ཐ་དད་པའི་བྱེད་པ་མེད། དེ་དང་བྲལ་བའི་བྱེད་པ་པོ་ཡང་བསྔོ་བར་མི་བྱའོ།། དེ་བས་ན་བྷཱུ་ཏྲ་ཀྵ་རིས་བྱེད་པ་བསྟན་པ་ལས་སྨྲས་པ། གྲུབ་དང་མ་གྲུབ་ཇི་སྙེད་པ།། བསྒྲུབ་པའི་ཕྱིར་ནི་བསྟན་པར་བྱ།། རྟེན་པའི་རིམ་གྱི་རང་བཞིན་ཕྱིར། ་དོ་ནི་བྱེད་པར་བརྗོད་པའོ།། ཞེས་པ་སྟེ། བྱེད་པ་དཔྱད་ཟིན་ཏོ།། ད་ནི་མཚན་ཉིད་དཔྱད་པར་བརྩམ་སྟེ། ཇི་ལྟར་དབུ་མ་ལས་འབྱུང་བ། མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚན་ལ་མཚན་ཉིད་མེད་པར་འགྱུརརོ།། གཅིག་ནའང་དེ་གཉིས་མི་འགྲུབ་སྟེ། ་ཐ་དད་ན་ཡང་གཞན་དུ་མེད་ཅེས་པའོ།། མཚན་ཉིད་ལའང་མཚན་ཉིད་གཞན་དགོས་པར་འགྱུར་རོ།། བདག་ཉིད་མ་གྲུབ་པས་གཞན་གྱི་མཚན་དུ་ཇི་ལྟར་ན་འགྱུར། བྱེད་པ་དང་མཚན་ཉིད་ཀྱི་ཐ་སྙད་བྱེད་པ་རྣམ་པ་གཉིས་ཀྱི་ཤེས ་པཔ་ལ་འབྱུང་གི། གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་རང་གིས་རིག་ཅིང་རྣམ་པར་མི་རྟོག་པ་སྣང་བ་མེད་པ་ལ་ནི་མ་ཡིན་ཏེ། ཇི་ལྟར་རྡོ་རྗེ་གཅོད་པ་ལས་གསུངས་པ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ།། ཇི་ཙམ་དུ་མཚན་ཕུན་སུམ ་ཚེཚོགས་པ་མེད་པ་དེ་ཙམ་དུ་མི་བཛྲན་ནོ་ཞེས་པ་སྟེ། དེ་བས་ན་བྱེད་པ་དང་། བྱེད་པ་པོ་དང་། མཚན་མར་བྱ་བ་དང་། མངོན་པར་བརྗོད་པ་དང་། མངོན་པར་བརྗོད་པར་བྱ་བ་དང་། ཆོས་དང་། ཆོས་ཅན་དུ་རྣམ་པར་རྟོག་པར་འཕྲོས་པ་ནི་ཐ་སྙད་དུ་བྱ་བ་ཡིན་གྱི། དོན་དམ ་པར་བྱ་བ་ནི་མ་ཡིན་ནོ།། ཇི་ལྟར་ཡང་དབུ་མ་ལས་འབྱུང་བ། འཕྲོས་ལས་འདས་པ་མི་གཉིས་པ།། གང་དག་སངས་རྒྱས་འཕྲོས་པར་བྱེད།། དེ་དག་འཕྲོས་ཉམས་གླེན་པ་རྣམས།། དེ་བཞིན་གཤེགས་པ་མི་མཐོང་ངོ་།། ཞེས་པའོ།། གཞན་གྱི་དབང་འཛིན་པ་དང ་གཟུང་བའི་རང་བཞིན་གཉིས་ཀྱི་སྟོང་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་དབུ་མའི་རྣལ་འབྱོར་མུ་སྟེགས་དང་ཉན་ཐོས་ཀྱི་རྣལ་འབྱོར་དང་བྲལ་བ་གང་གིས་ཡེ་ཤེས་ཀྱི་ཁྱད་པར་རྟོགས་པར་བྱ་བའི་ཕྱིར་བླ་མའི་རྟོགས་པ་ཆུད་པར་བྱ། ་བར་གསོལ་ལོ་སྙམ་པ་ནི་ཇི་ལྟར་དབུ་མ་ལས་འབྱུང་བ། སུ་དག་དངོས་པོ་ཡོད་མཐོང་དང་།། མེད་པར་མཐོང་བ་བློ་ཆུང་རྣམས།། ལྟ་བ་ཉེར་ཞི་ཞི་བ་ནི། དེ་དག་རྣམས་ཀྱིས་མི་མཐོང་ངོ་།། ཞེས་པ་སྟེ། དེ་དོན་དམ་པ་ཚུལ་ལ་ཡོངས་སུ་དྲི་བར་འབོད ་སྒྲོགས་ཀྱི་ནན་ཏན་བསྐྱེད་པ་ནི། རྣམ་པར་མི་རྟོག་པ་ལ་སྤྱོད་པ་བདེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་གནས་པ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ས་ཐོབ་པར་བྱེད་པ་བདག་གིས་ཆུད་པ་ཡང་འཕེལ་བར་འགྱུར་རོ་སྙམ་མོ་ཞེས་པ་སྟེ། ་འཕྲོས་པ་ལས་འདས་པ་དངོས་པོ་དང་། དངོས་པོ་མ་ཡིན་པར་རྣམ་པར་མི་རྟོག་པ་དོན་དམ་པའི་བདེན་པ་མི་གཉིས་པའི་རྟོགས་པ་སངས་རྒྱས་ཀྱིས་ཐོས་པར་བྱེད་པ་མཆོག་ཏུ་འཕགས་པའི་རྣལ་འབྱོར་དེ་འདི་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང ་པོ་འབོད་སྒྲོགས་ཀྱིས་ཉན་ཅིང་ཤེས་པར་འདོད་པའོ།། མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པར་ཐུགས་སུ་ཆུད་ནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་དུ་ངེས་ཤིང་གང་འཛིན་པ་དང་། གཟུང་བའི་ངོ་བོར་གཉིས་ཀྱི་རྣམ་པར་སྣང་བ་ཐམས་ཅད་རབ་རིབ་དང་། ་གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དེ་དག་མ་སྐྱེས་པ་ཉིད་དོ།། གཟུགས་མེད་པར་ཡང་སྣང་བའི་ཆོས་ཉིད་ཀྱི་བློ་ཕྱིའི་དོན་ལྟ་བུར་སྐྱེས་པ་ཡིན་ཏེ། སྦོམ་པོ་དང་ཕྲ་མོ་རྣམ་པར་དབྱེ་བ་ན་སྟོང་པ་ཡིན་པར་ཤེས་ནས་ཆོས་མི ་སྐྱེ་བར་བཟོད་པར་འགྱུར་རོ།། རང་བཞིན་མེད་པ་རྣམ་པ་གསུམ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ་མཚན་ཉིད་ཀྱི་རང་བཞིན་མེད་པ་དང་། སྐྱེ་བའི་རང་བཞིན་མེད་པ་དང་། དོན་དམ་པའི་རང་བཞིན་མེད་པའོ་ཞེས་བྱའོ།། ཕྱིའི་དོན ་དངོས་པོ་ལ་སོགས་པའི་མཚན་ཉིད་རྟག་པ་དང་། མི་རྟག་ཇི་ལྟར་བརྟགས་པ་དེ་ལྟར་མེད་པ་ནི་མོ་གཤམ་གྱི་བུ་མོ་ལ་སོགས་པ་བཞིན་ནོ།། སྐྱེ་བའི་རང་བཞིན་མེད་པ་ནི་གཉིས་ཀྱི་རྣམ་པའི་ཤེས་པ་མ་སྐྱེས་པ་སྟེ། རབ་རིབ་དང་། གཟུགས་བརྙན་དང་། ་གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་གཟུགས་བཞིན་ནོ།། དོན་དམ་པའི་ཡེ་ཤེས་ཡོངས་སུ་གྲུབ་པ་ལ་ཡང་གཉིས་ཀྱི་རྣམ་པའི་རང་བཞིན་མེད་དོ།། དེ་དེ་ལྟར་ཆོས་ལ་རྣམ་པ་གཉིས་མེད་པའི་ཚུལ་གྱིས ་ཆོས་དང་གང་ཟག་ལ་བདག་མེད་པའི་ཡོངས་སུ་ཤེས་པས་འབོད་སྒྲོགས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། བདག་མེད་པ་གཉིས་ཀྱང་བྱེད་པ་པོ་མངོན་པར་འབྲེལ་པ་མེད་པ་དང་། འཛིན་པ་དང་གཟུང་བ་དངོས་པོར་གཉིས་ཀྱི་རྣམ་པར་སྐྱེ་བར་མི་རུང་སྟེ། ་གང་གི་ཚེ་ན་སྐད་ཅིག་པ་གཅིག་འབྱུང་བ་དེའི་ཚེ་ན་གཉིས་པ་མེད་དེ། འདས་པ་དང་། མ་འོངས་པའི་མཚན་ཉིད་ཀྱི་ཕྱིར་རོ།། ཇི་ལྟར་ཁྱོད་རྣམ་པར་རྟོག་པའི་གནས་ཤིན་ཏུ་གྱུར་ནས་ཞེས་བྱ་བ་ལ་སོགས་པ་ལ་གནས་གྱུར་པ་ནི་ཀུན་གཞི་རྣམ་པར་ཤེས་པའོ།། ་ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་མེད་པའི་མི་ཤེས་པ་དང་འཇུངས་པ་ལ་སོགས་པའི་ཉེས་པའོ།། རབ་ཏུ་འབྱེད་པའི་བློ་ཞེས་བྱ་བ་ནི་ཤེས་རབ་པོ།། སོ་སོ་རང་གིས་རིག་པའི་ཚུལ་གྱི་མཚན་ཉིད་ནི་མི་གཉིས་པའོ།། ཏིང་ངེ་འཛིན་གྱི་སངས ་རྒྱས་རྣམས་ཀྱིས་ཞེས་བྱ་བ་ནི་རྫོགས་ལོངས་སྤྱོད་པའི་སྐུ་རྣམས་ཀྱིས་སོ།། ཤི་བ་ནི་ཉོན་མོངས་པ་ཞི་བར་བྱེད་པའོ།། ཉེས་པ་ལས་འདས་པ་ནི་ཉེས་པ་དང་བྲལ་བ་སྟེ། གསུམ་འབྲེལ་པ་ལས་དབེན་པ་ཞེས་བྱ་སྟེ། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད ་པར་འགྱུར་བ་འབའ་ཞིག་སྟེ། སྣང་བ་དང་བཅས་པ་ལ་གཉིས་ཀྱི་རྣམ་པར་ལས་དང་འབྲས་བུར་འབྲེལ་པར་སྣང་ངོ་།། སྣ་བ་མེད་པ་ལ་ནི་གཉིས་ཀྱི་རྣམ་པར་སྣང་བའང་མེད་དེ། འདས་པ་དང་མ་འོངས་པ་དང་། ད་ལྟར་གྱིར་འབྱེད་པར་སྣང་བའི ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོར་གྱུར་པ་བདག་ཉིད་ལ་བྱེད་པ་མེད་པས་སོ།། ཡང་དག་པར་རིག་པ་ཙམ་ཞིག་ཡིན་མོད་ཀྱི། འོན་ཀྱང་དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་མེད་དོ།། དེར་སྲེད་པ་ཡ། ་སོགས་པའི་ཆོས་གཞན་མེད་པས་ན་བདག་མེད་པ་གཉིས་ལ་ཡང་རྣམ་པར་རྟོག་པ་རྣམས་སོ་སོར་མེ་སྣང་སྟེ། ཇི་ལྟར་དབུ་མ་ལས་འབྱུང་བ།། གལ་ཏེ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ལྡན་དེར་རིགས་ཏེ། འོན་ཏེ་སྐྱེ་བ་འདུས་བྱས་མིན།། འདུས་བྱས ་མཚན་ཉིད་ཇི་ལྟར་རུང་།། སྐྱེ་བ་སྐྱེ་བ་ཇི་བཞིན་པའི།། བདག་ཉིད་གཞན་གྱིས་མ་ཡིན་ཏེ།། འགོག་པ་ལ་ནི་འགོག་པ་ཡང་།། བདག་ཉིད་གཞན་གྱིས་མ་ཡིན་པའོ།། ཞེས་པས་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་མི་འབྱུང་བ་སྟེ། བྱེད་པ་དང་བྱེད་པ་པོར་འབྲེལ་ནས་སྐྱེ་བར ་མི་རུང་བའི་ཕྱིར་རོ།། གཉིས་ཀྱི་རྣམ་པའི་སྐད་ཅིག་པ་རྣམས་ལ། སྐྱེ་བའི་རང་བཞིན་ཉིད་མེད་པ་ཡིན་ཏེ། དེས་ན་བཅོམ་ལྡན་འདས་ཀྱིས་འབོད་སྒྲོགས་ཀྱིས་བདག་མེད་པ་གཉིས་ལ་ཡང་སྐྱེ་བ་མེད་པར་བཟོད་པ་ཐུགས་སུ་ཆུད་ནས་ཆོ་འཕྲུལ་གྱིས་མགུ་བར་མཛད་དེ།། ་འཕྲུལ་པས་སྤྲུལ་པ་རྣམས་ཀྱིས་བསྟན་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་སུ་མོས་པ་རྣམས་ལ་བསམས་པ་ཆུད་པར་མཛད་པའི་གནས་ཀྱི་དཀྱིལ་འཁོར་རོ།། ངོ་བོའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་མ་གསུངས་སོ་ཞེས་བྱ་བ་ནི་རྒོལ་བ་དང་ལན་གདབ་པར་མ ་གསུངས་སོ།། ཐམས་ཅད་མཁྱེན་པས་འབོད་སྒྲོགས་མགུ་བར་བྱས་པ་དང་། ཕྱག་འཚལ་ཞིང་གསོལ་པ་ལ་སོགས་པ་ནི་སྔོན་གྱི་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་གཉིས་ཞུས་པའི་ལན་བཤད་པའི་ཚུལ་བཞིན་དུ་ཀླན་ན། དེ་བཞིན་དུ་བཅོམ་ལྡན་འདས ་ཀྱིས་ཀྱང་ཆོས་དང་ཆོས་མ་ཡིན་པར་རྣམ་པར་རྟོག་པ་རྣམ་པ་གཉིས་སུ་ཇི་ལྟར་འབྱེད་པ་བཀའ་སྩལ་དུ་གསོལ། འབོད་སྒྲོགས་ཀྱིས་ཅི་བསམས་ཞེ་ན། དོན་དམ་པའི་བདེན་པ་གཉིས་སུ་མེད་པར་རྣམ་པར་རིག་པར་བྱ་བའི་ཆོས་ཉིད་ལ་ཆོས་དང་། ཆོས ་མ་ཡིན་པ་རྣམས་པ་གཉིས་ཀྱི་རྣམ་པར་རྟོག་པ་རྣམས་མི་སྲིད་ཅེས་སོ།། གཉིས་ཀྱི་ཆོས་ཉིད་ལ་ཆོས་དང་། ཆོས་མ་ཡིན་པ་གཉིས་ཀྱི་རྣམ་པའི་ཤེས་པར་རྟོགས་པ་ནི་འཕྲུལ་པས་སྤྲུལ་པས་བསྟན་ཏོ།། ས་བཅུར་དབང་བསྐུར་བ་དེར་རྣལ་འབྱོར་གྱི་དབང་པོར་གྱུར་ཏེ། ་སྣང་བ་བཞིན་དུ་ཆོས་ཀྱི་ཚུལ་རྗེས་སུ་མཐུན་པར་དོན་དམ་པའི་བདེན་པ་མི་གཉིས་པར་རྟོགས་པ་ལ་བཞུགས་པའི་ངོ་བོའི་དེ་བཞིན་གཤེགས་པའི་སྐུ་རྣམས་ཀྱིས་ཚིག་གི་སྤྱོད་ཡུལ་དུ་མ་ལྷུང་བར་ཆོས་སྟོན་པར་མཛད་དོ།། བཅོམ་ལྡན་འདས་ཆོས་ལ་མངའ་མཛད ་པ་ཉིད་ཀྱིས་ཆོས་གཉིས་པོ་དེ་ལེགས་པར་བཤད་དུ་གསོལ་ཞེས་བྱ་བ་ལ་ཆོས་ལ་མངའ་མཛད་ཅེས་བྱ་བ་ནི་སྣང་བ་དང་བཅས་པ་དང་། སྣང་པོ་མེད་པའི་ཏིང་ངེ་འཛིན་གྱི་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་སྣ་ཚོགས་སུ་ཆོ་འཕྲུལ་མཛད ་པས་མགུ་བར་མཛད་པའོ།། འཇིག་རྟེན་པ་ཐམས་ཅད་ཀྱི་བསམ་པའི་དོགས་པ་ཇི་ལྟར་ལྡོག་པར་འགྱུར་བ་དེ་ལྟར་བཤད་དུ་གསོལ་ཞེས་སོ།། ཆོས་ཉིད་ཀྱང་སྤང་བར་བགྱིད་ན་ཆོས་མ་མཆིས་པ་ལྟ་ཅི་སྨོས། ཆོས་གཉིས་པོ་དེ་ཇི་ལྟར་སྤང་བར་འགྱུར།། ཆོས ་སམ་ཆོས་མ་མཆིས་པ་རྣམས་གང་ལགས། གཉིས་སྤངས་པའི་ཆོས་ཅན་རྣམ་པར་རྟོག་པའི་མཚན་ཉིད་དུ་ལྷུང་བ་རྣམས་ལ་ཇི་ལྟར་ན་མཆིས་ཞེས་བྱ་བ་ནི་དོན་དམ་པ་མི་གཉིས་པའི་རྟོགས་པ་ལ་ཆོས་དང་ཆོས་མ་ཡིན་པར་རྣམ་པར་རྟོག་པ་གཉིས་མི་སྣང་བའི། ་ཕྱིར་རོ།། ཁྱད་པར་དུ་སྣང་བ་མེད་ན་ཡང་ཇི་ལྟར་ན་ཆོས་དང་ཆོས་མ་ཡིན་པར་འབྱེད་པ་ཡོད་པ་ཉིད་དེ་འབྲས་བུར་འབྲེལ་པར་འབྱེད་པ་ངེས་པའི་ཕྱིར་རོ།། དེ་དག་དོན་དམ་པར་ཡོད་པ་མ་ཡིན་པར་ཇི་ལྟར་ཡིད་ཆེས་པར་བྱ་ཞེས་འདྲི་བ་ལ། འབོད་སྒྲོགས་ཀྱིས ་རིགས་པ་གཞན་སྨྲས་པ། འབྱུང་བ་ལས་གྱུར་པ་མ་ལགས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ལས་གྱུར་པ་མ་ཡིན་པའི་དངོས་པོ་དང་དངོས་པོ་མ་ཡིན་པ་སྟེ། ཡིན་པའི་སྒྲ་བསྣན་པར་བྱའོ།། གང་དག་ཡང་དོན་དམ་པའི་དངོས་པོར་མི་འགྱུར་བ་ཡང ་དག་པར་ཕྱི་རོལ་གྱི་དོན་མེད་པསྔ་ན་ཡང་དག་པ་ལས་མ་གྱུར་པའོ།། དེ་དག་ཀྱང་སྤྱིའི་རྣམ་པར་སྒྲོ་བཏགས་པས་རྣམ་པར་རྟོག་པར་འགྱུར་རོ།། ཀུན་བཞི་རྣམ་པར་ཤེས་པ་ཡོངས་སུ་མ་རིག་པས་ཁྱད་པར་གྱི་མཚན་ཉིད་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན ་གཞི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མི་ཤེས་པ་སྟེ། མཉམ་པར་མི་འདུ་བའི་མ་རིག་པས་འཁྲུགས་པས་སྒྲ་དང་དོན་དུ་གཉིས་ཀྱི་རྣམ་པའི་ཐ་སྙད་འབྱུང་བ་ནི་དོན་དམ་པར་ཡོད་པ་མ་ཡིན་ནོ།། བག་ཆགས ་བསགས་པ་དང་། རྣམ་པར་སྨིན་པའི་རིམ་པར་དབྱེ་བ་འབྱེད་པ་ནི་རྨི་ལམ་དང་། མིག་འཕྲུལ་པ་ལ་སོགས་པ་བཞིན་ནོ།། ཆོས་དང་ཆོས་མེད་པ་གཉིས་ཀྱི་རྣམ་པ་ཡང་ཇི་ལྟར་ཡོད་ཅེ་ན། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གནི་ཀུན་ཏུ་འབྱུང་བ་སྟེ། ་རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། རྨི་ལམ་གྱི་དུས་ན་གཟུགས་ལ་སོགས་པ་ཡུལ་དང་། མིགས་ལ་སོགས་པའི་རྣམ་པར་ཤེས་པ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་རང་གིས་རིག་པ་དེ་རྣམས་ཀྱང་མེད་དེ། ཀུན་གཞི ་རྣམ་པར་ཤེས་པ་འབའ་ཞིག་ཡོད་དེ་དག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་ནང་བློངས་པས་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་།། སྒྲ་ཤད་འཛིངས་པ་ཆུ་དང་ཞེང་དུ་སྣང་བའི་ཁྱད་པར་དུ་འབྱེད ་པ་བཞིན་དེར་རྣམ་པ་གཉིས་སུ་ཇི་ལྟར་འབྱེད་ཅེས་འབོད་སྒྲོགས་ཀྱིས་གསོལ་བའོ།། རིང་དུ་མི་གནས་པ་དང་། སྐད་ཅིག་མར་འཇིག་པའོ།། རྟག་པ་ཡང་ཡོད་པ་མ་ཡིན་ཏེ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། དབང་པོའི་ཤེས་པ་མ་དག ་པའི་ཡུལ་ཅན་ཞེས་བྱ་བ་ནི་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པའི་ཤེས་པ་རྣམས་ཀྱི་བཞིན་དུ་གཟུགས་ལ་སོགས་པ་ཡུལ་གཟུང་བ་དང་། འཛིན་པའི་རྣམ་པར་སྣང་གི། དེ་དག་དོན་དམ་པར་མཆིས་པ་ནི་མ་ལགས་ཞེས་གསོལ་པ་དང་། སྣང་བ་དང ་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་ཞུགས་པའི་བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་དུ་བཀའ་སྩལ་པ། ལངྐའི་བདག་པོ་འདི་ལྟར་བུམ་པ་ལ། ་སོགས་པ་འཆག་པའི་རང་བཞིན་འཇིག་པའི་ཆོས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པའི་བདེན་པ་མི་དམིགས་པར་གཏོགས་པ་ལ་ཆོས་དང་ཆོས་མེད་པ་ལ་སོགས་པ་སོ་སོར་སྣང་བར་འབྱེད་པ་མེད་དུ་ཟིན་ཡང་། འོན་ཀྱང་བུམ་པ་དང་སྣུམ ་བུ་ལ་སོགས་པ་བྱིས་པ་རྣམས་ཀྱི་རྣམ་པར་རྟོགས་པའི་སྤྱོད་ཡུལ་བཞིན་དུ་ཐ་དད་པའི་བྱེ་བྲག་ཡོད་དོ།། ལས་དང་འབྲས་བུར་འབྲེལ་པ་འདི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་མཐུ་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་གང་གི་ཚེ ་གཉིས་ཀྱི་རྣམ་པ་ཡེ་ཤེས་པ་སོ་སོར་སྣང་བའི་ཚེ་རྣམ་པར་བཞག་གོ།། ཐམས་ཅད་མཁྱེན་པས་ཀྱང་སྣང་བར་འབྱེད་པ་ཉིད་ཀྱིས་ལན་དུ་གསུངས་པ་ནི་དོན་དམ་པར་ཆོས་དང་ཆོས་མེད་པ་དབྱེར་མེད་མོད་ཀྱི། འོན་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་དུ་སོ ་སོར་སྣང་བར་འབྱེད་པས་དབྱེ་བ་ཡོད་ན་བྱིས་པའི་རྣམ་པར་རྟོག་པ་ཉེ་བར་བཟུང་སྟེ་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་གི་འབྲས་བུ་དེ་བཞིན་དུ་འདི་ལ་ཡང་ཅིའི་ཕྱིར་མི་གཟུང་། ཇི་ལྟར་དེ་ཁོ་ན་ཉིད་བསྡུས་པ་ལས་འབྱུང་བ། རིགས་ཀྱི་བུ་སེམས་འདི་ནི་རང ་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བའི་མངོན་པར་འདུ་བྱེད་པ་རྣམས་ཀྱིས་གང་ཇི་ལྟར་སྦྱོང་བ་བཞིན་དུ་དེ་དེ་ལྟར་ཡང་དག་པར་འགྲུབ་པར་འགྱུར་རོ་ཞེས་པ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་གོང་མ་གོང་མའི་བསོད་ནམས་ཀྱི་ཚོགས་ཀྱིས ་མཚན་གྱིས་བརྒྱན་པའི་སྐུ་སོ་སོར་སྣང་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པའི་ཐམས་ཅད་མཁྱེན་པར་འགྱུརརོ།། སྡིག་པ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཀྱང་ངན་སོང་དུ་སྣང་བ་རྣམས་མཐོང་ཞིང་རྨི་ལམ་ངན་པ་བཞིན་དུ ་ཡུན་རིང་པོ་མི་བཟད་པ་ཚ་བའི་འབྲས་བུ་རྣམ་པར་སྨིན་པ་སྟེ། རྒྱུ་དང་འབྲས་བུའི་ངོ་བོ་འདི་ཡང་རྣམ་པར་ཤེས་པ་གྱུར་པ་ཉིད་ཡིན་ཏེ། ཆོས་དང་ཆོས་མེད་པ་སོ་སོར་ངེས་པར་སྨིན་པ་སྣང་ངོ་།། ཕྱིའི་དོན་མེད་པར་ཡང་སྨི་ལམ་དུ་མེས་ཚིག་པ་ལ་སོགས་པ ་དང་། ཆུས་འཁྲུ་བ་དང་། འཐུང་བ་ལ་སོགས་པ་དགོས་པ་བཞིན་དུ་འཁོར་བསྟོང་པ་ལ་ཡང་ཆོས་དང་ཆོས་མེད་པའི་འབྲས་བུར་ངེས་པ་ཡིན་གྱི། འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་མཐོང་བས་ནི་མ་ཡིན་ནོ།། འཕགས་པའི་ཡེ་ཤེས་ནི་མི་གཉིས ་སྟེ། སོ་སོར་སྣང་བར་འབྱེད་པས་ཕྱེ་བ་ནི་མ་ཡིན་པས་དེར་རྒྱུ་དང་འབྲས་བུར་འབྲེལ་པར་འཇུག་པ་ཆོས་དང་ཆོས་མེད་པ་གཉིས་ཀྱི་རྣམ་པར་སྣང་བར་འབྱེད་པ་མེད་དོ།། ཐམས་ཅད་མཁྱེན་པས་རིགས་པའི་ཁྱད་པར་གཞན་ཡང་གསུངས་པ། ་ལངྐའི་བདག་པོ་བུམ་པ་ལ་སོགས་པའི་དངོས་པོའི་མཚན་ཉིད་སྣ་ཚོགས་སུ་ལྷུང་བ་རྣམས་ནི་བྱིས་པ་དག་གི་ཡིན་ཏེ། འཕགས་པ་རྣམས་ཀྱི་མ་ཡིན་པ་ལྷ་ཞོག་ལ། རང་བཞིན་གཅིག་ཅིང་ཞེས་བྱ་བ་ནི་མི་གཉིས་པ་དོན་དམ་པར་རྟོག་པར་བྱའོ།། འབར་བ་ཅིག་ལས ་བྱུང་བའི་རབ་ཏུ་འབར་བ་ཁྱིམ་དང་། གནས་དང་། སྐྱེད་མོས་ཚལ་དང་། ཁང་པ་ལ་འདུག་པའི་ཤིང་གི་དབང་གིས་འོད་རིང་བ་དང་། ཐུང་བ་དང་། ཆུང་བ་དང་། ཆེ་བའི་ཁྱད་པར་དང་། ཐ་དད་པའི་བྱེ་བྲག་ཏུ་སྣང་བ་ཞེས་བྱ་བ་ནི་མེ་ཙམ་གྱིས་གཟུང་བ་སྤྱིར་ཁྱིམ་ལ་སོགས ་པའི་འབར་བ་ལ་ཤིང་གི་དབང་གིས་ཐུང་ངུ་དང་། རིང་པོ་ལ་སོགས་པའི་ཁྱད་པར་རབ་ཏུ་ཤེས་པར་བྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མི་གཉིས་པའི་ཆོས་ཉིད་ཆུད་པ་ཙམ་ཡོད་མོད་ཀྱི་འོན་ཀྱང་བདག་དོང་གཞན་གྱི་རྒྱུད་ཀྱི་དབང་གིས་དམ་པ་དང་། དམ ་པ་མ་ཡིན་པའི་ཆོས་བཤད་པས་བསོད་ནམས་དང་། སྡིག་པ་མངོན་པར་འདུ་བྱེད་པའི་རྒྱུད་ཐ་དད་པར་འབྱེད་པས་དབྱེ་བ་ན་རྟོགས་པ་ཁྱད་པར་ཅན་དུ་འགྱུར་བ་ནི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ལྟ་བུ་སྟེ། ཇི་ལྟར་དྷརྨ་ཀཱིརྟིས་སྨྲས་པ་འབྱེད་པ་དང་། འབྱེད་པའི ་རྒྱུ་ཞེས་བྱ་བ་འདི་ན་འདི་ལྟ་སྟེ། འགལ་བའི་ཆོས་ལ་གནས་པ་དང་། བྱེད་པར་འབྱེད་པའོ་ཞེས་སོ།། ཆོས་དང་ཆོས་མེད་པ་སོ་སོར་སྣང་བར་བྱེད་པས་འབྱོང་ངོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པ་རྗེ་སུ་དཔག་གོ།། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟི་སི་སྨྲས་པ། གཞན ་ལ་གཞན་དུ་འགྲིབ་པ་ཡང་།། དབྱེར་མེད་མིན་ཏེ་གཟུགས་མཐོང་ཕྱིར།། རང་བཞིན་ཐ་དང་མི་མཐོང་བས།། བློས་ནི་ཐ་དད་མི་རྟོགས་སོ་ཞེས་པ་སྟེ། དེ་བཞིན་དུ་འང་ལ་ཡང་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ་བྲག་ཡང་པར་ཅི་ཕྱོར་མ་གཟུང་མེ་ལྕེ་རྒྱུད་གཎྜཱིག ་ཏུ་གྱུར་པའི་འོད་འཕྲོ་བ་ཐ་དད་པའི་བྱེ་བྲག་ཏུ་མཐོང་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། ལངྐའི་བདག་པོ་ས་བོན་གཅིག་ལས་བྱུང་ཡང་མྱུ་གུ་དང་། ལྗང་བུ་དང་། སོག་མ་དང་། ཚིགས་དང་། ལོ་མ་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུ་དང་། གྲེ་མའི ་བྱེ་བྲག་ཡོད་པ་དེ་བཞིན་དུ་ཕྱིའི་ཆོས་སྐྱེ་བའི་ཆོས་ཅན་ཐམས་ཅད་ཀྱིའོ།། ནང་གི་རྣམས་ཀྱི་ཡང་མ་རིག་པ་ལས་རབ་ཏུ་བྱུང་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་རྟོགས་པ་ཐམས་ཅད་ཞེས་བྱ་བ་ལ་ས་བོན་གཅིག་ལས་བྱུང་བ་ནི་ཇི་ལྟར་མྱུ་གུ་དང ་ལྗང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པའི་རིམ་པ་ཐ་དད་པར་དབྱེ་བ་རྐྱེན་གྱི་ཁྱད་པར་གྱིས་དབང་ལས་འབྱེད་པས་འབྱེད་པ་དེ་བཞིན་དུ་རྟོགས་པ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད ་པས་མཐོ་རིས་དང་ངན་སོང་སོ་སོར་སྣང་སྟེ། བདེ་འགྲོ་དང་། ངན་འགྲོ་རྣམ་པ་ལྔར་སྣང་བས་ཁམས་གསུམ་དུ་རྣམ་པ་སྣ་ཚོགས་སུ་སྣང་བ་ཡིན་ནོ།། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པར་འབྱེད་པ་རྣམས་མ་རིག་པ་ལས་བྱུང་བ་ནི་སེམས ་རྒྱུ་གཅིག་ཉིད་ལས་སྣང་བ་ཡིན་ཏེ། ཇི་ལྟར་འཕགས་པ་ས་བཅུ་པ་ལས་གསུངས་པ། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་བྱའོ།། ཁམས་གསུམ་དུ་སྐྱེས་པའི་ཆོས་ཐམས་ཅད་ལ་བདེ་བ་དང་། དབྱིབས་དང་། བརྗོད་པ ་མེད་པ་དང་། འགྲོ་བའི་ཁྱད་པར་ཡང་སྣང་ངོ་།། མཚན་ཉིད་གཅིག་པའི་རྣམ་པར་ཤེས་པ་ཡུལ་ལ་མངོན་པར་འཛིན་པར་རབ་ཏུ་འཇུག་པའི་ཁྱད་པར་རབ་དང་། འབྲིང་དང་། ཐ་མའི་བྱེ་བྲག་དང་། རྣམ་པར་བྱང་བ་དང་། དགེ་བ་དང་། ་མི་དགེ་བར་ཡང་སྣང་ངོ་ཞེས་བྱ་བ་ལ་ཁམས་གསུམ་དུ་སྐྱེས་པའི་ཆོས་ཐམས་ཅད་ཀྱི་ཁྱད་པར་སྣང་ངོ་།། བདེ་བར་འབྱེད་པ་དང་། དབྱིབས་སུ་འབྱེད་པ་ནི་ཁམས་གཉིས་སུ་སྟེ་འདོད་པའི་བདེ་བ་འདོད་པའི་ཁམས་སོ།། བསམ་གཏན་གྱི་བདེ་བ་ནི་གཟུགས་ཀྱི ་ཁམས་སུ་སྟེ། ལུས་ཀྱིའོ།། དེ་བས་ན་ཁམས་གཉིས་ནི་བདེ་བར་འབྱེད་པ་དང་། དབྱིབས་ཀྱིས་འབྱེད་པའོ།། བསམ་གཏན་གྱི་བར་དུ་ནི་ཡིད་ཀྱི་ཡང་ངོ་།། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོའོ།། ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་མེད་པ་ནི་བསམ་གཏན་གཉིས་པའོ།། དགའ་བ་དང་བཅས་པ་དང་། དགའ་བ་མེད་པ་ནི་བསམ་གཏན་གསུམ་པ་དང་བཞི་པའོ།། བརྗོད་པ་མེད་པའི་ཁྱད་པར་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་འབྲེལ ་གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་གཉིས་པ་ལ་སོགས་པ་བརྗེད་པ་མེད་པའོ།། གཟུགས་མེད་པའི་ཁམས་སུ་ནི་གང་ན་འདུ་ཤེས་མེད་པ་དེ་ཡང་བརྗོད་པ་མེད་པའོ།། བསམ་གཏན་ཞེས་ཁྱད་པར་རོ།། མཚན་ཉིད་གཅིག་པའི་རྣམ་པར་ཤེས ་པ་ནི་རྟོག་པ་ཙམ་གྱིས་ཡིན་ཏེ། ཁྱད་པར་འདི་ནི་རྐྱེན་གྱི་ཁྱད་པར་ལས་སོ།། རྣལ་འབྱོར་ཅན་རྣལ་འབྱོར་སྒོམ་པ་རྣམས་ཀྱི་རྣལ་འབྱོར་གྱི་ལམ་ལ་ཡང་སོ་སོ་རང་གི་རིག་པའི་མཚན་ཉིད་ཀྱི་ཁྱད་པར་སྣང་ན་ཞེས་བྱ་བ་ནི་ཆུད་པ་སྐད་ཅིག་པའི་རྒྱུན་རབ་ཏུ ་འཇུག་པ་རྣམས་ནི་རང་གི་མཚན་ཉིད་ཐ་དད་པར་དབྱེར་མེད་ཀྱང་རྣལ་འབྱོར་གོམས་པར་བྱེད་པ་སྣང་བ་དང་བཅས་པ་དང་། སྣང་བ་མེད་གཉིས་པའི་ཏིང་འཛིན་ལ་གནས་པ་དེ་དག་ལ་དབྱེ་བ་ཡོད་ན་སོ་སོའི་རྣམ་པར་རྟོག་པ་ལས་བྱུང་བའི་ཆོས་དང་ཆོས་མེད ་པའི་ཁྱད་པར་ལྟ་ཅི་ཕྱིར་མེད་དེ་ཡོད་དོ་ཞེས་སོ།། ཆོས་དང་ཆོས་མེད་པའི་ཐོ་དད་པའི་བྱེ་བྲག་ནི་གཉིས་ཀྱི་རྣམ་པའི་ཕྱིར་ཏེ། གཟུགས་དང་སྒྲ་ལ་སོགས་པ་སྣང་བཞིན་པར་ཐམས་ཅད་མཁྱེན་པས་དགོངས་ནས་ལ་ངྐའི་བདག་པོ་ཆོས་དང་ཆོས་མེད་པ་ཐ་དད་པའི་བྱེ ་བྲག་ཡོད་དེ་ཞེས་གསུངས་སོ།། དེའི་ཕྱིར་ཐམས་ཅད་མཁྱེན་པས་རྒྱུའི་ཁྱད་པར་གསུངས་པ། རྣམ་པར་རྟོག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་སོ།། གང་གི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་རྣམ་པར་རྟོག་པས་ཁོང་དུ་ཆུད་པར་བྱེད་པ་འདི་ཡོད་པས་འདིར ་འགྱུར་རོ་ཞེས་རྣམ་པར་རྟོག་པའི་ཤེས་པས་རྣམ་པར་བཞག་གོ།། གང་ཡང་རང་གི་མཚན་ཉིད་ཡིན་པ་དེ་ནི་མི་གཉིས་པ་སྟེ། དེར་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ལ་རིག་པ་པོ་དང་། རིག་པར་བྱ་བའི་དངོས་པོར་རྣམ་པར་རྟོག་པའི་སྣང་བར ་འབྱེད་པ་མེད་དོ།། དེ་ལ་རང་གི་བླ་དྲག་ཉིད་ལ་བྱ་བ་མེད་ལ། བདག་གི་རང་བཞིན་ལ་སེམས་ཀྱང་རྒྱུ་བ་མེད་ན་ཡི་གེ་དང་སྒྲ་ལྟ་ཅི་སྨོས། དེ་ནི་དོན་དམ་པའི་བདེན་པ་མི་གཉིས་པའི་རྟོགས་པ་ཞེས་བྱའོ།། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད ་པའི་ཤེས་པ་རྣམས་ནི་སྐྱེ་བོ་རྣམས་དང་། རྣལ་འབྱོར་ཅན་རྣམས་ལ་ཡང་ཡོད་དོ།། མིག་ལ་སོགས་པའི་ཤེས་པ་ནི་མེད་དང་དུད་པ་ལ་སོགས་པར་སྣང་བ་གཉིས་ཀྱི་རྣམ་པ་ཅན་དེ་དེ་མ་ཐག་པ་ཙམ་གྱིས་སོ་སོར་སྣང་སྟེ། བཏགས་པ་མངོན་པར ་མི་ཤེས་པའི་རྣམ་པར་མི་རྟོག་པ་དེས་ནི་ཐ་སྙད་མེད་དེ། ངེས་པར་ཞུགས་པ་དབང་པོའི་ཤེས་པ་རང་གིས་རིག་པ་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་མི་རྟོག་པའོ།། དེ་བས་ན་སྐྱེ་བོ་དང་རྣལ་འབྱོར་པ་རྣམས་ལ་ཆུད་པ་མང་དུ་འབྱེད་པ་ཡིན།། ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་གཉིས་སུ་མེད་མོད་ཀྱི། འོན་ཀྱང་ཆུད་པ་འབྱེད་པ་ལས་ཆོས་དང་ཆོས་མེད་པར་འབྱེད་པར་འགྱུར་རོ།། ཚངས་པ་དང་དབང་པོ་ལ་སོགས་པར་སྨྲ་བ་རྣམས་ཀྱི་ཆུང་པ་ལ་ཁྱད་པར་མེད་པས་ན་ཆོས་དང་ཆོས་མེད་པ་ཡང ་མི་འབྱེད་དེ། གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། དེ་ལ་མུ་སྟེགས་ཅན་མི་གཉིས་པ་རྣམས་ལ་ནི་འབོད་སྒྲོགས་ཀྱིས་རྒོལ་བ་རུང་སྟེ། སངས་རྒྱས་པ་རྣམས་ཀྱི་ཤེས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དང ་དང་། རྐྱེན་གྱི་ཁྱད་པར་གྱི་མཐུ་ལས་ཆོས་དང་ཆོས་མ་ཡིན་པའི་ཁྱད་པར་ཅན་དུ་འགྱུར་རོ།། ལངྐའི་བདག་པོ་དེ་ལ་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པས་རྣམ་པར ་བརྟགས་པ་རྒྱུ་ལས་ཡོན་ཏན་དང་རྫས་ཀྱི་གཞི་བཙུགས་པ་ནི་ཆོས་རྣམས་ཞེས་བྱའོ།། དེ་དག་ནི་སྤང་བར་བྱ་བ་བཏང་བར་བྱ་བ་སྟེ། མཚན་ཉིད་དུ་སོ་སོར་རྣམ་པར་བརྟགས་པར་མི་བྱ་བ་ནི་རང་གི་སེམས་སྣང་བའི་ཆོས་ཉིད་ལ་མེད་པ་ཡིན་ཏེ་ཞེས་བྱ་བས ་ཆོས་དང་ཆོས་མེད་པ་ཐ་དད་པ་བྱེ་བྲག་དང་སྤོང་བ་ཡང་ཐམས་ཅད་མཁྱེན་པ་གསུང་ངོ་།། ཇི་ལྟར་མུ་སྟེགས་ཅན་ཁྱད་པར་ཅན་ལ་སོགས་པ་རྟོག་པ་ནི་རྡུལ་ཕྲ་མོའི་རྫས་ལ་ཡན་ལག་ཅན་གནས་ཏེ། དེ་བཞིན་དུ་ཡོན་ཏན་དང་། ལས་དང་། སྤྱི་དང་། འབྲེལ ་བ་སྟེ། དེ་དག་ཀྱང་ཆོས་དང་ཆོས་ཅན་དུ་བྱེད་པར་བརྟགས་པ་ནི་སྤང་བར་བྱའོ།། དེ་ལྟར་ཞེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། རྡུལ་ཕྲན་ཆ་ནི་ཡོད་པ་མིན་ཞེས་བྱའོ།། འོ་ན་དེ་ལྟར་མཚན་ཉིད་དུ་བརྟགས་པའི་ཕྱི་རོལ་གྱི་མེད་ན་ཅི་ཞིག་སྣང་ཞེས་གླེངས་པ་དང་། ་ཐམས་ཅད་མཁྱེན་པས་ལན་དུ་གསུངས་པ། རང་གི་སེམས་སྣང་བའི་ཆོས་རྣམས་ལ་མེད་ཅེས་སོ།། ཆོས་རྣམས་ནི་རང་གི་སེམས་ལ་སྣང་བ་ཉིད་དེ་རབ་རིག་ཏུ་སྣང་བ་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་ཆུད ་པཕཔ་མ་རྟོགས་པར་ཆུད་པར་བྱ་བ་ཕྱི་རོལ་གྱིས་མེད་དོ།། དེ་དེ་ལྟར་ན་གྲངས་ཅན་དང་། ནེ་ཡ་ཡི་ཀ་དང་། ཀྵ་པ་ན་ཀ་དང་། སྤྱོད་པ་ཅན་དང་། འཇིག་རྟེན་རྒྱང་པན་པ་དང་། ཁྱད་པར་ཅན་ལ་སོགས་པ་སྨྲ་བ་པོ་རྣམས་ཀྱི་ཕྱིའི་དོན་མི་རིགས་ཏེ། གང་སྔོན་པོ་ལ་སོགས ་པ་སོ་སོའི་སྣང་བའི་ཤེས་པ་དེ་ནི་རང་གི་དངོས་པོ་འཛིན་པ་རབ་རིབ་ཅན་ལ་སོགས་པའི་སྣང་བ་བཞིན་ནོ།། ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆར་རྣམ་པར་དབྱེ་བ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་ངོ་།། རྫ་མ་ལ་སོགས ་པའི་ཆོས་བྱིས་པས་ཀུན་བརྟགས་པ་ལུས་སུ་མ་རིང་པ་རྣམས་ཞེས་བྱ་བ་ནི་རྣམ་པར་ཕྱེ་བ་ན་སྟོང་པར་འགྱུར་རོ།། རྡུལ་ཕྲ་མོ་རྣམས་ཀྱང་ཕྱོགས་ཀྱི་ཐ་དུད་པར་དབྱེ་ན་སྟོང་པ་ཉིད་དོ།། དེ་ལྟ་བུར་ལྷག་མཐོང་གིས་རབ་ཏུ་མཐོང་ན་སྤོང་བར་འགྱུ་རོ་ཞེས་བྱ་སྟེ། སོ་སར ་སྣང་དུ་ཟིན་ཀྱང་རབ་རིབ་ཀྱི་གཟུགས་དང་། གཟུགས་བརྙན་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་ཤེས་རབ་ཀྱིས་མི་དམིགས་སོ།། དེས་ན་ཆོས་སྦོམ་པོ་དང་ཕྲ་མོ་བྱིས་པས་ཀུན་བརྟགས་པ་དེ་དག་ཤེས་རབ་ཉིད་ཀྱིས་སྤོང་སྟེ། མི་འཛིན ་པའི་ཕྱིར་རོ།། དེ་ལ་ཆོས་མེད་པ་རྣམས་གང་ཞིག། གང་དེ་དག་བདག་ཉིད་དུ་མ་རིག་པ་ཡིན་ཏེ། མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པའི་ཆོས་དོན་གྱི་རྒྱུ་ལས་བྱུང་བ་དེ་དག་ཡང་དག་པ་དང་། ཡང་དག་པ་མ་ཡིན་པར་འཇུག་པ་མེད་པར ་མཐོང་ནས་དེའི་ཕྱིར་ཆོས་མེད་པ་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ་བདག་ཉིད་དུ་མ་རིག་པ་མཚན་ཉིད་ཀྱི་རྣམ་པར་རྟོག་པ་རྒྱུ་བ་མེད་པ་ཞེས་བྱ་བ་ནི་གང་དག་ལ་རང་གི་མཚན་ཉིད་དུ་འཛིན་པའི་ཆོས་གཟུགས་ལ་སོགས་པ་བཞིན་དུ་སོ་སོར་སྣང་བ་ཡང་མེད་པའོ།། ་དེ་དག་གི་དོན་ནི་རྟག་པ་དང་བདག་ལ་སོགས་པའི་རྣམ་པར་རྟོག་པ་སྟེ། དེའི་རྒྱུ་ལས་བྱུང་བ་ནི་རྣམ་པར་རྟོག་པ་རྒྱུ་བ་མེད་པའོ།། ཡང་དག་པ་ལས་མ་བྱུང་བ་ཞེས་བྱ་བ་ནི་ཡང་དག་པར་སོ་སོར་སྣང་བ་ལས་མ་བྱུང་བས་ན་བྱུང་བ་མེད་པའོ།། དེ་དག་འཇུག་པ་མེད་པར ་མཐོང་ནས་ཆོས་མེད་པ་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་བས་ན། ཇི་ལྟར་བྱིས་པ་རྣམ་རྟོག་པ།། དེ་ལྟར་དངོས་པོ་ཡོད་མ་ཡིན། ཞེས་བྱ་སྟེ། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བར་ཕྱིའི་དངོས་པོར་བསྐྱེད་པ་རྣམས་སོ།། དེ་དག་མི་རྟག་པ་དང་། བདག ་མེད་པ་དང་། སྡུག་བསྔལ་བ་དང་། སྟོང་པར་ཡོངས་སུ་ཤེས་པས་ཆོས་མེད་པ་ལོག་པའི་ཤེས་པའི་མཚན་ཉིད་སྤོང་བར་འགྱུར་རོ།། ཡང་བདག་ཉིད་དུ་མ་རིག་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། རི་བོང་དང་། རྔ་མོ་དང་། བོང་བུ་དང་། རྟའི་ར་དང་། མོ ་གཤམ་གྱི་བུ་ལ་སོགས་པའི་ཆོས་རྣམས་ཏེ། བདག་ཉིད་དུ་མ་རིག་པའི་ཕྱིར་ཞེས་བྱ་བ་ནི་རི་བང་གི་ར་ལ་སོགས་པ་དེ་དག་མ་སྐྱེས་པས་ན་སོ་སོར་སྣང་བ་ཡང་མེད་པ་སྟེ། གཞན་གྱི་དབང་གི་ཆོས་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་རང ་བཞིན་དུ་འབྱུང་བ་དང་། འཇིག་པའི་ཆོས་ཅན་འཛིན་པ་དང་གཟུང་བའི་རྣམ་པ་ཙམ་དུ་ཕྱི་རོལ་གྱི་ངེས་པ་ལྟ་བུར་མ་སྐྱེས་པའོ།། རི་བོང་གི་རྭ་ལ་སོགས་པ་དེ་དག་སྒྲའི་དོན་ཙམ་ཉིད་དེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། ཐོག་མ་མེད་པའི་བག་ཆགས ་བྱུང་།། རྣམ་པར་རྟོག་ལས་མཐར་ཕྱིན་པ།། སྒྲ་ཡི་དོན་ཏེ་ཆོས་རྣམ་གསུམ།། དངོས་པོ་དངོས་མིན་གཉིས་ཀའི་གནས་ཞེས་པའོ།། བུམ་པ་ལ་སོགས་པ་ལྟར་ཇི་ལྟར་དེ་དག་རྣམ་པར་ཤེས་པས་མི་གཟུང་བའི་ཕྱིར་སྤྱད་པར་བྱ་བ་དེ་བཞིན་དུ་རྣམ་པར་རྟོག་པའི ་དངོས་པོ་རྣམས་ཀྱང་སྤང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་ཆོས་དང་ཆོས་མེད་པ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་གང་ན་དོན་གྱི་བྱ་བ་བྱེད་པ་བུམ་པ་ལ་སོགས་པ་གསལ་བར་སྣང་བ་ཡང་ཤེས་རབ་ཀྱིས་རྣམ་པར་ཕྱེ་བ་ནི་སྟོང་པས་སྤོང་བར་འགྱུར་ན་རི་བོང་གི་རྭ་ལ ་སོགས་པ་མ་སྐྱེས་པ་དང་། སྣང་བ་མེད་པའི་ཆོས་མེད་པ་རྣམས་དེར་སྤོང་བར་འགྱུར་བ་ལྟ་ཅི་སྨོས་ཏེ། སྤོང་བར་ཆེར་སླ་བ་ནི་མི་གཟུང་བ་ཉིད་ཀྱི་ཕྱིར་རོ།། ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི ་ཟླས་དྲངས་སོ།། དེ་བས་མེད་པར་ཤེས་མི་བྱ་བ།། ཡོད་པར་ཡང་ནི་མི་བརྟག་གོ།། ལངྐའི་བདག་པོ་ཁྱོད་ཀྱིས་ཆོས་དང་ཆོས་མེད་གཉིས་ཇི་ལྟ་བུར་སྤང་བར་བྱ་ཞེས་སྨྲས་པ་དེ་ནི་འདི་ལྟར་བཤད་དོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་ཆོས་དང་ཆོས་མེད ་པ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པར་དབྱེ་བས་ཇི་ལྟར་འབྱེད་པ་དང་། ཤེས་རབ་ཀྱི་གཟུང་དུ་མེད་པའི་ཕྱིར་ཇི་ལྟར་སྤང་བ་དེ་ཡང་གསུངས་སོ།། གང་ཡང་ལ་ངྐའི་བདག་པོ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་བདག་གིས་དྲིས་ཏེ་དེ་དག་གིས་ཀྱང་ལན་ཀླན་ནོ་ཞེས་སྨྲས་པ་ཡང་ལངྐའི་བདག་པོ་སྔོན་ཞེས་བྱ་བ་འདི་ནི་རྣམ་པར་རྟོག་པའི་ཚིག་བླ་དགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདས་པ་དང་། མ་འོངས ་པ་དང་། ད་ལྟར་དུ་ཡང་རྣམ་པར་རྟོག་པ་སྣང་བར་འབྱེད་པ་རྣམས་ཀྱི་ཆོས་དང་ཆོས་མེད་པར་བྱེད་དོ།། དེ་བཞིན་གཤེགས་པ་རྣམས་ནི་དེའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་མི་གཉིས་པའི་དོན་དམ་པའི ་བདེན་པ་རང་གིས་རིག་པ་ལ་བཞུགས་པས་ནི། རྣམ་པར་མི་རྟོག་སྟེ། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་བས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོས་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་སྐྱེ་བོ ་མགུ་བར་མཛད་པའི་ཕྱིར་ཆོས་སྟོན་ཏོ།། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་རང་བཞིན་གྱིས་འོད་གསལ་བ་གཉིས་སུ་མེད་པའི་རྟགས་པ་དོན་དམ་པའི་བདེན་པ་ལ ་ཡང་དག་པར་རྣམ་པར་བཞུགས་པས་དངོས་པོ་དང་དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་མེད་ཅིང་སྤྲོས་པ་དང་བྲལ་བ་རྣམས་སོ།། ཇི་ལྟར་དབུ་མར་གསུངས་པ། སྤྲོས་ལས་འདས་པ་མི་གཉིས་པ།། གང་དག་སངས་རྒྱས་སྤྲོས་པར་བྱེད།། དེ་དག ་སྤོས་ཉམས་གླེན་པ་རྣམས།། དེ་བཞིན་གཤེགས་པ་མི་མཐོང་ངོ་།། གང་དག་ཡོད་པར་མཐོང་བ་རྣམས།། དངོས་པོ་རྣམས་ཀྱང་མེད་མཐོང་བ།། ཉེར་ཞི་ཞི་བ་ལྔ་བྱ་བ།། བློ་ཆུང་རྣམས་ཀྱིས་མི་མཐོང་ངོ་།། སྤྲོས་པ་མེད་ཅིང་སྣང་བ་མེད།། སྤྲོས་པ ་རྣམས་ཀྱིས་མ་སྤྲོས་པ།། འདི་ནི་འཇིག་རྟེན་མགོན་པོ་དག། སངས་རྒྱས་བསྟན་པ་བདུད་རྩི་ཡི།། སྟོང་པ་ཞེས་པར་སྨྲ་བྱ་མིན།། མི་སྟོང་ཞེས་པར་འགྱུར་བའང་མིན།། གཉིས་དང་མི་གཉིས་ཤེས་པ་ཡང་།། རྣམ་ཞི་ཞི་ལ་ག་ལ་ཞིག། མྱ་ངན ་འདས་པའི་མཐའ་གང་ཡིན།། འཁོར་བའི་མཐའ་ཡང་གང་ཡིན་པ།། དེ་གཉིས་བར་ན་ཅུང་ཟད་ཀྱང་།། ཤིན་ཏུ་ཕྲ་བའང་ཡོད་པ་མིན།། ལེན་མེད་པ་ནི་མྱ་ངན་འདའ།། མྱ་ངན་འདའ་བ་ང་ཡིར་འགྱུར།། དེ་ལྟར་གང་འཛིན་དེ་དག་ནི།། ལེན་པ་ལེ ་མིན་འཛིན་པའོ།། མྱ་ངན་འདའ་བའི་རྣམ་རྟོག་མེད།། འཁོར་བ་བསལ་བ་མ་ཡིན་ཏེ།། གང་འཁོར་མྱ་ངན་འདའ་བ་དེར།། སུ་ཞིག་རྣམ་པར་རྟོག་པར་བྱ།། ཞེས་བྱ་སྟེ། དེ་དེ་ལྟར་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་འཕྲོས་པ་མེད། ་པའི་རྟོག་པ་ཉིད་ཐར་པ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་གསུངས་པ། འདི་ཉིད་མྱ་ངན་ལས་འདས་པ་ཡིན་ཏེ་གང་ཞེ་ན། མི་སེམས་པ་ཉིད་ཅེས་པའོ།། གཟུགས་ཀྱི་ངོ་བོ་ཉིད་ལ་བརྟགས་པ་ལྟར་ནི་མ་ཡི ་གྱིས་ཞེས་བྱ་བ་ནི་གཅིག་དང་། སྦོམ་པོ་དང་། ཆེ་བ་དང་། གཟུགས་ཅན་དང་། རེག་པ་ཅན་དང་། རྡུལ་ཕྲ་མོ་ལས་བཙམས་པའི་ཡན་ལག་ཅན་ཞེས་པར་རྣམ་པར་མི་བརྟག་གོ།། གཞན་དུ་ན་ཡེ་ཤེས་ཐུགས་སུ་ཆུད་པ་བདེ་བའི་དོན་དུ་མཚན་མ་མེད ་པ་ལ་སྤྱོད་པའི་ཤེས་རབ་ཀྱིས་རྣམ་པར་སྒོམ་མོ།། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བ་ནི་གང་གི་ཚེ་སྦོམ་པ་དང་ཕྲ་བའི་མཚན་མ་ཤེས་རབ་ཀྱིས་གཞིགས་པ་ན་དེའི་ཚེ་སྒྱུ་མའི་རྣམ་པར་ཐར་པ་ལ་གནས་པས་གཟིག ་རྒྱཀྱང་མ་གཟུགས་པ།། དབནན་གཤེགས་པ་རྣམས་ཡ་ནས་ཀྱི་བདག་ཉིད་ནི་དག་པ་འཇིག་རྟེན་གྱི་ཏི་ངེ་འཛིན་ལ་བཞུགས་པ་སྟེ། བྱམས་དང་སྟོང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཡུལ་དུ་རྣམ་པར་བྱ་སྟེ། སྣོད་དང་ནཱ ་མ་ཡིན་པའི་སེམས་ཅན་རྣམས་ལ་མོས་པ་ཇི་བཞིན་པ་དེ་བཞིན་དུ་ཆོས་བཤད་པར་མཛད་དོ།། ཡེ་ཤེས་ཀྱི་སྐུ་ནི་མི་སྣང་བའི་ཏིང་ངེ་འཛིན་གྱི་ཡུལ་ལས་བཞེངས་ནས་སྣང་བ་དང་བཅས་པ་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་གྱིས་གཟུགས་རྣམ་པ་སྣ་ཚོགས་ཀྱི ་རྣལ་འབྱོར་གྱི་དབང་པོ་བདེ་བར་གཤེགས་པ་གཏོགས་འདོད་དང་། ཚངས་པ་དང་ལྷ་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་གཉིས་དང་མི་གཉིས་པའི་ཆོས་རྣམས་ཀྱི་བྱེ་བྲག་སྟོན་པར་མཛད་དོ།། གང་གིས་མི་རྟག་ཅེ་ན། ཡིད་ཀྱིས་བདག་དང་ཞེས་བྱ་བ་ལ་སོགས ་པ་སྟེ། བདག་དང་སྲོག་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་མི་བརྟག་སྟེ་ཡིད་ཀྱིས་སོ།། རྟག་པའི་བདག་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ཡོད་པར་མི་རིགས་སོ།། དོན་དུ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་རྣམ་པར་མི ་བརྟག་གོ།། གཟུགས་ཀྱི་མཚན་ཉིད་དང་དབྱིབས་དང་། རྣམ་པ་བཞིན་ཞེས་བྱ་བ་ལ་གཟུགས་ནི་སྔོན་པོ་ལ་སོགས་པའི་མཚན་ཉིད་པའོ།། དབྱིབས་ནི་རིམ་པའི་གཟུགས་ཏེ། ཟླུམ་པོ་དང་། གྲུ་བཞི་ལ་སོགས་པས་ཕྱེ་བའོ།། རྣམ་པ་ནི་འོད་དང་མུན་པ་ལ་སོགས ་པའི་གཟུགས་ཀྱི་རྣམ་པ་ཙམ་ཏེ། དེ་ལྟ་བུའི་རྣམ་པ་ཐམས་ཅད་ནི་གཞན་གྱི་དབང་ངོ་།། སྙིང་རྗེའི་བག་ཆགས་ཀྱིས་གླེངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལས་བྱུང་བའི་རྣལ་འབྱོར་ཅན་རྣམས་ཀྱི་མཚན་གྱིས་བརྒྱ། ་བའི་སྐུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་སྣང་བ་ནི་ཡེ་ཤེས་ཉིད་སོ་སོར་སྣང་བ་ཡིན་ནོ།། སྐྱེ་བོ་རྣམས་ཀྱི་ཡང་བདག་དང་གཞན་གྱི་སེམས་ཀྱི་རྒྱུད་ཀྱི་བདག་དང་རྐྱེན་གྱི་ཁྱད་པར་གྱིས་འཁྲུགས་པ་མཉམ་པར་མ་འདུས་པའི་མ་རིག་པ་དང་། ལས་རྣམ ་པར་སྨིན་པའི་མཐུ་ལས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་རྣམ་པར་ཤེས་པའི་སོ་སོར་སྣང་ངོ་།། ཇི་ལྟར་མདོ་སྡེ་འདི་ཉིད་དུ་མཆོག་ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་བའི་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་མངའ ་བས་རབ་ཏུ་སྒྲུབ་པར་མཛད་པ་བརྟགས་པ་ནི་རང་བཞིན་གྱིས་དངོས་པོ་ཐམས་ཅད་མ་སྐྱེས་ཏེ། གཞན་དབང་ལ་ནི་བརྟེན་ནས་ནི། མི་རྣམས་རྣམ་པར་རྟོག་པ་སྐྱེ།། རྣམ་པར་རྟོགས་པས་རྣམ་སྤངས་ཤིང་།། གང་ཚེ་གཞན་དབང་དག་པ་ནི།། རྫོགས་པ་དེ ་བཞིན་ཉིད་ཅེས་བྱ།། མདོ་སྡེ་མདོ་སྔར་ངས་སྨྲས་སོ་ཞེས་པའོ།། ཀུན་རྫོབ་དང་དོན་པོའི་བདེན་པས་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངསུ་གྲུབ་པ་རྣམས་ཐམས་ཅད་མཁྱེན་པས་དེ་ལྟར་བསྟན་ནོ།། དེ་བས་ན་ཞེས་བྱ་བ་ནི་བསྡུ་བར་མཛད་པ་སྟེ། ་ཁྱོད་ཀྱིས་བརྟག་པར་བྱ་བ་དང་། རྣམ་པར་རྟོག་པ་དང་བྲལ་བར་བྱའོ་ཞེས་སོ།། དེ་འདི་ཉིད་དུ་གསུངས་པ། དངོས་པོ་ཙམ་དུ་བརྟགས་པ་སྟེ། རྣམ་པར་བརྟགས་པ་ཁྱད་པར་དུ།། ཆོས་ཉིད་རང་གི་མཚན་ཉིད་གང་།། ཆོས་ཉིད་རང་བཞིན་དེ་ཉིད་དོ།། བརྟག ་པ་ནི་བརྗོད་པ་ཙམ་སྟེ། བརྟག་པ་དང་། བདག་དང་། རྡུལ་ཕྲ་མོ་དང་། ཡན་ལག་ཅན་དང་། རྫས་ལ་སོགས་པར་སྣང་བར་འགྱུར་བར་དགོངས་པར་བརྟག་གོ། ཁྱད་པར་དུ་རྣམ་པར་རྟོག་པ་ནི། གཞན་གྱི་དབང་དོན་གྱི་བྱེད་པ་གསལ་བར་ནུས་པ་འཛིན ་པ་དང་། གཟུང་བའི་དངོས་པོར་བརྟག་གོ། རང་གི་མཚན་ཉིད་ནི་ཡོངས་སུ་གྲུབ་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་རང་གིས་རིག་པའི་ཆོས་ཉིད་ཀྱི་རང་བཞིན་དུ་ཐམས་ཅད་མཁྱེན་པས་ཐུགས་ལ་དགོངས་པར་རྗེསུ་དཔགོ། ་ཐམས་ཅད་མཁྱེན་པས་ཡང་རྒྱུའི་དོན་དུ་གསུངས་པ། ལངྐའི་བདག་པོ་འདི་ལྟར་ཡང་སེམས་ཅན་གྱི་སྤྱོད་པ་རྣམས་ནི་རྩིག་པའི་རི་མོའི་གཟུགས་དང་འདྲ་སྟེ་ཞེས་པ་ནི་ལུས་དང་ངག་གི་སྤྱོད་པ་ཐ་སྙད་ཀྱི་མཚན་ཉིད་ནི་སོ་སོར་སྣང་བ་ཙམ་སྟེ་གང་དག་གི ་རྒྱུད་གཞན་པར་རྗེས་སུ་དཔག་པར་བྱེད་པའོ།། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། ཐོག་མར་བློ་བྱེད་བདག་ལུས་དང་།། མཐོང་ནས་གཞན་དུ་དེ་གཟུང་ཕྱིར།། བློ་ཞེས་གལ་ཏེ་ཤེས་གྱུར་ན།། སེམས་ཙམ་ཚུལ་དང་དེ་མཚུངས་སོ།། ཕྱིའི་དོན་མེད ་པོས་ན་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་ལུས་ལ་སོགས་པར་སྣང་བ་སོ་སོར་སྣང་ངོ་།། རྨི་ལམ་དུ་ཡང་ལྷ་དང་འདྲི་ཤ་ཟ་ལ་སོགས་པའི་དབང་གི་སྟོབས་ལས་ལུས་ལ་སོགས་པ་ཐ་དད་པར་སྣང་བ་སྣང་ངོ་།། ཤིན་ཏུ་གཏན་ལྔ་བབ་པའི་འབྲས ་བུས་རྒྱུ་ལ་བསླུ་བར་མི་བྱེད་ཅེས་བྱ་སྟེ། དེ་བས་ན་རབ་རིབ་དང་ས་མདའ་ལ་སོགས་པའི་འབྲས་བུ་གསལ་བར་སྣང་ཡང་ནམས་ཀྱང་གཞན་གྱི་བློ་བར་རྗེ་སུ་མི་དཔག་གོ། དོན་ཡང་རྒྱུ་ཙམ་མ་ཡིན་གྱི་སྣང་བའི་ཁྱད་པར་ཡང་ངོ་།། ལངྐའི་བདག་པོ་འཇིག ་རྟེན་གནས་པ་ནི། གཡོ་བ་མེད་པ་སྟེ་ཞེས་བྱ་བ་ནི་སུ་གང་ན་སྣང་བ་དེ་དེ་ཉིད་དུ་འགགས་པ་སྟེ། དེ་ཉིད་ཀྱི་སྐད་ཅིག་པ་ནི་ཡུལ་གཞན་ནམ་དུས་གཞན་དུ་འཕྲོ་བ་མེད་པ་ནི་སྐད་ཅིག་པའི་ཕྱིར་རོ།། ཐམས་ཅད་མཁྱེན་པས་དེ་ཉིད་དུ་རྒྱུ་གཞན་གསུངས་པ། ་ལས་དང་བྱེད་པ་ལས་བྲལ་བ་ཞེས་པའོ།། བྱེད་པ་དང་བྱེད་པ་པོ་ལ་མངོན་པར་ཆགས་པ་ནི་ཇི་ལྟར་བྱེད་པ་པོ་རང་དབང་དང་། བྱེད་པར་འདོད་པའི་མཆོག་ནི་ལས་དང་། བྱེད་པ་པོས་བྱེད་པ་བྱ་བར་བརྩམས་པ་ནི་ལས་ཤེས་བྱའོ་ཞེས་བྱའོ།། བྱེད་པ་པོ་དང ་ལས་དང་བྱེད་པ་རྣམས་ལ་དབྱེར་མེད་དེ།། ཇི་ལྟར་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ། མི་བརྟན་པར་བྱེད་པ་ག་ལ་ཞིག། འབྱུང་བ་གང་ཡིན་བྱེད་པ་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད་ཅེས་པ་སྟེ། ་རྟག་པ་དང་མི་རྟག་པ་རྣམས་ལ་བྱེད་པ་པོའི་ཐ་དད་དོན་དམ་པར་མི་རུང་ངོ་།། དེ་ཇི་ལྟ་ཞེ་ན། སྒྲོ་བཏགས་པའི་ཁྱད་པར་ཉིད་དེ། ཇི་ལྟར་བྷ་ཏྲ་ཧ་རིས་སྨྲས་པ། གྲུབ་དང་མ་གྲུབ་ཇི་སྙེད་པ།། བསྒྲུབ་པའི་ཕྱིར་ནི་བསྟན་པ་སྟེ།། རྟེན་པ་རིམས་ཀྱིས་གཟུགས ་པས་ན།། དེ་ནི་བྱེད་ཅེས་མངོན་པར་བརྗོད་ཅེས་པ་སྟེ། རྒྱུན་ལ་བརྟེན་པའི་རིམ་གྱིས་རང་བཞིན་ནི་ཡན་ལག་གི་སྐད་ཅིག་པ་གཅིག་བྱེད་པ་དང་འབྲེལ་པ་མེད་དེ། དེ་བས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བ་སྟེ། སྐྱེད་པས་བསྐྱེད་པའི་སྐྱེ་བ་མེད་པའི་ཕྱིར། ་ཇི་ལྟར་དབུ་མ་ལས་གསུངས་པ། གལ་ཏེ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ནི་དེར་རེག་སྟེ།། འོན་ཏེ་སྐྱེ་བ་འདུས་མ་བྱས།། འདུས་བྱས་མཚན་ཉིད་ཇི་ལྟར་རུང་།། སྐྱེ་བ་སྐྱེ་བ་ཇི་ལྟ་བུ།། བདག་ཉིད་གཞན་གྱིས་མ་ཡིན་ཏེ།། འགོག་པོ་ལ་ཡང་འགོག ་པ་ནི།། བདག་ཉིད་གཞན་གྱིས་མ་ཡིན་པའོ།། དེར་དེའི་དེ་ལྟ་བུའི་དབུ་མར་བཤད་པ་རྒྱ་ཆེར་འགྱུར་ཏེ། ཇི་ལྟར་ས་དང་པོའི་དབང་པོ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ། འགོག་མེད་སྐྱེ་བ་མེད་པ་དང་།། ཚད་མེང་རྟག་པ་མེད་པ་དང་།། སྣ་ཚོགས་དོན་དང ་དང་གཅིག་དོན་མིན།། འོང་བ་མེད་ཅིང་འགྲོ་བ་མེད།། གང་གིས་རྟེན་ཅིང་འབྲེལ་འབྱུང་བ།། སྤྲོས་པ་ཉེར་ཞི་ཞི་བར་ནི།། ཡང་དག་སངས་རྒྱས་གསུངས་གྱུར་པ།། གསུངས་མཆོག་དེ་ལ་ཕྱག་འཚལོ་ཞེས་བྱའོ།། སྐྱེ་བ་དང་། གནས་པ་དང ་འགོག་པ་རྣམས་ནི་དངོས་པོ་མ་གཏོགས་པར་ཡོད་པར་མི་སྲིད་དེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་དང་འབྲས་བུ་ངེས་པར་འབྲེལ་པས་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུརརོ་ཞེས་སྨོས་པ་འབའ་ཞིག་གོ།། དེ་ལྟ་བས་ནི་གཞན་གྱི་དབང་གི ་གཉིས་ཀྱི་རྣམ་པ་སོ་སོར་སྣང་བའི་རང་བཞིན་པ་རྣམས་ནི་དོན་དམ་པར་མི་སྐྱེ་བ་སྟེ། རྨི་ལམ་དང་མིག་འཕྲུལ་དང་རབ་རིབ་ལ་སོགས་པའི་གཟུགས་བཞིན་ནོ།། དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་རིག་ཏུ་ཟིན་ཀྱང་དེ་ལ་ཁྱད་པར་དུ་གཟུང ་བ་མེད་དེ། བདག་ཉིད་ལ་རིག་པར་བྱ་བ་དང་རིག་པོའི་དངོས་པོར་སོ་སོར་སྣང་བའི་རྣམ་པར་རྟོག་པ་མེད་དོ།། རྒྱུད་ཀྱི་རྒྱུན་ལ་ཡང་ལས་དང་བྱེད་པ་མེད་པ་ནི་ཇི་ལྟར་རྡོ་རྗེ་གཅོད་པ་ལས་གསུངས་པ། རབ་འབྱོར་འདས་པའི་སེམས་ཀྱང་མི་དམིག་སོ།། མ་འོང ་པའི་སེམས་ཀྱང་མི་དམིགས་སོ།། ད་ལྟར་གྱི་སེམས་ཀྱང་མི་དམིགས་སོ།། ཞེས་བྱ་བ་ལ་འདས་པ་དང་། མ་འོངས་པ་དག་ནི་དངོས་པོ་མེད་པའོ།། ད་ལྟར་གྱི་ཡང་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་མི་དམིགསོ་ཞེས་བཅོམ་ལྡན་འདས་ཀྱིས་དགོངས ་པའོ།། དེ་བས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་དང་བྱེད་པ་དང་བྲལ་བའོ།། ཆོས་ཐམས་ཅད་ཡོད་པ་མ་ཡིན་ཞེས་བྱ་བ་ལ་ཡོད་པ་ནི་ཇི་ལྟ་བུར་ཕྱི་དང་ནང་གི་དངོས་པོར་འཛིན་པ་དང་། གཟུང་བ་གཉིས་ཀྱི་རྣམ་པ་གདོན་མི་ཟ་བས་གདོན་མི་ཟ་བར་བྱེད་པ་རྨི ་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་དང་། རབ་རིབ་ལ་སོགས་པའི་རང་བཞིན་པས་ན། དེ་ལྟ་བུར་མེད་དོ།། མུ་སྟེགས་ཅན་གྱི་སེམས་ཅན་རྟག་པར་ཀུན་ཏུ་བརྟགས་པ་ཡང་སེམས་ཅན་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞི་ནོ།། ། ་མིག་དང་རྣ་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་ཀྱང་ཇི་ལྟར་སེམས་ཅན་དུ་གདགས་པར་བྱ་བ་དེ་ལྟ་བུར་ཡང་སེམས་ཅན་མེད་དོ་ཞེས་ཐམས་ཅད་མཁྱེན་པས་སྒྲུབ་པ་གསུངས་པ། འདི་ལ་གང་ཡང་ཉན་པའམ་མཉན་པར་བྱ་བ་མེད་དོ།། ལངྐའི་བདག ་པོ་འཇིག་རྟེན་གནས་པ་ནི་སྤྲུལ་པ་དང་མཚུངས་ན་མུ་སྟེགས་ཅན་གྱིས་བྱིས་པའི་རྣལ་འབྱོར་པ་རྣམས་རྣམ་པར་མི་སྒོམ་མོ་ཞེས་པས་ན། ཉན་པ་པོས་མཉན་པར་བྱ་བ་སྒྲའི་ཡུལ་མཉན་དུ་མེད་པ་ནི་རྨི་ལམ་ལ་སོགས་པ་བཞིན་དུ་ཕྱིའི་དོན་མེད་པའི་ཕྱིར། ་འཇིག་རྟེན་སྤྲུལ་པ་དང་མཚུངས་པ་ནི་སོ་སོར་སྣང་བ་ཙམ་པས་ན་གཟུགས་ལ་སོགས་པའི་ཡུལ་རྣམས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱིས་མི་ཤེས་སོ།། མུ་སྟེགས་ཅན་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱང་རྟག་པ་དང་བདག་དང་ཕྱིའི ་དོན་ལ་མངོན་པར་ཞེན་པས་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་མི་སྒོམ་མོ།། ལངྐའི་བདག་པོ་གང་གིས་དེ་ལྟར་མཐོང་བ་དེས་ནི་ཡང་དག་པར་མཐོང་བ་སྟེ། རྣམ་པ་གཞན་དུ་མཐོང་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ།། དེ་ལྟར་རྣམ་པར ་རྟོག་པ་དང་བཅས་པ་རྣམས་ནི་རྣམ་པ་གཉིས་སུ་འཛིན་ཏེ་ཞེས་བྱ་བ་གང་དག་རྣམ་པར་རྟོག་པ་དང་བཅས་པ་ནི་འཛིན་པ་དང་། གཟུང་བ་སོ་སོར་སྣང་བ་ཉིད་ཀྱིས་རྟག་པར་བདག་དང་། བདག་གིར་མངོན་པར་ཞེན་པས་རྣམ་པ་གཉིས་སུ་འཛིན་པ་ནི་ཐམས ་ཅད་མཁྱེན་པས་དཔེས་གསལ་བར་སྒྲུབ་པར་མཛད་པ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་ཡོད་པའི་བདག་གི་གཟུགས་ཀྱི་གཟུགས་བརྙན་དང་། ཆུ་ལ་བདག་གི་ལུས་ཀྱི་གྲིབ་མ་དང་། ཟླ་བའི་འོད་དང་། ཁྱིམ་ན་མེ་མར་འབར་བ་ལ་བདག ་གི་ལུས་ཀྱི་གྲིབ་མ་དང་བྲག་ཆ་འམ། གཞན་ཡང་བདག་གི་རྣམ་པར་རྟོག་པའི་གཟུང་བ་རབ་ཏུ་གཟུང་བ་སྟེ། ཆོས་དང་ཆོས་མེད་པ་རྣམ་པར་རྟོག་ཅིང་ཆོས་དང་ཆོས་མེད་པའི་སྤོང་བ་ལ་མི་སྤྱོད་དེ། སྤྱོད་དོ།། རྣམ་པར་རྟོག་གོ།། རྒྱས་པར་བྱེད་དོ།། རབ་ཏུ་ཞི་བ ་མི་འཐོབ་བོ་ཞེས་ཏེ། དེ་ལ་མེ་ལོང་དང་། ཆུ་དང་། སྣང་བའི་ནང་དུ་ཡོད་པའི་བདག་གི་གཟུགས་ཀྱི་གཟུགས་བརྙན་ནི་ཡོད་པ་དང་། མེད་ཅེས་བྱ་བ་བཞིན་དུ་ཆོས་དང་ཆོས་མེད་པ་རྣམ་པར་རྟོག་པར་དཔྱོད་ཀྱི། ཡང་འདི་ལྟ་བུར་ཆོས་དང་ཆོས་མེད་པ་སྤོང ་བར་མི་བྱེད་དོ།། ཇི་ལྟར་གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ། ཞེས་པའོ།། ཤེས་རབ་ཀྱིས་དཔྱད་པ་ན་ཕྱིའི་དངོས་པོ་མེད་པར་མཚུངས་ཏེ། ཇི་བཞིན་དུ་གཟུགས་བརྙན་སྟོང་པ་ཉིད་པ་དེ་བཞིན་དུ་ལུས་ཀྱང་རྨི་ལམ་དང་། ་མིག་འཕྲུལ་ལ་སོགས་པའི་རང་བཞིན་དུ་འཇིག་རྟེན་དུ་ཆུད་པ་སོ་སོར་སྣང་ངོ་།། ཞེས་བྱའོ།། བྲག་ཆུ་ལ་སོགས་པར་འབྱེད་པས་སྒྲ་ཐོས་པར་རྣམ་པར་རྟོག་པ་ནི་སྒྲ་དེ་ལྟ་བུར་ཐ་དད་པར་ཡང་གཞན་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ལ་སྤྱོད་པ་འབའ ་ཞིག་ཡིན་པས་ཆོས་དང་ཆོས་མེད་པའི་རྣམ་པར་རྟོག་པ་རབ་ཏུ་མི་ཞི་སྟེ། དེས་ན་ངག་གིས་རྣམ་པར་རྟོག་པ་རྣམས་ནི་ཤེས་པས་རབ་ཏུ་ཞི་བ་མི་འཐོབ་བོ་ཞེས་བྱ་སྟེ། འདི་ནི་རྩེ་གཅིག་པའི་ཚིག་བླ་གདགས་ཏེ་ཞེས་བྱ་བའོ།། གང་གི་ཚེ་གཟུགས་ལ་སོགས་པའི ་མཚན་མ་སྦོམ་པོ་དང་ཕྲ་མོ་མཉམ་པར་འདུས་པའི་ཤེས་རབ་ཀྱིས་གཞིགས་པ་ན་གང་ཡང་མི་དམིགས་པ་དེའི་ཚེ་དབང་པོའི་ཤེས་པ་མི་རྟོག་ཅིང་སྣང་བ་མེད་པར་རང་གིས་རིག་པ་འབྱུང་བ་བཞིན་དུ་རྣལ་འབྱོར་གྱི་དབང་པོ་མཉམ་པར་འདུས་པ་རྣམས་དོན ་དམ་པའི་བདེན་པ་མི་གཉིས་པ་ཆུད་པའི་ཆོས་ཉིད་རྩེ་གཅིག་པ་ལ་གནས་པའོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པའི་སྙིང་པོར་འཇུག་པའི་ཕྱིར་ཏིང་ངེ་འཛིན་སྐྱེ་བའོ་ཞེས་བྱའོ།། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ། ་ཆུང་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་འབྱུང་ནས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་སངས་པས་སངས་རྒྱས་སྲི་རྔ་ཟ་ཐོབ་སྟེ། དེས་ན་སེམས་ཙམ་ཐམས་ཅད་མཁྱེན་པའི་སོངས ་རྒྱས་བཅོམ་ལྡན་འདས་རྣམས་སུ་འགྱུར་བ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་གོམས་ཤིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་སྤེལ་བའི་ཕྱིར་རོ།། གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ ་ལ་སོགས་པ་གང་དྲུག་ཀྱང་རྣལ་འབྱོར་གྱི་དབང་པོ་ཁྱད་པར་བདག་ལ་བསྟོད་པར་བྱེད་པ་དེ་དག་ཀྱང་ཆུད་པ་ཙམ་སོངས་པས་ན་ཆུད་པ་ཙམ་གྱིས་དབང་སྟོན་ཏོ།། བྱང་ཆུབ་སེམས་དཔའ་ཆོས་ཉིད་ཀྱིས་སེམས་ཅན་གྱི་དོན་ལ་སྤྱོད་པས་གཉིས་པ་དང་། མི ་གཉིས་པའི་ཏིང་འཛིན་རྣམ་པར་སྦྱོང་བ་ན་དེ་བཞིན་གཤེགས་པའི་སྙིང་པོར་འཇུག་པའི་ཕྱིར་དེ་དག་ལ་ཏིང་ངེ་འཛིན་སྐྱེའོ།། འཕགས་པ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་བྱས་པ་ལས་ལེའུ་དང་པོར་སྒྱུ་མའི་རྣམ་པར ་ཐར་པ་འཐོབ་ཅིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྣམས་ལ་མི་རྟག་པ་དང་། ཐབས་ལ་མཁས་པས་བྱང་ཆུབ་སེམས་དཔའི་སྤྱད་པ་དང་། ཆོས་དང་ཆོས་མ་ཡིན་པ་གསོལ་བའི་ལྡན་བཀའ་སྩལ་པ་དང་། ལེའུ་ཕྲན ་གསུམ་མོ།། ། ཟབ་མོ་རྒྱ་ཆེན་ཆོས་རྣམས་ནོར་བུ་བཞིན།། རྒྱ་མཚོ་མཆིང་རྣམས་ཆེན་པོ་གང་ལས་འཐོབ།། སྒྲུབ་པ་གསལ་བ་ཅིས་ཀྱང་དེ་དག་ནི།། མཁས་པའི་བྱང་ཆུབ་ལམ་དུ་ཕྱིན་པར་བྱས།། གང་ཡོད་དེ་ཀུན་སྐྲོང་ཅིག་པ ་གློག་གི་འཁོར་ལོ་འདྲ་བ་སྟེ།། རྨི་སྟོང་ཤེས་དཔལ་བཟང་ཚིག་གི། བདག་གཞན་ཕན་ཚིག་དབང་མཆོད་གྱུར།། དེ་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ ་བློ་གྲོས་ཆེན་པོ་གཉིས་པ་དང་། མི་གཉིས་པའི་ཆོས་ཀྱི་ཏིང་ངེ་འཛིན་གྱིས་ཆོས་རབ་ཏུ་འབྱེད་པར་རྒྱ་ཆེ་བས་ན་བློ་གྲོས་ཆེན་པོའོ།། ལྷན་ཅིག་ཅེས་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱོན་པའི་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་དཔའོ། ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱུ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་གསོལ་བའི་ལྡན་འདོད་པས་སྐྱོན་ཐམས་ཅད་ཀྱི་རྒྱལ་མོ་བག་ཆགས་དང་བཅས་པ་རྩ་བ་ནས་གཏོན་པ་མཆོག་ཏུ་ཀུན་དག་པ་འདོད་ཆགས་དང་བྲལ ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་ཆོ་འཕྲུལ་གྱི་རྣམ་པ་དུ་མ་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པས་སེམས་ཅན་གྱི་རྒྱུད་མཐའ་མེད་པ་རངས་པར་མཛད་པའི་བཅོམ་ལྡན་འདས་བདེ་བར་གཤེགས་པ་ལ་ཐོག་མར་བསྟོད། ་སེམས་ཅན་གྱི་དོན་དུ་ཡོངས་སུ་ཞུ་བར་བྱེད་དོ།། དེ་ལ་བསྟོད་པ་ནི། འཇིག་རྟེན་སྐྱེ་འཇིག་མ་མཆིས་ཏེ།། ན་མཁའི་མེ་ཏོག་རབ་ཏུ་འདྲ།། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས།། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས་ཞེས་པ་སྟེ། སྐྱེ་བ་དང་འཇིག་པ་ལ ་སོགས་པ་ལ་སྐྱེད་པ་པོས་བསྐྱེད་པའི་སྐྱེ་བ་བྱེད་པ་པོ་དང་། བྱེད་པ་པོའི་ཆོས་གཞན་པར་ཀུན་ཏུ་བརྟག་ཏུ་མི་རུང་ངོ་།། ཇི་ལྟར་ཁྱད་པར་ཅན་དང་། བྱཱ་ཀ་ར་ཎ་པ་ལ་སོགས་པས་ཡོངས་སུ་རྟོགས་པར་དེ་ལྟར་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ ་སོགས་པའི་ཆོས་རྣམས་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ལ་ཡང་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་བས་ན་འཇིག་རྟེན་ལ་ཡང་སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་ཞེས་བརྟགས་པའི་དོན།། སྐད་ཅིག་པ་གཅིག་ནི་སུ་དང་ཡང་མི ་འབྲེལ་ཏེ། གང་གི་ཚེ་ན་སྐད་ཅིག་གཅིག་པ་དེའི་ཚེ་ན། སྐད་ཅིག་གཉིས་པ་མེད་དོ།། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ། དེ་ཡང་སྐྱེ་བ་དང་འཇིག་པ་ལ་སོགས་པ་དང་བྲལ་བའོ།། གང་ཟག་ལ་བདག་མེད ་པའི་སྐད་ཅིག་མ་རྣམས་ནི་བྱེད་པ་དང་བྱེད་པ་པོར་འབྲེལ་པས་སྐྱེ་བ་མེད་པ་དང་། ཆོས་ལ་བདག་མེད་པ་ཡང་གཉིས་ཀྱི་རྣམ་པར་སྐྱེ་བ་མེད་པ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ།། དེས་ན་འཇིག་རྟེན་ན་མཁའི་མེ་ཏོག་དང་རབ་ཏུ་འདྲ ་སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་ཐ་དད་པར་འབྱེད་པས་ཕྱེ་བ་ནི་མི་དམིགས་ཏེ། སྟོང་པར་འགྱུར་བ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ།། ཡོད་དང་མེད་མ་དམིགས་ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པའི་གནས་ནི་ཡོད ་དང་མེད་པའི་རྣམ་པར་རྟོག་པའི་ཐ་སྙད་དོ།། ཇི་ལྟར་འདི་ཉིད་དུ་གསུངས་པ། ཡོད་པའི་རྫས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངས་སོ།། དེ་བས་མེད་པ་ཞེས་མི་བྱ།། ཡོད་པར་ཡང་ནི་མི་བརྟག་གོ། ་ཞེས་པའོ།། ཇི་ལྟར་བྱིས་པ་རྣམས་རྣམ་པར་རྟོག་པ་ནི་གཉིད་ཀྱིས་མ་ལོག་པའི་དུས་ན། གཟུགས་ཡོད་ལ། རྨི་ལམ་གྱི་དུས་ན་ནི་མེད་དོ་ཞེས་སོ།། མཁས་པ་རྣམས་ནི་ཤེས་རབ་ཀྱིས་ཡོད་པ་དང་མེད་པ་མི་དམིགས་པ་ནི་ཐོས་པ་དང་སེམས ་དཔའི་ཡེ་ཤེས་ཀྱིས་སོ།། དེ་ལྟར་བསམ་པ་མེད་པ་དང་། སྣང་བ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པ་རང་གིས་རིག་པ་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཤེས་རབ་ཀྱིས་མི་དམིགས་པ་ལྟ་ཅི་སྨོས། ཐུགས་རྗེས་ཀྱང ་གཞན་གྱི་དོན་མཛད་པར་བརྩོན་ཞིང་གང་གི་ཚེ་དོན་དམ་པ་བཤད་པར་མཛད་པས་སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་དུ་གཞུགས་པ་དེའི་ཚེ་སྒྱུ་མ་བྱེད་པའི་སྐྱེས་བུ་བཞིན་དུ་མི་དམིགས་པ་ནི་གཟུགས་རྣམ་པ་སྣ་ཚོག ་ཀྱི་རྣལ་འབྱོར་གྱི་དབང་པོ་སྒྱུ་མའི་རྣམ་པར་ཐར་པ་ལ་གནས་པ་རྣམས་སྣང་བ་ཙམ་ལ་བཞུགས་ཏེ་ཐ་སྙད་མཛད་དོ།། ཆོས་རྣམས་ཐམས་ཅོད་སྒྱུ་མ་བཞིན།། སེམས་དང་རྣམ་པར་ཤེས་པ་སྤངས།། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས།། ་ཁྱོད་ཀྱིས་ཡོད་དམེད་མ་དམིགས་ཞེས་པ་ནི་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་དང་། རབ་རིབ་ལ་སོགས་པའི་རང་བཞིན་ལྟ་བུར་གཉིས་ཀྱི་རྣམ་པའི་སེམས་དང་། རྣམ་པར་ཤེས་པ་སྤངས་ཏེ། སྒྱུ་མ་འདྲ་བའི་སྣང་བ་ཙམ་དུ་སྣ ་བའོ།། ཇི་ལྟར་འདི་ཉིད་དུ་གསུངས་པ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ།། དར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤེས་ཞེས་བྱ་ཞེས་པ་སྟེ། ཆུད་པའི་གཉིས་ཀྱི་རྣམ་པ་དེ་དག་ནི་མི་སྐྱེ་བ་སྟེ། ་སྔར་བཤད་པ་བཞིན་ནོ།། འཇིག་རྟེན་རྟག་དང་ཆད་སྤངས་པ། ཁོར་གཟུག་རྨི་ལམ་འདྲ་བ་སྟེ། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། ཁྱོད་ཀྱིས་ཡོད་དང་མེད་མ་དམིགས་ཞེས་པ་ལ། དེ་ལ་རྟག་པ་ནི་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་རོ།། མི་གཉི ་པའི་ཆུད་པའི་རྒྱུད་ལ་ཆད་པ་ཡང་མེད་དོ།། གཉིས་ཀྱི་རྣམ་པའི་ཆད་པ་ཡང་ཡུན་རིང་པོ་དང་ཡུན་ཐུང་ངུའི་རྨི་ལམ་བཞིན་ནོ།། ཆོས་དང་གང་ཟག་བདག་མེད་དང་། ཁྱོད་ཀྱིས་ཉོན་མོངས་ཤེས་བྱ་རྣམས།། ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་དང་།། མཚན ་མ་མེད་པས་རྟག་ཏུ་དག། ཅེས་བྱ་བ་ལ་མཚན་མ་མེད་པ་ནི་མི་གཉིས་པའི་ཡེ་ཤེས་ཀྱིས་འཛིན་པ་དང་གཟུང་བའི་དངོས་པོ་མཚན་མ་གང་ཡང་མི་འཛིན་ཏོ།། མཚན་མ་མེད་པའི་རྣམ་པར་ཐར་པ་ལ་གང་གི་ཚེ་གནས་པ་དེའི་ཚེ་གང་ཟག ་དང་ཆོས་ལ་བདག་མེད་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་འགྱུར་རོ།། ཤེས་རབ་ཀྱིས་མཚན་མ་ཐམས་ཅད་མཚན་མ་མེད་པར་བྱ་སྟེ། སྟོང་པར་མཐོང་ངོ་།། སྟོང་པ་ལ་མཚན་མར་མི་འཛིན་པས་སེམས ་ཀྱིས་སྨོན་པར་མི་བྱེད་དོ།། སེམས་ཀྱིས་སྨོན་པར་མི་བྱེད་ཅིང་དེ་ལྟ་བུར་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོར་གྱུར་ཀྱང་ཤེས་རབ་དང་ཐུགས་རྗེས་བདག་དང་གཞན་གྱི་དོན་ལ་བཞུགས་པ་ཡིན་ནོ།། མྱ་ངན་འདས་པར་འདའ་བ་མིནི།། ་མྱ་ངན་འདས་པའང་ཁྱོད་མི་གནས།། བློ་དང་རིག་པར་བགྱི་དང་བྲལ། ཡོད་དང་མེད་པའི་ཕྱོགས་ཀྱང་སྤངས།། ཞེས་པ་ནི་གང་གི་ཆ་ཤེས་རབ་ཀྱིས་སྡོམ་པ་དང་ཕྲ་བ་གཞིགས་པ་ན། དམིགས་པ་ཅུང་ཟད་ཀྱང་མི་མཐོང་བ ་དེའི་ཚེ་ན་མི་གཉིས་པ་བསམ་པ་མེད་པ་སྣང་བ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པའི་སངས་རྒྱས་ཡིན་ཏེ། བློ་དང་རིག་པར་བྱ་བ་དང་བྲལ་བ་འཛིན་པ་དང་གཟུང་བའི་དངོས་པོ་གཉིས་ཀྱི་རྣམ་པ་ལས་གྲོལ་བས་དངོས་པོ་དང་དངོས ་པོ་མེད་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། ཇི་ལྟར་འདི་ཉིད་དུ་གསུངས་པ།། མཚན་ཉིད་དང་ནི་བྱ་བ་དང་།། དངོས་པོར་མྱ་ངན་ང་མི་འདའ།། རྣམ་རྟོག་རྣམ་ཤེས་ཟློག་པ་ན།། ང་ནི་མྱ་ངན་འདས་པའོ།། ཞེས་པ་སྟེ། རྟག་པ་དང་། བདག་དང ་གཙང་བ་དང་། བདེ་བའི་དངོས་པོའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཡིན་གྱི། བྱེད་པ་པོ་དང་བྱེད་པའི་རྣམ་པ་གཉིས་དང་འབྲེལ་ཏེ། མྱ་ངན་འདའ་བས་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ།། ཇི་ལྟར་བདུ ་བརྒྱ་པ་ལས་གསུངས་པ། འདི་ལྟ་སྟེ། མི་སེམས་པ་དེ་ཉིད་མྱ་ངན་ལས་འདས་པའོ།། དེ་ལྟར་སྐྱེ་འཇིག་སྤངས་པ་ཡི།། ཐུབ་པའི་ཞ་བ་སུས་མཐོང་བ།། དེ་དག་འདི་དང་སླད་མར་ཡང་།། ཆགས་མེད་ཉེར་ལེན་མ་མཆིས་འགྱུར། ཞེས་པ་ནི།། ་བདག་མེད་པ་གཉིས་ལ་ཡང་བྱེད་པ་དང་། བྱེད་པ་པོར་འབྲེལ་ནས་སྐྱེ་བ་མེད་པར་གང་དག་གིས་ཐུབ་པ་སྐྱེ་བ་སྤངས་པ་དེ་ལྟར་མཐོང་བ་དེ་དག་ནི་ལས་དང་ཉོན་མོངས་པའི་སྲིད་པར་མངོན་པར་མཚམས་སྦྱོར་སྤངས་ཏེ། ཉེ་བར་ལེན་པ་མེད ་པས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་འཛིན་ལ་བཞུགས་པའི་ཐམས་ཅད་མཁྱེན་པས་འཇིག་རྟེན་ཐམས་ཅད་ལ་ཕན་པའི་ཕྱིར་གཉིས་སུ་མེད་པའི་ཤེས་རབ་ཀྱིས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་ཏེ ་མྱ་ངན་ལས་འདས་པར་གནས་པ་ཡིན་ནོ།། ཆགས་པ་མེད་པ་ནི་གཡོ་བ་མེད་པའོ།། བཅོམ་ལྡན་བདག་ནི་བློ་ཅན་ཏེ།། ཐེག་ཆེན་ཁོང་དུ་ཆུད་པར་རྟོགས།། དྲི་བ་བརྒྱ་པོ་རྩ་བརྒྱད་པ།། གསུངས་པའི་མཆོག་ལ་ཞུ་བར་བགྱི། ཞེས་ཏེ། ཡེ་ཤེས་འཇུག ་པའི་རིགས་དང་། བདག་གིས་སྔོན་གྱི་རྒྱལ་བ་རྣམས་ལ་བསྙེན་བཀུར་བྱས་པ་སྨྲ་བ་ཡིན་ཏེ། སེམས་ཅན་རྣམས་ཀྱི་ལོག་པའི་རྣམ་པར་རྟོག་པ་གསལ་བའི་ཕྱིར། ཇི་ལྟར་བདག་གིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཞུ་བ་ལྟར། ་ཐེག་ཆེན་ཁོང་དུ་ཆུད་པར་རྟོགས། ཞེས་པ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་སེམས་ཅན་རྣམས་ཀྱི་ལོག་པའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་ཞུ་བ་ཡོངས་སུ ་ཞུ་བར་འཚལ་ན། བཅོམ་ལྡན་འདས་མཆོག་ཏུ་ཡོང་སུ་དྲག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་མགུ་བར་མཛད ་པ་ཇི་ལྟར་སྤྱན་སྔར་ཉིད་དུ་སེམས་ཅན་རྣམས་ཀྱི་ལོག་པའི་རྣམ་པར་རྟོག་པའི་རྒྱ་མ་ལྡོག་པར་འགྱུར་བ་དེ་ལྟར་ཡང་དག་པར་ཞུ་བར་འཚལ་བ་བཅོམ་ལྡན་འདས་ཉིད་མཁྱེན་ཏོ་ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་དགངས ་བྱའི་དོན་དུ་དམིག་སྔོ།། ཐམས་ཅད་མཁྱེན་པས་ཀྱང་འཁོར་གྱི་བསམ་པ་ཐུགསུ་ཆུད་ནས། ང་ལ་དྲིས་ཤིག་རྒྱལ་སྲས་རྣམས།། བློ་གྲོས་ཆེན་པོ་ཁྱོད་ཀྱང་དྲིས།། ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་བཙུན་ག ་བོ་གྲོས་ཆེན་པོ་ལ་སྐབས་ཕྱེ་བ་དང་འདི་བའི་ལུང་ཞུ་བར་བྱེད་དོ།། བཅོམ་ལྡན་འདས་ཀྱང་གསུང་བ་གང་གིས་འདྲི་བ་ཐམས་ཅད་ཀྱི་ལན་ལོན་པར་འགྱུར་བ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པར་འདྲི་བའི་ལན་ནི་མཆོག་ཏུ་ཟབ་མོ་གསུངས་པའོ།། ་རྣམ་པ་གཉིས་ཀྱིས་ཤེས་པ་ལ་ཤེས་རབ་ཀྱིས་བྱེ་བྲག་རབ་ཏུ་འཇུག་གི། གང་ཡང་དོན་དམ་པར་མི་སེམས་པ་མི་གཉིས་པ་ཡང་དག་པར་རིག་པ་དེར་ནི་སྣང་བ་དང་བཅས་པའི་རྟོག་པ་ཐམས་ཅད་ལྡོག་པར་འགྱུར་བ་ཉིད་དོ།། སོ་སོ་རང་གི་སྤྱོད ་ཡུལ་ཞེས་པ་ནི་རང་གི་རིག་པར་བྱ་བ་སྟེ། དེས་ན་གང་གིས་སྣང་བ་དང་བཅས་དང་།། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་ཡེ་ཤེས་སུ་འགྱུར་བ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ཙམ་ཉིད་སྤྱིའི་རྣམ་པའི་ཚུལ ་གྱིས་ངས་ཁྱོད་ལ་བསྟན་པར་བྱའོ།། ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། སྐབས་ཕྱེ་བ་དང་བློ་གྲོས་ཆེན་པོས་ཚིག་མ་ལུས་པའི་བློ་གྲོས་ཀྱིས་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པའི་ཚད་མ་དང་། གཞལ་བ་དང་། བརྗོད་པ་དང་། ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་རྣམས་ཐུགས་སུ་ཆུད་པ་ཞུ་བར་བྱེད་དོ།། ཇི་ལྟར་རྟོག་གེ་རྣམ་དག་འགྱུར།། རྟོག་གེ་ཅི་ཡི་སླད་དུ་འབྱུང་།། ཇི་ལྟ་བུར་ན་ནོར་བ་གདའ།། ཅི་ཡི་སླད་དུ་ནོར་བ་འབྱུང་། ཞེས་པ ་ལ། རྟོག་གེ་ནི་རྣམ་པ་མང་པོ་ཡོད་དེ། ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ལོག་པའི་ཡེ་ཤེས་ཀྱི་སྟོབས་ལས་འབྱུང་བ་སྟེ། ཇི་ལྟར་ནེ་ཡེ་ཡཱི་ཀ་རྣམས་རྟོག་པ་ཚད་མ་དང་། གཞལ་བ་དང་། དོགས་པ་དང་། དགོས་པ་དང་། གྲུབ་པའི ་མཐའ་དང་། དཔེ་དང་། ཡན་ལག་དང་། རྟོག་གེ་དང་། ངེས་པ་དང་། རྩོད་པ་དང་། ཟུག་ཟུག་ཏུ་སླུ་བ་དང་། ཐོབརྩམས་པ་དང་། རྒྱུར་སྣང་བ་དང་། ཀླན་ཀ་དང་། རིགས་འདྲ་བ་དང་། ཚར་བཅད་པའི་གནས་རྣམས་ཡང་དག་པར་ཤེས་པས ་གདོན་མི་ཟ་བ་རྣམས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་སོ།། ཚད་མ་དང་གཞལ་བ་མ་རྟོགས་པར་ཚིག་གི་དོན་གཞན་མེད་དོ།། གཞལ་བ་ཡང་ཚད་མ་མ་གཏོགས་པར་ཡོད་པ་མ་ཡིན་པ་ཉིད་དེ། དེ་ལྟར་འདི་ཉིད་དུ་གསུངས་པ། གང་ཟག་རྒྱུད་དང་། ་ཕུང་པོ་རྣམས།། དེ་བཞིན་རྐྱེན་དང་རྡུལ་ཕྲན་རྣམས།། གཙོ་བོ་དང་དེ་ཕྱུག་བྱེད་པ་རྣམས།། སེམས་ཙམ་ལ་ནི་རྣམ་པར་རྟོག། ཡང་ཇི་ལྟར་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ནཱ།། རྡུལ་ཕྲན་ཆ་ནི་ཡོད་པ་མིན།། འོ་ན་ཅི་སྣང་ཞེས་གསོལ། ་བའི་ལན་དུ་ཐམས་ཅད་མཁྱེན་པས་གསུངས་པ། ཕྱི་ཡི་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་།། དཔྱིད་ཀའི་སྨིག་རྒྱུ་ཇི་བཞིན་དུ།། གཡོ་བས་སེམས་ནི་བསླུ་བར་བྱེད།། རི་དགས་རྣམས་ནི་ཚུར་འཛིན་ཏྲེ།། དེ་ཡི་དངོས་པོ་ཡོད། ་མ་ཡིན།། དེ་བཞིན་རྣམ་ཤེས་ས་བོན་ནི།། གཡོ་བ་སེམས་ཀྱི་སྤྱོད་ཡུལ་ལ།། བྱིས་པ་འཛིན་པ་སྐྱེ་བ་ན།། རབ་རི་བི་རབ་རིབ་ཅན་བཞིན་དུའོ།། ཞེས་པ་སྟེ། དེ་དེ་ལྟར་བསླུ་བ་དང་མི་བསླུ་བ་ལ་སོགས་པ་ཚད་མ་དང་། གཞལ་བའི་ཐ་སྙད་འདི་ཐམས་ཅད ་ཀུན་ཏུ་བརྟགས་པའོ།། རྨི་ལམ་དུ་ཡང་མཚོ་ཆེན་པོ་ལ་སོགས་པར་འཁྲུ་བ་དང་། བཏུང་བ་དང་། འབོག་པ་ལ་སོགས་པའི་དགོས་པ་དང་དེར་ཡང་མྱ་ངན་གྱི་སྨིག་རྒྱུའི་ཆུའི་སླུ་བར་སྣང་ངོ་།། རྣམ་པ་དེ་ལྟ་བུའི་རྟོག་གེ་ཇི་ལྟར ་རྣམ་པར་དག་པར་འགྱུར་ཞེ་ན། གང་གི་ཚེ་ཤེས་རབ་ཀྱི་མཐུས་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆར་གཞིགས་ཏེ་སྟོང་པར་འགྱུར་བ་དེའི་ཚེ་ཚད་མ་དང་གཞལ་བ་གཉིས་ཤེས་རབ་ཀྱིས་ཅུང་ཟད་ཀྱང་མི་མཐོང་ནས་གཉིས་པ་ཉིད་དེ། ངེས་པར་ཞུགས ་པའི་དབང་པོའི་ཤེས་པ་རང་གིས་རིག་པ་བཞིན་དུ་དོན་དམ་པའི་བདེན་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར་རོ།། དེ་ལ་རྣམ་པ་གཉིས་སུ་སྣང་བས་བློངས་པའི་མཐུ་ཉིད་ཀྱིས་མཉམ་པར་མི་འདུ་བའི་མ་རིག ་པ་ཡོངསུ་སྨིན་པས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་རྐྱེན་གཞན་པ་རྣམས་དུ་མའི་དབང་ལས་ཀྱང་ཤེས་པ་རྣམ་པ་སྣ་ཚོགས་སུ་སྣང་ངོ་།། ཤེས་རབ་ཀྱིས་དཔྱོད་པ་ནི་མི་སྣང་བར་འགྱུར ་བ་ནི་ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟྟིས་སྨྲས་པ། བློས་ནི་མྱོང་བྱེད་གཞན་མེད་དེ།། དེ་ལའང་མྱོང་བྱེད་གཞན་ཡཱ་མེད།། འཛིན་དང་གྲེཟུང་བ་འཚེམ་མེད་ཕྱིར།། དེ་ནི་བདག་ཉིད་སྣང་བྱེད་དོ།། བློ་ཡི་བདག་ཉིད་དབྱེར་མེད་ཀྱང་།། འཁྲུལ་པར་མཐོང་བ ་རྣམས་ཀྱིས་ནི།། འཛིན་པ་གཟུང་བ་ཡང་དགྲ་རིག། ཐ་དད་བཞིན་དུ་རྟོགས་པར་བྱེད།། ཇི་ལྟར་མཐོང་བ་དེ་བཞིན་འདི།། འཛིན་པ་གཟུང་བ་རིགས་རྣམས་ལ།། ཚད་མ་གཞལ་བ་འབྲས་བུ་ནི།། མེད་དུ་ཟིན་ཀྱང་གཞག་པར་བྱ།། དེ་དེ་ལྟར་གཉིས ་ཀྱི་རྣམ་པའི་རྟོག་གེ་མ་དག་པ་ནི་མཱི་གཉིས་པའི་ཡེ་ཤེས་དོན་དམ་པའི་བདེན་པ་ནི་མྦྷི་གཉིས་པའི་ཡེ་ཤེས་དོན་དམ་པའི་བདེན་པས་རྣམ་པར་དག་པར་འགྱུར་རོ།། ཁྱད་པར་རྣམས་ནི་ཚིག་གི་དོན་རྣམ་པ་དྲུག་ཡོངས་སུ་ཤེས་པས་མཐར་རོ་ཞེས ་ཀུན་རྟོག་པ་ནི་ཕྱིའི་དོན་མེད་པར་ཚིག་གི་དོན་རྣམ་པ་དྲུག་པོ་མེད་པ་ཉིད་དོ།། དེ་དག་གི་རྟོག་གེ་མ་དག་པ་ནི་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པས་རྣམ་པར་དག་པར་འགྱུརརོ།། དེ་ཁོ་ན་ཉིད་ཉི་ཤུ་ལྔ་ཡོངས་སུ་ཤེས་པས་མཐར ་རོ་ཞེས་གྲངས་ཅན་རྣམས་རྣམ་པར་རྟོག་པ་ཕྱིའི་དོན་མེད་པས་དེ་དག་གི་ཡང་གཙོ་བོ་ཡུལ་མེད་པས་ན་ལོངས་སྤྱོད་མེད་པའི་ཕྱིར་སྤྱོད་པའི་སྐྱེས་བུ་ཡང་ཇི་ལྟར་ཡོད་པར་འགྱུར། སྐྱེས་བུའི་རང་བཞིན་སེམས་པ་ཅན་པས་ན་རང་གིས་རིག་པ་ཙམ ་དོན་དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་ཉིད་དུ་རུང་ངོ་།། ནེ་ཡི་ཡའི་ཀ་དང་ཁྱད་པར་ཅན་གང་དག་ཡང་བདག་ཚོར་བ་ཅན་མོ་ཡིན་པར་ཀུན་ཏུ་རྟོག་པ་དེ་དག་གི་དངོས་པོ་རྣམ་པ་བཅུ་དྲུག་དང་། དྲུག་གི་ཁྱད་པར་ཚོར་བ་མེད་པ་ལ་ཇི་ལྟར་ཡོངས ་སུ་ཤེས་པར་རུང་། རྫས་དང་། ཡོན་ཏན་དང་། ལུས་དང་། སྤྱི་དང་། ཁྱད་པར་དང་། འབྲེལ་པ་རྣམས་ཀྱི་ཁྱད་པར་བདག་གིས་ཡོངས་སུ་ཇི་ལྟར་ཤེས། བདག་དང་ཡིད་དུ་སྦྱོར་བ་ལས་སྨྱོས་པའི་ཤེས་པས་ཆུད་པར་བྱེད་ཅེས་ན་ནི་དེ་མ་གཏོགས ་པར་བདག་དང་ཡིད་མེད་པ་དག་ལ་རྟོག་པ་ནི་དོན་མེད་པའོ།། བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་དང་ལྡན་པ་ནི་གཙོ་བོའི་མཉམ་པའི་དུས་ན་ཡོན་ཏན་གསུམ་སྟེ། དེ་འདྲ་བ་ནི་ཆེན་པོའི་རྒྱུ་ཡིན་པར་ཀུན་ཏུ་རྟོག་པར་བྱེད་དོ།། ཆེན་པོ་ཞེས ་བྱ་བ་ནི་བློའོ་རྣམ་གྲངས་སོ།། ཆེན་པོ་ལས་ནི་ང་རྒྱལ་ལོ།། ང་རྒྱལ་ལས་ནི་སྒྲ་ལ་སོགས་པའི་ཡུལ་དེ་ཙམ་རྣམ་པ་ལྔའོ།། དེ་ཙམ་རྣམ་པ་ལྔ་ལས་ནི་འབྱུང་བ་ལྔ་པ་དང་། བློ་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་རྣམས་དང་། ་ཡིད་དོ།། བདག་ཏུ་ཆགས་པ་ཡོངས་སུ་ཤེས་པ་མ་གཏོགས་པར་གལ་ཏེ་དེ་ལྟ་བུར་ཡོངས་སུ་ཤེས་པས་ཐར་པར་འགྱུར་ན་ནི་རེ་ལྡེ་དང་། རྩིག་པ་ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པས་ཅིན་ཐར་པར་མི་འགྱུར།། དེ་བས་ན ་ནེ་ཡིའི་ཀ་དང་། ཁྱད་པར་ཅན་གྱི་ཚིག་གི་དོན་གྱི་ཁྱད་པར་ཡོངས་སུ་ཤེས་པས་ཐུར་པའི་སྐྱོན་འདིའང་མཚུངས་སོ།། ཀྵ་པ་ན་ཀའི་ཕྱོགས་ཀྱི་ཐར་པར་འགྱུར་བར་སྨྲ་བས་ཀྱང་དོགས་པ་ལྡོག་པར་མི་འགྱུར་བ་ཉིད་དེ། ཡོད་པར་འགྱུ ་བ་ནི་ཁྱད་པར་གྱི་བདག་ཉིད་དང་། ཡོད་ཀྱང་ཡོད་ལྔ་མེད་ཀྱང་མེད་པར་འགྱུར་བ་ནི་སྤྱི་དང་ཁྱོད་པར་གྱི་བདག་ཉིད་དུའོ།། ཡོད་པར་འགྱུར་བ་སྤྱིའི་བདག་ཉིད་པ་ནི་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ།། ཁྱད་པར་གྱི་བདག་ཉིད་དུ ་ཡོད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ།། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་མེད་ཀྱང་མེད་པ་ནི་ཅིག་ཆར་སྨྲ་བར་མི་བྱའོ།། སྤྱི་དང་ཁྱད་པར་གྱིས་བདག་ཉིད་དུ་ཡོད་པ་ཅིག་ཆར་སྨྲ་བར་མི་བྱའོ།། ཞེས ་པ་ཀྵ་པ་ན་ཀ་རྣམས་ཀྱི་ཐར་པའི་རྒྱུར་གདོན་མི་ཟ་བ་གང་ཡང་མེད་དེ། དེའི་ཕྱིར་ན་རྟོག་གེ་འདི་ནི་མ་དག་པ་སྟེ། དེས་ན་དེ་ནི་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པས་དག་པར་འགྱུར་ཞེས་བྱའོ།། གང་དག་ཡང་ཚངས ་པ་དང་དབང་པོ་ལ་སོགས་པར་སྨྲ་བ་རྣམས་ཀུན་ཏུ་རྟོག་པ་ནི་འདི་ཐམས་ཅད་ཚངས་པ་ཡིན་ཏེ། དེ་བས་ན་ཞི་བ་ལ་བསྙེན་བཀུར་གྱིས་ཤིག་ཅེས་པ་གཉིས་སུ་མེད་པར་སྨྲ་བ་དེ་དག་གི་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ ་གཅིག་པའི་སྐྱོན་དུ་འགྱུར་རོ།། བདེ་བར་གཤེགས་པ་པ་རྣམས་ཀྱི་མི་གཉིས་པའི་ཆུད་པ་ནི་མང་པོ་སྟེ། དེ་བས་ན་དེ་དག་གི་རྟོག་གེ་ནི་དག་པའོ།། སྤྱོད་པ་ཅན་རྣམས་ཀྱི་རིག་པ་ནི་རྟག་པའི་ཚད་མ་སྟེ་ཞེས་པ་ནི་རྟག་པ་མ་སྐྱེས་པ་ན་རི་བོང་གི་རྭ་ལྟར ་དངོས་པོ་མེད་པས་རྟོག་གེ་འདི་ཡང་མ་དག་པའོ།། གང་ཡོད་པ་དེ་ཐམས་ཅད་ཅིག་ཕ་སྟེ། ལོག་པའི་སྒྲ་དང་གློག་ལ་སོགས་པ་བཞི་ནོ།། རྟོག་པོས་ནི་རིམ་དང་ཅིག་ཅར་དོན་བྱེད་པར་འགལ་བའི་ཕྱིར་ཏེ། གང་ལ་དོན་བྱེད་པའི་མཐུ་མེད་པ་དེ་ནི ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོར་ཡོད་པ་མ་ཡིན་ནོ།། འཇིག་རྟེན་རྒྱང་པན་པའི་རྟོག་གོ་ཡང་ཕྱིའི་དོན་མེད་པས་ན་འབྱུང་བའི་འགྱུར་བ་ལས་འགྲོ་བའི་རྣམ་པ་སྣ་ཚོགས་མ་ཡིན་ནོ།། རྒྱུའི་ཁྱད་པར་གྱིས་བྱེད་པ་མ་གཏོགས ་པར་འབྱུང་བ་རྣམས་ཀྱང་རྣམ་པ་སྣ་ཚོགས་སུ་སུས་བྱེད། དེ་བས་ན་འགྲོ་བ་སྣ་ཚོགས་འབྱུང་བ་ལས་གཞན་པར་འཐད་དེ། རྒྱུའི་ཁྱད་པར་ལས་རྗེས་སུ་དཔག་གོ།། དེར་ཡང་དབང་པོ་རྒྱུ་མ་ཡིན་ཏེ། རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི ་བུ་ལ་སོགས་པ་བཞིན་དུ་དངོས་པོར་ཡོད་པ་མ་ཡིན་ནོ།། དེས་ན་སྡུག་བསྔལ་གྱི་རྗེས་སུ་འབྲེལ་བར་འཇུག་པ་གང་ཡིན་པ་དེ་དང་དེ་ནི་ལོག་པའི་ཤེས་པས་བདག་ཏུ་ཞེན་པའི་རྒྱུ་ལས་འབྱུང་སྟེ། མར་མེ་ལ་སོགས་པར་ཕྱེ་མ་ལེབ་ལ་སོགས། ་པ་བཞིན་ནོ།། སྡུག་བསྔལ་རྗེས་སུ་འབྲེལ་ཅེས་བྱ་བ་ནི་འཁོར་བར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་བློང་བ་དང་། འཁྲུག་པའི་ལས་མཚན ་ཉིད་དུ་འཇུག་པའོ།། གལ་ཏེ་ལོག་པའི་ཤེས་པ་མ་གཏོགས་པར་ཡ་སྡུག་བསྔལ་རྗེ་སུ་འབྲེལ་པར་འཇུག་པར་འགྱུར་ན་ནི་དེས་དབེན་པའི་ཡེ་ཤེས་སྐྱེས་ཀྱང་གཡང་ས་ལ་སོགས་པའི་ཡུལ་སྤོང་དུ་ཟིན་ཀྱང་དེ་ཉིད་དུ་ལྟུང་བར་འགྱུར་རོ་ཞེས་བྱ་སྟེ། ་འདི་ནི་མྱི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མ་སྟེ། དེས་ན་རྟག་པའི་བདག་ལ་ཞེན་པ་དང་། ལས་ཀྱི་སྲིད་པར་རབ་ཏུ་བྱུང་སྟེ་དེ་ཟད་པ་ཉིད་ཀྱིས་ཐར་པ་སྟེ། ཕུང་པོར་མི་གནས་ཤིང་འཇིག་པའོ།། རབ་རིབ་འཁྲུལ་འདས་འཁྲུགས་པ་ཉེ་བཞི་ཐ ་རབ་ཏུ་ཞི།། ཡོད་པ་མ་སྐྱེས་ན་མཁའི་མེ་ཏོག་རྟོག་པའང་རིག་ཅར་དང་།། རིམ་གྱི་དོན་བྱེད་མ་ཡིན་ཤེས་པ་དཔལ་བཟངས་ཚད་མ་ནི།། ཚུལ་གཉིས་གདུལ་བ་བདར་གཤེགས་པ་ཡི་ཡང་མི་གཉིས་ལའོ་ཞེས་བྱའོ།། ། ་དེ་དེ་བཞིན་དུ་ཕྲན་ཚེགས་ཀྱི་རྟོག་གེ་གཞན་ཡང་ཚད་མར་རྟོག་པ་ཙམ་ལ་བརྟེན་ནས་ཐར་པ་ཀུན་ཏུ་རྟོག་པ་སྟེ། ཁྲུས་དང་། སྦྱིན་སྲེག་དང་། གང་པ་དང་། གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པར་རྣམ་པར་རྟོག་པའི་མཚན་ཉིད ་འོ་མ་དང་། འོ་མ་མ་ཡིན་པ་དང་། རྩ་བ་དང་། བྲས་བུ་དང་། མེ་ཏོག་དང་། རིན་པོ་ཆེ་དང་། གསེར་ལ་སོགས་པ་འཆང་བ་དང་། ཐལ་བས་བསྐུ་བ་དང་། སྐྲ་འབལ་བ་དང་། རལ་པའི་ཅོད་པན་གྱིས་བརྒྱན་པ་དང་། གར་དང་། གླུ་དང་། དབང་པོ་མགུ་ན ་བྱེད་པ་དང་། བ་ལང་གི་བརྟུལ་ཞུགས་དང་། རི་དགས་ཀྱི་བརྟུལ་ཞུགས་ལ་སོགས་པར་རྣམ་པར་རྟོག་པ་ནི་རྟོག་གེ་མ་དྲག་པ་སྟེ། བདག་ཏུ་ཞེན་པ་ཡོངས་སུ་མ་སྤངས་ན་ཇི་ལྟར་ཐར་པར་རུང་། རྟག་པའི་བདག་ཏུ་ཆགས་པའི་མཐུ་ཉིད་ལས ་འཁོར་བར་སྐྱེ་བའི་སྡུག་བསྔལ་རྗེསུ་འབྲེལ་པར་འགྱུར་ཏེ། དེ་བས་ན་བདག་མེད་པ་ཡོངས་སུ་ཤེས་པས་ཐར་པར་རུང་སྟེ། དེ་བཞིན་དུ་ཡང་བདེ་བར་གཤེགས་པ་རྣམས་ཀྱི་རྟོག་གི་རྣམ་པར་དག་པར་འགྱུར་རོ།། ཇི་ལྟར་མཆོག་ཏུ་ཡོངསུ ་དག་པ་འདོད་ཆགས་དང་བྲལ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་པོ་གཟུགས་ཀྱི་ཆོ་འཕྲུལ་གྱི་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ། བདག་ཏུ་འདུ་ཤེས་ལ་ནི་གང ་གནས་པ།། དེ་དག་སྡུག་བསྔལ་ལ་ནི་རབ་ཏུ་གནས།། གང་ན་སྡུག་བསྔལ་ཡོད་པ་མ་ཡིན་པའི།། བདག་མེད་དེ་བདག་གིས་ནི་མི་ཤེས་སོ།། རྟོག་གེ་ཞེས་བྱ་བ་ནི་དོན་ཁོང་དུ་མ་ཆུད་པའི་རྒྱུ་ཁོང་དུ་ཆུད་པར་བྱེད་པའོ།། དེ་ཡང་བདེ་བར་གཤེགས ་པ་པ་རྣམས་ཀྱི་ཚད་མའི་རང་བཞིན་ནི་དོན་གསལ་བར་ཆུད་པར་བྱེད་པ་སྟེ། དེ་ལྟ་ན་ཡང་དག་པའི་ཤེས་པས་དེས་རྟོག་གེ་རྣམ་པར་དག་པར་འགྱུར་ཏེ། གང་གི་ཐེ་ཚོམ་དུ་གྱུར་ཏེ་དངོས་པོ་རྣམས་མི་རྟོག་པར་མི་འགྱུར་བས་ནུ་འབྱུང་བའོ།། ་དེ་དེ་ལྟར་ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པའི་རྟེན་ནི་བདེ་བར་རྟོག་པ་དང་འཁྲུལ་པའི་ཐ་སྙད་དེ། མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་ཉིད་ཀྱི་དངོས་པོ་ཡོངས་སུ་ཤེས་པས་རྟག ་པ་དང་། བདག་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པའི་ཤེས་པ་ལྡོག་པས་ན་མདོ་སྡེ་འདིས་ལོག་པའི་ཤེས་པས་རྒྱ་ཆེར་རྣམ་པར་ཟློག་པར་བྱེད་དོ།། ཅི་ཡི་སླད་དུ་སྦྲུལ་དང་ཞིང་།། ཁྱོད་ཀྱིས་མཚན་དང་མུ་སྟེགས ་ཀྱང་སྣང་བྱེད་རིམ་པ་ཅི་སླད་དུ།། ཁྱོད་ཀྱིས་རྒྱལ་སྲས་གང་ལས་ལེགས།། ཞེས་བྱ་བ་ནི་ཕྱིའི་དོན་མེད་པར་གྲངས་ལས་འདས་པའི་ཞིང་རྣམས་ཇི་ལྟར་སྣང་། འཇིག་རྟེན་འདི་ནི་རྨི་ལམ་ལྟ་བུར་ཆུད་པའི་སྣང་བ་ལགས་ན་གང་གིས་རྨོངས་པ་རྣམ ་པར་ལྡོག་པ་དེ་ལྟར་འཇིག་རྟེན་ལ་བཤད་དུ་གསོལ་ཞེས་ཐམས་ཅད་མཁྱེན་པའི་ཡུལ་དུ་དྲི་བ་བློ་གྲོས་ཆེན་པོས་བསམས་པར་རྗེསུ་དཔག་གོ། ཕྱིའི་དོ་ནི་མེད་པར་སྤྲུལ་པ་རྣམས་ཇི་ལྟར་ན་སྐུར་འབྱེད་པ། སྒྱུ་མའི་རང་བཞིན་བཞིན་དུ་འཇིག་རྟེན ་ལལ་བཤད་དུ་གསོལ།། ཕྱིའི་དོན་མེད་པར་སྐྱེས་བུ་ཆེན་པོའི་མཚན་རྣམས་ཇི་ལྟར་འགྱུར་བ་དེ་དག་ཀྱང་སྒྱུ་མའི་རང་བཞིན་དུ་གང་གིས་འདུས་པའི་སྐྱེ་བོ་ཀུན་ཏུ་རྨོངས་པ་ལྡོག་པར་འགྱུར་བ་དེ་ལྟར་བཤད་དུ་གསོལ།། གཉིས་པ་དང་མི་གཉིས་པར་སྨྲ ་པའི་མུ་སྟེགས་ཅན་ཇི་ལྟར་ལྡོག་པ་དང་། དེ་དག་གི་རྩོད་པ་དང་ཆོས་དང་གང་ཟག་ལ་བདག་མེད་པ་བསྟན་པ་ས་བཟློག་ཏུ་གསོལ།། སྣང་མེད་རིམ་པ་ཅི་སླད་དུ། ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་བཤད་ནས་རྣམ་པར་ཤེས ་པ་ཙམ་བཤད་པར་མཛད་ཀྱང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་ཏིང་ངེ་འཛིན་རིམ་གྱིས་བཤད་པར་མཛད་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གོ་རིམ་དུ་བཤད་པར་མཛད་པའི་ཐམས་ཅད་མཁྱེན ་པའི་དགོངས་པ་དེ་བསྟན་དུ་གསོལ།། ཇི་ལྟར་འདི་ཉིད་དུ་གསུངས་པ། གཅིག་ལ་སྟོན་པར་གང་མཛད་པ།། ད་ནི་གཞན་ལ་བསྟན་པ་མིན།། ནད་པའི་དབང་ལ་སྨན་པ་བཞིན།། སྨན་ནི་ཐ་དང་རྟོག་བྱེད་པའོ་ཞེས་སོ།། ཏིང་འཛིན་རིམ་གྱིས་བསྒོམས་པས་ས ་དང་ཕ་རོལ་ཏུ་ཕྱིན་པར་ཁྱད་པར་གྱི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེ་བས་རྒྱལ་བའི་སྲས་རྣམས་ཀྱི་ཡོན་ཏན་བླ་མའི་བླ་མར་ཁྱད་པར་ཅན་དུ་འགྱུར་རོ།། ཇི་ལྟར་འདི་ཉིད་དུ་གསུངས་པ། ས་བདུན་དག་ནི་སེམས་ཡིན་ཏེ།། སྣང་བ་མེད་པ་བརྒྱད ་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ས་གཞན་ང་ཡི་རང་བཞིན་ནོ།། དེ་དེ་ལྟར་ཆོས་རྒྱ་ཆེར་བསྟན་དུ་གསོལ།། སྣང་བ་མེད་པའི་རིམ་པ་ཇི་ལྟ་བུར་མཆིས།། དེ་མ་མཆིས་ན་ས་བཅུ་ལ་དབང་བ་རྣམས་ཀྱི་ཁྱད་པར་ཇི་ལྟར་འདི་ཉིད་དུ་སྒྲུབ་པར་མཛད་པ། ་བཅུ་པོ་པ་ནི་དང་པོ་ཡིན།། དང་པོ་པ་ནི་བརྒྱད་པོ་ཡིན།། དགུ་པོ་ཡང་ནི་བདུན་པ་སྟེ།། སྣང་མེད་པ་ལ་རིམ་ཅི་ཡོད། ཅེས་བྱ་བ་ལ་སོགས་པ་སྟེ། ས་དང་པོར་ཆོས་ལ་བདག་མེད་པར་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང ་ས་བཅུ་པོར་ཡང་ཡིན་ན་སྟོང་པ་ཉིད་ལ་ཁྱད་པར་ཅི་མཆིས་ཞེས་པ་ལ། དེར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཡང་དག་པའི་དོན་དུ་ཐམས་ཅད་མཁྱེན་པས་བཤད་དུ་གསོལ། གྲོལ་བ་གང་དུ་མཆི་བར ་འགྱུར།། བཅིངས་པ་སུ་ལགས་གང་གིས་འགྲོལ།། བསམ་གཏན་པ་ཡི་ཡུལ་དེ་གང་།། ཇི་ལྟར་ཐེག་པ་གསུམ་པོ་ལགས། ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་ཟད་དེ་སེམས་དག་པ་ནི་ཐར་པ་སྟེ། དེ་ནི་གར་ཡང་མི ་འགྲོའོ།། མུ་སྟེགས་ཅན་རྣམས་ཀྱིས་ནི་སྦུ་བུར་སྤོབས་སྤྱི་བོར་བརྟོལ་ཏེ་ཉི་མའི་ལམ་གྱིས་ཞི་བར་འགྲོ་བ་ལ་སོགས་པས་ཐར་པའི་གནས་སུ་ཀུན་རྟོག་གོ། གང་ན་ཡང་འགྲོ་བ་དང་འོང་བ་ཡོད་པ་དེར་སྐྱེ་བའི་གནས་ཡིན་གྱི་ཐར་པ ་ནི་མ་ཡིན་ནོ།། གྲོལ་བ་གང་དུ་འགྲོ་བར་འགྱུར་བ་ནི་ཐམས་ཅད་མཁྱེན་པས་གར་ཡང་མ་ཡིན་ནོ་ཞེས་བསྟན་དུ་གསོལ། བཅིངས་པ་སུ་ཞིག་གང་གིས་འགྲོལ་ཞེས་བྱ་བ་ནི་ཕྱུགས་ཀྱི་བདག་པོས་ཕྱུགས་ཀྱི་གཙོ་བོ་བཅིངས་པ་ལས་བཀྲོལ་བ་ལྟར་ནི ་མ་ཡིན་གྱི། ཇི་ལྟ་ཞེ་ན། ཡང་དག་པའི་ཡེ་ཤེས་ཀྱིས་ལོག་པའི་ཤེས་པ་བཟློག་པས་བཀྲོལ་བ་སྟེ། ཇི་ལྟར་དབུ་མ་ལས་སྨྲས་པ། ཆགས་པ་འདོད་ཆགས་ཐ་དད་པར།། གལ་ཏེ་འདོད་ཆགས་སྔར་གྱུར་ན།། དེ་ཡི་རྐྱེན་གྱིས་འདོད་ཆགས་འགྱུར།། ་ཆགས་མེད་འདོད་ཆགས་ཅི་ཕྱིར་ཞིག། འདོད་ཆགས་ཆགས་པ་སྐྱེ་བར་ཡང་།། རིམ་པ་དེ་ནི་འདྲ་བ་སྟེ།། འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན།། ལྷན་ཅིག་མི་འཇུག་ལྷན་ཅིག་མིན།། བསམ་གཏན་པ་ཡི་ཡུལ་དེ་གང་།། ཞེས་བྱ་བ་ནི་གང་ཡང་མ ་མ་ཡིན་ཏེ། གང་ཆགས་པར་བྱེད་པ་དང་། གང་དུ་ཆགས་པར་འགྱུར་བ་དང་། ཆོས་དེ་དེས་ཀུན་ཏུ་མི་མཐོང་བ་ནི་ཤེས་རབ་ཀྱིས་མི་དམིགས་པའི་ཚུལ་གྱིས་སྦོམ་པོ་ཕྲ་མོ་རྣམ་པར་གཞིགས་ཏེ་གང་ཡང་མི་མཐོང་ངོ་།། ཇི་ལྟར་ཐེག་པ་གསུམ་པོ ་ལགས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སྣ་ཚོགས་སུ་བྱ་བ་མེད་ན་ཇི་ལྟར་ཐེག་པ་གསུམ་དུ་བཞག། ཇི་ལྟར་ཐམས་ཅད་མཁྱེན་པས་ཤཱ་རིའི་བུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལན་དུ་གསུངས་པ་ཐམས་ཅད་མཁྱེན་པ་སེམས་ཅན་གྱི ་དོན་གྱི་ཚོགས་ཀྱིས་ས་དང་ཕ་རོལ་ཏུ་ཕྱིན་པས་ཁྱད་པར་དུ་ཕྱེ་བ་སོ།། ཡང་ཇི་ལྟར་འདི་ཉིད་དུ་གསུངས་པ། ཉན་ཐོས་དང་ནི་རྒྱལ་བ་གང་།། སྣང་བའི་གཟུགས་དག་དེ་དག་ནི།། བྱང་ཆུབ་སེམས་དཔའ་བརྩེ་བ་དག་དག། དེ་དག་སྤྲུལ་པ་སྟོན་པའོ།། ་དེས་ན་ཐམས་ཅད་མཁྱེན་པས་ཁྱོད་ཀྱི་ཐེག་པ་གཅིག་པུ་ཉིད་བཤད་དུ་གསོལ་ཞེས་བྱའོ།། ཐམས་ཅད་མཁྱེན་པས་སེམས་ཅན་གྱི་མོས་པའི་ཁྱད་པར་ལས་ཐེག་པ་གསུམ་དུ་སྒྲུབ་པར་གསུངས་པ། གཅིག་ལ་བཤད་པ་གང་ཡིན་པ།། དེ་ནི ་གཞན་ལ་བཤད་པ་མིན།། ནད་པའི་དབང་ལས་སྨན་པ་བཞིན།། སྨན་ནི་སོ་སོར་རྟོག་པར་བྱེད། ཅེས་པའོ།། དེ་དེ་ལྟ་བུ་ནི་ཚིགསུ་བཅད་པ་བསྡུས་པ་ལས་ཞུས་པ་ཐམས་ཅད་ཀྱི་ལན་ཡོད་པས་ན་འདིའི་བཤད་པ་ཡང་རྒྱ་ཆེ་བར་དེར་རིག་པར་བྱའོ།། ་རྐྱེན་གྱིས་སྐྱེ་བ་དེ་དག་ཅི།། འབྲས་བུ་ཅི་ཞིག་རྒྱུ་ནི་གང་།། གཉིས་ཀ་གཞན་པ་ཅི་སླད་དུ།། ཇི་ལྟ་བུར་ཡང་འབྱུང་བ་ལགས། ཞེས་བྱ་བ་ནི་སྐྱེ་བ་དང་། སྐྱེད་པའི་དངོས་པོ་དང་། བྱེད་པ་དང་། བྱེད་པ་པོར་འབྲེལ་ཏེ་རྐྱེན་ལས་འབྲས་བུ་འབྱུང་བ་ཅུང་ཟོད ་ཀྱང་མེད་དོ།། གང་གི་ཚེ་ན་རྒྱུ་ཡོད་པ་དེའི་ཚེ་ན་འབྲས་བུ་མེད་པས་ན་རྒྱུ་ཇི་ལྟར་ན་ཡོད། ཇི་ལྟར་འདི་ཉིད་དུ་ཐམས་ཅད་མཁྱེན་པས་གསུངས་པ། བློ་གློས་ཆེན་པོ་བུ་མ་སྐྱེས་པ་ཡང་ཕར་འདོགས་པ་བཞིན་དུ་རྟོག་གེ་བ་རྣམས་ཀྱི་རིམ་གྱིས་འབྱུང་བར ་མི་འཐད་པ་དང་། ཅིག་ཅར་འབྱུང་བར་མི་འཐད་དེ། རྒྱུས་མཚན་ཉིད་མ་ཐོབ་པའི་ཕྱིར་དང་། དུས་གཅིག་ཏུ་ཕན་པར་བྱ་བ་དང་། ཕན་པར་བྱེད་པ་མི་རུང་སྟེ། དེ་བས་གཉིས་ཀ་གཞན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་ངོ་།། ཇི་ལྟ་བུར་ཡང ་འབྱུང་བ་ལགས་ཞེས་བྱ་བ་ནི་མེད་པའི་འབྲས་བུ་ཇི་ལྟར་ན་བྱ། མེད་པ་བྱེད་པར་འགྱུར་ན་ནི།། བྱེད་པ་བཀག་པར་མི་འགྱུར་རོ།། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་པར་འགྱུར་རོ་ཞེས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས ་དང་འབྲས་བུར་ངེས་པར་འབྲེལ་པ་འབའ་ཞིག་གོ།། གཟུགས་མེད་སྙོམས་པར་འཇུག་པ་དང་། འགྲོག་པ་དེ་ཡང་ཇི་ལྟ་བུ།། འདུ་ཤེས་འགོག་པ་ཇི་ལྟ་བུ།། ཅི་སླད་ཇི་ལྟར་སད་པར་འགྱུར། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས ་འཇུག་པ་འགོག་པའི་རྣལ་འབྱོར་ཡིན་མོད་ཀྱི། འོན་ཀྱང་གཉིད་ལྕི་བ་ལ་གནས་པ་བཞིན་པས་ན། ཇི་ལྟར་ན་སད་པར་འགྱུར། བདག་ཏུ་ཆགས་པ་དང་ལས་དང་ཚེའི་རྒྱུན་ཇི་སྲིད་དུ་མི་ལྡོག་པ་ནི་ཉོན་མོངས་པ་རྣམས་འགོག་པ་བདག་ཏུ་ཆགས ་པ་ཡོད་ན་འགོག་པར་འགྱུར། འདུ་ཤེས་འགོག་པ་ཇི་ལྟ་བུ་ཞེས་བྱ་བ་ལ། འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དེ། ཤེས་རབ་ཀྱིས་སྟོང་པ་ཉིད་དུ་ཁོང་དུ་མ་ཆུད་ཀྱི་བར་དེ་ཡང་ཇི་ལྟར་ན་འགག་པར་འགྱུར། སྟོང་པ་ལ་མཚན་མར ་མི་འཛིན་ཏེ། སེམས་ལ་མཚན་མ་མེད་པས་སྨོན་པར་མི་བྱེད་དེ། དེ་ལྟར་ན་འདུ་ཤེས་ཐམས་ཅད་དང་བྲལ་བའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ།། ཅི་སླད་ཇི་ལྟར་སད་པར་འགྱུར། ཞེས་བྱ་བ་ནི་སྙིང་རྗེ་བའི་བག་ཆགས་ཀྱིས ་སེམས་ཅན་གྱི་དོན་དུ་སད་ནས། སངས་རྒྱས་རྣམས་གཟིགས་ཀྱང་ཤེས་རབ་ཀྱིས་མི་གཟིགསོ།། གང་དག་ལ་ཡང་ན་མཁའ་མཐའ་ཡས་དང་། རྣམ་པར་ཤེས་པ་མཐའ་ཡས་དང་། འདུ་ཤེས་ཡོད་པ་དང་། མེད་པ་ཡང་རུང་སྟེ། རྟག་པ ་དང་བདག་ཏུ་འདུ་ཤེས་པས་སེམས་འཇུག་པ་འགགས་པ་ཙམ་ལ་གནས་པའི་མུ་སྐྱུགས་ཅན་རྣམས་དེས་ཇི་ལྟར་ན། སྲིང་པའི་ཐག་མ་གྱུར་སྣང་། བསམ་གཏན་པ་སྲིད་ཆགས་མེང་རྣམས།། ངར་བྱེང་ལྗགས་ཀྱིས་དྲངས་པ་དག། སེམས ་ཅན་དམྱལ་བ་ཡང་ལྟུང་བ།། དེ་དག་སད་པར་ཇི་ལྟར་རུང་།། རིགས་པ་དང་ལུང་གི་རྗེས་སུ་མཐུན་པར་བདག་གིས་ཅུང་ཟད་ཅིག་བཤད་མེད་ཀྱི་དམ་པའི་ཆོས་འདྲི་པའི་ལན་ངེས་པར་ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ།། འགྲོ་བ་དང་ནི་ལུས ་འཛིན་ཀྱང་།། ཅི་ཡི་སླད་དུ་བྱ་བ་འབྱུང་།། ཇི་ལྟར་ས་ལ་འཇུག་པར་འགྱུར། ཞེས་བྱ་བ་ནི་སུ་ཕྱོགས་དང་དུས་གང་དུ་སྐྱེས་པ་དེ་དེ་ཉིད་དུ་འགགས་པས་ན་བྱ་བ་ཅིའི་སླད་དུ་འབྱུང་། སྐད་ཅིག་པའི་དོན་གྱི་དངོས་པོ་འགགས་པས་ཡུལ་གཞན ་དུ་འགྲོ་བའོ།། ལུས་འཛིན་པ་ཡང་རྟག་པར་ཕྱིའི་དོན་དུ་འདུ་ཤེས་པས་སྐད་ཅིག་པ་འདྲ་བར་གཞན་སྐྱེ་བ་ལ་གཅིག་ཏུ་ངེས་པར་འཛིན་ཏོ།། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་ཆུད་པ་འཁྲུལ་པའི་རྣམ་པ་ལ་ཕྱི་རོལ ་གྱི་བའི་སྒྲོ་བཏགས་ནས་སེམས་ཅན་རྣམས་ཀྱིས་གཉིས་ཀྱི་རྣམ་པའི་ཕྱིན་ཅི་ལོག་འཁྲུལ་པ་ཡིན་ཏེ། དེས་ན་སྣང་བ་མེད་དོ།། གཟུགས་ནི་རྡུལ་ཕྲན་ཞིགས་པ་ན།། རྡུལ་ཕྲན་ཆ་ནི་ཡོད་པ་མིན། ཞེས་སོ།། ཇི་ལྟར་ས་ལ་འཇུག་པར་འགྱུར་ཞེས ་བྱ་བ་ནི་སྦྱིན་པ་ལ་སོགས་པའི་ཚོགས་དང་། རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་བླ་མའི་ཡང་བླ་མ་རྣམས་ཀྱིས་ས་རྣམས་སུ་འཇུག་གོ། ཕྱིའི་དོན་མེད་པས་ན་ཡུལ་དང་དུས་ཀྱི་རིམ་པས་ས་ལ་སོགས་པར་འབྱེད ་པ་མེད་དོ་ཞེས་པར་ཐམས་ཅད་མཁྱེན་པས་སེམས་ཅན་རྣམས་ལ་གོ་བར་མཛད་དུ་གསོལ་ཞེས་བློ་གྲོས་ཆེན་པོས་དགོངས་པར་བརྟག་གོ།། སྲིད་གསུམ་ཚམས་ནས་ཕ་དེས་སུ།། གནས་ནི་གང་ལགས་ལུས་ནི་ཅི།། གནས ་ཤིང་འགྲོ་བ་གང་ཞིག་ཏུ།། རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར། ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ནི་སྲིད་པ་གསུམ་ཆོམས་ནས་འགྲོའོ།། གནས་ཞེས་བྱ་བ་ནི་དེ་དག་ལ་གནས་ཡང་དེ། དེ་དག་ཀྱང་སངས་རྒྱས ་སུ་འགྱུར་བའོ།། དེ་དག་གི་ལུས་ནི་ཡེ་ཤེས་ཀྱིའོ།། དེ་དག་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པས་ན། འཇུག་པ་དང་ལྡོག་པའི་འདུ་ཤེས་ཀྱིས་དེ་དག་འཕངས་པ་སྟེ། གང་དག་ལའང་འགྲོ་བ་དང་འོང་བའི་འདུ་ཤེས་ཡོད་པས་སོ།། ། ་རྒྱལ་བའི་སྲསུ་ཇི་ལྟར་འགྱུར་ཞེས་བྱ་བ་དེས་ན་འདོད་ཆགས་དང་བྲལ་བ་ཡང་སྲིད་པ་གསུམ་བཅོམ་སྟེ། འགྲོ་བ་མེད་པ་ནི་སངས་རྒྱས་སུ་འགྱུར་བའི་ཕྱིར་ཞེས་པར་བློ་གྲོས་ཆེན་པོས་དགོངས་པར་བརྟག་གོ།། དབང་དང་ཏིང་འཛིན་རྣམས་དང་།། ། ་མངོན་པར་ཤེས་པ་ཇི་ལྟར་འཐོབ།། ཇི་ལྟར་སེམས་ནི་མཉམ་པར་འཇོག། རྒྱལ་བ་ཁྱུ་མཆོག་བདག་ལ་གསུངས། ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་གང་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་ལ་སངས་རྒྱས་རྣམས་ཀྱིས་གཞན་གྱི་དོན་ལ་བསྐུལ ་བ་ན་བྱང་ཆུབ་སེམས་དཔའི་སྤྱད་པས་མངོན་པར་ཤེས་པ་དང་། དབང་དང་། ཏིང་ངེ་འཛིན་རྣམས་ཡོད་པར་འགྱུར་རོ།། སྙིང་རྗེའི་བག་ཆགས་ཀྱིས་གླེངས་པ་ན། ཆགས་པ་མེད་པའི་སེམས་མཉམ་པར་འཇོག་སྟེ། ས་བོན་ཐམས་ཅད ་ཀྱི་ཀུན་གཞི་རྣམ་པར་ཤེས་པ་མི་དགེ་བའི་བག་ཆགས་སྤངས་ཏེ། དགེ་བའི་བག་ཆགས་དེ་དག་ལ་ཡོད་དོ།། དེ་བས་ན་འདི་སྐད་དུ་གསུངས་པ། ཡིད་དང་རྣམ་པར་ཤེས་པ་དང་། ཀུན་གཞི་དེ་ཡང་ཇི་ལྟ་བུར།། སྣང་ལ་ཇི་ལྟར་འཇུག་པ ་ལགས།། ཇི་ལྟར་སྣང་ལས་སླད་དུ་ལྡོག་ཅེས་བྱ་བ་ནས།། མཚན་རྣམས་རྣམ་པར་དགོད་པ་དང་།། བདག་མེད་པའང་ཇི་ལྟར་འགྱུར། ཞེས་བྱ་བའི་བར་དུའོ།། ཉན་ཐོས་ལ་སོགས་པ་ངེས་པའི་རིགསུ་ཇི་ལྟར་འགྱུར། ཡོང་ནི་སེམས་ཅན ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། སྣོད་མ་ཡིན་པའི་སེམས་ཅན་གང་ཡང་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་སངས་རྒྱས་སུ་དགོད་པར་བྱ་བས་ན། དེ་ལྟར་སྒྲུབ་ཏུ་གསོལ་ཞེས་བློ ་གྲོས་ཆེན་པོས་དྲི་བར་བསམས་པའོ།། སེམས་ཙམ་དུ་ཡང་ཇི་ལྟར་རིག་པར་བྱ། ཕྱིའི་དོན་དུ་གདོན་མི་ཟ་བས་སེམས་ཅན་རྣམས་ཀྱི་ཐ་སྙད་འཇུག་སྟེ། ཇི་ལྟར་ཕྱིའི་དོན་མ་མཆིས་པ་དེ་ལྟར་རིག་པའི་ཁྱད་པར་གྱིས་སྒྲུབ་པར་གསོལ། ཇི་ལྟར ་དོན་སུན་འབྱིན་པར་འདི་ཉིད་དུ་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་ཡོད་པ་མིན།། སྣང་བ་འདི་ཅི་ཞེས་པ་དང་།། གསུངས་པ། ཕྱི་ཡི་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་།། ཞེས་པ་སྟེ་རབ ་རིབ་དང་། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་དངོས་པོར་ལྟར་རོ།། གང་གི་ཚེ་ན། ཤེས་རབ་མཉམ་པར་འཇོག་པས་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ། སེམས་ཙམ་ཉིད་ལ་གནས་པར་འགྱུར་རོ།། ཕུང་པོ་དང་། ཁམས་དང ་སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་ཇི་ལྟར་སྣང་བ་ཙམ་པ་དེ་ལྟར་བསྟན་དུ་གསོལ།། ཆོས་དང་གང་ཟག་ལ་བདག་མེད་པ་ཡང་ཇི་ལྟར་འགྱུར་ཞེས་བྱ་བ་ནི་ཕྱིའི་དོན་མེད་པ་དང་། སྐད་ཅིག་པས་ཇི་ལྟར་འཇིག་པར་འགྱུར ་དེ་ལྟར་རིག་པའི་ཁྱད་པར་གྱིས་བསྒྲུབ་པར་གསོལ། སེམས་ཅན་མ་མཆིས་ཇི་ལྟ་བུ།། ཀུན་རྫོབ་བཤད་པ་ཇི་ལྟ་བུ།། ཇི་ལྟར་རྟག་དང་ཆད་པ་ཡི།། ལྟ་བ་རབ་ཏུ་འབྱུང་མི་འགྱུར། ཞེས་བྱ་བ་ནི་སེམས་ཅན་རྣམ་པ་གཉིས་ཀྱང་འབྱུང་བ་མེད། ་སྟེགས་ཅན་རྣམས་ཀྱིས་རྟག་པ་ཡིན་པར་ཡོང་སུ་རྟོགས་པའི་སེམས་ཅན་དེ་མེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིརརོ།། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་གང་ལ་སེམས་ཅན་དུ་གདགས་པར ་བགྱི་བ་ཡང་ཕྱིའི་དོན་མ་མཆིས་པས་ན་དེ་ཡང་མ་མཆིས་པར་བསྟན་དུ་གསོལ། ཀུན་རྫོབ་བཤད་པ་ཅི་ལྟ་བུ་ཞེས་བྱ་བ་ནི་གལ་ཏེ་ཕྱིའི་དོན་མེད་ན། མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་ཕྱིའི་དོན་མ་རྟོགས་པ་ཡང་རྣམ་པ་སྣ་ཚོགས ་ཀྱི་རྣམ་པར་ཤེས་པ་རབ་ཏུ་འབྱུང་ཞེས་པར་རོ།། ཇི་ལྟར་རྟག་པ་ལ་མངོན་པར་ཆགས་པ་ཁ་ཅིག་ལ་ཐར་པར་ཡང་བདག་རྟག་པ་ཡོད་ཅེས་པ་དང་། ཇི་ལྟར་ཁ་ཅིག་ཆད་པར་མངོན་པར་ཆགས་ཏེ། དེར་ཐར་པ་ཐམས་ཅད་ཀྱིས་མེད་ཅེས་པ ་དེ། འདི་རྟག་པ་པ་དང་ཆད་པར་སྨྲ་བ་སྐད་ཅིག་མའི་རྒྱུན་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་ཇི་བཞིན་དུ་འཇིག་པར་མི་འགྱུར་བ་དེ་བཞིན་དུ་བཤད་དུ་གསོལ། ཇི་ལྟར་ཁྱོད་དང་མུ་སྟེ་གསུ།། མཚན་ཉིད་རྣམས ་ཀྱིས་འགལ་མི་འགྱུར།། སྡེ་པ་རྣམས་ཀྱང་ཇི་ལྟ་བུར།། མ་འོངས་དུས་ན་འབྱུང་བ་གསུངས།། ཞེས་བྱ་བ་ལ་མུ་སྟེགས་ཅན་ནི་གྲངས་ཅན་དང་། ཁྱད་པར་ཅནྡྲ་ལ་སོགས་པ་སྟེ། དབང་པོ་དང་དོན་གྱི་ཁྱད་པར་རྣམས་ཀྱིས་ཕྱིའི་དོན་གྱི་མཚན་ཉིད་ཡོངས ་སུ་རྟོག་ལ། ཕྱིའི་དོན་མེད་པར་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཚུལ་དང་། ཇི་ལྟར་ན་འགལ་བར་མི་འགྱུར། སྡེ་པ་རྣམས་ནི་ཐམས་ཅད་ཡོད་པར་ཀུན་ཏུ་རྟོག་སྟེ། ཐམས་ཅད་དུ་སྨྲ་བ་པ་ནི ་གྲངས་ཅན་རྣམས་ཀྱིས་གསལ་བ་དང་། མི་གསལ་བར་ཀུན་ཏུ་རྟོག་པ་བཞིན་དུ་དུས་གསུམ་དུ་ཡང་བྱ་བ་བྱེད་པ་དང་། བྱ་བ་མི་བྱེད་པ་ཡོད་དོ་ཞེས་སོ།། ས་མི་ཏི་པ་རྣམས་ནི་གང་ཟག་རྟག་པར་འདོད་དོ།། དེ་བཞིན་དུ་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས ་དང་། གནས་བརྟན་ཆེན་པོ་པ་རྣམས་ཀྱང་རྟོག་པ་ཐ་དད་པ་དང་། འདོད་པ་ཐ་དད་པས་ཕྱེ་བ་ཕྱིའི་དོན་དུ་སྨྲ་བ་རྣམས་པ་བཞི་པོ་ཡང་རྣམ་པ་བཅོ་བརྒྱད་དུ་འབྱེད་པའི་བདེ་བ་རྣམས་མ་འོངས་པའི་དུས་ན་ཇི་ལྟར་འབྱུང་། བློ་གྲོས་ཆེན་པོས་དགོངས་པ་ནི ་གང་གི་དེ་ལྟ་བུར་སྨྲ་བར་མི་འགྱུར་བའི་ཐེག་པ་ཆེན་པོ་འབའ་ཞིག་བཤད་དུ་གསོལ་ཞེས་པར་རོ།། ཇི་སྐད་ཇི་ལྟར་སྟོང་པ་ཉིད།། ཇི་ལྟར་ཁྱོད་ཀྱི་སྐད་ཅིག་འཇིག། སྙིང་པོ་ཇི་ལྟར་འབྱུང་བ་ལགས།། ཇི་ལྟར་འཇིག་རྟེན་བྱེད་མ་མཆིས།། ཞེས་བྱ་བ་ནི་ལྟ་བ ་ཐམས་ཅད་སྤོང་བ་སྟེ། ཆོས་ལ་བདག་མེད་པ་ཡོང་སུ་མཆིས་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་བྱ་བ་ནི་ཤེས་རབ་ཀྱིས་མི་དམིགས་པའི་ཚུལ་གྱིས་འགྱུར་རོ།། གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི ་སྒྲ་བཞིན་ནོ།། རྟག་པ་ནི་རིམས་དང་། ཅིག་ཅར་དོན་བྱེད་པ་འགལ་བས་ན་རི་བོང་གི་རརྭ་བཞིན་དུ་མེད་པར་དེ་ལྟར་ཐམས་ཅད་མཁྱེན་པར་སྐད་ཅིག་པར་འཇིག་པར་སྒྲུབ་ཏུ་གསོལ། བཤེས་པའི་ཤེས་པ་ནི་ལོག་པའི་ཤྭེ ་པ་སྟེ། དེ་ལས་རྟག་པར་ཡིད་ཆེས་པ་མི་འབྱུང་སྟེ། སྒྲ་དང་རྩ་ལ་སོགས་པ་བཅད་ན་ཕྱིར་སྐྱེས་པ་བཞིན་དུ་འདྲ་བའི་དངོས་པོ་གཞན་སྐྱེས་པ་ལ་ཤེས་པ་འཇུག་གོ།། ཆོས་དང་གང་ཟག་ལ་བདག་མེད་རྟོགས་པས་སེམས་ཅན་ཐམས་ཅད་དྲི ་བཞིན་གཤེགས་པའི་སྙིང་པོ་པར་རབ་ཏུ་ཆུད་པ་ཐོབ་པར་འགྱུར་རོ།། འཇིག་རྟེན་བྱེད་པ་མ་མཆིས་པ་ནི་འཛིན་པ་དང་། གཟུང་བ་དང་། བརྗོད་པ་དང་། རྗོད་པ་དང་། བསྐྱེད་པ་དང་། སྐྱེད་པ་དང་། བྱེད་པ་དང་། བྱེད་པ་པོར་འབྲེལ་པ་མེད ་ཕྱིར་རོ།། ཇི་ལྟར་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཆུད་ལ་ཡོད་པ་དང་མད་པར་རྗོད་པར་མི་བྱ་བ་ཀུན་ཏུ་རྟོག་པ་དང་བྲལ་བྱར་གྱུར་པ་དེ་ལྟར་ཁོང་དུ་ཆུད་པར་མཛོད་དུ་གསོལ་ཞེས་བློ་གྲོས་ཆེན་པོས་དགོངས་པའི་དོན་དུ་བརྟག ་ཛི་སྟེ་འཇིག་རྟེན་སྨིག་རྒྱུ་འདྲ།། དྲི་ཟ་འདྲ་དང་སྨིག་རྒྱུ་དང་།། ཆུ་ཡི་ཟླ་བ་འདྲ་བ་ཡང་།། ཅི་ཡི་སླད་པ་བ་གོ་ལ་གསུངས། ཞེས་བྱ་བ་ནི་རྨི་ལམ་དང་། མགྲ་འཕྲུལ་དང་། ཆུ་ཟླ་དང་། དྲི་ཟའི་གྲོང་ཁྱེར་དང་། དགོན་པའི་སྨིག་རྒྱུ་ལ་སོགས་པ། ཆུར ་འཁྲུལ་པར་སྣང་བ་བཞིན་དུ་འཇིག་རྟེན་ཡང་ཐེག་མེ་དང་ཐ་མར་སྟོང་པ་དང་། དབུས་སུ་གཉིས་ཀྱི་རྣམ་པའི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། འཁྲུགས་པའི་མཐུ་དང་མཉམ་པར་མི་འདུ་བའི་མ་རིག་པ་དང་། ལས་ཀྱི་དབང་དང་། བདག་དང་གས ་གྱི་རྒྱུད་དབང་དང་། རྐྱེན་གྱིས་ཁྱད་པར་དབང་ལས་འཇིག་རྟེན་རྣམ་པ་སྣ་ཚོགས་སུ་སྣང་ངོ་།། ཐོས་པ་དང་། སེམས་པ་དང་། སྒོམ་པའི་ཤེས་རབ་ཀྱིས་རྗེས་སུ་འབྲང་བས་གང་གི་ཚེ་ཤེས་པར་བྱ་བ་སྦོམ་པ་དང་ཕྲ་བ་ཕྱོགས་ཀྱི་ཆར་དབྱེ་བས ་ཕྱེ་བ་ན་སྟོང་པར་མཐོང་བ་ནི། དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མ་ཡིན་པར་རྣམ་པར་མི་རྟོག་པར་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་སྤྱིར་སྒྲའི་དོན་དུ་སྒྲོ་བཏགས་ཏེ། འཇིག་རྟེན ་གྱི་གློ་བར་ཆུད་པར་མཛད་དུ་གསོལ་ཞེས་བློ་གྲོས་ཆེན་པོས་དགོངས་པའོ།། བྱང་ཆུབ་ཡན་ལག་ཇི་ལྟར་ཅིས།། བྱང་ཆུབ་ཕྱོགས་རྣམས་ཅི་ལས་འབྱུང་།། ཡུལ་འཁྲུག་པ་དང་ཁྲག་ཁྲུག་དང་།། ཇི་ལྟར་སྲིད་པ་ལྟ་བར་འགྱུར། ཞེས ་བྱ་བ་ནི་བསམ་གཏན་དང་། ཏིང་འཛིན་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་གང་དག་བྱང་ཆུབ་ཀྱི་ཕྱིར་ཡན་ལག་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་དག་ཡང་སུམ་ཅུ་རྩ་བདུན་རྣམསོ།། གང་དག་ཡང་མུ ་སྟེགས་ཅན་རྣམས་ཀྱིས་རྩོད་པ་དང་འཐབ་པས་ཕན་ཚུན་དུ་ཁྲག་ཁྲུག་གཅོད་པ་ལ་སོགས་པའི་ཆོས་དང་ཡུལ་འཁྲུགས་ནས་བསྲེག་པ་དང་། རྒོལ་བ་དང་། ཁྲོ་བོ་ལ་སོགས་པ་མཆོད་སྦྱིན་པོ་དང་། དྲན་པ་པོ་དང་། བརྟག་པ་པོ ་རྣམས་ཀྱིས་ཆོས་སུ་ཀུན་ཏུ་བརྟགས་པ་རྣལ་འབྱོར་པ་དང་། ཚེ་ལེན་པ་པོ་རྣམས་ཀྱི་ཞི་བ་དང་། མ་ཞི་བའི་གཉིས་ཀྱི་རྣམ་པའི་ཤེས་པ་ལས་ཀྱང་ཇི་ལྟར་ན་འཇུག། ཇི་ལྟར་སྲིད་པ་ལྟ་བར་འགྱུར་ཞེས་བྱ་བ་ནི་མཐོ་རིས་འདོད་པས་མཆོད ་པར་བྱ་ཞེས་པས་ན། གང་གིས་ཕྱིའི་དོན་དུ་མངོན་པར་ཆགས་པས་འཁྲུལ་པ་དེ་དག་ལྡོག་པར་འགྱུར་བར་གཉིས་སུ་མེད་པ་དོན་དམ་པའི་བདེན་པ་བདུད་རྩིའི་ཆོས་དེ་བསྟན་དུ་གསོལ། མ་སྐྱེས་པ་དང་མ་འགགས ་པ་དང་། ཇི་ལྟར་ན་མཁའི་མེ་ཏོག་འདྲ། འཇིག་རྟེན་ཇི་ལྟར་ཐུགསུ་ཆུད།། ཡི་གེ་མེད་པར་ཇི་ལྟར་གསུངས། ཞེས་བྱ་བ་ནི་སྐྱེ་བ་དང་། སྐྱེད་པ་དང་། བྱེད་པ་དང་། བྱེད་པ་པོ་ལ་མངོན་པར་འབྲེལ་པས་མ་སྐྱེས་པས་ན་མོ་སྐྱེས་པའོ།། སྐད་ཅིག ་པའི་དངོས་པོ་མ་གཏོགས་པར་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པ་གཞན་པའི་ཆོས་མེད་དེ། དེས་ན་མ་འགགས་པའོ།། ཇི་ལྟར་དབུ་མ་ལས་འབྱུང་བ།། གལ་ཏེ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ལྡན་དེར་རིགས་ཏེ། ་དེ་སྟེ་སྐྱེ་བ་འདུས་མ་བྱས།། འདུས་བྱས་མཚན་ཉིད་ཇི་ལྟ་རུང་།། དེས་ན་བདག་མེད་པ་གཉིས་ལ་ཡང་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་གཞན་མེདདོ།། ཆོས་ལ་བདག་མེད་པ་ལ་ཡང་གཞན་གྱི་དབང་གི་ངོ་བོ་ཉིད ་ཀྱི་གཉིས་ཀྱི་རྣམ་པ་རྣམས་མ་སྐྱེས་པ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ།། དེ་བས་ན་ན་མཁའི་མེ་ཏོག་བཞིན་དུ་ཤེས་རབ་ཀྱིས་གཉིས་ཀྱི་རྣམ་པ་སྟོང་སྟེ། དེ་ལྟར་དམིགས་སུ་མེད་པའི་ཚུལ་གྱིས་འཇིག་རྟེན་ཐུགསུ ་ཆུད་དོ།། ཡི་གེ་མེད་པ་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་མངོན་པའི་ཚུལ་གྱིས་སྤྱིར་སྒྲ་དང་དོན་དུ་སྐྱེད་དེ། གཉིས་པ་དང་མི་གཉིས་པའི་མཚན་ཉིད་ཀྱི་ཆོས་བཤད་པར ་མཛད་པ། རྣམ་པར་མི་རྟོག་པ་དེ་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱིས་བཤད་དུ་གསོལ། ཅི་ཡིས་རྣམ་པར་མི་རྟོག་འགྱུར།། ཇི་ལྟར་ན་མཁའ་འདྲ་བ་ལགས།། དེ་བཞིན་ཉིད་ནི་རྣམ་པ་དུ།། སེམས་དང་ཕ་རོལ ་ཕྱིན་པ་དུ། ཞེས་བྱ་བ་ནི་གང་གི་ཚེ་ན། ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་བ་ཕྱོགས་སུ་དབྱེ་བས་ཕྱེ་སྟེ། ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་ཆུད་པ་མི་སེམས་ཤིང་རྣམ་པར་མི་རྟོག་པ་དང་། ཆགས་པ་མེད་པའི་ནམཁའ་དང་འདྲ ་བར་འགྱུར་རོ།། དེ་བཞིན་ཉིད་ལ་རྣམ་པ་གཉིས་ཡོད་དེ། དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་སྟེ། འཁོར་བར་འཁྲུལ་པའི་རྣམ་པ་དང་མི་གཉིས་པའི་ཐར་པར་སྟོང་པའོ།། སེམས་ཞེས་བྱ་བ་སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ་ངར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤེས་ཞེས་བྱ།། ཞེས་པའོ།། དབང་པོ་དང་དོན་མེད་པར་ཡང་སེམས་ཉིད་ནི་རྨི་ལམ་གྱི་དུས་ན། མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྣམ ་པ་རྣམས་སུ་སོ་སོར་སྣང་བ་ནི།། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཕ་རོལ་ཏུ་ཕྱིན་པ་ནི་ཐེག་པ་ཆེན་པོ་ལ་ཕ་རོལ་ཏུ་ཕྱིན ་པ་བཅུའོ།། ཉན་ཐོས་ཀྱི་ཐེག་པ་དྲུག་ཀློག་གོ།། ཐེག་པ་ཆེན་པོ་ནི་ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཁྱད་པར་གྱི་མཚན་ཉིད་ཅན་ཏེ། དེའི་ཕྱིར་དེ་ལྟར་ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྨོན་ལམ ་དང་། སེམས་ཅན་གྱི་དོན་དུ་སྤྱད་པར་བྱེད་པ་སངས་རྒྱས་ཀྱི་ལམ་གྱི་ཁྱད་པར་ནི་ཉན་ཐོས་ཀྱི་ཐེག་པར་མ་གསུངསོ།། འཕགས་པའི་བདེན་པ་བཞིའི་ཡེ་ཤེས་ནི་བྱང་ཆུབ་གསུམ་གྱི་ཡང་ཐུན་མོང་བ་ལགས་ཏེ ་དེས་ན་སངས་རྒྱས་ཀྱི་ལམ་ས་དང་། ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རྣམས་ཀྱིས་ཐེག་པ་ཆེན་པོའོ།། མདོ་སྡེ་རྒྱ་ཆེ་བ་ཉན་ཐོས་རྣམས་ཀྱིས་ཁོང་དུ་མ་ཆུད་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ ་ཁ་ཅིག་དེར་འཇུག་པས་ན་བཤད་དུ་གསོལ།། གང་གིས་ས་ཡི་རིམ་པར་འགྱུར།། སྣང་མེད་རྒྱུ་བ་གང་ཞིག་ལེགས།། གང་གིས་བདག་མེད་རྣམ་པ་གཉིས།། ཤེས་བྱ་ཇི་ལྟར་རྣམ་པར་འདག། ཅེས་བྱ་བ་ནི་ཆོས་ལ་བདག་མེད་པ་ནི་ས་དང ་པོར་འགྱུ་རོ།། དེ་ལྟར་ན་ནི་གཉིས་སུ་མ་སྣང་བའི་ཏིང་འཛིན་གྱི་རིམ་པའི་ཁྱད་པར་ཀྱང་ཇི་ལྟར་ན་འགྱུར། རབ་དང་། འབྲིང་དང་། ཐ་མ་དང་། གཡོ་བའི་རིམ་པས་འགྱུར་རོ།། གཉིས་ཀྱི་རྣམ་པས་བདག་མེད་པ་གཉིས་ཏེ། སོ་སོར་སྣང་བའི་རྣམ ་པར་རྟོག་པའི་ཁྱད་པར་གྱིས་འགྱུར་བ་དང་། དེ་བཞིན་དུ་ཐོས་པ་དང་སེམས་པའི་ཡེ་ཤེས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་སོ་སོར་སྣང་བས་གང་ཟག་ལ་བདག་མེད་པའོ།། ཅི་ཤེས་བྱ་ཇི་ལྟར་རྣམ་པར་འདག་ཅེས ་བྱ་བ་ཇི་ལྟ་ཞེ་ན། གང་གི་ཚེ་ཤེས་པར་བྱ་བར་ཤེས་རབ་ཀྱིས་ཅུང་ཟད་མི་དམིགས་པ་དེའི་ཚེ་ཤེས་བྱ་འདག་གོ།། ཤེས་རབ་ཀྱིས་མི་དམིགས་པ་དང་། སྙིང་རྗེས་དམིགས་ཏེ། དེས་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང ་འཛིན་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བ་ན། ཐམས་ཅད་མཁྱེན་པའི་གཞན་གྱི་དོན་འཕེལ་བར་འགྱུར་རོ།། དེ་ལྟར་འཇིག་རྟེན་ལས་འདས་པའི་ཞུ་བ་གསོལ་ནས། གཞན་གྱི་དོན་དུ་འཇིག ་རྟེན་པ་དང་ཐུན་མོང་བའང་གསོལ་བར་བྱེད་དོ།། མགོན་པོ་ཡེ་ཤེས་རྣམ་པ་དང་།། ཚུལ་ཁྲིམས་སེམས་ཅན་འབྱུང་གནས་དུ།། ནོར་བུ་མུ་ཏིག་གསུར་འབྱུང་བའི།། རིགས་རྣམས་སུ་ཡིས་རབ་ཏུ་ཕྱུང་།། ཞེས་བྱ་བ་ནི་ཐམས་ཅད་མཁྱེན ་པའི་ཡུལ་དུ་གྱུར་པ་རྣམ་པར་ཤེས་པ་རྣམ་པ་དུ་མ་ཞུ་བར་བྱེད་པ་ནི་ཤེས་རབ་དང་། བཟོ་དང་། སྒྱུ་རྩལ་མཐའ་མེད་པ་རྣམས་སོ།། ཚུལ་ཁྲིམས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པར་བྱེད་པ་གྲངས་མེད་པ་རྣམས་སོ།། སེམས ་ཅན་གྱི་འབྱུང་གནས་ནི་དགེ་བ་དང་། མི་དགེ་བའི་ལས་མུ་མེད་པ་རྣམསོ།། དེ་བཞིན་དུ་རིན་པོ་ཆེའི་འབྱུང་གནས་རྣམས་ཏེ། སེམས་ཅན་གྱི་ལས་རྣམ་པ་སྣ་ཚོགས་ལས་འབྱུང་བ་དང་། དེ་དག་བལྟ་བར་བྱ་བའི་གཙུག་ལག་ཀྱང་དཔག་ཏུ ་མེད་པའི་ཕྱིར་ཏེ། ཇི་ལྟར་མཐའ་ཡས་པའི་སེམས་ཅན་གྱི་ཐེ་ཚོམ་སྤངས་ཏེ། བསམ་པ་མགུ་བར་འགྱུར་བ་དེ་ལྟར་བཤད་དུ་གསོལ་ཞེས་པའོ།། འཇིག་རྟེན་གྱི་ཞུ་བ་སྙིང་པོ་མེད་པ་རྣམ་པ་དེ་ལྟ་བུ་རྣམ་པ་ཐམས་ཅད་མཁྱེན་པས་སྤོང ་བའི་ལན་བཀའ་སྩལ་པར་མཛད་པ། རི་རབ་ལ་སྲང་དུ་ཡོད་པ་དང་། ས་ལ་རྡུལ་དུ་ཡོད་པ་དང་། ཡུངས་འབྲུ་དང་། ཏིལ་འབྲུ་དང་། འབྲས་དང་། ནས་དང་། སོར་དང་། མཐོ་དང་། ཁྲུ་དང་། ཁྲུ་བཞི་ལ་གཞུ་དང་། དེ་ལྔ་བརྒྱ་ལ ་རྒྱང་གྲགས་དང་། དེ་བཞི་ལ་དཔག་ཚད་ལ་སོགས་པ་སྟོང་ཕྲག་བརྒྱ་ལ་འབུམ་དང་། བྱེ་བ་དང་། དུང་ཕྱུར་དང་། ཐེར་འབུམ་དང་། ཤུ་རྔོག་ལ་སོགས་པའི་གྲངས་སུ་བྱ་བ་ཅིའི་ཕྱིར་ནི་མི་འདྲི། སྐད་ཅིག། ཡུད་ཙམ ་ཐང་ཅིག་དང་བདུན་སྟོང་གཉིས་བརྒྱའོ།། ཡུད་ཙམ་སུམ་ཅུ་ལ་ཐང་ཅིག་གོ། ཟང་ཅིག་དེ་ལ་སྐད་ཅིག་པ་སུམ་ཁྲི་དྲུག་སྟོང་ངོ་།། ཐང་ཅིག་སུམ་ཅུ་ལ་ཉིན་ཞག་གཅིག་གོ། ཉིན་ཞག་གཅིག་ལ་སྐད་ཅིག་པ་བྱེ་བ་ཕྲག་དྲུག་དང་། གཞི་མཐུན ་བརྒྱད་ཁྲི་སྟེ། གང་ན་ཕུང་པོ་ལྔ་སྐྱེ་ཞིང་འགག་པའོ།། སྐད་ཅིག་ཡུད་ཙམ། ཐང་ཅིག། འཛུམས་པ་དང་། ཕྱེ་བ་དང་། ཆུ་ཚོད་དང་། ཐུན་དང་། ཉིན་ཞག་དང་། ཟླ་བ་དང་། ལོ་དང་། བསྐལ་པའི་གྲངས་དང་། ཡུལ་ཐམས་ཅད་ཅི་སྟེ་མི་འདྲི ་ཡལ་ག་གཞོན་ནུ་དང་། ཤིང་གེ་ལྔ་པ་དང་། རྩཝ་དང་། ནགས་ཚལ་དང་། མྱ་ངན་གྱི་ཐང་དང་། བྱེ་མའི་སྒང་གི་མཐའ་དང་། བྲམ་ཟེ་རྣམས་ཀྱི་ཆོས་ཀྱི་གཙུག་ལག་རིག་པའི་གནས་རྣམ་པ་བཅོ་བརྒྱད་དང་། རྟོག་གེ་དྲུག་དང་། རིག་སྔགས་ཀྱི ་ཡན་ལག་དྲུག་དང་། སྔ་མ་ཅན་གྱི་སྲུང་དང་། སྨན་དཔྱད་དང་ངོ་།། དོན་གྱི་གཙུག་ལག་རྣམས་དེ་དག་རྣམ་པ་བཅུ་དྲུག་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པ་ཅིས་ན་འདྲི་བར་མི་བྱེད། སེམས་ཅན་རྣམས་ཀྱི་འབྱུང་གནས་ལ་སོགས་པ་གོ། ་འདུན་ཚོགས་པའི་སྐྱེ་བོ་རྣམས་ཀྱི་བསམ་པས་འདྲི་བ་དང་། ཤིང་དང་བྲོ་བ་ལ་སོགས་པ་རྣམས་མང་པོ་བྱིས་པ་རྣམས་མང་པོ་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པའི་རྒྱལ་མོའི་འདྲི་བས་ཉོན་མོངས་པ་ཡོངསུ་ཟད་པར་མི་བྱེད་ལ་ཐར་པ་མ་ཡིན་ནོ།། ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་བསྒོམས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་མཁྱེན་པའི་མཁྱེན་པར་མཛད་པའི་དཀྱིལ་འཁོར་མཐའ་དག་བླང་དོར ་གྱི་ཁྱད་པར་འབའ་ཞིག་ཏུ་སྣང་བས་ན། གང་གིས་མི་རྟག་པ་དང་སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་བསྒོམ་པར་སྦྱོར་བས་ཉོན་མོངས་པ་ཡོངས་སུ་ཟད་ཅིང་ཐར་པ་དང་། ཐམས་ཅད་མཁྱེན་པ་དང་། སེམས་ཅན་གྱི་དོན་དུ་འགྱུར ་བཔར་སེམས་ཅན་གྱི་ཕྱིར་བླང་བ་ཉིད་དེ་ལྟར་བཤད་པར་མཛད་དོ།། གང་གིས་ཁྱོད་ཉག་མའི་དོན་རྣམས་དང་བྱེ་མ་ལ་སོགས་པའི་བདག་གི་མཚན་ཉིད་ཀྱི་ཁྱད་པར་འདྲི་བ་ནི་འདོད་ཆགས་ལ་སོགས་པ་ཡོངས་སུ་ཟད་པའི་དོན་དང་། དེ་བཞིན ་དུ་ཐར་པར་འགྱུར་བ་མ་ཡིན་ནོ།། འདི་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་བར་བྱེད་པའི་ཐབས་མ་ཡིན་ནོ།། ཞེས་ཐམས་ཅད་མཁྱེན་པ་གསུང་ངོ་།། སེམས་ཅན་དངོས ་པོའི་སྣ་གྲངས་དང་།། མངོན་པར་བརྗོད་པ་སུ་ཡིས་བསྐྱེད།། རིག་པའི་གནས་དང་བ་བོ་ཡི་གནས།། གང་གིས་ཇི་ལྟར་རབ་ཏུ་བཤད། ཅེས་བྱ་བ་ནི་སེམས་རང་བཞིན་གྱིས་འོད་གསལ་ཞིང་ཆུད་པ་ཙམ་དེ་ལ་ཇི་ལྟར་ན་མངོན་པར་བརྗོད་པ་ཡོད ་དེ་ཇི་ལྟར་ཞེ་ན། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་ཀུན་ཏུ་སློང་ནས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ། རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་རྟོག་པ་སོ་སོར་སྣང་བར་དབྱེ་བ་ཕྱེ་བ་ན། མངོན་པར་བརྗོད་པ་སྐྱེ་བོ ་ཞེས་ཐམས་ཅད་མཁྱེན་པས་བསྟན་དུ་གསོལ།། སེམས་ཅན་རྣམས་ཀྱིས་མ་རིག་པས་མཉམ་པར་མི་འཇིག་པའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱིས་འཇིག་རྟེན་བདག་གི་ཡིན།། དེ་བཞིན་དུ་ཐུན་མོང ་པ་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པའི་ཁྱད་པར་ལས་ཁྱད་པར་དུ་སྣང་བར་འགྱུར་རོ།། ངེས་པའི་ལས་སོ་སོར་སྟོན་པར་བྱེད་པ་ནི་རྣམ་པར་ཤེས་པ་དང་བཟོ་རྣམས་ལ་ཡང་རབ་ཏུ་ཤེས་པར་འགྱུར་རོ།། རིགས ་དང་རིགས་མ་ཡིན་པ་ཤེས་རབ་ཀྱི་དང་། བླང་བ་སེམས་ཅན་རྣམས་ཀྱི་ལས་ཀྱིས་ཀུན་བསྐྱེད་པ་ནས་འགའ་ཞིག་མཁས་པའི་རིགས་སུ་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་དེ་སྐད་བསྒྲུབ་ཏུ་གསོལ།། རིག་པའི་གནས་དང་བཟོ་རྣམ ་ཀྱང་ཡེ་ཤེས་ཤིན་ཏུ་སྐྱེས་པའི་ཤེས་རབ་ཅན་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་མན་ངག་རྣམས་ལས་གཞན་བསྟན་ཏོ།། ཚིགས་སུ་བཅད་པ་རྣམ་པ་དུ།། ཚིགས་བཅད་རྐྱང་པ་ཇི་ལྟ་བུ། རིགས་པ་རྣམ་པ་ངུ་ཞིག་མཆིས།། བཤད ་པ་དག་ཀྱང་ཇི་ལྟར་འགྱུར། ཞེས་བྱ་བ་ནི་གུག་སྐྱེད་དུ་འཇུག་པ་དང་། ཡི་གེར་འཇུག་པ་ཚིགས་སུ་བཅད་པར་སྦྱོར་བར་བཞག་པ་རྣམ་པ་གཉིས་ཏེ། ཡ་རབས་ཀྱི་ཚིག་གོ།། དེ་ལས་གང་ཡང་འཕགས་པ་ནི་ཡ་རབས་ཏེ། དེ་དེ་ནི་མ ་རབས་ཀྱི་ཚིགས་སུ་བཅད་པའོ།། རིགས་པ་ལ་རྣམ་པ་མང་པོ་ཡོད་དེ། གཙུག་ལག་དང་རང་བཟོ་སྦྲེལ་བར་བྱ་བའོ།། སྒྲའི་དོན་དུ་བརྟགས་པ་ནི། སྒྲའི་དུ་ཇི་ལྟར་སྦྱོར་བར་འགྱུར་བ་དེ་ལྟར་རང་བཟོ་རྣམས་ཀྱིས་སྦྱར་བར་བྱའོ།། ཕོ་ཉ ་རྗེས་སུ་འགྲོ་ལ་སོགས།། གཙོ་བོ་དར་བ་བཞིན་དུ་ནི།། ལྔ་ཡི་དུས་དང་ལྡན་པ་སྟེ།། ཤིན་ཏུ་བཤད་མེད་འཇུག་པ་ཉིད།། ཤེས་རབ་ཅན་སྤོབས་པ་ཐོགས་པ་མེད་པ་རྣམས་ཀྱིས་བཤད་པ་འདི་ནི་མཐའ་མེད་པ་ཉིད་དེ། ཇི་ལྟར་སྨྲས་པ། ་བརྒྱ་ལས་དཔའ་བོ་གཅིག་ཅིག་འབྱུང་།། སྟོང་རྣམས་ལས་ཀྱང་མཁས་པ་གཅིག། སྟོང་ཕྲག་བརྒྱ་ལས་སྨྲ་བདེ་གཅིག། སྦྱིན་གཏོང་ཕོད་པ་འབྱུང་ངམ་མིན།། སྐོམ་དང་ཁ་ཟས་སྣ་ཚོགས་དང་།། ཇི་ལྟར་འཁྲིག་པ་འབྱུང་བར་འགྱུར།། ་རྒྱལ་པོ་འཁོར་ལོས་སྒྱུར་བ་དང་། ཁམས་ཀྱི་བདག་པོ་ཇི་ལྟར་ལགས། ཞེས་བྱ་བ་ནི་ལས་རྣམ་པ་སྣ་ཚོགས་ལས་སེམས་ཅན་རྣམས་ཀྱི་སྐོམ་དང་ཟས་རྗེས་སུ་མཐུན་པ་བཞིན་དུ་སྣ་ཚོགས་དུ་མར་དམིགས་སོ།། འཁྲིག་པ་ནི་རྟག་པ་དང ་མཛེས་པ་དང་། གཙང་བར་ཕྱིན་ཅི་ལོག་པ་དང་། གཡེམ་བག་གི་ཁཟས་ལ་སོགས་པ་ལས་ཀྱང་ཀུན་ཏུ་བརྟགས་པའོ།། འདོད་ཆགས་དང་བྲལ་བ་རྣམས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་བསྒོམ ་པས་དཀྱིལ་འཁོར་གསུམ་དུ་མི་དམིགས་པས་ན་གང་ཆགས་པར་འགྱུར་བ་དང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་པར་འགྱུར་བ་དེས་ཆོས་དེ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་རྒྱ་ཚུར ་འབྱུང་ངོ་།། ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་འདོད་པའི་ལོངས་སྤྱོད་ལ་མོས་པ་མེད་ཀྱང་གཞན་གྱི་དོན་དུ་སྨོན་ལམ་གྱི་དབང་ཐོབ་པས་ལས་ཇི་བཞིན་པ་དང་མཐུན་པར་ས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་པོ་གླིང ་བཞིའི་བདག་པོ་འམ། ཁམས་ཀྱི་བདག་པོའི་རྒྱལ་པོ་ཐབས་སྤྱོད་པར་འགྱུར་རོ།། རབ་ཏུ་དགའ་བའི་བྱང་ཆུབ་སེམས་དཔའི་སར་སྟོབས་ཀྱི་འཁོར་ལོས་སྒྱུར་བར་མི་འགྱུར་ཞིང་། ཕལ་ཆེར་གླིང་བཞིའི་དབང་པོར་འཁོར ་ལོས་སྒྱུར་བར་གྱུར་ཏེ། སེམས་ཅན་དགེ་བ་བཅུའི་ལམ་དུ་འགོད་པར་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ནི། ཟས་འདོད་པ་ལ་ཟས་དང་། སྐོམ་འདོད་པ་ལ་སྒོམ་དང་། དེ་བཞིན་དུ་གོས་དང་མལ་སྟན་ལ་སོགས ་པ་སུ་ཅི་འདོད་པ་བཞིན་དུ་ཁ་ན་མ་ཐོ་བ་མེད་པར་ཐམས་ཅད་ལ་ཐམས་ཅད་སྦྱིན་ནོ།། ཇི་ལྟར་རྒྱལ་སྲིད་བསྲུང་བར་འགྱུར། ལྷ་ཡཱི་རིས་ལ་རྣམ་པ་དུ།། སྭ་དང་སྐར་ཚེགས་ཅི་ལས་གྱུར།། ཉི་ཟླ་གཉིས་ཀྱང་ཇི་ལྟ་བུ། ཞེས་བྱ་བ་ནི་བྱང་ཆུབ ་སེམས་དཔའ་ཐུགས་རྗེས་གཞན་གྱི་དོན་མཛད་པ་རྒྱལ་སྲིད་ཇི་ལྟར་སྲུང་བར་བྱེད་ཅེ་ན། གནོད་པའི་སེམས་ཅན་སྐྲོད་པར་བྱེད་དེ། ཇི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ། སེམས་ཅན་མང་པོ་ལ་གནོད་ཅིང་། དཀོན་མཆོག་གསུམ ་ལ་མི་དབེན་པ་དེ་ལ་ཕན་པའི་ཕྱིར་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། ཆད་པའི་གཙེས་བཅད་ན་ཡང་ལྟུང་བའང་མེད་ལ་བསོད་ནམས་ཀྱང་ཚར་འགྱུར་རོ་ཞེས་པའོ།། བསོད་ནམས་ཅན་རྣམས་བསོད་ནམས་ཇི་བཞིན་པ་དེ་བཞིན་དུ་རྣམ་པ་དུ་མའི ་ཡུལ་གྱི་རིས་སུ་འབྱེད་པར་སྐྱེ་བར་འགྱུར་རོ།། ལྷའི་འཇིག་རྟེན་དུ་སྐྱེས་པའི་འཇིག་རྟེན་གྱི་མགོན་པ་དེ་དག་གང་གིས་དམོང་མོ་འདོར་བ་དང་། ཕན་པ་བྱེད་པའི་མཐུ་ཅན་དུ་འགྱུར་ཞིང་ས་དང་སྐར་ཚོགས་འབྱུང་བ་སོ་སོར་སྣང་བར་འགྱུར་བ་དེ་ལྟ ་བུའི་ཏིང་འཛིན་ཡོད་དོ།། ཡང་ན་ཉི་མ་དང་ཟླ་བ་དག་ལས་རྣམ་པ་དུ་མས་ཐམས་ཅད་དུ་འཇུག་པ་བཞིན་ནོ།། ཐར་པ་རྣམ་པ་དུ་ཞིག་མཆིས།། རྣལ་འབྱོར་ལྡན་པ་རྣམ་པ་དུ།། སླེབ་མ་རྣམ་པ་དུ་ཞིག་མཆིས།། སླེབ་དཔོན་དུ་ཡང་ཇི་ལྟར་འགྱུར ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་ལུས་པ་དང་བཅས་པ་དང་། ལྷག་མ་མེད་པར་འབྱེད་པས་ཕྱེ་བའོ།། མུ་སྟེགས་ཅན་རྣམས་ནི་མིའི་འཇིག་རྟེན་གྱི་སྡུག་བསྔལ་དགྲོལ་བའི་མཚན་ཉིད་པས་ན་ལྷའི ་འཇིག་རྟེན་དུ་སྐྱེ་བ་ཐར་པ་ཡིན་ནོ་ཞེས་ཀུན་ཏུ་རྟོག་གོ།། ཁ་ཅིག་གིས་ནི་བདག་འབའ་ཞིག་ཞི་བ་དང་། རོ་གཅིག་པར་སྦྱོར་བའི་ནི་རྣལ་འབྱོར་ཞེས་ཏེ། ཚངས་པའི་བདག་ཉིད་མི་གཉིས་པ་དང་། སྒྲའི་ཚངས་པ་མི་གཉིས་དང་། ཡོད་པ་མིག ་པ་དང་། རྣམ་པར་ཤེས་པ་མི་གཉིས་དང་། བདག་གི་རང་བཞིན་ནི་ཚོར་བ་དང་། བཅས་པ་དང་། ཚོར་བ་མེད་པ་དང་།། ཁྱབ་པ་དང་། རྡུལ་ཙམ་དང་། རྣམ་པ་གཅིག་པ་དང་། རྣམ་པ་དུ་མ་པའོ་ཞེས་སོ།། རྣལ་འབྱོར་ལྡན་པ་ལ་ནི་རྣམ་པ་མང ་པོ་ཡོད་དེ། ཐོག་མ་པ་དང་། རྣལ་འབྱོར་གྱི་ལམ་ལ་གནས་པ་དང་། རྣལ་འབྱོར་སྐྱེས་པའོ།། དེ་གཉིས་པ་དང་མི་གཉིས་པའི་རྣལ་འབྱོར་དབྱེ་བས་འབྱེད་ཅིང་སྔགས་དང་རྒྱུད་ཀྱི་ཡེ་ཤེས་ཀྱི་མཆོག་ཐོབ་པ། རྣལ་འབྱོར་གྱི་དབང་པོ་ཐམས་ཅད ་མཁྱེན་པ་ཉོན་མོངས་པ་དང་། ལས་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པར་རྩ་བ་ནས་བཏོན་པ། ཐུགས་རྗེ་དང་ཤེས་རབ་ཀྱིས་གཞན་དོན་སྤྱོད་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཁྱད་པ་རྣམས་ཀྱིས་བསོད་ནམས་དང་ཡེ ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པའོ།། སློབ་མ་ཐོག་མ་པ་ནི་ཐོས་པ་དང་། སེམས་པ་ལ་བརྩོན་པའོ།། བར་མ་ནི་རིག་པ་ཡོངས་སུ་རྫོགས་པའོ།། མཁས་པ་ནི་ཡང་དག་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་པ་དང་། འཁོར ་བའི་སྡུག་བསྔལ་ཟད་པར་བྱ་བ་ལ་འགྲུས་པ་དང་། སྙིང་རྗེ་དང་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པར་དགའ་ཞིང་རྣལ་འབྱོར་གྱི་དབང་པོ་ཡིན་པའོ།། སློབ་དཔོན་ཡང་ཡང་དག་པའི་གཙུག་ལག་གི་མན་ངག་སྟོན་པ་དང་། ་རྣལ་འབྱོར་གྱི་ལམ་དུ་གཟོད་པར་བྱེད་པ་པ་དང་། ཡེ་ཤེས་ཀྱི་ཁྱད་པར་སྐྱེས་པ་དང་། བདག་དང་གཞན་གྱི་དོན་ནུས་པ་དང་། འདྲོད་ཚོགས་ལ་སོགས་པའི་ཉོན་མོངས་པའི་སྐྱོན་ཟད་པ་དང་། སྙིང་རྗེ་ཅན་དང་ཤེས་རབ་ཀྱིས་བླང་བ་དང་། ངོར ་བའི་དངོས་པོ་ཤེས་པའོ།། སངས་རྒྱས་རྣམ་པ་དུ་ཞིགས་ལགས།། སྐྱེས་པའི་རབས་ལ་རྣམ་པ་དུ།། བདུད་ལ་རྣམ་པ་དུ་ཞིག་མཆིས།། ཡ་མཚན་ཅན་ཡང་རྣམ་པ་དུ་ཞེས་བྱ་བ་ནི་ཐེག་པ་གསུམ་ཆར་གྱིས་ཀྱང་མངོན་པར་རྫོགས་པར་བྱང ་ཆུབ་པས་ན་ཤེས་རབ་རབ་དང་། འབྲིང་དང་། ཐ་མའི་བྱེ་བྲག་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བརྟེན་ཏེ་སངས་རྒྱས་སུ་འགྱུར་རོ།། མུ་སྟེགས་ཅན་ཚངས་པར་སྤྲོ་བ་པོ་རྣམས་ཀྱིས་བྱ་བ་ནི་དག་པའི་སངས་རྒྱས་ནི་གྲོལ་ཞེས་པའོ།། ་ཞི་བ་པ་སྨྲ་བ་ནི་སངས་རྒྱས་པ་སངས་རྒྱས་པར་བྱེད་པ་ནི་སངས་རྒྱས་ཞེས་སོ།། སངས་མ་རྒྱས་པ་ནི་འཁོར་བ་ཅན་ནོ།། རེག་པའི་དབང་པོ་དང་། ཚོགས་ཀྱི་དབང་པོ་ལ་སོགས་པ་ལྷ་ཆེན་པོ་རྣལ་འབྱོར་གྱི་དབང་པོ་ནི་སངས་རྒྱས་པར་བྱེད ་པ་ཞེས་བྱའོ།། སངས་རྒྱས་ནི་ཞི་བ་སྟེ། དེས་ན་སྨྲས་པ། ལུས་ཅན་ཆ་བཅས་ཤེས་པར་བྱ།། རིག་པ་ཆ་དང་ཆ་མེད་རྣམས།། ཆ་མེད་ཞི་བ་དེ་ཁོ་ན།། ཀུན་གྱི་སྟེང་དུ་གནས་པའོ།། སྐྱེ་བའི་རབས་ནི་སྦྱིན་པ་དང་།། ཚུལ་ཁྲིམས་དང་། བཟོད ་བ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་དུ་མཐའ་མེད་པའོ།། བདུད་ལོ་རྣམ་པ་བཞི་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི ་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ།། ཡ་མཚན་ལ་རྣམ་པ་མང་སྟེ། གཉིས་པ་དང་མི་གཉིས་པར་སྨྲ་བ་རྣམས་དང་། དབང་པོ་དོད་པ་དང་། དབང་པོ་མ་དོད་པ་རྣམས་དང་། ཁྲུས་དང་། སྦྱིན་སྲེག་དང་། གད་པ་དང་། གཡང་སར ་ལུས་འདོར་བ་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པར་རྣམ་པར་རྟོག་པ་དང་། འབྲས་བུ་དང་། རྩ་བ་དང་། འོ་མ་དང་། འོ་མྲ་མ་ཡིན་པ་དང་། འབྲས་དང་། ཆུ་དང་། འོ་མ་ཟ་བ་དང་། ཐལ་བས་བྱུག་པ་དང་། སྒྲ་འབྲལ་བ་དང་། རལ་པའི་ཅོད་པན ་གྱིས་བརྒྱན་པ་དང་། གར་དང་། གླུ་དང་། བ་ལང་དང་། རི་དགས་དང་། རྨ་བྱའི་བརྟུལ་ཞུགས་དང་། ཆ་བྱད་རྣམ་པ་དུ་མ་དང་། རིན་པོ་ཆེ་དང་། གསེར་ལ་སོགས་པ་འཛིན་པས་བདག་ཏུ་སྨྲ་བ་ཐམས་ཅད་ཀྱིས་རྣམ་པར་ཐར་པར་སྨྲ་བས་ན་བདག་ཏུ ་ཆགས་པ་ཡོངས་སུ་མ་སྤངས་ཀྱི་བར་དུ་ཐར་པར་མི་རུང་ངོ་ཞེས་ཐམས་ཅད་མཁྱེན་པས་བསྒྲུབ་པར་གསོལ།། ཁྱོད་ཀྱིས་རང་བཞིན་རྣམ་པ་དུ།། སེམས་ནི་རྣམ་པ་དུ་ཞིག་མཆིས།། བཏགས་པ་ཙམ་ཡང་ཇི་ལྟ་བུ།། སྨྲ་བའི་མཆོག་གིས་བདག ་ལ་གསུངས། ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ལ་རང་བཞིན་རྣམ་པ་གཉིས་ཏེ། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་དབྱེ་བས་འབྱེད་པའོ།། སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ།། དེ་ཡང ་ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། བཏགས་པ་ཙམ་ནི་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་སྟེ། འཛིན་པ་དང་གཟུང་བའི་དངོས་པོས ་ཁམས་གསུམ་རྣམ་པར་བཞག་གོ།། ཕྱིའི་དོན་ཡོད་པ་མ་ཡིན་ཏེ། སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ནི་ཇི་ལྟར་སྟོང་པར་འགྱུར་བ་དེ་ལྟར་ཐམས་ཅད་མཁྱེན་པས་བསྟན་དུ་གསོལ་ཞེས་བློ་གྲོས་ཆེན་པོས་གཞན་གྱི་ཆེད་དུ་བསམ་པར་བརྟག་གོ།། ནུམ ་མཁའི་སྤྲིན་རླུང་ཅི་ལས་གྱུར།། དྲན་དང་ཡིད་གཞུངས་ཇི་ལྟར་འབྱུང་།། ཤིང་གི་འཁྲི་ཤིང་ཇི་ལྟར་མཆིས།། སྲིད་གསུམ་དབང་པོས་བདག་ལ་གསུངས། ཞེས་བྱ་བ་ལ་སྤྲིན་ནི་སྤྲིན་ཏེ། འཇིག་རྟེན་གྱི་མགོན་པ་ལ་སོགས་པའི་ལྷས་འཇིག ་རྟེན་གྱི་དགོས་པ་བྱེད་པའོ།། ཡིད་གཞུངས་ལ་སོགས་པ་ནི་ནད་མེད་པ་ལས་སྐྱེས་པའོ།། སེམས་ཅན་རྣམས་ཀྱི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ལས་རྣམ་པ་སྣ་ཚོགས་ཀྱིས་ཚུལ་སྟུག་པོ་དང་ཤིང་གི་ལྕུག་མ་ལ་སོགས་པའི་དངོས་པོ ་སྐྱེས་པ་སྟེ། གང་གིས་སེམས་ཅན་རྣམས་ལ་དུག་དང་དུག་སྨན་ལ་སོགས་པའི་ཁྱད་པར་དུ་འབྱེད་པ་ཕན་པ་དང་། གནོད་པའི་འབྲས་བུ་ལགས་པས་ན། དེ་དེ་ལྟར་གཟུང་བར་སོ་སོར་སྣང་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་སྣ་ཚོགས་པ་སྲིད ་པ་གསུམ་གྱི་དབང་པོས་ལས་ཀྱིས་ཁྱད་པར་དུ་བསྟན་དུ་གསོལ།། སེམས་ཅན་མཐའ་དག་གིས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ལས་ལྷག་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བྱུང་བ་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངསུ ་དག་པ། འདོད་ཆགས་དང་བྲལ་བ་མཐའ་མེད་པའི་སེམས་ཅན་གྱི་རྒྱུད་ཀྱི་རྒྱུན་ཆེན་པོ་རངས་པར་མཛད་པ། ཕུང་པོ་ལ་སོགས་པའི་གཟུགས་ཀྱི་དབང་པོ་ཐམས་ཅད་མཁྱེན་པས་ལས་རྣམ་པ་སྣ་ཚོགས་བཤད་དུ་གསོལ་ཞེས་པའོ།། གླང་པོ་རི་དགས ་རྟ་བླུ་ན་རྣམས།། གཟུང་དུ་རུང་བ་ཅི་སླད་དུ།། ངན་པའི་མི་རྣམས་ཅི་ལས་གྱུར། བདག་ལ་སེམས་ལུང་སྒྱུར་བས་གསུངས།། ཞེས་བྱ་བ་ནི་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བས་ན་གང་གིས་ཇི་ལྟར་ཡོངསུ་སྤངས་པ་བཞིན་དུ་དེ་དེ་ལྟར་དགེ་བ་དང ་མི་དགེ་བ་མངོན་པར་འདུ་བྱེད་པས་གྲུབ་པར་འགྱུར་བ་སྟེ། ཤེས་རབ་དང་བླུན་པ་ལ་སོགས་པའི་ཁྱད་པར་དུ་འབྱེད་པ་ན་ལྷ་དང་། མི་དང་། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དུ་སོ་སོར་སྣང་ངོ་།། མ་རོག་པས་མཉམ་པར་བཞག་ཏུ་མེད་པ ་པ་དང་། ལས་རྣམ་པར་སྨིན་པའི་མཐུ་དང་། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་བྱེ་བྲག་རྣམས་ཀྱི་རྟ་དང་། གླང་པོ་དང་། རི་དགས་རྨོངས་པ་རྣམས་སྡིག་པའི་ལས་རྣམ་པར་སྨིན་པས་ཟིལ་གྱིས་མནན་པས་ན་བླུན་པ་རྣམས་མི་བླུན་པ་རྣམས་ཀྱིས་གཟུང་བར ་བཏུབ་པོ།། མི་མེ་རབས་ཐ་ཤལ་ངན་ལས་ལ་འགྲུས་པ་རྣམས་དེས་གཞན་པའི་དབང་ཕྱུག་རྣམས་ཀྱིས་བཀོལ་བར་བྱེད་དོ།། ཀྱེ་དེ་དག་གི་སེམས་འདུལ་བ་པོ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བས་བཤད་དུ་གསོལ།། ཁམས་དྲུག ་འཛིན་པ་ཅི་སླད་དུ།། འདོད་ཆེན་པར་ཡང་ཇི་ལྟར་འགྱུར།། སྐྱེས་པ་བུད་མེད་མ་ནིང་རྣམས།། ཇི་ལྟར་སྐྱེ་འགྱུར་བདག་ལ་གསུངས། ཞེས་བྱ་བ་ནི་ལས་ཀྱི་ཁམས་དྲུག་ཏུ་འགྱུར་ཏེ། ཁམས་དྲུག་ནི་དུས་དྲུག་གོ།། འདོད་ཆེན་པ་ནི ་གཏི་མུག་གིས་ལོངས་སྤྱོད་རྣམས་ལ་འཇུག་པར་འགྱུར་རོ།། བུད་མེད་དང་སྐྱེས་པ་དང་། མ་ནིང་རྣམས་ཀྱང་ལས་གང་གིས་སྤྱོད་པ་དང་། མི་སྤྱོད་པར་འཇུག་པ་དེ་ལས་རྣམ་པ་སྣ་ཚོགས་ཐམས་ཅད་མཁྱེན་པས་བསྟན་དུ་གསོལ།། རྣལ་འབྱོར་ལས ་ནི་ཇི་ལྟར་ལྡོག། རྣལ་འབྱོར་ལ་ཡང་ཇི་ལྟར་འཇུག། ཅི་འདྲིའི་སྐྱེས་བུ་ཇི་ལྟ་བུར།། རྣལ་འབྱོར་བཞག་པ་དག་ལ་གསུངས་ཞེས་བྱ་བ་ནི་སེམས་མཉམ་པར་འདུས་པ་ཅན་ཀུན་དུ་སྐྱོ་བར་འགྱུར་ཏེ། སྐད་ཅི་པ་ཙམ་གྱིས་རྣལ་འབྱོར་ལས་ཡུལ ་རྣམས་སུ་འཇུག་པར་བྱེད་དོ།། གང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་རྣམ་ས་མི་བསྒོམ་པ་དེ་ནི་ཕྱིའི་དོན་མཛེས་པ་དང་། མི་མཛེས་པར་དམིགས་པའི་ཚུལ་དུ་རྣམ་པར་རྟོག་པར་བྱེད་དོ།། ་གང་ཡང་ཤེས་རབ་ཀྱིས་ཕྱིའི་དོན་སྒོམ་པ་ཕྲ་བ་ཉིད་རྣམ་པར་གཞིག་ཅིང་མི་དམིགས་པ་ནི་རྣལ་འབྱོར་ལས་མི་ལྡོག་ཅིང་དེ་ལྟར་མཉམ་པར་འཇོག་པ་ལ་རྒྱུན་དུ་འདུག་སྟེ། ཡུལ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། ་སྟོང་པར་མཐོང་ངོ་།། གང་དག་ཤེས་རབ་ཀྱིས་སེམས་མཉམ་པར་འདུས་ཏེ། ཡུལ་རྣམས་མི་རྟག་པ་དང་། མྱི་མཱཛེས་པ་དང་། སྟོང་པར་མཐོང་ཞིང་སྐྱེ་བ་ཅན་རྣམ་པ་དེ་ལྟ་བུ་དང་ལྡན་པ་དང་། རྣལ་འབྱོར་གྱི་དབང་པོས་གང་ཟག་དང་ཆོས་ལ་བདག ་མེད་པ་དེ་དག་ཀྱང་བསྟན་དུ་གསོལ།། འགྲོ་བར་ཕྱིན་པའི་སེམས་ཅན་གྱི།། མཚན་མ་མཚན་ཉིད་ཇི་ལྟ་བུར།། གང་གིས་ཇི་ལྟར་ཕྱུག་པོར་འགྱུར།། མཁའ་འདས་བདག་ལ་བཀའ་སྩོལ་ཞིག། ཅེས་བྱ་བ་ནི་བཙས་མ་ཐག་པ་ལྔ། རྒ་བ་དང་། འཇིག་པ ་དང་། མྱ་ངན་ཡང་དག་པར་སྣང་བས་ན་སྔོན་གྱི་གོམས་པ་ཡོད་པར་རྗེས་སུ་དཔག་གོ། སྡུག་བསྔལ་དང་བདེ་བ་བསྒྲུབ་པར་གདོན་མི་ཟ་བར་སྔར་ཡོད་པའི་ཕྱིར་རོ།། སྤང་བ་དང་བླང་བ་དང་། བཏང་སྙོམས་ཀྱི་བློ་ཅན་རྣམས་ཀྱི་ཤེས་པའི་ཁྱད་པར ་བླ་མའི་ཡང་བླ་མ་གང་དང་གང་ཡིན་པ་དེ་དང་དེ་ནི་སློབ་མ་རྣམས་མཁས་པའི་ཕུལ་དུ་ཕྱིན་པའི་ཁྱད་པར་བཞིན་དུ་ཐོག་མ་ཐོག་མར་ཐོས་པ་དང་། སེམས་པོ་ལ་སོགས་པར་སྦྱངས་པའི་ཕྱིར་ཏེ། དེ་བས་ན་བཙལ་མ་ཐག་པ་དང་། ཤེས་རབ་ལ ་སོགས་པའི་ཁྱད་པར་ཡོད་དོ།། ཚོར་བ་མེད་པའི་འབྱུང་བ་རྣམས་ལས་དེ་དག་ཇི་ལྟར་ན་ཡོད་པར་འགྱུར། དེ་བས་ན་འགྲོ་བར་ཕྱིན་པ་རྣམས་ཀྱིས་ཤེས་རབ་ལ་སོགས་པའི་མཚན་མས་ཚེ་གཞན་བསྒྲུབ་པའོ།། བྱུང་བ་རྣམས་ལ་ཁྱད་པར ་མེད་པས་ན་འགྲོ་བའི་རྣམ་པ་དུ་མ་ཇི་ལྟར་ན་རུང་། དེ་དག་ཐ་དད་པའི་ཕྱིར་ཞེས་དེ་སྐད་ན་ནི། བྱུང་བ་རྣམས་ཀྱི་ཐ་དད་པའི་ཁྱད་པར་དུ་ཡང་སུས་བྱེད། གལ་ཏེ་རྒྱུ་གཞན་གྱི་ཁྱད་པར་མེད་ན་ནི་དེ་དག་གི་ཚེ་ཆུང་གི་དངོས་པོ་ཇི་ལྟར་འགྱུར། དེས་ན་འགྲོ། ་བའི་རྣམ་པ་སྣ་ཚོགས་གཞན་དུ་མི་འཐད་ཀྱི་རྒྱུ་གཞན་རྗེས་སུ་དཔག་གོ། ཇི་ལྟར་ཐམས་ཅད་མཁྱེན་པས་ཆོས་བཅུ་པ་ལས་གསུངས་པ། དུད་པས་མེ་ནི་ཤེས་པར་བྱེད།། བྱ་བཞད་ཀྱིས་ནི་ཆུ་ཡོད་པར།། བྱང་ཆུབ་སེམས་དཔའ་ཤེས་ལྡན་གྱི། ་རིག་ནི་མཚན་མ་རྣམས་ཀྱིས་ཤེས།། དེ་བས་ན་ཤེས་རབ་དང་། ནད་མེད་པ་དང་། ལངས་སྤྱོད་དང་། བཞིན་བྱད་དང་། སྱཱད་ཀྱིཅིང་རོ་ལ་སོགས་པའི་འབྲས་ཐུན་བསོད་ནམས་ལས་སྐྱེས་པ་དང་། དབུལ་པ་དང་ནད་ལ་རྦརྨཱ། ་པའི་སྲམ་དུརྫོག་པ་ལས་འབྱུང་བར་རྗེས་སུ་དཔག་གོ།། རྒྱུད་མ་ལས་རྣམ་པ་སྣ་ཚོགས་ཀྱི་འབྲས་བུ་སྲོས་པ་ནི། ཚན་དུ་མས་རིམ་ཐོས་པ་དང་འདྲའོ།། འཇིག་རྟེན་གྱི་རྣམ་པ་སྣ་ཚོགས་དྲུག་པ་དང་། དབུལ་བ་དང་། གཟུགས་ལེག ་པ་དང་། མི་ལེགས་པ་དང་། ནད་དང་ནད་མེད་པའི་མཚན་མ་ལས་ལས་སྐྱེས་པར་རྗེས་སུ་དཔག་གོ།། ཇི་ལྟར་ཅི་ཞིག་ཤཱཀྱའི་རིགས།། བུ་རམ་ཤིང་སྐྱེས་ཇི་ལྟར་བྱུང་།། ཡུན་རིངས་དྲང་སྲོང་དཀའ་ཐུབ་གླང་།། ཁྱོད་ཀྱི་དྲི་ནི་ཇི་ལྟར་བསླབས།། ཞེས་བྱ་བ ་ནི་འགྲེས་པ་ཆེན་པོའི་རིགས་སུ་ཀློག་པ་སྔོན་སེར་སྐྱའི་གནས་སུ་དྲང་སྲོང་སེར་སྐྱ་གནས་པས་མས་དབེན་གྱི་སྲིང་མོ་ཆུང་མ་རེ་ལོང་ཞིག་པར་རྒྱལ་རིགས་གཞོན་ནུ་རྣམས་ལ་དེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། ཅི་དེ་ལྟར་བྱེད་ནུས་སམ། ཡང ་དེས་སྨྲས་པ། ནུས་ཞེས་སོ།། དེས་ན་ཤཱཀྱ་ཞེས་མོ་བྱུང་ངོ་།། དེ་དག་ལས་རྒྱལ་རིགས་གཞོན་ནུ་ཞིག་རབ་ཏུ་བྱུང་ནས་དེའི་གནས་སུ་རྐུན་པོ་ཞིག་བྱུང་བའི་ཆད་པར་དེ་གསལ་ཤིང་གིས་ཕུག་པ་དང་། དེའི་མཁན་པོ་དཀའ་བ་ཅན་དུ་ཡུན་རྙིང་ངས ་ཐུབ་གླིང་སྐྱེས་ནས་བྱ་བ་དེས་དེ་མཐོང་ནས། བུ་དེ་ཅིནས་དྲིས་པ་དང་། ཇི་ལྟ་བུར་གྱུར་པ་དེས་མཁན་པ་ལ་སྤྲས་པའི་འོག་ཏུ་ངེས་ཀྱང་སུ་སྟེགས་ཅན་གྱི་ལྟ་བར་སྨྲས་པ། བུ་མེད་ལ་ནི་འགྲོ་བ་མེད་ཅེས་སོ།། དེ་བས་ན་བུ་སྐྱེ་བར་གྱིས།། ཇི ་ཞེས་པ་དང་སྨྲས་པ། སྔོན་གྱི་ལོངས་སྤྱོད་ཀྱི་རྗེས་སུ་དྲན་པར་བྱས་ཏེ། ཁུ་བ་འབྱིན་པར་གྱིས་ཤིག་དེའི་ཁུ་བའི་ཐིགས་པས་བུ་གཉིས་སུ་རེད་པ་བུ་རམ་ཤིང་གི་ར་བར་ཞུགས་པ་དང་། དྲང་སྲོང་གིས་བསོས་ནས། དེའི་ཕྱིར་བུ་རམ་ཤིང་སྐྱེས་ཞེས ་མིང་དུ་གྱུར་ཏོ།། ཁྱོད་ཉིད་ཞིང་རྣམས་ཐམས་ཅད་དུ།། མཚན་དང་དེ་བཞིན་གཟུགས་སྣ་ཚོགས།། རྒྱལ་བའི་སྲས་ཀྱིས་སྐོར་བར་ཡང་།། ཅི་ཡི་སླད་དུ་ཀུན་ན་གདའ་ཞེས་བྱ་བ་ནི་ཉི་མ་བཞིན་དུ་གཅིག་པུ་ཉིད་འཇིག་རྟེན་ཐ་དད་པར་ཆུའི་སྣོད་དུ་མར་སྣང། ་བ་བཞིན་དུ་སྤྲུལ་པ་མང་པོ་འཕྲོས་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་ཅིང་། འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་མགུ་བར་མཛད ་པ། སྐར་མོའི་བདག་པོ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན་དུ་རྣམ་པ་མང་པོའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་ཤིང་འགྲོ་བ་མ་ལུས་པར་གང་བར་ཀུན་ཏུ་སྣང་ངོ་།། མཐོ་རིས་ཀྱི་འཇིག་རྟེན་ནས་གཤེགས ་པ་དང་། ཡུམ་སྒྱུ་མའི་ལྷུམས་སུ་ཞུགས་པ་དང་། བལྟམ་པ་དང་། གཞོན་ནུ་རོལ་པ་དང་། དཀའ་བ་སྤྱད་པ་དང་། བདུད་བཅོམ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བའི་དབྱིངས་སུ་མྱ་ངན་ལས་འདའ་བས། སེམས ་ཅན་སྐྱོ་བར་མཛ་རིད་པ་དང་། སེམས་ཅན་གོ་བདུན་གྱི་མཛད་པས་ཁྱབ་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོས་སེམས་ཅན་རྣམས་མང་པོར་རབ་ཏུ་འབྱེད་པ་ཆུད་པར་མཛད་དུ་གསོལ།། ཇི་ལྟར་ཤ་རྣམས་བཟར་མི་རུང་།། ཇི་ལྟར ་ཤ་ནི་བཀག་པ་ལགས།། ཤ་ཟའི་རིགས་སུ་སྐྱེས་པ་རྣམས།། ཤ་འཚལ་བར་ཡང་ཇི་ལྟར་གྱུར།། ཅེས་བྱ་བ་ནི་བྱང་ཆུབ་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་འཇུག་སྟེ། དེ་བདག་ཉིད་ཀྱིས ་གཏོང་བས་ན་དེས་ཇི་ལྟར་ཤ་ཟ་བར་འགྱུར། གང་ཡང་ཉན་ཐོས་ཀྱི་ཐེག་པ་པ་སྙིང་རྗེ་མེད་པ་དེ་ལ་ཡང་བཀག་པ་སྟེ། ཤ་དང་ཉ་ལ་སོགས་པ་ནི།། རབ་ཏུ་བྱུང་བས་བསྔོས་བཟོས་ན།། བརྩེ་བ་མེད་པའི་སེམས་སྐྱེ་བས།། དེའི་ཚེ་ཕྱིར་གསོད་པའང ་འབྱུང་བར་འགྱུར་ཞེས་བྱ་བས་སོ།། ཤིའི་འདོད་ཆེན་ལ་གོམས་ཏེ་སྡིག་པའི་ལས་ཀྱིས་ཤ་ཟ་བའི་རིགས་ཤ་ཟ་བར་འགྱུར་བ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན ་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པའི་སེམས་ཅན་རྣམས་ཤིའི་རོ་མྱོང་བ་ལ་ཆགས་པ་སེམས་ཅན་ལ་གནོད་པའི་སེམས་ཇི་ལྟར་སྤང་བར་འགྱུར་བ་དང་། མཐའ་གསུམ་གཙང་ཞིང་ལྷུང་བཟེད་དུ་རྩལ་བ་འབྲས་ལ་སོགས་པ་བཞིན་དུ ་ཆགས་པ་མེད་ཅིང་བཏང་སྙོམས་ཀྱི་སེམས་ཀྱིས་འཆོལ་ཅིག་པར་ཐམས་ཅད་མཁྱེན་པས་ཐུན་མོང་དུ་ཆུད་པར་མཛད་དུ་གསོལ། ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་གསུངས་པ། འཛངས་པ་བློ་ཅན་མཁས་པ་ཡིས།། ཟས་གཙང་ཐིམ ་པོ་ཅུང་ཟད་འགྱུར།། དེ་ཉིད་དུ་ནི་བཞག་མེད་ན།། རྣལ་འབྱོར་ཅན་དེ་ཟབ་བཀག་མེད་རུང་།། ། ཡ་རབས་དང་མ་རབས་ཀྱི་ཚིག་ལ་མངོན་པར་ཆགས་པའི་བློ་དགག་པའི་དོན་དུ་ཇི་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་ཆུད་པར་འགྱུར་བ་དེ་བཞིན་དུ ་སངས་རྒྱས་ཀྱིས་གསུང་རབ་ཏུ་སྒྲ་སྦྱོར་བ་མཛད་དེ། དེས་ན་དེ་དང་གཞན་དུ་ཡང་ཡུལ་དབུས་ཀྱི་བར་ཀློག་གོ།། ཇི་ལྟར་ཐམས་ཅད་མཁྱེན་པས་གསུངས་པ། དགེ་སློང་དག་ཕྱིའི་གཙུག་ལག་རྣམས་ནི་ལྕགས་ཀྱི་སེའུ་དང་མཚུངས་ཏེ། འབྲད་པ ་ཆེན་པོས་ཁོང་དུ་ཆུད་པར་བྱ་སྟེ་ཁོང་དུ་ཆུད་ཀྱང་འདོད་ཆགས་དང་བྲལ་བ་དང་ཞི་བའི་དོན་མེད་པས་ན་འབྲས་བུ་མེད་པ་ཡིན་ནོ།། ཇི་ལྟར་ཞིང་རྣམས་ཉི་ཟླའི་དབྱིབས།། རི་རབ་པདྨོ་འདྲ་བ་དང་།། དཔལ་བེའུ་སེང་གེའི་དབྱིབས་འདྲ་བ།། ཅི་ཡི་སླད ་པ་བདག་ལ་གསུངས་ཞེས་བྱ་བ་ནི་ཞིང་རྣམ་པ་དུ་མར་བཞག་པ་ནི་ཇི་ལྟར་སེམས་ཅན་རྣམས་ལ་མངོན་པར་དང་བའི་རྒྱུར་འགྱུར་བ་དེ་ལྟར་ཐམས་ཅད་མཁྱེན་པོ་གཟུགས་རྣམ་པ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་བྱིན་གྱིས་རློབ་པར ་མཛད་དེ། ཇི་ལྟར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་འབྱུང་བ། བསམ་པ་ཡོངས་སུ་དག་པ་ནི་ཞིང་ཡོངས་སུ་དག་པ་ནི་ཞིང་ཡོངས་སུ་དག་པའོ་ཞེས་སོ།། དེས་ན་ཉི་མ་དང་ཟླ་བ་དང་། རི་རབ་དང་། པདྨོ་དང་། དཔལ་བེའུ་མངོན ་པར་མཛེས་པའི་རྒྱན་རྣམས་ཀྱི་ཞི་བགྲོད་པར་མཛད་དོ།། ཇི་ལྟར་འཕགས་པ་འཇམ་དཔལ་གྱི་ཞིང་བཀོད་པའི་རྒྱུན་དང་། བདེ་བ་ཅན་གྱི་ཞིང་ལ་སོགས་པ་ལྟ་བུའོ།། སྟང་དང་འོག་ཏུ་བཀོད་པ་དག། མིག་འཕྲུལ་འདྲ་བ་ཇི་ལྟ་བུ།། རིན་ཆེན ་ཀུན་གྱི་ཞིང་རྣམས་ཀྱང་།། ཇི་ལྟར་ཅི་སླད་བདག་ལ་གསུངས། ཞེས་བྱ་བ་ནི་འོག་དང་། བར་དང་། ལྷག་དང་། གློ་དང་། རྒྱུན་ཆགས་དང་། བར་ཆད་དུ་ཞིང་གི་སྣང་བ་རྣམ་པར་གནས་ཏེ། དེ་དག་ཐམས་ཅད་ཀྱང་ཕྱིའི་རྣམ་པར་གྲུབ་པ་མེད་པར ་སྒྱུ་མ་དང་འདྲ་བ། ཞིང་སོ་སོར་སྣང་བའི་རིམ་པ་སེམས་ཅན་རྣམས་ཀྱི་ལས་ཀྱིས་རྣམ་པ་སྣ་ཚོགས་སུ་སྣང་ངོ་།། ཇི་ལྟར་རྡོ་རྗེ་གཅོད་པ་ལས་འབྱུང་བ། ཞིང་གི་རྒྱན་ཞིང་གི་རྒྱན་ཞེས་བྱ་བ་དེ་དག་ནི་ཞིང་གི་རྒྱན་མ་ཡིན ་པར་དེ་བཞིན་གཤེགས་པས་གསུངསོ་ཞེས་པའོ།། སེམས་ཅན་གང་དག་ལ་བསོད་ནམས་ཀྱི་ཚོགས་རྣམ་པར་སྨིན་པ་སོ་སོར་སྣང་བར་འགྱུར་ཞིང་བསོད་ནམས་ཀྱི་ཚོགས་རྣམས་ལས་གྲུབ་པ་ཐམས་ཅད་ནི་རིན་པོ་ཆེར་སྣང་ངོ་།། པི་ཝཾ ་ཡི་དབྱིབས་འདྲ་དང་།། འབྲས་བུ་མེ་ཏོག་སྣ་ཚོགས་འདྲ།། ཉི་ཟླ་དག་དང་རྣལ་བྲལ་བ།། ཇི་ལྟར་ཅི་སླད་བདག་ལ་གསུངས། ཞེས་བྱ་བ་ནི་པི་ཝཾ་ལ་སོགས་པའི་རང་བཞིན་གྱི་དབྱིབས་དང་མེ་ཏོག་དང་། འབྲས་བུ་ལྟ་བུའོ།། ཉི་མ་དང་ཟླ ་བའི་འོད་དང་བྲལ་བ་ནི་རྣམ་པ་དུ་མའི་བསོད་ནམས་ཀྱི་ཁྱད་པར་གྱིས་ཞིང་གི་རྒྱན་དང་རང་གི་འོད་ཀྱིས་སོ་སོར་སྣང་ངོ་།། ལ་ལ་སྤྲུལ་པའི་སངས་རྒྱས་དང་།། སངས་རྒྱས་ལ་ལ་རྣམ་སྨིན་བྱུང་།། ཡ་དག་ཡེ་ཤེས་སངས་རྒྱས་རྣམས། ་ཇི་ལྟར་ཅི་སླད་བདག་ལ་གསུངས།། ཞེས་བྱ་བ་ནི་སྤྲུལ་པ་གང་དག་མྱ་ངན་ལས་འདའ་བར་བྱེད་པ་དེ་དག་སྤྲུལ་པའི་སྐུའི་སངས་རྒྱས་ཡིན་ནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་སྨིན་པ་ལས་བྱུང་བ་གཟུགས་རྣམ་པ་སྣ་ཚོགས ་ཀྱི་རྣལ་འབྱོར་གྱི་དབང་པོ་མགུ་བར་མཛད་པ་ཐོག་མར་མངོན་པར་རྫོགས་པ་སངས་རྒྱས་པ་ཐམས་ཅད་མཁྱེན་པོའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རྣམ་པར་སྣང་མཛད་ཀྱི་སངས་རྒྱས་བཅོམ་ལྡན་འདས་བཙུན ་གཙོ་དེ་དག་སྣང་ངོ་།། གང་གི་ཚེ་ཤེས་རབ་ཀྱིས་སྡོམ་པ་དྲང་ཕྲ་བ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་ཡོད་པ་མིན། ཞེས་བྱ་བ་དེའི་ཚེ་ཕྱིའི་དོན་ལ་མི་དམིགས་ཏེ། འཛིན་པ་དང་གཟུང་བའི་རྣམ་པ་དང་བྲལ་ནས་བསམ་པ ་པ་མེད་ཅིང་སྣང་བ་མེད་པ་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་དེ་བཞིན་ཉིད་ལ་རང་གིས་རིག་པར་བཞུགས་པ་དེ་དག་ནི་ཆོས་ཀྱི་སྐུའི་དེ་བཞིན་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཞེས་བགྱི་བས་ན་ཐམས་ཅད་མཁྱེན་པས་སྐུ ་གསུམ་གྱི་ཁྱད་པར་བསྟན་དུ་གསོལ། ཅི་སླད་ཇི་ལྟར་འདོད་ཁམས་སུ།། རྣམ་སངས་མ་རྒྱས་བདག་ལ་གསུངས།། ཅི་ཡི་སླད་དུ་འོག་མིན་དུ།། ཆགས་བྲལ་ཁྲོད་དུ་མངོན་སངས་རྒྱས་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྤྲུལ་པའི་སྐུ་མངོན ་པར་འཚང་རྒྱ་བར་བསྟན་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་བསྟན་པའི་སྐལ་བ་མེད་ཅིང་རྐྱེན་དུ་མ་བབ་ལ་སྤྲུལ་པའི་སྐུ་འཚང་རྒྱ་བའི་རིམ་པར་མ་བསྟན་ན་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཡིད་མི་ཆེས་ཏེ། འདོད་པ་ན་སྤྱོད་པའི་ལྷ ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མོ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སེམས་ཅན་རྣམས་དྲང་བའི་དོན་དུ་བདུད་བཅོམ་ནས་འདོད་པའི་ཁམ་སུ་མངོན་པར་རྫོགས་པར ་སངས་རྒྱས་པར་ཅིའི་སླད་དུ་འོག་མིན་དུ། ཆགས་བྲལ་ཁྲོད་དུ་མངོན་པར་སངས་རྒྱས། ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་ནས་གནས་བཅུ་བདུན་གྱི་བསམ་གཏན་ལ་སྙོམས་པར་ཞུགས་པའི་རྣམས་ཚངས་པ་ལ་སོགས་པའི ་རྣལ་འབྱོར་ལ་མངོན་པར་ཡ་མཚན་དུ་འཛིན་པ་བསལ་བའི་དོན་དུ་དེར་རྫོགས་ལོངས་སྤྱོད་པའི་སྐུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་གྱིས་སངས་རྒྱས་ཏེ། དེར་རྣལ་འབྱོར་པ་རྣམས ་ལ་ཆོས་བཤད་པར་མཛད་ན་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་རྒྱུན་འདི་བསྟན་དུ་གསོལ།། བདེ་གཤེགས་མྱ་ངན་འདས་ནས་ཀོ། བསྟན་པ་སུ་ཞིག་འཛིན་པར་འགྱུར།། སྟོན་པ་ཇི་སྲིད་པར་དུ་བཞུགས།། ཚུལ་ཡང་ཇི་སྲིད ་གནས་པར་འགྱུར། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ཁྱད་པར་དུ་ཐེག་པ་ཆེན་པོ་ནི་བཙུན་གཙོ་ཚིག་གི་དབང་པོ་ལ་གཏད་པར་འཕགས་པ་འཇམ་དཔལ་གཞོན་ནུའི་རྒྱུད་ལས་ཀློག་གོ། འདི་ཉིད་དུ་ཡང་གསུངས་པ། ལྷ ་ཕྱོགས་བེ་ཏའི་ཡུལ་དུ་ནི།། དགེ་སློང་དཔལ་ལྡན་ཆེར་གྲགས་པ།། དེ་མིང་ཀླུ་ཞེས་བོད་པ་སྟེ།། ཡོད་དང་མེད་པའི་ཕྱོགས་འཇིག་པ།། ང་ཡི་ཐེག་པ་འཇིག་རྟེན་དུ།། བླ་མེད་ཐེག་ཆེན་རབ་བཤད་ནས།། རབ་ཏུ་དགའ་བའི་ས་བསྒྲུབས་ཏེ།། ་བདེ་བ་ཅན་དུ་དེ་འགྲོའོ།། གང་ན་རྟོག་པ་དང་དགེ་སློང་གི་ལས་ཡོངས་སུ་རྫོགས་པར་འགྱུར་ཞིང་ཉམས་པ་མེད་པརོ་ལོ་སྟོང་གི་བར་དུ་བསྟན་པ་གནས་པར་འགྱུར་རོ།། དུས་དམ་པ་ཡང་ལོ་བརྒྱད་ཁྲི་བཞི་སྟོང་ནས་དུས་དར་ཏེ། སྐྱེ་དགུ ་ཚེ་ལོ་བརྒྱད་ཁྲིན་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་བཙུན་གཙོ་བྱམས་པ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུའོ།། ཁྱོད་ཀྱི་གྲུབ་མཐའ་རྣམ་པ་དུ།། ལྟ་བ ་དག་ཀྱང་རྣམ་པ་དུ།། དགེ་སློང་དངོས་དང་འདུལ་བ་ཡང་།། ཅི་སླད་ཇི་ལྟར་བདག་ལ་གསུངས།། ཞེས་བྱ་བ་ནི་གྲུབ་པའི་མཐའ་ལ་རྣམ་པ་གསུམ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་བྱེ་བྲག་ཏུ་ཕྱེ་བའོ།། ལྟ་བ ་ཡང་ཕྱིའི་དོན་དང་། རྣམ་པར་ཤེས་པ་དང་སྟོང་པ་མི་གཉིས་པའི་མཚན་ཉིད་དུ་ཡང་རྣམ་པ་གསུམོ།། འདུལ་བ་ཡང་། ལྔ་དང་བརྒྱད་དང་བཅུ་ཀུན་ཀྱང་།། ཐམས་ཅད་ལས་བྲལ་ཁས་ལེན་པ།། དགེ་བསྙེན་ཁ་ཅིག་གནས་པ་དང་།། ་དགེ་སྦྱོང་བསྟན་པ་དགེ་སློང་ངོ་།། ཞེས་བགྱི་བ་དེ་ལྟར་བཤད་དུ་གསོལ།། རང་རྒྱལ་རྒྱལ་སྲས་ཉན་ཐོས་ཀྱི།། ཅི་སླད་འགྱུར་བ་བརྒྱ་པོ་དང་།། སྣང་བ་མེད་པ་བརྒྱ་པོ་ཡང་།། ཅི་ཡི་སླད་པ་བདག་ལ་གསུངས། ཞེས་བྱ་བ་ནི་འཁྲུལ་པ་ནས ་འཕོ་བོ་བརྒྱ་ནི་གཉིས་སུ་མེད་པའི་དོན་དམ་པའི་བདེན་པའི་རིགས་པས་སྤང་ངོ་།། བརྒྱ་ནི་མཐའ་མེད་པར་ཉེ་བར་བརྟག་པར་བྱེད་པའོ།། གནས་འཕོ་བ་ནི་བསལ་བའོ།། དེ་ལ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ཀུན་དུ་སྤངས་པ་ན་སྣང ་བ་མེད་པ་བརྒྱ་ཡང་གཉིས་སུ་མེད་དོ།། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་སྣང་བ་མེད་པའི་ཏིང་ངེ་འཛིན་དུ ་རྟོགས་པ་མཚུངས་པ་ཉིད་དོ།། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དེ་དག་ལ་སྙོམས་པར་ཞུགས་ན་ཡེ་ཤེས་གསུམ་རབ་ཏུ་ཤེས་པར་འགྱུར་ཞེས་སོ།། འཇིག་རྟེན་མངོན་ཤེས་གང་གིས་བྱུང་།། འཇིག ་རྟེན་འདས་ཀྱིའང་ཇི་ལྟ་བུར།། སེམས་ནི་ས་རྣམས་བདུན་པོ་ཡང་།། ཇི་ལྟར་ཅི་སླད་བདག་ལ་གསུངས།། ཞེས་བྱ་བ་ནི་རྫུ་འཕྲུལ་གྱིས་ན་མཁར་འགྲོ་ཞིང་འབར་བ་དང་།། སྣང་བ་ལ་སོགས་པའོ།། ་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་ནི་འཇིག་རྟེན་པའི་རྣལ་འབྱོར་པ་དང་ཐུན་མོང་བའོ།། ཉོན་མོངས་པ་ཟད་པ་ཤེས་པ་དྲུག་པ་ནི་འཇིག ་རྟེན་ལས་འདས་པ་སྟེ། བདག་མེད་པ་ཡོངས་སུ་ཤེས་པས་འགྲུབ་པ་སྟེ། དེ་འབྱུང་བས་འཁོར་བའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ།། སེམས་ནི་ས་རྣམས་བདུན་པོ་ཡང་།། ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་འདི་ཉིད་དུ་ཐམས ་ཅད་མཁྱེན་པས་གསུངས་པ། ས་བདུན་དག་ནི་སེམས་ཡིན་ཏེ།། སྣང་བ་མེད་པ་བརྒྱད་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ས་གཞན་ང་ཡི་རང་བཞིན་ནོ།། ཕྱིའི་དངོས་པོ་བསལ་ཏེ་རྣམ་པར་ཤེས་པ་ཙམ་གྱིས་ས་བདུན ་གྱི་དབང་པོ་རྣམས་མཉམ་པར་འཇོག་པར་བྱེད་དོ།། ཇི་ལྟར་འདི་ཉིད་དུ་གསུངས་པ།། ཕྱི་ཡི་དངོས་པོ་གསལ་ནས་སུ།། ཤེས་པ་ཙམ་ལ་འཇུག་པས་ན།། འདི་ནི་དབུ་མའི་ནན་ཏན་ཏེ།། ང་དང་གཞན་གྱིས་བཤད་པའོ།། ་ས་བརྒྱད་པོའི་དབང་པོ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པར་མི་རྟོག་པར་དབུ་མ་དྲི་མ་མེད་པའི་ཏིང་འཛིན་ལ་སྙོམས་པར་འཇུག་པ་སྟེ། ཇི་ལྟར་འདི་ཉིད་དུ་གསུངས་པ། དངོས་མིན་དངོས་པོ་མ་ནི་ཡང་མིན།། ཡོད་དང་མེད་པར ་མི་དམིགས་པ།། འདི་ནི་དབུ་མའི་ནན་ཏན་ཏེ། ང་དང་གཞན་གྱིས་བཤད་པའོ།། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། དངོས་པོས་མངོན་པར་རྟོགས་པ་དང་། དངོས་པོ་མེད་པས་མངོན་པར་རྟོག་པ་ཡང ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པར་མཉམ་པས་མངོན་པར་རྟོགས་སོ་ཞེས།། ཁྱོད་ཀྱིས་དགེ་འདུན་རྣམ་པ་དུ།། ཇི་ལྟར་དགེ་འདུན་དབྱེན་དུ་འགྱུར།། སེམས་ཅན་གསོ་བའི་གཙུག་ལག་ཀྱང་།། ཇི་ལྟར་ཅི་སླད་བདག་ལ་གསུ ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་པ་དང་། གཉི་ག་སྡོམ་པ་པ་དང་ཕྱིར་མི་ལོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་འདུན་ནོ།། དགེ་འདུན་གྱི་དབྱེ་ཀྱང་ཉན་ཐོས་ཀྱི་ཐེག་པ་པ་དང་འགྱུར་རོ།། གནས་ཁང་གཅིག་ཏུ་གནས་པར་མི ་བྱ་བ་དང་། ལམ་གཅིག་ཏུ་འགྲོ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། གང་ན་ཉན་ཐོས་ཀྱི་ཐེག་པ་པའི་ལྟུང་བར་འགྱུར་བ་དེ་ཐེག་པ་ཆེན་པོའི་ལྟུང་བ་མ་ཡིན་ནོ།། སེམས་ཅན་གསོ་བའི་གཙུག་ལག་ཏུ་གྱུར་པ་ནི་གཏི་མུག་གི་རྒྱུ་ལས་སྡིག ་པའི་ནད་ལོག་པའི་ཡེ་ཤེས་ཀྱིས་འབྱུང་བ་ཡང་དག་པའི་ཡེ་ཤེས་ཀྱིས་ལྡོག་པར་འགྱུར་བ་དེ་དེ་ལྟར་ཐམས་ཅད་མཁྱེན་པས་གསུངས་སོ།། འོད་སྲུངས་ལོག་པར་དད་སོལ་དང་།། གསེར་ཐུབ་ཀྱང་ནི་ང་ཡིན་ཞེས།། རྒྱལ ་བའི་སྲས་ལ་གསུངས་པ་དེ།། ཐུབ་པ་ཆེན་པོ་ཅི་སླད་གསུངས། ཞེས་བྱ་བ་ནི་མཆོག་ཏུ་ཡོངས་སུ་དག་པ་འདོད་ཆགས་དང་བྲལ་བ་ཞིང་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོས་གཟུགས་ཀྱིས་ཆོ་འཕྲུལ་གྱིས་མཐའ་ཡས ་པའི་སེམས་ཅན་གྱི་རྒྱུད་མགུ་བར་བྱེད་པ་དེ་ཇི་བཞིན་པ་རྫོགས་པའི་སངས་རྒྱས་པ་ཡང་དེ་བཞིན་ནོ་ཞེས་དེ་ལྟ་བུའི་དོན་དགོངས་པ་མདོ་སྡེ་འདི་ཉིད་དུ་གསུང་བ་མཛད་དོ།། བདག་དང་སེམས་ཅན་ཅིས་མེད་བརྗོད ་རྟག་དང་འཇིག་གཏམ་ཇི་ལྟ་བུ།། ཅི་སླད་སེམས་ཙམ་ཡང་དག་ཉིད།། ཐམས་ཅད་དུ་ན་བཤད་མི་མཛད། ཅེས་བྱ་བ་ལ། བདག་དང་སེམས་ཅན་མེད་པར་འཆད་པ་ནི་རྟག་པ་དང་བདག་ཏུ་ཞེན་པའི་འཁོར་བའི་སྡུག་བསྔལ་བཅད་པའི་ཕྱིར་རོ།། ་རྟག་པ་འཇིག་པར་འཆད་པ་ཡང་བྱེད་པ་པོར་སྨྲ་བ་བཅད་པའི་ཕྱིརརོ།། རྟག་པ་གང་ཡང་མེད་དེ། དེ་མ་སྐྱེས་པས་ན་ཡོད་པ་མ་ཡིན་པ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། ཡང་དག་པ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར ་རྟོག་པ་དང་བྲལ་བ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པའོ།། ཅིའི་སླད་དུ་སེམས་ཙམ་ཐམས་ཅད་དུ་བཤད་པར་མི་མཛད་ཅེས་བྱ་བ་དེ་ལྟར་བློ་གྲོས་ཆེན་པོས་ཕྱི་ཕྱིར་གསོལ་བས་ན་ཐམས་ཅད་མཁྱེན་པས་སྒྲུབ ་པར་མཛད་པ་གཅིག་ལ་བཤད་པ་གང་ཡིན་པ་དེ་ནི་གཞན་ལ་བཤད་པ་མིན། ནད་པའི་དབང་ལས་སྨན་པ་བཞིན།། སྨན་ནི་སོ་སོར་རྟོག་པའོ།། ཞེས་ཏེ། དེས་ན་སྣོད་མ་ཡིན་པ་རྣམས་ལོ་གཉིས་སུ་མེད་པའི་ཡང་དག་པར་ངེས་ཐམས་ཅད ་དུ་མི་འཆད་དོ།། ཇི་ལྟ་ཞེ་ན། ཐོག་མ་པ་གཟུང་བའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རིམ་གྱིས་ངས་འཆད་དོ།། ཅི་སྤང་སྐྱེས་བུ་ན་ཆུང་ནོར།། ཨ་རུ་ར་དེང་སྐྱུ་རུ་ཚལ།། ཀཾ་ལ་ས་དང་འཁོར་ཡུག་རི།། རྡོ་རྗེ་སྲ་བལ ་ཇི་ལྟ་བུ། ཞེས་བྱ་བ་ལ། སྐྱེས་བུ་དང་ན་ཆུང་གི་ནོར་ནི་གང་པོ་དང་མོ་ལ་མཁོ་བ་དེ་ཐམས་ཅད་ན་ནརཱ་ཏེ། ལས་ལས་འཇིག་རྟེན་རྣམ་པ་སྣ་ཚོགས་བྱུང་བའི་ཕྱིར་རོ།། ཨ་ར་ར་དང་སྐྱུ་རུ་རའི་ཚལ་ནི་སྨན་ཏེ། སྐྱོན་གསུམ་འཕྲོག་པས་ན་ཐམས ་ཅད་ལ་མཁོ་བའོ།། ཀེ་ལ་ས་དང་ཁོར་ཡུག་རི།། རྡོ་རྗེ་སྲ་བའང་ཇི་ལྟ་བུ། ཞེས་བྱ་བ་ནི་འབྱུང་ཁུང་མང་བའི་རིན་པོ་ཆེའི་འབྱུང་གནས་ཏེ། སེམས་ཅན་གྱི་དོན་དུ་བྱུང་བ་ལྷ་རྣམས་ཀྱི་གནས་སོ།། དེའི་དྲུང་ན་མི་གཡོར་རི།། རིན་ཆེན་སྣ་ཚོགས་རབ ་བརྒྱན་ཅིང་།། དྲང་སྲོང་དྲི་ཟས་ཀུན་གང་ན།། ཇི་ལྟར་ཅི་སླད་བདག་ལ་གསུངས། ཞེས་བྱ་བ་ནི་རི་རབས་ཀྱི་འཁོར་ཡུག་གི་དྲུང་ན་རིན་པོ་ཆེའི་འབྱུང་གནས་མི་གཡོ་བ་དྲང་སྲོང་དང་དྲི་ཟ་རྣམས་ཀྱི་གནས་མཆིས་པ།། བསོད་ནམས་ཅན་གྱི་སེམས ་ཅན་རྣམས་ཀྱི་བསོད་ནམས་ཀྱིས་རིན་པོ་ཆེའི་འབྱུང་གནས་བྱུང་བར་ཐམས་ཅད་མཁྱེན་པས་སྒྲུབ་ཏུ་གསོལ། གང་གིས་སེམས་ཅན་རྣམས་ཀྱིས་བསོད་ནམས་མངོན་པར་སྤེལ་བའི་སླད་དུ་སེམས་དང་བའི་ཁྱད་པར་དུ་འགྱུར་བའོ།། ལྷ ་ཆེན་གྱིས་ནི་གསན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཙུན་གཙོའི་སངས་རྒྱས་ནི་ལྷ་ཐམས་ཅད་ཀྱི་ལྷ་ཆེན་པོ་ཡིན་ནོ།། དྲིས་པ་བརྒྱ་རྩ་བརྒྱད་སླར་གསལ་བ་ནས་གང་དག་འཁོར་བ་དང་། ལོག་པའི་ཡེ་ཤེས་དང་། སྡུག་བསྔལ་ཟད་པའི ་དོན་དུ་མཁོ་བའི་དྲིས་པ་དེ་དག་གི་ལན་ནི་ཐོག་མར་ལེགས་སོ་ཞེས་གསུངས་ཏེ་གསུང་ངོ་།། དྲིས་པ་ཡང་ངག་ཡང་རྩཝ་དང་ཤིང་ལ་སོགས་པའི་ཁྱད་པར་དེ་དག་ལ་སྐྱོན་ཆེ་བར་བཤད་ཅིང་དེ་དག་འཇིག་རྟེན་གྱི་ཆེད་དུ་ལན་གསུངས་པ། ཐེག ་པ་ཆེ་ཚུལ་སྣ་ཚོགས་པ།། སངས་རྒྱས་རྣམས་ཀྱི་ཐུགས་མཆོག་འདི།། སངས་རྒྱས་འཇིག་རྟེན་མཁྱེན་པའི་ཕུལ།། ལྷ་ཆེན་གྱིས་ནི་གསན་པ་དང་། ཞེས་ཏེ། དེ་འདྲི་བ་བརྒྱ་རྩ་བརྒྱད་པ་བླང་བ་དང་། དོར་བའི་བྱེ་བྲག་གིས ་ཐེག་པ་ཆེན་པོའི་ཚུལ་སྣ་ཚོགས་ནི་སངས་རྒྱས་རྣམས་ཀྱི་ཐུགས་མཆོག་ཡིན་ནོ།། དེར་ལྷ་ཆེན་པོ་ཐམས་ཅད་མཁྱེན་པའི་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་བཙུན་གཙོའི་སངས་རྒྱས། བཙུན་གཙེལ ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་བློ་གྲོས་ཆེན་པོ་ལ་ལེགས་པར་བསྟབས་པ། ཤེས་རབ་ཆེན་པོ་ལེགསོ་ལེགས།། ཁྱོད་ཀྱིས་ཡོངསུ་གང་དྲིས་པ།། དེ་ནི་རིམ་གྱིས་ངས་བཤད་ཀྱིས།། བློ་ཆེན་ང་ལས་ཤེས་པར་བྱོས།། སྐྱེ་དང་སྐྱེ་བ ་མེད་པ་དང་།། ཇི་ལྟར་མྱ་ངན་འདས་དང་སྟོང་།། འཕོ་དང་རང་བཞིན་མེད་པ་དང་།། སངས་རྒྱས་ཕ་རོལ་ཕྱིན་དང་སྲས་ཞེས་བྱ་བར་སྔར་དྲི་བ་ཇི་ལྟར་གསོལ་པ་བཅོམ་ལྡན་འདས་ཀྱང་དེ་ལྟར་བཤད་པར་མཛད་དེ། དྲི་བ་གང་དག་ལ་སྐྱེས་བུའི་དོན ་དུ་མཁོ་བ་མེད་ཅིང་སྐྱོན་ཆེ་བ་དེ་དག་བཅོམ་ལྡན་འདས་ཀྱིས་སྐྱོན་ཆེ་བར་གསུངས་ཞིང་བློ་གྲོས་ཆེན་པོ་ལ་ལན་མི་སྩོལ་བ་ནི་ས་ལ་རྡུལ་ཇི་སྙེད་ཡོད་པ་དང་། རི་རབ་ལ་སྲང་དུ་ཡོད་པ་དང་། ཉི་ཟེར་གྱི་རྡུལ་ཕྲ་མོ་ཇི་ཙམ་པ་དང་། རྡུལ་ཕྲ་མོ་བདུན་ནམ ་བརྒྱད་ལ་རྡུལ་ཕྲ་མོ་ཐམས་ཅད་ཀྱང་ཇི་ཙམ་ཡོད་པ་ཅིའི་ཕྱིར་མི་འདྲི་ཞེས་ཏེ། དེས་ནི་རང་བཞིན་གྱི་དངོས་པོ་མེད་པས་ན་དངོས་པོ་མེད་པ་སྟེ། ཇི་ལྟར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། སྒྲ་མ་གཏོགས་པ་རྡུལ་ཕྲ་མོ་ལ་རྫས་བརྒྱད་དོ།། ་མཆོག་ཏུ་ཕྲ་བ་བདུན་ལ་རྡུལ་བར་མར་འགྱུ་རོ།། དེ་བདུན་ལ་རྡུལ་ལོ།། དེ་བདུན་བདུན་གྱི་གོང་མའི་གྲངས་ཀྱི་རི་བོང་དང་། ལུག་དང་བུ་ལང་གི་སྤུ་རྡུལ་དང་། སྲོ་མ་དང་། ཤིག་དང་། ཡུངས་ཀར་དང་། མ་སེ་དང་། ནམ་དང་། ཏོ་ལ་དང་། འཛིན་པ། ་དང་། གསེར་སྲང་གཅིག་གི་གྲངས་ལ་སོགས་པའོ།། འཇིག་རྟེན་གྱི་ནི་བརྒྱད་ལས་གྲངས་སུ་འདྲེ་བའོ།། འཛིན་པ་ནི་སྲང་གི་བཞིའི་ཆར་གྲུབ་པའོ།། ཡུངས་ཀར་བདུན་ནམ་བརྒྱད་ཀྱིས་ནས་གཅིག་གོ།། ནས་བརྒྱད་ལ་ཚིགསོ།། ཚིགས ་བཞི་ལ་སོར་མོའོ།། སོར་མོ་བཅུ་གཉིས་ལ་མཐོའོ།། མཐོ་དེ་ལ་ཁྲུའོ།། ཁྲུ་བཞི་ལ་གཞུའོ།། གཞུ་ལྔ་བརྒྱ་ལ་རྒྱང་གྲགས་སོ།། རྒྱང་གྲགས་བཞི་ལ་དཔག་ཚད་ཀྱི་གྲངས་ལ་སོགས་པ་ཡུལོ།། དུས་ལ་སོགས་པའང་ཅིའི་ཕྱིར་ན་མི་འདྲི། ་དེ་དག་ལས་དྲི་བའི་གཙོ་རྣམས་ཀྱི་ལན་ནི་བླན་པར་འགྱུར་མེད་ཀྱི། འདྲི་བ་བརྒྱ་རྩ་བརྒྱད་པོ་སངས་རྒྱས་ཀྱིས་བསྔགས་པ་དོན་དམ་པའི་བདེན་པ་ཡང་དག་པ་ཉིད་ཅེས་བྱ་བ་འདི་ཇེ་ཉོན་ཅིག་ཅེས་ནས་ཐམས་ཅད་མཁྱེན་པས་སྟོན་པར ་མཛད་པ། སྐྱེ་བའི་ཚིག་དང་མི་སྐྱེ་བའི་ཚིག་ཅེས་བྱ་བ་ལ་སོགས་པའོ།། དེ་ལ་སྐྱེ་བའི་ཚིག་ནི་ཀུན་རྫོབ་ཏུ་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའོ།། མི་སྐྱེ་བའི་ཚིག་ནི་བདག་མེད་པ་གཉིས་ལྔ་བྱེད་པ་དང་བྱེད་པ་པོ་མངོན་པར་འབྲེལ་པ་མེད ་པས་སྔ་མའི་འོག་ཏུ་ཞེས་བྱ་ན་མི་གཉིས་པ་དོན་དམ་པའི་ཚིག་གོ། རྟག་པའི་ཚིག་དང་། མི་རྟག་པའི་ཚིག་ནི་རྒྱུན་རྟག་པས་ན་རྟག་པའི་ཚིག་གོ།། རང་གི་མཚོན་ཉིད་དུ་མི་རྟག་པས་ན་མི་རྟག་པའི་ཚིག་གོ།། མཚོན་ཉིད་ཀྱི་ཚིག་དང་མཚན་ཉིད་མེད ་པའི་ཚིག་ཅེས་བྱ་བ་ལ། མཚན་ཉིད་ཀྱི་ཚིག་ནི་རང་གི་མཚན་ཉིད་ལ་སྐད་ཅིག་པར་ཐམས་ཅད་མཁྱེན་པས་དགོངས་པའོ།། ཡང་མཚན་ཉིད་ནི་མཚན་ཉིད་མ་སྟེ། དོན་དུ་མའི་ཕྱིར་རོ།། དམ་པའི་ཆོས་དང་མི་འགལ ་བའི་སྒྲའི་དོན་དུ་སྦྱོར་བ་ཙམ་དུ་ཟད་ཀྱི། ཁྱད་པར་ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ།། མཚན་ཉིད་མེད་པའི་ཚིག་ནི་གང་ན་མཚན་མ་ཅུང་ཟད་ཀྱང་མཚན་མར་བྱ་བ་མེད་པའམ། རྣམ་པར་རྟོག་པ་མེད་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པ ་མི་རྟོག་པ་དེ་མི་གཉིས་པའོ།། གནས་གཞན་དུ་འགྱུར་བའི་ཚིག་དང་། གནས་གཞན་དུ་འགྱུར་བ་མ་ཡིན་པའི་ཚིག་ནི་སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པ་སྟེ། ཐེལ་དང་ཟུར་གྱི་རིམ་པར་རྣམ་པར་རྟོག་པའི་མུ་སྟེགས་ཅན་གྱི་བློའི་རྗེསུ་མཐུན ་པར་མཛད་དེ། འདུས་མ་བྱས་པར་དགོངས་པའོ།། སྐད་ཅིག་པའི་ཚིག་དང་སྐད་ཅིག་པ་མེད་པའི་ཚིག་ནི་སྐྱེས་མ་ཐག་ཏུ་འཇིག་པས་ན་སྐད་ཅིག་པ་སྟེ། ཐོག་མ་དང་ཐ་མའི་དུས་སུ་གནས་པའི་རྣམ་པའི་ཆ་དང་བྲལ་བ་ནི་སེ་གྲོལ་གྱི་སྒྲ་ལ་སོགས ་པ་དེ་མ་ཐག་ཏུ་འཇིག་པ་བཞིན་ནོ།། སྐད་ཅིག་པ་མེད་པའི་ཚིག་ནི་རྒྱུན་རྟག་པའམ་དངོས་པོ་མེད་པ་སྟེ། རྟག་པ་མ་སྐྱེས་པས་ན་དངོས་པོ་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། སྐད་ཅིག་པ་མ་ཡིན་པ་ནི་རིམ་དང་ཅིག་ཆར་དུ་དོན་བྱེད་པ ་འགལ་ལོ།། གང་ལ་དོན་བྱེད་པའི་མཐུ་མེད་པ་དེ་དངོས་པོ་མ་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ།། རང་བཞིན་ཡོད་པའི་ཚིག་དང་རང་བཞིན་མེད་པའི་ཚིག་ནི་གང་ལ་བསྲེགས་པ་དང་འཚེད་པ་ལ་སོགས་པའི་རང་བཞིན་དུ་དོན་བྱེད་ནུས་པ་སྲ་བ་དང་། རླན ་པ་དང་། དྲ་བ་དང་། གཡ་བ་ལ་སོགས་པ་དེས་འབྱུང་བའི་རང་བཞིན་སྐྱེས་པར་བྱའོ།། གང་ཡང་རྣམ་པ་ཐམས་ཅད་ཅི་རྣམ་པར་རྟོག་པ་དང་བྲལ་གསོད་པ་དང་མེད་པར་བརྗོད་དུ་མེད་པ་དང་། གཉིས་སུ་མེད་པར་ཡང་དག་པར་རིག་པ་དུ་ལ ་ཡང་རང་བ་སྦྱིན་མེད་དོ།། སྟོང་པ་ཉིད་ཀྱི་ཚིག་དང་། སྟོང་པ་ཉིད་མ་ཡིན་པའི་ཚིག་ནི་ཡོངསུ་གྲུབ་པའི་ཆུང་པ་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། ཇི་ལྟར་འཕགས་པ་བཙུན་གཙོ་བྱམས་པས་གསུངས་པ། གཉིས་མེད་མེད་པའི་དངོས་པོ་ནི། ་སྟོང་པ་ཡི་ནི་མཚན་ཉིད་དོ།། ཞེས་སོ།། སྟོང་པ་མ་ཡིན་པ་ཡང་གཞན་གྱི་དབང་གི་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་པས་མི་སྟོང་པ་སྟེ། དེར་བྱིས་པ་རྣམས་དངོས་པོར་མངོན་པར་ཆགས་པར་འཇུག་པ་ནི་ཇི་ལྟར་འདི་ཉིད་དུ་གསུངས་པ། ལུས ་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཆད་པའི་ཚིག་དང་། ཆུད་པ་མ་ཡིན་པའི་ཚིག་ནི་སྐད་ཅིག་པ་ཆང་པ་དང་། རྒྱུན་མི་ཆད་པ་སྟེ། ཁྱད་པར ་དུ་དགོངས་པའི་དོན་ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ།། སེམས་ཀྱི་ཚིག་དང་། སེམས་མེད་པའི་ཚིག་ནི་གང་ན་སེམས་འཇུག་པ་སྟེ། གཟུང་བ་དང་། འཛིན་པ་དང་། བརྗོད་པ་དང་། རྗོད་པ་དང་། བྱེད་པ་དང་། བྱེད་པ་པོར་ཚིག་ཏུ་རྣམ་པ ་རྟོག་པས་མངོན་པར་འབྲེལ་པ་དེ་ནི་སེམས་ཀྱི་ཚིག་གོ།། ཚིག་ནི་འགྲོ་བ་སྟེ། གང་ན་སེམས་ཅན་རྒྱུ་བ་མེད་ན་རྟོག་པ་རྣམས་ཀྱི་གྲཝ་ལྟ་ཅི་སྨོས་ཏེ་དེ་ནི་སེམས་མེད་པའི་ཚིག་སྟེ། མི་གཉིས་པར་ཡང་དག་རིག་པ་བསམ་པ་མེད་ཅིང་སྣང་བ ་མེད་པ་དོན་དམ་པའི་བདེན་པ་དངོས་པོ་དང་དངོས་པོ་མེད་པར་མི་རྟོག་པའོ།། དབུ་མའི་ཚིག་དང་། དབུ་མ་མ་ཡིན་པའི་ཚིག་ནི་གང་དེ་ནི་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བ་ནི་དབུ་མའི་ཚིག། ་ཇི་ལྟར་འདི་ཉིད་དུ་གསུངས་པ།། ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངསོ།། དེ་བས་མེད་པར་ཤེས་མི་བྱ།། ཡོད་པར་ཡང་ནི་མི་རྟག་གོ།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། དངོས ་བོཔོས་མངོན་པར་རྟོགས་པར་མི་འགྱུར་བ་དང་། དངོས་པོ་མེད་པས་ཀྱང་མ་ཡིན་ཏེ། ཇི་ལྟར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་མཉམ་པས་སོ།། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དེ་སྤངས་པས་ཆུད་པར་འགྱུར། ་དབུ་མ་མ་ཡིན་པའི་ཚིག་ཀྱང་གང་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པར་འབྱུང་བའོ།། ཐེར་ཟུག་པའི་ཚིག་དང་། ཐེར་ཟུག་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། ཐེར་ཟུག་པའི་ཚིག་ནི་འདུས་མ་བྱས་པ་དང་མྱ་ངན་ལས ་འདས་པའོ།། ཐེར་ཟུག་མ་ཡིན་པའི་ཚིག་ནི་འགྲོ་བ་སྟེ། སྐྱེ་ནས་འགྲོ་བའི་ཕྱིརརོ།། རྐྱེན་གྱི་ཚིག་དང་། རྐྱེན་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། རྐྱེན་གྱིས་ཚིག་ནི་རྒྱུས་གང་འབྲས་བུ་བྱེད་པའོ།། རྐྱེན་མ་ཡིན་པའི་ཚིག་ནི་གང་མི ་བྱེད་པ་སྟེ། རི་བོང་གི་ར་ལ་སོགས་པ་བཞིན་དུ་དེ་རྟག་པའོ།། རྒྱུའི་ཚིག་དང་། རྒྱུ་མེད་པའི་ཚིག་ནི་རྒྱུ་དང་རྐྱེན་འདུ་བ་ཚོགས་ནས་འབྲས་བུར་དགོངས་པའོ།། ཡང་ན་རྒྱུའི་ཚིག་ནི་གང་བསྒྲུབ་པར་བྱ་བསྒྲུབ་པའི་རྒྱུས་དེ་ལྟར ་སྒྲུབ་པར་བྱེད་པའོ།། ཡང་ན་རྒྱུ་མེད་པའི་ཚིག་ནི་རྒྱུ་དངོས་པོ་མེད་པས་གང་བསྒྲུབ་པར་བྱ་བ་དེ་མི་འགྲུབ་པའོ།། ཉོན་མོངས་པའི་ཚིག་དང་། ཉོན་མོངས་པ་མེད་པའི་ཚིག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ནི་ཉོན་མོང ་པའི་ཚིག་སྟེ། སྐྱེ་བའི་སྡུག་བསྔལོ།། ཉོན་མོངས་པ་མེད་པའི་ཚིག་ནི་བདེན་པའི་ཡེ་ཤེས་ཏེ། སྡུག་བསྔལ་ཟད་པར་བྱེད་པའི་རྒྱུའོ།། སྲེད་པ་མེད་པའི་ཚིག་ཅེས་བྱ་བ་ལ། སྐྱེ་བའི་སྡུག་བསྔལ་གྱི་གནས་ནི་སྲེད་པའི་རྒྱུ་ལས་སོ།། སྲེད་པ་མེད་པའི ་ཚིག་ནི་མྱ་ངན་ལས་འདས་པ་སྟེ། འདོད་ཆགས་དང་བྲལ་བ་ལ་སྐྱེ་བ་མི་སྣང་བའི་ཕྱིར་རོ།། བཙས་མ་ཐག་པ་ལ་རྒ་བ་དང་། འཇིག་པ་དང་། མྱ་ངན་ཡང་དག་པར་རྟོག་པས་ན་བླང་བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་བདེ་བ་དང་སྡུག ་བསྔལ་བར་བསྒྲུབ་པར་ངེས་པ་སྔར་ཡོད་པའི་ཕྱིར་ངེས་ན་སྔོན་གྱི་གོམས་པ་ཡོད་པར་རྗེ་སུ་དཔག་གོ།། ཐབས་ཀྱི་ཚིག་དང་། ཐབས་མ་ཡིན་པའི་ཚིག་ནི་ཤེས་རབ་དང་ཐབས་ལ་མཁས་པས་གང་ན་དགོས་པ་བྱེད་ནུས་པ་དེ་ནི་ཐབས་ཀྱི་ཚིག་གོ། གང ་ན་བྱེད་མི་ནུས་པ་དེ་ནི་ཐབས་མེད་པའི་ཚིག་སྟེ། དུས་དང་ཡུལ་ལ་བལྟོས་ཏེ་བཞག་པར་བྱའོ།། མཁས་པའི་ཚིག་དང་། མཁས་པ་མ་ཡིན་པའི་ཚིག་ནི་གླང་དཔྱད་ཅིང་ཤེས་རབ་ཀྱིས་སྦྱོར་བར་བྱེད་པ་ནི་མཁས་པའི་བའི་ཚིག་གོ།། གང་ན་ཡང་སྦྱོར ་བ་རི་མ་བྱེད་པ་དེ་ནི་མཁས་པ་མ་ཡིན་པའི་ཚིག་གོ།། དག་པའི་ཚིག་དང་། དག་པ་མ་ཡིན་པའི་ཚིག་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མཛེས་པ་མི་ཡིན་པ་དང་། སྟོང་པའི་ཡེ་ཤེས་ནི་དག་པའི་ཚིག་གོ།། རྟག་པ་དང་། བདག་དང་། སྡུག ་བསྔལ་བ་མེད་པ་དང་། མཛེས་པ་དང་། སྟོང་པ་མ་ཡིན་པའི་དངོས་པོར་ཕྱིན་ཅི་ལོག་གི་ཤེས་པ་ནི་དག་པ་མ་ཡིན་པའི་ཚི་གོ། རིགས་པའི་ཚིག་དང་། རིགས་པ་མ་ཡིན་པའི་ཚིག་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག ་མེད་པ་དང་། མཛེས་པ་མ་ཡིན་པ་དང་། སྟོང་པའི་ཚུལ་གྱི་ཚད་མས་ཁྱད་པར་ཤེས་པ་ནི་རིགས་པའི་ཚིག་སྟེ། རང་བཞིན་གསུམ་པའི་མཚན་མ་མངོན་པར་བརྗོད་པར་བྱ་བའི་དོན་ཏོ།། རིགས་པ་མ་ཡིན་པའི་ཚིག་ནི་རྟག་པ་དང་བདག་དང་། སྡུག་བསྔལ ་བ་མ་ཡིན་པ་དང་། མཛེས་པ་ལ་སོགས་པའི་ཤེས་པའོ།། དཔེའི་ཚིག་དང་། དཔེ་མེད་པའི་ཚིག་ནི་ཚད་མ་ཁྱབ་པའི་ཚུལ་གྱིས་དོན་གང་ལ་འཇིག་རྟེན་གྱི་རྟོག་པ་པོ་རྣམས་ཀྱི་བློ་མཚུངས་པ་དེ་ནི་དཔེའོ།། དེ་ལས་བཟློག་པ་ནི་དཔེ་མ་ཡིན་པའོ།། དེས་ན ་ས་པ་སྒྲུབ་པས་རྒྱུ་དང་འབྲེལ་པ་བྱེད།། སྒྲུབ་པ་མེད་པའང་མེད་པ་ཉིད།། གང་ན་དཔེ་ནི་བརྗོད་བྱེ་བ།། ཕྱོགས་བཅས་ཕྱོགས་མེང་ཉིད་དུའོ།། སློབ་མའི་ཚིག་དང་། སློབ་མ་མ་ཡིན་པའི་ཚིག་ནི་ཚངས་པ་མཚུངས་པར་སྤྱོད་པ་ཕན་འདོགས་པ་བླ་མ ་མས་དང་རྩོད་པ་ནི་སློབ་མའི་ཚིག་གོ། སློབ་མ་མ་ཡིན་པའི་ཚིག་ནི་འགྲན་ང་བ་རྣམས་དང་ཐུབ་ཐུབ་དུ་སྨྲ་ཞིང་འདི་ནི་བླ་མ་ཡང་མ་ཡིན་སློབ་མ་ཡང་མ་ཡིན་ཞེས་པས་ན་ཕལ་འདུས་པའི་ནང་དུ་གཞན་ཕམ་པར་བྱ་བའི་རིགས་སོ་སྙམ་ནས་ཆོས ་དང་བཅས་པ་རྒོལ་བ་པོ་ཚར་གཅོད་པའོ།། བླ་མའི་ཚིག་དང་། བླ་མ་མ་ཡིན་པའི་ཚིག་ནི་གང་དམ་པའི་ཆོས་སྟོན་པར་བྱེད་པ་དེ་ནི་བླ་མའོ།། གང་ཡང་ཕྱིར་རྒོལ་བར་བྱེད་པ་དེ་ནི་བླ་མ་མ་ཡིན་པའོ།། རིགས་ཀྱི་ཚིག་དང་། རིགས་མེད་པའི་ཚིག ་ནི་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་དང་། ཉན་ཐོས་རྣམས་ཀྱི་རིགས་ཏེ། སེམས་ཅན་རྣམས་མཚན་མ་རྣམས་ཀྱིས་ཤེས་པར་འགྱུར་བ་ནི་ཇི་ལྟར་ཆོས་བཅུ་པ་ལས་གསུངས་པ། དུ་བསམ་ནི་ཤེས་པར་བྱེད།། བྱ་བཞད་ཀྱིས་ནི་ཆུར་ཤེས ་བྱེད།། བྱང་ཆུབ་སེམས་དཔའ་བློ་ཚན་གྱི།། རིགས་ནི་མཚན་མ་རྣམས་ཀྱིས་ཤེས།། དེ་ནི་རང་བཞིན་གྱིས་སྙིང་རྗེ་ཅན་ཡིན་ལ་ལོངས་སྤྱོད་རྒྱ་ཆེ་བ་དང་། སྦྱིན་པ་ལ་དེའི་སེམས་རབ་ཏུ་འཇུག་གོ། ཉན་ཐོས་པ་ནི་བདག་ལ་ཕན་པར་ཞུགས་པ་དང་། ་རང་སངས་རྒྱས་ཀྱང་བདག་ལ་ཕན་པར་ཞུགས་པ་ཉིད་ཡིན།། གང་ལ་བྱང་ཆུབ་གསུམ་དུའང་སེམས་མི་འཇུག་ལ། འཁོར་བར་མངོན་པར་དགའ་ཞིང་སྐྱོ་བ་མེད་པ་དེ་ན་བདུད་ཀྱི་རིགས་པ་ཡིན་པས་ན་རིགས་མེད་དོ།། ཐེག་པ་གསུམ་གྱི ་ཚིག་དང་། ཐེག་པ་གསུམ་མེད་པའི་ཚིག་ནི། ཆོས་དང་གང་ཟག་ལ་བདག་མེད་པའི་ཐེག་པ་ནི་ཐེག་པ་གསུམ་གྱི་ཚི་གོ། རྟག་པའི་བདག་དང་། ཚངས་པ་དང་། དབང་པོ་ལ་བསྙེན་བཀུར་བྱེད་ཅིང་ཁྲུས་དང་། སྦྱིན་སྲེག་དང་། གད་པ་དང་། ་གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། འབྲས་བུ་དང་། རྩ་བཟ་བ་དང་། རིན་པོ་ཆེ་དང་གསེར་ལ་སོགས་པ་འཆང་བས་ཐར་པར་རྟོགས་པ་ནི་ཐེག་པ་གསུམ་མེད་པའི་ཆོག་གོ།། ཐལ་བས་བསྐྱོད་པ་དང་། སྒྲ་འབལ་བ་དང ་རལ་པའི་ཅོད་པན་གྱིས་བརྒྱན་པ་དང་། གར་དང་། གླུ་དང་། བ་ལང་གི་བརྟུལ་ཞུགས་དང་རྨ་བྱའི་བརྟུལ་ཞུགས་ལ་སོགས་པ་འདི་ནི་བདག་ཏུ་ཞེན་པར་སྦྱོར་བ་ཡིན་གྱི། སྐྱེ་བའི་སྡུག་བསྔལ་གྱི་གཉེན་པོར་གྱུར་པའི་ཐར་པའི་རྒྱུ་མ་ཡིན་ནོ། ་བདག་མེད་པ་ཉིད་ཐར་པའི་རྒྱུ་ཡིན་པ་ན་འདི་ཐམས་ཅད་ཐེག་པ་གསུམ་མེད་པའི་ཚིག་གོ།། སྣང་བའི་ཚིག་དང་། སྣང་བ་མེད་པ་མ་ཡིན་པའི་ཚིག་ནི་ཤེས་རབ་ཀྱིས་དཔྱད་པར་བྱ་བ་གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། ་རྡུལ་ཕྲན་ཆ་ནི་མེད་པས་ཏེ།། ཕྱི་ཡི་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་། ཞེས་བྱ་བར་རོ།། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་དཀྲུགས་པའི་མཐུ་དང་མཉམ་པོར་འཇོག་པ་མེད་པའི་མ་རིག་པ་དང་ལས་རྣམ་པར་སྨིན ་པས་སློངས་ཏེ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་།། གང་གི་ཚེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་བ་ཕྱོགས་ཀྱི་ཆར་རྣམ་པར་ཕྱེ་བ་ན་མེད་པར་གྱུར་ནས་གཟུགས་ལ་སོགས་པ ་ཐད་སྟོང་པར་འགྱུར་ཏེ། བསམ་པ་མེད་པ་དང་། སྣང་བ་མེད་པ་དང་། དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཉིད་གནས་པར་འགྱུར་བ་ནི་སྣང་བ་མེད་པའི་ཚིག་སྟེ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཐམས ་ཅད་ཀྱི་སྣང་བ་དང་བྲལ་བའོ།། སྣང་བ་མེད་པ་མ་ཡིན་པའི་ཚིག་ནི་གཞན་གྱི་དབང་གི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་སོ་སོར་སྣང་སྟེ། སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཉིད་ཡིན་ནོ།། སྨོན་པའི་ཚིག་དང་། སྨོན་པ་མེད་པའི་ཚིག་ནི་བཟང ་པོར་སྤྱོད་པའི་སྨོན་ལམ་སྟེ། ཤེས་རབ་དང་སྙིང་རྗེ་དང་ལྡན་པས་ན། བདག་དང་གཞན་གྱི་དོན་དང་། ཐམས་ཅད་མཁྱེན་པ་སངས་རྒྱས་ཐོབ་པར་བྱེད་པའི་ཚིག་དང་། གནས་ཀྱི་ཚིག་གོ།། ཚིག་ནི་འགྲོ་བ་དང་། ཚིག་ནི་གསུམ་ཡང་སྦྱོར་ཏེ། ་སྒྲ་རྣམས་ནི་དོན་དུ་མའི་ཕྱིར་རོ།། ཇི་ལྟར་ཚིག་རྒྱུད་ལས་འབྱུང་བ།། དོན་འགྲེལ་པ་ཡི་མཚན་མ་དང་།། སྒྲ་གཞན་ལ་ནི་བསྙེན་པ་དང་།། མཐོ་བ་ཡུལ་དང་དུས་རྣམས་ཀྱང་།། ཁྱད་པར་དྲན་པའི་རྒྱུ་རྣམས་སོ་ཞེས་བྱའོ།། སྨོན་པ་མེད་པའི་ཚིག་ནི་འཕགས ་པའི་བདེན་པ་བཞི་རྟོགས་ནས་བདག་གི་དོན་དུ་མྱ་ངན་ལས་འདའ་བའོ།། འཁོར་གསུམ་གྱི་ཚིག་དང་། འཁོར་གསུམ་མེད་པའི་ཚིག་ནི་ཤེས་པ་དང་། ཤེས་པར་བྱ་བ་དང་། ཤེས་པས་ཤེས་ཞེས་བྱ་བ་དང་འཁོར་གསུམ་མོ།། གང་གི་ཚེ་ཤེས ་རབ་ཀྱིས་དཔྱད་དེ་གཟུགས་རྣམ་པར་བཤིག་ནས་རྡུལ་ཕྲ་མོ་ལ་ཡང་ཡན་ལག་མེད་དེ། འཁོར་གསུམ་མི་མཐོང་བ་དེའི་ཚེ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཚོགས་སུ་མི་གནས་པ་དང་། འཇིགས་པ་ཉིད་ཀྱི་ཕྱིར་འཁོར་གསུམ ་སྟོང་པ་ནི་འཁོར་གསུམ་མེད་པའི་ཚིག་ཏེ། དེ་ལྟ་བས་ན་འཁྲུལ་པ་མེད་ཅེས་བྱའོ།། མཚན་མའི་ཚིག་དང་། མཚན་མ་མེད་པའི་ཚིག་ནི་བསམ་གཏན་གང་ལ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ ་སོགས་པས་གཟུགས་ཀྱི་མཚན་མ་འཛིན་པ་དེ་ནི་མཚན་མའི་ཚིག་གོ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པས་ཏེ།། ཞེས་བྱ་བར་གང་ན་གཟུགས་ཀྱི་མཚན་མ་མི་འཛིན་པ་དང་། ཚོར་བ་དང་། ཚོར་བའི་རྣམ་པར ་ཚོར་བ་ལ་སོགས་པ་ཡང་མི་འཛིན་པ་ནི་མཚན་མ་མེད་པའི་ཚིག་སྟེ། དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་། དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ།། ཡོད་མེད་ཀྱི་ཕྱོགས་ཀྱི་ཚིག་དང་། ཡོད ་མང་ཀྱི་ཕྱོགས་མ་ཡིན་པའི་ཚིག་ནི་སྤྱིའི་བདག་ཉིད་དུ་ཡང་པར་འགྱུར་བ་དང་། ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡང་ཐར་ཡོད་ལ་མེད་པར་འགྱུར་བ་དང ་སྤྱི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱིས་བདག་ཉིད་དུ་སྨྲ་བར་ནི་བྱའོ།། ཀྲ་བ་དང་དངོས་པོ་ལ་སོགས་པས་སྤྱིར་རྫ་མར་འགྱུར་བ་དང་། ཀ་བ་ཆུ་འཛིན་པ་ལ་སོགས་པས་རྫ་མར་མེད་པར་འགྱུར་བ་དང་། ཀ་བ་སྲ་བ་ལ་སོ ་པོས་རྫི་མེར་གྱུར་ཀྱང་གྲུ་བཞི་དང་། ཟླུམ་པ་ལ་སོགས་པས་ཀ་བརྫ་མར་བྱེད་དོ།། དེ་བཞིན་དུ་སྨྲ་བར་མི་བྱ་བ་ཡང་སྦྱར་བར་བྱས་ཏེ། ཀ་བ་དངོས་པོ་ལ་སོགས་པས་སྤྱིར་རྫ་མར་གྱུར་ཀྱང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ།། ་ཁྱད་པར་གྱི་བདག་ཉིད་དུ་བུམ་པ་ལ་སོགས་པའི་དགོས་པས་ཡོད་པར་གྱུར་ཀྱང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ།། བུམ་པའི་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་གྱུར་ཀྱང་ཀ་བ་ལ་སོགས་པས་སྤྱིར་སྨྲ་བར་མི་བྱ་བ་དང་། ཀ་བ་སྤྱིའི ་བདག་ཉིད་དུ་རྫ་མར་གྱུར་ཀྱང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱ་བ་ནི་ཀ་བ་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྫ་མར་གྱུར་ཀྱང་ཅིག་ཆར་སྨྲ་བར་མི་བྱ་བར་ཞེས་བྱ་བའོ།། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་ཀྱང་ཡོད་ལ་མེད ་ཀྱང་མེད་པར་འགྱུར་བ་ནི་ཅིག་ཆར་སྨྲ་བར་མི་བྱ་སྟེ། ཡུལ་དང་། དུས་དང་། རི་མོ་དང་། རྣམ་པ་ལ་བལྟོས་ནས་ཐམས་ཅད་ཡོད་པ་དང་མེད་དོ་ཞེས་ཀྵ་པ་ནི་ཀས་རྣམ་པ་བདུན་དུ་འགྱུར་བར་སྨྲ་བའི་ཚིག་ནི་ཡོང་མེད་ཀྱི་ཚིག་གོ།། ཡོད ་མེད་ཀྱི་ཕྱོགས་མ་ཡིན་པའི་ཚིག་ནི་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ།། གཉིས་ཀའི་ཚིག་དང་གཉིས་ཀ་མ་ཡིན་པའི་ཚིག་ནི་གྲངས་ཅན་རྣམས་ཀྱི ་གསལ་བ་དང་། མི་གསལ་བ་ཐམས་ཅད་ཡོད་པ་དང་། སྤྱོད་པ་ཅན་རྣམས་ཀྱི་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་གཟུགས་ཡོད་ཅེས་པ་དེ་རྣམ་པ་དེ་ལྟ་བུའི་བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་པའོ།། གསལ་བའི་དོན་དྲང་སྤྱི་དང ་ཁྱད་པར་ཅན་གྱི་དངོས་པོ་ཐམས་ཅད་དམིགས་སུ་ཡོད་དོ།། ཞེས་པ་ནི་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་རྟོག་པར་བྱེད་པའི་འཁྲུལ་པའི་ཤེས་པ་བསིལ་བའི་དོན་དུ་ཐམས་ཅད་མཁྱེན་པས་གཉིས་ཀ་མ་ཡིན་པའི་ཚིག་བསྒྲུབ ་པར་གསུངས་པ་ནི་རང་གི་མཚན་ཉིད་ཀྱིས་དོན་གྱི་བྱ་བ་ནི་ནུས་ཀྱི་སྤྱིར་སྒྲོ་བཏགས་པ་ནི་རྣམ་པར་རྟོག་པར་དམིགས་པའོ།། སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཚིག་དང་། སོ་སོ་རང་གི་འཕགས་པའི་ཡེ་ཤེས་མེད་པའི་ཚིག་ནི ་གང་གི་ཚེ་ཤེས་རབ་ཀྱིས་དཔྱད་པས་སྟོང་པ་ཉིད་དོ།། ཕུང་པོར་མི་གནས་པ་དང་། འཇིག་པ་ཉིད་རྒྱུར་ཤེས་ཤིང་། ཕུང་པོ་གནས་པ་ཐམས་ཅད་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་ཕྱོགས་ཀྱི་ཆར་རྣམ་པར ་དབྱེ་བ་ན་སྟོང་པར་འགྱུར་རོ།། རྟག་པ་མ་སྐྱེས་པས་ན་རི་བོང་གི་ར་ལྟ་བུར་དངོས་པོར་ཡོད་པ་མ་ཡིན་པ་དེའི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པ་ནི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ཚིག་གོ།། དེ་རང་གི་རིག ་བ་ནི་སྐད་ཅིག་མའི་རྒྱན་འབྱུང་བ་དངོས་པོ་དང་དངོས་པོ་མེད་པར་རྟོག་པར་མེད་པར་འགྱུར་བའོ།། གང་ཡང་བདྲག་དང་། གཙང་བ་དང་། བདེ་བར་སྒོམ་པའི་ཕྱིན་ཅི་ལོག་གི་ཤེས་པ་དེ་ནི་སོ་སོ་རང་གི ་འཕགས་པའི་ཡེ་ཤེས་མེད་པའི་ཚིག་གོ།། མཐོང་བའི་ཆོས་ལ་བདེ་བའི་ཚིག་དང་། མཐོང་བའི་ཆོས་ལ་བདེ་བ་མེད་པའི་ཚིག་ཅེས་བྱ་བ་ནི་འགོག་པ་ལ་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན ་པའི་རྣམ་པར་ཐར་པའི་སྒོ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་མཐོང་བའི་ཆོས་ཀྱི་བདེ་བའོ།། བཞེངས་ནས་དག་པ་འཇིག་རྟེན་གྱི་ཡེ་ཤེས་ལ་གཞུགས་པ་ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པའི་ཐམས་ཅད ་མཁྱེན་པ་ལ་མཐོང་བའི་ཆོས་ཀྱི་བདེ་བ་མེད་པའོ།། ཞིང་གི་ཚིག་དང་། ཞིང་མེད་པའི་ཚིག་ནི་སེམས་མཉམ་པར་མ་བཞག་པའི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན ་དུ་འཇིག་རྟེན་ཆགས་པའི་ཞིང་བཀོད་པའི་རྣམ་པར་ཤེས་པའི་རྣམ་པ་སྣ་ཚོགས་དུ་མའི་རྣམ་པར་སྣང་ངོ་།། གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པ་དང་ཕྲ་བ་ཤེས་རབ་ཀྱིས་ཕྱོགས་ཀྱི་ཆ་ཐ་དད་པར་རྣམ་པར་ཕྱེ་བ་ན་སྟོང་པར་མཐོང་བ་དེའི ་ཆེ་ཞིང་ནི་ཞིང་མེད་པའི་ཚིག་ཏུ་དོན་དམ་པར་མི་གཉིས་པར་ཤེས་སོ།། རྡུལ་གྱི་ཚིག་དང་། རྡུལ་མེད་པའི་ཚིག་ནི་རྡུལ་གྱི་ཚོགས་སྦོམ་པོར་སྣང་བ་ལ་ཞིང་གི་འདུ་ཤེས་སུ་འགྱུར་རོ།། གང་གི་ཚེ་ན་རྡུལ་མཆོག་ཏུ་ཕྲ་བ་ཉིད་ཕྱོགས་ཀྱི ་ཆར་འབྱེད་པས་ཕྱེ་བ་ན་སྟོང་པར་འགྱུར་ཏེ། དེའི་ཚེ་རྡུལ་མེད་པའི་ཚིག་སྟེ། འཛིན་པ་དང་། གཟུང་བ་དང་བྲལ་བ་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པར་འགྱུར་རོ།། ཆུའི་ཚིག་དང་། ཆུ་མེད་པའི་ཚིག་ནི་ཕྱིའི་དོན ་མེད་པས་ན་ཆུ་ལ་སོགས་པར་འབྱུང་བ་རྣམས་མེད་པའི་ཕྱིར་ཆུའི་ཚིག་ནི་ཆུ་མེད་པའི་ཚིག་ཡིན་ནོ།། བཀྲུ་བ་དང་། བཏུང་བར་ངེས་པར་འཛིན་པ་ཇི་ལྟར་བུ་ལགས་སྙམ་པ་ལ་ཐམས་ཅད་མཁྱེན་པས་གསུངས་པ། རྨོངས་པའི་ཆོག་དང ་རྨོངས་པ་མེད་པའི་ཚིག་ནི་ཆུ་ལ་སོགས་པར་རྨོངས་པའི་ཤེས་པ་ཡེ་ཤེས་ཀྱིས་སྤོང་སྟེ། ཤེས་རབ་ཀྱིས་དཔྱད་ནས་གང་གི་ཚེ་ན་ཕྱིའི་སྒོམ་པ་དང་། ཕྲ་བར་མི་དམིགས་པ་དེའི་ཚེ་རྨོངས་པའི་ཚིག་ནི་རྨོངས་པ་མེད་པའི་ཚིག་ཏུ་འགྱུར་ཏེ། ་འཁྲུལ་པ་དང་བྲལ་བ་མི་གཉིས་པར་འགྱུར་རོ།། བྱུང་བའི་ཚིག་དང་། བྱུང་བ་མ་ཡིན་པའི་ཚིག་ནི་བསྲེག་པ་དང་། འཚེད་པ་ལ་སོགས་པ་དགོངས་པ་དང་། ཁྲུས་དང་། འབོག་ལ་སོགས་པ་ནི་བྱུང་བ་ལ་གནས་པས་ནི་དེ་བྱུང་བའི་ཚིག། ་འཁྲུལ་པ་ལས་རྨི་ལམ་ལ་སོགས་པ་བཞིན་དུ་སྣང་བས་ན་བྱུང་བའི་ཚིག་མ་ཡིན།། ཤེས་རབ་ཀྱིས་སྤྱོད་པས་གང་གི་ཚེ་ན་སྦོམ་པ་དང་། ཕྲ་བ་རྣམ་པར་གཞིག་ཅིང་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་བྱུང་བ་མེད་པའི་ཚིག་ཏུ་འགྱུརརོ།། ་གྲངས་དང་རྩིས་ཀྱི་ཚིག་དང་། གྲངས་དང་རྩིས་མེད་པའི་ཚིག་ནི་ཡུལ་དང་དུས་ལ་སོགས་པའི་གྲངསུ་འབྱེད་པ་ཕྱིའི་དོན་མེད་པས་མི་རུང་སྟེ། སའི་རྡུལ་ཕྲ་མོར་ཕྱོགས་ཀྱི་ཆར་འབྱེད་པས་དབྱེ་བ་ན་སྟོང་པར་འགྱུར་རོ།། རྡུལ་བདུན་ནམ ་བརྒྱད་ཀྱི་གྲངས་ཀྱི་རིམ་པས་ཕྲ་བའི་སྤུའི་ཐོག་མ་དང་དེ་ལས་འདུས་པའི་ཡན་ལག་དང་། སྐོ་མ་དང་། ཡུངས་ཀར་གྱི་འབྲུ་བ་དང་། ནས་དང་། ཚིགས་དང་། སོར་མོ་དང་། མཐོ་དང་། ཁྲུ་དང་། གཞུ་བརྒྱ་དག་གི་རིམ་པས ་རྒྱང་གྲགས་དང་། དཔག་ཚད་སྟོང་དང་། འབུམ་དང་། བྱེ་བའི་ཁྱད་པར་རྣམས་ཀྱིས་གྲངས་སུ་བགྲང་བ་རྣམས་ནི་ཕྱིའི་དོན་ལ་གནས་པའོ།། དུས་བགྲང་བ་ཡང་། གྲང་བ་དང་། དྲོ་བ་ལ་སོགས་པའི་རིམ་གྱིས་བྱེ་བྲག་ཉིད་ཀྱང་ཕྱིའི་དོན་ལ་གན ་པ་སྟེ། ཕྱིའི་དོན་ཀྱང་མེད་པས་ན་གྲངས་དང་རྩིས་ཀྱི་ཚིག་ནི་གྲངས་དང་རྩིས་མེད་པའི་ཚིག་ཡིན་ནོ།། མངོན་པར་ཤེས་པའི་ཚིག་དང་། མངོན་པར་ཤེས་པ་མེད་པའི་ཚིག་ནི་འབར་བ་དང་། ཆར་པ་དབབ་པ་དང་། ནམ་མཁར་འགྲོ་བ་ནི་འཛིན་པ ་དང་གཟུང་བའི་དངོས་པོ་ཡོངསསུ་ཤེས་པ་ཡིན་ནོ།། ཕྱིའི་དོན་མེད་པས་ན་ཐམས་ཅད་སྟོང་པའི་ཕྱིར་མངོན་པར་ཤེས་པའི་ཚིག་ནི་མངོན་པར་ཤེས་པ་མེད་པའི་ཚིག་ཏུ་འགྱུར་ཏེ་གཉིས་ཀྱི་རྣམ་པ་དང་བྲལ་བ་གཉིས་སུ་མེད་པར་ཡང་དག ་པར་རིག་ཅིང་དོན་དམ་པའི་བདེན་པ་ཞེས་བྱ་བའོ།། སྐྱོ་བའི་ཚིག་དང་སྐྱོ་བ་མེད་པའི་ཚིག་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པའི་ཕྱིའི་རྣལ་འབྱོར་པ་རྣམས་ཀྱི་རྫ་མ་ཅན་དང་། སྐོང་བ་དང་། གཏོང་བའི་རླུང་ལ་གོམས་པར་བྱ་བ་དང་། ་རྒྱས་པ་ཅན་ཡང་སྐྱོ་བའི་ཚིག་གོ།། དེ་ལས་ཕྱོགས་གཅིག་པའི་དབུགས་འབྱུང་བ་དང་། རྔུབ་པར་རྗེས་སུ་དྲན་པ་དེ་ཡང་སྐྱོ་བའི་ཚིག་ཅེས་བྱའོ།། ཤེས་རབ་ཀྱིས་དཔྱད་དེ་གང་གི་ཚེ་ཤེས་པར་བྱ་བ་ཅིའང་མོ་དམིགས་པ་དེའི་ཚེ་ན་ཡེ་ཤེས ་སྐྱོ་བ་མེད་པའི་ཚིག་བདག་ཉིད་ཀྱི་གནས་སོ།། སྟུག་པོའི་ཚིག་དང་། སྟུག་པོ་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། སྟུག་པོ་ནི་རྡུལ་ཕྲ་མོ་རྣམས་འདུས་པ་སྣང་བའོ།། ཡང་ན་སྟུག་པོ་ནི་སྤྲིན་རྣམས་སུ་རྣམ་པར་རྟོག་པ་སྟེ། ཕྱིའི་དོན་མེད་པས་ན་དེ ་གཉིས་ཀ་དང་སྟུག་པོ་མ་ཡིན་པའི་ཚིག་ཡིནོ།། གཟོ་དང་སྒྱུ་རྩལ་རེག་པའི་ཚིག་དང་། བཟོ་དང་སྒྲ་རྩ་ལ་རིག་པ་མེད་པའི་ཚིག་ནི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་ལ་བཟོད་པ་སྒྱུ་རྩལ་རིག་པའི་ཚིག་གནས་པར་འགྱུར་རོ།། ཤེས་རབ ་ཀྱིས་དཔྱད་པ་ན་རབ་རིབ་དང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་རང་བཞིན་བཞིན་དུ་རྣམ་པོ་གཉིས་པ་ཐམས་ཅད་མ་སྐྱེས་པར་མཐོང་བས་ན་མི་གཉིས་པའི་ཤེས་པ་ལ་གཟོ་དང་སྒྱུ་རྩ་ལ་རིག་པའི་ཚིག་ནི་ཚིག་མེད་པ་སྟེ་ལྡོག ་པར་འགྱུར་བའོ།། རླུང་གི་ཚིག་དང་། རླུང་མེད་པའི་ཚིག་ནི་ནན་ཏན་གྱི་དཀྲུགས་ནས་འབྱུང་བ་དང་། རྔུབ་པ་ལ་སྩོགས་པའི་ཁྱད་པར་དུ་འབྱེད་པ་ན་སྒྲའི་མཚན་མ་ནི་རླུང་གི་ཚོག་སྟེ། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་སྟོང་པར་མཐོང་བ ་དེའི་ཚེ་རླུང་གི་ཚིག་ནི་རླུང་མེད་པའི་ཚིག་ཏུ་འགྲུབ་བོ།། སིའི་ཆོག་དང་། ས་མེད་པའི་ཚིག་ནི་སྣང་བ་དང་བཅས་པའི་རྣལ་འབྱོར་ལ་སའི་ཚིག་སྟེ། སེམས་མེད་ཅིང་སྣང་བ་མེད་པ་མི་གཉིས་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ ་ལ་གཉིས་ཀྱི་རྣམ་པའི་ས་ཐམས་ཅད་ཀྱི་ཚིག་ནི་ཤེས་རབ་ཀྱིས་དཔྱད་པས་སྟོང་པར་མཐོང་སྟེ། སྣང་བ་མེད་པ་ལ་རིམ་ཅི་ཡོད། ཅེས་བྱ་བའོ།། བསམ་པའི་ཚིག་དང་། བསམ་པ་མེད་པའི་ཚིག་ནི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་ལ་བསམ ་པ་འཇུག་སྟེ། ཤེས་རབ་ཀྱིས་དཔྱད་པ་ན་གང་གི་ཚེ་ཤེས་པར་བྱ་བ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་བསམ་པའི་ཚིག་ནི་བསམ་པ་མེད་པའི་ཚིག་སྟེ། གཉིས་སུ་མེད་ཅིང་བསམ་དུ་མེད་པའི་དོན་དམ་པའི ་བདེན་པ་ཡང་དག་པར་རིག་པ་གནས་སོ།། བདགས་པའི་ཚིག་དང་། བདགས་པ་མེད་པའི་ཚིག་ནི་རྣམ་པ་གཉིས་ཀྱི་རྣམ་པར་ཤེས་པ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པར་འདོགས་པར་བྱེད་དེ། གང་མི་གཉིས། ་པ་དང་སེམས་པ་མེད་པ་དང་། སྣང་བ་མེད་པ་དེར་འདོགས་པ་མི་འབྱུང་། རང་བཞིན་གྱི་ཚིག་དང་། རང་བཞིན་གྱི་མེད་པའི་ཚིག་ནི་གང་ལ་འཛིན་པ་དང་། གཟུང་བའི་དངོས་པོ་དང་། རྗོད་པ་དང་བརྗོད་པའི་རྣམ་པས་དངོས་པོར་བསྒོམ ་པར་བྱ་བ་དེ་ནི་རང་བཞིན་གྱི་ཚིག་གོ། ཤེས་རབ་ཀྱིས་དཔྱད་ནས་གང་གི་ཚེ་ན་དམིགས་པར་བྱ་བ་ཅུང་ཟད་ལའང་མི་དམིགས་པ་དེའི་ཚེ། རང་བཞིན་མེད་པ་མི་དམིགས་པའི་ཚིག་ཏུ་འགྱུར་རོ།། ཕུང་པོའི་ཚིག་དང་། ཕུང་པོ་མེད་པའི་ཚིག ་ནི་འདུས་པ་ལ་ཕུང་པོར་འདུ་ཤེས་འཇུག་སྟེ། འཕུངས་པ་དང་། འབྱུང་བའི་སྒོ་དང་། རིགས་ཀྱི་དོན་རྣམས་སུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་ཏེ། ཇི་སྲིད་དུ་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ཡོད་པ་དེ་སྲིད་དུ་གཅིག ་དང་དུ་མར་འདུས་པའི་འདུ་ཤེས་རབ་ཏུ་འཇུག་གོ། གང་གི་ཚེ་ཤེས་རབ་ཀྱི་ཤེས་པར་བྱ་བ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་ཕུང་པོའི་ཚིག་ནི་ཕུང་པོ་མེད་པའི་ཚིག་ཏུ་ཆུད་པར་འགྱུར་རོ།། སེམས་ཅན་གྱི་ཚིག་དང་། སེམས་ཅན ་མེད་པའི་ཚིག་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་སེམས་ཅན་དུ་གདགས་པར་ཀུན་ཏུ་རྟོག་པ་སྟེ། གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ། ཕྱི་ཡི་དངོས་པོར་མེད་པར་ཡང་། སེམས་ནི ་རྣམ་པ་གཉིས་སུ་སྣང་ཞེས་བྱ་བ་དེའི་ཚེ་ཕྱིའི་དོན་མེད་པས་སེམས་ཅན་གྱི་ཚིག་ནི་སེམས་ཅན་མེད་པའི་ཚིག་ཏུ་ཤེས་རབ་ཀྱིས་ཤེས་སོ།། མུ་སྟེགས་ཅན་གྱིས་རྟག་པའི་སེམས་ཅན་དུ་ཀུན་བརྟགས་པ་ཡང་མ་སྐྱེས་པའི་ཕྱིར་དངོས་པོ ་མམེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། བློའི་ཚོག་དང་། བློ་མེད་པའི་ཚིག་ཅེས་བྱ་བ་ལ།། བློ་ནི་ཆུད་པར་བྱ་བ་ལ་འཇུག་པ་སྟེ། གང་གི་ཚེ་ན་ཆུང་པར་བྱ་བ་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ་བློའི་ཚིག་ནི་བློ་མེད་པའི་ཚིག ་ཏུ་འགྱུར་ཏེ། སྟོང་པ་གཉིས་སུ་མེད་ཅིང་གཉིས་ཀྱི་རྣམ་པ་དང་བྲལ་བ་དོན་དམ་པའི་བདེན་པོ་ཡང་དག་པར་རིག་པའོ།། མྱ་ངན་ལས་འདས་པའི་ཚིག་དང་། མྱ་ངན་ལས་འདས་པ་མེད་པའི་ཚིག་ནི་དངོས་པོ་དང་དངོས་པོ་མེད་པའི ་རྣམ་པར་རྟོག་པ་དང་བྲལ་ཞིང་གཉིས་སུ་མེད་པ་ནི་དོན་དམ་པའི་མྱ་ངན་ལས་འདས་པའོ།། འཕགས་པ་ཉན་ཐོས་རྣམས་ཀྱིས་མི་ཤེས་པ་དང་། ཉོན་མོངས་པ་དང་། ལས་ཀྱི་མྱ་ངན་ལས་འདས་པ་ནི་ཀུན་རྫོབ་ཙམ་མོ།། ཡང་དག་པ ་དེར་ཡང་འཁོར་བ་དང་། མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་མེད་པ་ནི་ཇི་ལྟར་དབུ་མ་ལས་འབྱུང་བ། མྱ་ངན་འདའ་བར་རྣམ་རྟོག་མེད།། འཁོར་བ་བསམ་པ་མ་ཡིན་ཏེ།། གང་འཁོར་མྱ་ངན་འདའ་བ་དེར།། སུ་ཞིག་རྣམ་པར་རྟོག་པ། ་བྱ། ལེན་མེད་དང་ནི་མྱ་ངན་འདའ།། མྱ་ངན་འདའ་བང་ཡིར་འགྱུར།། དེ་ལྟར་གང་འཛིན་དེ་དག་ནི།། ལེན་པ་ལེགས་མིན་འཛིན་པའོ།། མྱ་ངན་འདའ་བའི་མཐའ་གླང་ཡིན།། འཁོར་བའི་མཐའ་ཡང་གང་ཡིན་པ། ་དེ་གཉིས་པར་ན་ཅུང་ཟད་ཀྱང་།། ཤིན་ཏུ་ཕྲ་བ་ཡོད་པ་མིན།། གང་དག་ཡོད་པར་མཐོང་བ་དང་།། དངོས་པོ་རྣམས་ཀྱང་མེད་མཐོང་བ།། ལྟ་བ་ཉེར་ཞི་ཞི་བ་ནི།། བློ་ཆུང་དག་གིས་མི་མཐོང་ངོ་།། རྣམ་པར་རྟོག་མེད་སྣང་མེད་པ། ་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ།། དེ་ནི་འཇིག་རྟེན་མགྲོན་པོ་དག། སངས་རྒྱས་བསྟན་པ་བདུད་རྩིའོ།། སྤོས་ལས་འདས་པ་མི་གཉིས་པ།། གང་དག་སངས་རྒྱས་སྤྲོས་པར་བྱེད།། དེ་དག་སྤྲོས་ཉམས་གླེན་པ་རྣམས།། དེ་བཞིན ་གཤེགས་པ་མི་མཐོང་ངོ་།། སྟོང་པ་ཞེས་པར་སྨྲ་བྱ་མིན།། མི་སྟོང་ཞེས་པར་འགྱུར་བ་མིན།། གཉིས་དང་མི་གཉིས་ཞེས་པ་ཡང་།། རྣམ་བཞི་ཞེ་ལ་ག་ལ་ཞིག། དེས་ན་མྱོ་ངན་ལས་འདས་པའི་ཚིག་ནི་དངོས་པོ་དང་དངོས་པོ ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ཉིད་མྱ་ངན་ལས་འདས་པ་མེད་པའི་ཚིག་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ།། ཡང་ན་རྣལ་འབྱོར་པའི་ཡེ་ཤེས་ནི་མྱ་ངན་ལས་འདས་པའི་ཚིག་གོ།། འཁོར་བར ་སྲེད་པ་དང་། མི་ཤེས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་སྙེམས་པ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་མེད་པའི་ཚིག་གོ།། ཤེས་བྱའི་ཚིག་དང་། ཞེས་བྱ་མེད་པའི་ཚིག་ནི་གཟུགས་ལ་སོགས་པ་ཤེས་བྱ་སྟེ། ་གཟུགས་རྡུལ་ཕྲན་དུ་གཞིགས་པ་ན་རྡུལ་ཕྲ་མོའི་ཆ་མེད་པས་ཤེས་རབ་ཀྱིས་སྟོང་པར་མཐོང་སྟེ། ཤེས་བྱའི་ཚིག་དེ་ནི་ཤེས་བྱ་མེད་པའི་ཚིག་ཏུ་ཤེས་སོ།། མུ་སྟེགས་ཅན་གྱི་ཚིག་དང་། མུ་སྟེགས་ཅན་མེད་པའི་ཚིག་ནི། ་ལྟར་ཁྱད་པར་ཅན་གྱི་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འབྲེལ་བ་དང་། ཚིག་གི་དོན་དྲུག་ཡོངསུ་ཤེས་པས་ཐར་པར་ཀུན་ཏུ་རྟོག་པ་དང་། བདག་རྟག་ཅིང་གཅིག་དང་དུ་མ་པར་རིག་སྔགས་ཀྱི ་མཐར་སྨྲ་བ་དང་། ཞི་བ་པ་དང་། ནེ་ཡི་ཡ་ཡི་ཀ་དང་། གྲངས་ཅན་དང་། ཀྵ་པ་ན་ཀེ་ལ་སོགས་པས་ཀུན་ཏུ་རྟོག་པས་སྔར་བཤད་པ་བཞིན་དུ་སྦྱར་བར་བྱའོ།། དེས་ན་རྟག་པ་དང་། བདག་མུ་སྟེགས་ཅན་གྱི་ཚིག་ནི་ཕྱིའི་དོན་དུ ་རྟོག་པ་ལས་བྱུང་བ་སྟེ། ཤེས་རབ་ཀྱིས་དཔྱད་པ་ན་མུ་སྟེགས་ཅན་མེད་པའི་ཚིག་ཏུ་འགྱུར་རོ།། ཁྲག་ཁྲུག་གི་ཆོ་ག་དང་། ཁྲག་ཁྲུག་མ་ཡིན་པའི་ཚིག་ཅེས་བྱ་བ་ལ། ཁྲག་ཁྲུག་ནི་འཁྲུལ་པ་སྟེ། འཁྲུལ་པ་ཡང་རྟག་པ་དང་། བདག ་དང་། བདེ་བ་དང་། མཛེས་པ་དང་། གཙང་བར་སྒྲོ་འདོགས་པའི་ཕྱིན་ཅི་ལོག་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྟོང་པའི་དངོས་པོ་རྣམས་ལ་ཤེས་རབ་ཀྱིས་དཔྱད་དེ་རྟག་པ་དང་། ་བདག་དང་ཕྱིའི་དོན་བསལ་བས་ཁྲག་ཁྲུག་གི་ཚིག་ནི་ཁྲག་ཁྲུག་མ་ཡིན་པའི་ཚིག་དུ་འགྱུར་རོ།། སྒྱུ་མའི་ཚིག་དང་སྒྱུ་མ་མེད་པའི་ཚིག་ནི་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ནི་སྒྱུ་མའི་ཚིག་གོ།། དོན་དམ་པའི་བདེན་པ་གཉིསུ ་མེད་པར་ཡང་དག་པར་རིག་པ་ནི་སྒྱུ་མ་མེད་པའི་ཚིག་སྟེ། ཇི་ལྟར་རྡོ་རྗེ་གཅོད་པ་ལས་བྱུང་བ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ།། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་མྱེད་པ་དེ་ཙམ་དུ ་མི་བརྫུན་ནོ།། རྨི་ལམ་གྱི་ཚིག་དང་། རྨི་ལམ་མ་ཡིན་པའི་ཚིག་ནི་མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པ་ལས་སྐྱེས་པ་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ནི་རྨི་ལུམ་གྱི་ཚིག་གོ།། གཉིས ་གཉིས་ཀྱི་རྣམ་པས་སྟོང་ཞིང་བསམ་དུ་མེད་པ་དང་། སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པར་གྲུབ་པ་ནི་རྨི་ལམ་མ་ཡིན་པའི་ཚིག་གོ།། སྨིག་རྒྱུའི་ཚིག་དང་། སྨིག་རྒྱུ་མེད་པའི་ཚིག་ནི་བྱེད་པའི་སྣང་བ་ཙམ་གྱིས ་ནོར་པའི་ཤེས་པའི་ཚིག་སྨིག་རྒྱུའི་ཚིག་གོ། ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ལས་འགྱུར་བ་གསལ་བར་སྣང་བ་དང་མཚུངས་པས་སོ།། ཇི་ལྟར་རྨི་ལམ་དུ་ཡང་མྱ་ངན་གྱི་ཐང་ལ་སོགས་པ་ལ་ཆུར་ཤེས་པ་གདོན་མི་ཟ་བར་འགྱུར་བ་དེ ་བཞིན་དུ་རྨི་ལམ་མེད་པའི་དུས་ན་ཡང་ཕྱིའི་དོན་མེད་པར་མྱ་ངམ་གྱི་སྨིག་རྒྱུ་ལ་སོགས་པ་ལ་ཆུར་སྒྲོ་འདོགས་པར་བྱེད་དེ། དེས་ན་སྨིག་རྒྱུའི་ཚིག་ནི་སྨིག་རྒྱུ་མེད་པའི་ཚིག་གོ།། གཟུགས་བརྙན་གྱི་ཚིག་དང་། གཟུགས་བརྙན་མེད་པའི་ཚིག ་ནི་ཕྱིའི་དོན་མེད་པས་ནི་བཞིན་གྱི་གཟུགས་ཉིད་མེད་ན། དེ་ལས་གཟུགས་བརྙན་དུ་གྱུར་པ་ལྟ་གོ་ལ་ཞིག་སྟེ། རྨི་ལོམ་དུ་རྨི་ལམ་གཞན་པ་ལྟ་བུ་བས་ན་གཟུགས་བརྙན་གྱི་ཚིག་ནི་གཟུགས་བརྙན་མེད་པའི་ཚིག་ཏུ་འགྱུར་རོ།། ཡང་ན་གཟུ ་ནཱི་ལཱས་ཏེ། ཕྱིའི་དོན་མེད་པའི་ཕྱིར་དུ་ཡང་གཟུགས་མེད་པའི་ཚིག་གོ། འཁར་ལོའི་ཆོག་དང་། འཁོར་ལོ་མེད་པའི་ཆོ་ག་ནི་འགལ་བ་ཉིད་ཡོངས་སུ་མ་གྲུབ་པ་སྟེ། དེའི་ཚེ་དེའི་འབྲས་བུ་གཟུགས་བརྙན་ནཱི་འཁོར་ལོ་མེད་པའི་ཚིག་གོ། ་དྷི་ཟའི་ཚིག་དང་། དྲི་ཟ་མ་ཡིན་པའི་ཚིག་ནི་དྲི་ཟའི་གྲོང་ཁྱེར་ཕྱིའི་རྣམ་པར་གྲུབ་པ་མེད་པས་ན་དེ་ལས་ལྷུག་པའི་དགོས་པ་གྲུབ་པ་ལྟ་ཅི་སྨོས་ཏེ། དེས་ན་དྲི་ཟའི་ཚིག་ནི་དྲི་ཟ་མ་ཡིན་པའི་ཚིག་གོ། ལྷའི་ཚིག་དང་། ལྷ་མ་ཡིན་པའི ་ཚིག་ནི་ཕྱིའི་དོན་མེད་པས་ན་ལྷའི་ཚིག་གནས་ནི་ལྷའི་ཆོ་ག་མ་ཡིན་ནོ།། ཟས་སྐོམ་གྱི་ཚིག་དང་། ཟས་སྐོམ་མེད་པའི་ཚིག་ནི་རྨི་ལམ་གྱི་དུས་ན་ཡང་ཟས་དང་སྐོམ་བཟའ་བཏུང་བར་འགྱུར་ཏེ། ཕྱིའི་དོན་མེད་པས་ན་དེ་ཡོད་པའང་མ་ཡིན། ་དེ་བས་ན་ཟས་སྐོམ་གྱི་ཚིག་ནི་ཟླས་སྐོམ་མེད་པའི་ཚིག་གོ།། འཁྲིག་པའི་ཚིག་དང་། འཁྲིག་པ་མེད་པའི་ཚིག་ནི་ལུས་ཡོད་ན་ནི་འཁྲིག་པར་ཡང་འགྱུར་ན། ཇི་ལྟར་ལུས་ནི། གཟུགས་ནི་རྡུལ་ཕྲན་གཟིགས་པ་ན།། རྡུལ་ཕྲན ་ཆ་ནི་མེད་པ་སྟེ།། དེ་ལྟ་བུར་ཕྱིའི་དོན་མེད་པས་ན། དེའི་ལུས་ཉིད་ལ་སྟོང་པར་མཐོང་སྟེ། དེའི་ཚེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མཛེས་པ་མ་ཡིན་པ་དང་། སྟོང་པར་སྒོམ་པས་འཁྲིག་པའི་ཆོག ་ནི་འཁྲིག་པ་མ་ཡིན་པའི་ཆོག་ཏུ་ཁོང་དུ་ཆུད་པར་འགྱུར་རོ།། ལྟ་བའི་ཚིག་དང་། ལྟ་བ་མེད་པའི་ཚིག་ནི་གཟུགས་ལ་སོགས་པ་ལྟ་བ་སྟེ། ཤེས་རབ་ཀྱིས་སྦོམ་པོ་ཕྲ་མོ་རྣམ་པར་དབྱེ་བ་ན་ཁང་པ་དང་། སྡེ་དང་། ཚལ་ལ་སོགས ་པ་བཞིན་དུ་སྟོང་པར་གྱུར་ཏེ། དེས་ན་ལྟ་བའི་ཚིག་ནི་ལྟ་བ་མེད་པའི་ཚིག་ཏུ་ཤེས་སོ།། ཕ་རོལ་ཏུ་ཕྱིན་པའི་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་མེད་པའི་ཆོག་ནི་གཉིས་ཀྱི་རྣམ་པའི་ཤེས་པས་སྦྱིན་པ་ལ་སོགས་པའི་ཕ ་རོལ་ཏུ་ཕྱིན་པའི་ཚོགས་སུ་འགྱུར་བ་གང་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པར་ཤེས་པ་ཀུན་རྫོབ་ཀྱི་བདེན་པ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དོན་དམ་པར་གྲུབ་པ་མ་ཡིན་ཏེ། གཉི་སུ་མེད་པའི་ཡེ་ཤེས་ལ་མི་སྣང། ་ཤེས་རབ་ཀྱིས་དཔྱོད་པ་ན་ཤེས་པར་བྱ་བ་མི་དམིགས་པའི་རྣལ་འབྱོར་བསམ་དུ་མེད་པ། སྣང་བ་མེད་ཅིང་དོན་དམ་པའི་བདེན་པ་གཉིས་ཀྱི་མི་གཉིས་པར་ཡང་དག་པ་རིག་པ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ལ་དགེ ་བ་དང་མི་དགེ་བའི་ཆོས་རྣམ་པ་གཉིས་པོ་ཐམས་ཅད་མི་སྣང་ངོ་།། ཚུལ་ཁྲིམས་ཀྱི་ཚིག་དང་། ཚུལ་ཁྲིམས་མེད་པའི་ཚིག་ནི་འདི་ནི་བྱ་བའོ།། འདི་ནི་མི་བྱའོ་ཞེས་བྱ་བ་སྟེ། གཉིས་ཀྱི་རྣམ་པར་ཤེས་པ་ལ་ཚུལ་ཁྲིམས་སུ་རྣམ་པར་རྟོག་པར ་འགྱུར་གྱི། ཤེས་རབ་ཀྱིས་དཔྱད་པས་གཉིས་ཀྱི་རྣམ་པ་ཐམས་ཅད་མ་སྐྱེས་པ་དང་། སྟོང་པ་དང་། སེམས་པ་དང་། བྲལ་བ་དང་། སྣང་བ་མེད་ཅིང་མི་གཉིས་པའི་ཚུལ་ཁྲིམས་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་དངོས་པོ ་མེད་པར་རྣམ་པར་མི་རྟོག་པར་མཐོང་སྟེ། དེས་ན་ཚུལ་ཁྲིམས་ཐམས་ཅད་དུ་རྣམ་པར་རྟོག་པའི་ཚུལ་ཁྲིམས་ཀྱི་ཚིག་ནི་ཚུལ་ཁྲིམས་མེད་པའི་ཚིག་ཏུ་འགྱུར་རོ།། གཉི་ཟླ་དང་སྐར་མའི་ཚིག་དང་། གཉི་ཟླ་དང་སྐར་མ་མེད་པའི་ཚིག་ནི་བདག ་དང་གཞན་གྱི་རྒྱུན་གྱི་དབང་དང་། དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པས་དགེ་བ་དང་མ་དག་པའི་ལ་ལྔ་གནས་རྣམ་པ་སྣ་ཚོགས་མང་བ་བྱུང་ཞིང་། འཇིག་རྟེན་གྱི་མགོན་པོ་ལ་སོགས་པར་སྣང་བ་གཉིས་ཀྱི་རྣམ ་པའི་རྣམ་པར་ཤེས་པ་ཐམས་ཅད་ནི་གཞན་གྱི་དབང་སྟེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་པས་ན་ཉི་ཟླ་དང་། སྐར་མའི་ཚིག་ནི་དཱན་དམ་པར་སྟོང་པས་ཉི་ཟླ་དང་སྐར་མ་མེད་པའི་ཚིག་ས་བདེན་པ་མེད་པའི་ཚིག་ནི་བདེན་པ ་བཞིའི་ཤེས་པ་ཤེས་རབ་ཀྱིས་དཔྱད་པ་ན་ཐམས་ཅད་གཉིས་སུ་མེད་པར་རྟོག་པར་འགྱུར་ཏེ། དེ་བས་ན་བདེན་པའི་ཚིག་ནི་བདེན་པ་མེད་པའི་ཚིག་གོ།། འབྲས་བུའི་ཚིག་དང་། འབྲས་བུ་མེད་པའི་ཚིག་ནི་རྩེ་མོ་ཉི་ཤུར་འཕགས་པ་འཇིག ་ཚོགས་ལ་ལྟ་བའི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་པ་སྟེ། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་ཐོབ་བོ་ཞེས་བྱའོ།། དེ་ལ་རྩེ་མོ་ཉི་ཤུ་ཞེས་པ་ནི་གཟུགས་བདག་གོ་བར་ཀུན་ཏུ་མཐོང་བ་དང་། བདག་གཟུགས་ཅན་པ་དང་། བདག་གི་གཟུགས། ་དང་། བདག་ལ་གཟུགས་ཞེས་པར་མཐོང་བ་དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་རྣམས་ལ་ཡང་སྦྱར་བར་བྱའོ།། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པའི་ཤེས་པ་ཐམས་ཅད་ནི་སྟོང་པ་ཡིན་ཏེ།། ། ་ཇི་ལྟར་འདིར་གཟུང་བ་དགྲ་བཅོམ་པ་ནི་སེམས་ཀྱི་འཁྲུལ་པ་ཞེས་བྱའོ།། ཇི་ལྟར་རྡོ་རྗེ་གཅོད་པ་ལས་འབྱུང་བ། རབ་འབྱོར་བདག་གིས་དགྲ་བཱཅོམྦ་པཱ་ལཱུ་ཙྪི་དེ་སྙམ་དུ་འགྱུར་རམ། བཅོམ་ལྡན་འདས་མ་ལགས་སོ།། དགྲ་བཅོམ་པ ་ཞེས་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་སོ་ཞེས་ཏེ། དེ་དེ་ལྟར་ན་ཤེས་རབ་ཀྱིས་དཔྱད་པས་གང་ཟག་ལ་བདག་མེད་པ་གཉིས་ཀྱི་རྣམ་པའི་ཡེ་ཤེས་ཀྱང་སྟོང་པར་འགྱུར་ཏེ། ཆོས་ལ་བདག་མེད་པ་དོན་དམ་པའི་བདེན ་པཔ་མི་གཉིས་པར་ཡང་དག་པར་རིག་པ་ལ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པས་ན། འབྲས་བུའི་ཚིག་ནི། འབྲས་བུ་མེད་པའི་ཚིག་གོ།། འགོག་པའི་ཚིག་དང་། འགོག་པ་མེད་པའི་ཚིག་ནི་བཟུང་བ་དང་། འཛིན་པ་མེད་པའི ་ཕྱིར་བདགས་པར་བྱ་བ་ཡང་མེད་པས་ན། འགོག་པའི་ཚིག་ནི། འགོག་པ་མེད་པའི་ཚིག་གོ།། ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པར་བདག་གི་སྐྱེ་བ་ཟད་པ་དང་ཚངས་པའི་སྤྱོད་པ་སྤྱད་པ་དང་། འདི་ལས་སྲིད་པ་གཞན་མི་ཤེས་ཏེ། དེ ་ལྟ་བུར་བདེན་པ་བཞིར་བསྒྱུར་བ་སློབ་པ་དང་མི་སློབ་པ་རྣམས་ལ་ཤེས་པར་བྱ་བ་དང་ཤེས་པ་ལ་སོགས་པ་སྦྱར་བར་བྱའོ།། རྣམ་པ་གཉིས་ནི་ཤེས་པ་ཐམས་ཅད་ནི་མི་གཉིས་པ་སྟེ། དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་དངོས་པོ་དང་དངོས ་པོ་མེད་པར་རྟོག་ཅིང་། སེམས་མེད་པ་ལ་མི་སྣང་སྟེ། དེ་བས་ན་འགོག་པའི་ཚིག་ནི་འགོག་པ་མེད་པའི་ཚིག་གོ།། འགོག་པ་ལས་ལྡང་བའི་ཚིག་དང་། འགྲོག་པ་ལས་ལྡང་བ་མེད་པའི་ཚིག་ནི་ཉོན་མོངས་པ་འགོག་པ་བདེན་པའི་ཏིང་ངེ་འཛིན ་ལས་ལྡང་བ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། གཙང་བ་མ་ཡིན་པའི་རྣམ་པ་དག་འཇིག་རྟེན་གྱི་བསམ་གཏན་གཉིས་ཀྱི་རྣམ་པ་སྣང་བ་རྨི་ལམ་དང་། མིག་འཕྲུལ་དང་གཟུགས་བརྙན་ལ་སོགས་པའི་ཤེས ་པ་བཞིན་དུ་དོན་དམ་པའི་བདེན་པས་སྟོང་བ་སྟེ། གཉི་སུ་མེད་པ་དྲོན་དམ་པའི་བདེན་པ་ཡང་དགེ་བར་རིག་པ་ལ་མི་སྣང་བས་ན་འགོག་པ་ལས་ལྷུང་བའི་ཚིག་ནི་འགོག་པ་ལས་ལྡང་བ་མེད་པའི་ཆོག་གོ།། ཐེ་ཚོམ་གྱི་ཚིག་དང་། ཐེ་ཚོམ་མེད་པའི ་ཚིག་ནི་ཅི་འདི་ལྟར་ཡིན་ནམ་མ་ཡིན་ཞེས་པ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་མོས་པར་འགྱུར་གྱི་གཉི་སུ་མེད་པ་ལ་ནི་མ་ཡིན།། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་སྟོང་པ་ཉིད་ལ་ཕུང་པོར་གནས་པ་མེད་པ་དང་། འཇིག་པ་ཉིད་ཡིན ་པར་རྟོགས་པར་གྱུར་པ་དེའི་ཚེ་རྟག་པ་དང་། བདག་དང་། ཕྱིའི་དོན་དུ་འཁྲུལ་པ་སྤངས་ཏེ། བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར ་མི་རྟོག་པ། དོགས་པ་དང་བྲལ་བ་གཉིས་གནས་སོ།། མཚན་གྱི་ཚིག་དང་། མཚན་མེད་པའི་ཚིག་ནི་ཆོས་དང་། ཆོས་ཅན་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་ལ་སོགས་པའི་བརྟགས་པ་ནི་མཚན་ཉིད་ཀྱི་ཚིག་གོ།། གང ་དེའི་གཞི་ཡིན་པའི་རང་གི་མཚན་ཉིད་ནི་སྒྲའི་དོན་དུ་སྤྲོ་བཏགས་ནས་སྤྱིའི་རྣམ་པར་མངོན་པར་བརྗོད་པ་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟྟི་ས་སྨྲས་པ། དོན་དམ་དེ་ནི་བདུག་གཉིས་ཀྱིས།། སྦྱོར་བ་མེད་ཅིང་ཐ་དད་མེད།། གཟུགས་ནི་ག ་དང་ཐ་དད་པར།། དེ་དག་བློ་ཡི་འཁྲུལ་པའོ།། ཇི་ལྟར་དབུ་མ་ལས་འབྱུང་བ།། མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚན་མ་མཚན་ཉིད་མེད་པར་འགྱུར།། གཅིག་ནའང་དེ་གཉིས་མི་འགྲུབ་སྟེ།། ཐ་དད་ནའང་གཞན་དུ་མེད།། དེ་བཞིན་། ་དུ་ཆོས་དང་ཆོས་ཅན་ཏེ། དེས་ན་མཚན་གྱི་ཚིག་ནི་མཚན་མེད་པའི་ཚིག་གོ། ཡན་ལག་གི་ཚིག་དང་། ཡན་ལག་མེད་པའི་ཚིག་ཅེས་བྱ་བ་ལྔ། ཡན་ལག་ནི་ལུས་དེ་ལས་ཕྱིའི་དོན་མེད་པས་ན། དེ ་མེད་དེས་ན་ཡན་ལག་གི་ཚིག་ནི་ཡན་ལག་མེད་པའི་ཚིག། སྒྱུ་རྩལ་རིག་པ་ཡི་དང་། སྒྱུ་རྩལ་རིག་པ་མེད་པའི་ཚིག་ནི་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལ། སྒྱུ་རྩལ་གྱི་ཚིག་ཏུ་འགྱུར་གྱི། གཉིས་སུ་མེད་པ་ལ་དེ་མི་སྣང་ངོ་།། ་བསམ་གཏན་གྱི་ཚིག་དང་། བསམ་གཏན་མེད་པའི་ཚིག་ནི་བསམ་གཏན་པ་དང་། བསམ་གཏན་དུ་བྱ་བ་དང་། བསམ་གཏན་དང་དེ་གསུམ་ནི་ཕྱིའི་དོན་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་སྒོམ་པ་ལ་སྣང་ངོ་།། ་གང་གི་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་། ཕྲ་མོ་གཞིགས་ཏེ། མི་དམིགས་པ་དེའི་ཚེ་མི་གཉིས་པ་བདག་ཉིད་ཀྱིས་གནས་པར་འགྱུརརོ།། ནོར་པའི་ཚིག་དང་། ནོར་པ་མེད་པའི་ཚིག་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ནོར ་པའི་ཚིག་སྟེ། དེ་ཉི་ད་ཤེས་རབ་ཀྱིས་དཔྱད་པ་ན་གཉིས་ཀྱི་རྣམ་པའི་ནོར་བ་དང་བྲལ་བ་ནོར་མེད་པའི་ཚིག་ཏུ་འགྱུར་རོ།། སྣང་བའི་ཚིག་དང་། སྣང་བ་མེད་པའི་ཚིག་ནི་གཟུགས་ལ་སོགས་པ་སྣང་བའི་ཚིག་སྟེ། གཟུགས ་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆེ་ནི་མེད་པ་སྟེ། ཞེས་བྱ་བས། དེ་དེ་ལྟར་སྟོང་སྟེ། སྣང་བ་མེད་པའི་ཚིག་ཏུ་འགྱུར་རོ།། སྲུང་བའི་ཚིག་དང་། བསྲུང་བ་མེད་པའི་ཚིག་ནི་འདི་བསྲུང་བར་བྱ་བ་དང་། འདི་བསྲུང་བར་མི ་བྱ་བ་དང་། གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་ལ་བསྲུང་བར་འགྱུར་གྱི། གཉིས་སུ་མེད་པ་ལ་དེ་ལྡོག་སྟེ། དེ་བས་ན་བསྲུང་བའི་ཚིག་ནི་བསྲུང་བ་མེད་པའི་ཚིག་ཏུ་འགྱུར་རོ།། དུས་ཀྱི་ཚིག་དང་། དུས་མེད་པའི་ཚིག་ཅེས་བྱ་བ ་ལྡེ། དུས་ནི་རྒྱུད་ཡིན་ཏེ། དེ་ཡང་གཉིས་ཀྱི་རྣམ་པའི་ཤེས་པས་འཛིན་གྱི་གཉིས་སུ་མེད་པ་ལས་མི་སྣང་བས་ན་དུས་མེད་པའི་ཚིག་ཏུ་ཡང་དག་པར་རྟོག་པར་འགྱུར་རོ།། དྲང་སྲོང་གི་ཚིག་དང་དྲང་སྲོང་མ་ཡིན་པའི་ཚོག ་ནི་པ་ཏན་ཛ་པའི་རྣལ་འབྱོར་ལ་ཡན་ལག་བརྒྱད་ཡོད་པ། སྡོམ་པ་དང་། ངེས་པ་དང་། སྟན་དང་། སྲོག་གི་འབད་པ་དང་། ཕྱིས་བསྒྲུབ་པ་དང་། བསམ་གཏན་དང་། འཛིན་པ་དང་། ཏིང་ངེ་འཛིན་ཏོ།། དྲང་སྲོང་ཨ་གསྟའི ་རྣལ་འབྱོར་ཡང་། སྲོག་འབད་དེ་བཞིན་བསམ་གཏན་དང་།། ཕྱིས་སྒྲུབ་དེ་ནས་འཛིན་པ་དང་།། རྟོག་གེ་ཏིང་འཛིན་དེ་བཞིན་དུ།། ཡན་ལག་དྲུག་ནི་རྣལ་འབྱོར་བརྗོད།། དྲང་སྲོང་ས་ན་ཀའི་རྣལ་འབྱོར་ནི།། འཛུམ་པ ་ཕྱེ་བ་དེ་བཞིན་དུ།། ཐལ་མོ་ཙམ་དུ་རྣམ་ཤེས་བྱ།། དེ་བཞིན་བཅུ་གྲི་ཉིས་ཙམ་པོ་ནི།། སྲོག་འབད་པར་ནི་མངོན་བརྗོད་བྱ།། སྲོག་འབད་བཅུ་གཉིས་འཛིན་པ་སྟེ།། འཛིན་པ་གཉིས་ནི་རྣལ་འབྱོར་ཡིན།། དེ་ལྟར་རྣལ ་འབྱོར་ལྡན་པ་ལ།། དབང་ཕྱུག་རབ་ཏུ་འགྲུབ་པར་འགྱུར།། བདག་གི་མཆོག་ནི་གཟི་བརྗིད་ཀྱིས།། དེ་ནི་འབར་བར་མཐིཐོང་བའོ།། དེ་དེ་ལྟར་དྲང་སྲོང་གི་རིགས་སྲོག་གི་འབད་པ་ལ་སོགས་པའི་དཀའ་ཐུབ་དཀའ་བས་ཀུན་ཏུ ་ཉོན་མོངས་པར་འགྱུར་བའོ།། འཁོར་བའི་རྒྱུན་ནི་ཉོན་མོངས་པ་ཡིན་ལ། བདག་ཏུ་ཞེན་པ་ཡོངསསུ་ཟད་པར་བྱེད་པའི་རྒྱུ་ནི་བདག་མེད་པའི་རྣལ་འབྱོར་ཡིན་པ་དེ་དག་གིས་མི་ཤེས་ཏེ། དེ་མི་ཤེས་པས་གྲོལ ་བ་མེད་དེ། འཁོར་བས་ན་དྲང་སྲོང་གི་ཚིག་ནི་དྲང་སྲོང་མ་ཡིན་པའི་ཚིག་གོ། ཇི་ལྟར་ཏིང་འཛིན་གྱི་རྒྱལ་པོ་ལས་གསུངས་པ། གང་དག་བདག་ཏུ་འདུ་ཤེས་གནས།། དེ་དག་སྡུག་བསྔལ་ཤིན་ཏུ་གནས།། གང་ན་སྡུག་བསྔལ་མང ་པ་ཡི། བདག་མེད་དེ་དག་མི་ཤེས་སོ།། རྒྱལ་པོའི་སྲིད་ཀྱི་ཚིག་དང་། རྒྱལ་པོའི་སྲིད་མ་ཡིན་པའི་ཚིག་ནི་རྟག་པ་དང་། བདག་དང་། བདེ་བ་དང་། མཛེས་པའི་དངོས་པོ་ཕྱིན་ཅི་ལོག་པས་དབང་ཕྱུག་འདོད་པར་འགྱུར་རོ།། ཤེས ་རབ་ཀྱིས་དཔྱད་དེ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མཛེས་པ་མ་ཡིན་པ་དང་། སྟོང་པར་ཤེས་པ་ན་རྒྱ་ལྔ་པོའི་སྲིད་ཀྱི་ཚིག་ནི་རྒྱལ་པོའི་སྲིད་མ་ཡིན་པའི་ཚིག་གོ།། སྐྱེ་བ་དང་། འཆི་བ་དང་། མངལ་དུ་གནས ་པ་དང་། ངན་འགྲོར་འགྲོ་བ་ལ་སོགས་པའི་གནོད་པ་ཐམས་ཅད་ལ་སྐྱོ་བར་འགྱུར་བར་ཡང་རྒྱལ་པོའི་སྲིད་ཀྱི་ཚིག་ནི་རྒྱལ་པོའི་སྲིད་མ་ཡིན་པའི་ཚིག་གོ།། གཟུང་བའི་ཚིག་དང་གཟུང་བ་མེད་པའི་ཚིག་ནི་ཤེས་པ་འདིས་ཆུད་པར་བྱེད། ་རྟོགས་པར་བྱེད། འཛིན་པར་བྱེད་པས་ན་གཟུང་བའི་ཚིག་གོ། ཇི་ལྟར་འཕགས་པ་བཙུན་གཙོ་བྱམས་པས་གསུངས་པ།། བདག་དང་སེམས་ཅན་དོན་རྣམས་ཤེས།། སྣང་བ་རབ་ཏུ་སྐྱེ་བ་ནི།། རྣམ་ཤེས་དེ་ཡང་དོན་མེད་དེ།། དེ་མེད་པས ་ན་མདེ་ཡང་མེད། ཅེས་བྱ་བས་ན་བཟུང་བ་མེད་པའི་ཕྱིར་གཟུང་བའི་ཚིག་ནི་གཟུང་བ་མེད་པའི་ཚིག་སྟེ། འཛིན་པའི་རང་བཞིན་གྱིས་སྟོང་པར་འགྱུར་རོ།། རིན་པོ་ཆེའི་ཚིག་དང་། རིན་པོ་ཆེ་མེད་པའི་ཚིག་ནི་མཛེས་པའི་རྣམ་པར་རིན་པོ ་ཚེཆེ་བརྗོད་པ་ཡིན་ཏེ། དེ་ཡང་ལས་རྣམ་པ་སྣ་ཚོགས་ལས་སྐྱེས་པ་གཉིས་ཀྱི་རྣམ་པའི་ཤེས་པས་སྣང་གི། གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་ནི་མ་ཡིན་ཏེ། དེས་ན་རིན་པོ་ཆེའི་ཚིག་ནི་རིན་པོ་ཆེམ ་ཡིན་པའི་ཚིག་གོ།། ལུང་བསྟན་པའི་ཚིག་དང་། ལུང་བསྟན་པ་མེད་པའི་ཚིག་ནི་འདི་རྣམས་ཀྱི་ལུང་སྟོན་པར་བྱེད་པས་ན་ཚིག་ནི་ལུང་སྟོན་པའོ།། གཟུགས་ཀྱི་ཕུང་པོ་མེད་པས་ན་དེ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་ལུང་བསྟན ་པའི་ཚིག་ནི་ལུང་བསྟན་པ་མེད་པའི་ཚིག་གོ། འདོད་ཆེན་པའི་ཚིག་དང་། འདོད་ཆེན་མེད་པའི་ཚིག་ནི་ལོངས་སྤྱོད་ཀྱིས་མངོན་པའི་ང་རྒྱལ་བསྐྱེད་ཅིང་། ལྷག་པ་ལ་སོགས་པས་ན་འདོད་ན་འདོད་ཆེན་པའི་ཚིག་ནི་འདོད་ཆེན་མེད ་པའི་ཚིག་སྟེ། ཇི་ལྟར་འདི་ཉིད་དུ་བཟུང་བ་ལོངས་སྤྱོད་ལ་མོས་པ་ནི་གཉིས་ཀྱིས་རྣམ་པར་ཤེས་པ་ལ་སྣང་གི། གཉིས་སུ་མེད་ཅིང་བསམ་པ་སྣང་བ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་ནི་མ་ཡིན་ཏེ། ལྷག ་མ་ནི་སྔ་མ་བཞིན་ནོ།། ཕོ་སྨོས་དང་། མ་ནིང་གི་ཚིག་དང་ཕོ་སྨོས་དང་། མ་ནིང་མེད་པའི་ཚིག་ཅེས་བྱ་བ་ནི་ཕྱིའི་དོན་ཡོད་ན་ནི་ཕོ་སྨོས་དང་། མ་ནིང་གི་ཚིག་ཏུ་རྣམ་པར་བརྟག་པར་ཡང་འགྱུར་གྱི་གང་གི་ཚེ། གཟུགས་ནི་རྡུལ་ཕྲན ་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ། ཞེས་བྱ་བས་ཕྱིའི་དོན་མེད་པར་གྱུར་པ་དེའི་ཚེ་ཕ་སྨོས་དང་མ་ནིང་གི་ཚིག་ནི་ཕོ་སྨོས་དང་མ་ནིང་མེད་པའི་ཚིག་གོ། བྲོ་བའི་ཚིག་དང་། བྲོ་བ་མེད་པའི་ཚིག་ནི། རློམ་སེམས ་དཔའ་བོ་བཞིན་བྱད་ངན།། གཏུམ་པོ་རྩེད་མོ་འཇིགས་བྱེད་རྣམས།། སྙིང་རྗེ་རྨད་འབྱུང་ཞི་བ་ཡང་།། གར་གྱི་བྲི་ནི་དགུ་ཞེས་བྱ།། ཁ་ཅིག་ལ་ནི་བྲོ་རྣམསྲ་བརྒྱད་དེ། ཞི་བ་ནི་ཐོག་མ་དང་། ཐ་མར་གནས་པ་ཡིན་ཏེ། ཞི་བ་ཉིད་ལས་འགྱུར ་བའི་རིམ་པ་ཐོབ་པ་དང་། རློམ་སེམས་ལ་སོགས་པའི་བྲོ་འབྱུང་ངོ་།། དངོས་པོ་ཐམས་ཅད་ཁོ་ན་ལས།། གང་གི་གཟུགས་ནི་མང་འགྱུར་བ།། དེ་ནི་བྲོ་ལ་གནས་པར་བསམ།། ལྷག་མ་འཕོ་བར་འདོད་པའོ།། འཕོ་བ་སྐྱོ་བ་ན་བ་དང་།། ་བརྩེ་མེད་རྒྱགས་གནས་ལེ་ལོ་དང་།། བརྩེ་བའི་སེམས་དང་གཏི་མུག་དང་།། དྲན་པ་མྱོས་ལ་སོགས་པའོ།། རློམ་སེམས་ལ་སོགས་པའི་རྒྱུར་བསམ?་པ་ནི་འགྱུར་བའི་གནས་ཐོབ་པ་སྟེ། དགོད་པ་དགའ་བ་མྱ་ངན་དང་།། ཁྲོ་བ་སྤྲོ་བ ་དེ་བཞིན་འཇིགས།། སླད་དང་ཡ་མཚན་ཞེས་པ་ནི།། གནས་པའི་དངོས་པོ་བསྒྲགས་པའོ།། འདིར་རྣལ་འབྱོར་གྱི་དཔྱད་པ་བརྩམས་པས་ན་བྲོ་བའི་དངོས་པོ་དཔྱད་པ་དེ་འདིར་སྤྲོ་བར་མི་བྱ་སྟེ། རྒྱ་ཆེར་ནི་བ་ར་ཏིའི་གཙུག་ལག་ལས ་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།། ཐམས་ཅད་མཁྱེན་པ་འདོད་ཆགས་དང་བྲལ་བ། མཆོག་ཏུ་ཡོང་སུ་དག་ཅིང་ཚིག་གི་དབང་པོ་རྣལ་འབྱོར་ལ་མངའ་དབང་བརྙེས་པས་གཞན་གྱི་དོན་དུ་ཐུགས་རྗེ་ཅན་གྱི་སྤོང་བའི་ཆར ་གསུངས་པར་མཛད་དོ།། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པ་རྣམས་ཀྱིས་རློམ་སེམས་ལ་སོགས་པར་འགྱུར་བའི་ཕྱིའི་དོན་མེད་པར་ཡོངས་སུ་ཤེས་པས་གང་ཆགས་པར་འགྱུར་བ ་དྲང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་པར་འགྱུར་བའི་ཆོས་དེས་དེ་ཀུན་ཏུ་མི་མཐོང་སྟེ། དེ་བསྲ་ན་བྲོ་བའི་ཚིག་ནི་བྲོ་བ་མེད་པའི་ཚིག་གྲོ། གཞན་ཡང་འོ་མ་དང་། བུ་རམ་ལ་སོགས་པ་མྱེང་བ་ཕྱིའི་དོན་མེད་པ ་རྨི་ལམ་ཚོར་བ་བཞིན་པས་ན་གཉིས་ཀྱི་རྣམ་པ་ཐམས་ཅད་ནི་གཉིས་སུ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་མི་འཇུག་པས་བྲོ་བ་མེད་པའི་ཚིག་གོ།། བྱེད་པའི་ཚིག་དང་། བྱེད་པ་མེད་པའི་ཚིག་ནི། འདུས ་བྱས་ཐམས་ཅད་སྐད་ཅིག་པུ།། མི་བརྟན་བྱེད་པ་ག་ལ་ཞིག། གང་འབྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད། ཅེས་བྱ་བ་སྟེ། བྱེད་པ་དང་བྱེད་པ་པོ་ཐ་དད་པོ་མ་ཡིན་ཏེ། སྐད་ཅིག་པའི་ཚིག་གི་དོན་བྱུང་མ་ཐག་ཏུ ་འཇིག་པས་ན་བྱེད་པ་པོ་དེའི་བྱེད་པ་ལྟ་ག་ལོས་ཡོད་པས་དེས་ན་བྱེད་པའི་ཚིག་ནི་བྱེད་པ་མེད་པའི་ཚིག་གོ།། རྒྱུའི་ཚིག་དང་། རྒྱུ་མདོ་པའི་ཚེ་གོ་ཅེས་པ་ལོ།། རྒྱུ་ནི་བྱེད་པ་པོ་སྟེ། གང་གི་དུས་ན་ཆུ་ཡོད་པ་དེའི་དུས་ན་འབྲས་བུ་མིང ་པ་དེའི་སྐད་ཅིག་པ་ནི་ཞིག་པ་དང་མ་ཞིག་པ་གང་དང་ཡང་མི་འབྲལ་ཏེ། བྱ་བ་མེད་པས་ནི་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་པར་འགྱུར་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འབའ་ཞིག་སྟེ། དེས་ནི་རྒྱུའི་ཚིག་ནི་རྒྱུ་མེད་པའི་ཚིག་གོ།། ་ལུས་ཀྱི་ཚིག་དྲང་། ལུས་མེད་པའི་ཚིག་ནི་ཕྱིའི་དོན་དུ་སྒྲོ་བཏགས་དེ་ལུས་སུ་ཀུན་ཏུ་རྟོག་པ་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ། ཞེས་བྱ་བས་ཕྱིའི་དོན་སྔར་སུན་ཕྱུང་བ་བཞིན ་དུ་ཕྱིའི་དོན་མེད་པས་ན་ལུས་ཀྱི་ཚིག་ནི་ལུས་མེད་པའི་ཚིག་གོ།། རྟོག་གེའི་ཚིགྲ་དང་། རྟོག་གེ་མེད་པའི་ཚིག་ཅེསྲ་བྱ་བ་ལ་རྟོག་གེ་ནི་ཚད་མ་དང་གཞལ་བ་སྟེ། དེ་ཡང་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལས་འབྱུང་བ་རྨི་ལམ་དང་། ་མིགྲོ་འཕྲུལ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་ནོ།། གང་ནེ་ཡི་ཡ་ཡི་ཀ་ལ་སོགས་པས་ཚིག་གི་དོན་བཅུ་དྲུག་དང་། དྲུག་དང་། ཉི་ཤུ་ལྔ་དང་། ཡོད་པར་འགྱུར་བ་རྣམ་པ་བདུན་དང་། ཐ་དད་པ་དང་། ཐ་དད་པ་མ ་ཡིན་པ་དང་། སྤྱི་དང་ཁྱད་པར་དུ་ཀུན་ཏུ་བརྟགས་པ་ཚད་མ་དང་གཞལ་བ་ལ་སོགས་པ་ནི་ཕྱིའི་དོན་མེད་པས་ཤེས་རབ་ཀྱིས་དཔྱད་པ་ནི་ཕུང་པོར་མི་གནས་འཇིག་པ་ཉིད་པའི་ཕྱིར་སྟོང་པ་ཡིན་ནོ།། ཕྱི་རོལ་གྱི་ཕུང་པོར་གནས་པ ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་ཁྱིམ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ།། རྟག་པ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལྟར་དངོས་པོ་མེད་དོ།། དེས་ན་རྟག་པ་དང་བདག་དང་ཕྱིའི་དོན་དུ་ཀུན་ཏུ་བརྟགས ་པའི་མུ་སྟེགས་ཅན་གྱི་རྟོག་གོའི་ཚིག་ནི་རྟག་གེ་མེད་པའི་ཚིག་གོ།། གཡོ་བའི་ཚིག་དང་། གཡོ་བ་མེད་པའི་ཚིག་ནི་སྐྱེ་བ་དང་། འགོག་པ་ལ་སོགས་པ་ཀུན་ཏུ་རྟོག་པ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འགྱུར་གྱི། མི་གཉིས་པ་བསམ ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་ལ་ནི་མ་ཡིན་ནོ།། དབང་པོའི་ཚིག་དང་། དབང་པོ་མེད་པའི་ཚིག་ནི་ལུས་ལ་སོགས་པའི་ཚིག་སྟེ། ལུས་དང ་དབང་པོ་ལ་སོགས་པའི་ཚིག་གི་བཤད་པ་ནི་ཕྱིའི་དོན་སྨན་དབྱུང་བ་བཞིན་ནོ།། རིང་པོ་ལ་སོགས་པའི་དབྱིབས་མེད་པས་ན། དེ་བཟློག་པའི་དོན་དུ་རྣམ་པ་མང་པོ་བཤད་པ་ཡིན་ཏེ། ལངྐར་གཤེགས་པ་འཕགས་མ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བར་དམ་པའི་ཆོས་ཐམས་ཅད་ཀྱི་འགྲེལ་པ་ཡིན་པས་ན་ཐམས་ཅད་མཁྱེན་པའི་གསུང་དེར་ལྷག་ཆད་ཀྱི་སྐྱོན་དུ་མི་འགྱུར་བར་བསམས་པའོ།། འདུས་བྱས་ཀྱི་ཚིག་དང་། འདུས་བྱས་མེད་པའི་ཚིག་ནི་རྒྱུ ་དང་རྐྱེན་གྱིས་བྱས་པ་ནི་འདུས་བྱས་སོ།། འདུས་མ་བྱས་པ་ནི་དངོས་པོ་མེད་པའོ།། ཁ་གཅི་གྲིས་འཆད་པ་ནི་ཆུད་པ་གཉིས་ཀྱི་རྣམ་པས་སྟོང་ཞིང་ཡོངསུ་དག་པ་ནི་འདུས་མ་བྱས་པ་ཉིད་དོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས ་འབྱུང་བ། རིགས་ཀྱི་བུ་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདྲི་ནི་སྟོན་པས་བཏགས་པའི་ཚིག་གོ།། སྐད་ཅིག་པ་ནི་འདུས་བྱསོ།། རྒྱུན་དུ་འབྲེལ་པ་ནི་འདུས་མ་བྱས་སོ།། འདི་ནི་སུས་ཀྱང་མི་བྱ་སྟེ། ཆོས་ཀྱི་ཆོས་ཉིད་དེ ་ཡོངས་སུ་གནས་པའོ་ཞེས་རྒྱ་ཚོར་རོ།། འདྲར་འའོངས་མ་བྱས་ཀྱི་ཚིག་ནི་འཛིན་པ་དང་། གཟུང་བ་དང་བྲལ་བའི་སྟོང་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ལ་དགོངས་པར་རྟོག་གོ།། རྒྱུ་དང་རྐྱེན་གྱིས་བྱས ་པ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་སྐྱེ་བའི་རང་བཞིན་མེད་པས་ན་ཡོངས་སུ་གྲུབ་པ་ཡང་དག་པར་རིག་པའི་རང་བཞིན་འབའ་ཞིག་ལ་གནོད་པ་མེད་དོ།། འཕག ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་བཤད་པ་དང་། དགོངས་པ་ངེས་པར་འགྲེལ་པ་བཤད་པའི་རྩོད་པའི་གནས་སུ་བདག་གིས་ཞིབ་ཏུ་བཤད་ཀྱིས་འདིར་ཡང་སྦྱར་བར་བྱའོ།། རྒྱུ་དང་འབྲས་བུའི་ཚིག་དང་། རྒྱུ་དང ་འབྲས་བུ་མེད་པའི་ཚིག་ཅེས་བྱ་བ་ལ། རྒྱུ་ནི་བྱེད་པ་སྟེ། གང་གི་ཚེ་ན་འབྲས་བུ་ཡོད་པ་དེའི་ཚེ་ན་རྒྱུ་མེད་དོ།། ཅིའི་ཕྱིར་ཞེ་ན། སྐད་ཅིག་པ་གཅིག་ནི་ཐོག་མ་དང་། ཐ་མའི་སྤྱོད་ཅིག་པ་དང་མི་འབྲེལ་བའི་ཕྱིར་ཏེ། སྔ་མའི་འོག་ཏུ་འདྲི ་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འབའ་ཞིག་གོ།། དེས་ན་བྱེད་པ་དང་བྱེད་པ་པོར་འབྲེལ་པར་གཞན་གྱིས་ཀུན་བརྟགས་པའི་རྒྱུ་དང་འབྲས་བུའི་ཚིག་དང་ནི་རྒྱུ་དང་འབྲས་བུ་མེད་པའི་ཚིག་གོ།། འོག་མའི ་ཚིག་དང་། འོག་མིན་གྱི་ཚིག་ཅེས་བྱ་བ་ལ། འོག་མའི་ཚིག་ནི་འཁོར་བར་གནས་པ་ནའོ།། ཡང་རྣལ་འབྱོར་སྒོམ་པ་ན་མཆོག་ཏུ་ཕྱིན་ནས་མཆོག་ནི་འོག་མིན་གྱི་ཚིག་གོ།། དུས་ཀྱི་ཚིག་དང་། དུས་མེད་པའི་ཚིག་ནི་ཕྱིའི་དོན་ཡོད་ན ་ནི་གྲང་བ་དང་དྲོ་བ་ལ་སོགས་པའི་ཁྱད་པར་གྱིས་དུས་ཀྱི་ཚིག་ཀྱང་ཀུན་ཏུ་བརྟགས་ན་ཕྱིའི་དོན་མེད་པས་དུས་ཀྱི་ཆོ་ག་ནི་དུས་མེད་པའི་ཚིག་ཡིན་ནོ།། གང་གིས་ཆེ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པ་དང་ཕྲ་བ་རྣམ་པར ་གཞིགས་པ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་མི་དམིགས་པ་དེའི་ཚེ་སྔར་བཤད་པ་བཞིན་དུ་ཐམས་ཅད་གཉིས་སུ་མེད་པར་སྦྱར་བར་བྱའོ།། ཤིང་དང་ཤིང་གྲེལ་པ་དང་ལྕུག་མ་གྱེས་པའི་ཚིག་དང་། ཤིང་དང ་ཤིང་གལ་བ་དང་། ལྕག་མཱ་མ་གྱེས་པ་མེད་པའི་ཚིག་ནི་རབ་ཏུ་རྨོངས་པ་རྣམས་ཀྱི་དེ་ལྟ་བུར་སྣང་བ་ཙམ་ལ་ཕྱིའི་དོན་དུ་ཀུན་རྟོག་པར་བྱེད་དེ། དེ་དག་ལ་རྨི་ལམ་གྱི་དུས་ན་ཡང་ཤིང་དང་ཡང་ཤིང་གེལྔ་པ་དང་། ལྷག་མ་གྱེས་པའི ་ཚིག་སྣང་བ་དེ་བཞིན་དུ། རྨི་ལམ་མེད་པའི་དུས་ན་ཡང་ཕྱིའི་དོན་ཀུན་ཏུ་རྟོག་པ་ན། གཟུགས་ནི་རྡུལ་ཕྲན་གོ་ཞིགས་པ་ན།། རྡུལ་ཕྲིན་ཆན་མེད་པ་སྟེ།། ཕྱི་ཡི་དངོས་པོ་མེད་པར་ཡང་།། སེམས་ན་རྣམ་པ་གཉིས་སུ་སྣང་ཞེས་བྱ་སྟེ། ་དེས་ནི་ཤིང་དང་། ཤྲྀང་གེལ་པ་དང་། ལྕུག་མ་གྱེས་པའི་ཚིག་ནི་ཤིང་དང་ཤིང་གེལ་པ་དང་། ལྕུག་མ་མ་གྱེས་པ་མེད་གང་གློ་ཚོ་ན་ཤེས་རབ་ཀྱིས་དཔྱད་དེ་ཅི་ཡང་མི་སྣང་ཞིང་མི་དམིགས་པ་དེའི་ཚེ་དོན་དམ་པའི་བདེན་པ་མི་གཉིས ་པ་ཡང་དག་པར་རིག་པ་ཉིད་གཉིས་པ་ཡང་དག་པར་རིག་པ་ཉིད་གནས་སོ།། སྣ་ཚོགས་ཀྱི་ཚིག་དང་སྣ་ཚོགས་མེད་པའི་ཚིག་ཅེས་བྱ་བ་ལ། སྣ་ཚོགས་ནི་གང་གཞིན་གྱི་དབང་ཉེ་བར་སྐྱེ་བ་སྟེ། དེ་གཉིས་ཀྱི་རྣམ་པ་དོན་དམ་པར ་སྐྱེ་བའི་རང་བཞིང་མེད་པས་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ།། ཇི་ལྟར་སློབ་དཔོན་དྷརྨཱ་ཀཱིརྟིས་སྨྲས་པ། དངོས་པོ་གང་གིས་བརྟག་བྱ་བ།། ཡང་དག་དེ་ནི་གཟུགས་མེད་དོ།། གང་ཕྱིར་གཅིག་དང་དུ་མར་ནི།། ་དེ་དག་གཟུགས་ནི་ཡོད་ན་ཡིན།། གང་གི་ཚེ་ན་ཤེས་རབ་ཀྱིས་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ་ཅུང་ཟད་ཀྱང་མི་དམིགས་པ་དེའི་ཚེ་བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་དོན་དམ་པ ་བདེན་པ་ཡང་དག་པར་རིག་པ་གཉིསུ་མེད་པར་གྲུབ་པ་ཉིད་གནས་སོ།། དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་གཉིས་སུ་མེད་པ་ལ་རྣམ་པ་སྣ་ཚོགས་ཐམས་ཅད་མི་འཇུག་སྟེ། དེ་བས་ན་སྣ་ཚོགས་ཀྱི་ཚིག ་ནི་སྣ་ཚོགས་མེད་པའི་ཚིག་གོ།། བསྟན་པས་གཟུང་བའི་ཚིག་དང་། བསྟན་པོས་གཟུང་བ་མེད་པའི་ཚིག་ནི་ཕྱིའི་དོན་མེད་པས་ན། དོན་དམ་པར་སྒྲའི་དོན་ཡོད་པ་མི་ཡིན་པ་ཉིད་དོ།། བདག་དང་གཞན་གྱི་དབང་དང་། ཡིད་ལ་བྱེད་པས ་ནང་སློང་བའི་མཐུ་དང་། སྙིང་རྗེས་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པ་དུ་མའི་སྒྲའི་དོན་དུ་སྣང་བའི་རྣམ་ཤེས་པ་འབའ་ཞིག་རབ་ཏུ་འབྱུང་ངོ་།། ཚེ་ལེན་པ་རྣམས་ཀྱི་ཡང་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་མ་རིག་པས ་དམ་པ་དང་། དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པས་ཀྱང་བདག་ལ་སྣང་བ་འབྱུང་ངོ་།། དེས་ན་བསྟན་པས་གཟུང་བའི་ཚིག་ནི་བསྟན་པས་གཟུང་བ་མེད་པའི་ཚིག་གོ། འདུལ་བའི་ཚིག་དང་། འདུལ་བ་མེད་པའི་ཚིག་ནི་འདི་ནི་བྱའོ། ་འདི་ནི་མི་བྱའོ།། ཞེས་བྱ་བ་འདུལ་བའི་ཚིག་ནི་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་ལ་ཡོད་དེ། གཉིས་ཀྱི་རྣམ་པར་ཡང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དོན་དམ་པར་མ་སྐྱེས་པས་ན་ཐམས་ཅད་ཡོད་པ་མ་ཡིན་པའི ་ཕྱིར་དོན་དམ་པའི་བདེན་པ་གཉིས་སུ་མེད་ཅིང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ཡང་དག་པ་རིག་པའི་ཚུལ་ཁྲིམས་ལ་དེ་མི་སྣང་སྟེ། དེས་ན་འདུལ་བའི་ཚིག་ནི་འདུལ་བ་མེད་པའི་ཚིག་གོ།། དགེ་སློང་གི་ཚིག་དང་། དགེ ་སློང་མེད་པའི་ཚིག་ནི་སྤྱིར་དགེ་བསྙེན་ལ་སོགས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་སྤངས་པའི་མཚན་ཉིད་ཀྱི་འདུལ་བའི་ཆོག་ཀྱང་ཡོད་དོ།། དགེ་སློང་རྣམས་ཀྱི་ནི་སོ་སོར་ཐར་པའི་སྡོམ་པས་བསླབ་པ་ལྷག་པར་འཛིན་ཏེ། གཉིས ་རྣམ་པའི་རྣམ་པར་རྟོག་པར་འབྱུང་བ་ཐམས་ཅད་ནི་དོན་དམ་པའི་བདེན་པ་མི་གཉིས་པའི་ཚུལ་ཁྲིམས་ལས་ལྡོག་པས་ན་དགེ་སློང་གི་ཚིག་ནི་དགེ་སློང་མེད་པའི་ཚིག་གོ།། བྱིན་གྱིས་བརླབས་ཀྱི་ཚིག་དང་། བྱིན་གྱིས་བརླབས་མེད ་པའི་ཆུག་ནི་གྱིས་བརླབས་ཞེས་བྱ་བ་རྣམས་གཉིས་ཀྱི་ཤེས་པ་གཉིས་སུ་མེད་པ་ལས་ལྡོག་པར་འགྱུར་ཏེ། དེ་བས་ན་བྱིན་གྱིས་བརླབས་ཀྱི་ཚིག་ནི་བྱིན་གྱི་རླབས་མེད་པའི་ཚིག་སྟེ། མི་གཉིས་པ་ནི་སྔ་མ་བཞིན་ནོ།། ཡི་གེའི་ཚིག ་དང་། ཡི་གེ་མེད་པའི་ཚིག་ཅེས་བྱ་བ་ལ། ཡི་གེའི་ཚིག་ནི་རྣམ་པར་རྟོག་པའི་ཤེས་པའི།། ཡི་གེ་དང་ཚིག་དང་བརྗོད་པ་ནི་བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་ཏེ་སྦྱོར་བར་འཇུག་གོ་ཞེས་ཏེ། ཇི་ལྟར་བྱ་ཀ་ར་ཎས་ཡོངསུ་རྟོག ་པར་བྱེད་པ།། དོན་གྱི་དངོས་པོར་ཡིད་འཇུག་པ།། གང་ལ་འགྲོ་བའི་རབ་བྱེད་འབྱུང་།། ཚངས་པ་སྒྲ་ནི་ཡང་དག་པ།། ཐོག་པ་མེད་ཅིང་མི་འཇིག་པའོ།། འདི་ནི་ཚངས་སྒྲའི་སྤྲུལ་པ་སྟེ།། སྒྲ་ཡི་མཐུས་ནི་རྣམ་པར་གནས།། སྒྲ་ཙམ་ལས ་ནི་བྱུང་བ་ཡང་།། དེ་ཉིད་དུ་ནི་ཞི་བར་འགྱུར་ཞེས།། དེས་ན་ཡི་གེ་དང་། འབྱོར་པའི་གཉིས་ཀྱི་རྣམ་པའི་རྣམ་པར་རྟག་པའི་ཤེས་པ་ཐམས་ཅད་ནི་ཡི་གེ་མེད་པའི་ཚིག་སྟེ། དོན་མེད་པའི་བདེན་པ་གཉིས ་སུ་མེད་པར་ཡང་དག་པར་རིག་པ་ལ་མི་སྣང་བའི་ཕྱིར་རོ།། སྒྲ་རྣམས་འདུས་པར་སྨྲས་པ་ནི།། འདུས་པའི་རིགས་ནི་འབྱུང་བར་བྱེད།། ཡན་ལག་མེད་པའི་སྒྲ་གཅིག་ལ།། རཱིམ་ནི་བྷྱོ་རྗེས་བསྒྲུབ་པའོ།། ཐོག་མའི་ཚིག་ནི་ཐ་དད་ཀུན ་ཚིག་ནི་ལྟོས་བཅས་ཤེས་པ་ཡང་།། བརྗོད་པ་སོ་སོར་བློས་མི་མཐུན།། ཚུལ་སྨྲ་རྣམས་ཀྱི་རྣམ་པ་མང་།། ཁ་ཅིག་ལ་ལ་ཡི་གེ་དང་། ཚིག་དང་ངག་འདི་བརྗོད་པ་སྟེ།། ཡི་གེ་མ་རྟོགས་ཚིག་ཅེས་པ།། གཞན་ནི་ཡོད་པ་མ་ཡིན ་ཏེ།། ངག་ནི་ཡི་གེ་ཚིག་ལས་ཀྱང་།། ལྷག་པར་ཅུང་ཟད་ཡོད་པ་མིན།། ཚིག་ཅེས་བྱ་བ་ཅུང་ཟད་ཀྱང་།། དངོས་པོ་ངེས་པ་གང་ནའང་མེད།། ཚིག་རྣམས་གཟུགས་དང་དོན་ཡང་རུང་།། ངག་ཉིད་ལས་ནི་ཆུད་པར་འགྱུར།། ལ ་ལས་ཚིག་ནི་རྣམ་གཉིས་དང་།། རྣམ་བཞི་རྣམ་ལྔར་ཕྱེ་བ་སྟེ།། རང་བཞིན་རྐྱེན་ལ་སོགས་པ་བཞིན།། ངག་རྣམས་ལས་ནི་བཏོན་ནས་སོ།། ལྡན་པ་ལས་མངོན་པར་བརྗོད་པ་དང་། མངོན་པར་བརྗོད་པ་ལས་ལྡན་པའི་མཚན ་ཉིད་ཅན་གྱི་ངག་གོ་ཞེས་སོ།། སྤྱོད་པ་ཅན་དང་། བཱ་ཀེ་ར་ཎ་ལ་སོགས་པ་ཡོངསུ་རྟོག་པར་བྱེད་པ་ཇི་སྐད་ཅི་འདྲ་གང་དག་ཀྱང་།། དོན་གང་སོ་སོར་བསྒྲུབ་པ་ཡིས།། འབྲུ་རྣམས་མཐུས་ནི་རབ་ཤེས་པ།། དེས་ན་ཡི་གེ་དོནི་ཆུང་ཉིད། ཅེས ་ནི་རིམ་གང་ཞིག་གིས་དོན་གང་ཞིག་བརྗོད་པར་བྱེད་པ་ཞེས་སོ།། ལ་ལས་སྨྲ་བ་ནི་ངག་གིས་སྨྲ་བར་བྱེད་ཀྱིས་ཚིག་གིས་ནི་མ་ཡིན་ཏེ། ཡི་གེ་ཡན་ལག་ལྟར་ཐེ་ཚོམ་སྐྱེད་པའི་ཕྱིར།། བཏགས་པར་སྨྲ་བ་སངས་རྒྱས་པ་ལ་སོགས་པ ་རྣམས་ལ་ནི་བཏགས་པའི་ཐ་སྙད་པས་ན་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ཐམས་ཅད་དོན་དམ་པའི་བདེན་པ་མི་གཉིས་པའི་ཤེས་པ་ལས་ལྡོག་པ་སྟེ། དེས་ན་ཡི་གེའི་ཚིག་ནི་ཡི་གེ་མེད་པའི་ཚིག་ཅེས་འཕགས་པ་བློ་གྲོས་ཆེན་པོ ་འདྲི་བ་བརྒྱ་རྩ་བརྒྱད་གསོལ་བའི་ལན་ཐམས་ཅད་མཁྱེན་པས་མི་གཉིས་པའི་ཚིག་ཏུ་བཀའ་སྩལ་ཏོ།། གང་གཉིསུ་མེད་པ་དང་། རྣམ་པ་གཉིས་སུ་མི་བྱེད་པ་དང་། ཆད་པ་མེད་པ་དང་། ཕྱེ་བ་མེད་པ་དང་། བདེན་པ་ཡང་དག་པར ་རིག་པ་དེ་ནི་མི་གཉིས་པ་ཞེས་བྱའོ།། ཐམས་ཅད་མཁྱེན་པས་སེམས་ཅན་ཐམས་ཅད་སོ་སོར་ཆུད་པར་བྱ་བའི་དོན་དུ་བླང་བ་དང་སྤང་བའི་ཁྱད་པར་དུ་ལྷག་པ་དང་། ཆད་པ་དང་། ཟློས་པ་དང་། རྣམ་གྲངས་ཀྱི་སྒྲའི་དོན་ཐ་དད་དུ་རྒྱ་ཆེར ་སྒྲུབ་པ་ནི་སེམས་ཅན་རྣམ་པ་མང་པོ་རབ་ཏུ་ཆུད་པར་འཇུག་པས་ན་བརྒལ་བར་མི་བྱའོ།། སེམས་ཅན་གྱི་དོན་དུ་ཇི་ལྟར་འགྱུར་བ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཚིག་གི་དབང་པོ་མཆོག་ཏུ་ཡོངསུ་དག་པའི་འདོད་ཆགས་དང་བྲལ ་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཆོ་འཕྲུལ་སྣ་ཚོགས་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་བསམ་པ་རངས་པར་མཛད་པ་རྣམས་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ།། དེའི་ཕྱིར་ཡེ་ཤེས་བཟང་དཔལ ་གྱིས་ཚིག་བརྒྱ་རྩ་བརྒྱད་སངས་རྒྱས་ཀྱིས་བློ་གྲོས་ཆེན་པོ་ལ་གསུངས་པ་འདི་རིགས་པ་དང་། ལུང་དང་། བདག་དང་། གཞན་གྱི་གྲུབ་པའི་མཐའི་རྗེས་སུ་མཐུན་པར་བཤད་པའོ།། རྟག་ཏུ་བདག ་ལ་ཆགས་པས་སྲིད་པ་འབྱུང་།། དེ་ཟད་ཉིད་ལས་ཐར་པར་འགྱུར་བ་སྟེ།། ཚོགས་གནས་མི་འཇིགས་མིན་པ་འཁྲུལ་རབ་རིག།། དྲ་བས་བློང་པ་བཞིན་དུ་རབ་ཏུ་ནི།། སྦོམ་པོ་ཕྱོགས་ཆར་དབྱེ་སྟོང་རྟག་པ་ཡང་།། ན་མཁའ་པདྨོང ་སྟེ་མ་སྐྱེས་པ།། ཡེ་ཤེས་དཔལ་བཟང་ཚད་མ་ཚུལ་གཉིས་ནི།། སངས་པ་མི་གཉིས་ཡང་དག་འདུལ་བ་ཡང་།། མདོ་སྡེ་རབ་མང་སྨོན་ལམ་གྱིས།། གཞན་དབང་ཇི་ལྟར་བྱ་སྙམ་སྟེ།། ཤེས་རབ་སྙིང་རྗེ་ཡངས་པས་ནི།། ཆོས་སྦྱིན ་ནན་ཏན་གཞན་གྱིས་གསོལ།། ཚིག་དབང་བཀའ་དྲིན་དྲི་བ་རྣམས།། ལྡན་དོན་ཁྱད་པར་དྲན་ཡུལ་གྱུར།། བདག་བློ་གཞན་གྱི་ཐེ་ཚོམ་མེད།། ཤེས་དཔལ་བཟང་པོས་དུས་དྲོན་བཤད།། བློངས་ཚོད་འབྲས་བུ་གྱུར་ཀྱང་བླ།། ནོར ་གྱི་སྨད་པ་མ་མཐོང་རུང་།། དེ་དྲུང་བུ་འབྲངས་རྒྱགས་གསར་ཅན།། ལེགས་སྡིག་བལྟོས་མེད་ཤེས་ནས་ནི།། མི་རྟག་སྡུག་བསྔལ་མཛེས་མིན་ཚོགས།། འཇིག་རྟེན་འདི་ནི་རྨི་ལམ་སྟོང་།། ཡེ་ཤེས་དཔལ་བཟང་ཚིག་རྣམས་ཀྱིས།། ་མཁས་པས་སྐྱེ་ཐར་ནན་ཏན་གྱི།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས ་པ་དང་། འགག་པ་རྣམ་པ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ནི་སྐྱེ་བ་དང་། གནས་པ་དང་། འགག་པ་ལ་རྣམ་པ་གཉིས་ཡོད་དེ། རྟོག་པ་པོ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ།། ་འདི་ལྟ་སྟེ། རྒྱུན་འགག་པ་དང་། མཚན་ཉིད་འགེག་པའོ།། རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་ཡང་རྣམ་པ་གཉིས་ཏེ། རྒུན་སྐྱེ་བ་དང་། མཚན་ཉིད་སྐྱེ་བའོ།། གནས་པའང་རྣམ་པ་གཉིས་ཏེ། རྒྱུན་གནས་པ་དང་། མཚན་ཉིད་གན ་པའོ་ཞེས་བྱ་བ་ནི་འཕགས་པ་བློ་གྲོས་ཆེན་པོས་གཉིས་ཀྱི་རྣམ་པའི་ཞུ་བ་བརྒྱ་རྩ་བརྒྱད་ཀྱི་ལོན་ནི་བཅོམ་ལྡན་འདས་ཀྱིས་གཉིསུ་མེད་པ་དོན་དམ་པའི་ཚིག་བརྒྱ་རྩ་བརྒྱད་ཀྱི་སྤངས་མོད་ཀྱིས། འོན་ཀྱང་འཕགས་པ་བློ་གྲོས་ཆེན་པོས ་གཞན་གྱི་ཚོང་པོ་སྤྱི་དང་ཁྱད་པར་གྱི་རྣམ་པ་དྲི་བར་བྱེད་པ། བཅོམ་ལྡན་འདས་རྣམ་པར་ཤེས་པ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འགག་པ་རྣམ་པ་དུ་མཆིས་ཞེས་པ་ལ། སྐྱེ་བ་རྣམ་པ་གཉིས་ཞེས་སོ།། དེ་ནས་དེ་ལ་རྒྱུན་སྐྱེ་བ ་ནི་གང་ལ་ཀུན་འདུས་པའི་དབང་གི་རང་གི་མཚན་ཉིདདྲོ་འཕེན་ནུས་པ་སྟེ། ཇི་ལྟར་བགེགས་མེད་པའི་ཆུ་རྒུན་དྲོ་འབབ་པ་ལ་སོགས་པས་འདྲུ་བའི་སྐད་ཙོག་པ་གཞན་འདེབས་ནུས་པོའོ།། ཇི་ལྟར་སེ་གོལ་གྱི་སྒྲ་དང་། གློག་ལ་སྔགས ་པ་ཐོག་མ་དང་། ཐ་མའི་དུས་སུ་གནས་པའི་རྣམ་པའི་ཆ་དང་བྲལ་བའི་སྐད་ཅིག་པ་རྣམས་ཀྱི་སྐད་ཅིག་པ་མངོན་སུམ་དུ་འཛིན་པའོ།། རྟོག་པ་རྣམས་ཀྱིས་ཁོང་དུ་མི་ཆུད་ཅེས་བྱ་བ་ནི་གང་གི་ཚེ་སེ་གོལ་གྱི་སྒྲ་བཞིན་དུ་འདྲ་བའི་སྐད ་ཅིག་པ་གཞན་འཕེན་པ་མེད་པའི་ཚེ་མངོན་སུམ་གྱིས་སྐད་ཅིག་པ་འཛིན་ཏོ་ཞེས་ཐམས་ཅད་མཁྱེན་པས་དེར་དགོངས་པའོ།། དེ་ལ་གྲངས་ཅན་དང་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་གང་དག་གིས་དངོས ་པོ་སྐད་ཅིག་པ་དྲུག་གི་བར་དུ་གནས་པར་འདོད་པ་དེ་དག་གིས་སྐད་ཅིག་པའི་མཚན་ཉིད་དང་རྒྱུན་གྱི་མཚན་ཉིད་ཁོང་དུ་མི་ཆུད་དོ།། ཇི་ལྟར་གྲངས་ཅན་གྱི་འགྱུར་བ་ཆ་དྲུག་ཏུ་འདོད་པ་ནི་སྐྱེ་བ་དང་། ཡོད་པ་དང་། འགྱུར་བ་དང་། རྣམ་པར ་འཕེལ་བ་དང་། འགྲིབ་པ་དང་། འཇིག་པ་ཞེས་བྱ་བ་སྟེ། བློ་དང་། སྒྲ་དང་། མེ་མྱུར་དུ་འཇིག་པ་རྣམས་ལ་ཡང་།། རིམ་དང་ཅིག་ཆར་གཅིག་ཏུ་ཡཱ་བརྟག་ཏུ་མེད་ན་མྱུར་དུ་འཇིག་པའི་རང་བཞིན་ལ་ཇི་ལྟར་འགྱུར། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར ་ཅན་རྣམས་ཀྱིས་སྐད་ཅིག་པ་དྲུག་ཏུ་གནས་པར་ཀུན་ཏུ་རྟོག་པ་ནི་ཡོད་པ་དང་འབྲེལ་པའི་དུས་དང་། གནས་པའི་དུས་དང་། ཐ་མར་ཡོན་ཏན་སྐྱེ་བའི་དུས་དང་། དམིགས་པའི་དུས་དང་། འཇིག་པའི་རྒྱུ་བསྙེན་པའི་དུས་ཞེས་སོ།། དེ་སྟེ། ་མྱུར་དུ་འཇིག་པ་སྐད་ཅིག་པ་དྲུག་ཏུ་གནས་པར་ཀུན་ཏུ་རྟོག་ན་དེའི་ཚེ་སྐད་ཅིག་པ་དྲུག་རེ་རེ་ལ་ཡང་སྐད་ཅིག་དྲུག་གནས་པར་ཀུན་ཏུ་རྟོག་པར་གྱིས། དེས་ན་རྟོག་པ་པ་རྣམས་རྟག་པར་འཁྲུལ་ཏེ། རྩེ་དང་སྒྲ་ལ་སོགས་པ་བཅད་ནས ་ཡང་སྐྱེས་པ་དེ་བཞིན་དུ་རྒྱུན་གྱི་རང་བཞིན་ལ་འདྲ་བའི་སྐད་ཅིག་པ་གཞན་འབྱུང་བ་མི་ཤེས་པས་ན་སྐད་ཅིག་པའི་མཚན་ཉིད་ཁོང་དུ་མི་ཆུད་དོ།། རྟོག་པ་པ་རྣམས་ཀྱིས་ཤེས་པ་ནི་ཚད་མ་སྟེ། ཇི་ལྟར་གང་གིས་ལྷས་སྦྱིན་འད ་དེ་ཉིད་ཡིན་ཞེས་པ་དང་། ཉམ་ཆུང་བ་དང་། ཚོལ་བ་དང་། ཁ་དོག་འདི་ཉིད་པ་དང་། རིང་བ་དང་། ཐུང་བ་དང་། དེ་སྡུག་བསྔལ་ཅན་འདི་ཉིད་དང་བདེ་བ་ཅན་ཞེས་དེ་དེ་ལྟར་དེ་དག་རྒྱུན་ལ་རྟག་པར་འཁྲུལ་ནས་དེའི་ཕྱིར་རྟོག་པ་པ་རྣམས་ཀྱིས་ཁོང ་དུམ་ཆིད་དོ།། དེ་དེ་ལྟར་ཐམས་ཅད་མཁྱེན་པས་སྐྱེ་བ་དང་། གནས་པ་དང་། འགོག་པ་མཚན་ཉིད་དང་། རྒྱུན་རྣམ་པ་གཉིས་སུ་དགོངས་ལ། རྟོག་པ་པ་རྣམས་རྒྱུན་ལ་རྟག་པར་ཀུན་ཏུ་རྟོག་པ་ནི་ཇི་ལྟར་མུ་སྟེགས་ཅན་ཀྵ་པ་ནས་ཀསྟེ་ཀུན་ཏུ་རྟོག ་པ་སྤྱི་བདག་ཉིད་དུ་རྟག་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྟག་ཀྱང་རྟག་ལ་མི་རྟག་པར་འགྱུར་བ་དང་། སྤྱིད་བདག་ཉིད་དུ་རྟག་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱ་བ་དང་། ཁྱད་པར་གྱི་བདག་ཉིད་དུ ་མི་རྟོག་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྐྱེ་བོར་མི་བྱ་བ་དང་། སྤྱི་དང་ཁྱད་པར་གྱིས་བདག་ཉིད་དུ་རྟག་ཀྱང་རྟག་ལ་མི་རྟག་པར་འགྱུར་བ་ཡང་ཅིག་ཆར་སྨྲ་བར་མི་བྱ་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་རྟག་པར་འགྱུར་བ་ཡང ་ཅིག་ཆར་སྨྲ་བར་མི་བྱ་སྟེ། ཡུལ་དང་། དུས་དང་། རིམ་པ་དང་། རྣམ་པ་ལ་ལྟོས་ཏེ་ཐམས་ཅད་ཡོད་པར་འགྱུར་བ་དང་། ཐམས་ཅད་མེད་པར་འགྱུར་བ་དང་། སྨྲ་བར་མི་བྱ་བ་ཞེས་པ་དེ་དེ་ལྟར་སྤྱི་དང་ཁྱད་པར་དུ་རྟོག་པ་ཡང་གང་དོན ་གྱི་བྱ་བ་ནུས་པ་དེ་ཉིད་ད་ལྟར་གྱི་དུས་ན་ཚད་མས་རྟོགས་པར་བྱ་བ་གཞལ་བར་རྣམ་པར་གཞག་གོ།། གང་ཡང་འདས་པ་དང་། མ་འོངས་པ་དེ་ནི་མེད་པ་ཉིད་དེ་རྒྱུད་ཀྱི་རྒྱུནི་ལ་ནོར་པའི་རྟོག་པ་པ་རྣམས་ཀྱིས་རྟག་པ་འབའ་ཞིག་ཀུན་ཏུ་རྟོག་པ་སྟེ། ་ཇི་ལྟར་དཔྱོད་པ་ཅན་རྣམས་རྟོག་པར་བྱེད་པ། དངོས་པོའི་གཟུགས་ནི་གཅིག་མིན་ཏེ། ཅིག་ཆར་དང་ནི་རིམ་གྱིས་ནི།། འདོད་པ་བཞིན་དུ་རྟོག་པར་བྱེད། ཚིག་ནི་རྣམ་པ་གཞན་མེདདོ།། འདྲེས་པའི་ཚོན་ལ་ཇི་ལྟ་བུའི།། ་འདོད་པ་བཞིན་དུ་འཛིན་པར་བྱེད།། རྣམ་གྲངས་དངོས་པོ་དེ་བཞིན་དུ།། ཐ་དད་འཐད་མིན་འཛིན་པའོ།། ཇི་ལྟར་གཅིག་པོ་རྣམ་གྲངས་ཀྱིས།། ཡུལ་གཞན་དུ་ནི་འགྲོ་བ་ཡང་།། ཐ་དད་ཡུལ་གྱིས་ཐ་མི་དད་།། སྒྲ་ཡང་དེ་བཞིན་དབྱེར་མེད་དོ།། ་སུ་ཞིག་གཅིག་པར་ཤེས་པ་ལྟར།། ཡང་ཡང་ཤེས་པར་འགྱུར་བ་ན།། དུས་ཀྱི་རིམ་པས་དབྱེར་མེད་པ།། དེ་བཞིན་སྒྲ་ནི་དབྱེར་མེད་དོ།། དེ་སྟེ་དངོས་པོ་དུ་མ་དང་བྲལ་བའི་དངོས་པོ་གཅིག་མེད་པར་གྱུར་ན་ནི་དེའི་ཚེ་གཅིག་མེད་ན་དུ ་མར་ཡང་ཇི་ལྟར་འགྱུར། ཐ་དད་པ་དང་ཐ་དད་མ་ཡིན་པར་བརྟག་པ་ཡང་སྒྲོ་རྟགས་སྟེ། སྒྲའི་དོན་གྱི་ཐ་སྙད་ཀན་ཏུ་རྟོག་པར་གྱི་ས་དོན་དམ་པར་ན་གང་གཅིག་གི་རང་བཞིན་ཡིན་པ་དེ་ནི། གཉིས་པོའི་ཇི་ལྟར་ན་འགྱུར། དེའོ་ཚེ ་བདག་གི་གཟུགས་དང་། གཞན་གྱི་གཟུགས་དབྱེར་མེད་པས་ན་བདག་གི་གཟུགས་དང་། གཞན་གྱི་གཟུགས་ཅེས་ན་ཡིན། འཇུག་པའི་རྒྱུའི་ཁྱད་པར་མེད་པར་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་རྣམ་པར་རྟོག་པར་ཡང ་ཇི་ལྟར་ན་རུང་། རྣམ་གྲངས་གཅིག་པར་འགྱུར་རོ།། འོན་ཏེ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་འཇུག་པའི་རྒྱུའི་ཁྱད་པར་ཡོད་དོ་ཞེས་ན་ནི་དེའི་ཚེ་དེར་འཇུག་པའི་རྒྱུའི་ཁྱད་པར་བཞིན་དུ་དངོས་པོ་ཐམས་ཅད་ཁྱད་པར་ཡོད་དོ།། ་གང་དག་ཡང་ཚངས་པ་དང་། དབང་པོ་ལ་སོགས་པའི་གཟུགས་གཅིག་པའི་འགྲོ་བ་ཀུན་ཏུ་རྟོག་པ་དེ་དག་ལ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱག་དབུལ་ལ་སོགས་པ་རྣམས་གཅིག་པའི་སྐྱོན་དུ་འགྱུར་རོ།། སངས་རྒྱས་པ་ནི ་གཉིས་པར་སྨྲ་བ་རྣམས་ཀྱི་ཆུད་པ་མང་བ་སྟེ། དེ་དག་ཉིད་དག་པ་ན་ཐམས་ཅད་མཁྱེན་པར་འགྱུར་ཏེ། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་བཙུན་གྲཙོ་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན ་གྱི་དོན་ལ་བཞུགས་སོ།། ཐམས་ཅད་མཁྱེན་པས་སོ་སོར་རང་གི་རྟོགས་པའི་སྤྱོད་ཡུལ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་སྟོན་པའི་ཚིག་བརྒྱ་རྩ་བརྒྱད་ཀྱིས་ཕྱིའི་དོན་བསལ་བ་དང་། འཇིག་རྟེན་རྒྱང་ཕན ་པའི་རྟོག་པ་པ་གང་དག་གིས་རྣམ་པར་ཤེས་པའི་རྒྱུན་ཆད་པར་གླེང་སློང་བ་སྐད་ཅིག་པ་གཅིག་ལས་རྒྱུན་ནི་ཐ་དད་པ་ཡིན་ནམ། ཅི་ཐ་དད་པ་མ་ཡིན་ནམ།། གལ་ཏེ་ཐ་དད་ནི་ཚིག་གི་དོན་གཞན་ཞིག་རྟག་པར་ཀུན་ཏུ་བརྟགས་པར ་གྱུར་པའོ།། གལ་ཏེ་ཐ་མ་དང་ན་ནི་དེའི་ཚེ་སྐད་ཅིག་པ་མ་གཏོགས་པར་རྒྱུན་གྱི་ཚིག་གི་དོན་གང་ཡང་མོད་དོ་ཞེས་པ་ནི་གླེང་བ་མ་ཡིན་ཏེ། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་བྱ་སྟེ། ཇི་ལྟར་སྔོན་མྱོང་བ་དྲན ་པ་དང་། སྔ་མ་བཞིག་ནས་དེའི་འོག་ཏུ་སྐྱེས་པའི་ས་བོན་དང་མྱུ་གུ་ལ་སོགས་པ་རྒྱུ་དང་འབྲས་བུར་འབྲེལ་པ་ཇི་བཞིན་པ་དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སོ་སོར་ངེས་པའོ།། དེ་ལྟར་སློབ་པ་རྣམས ་ཀྱི་མངོན་སུམ་དང་། ཟློས་པ་དང་། སེམས་པ་ལ་སོགས་པས་སྦྱངས་པ་ལས་རིམ་གྱིས་ཤེས་རབ་ཀྱི་ཁྱད་པར་དུ་གྱུར་པ་དེ་བཞིན་དུ་བཅོས་མ་ཐག་པ་རྣམས་ཀྱིས་ཡང་ཤེས་རབ་ལ་སོགས་པའི་ཁྱད ་པར་རྣམས་ཀུན་དམིགས་པ་སྟེ། དེས་ན་སྔོན་གྱི་བག་ཆགས་ལ་གོམས་པར་རྗེསུ་དཔགོ། དེ་དེར་འཇིག་རྟེན་གཞན་སྒྲུབ་པའི་ཚད་ནི་ཡེ་ཤེས་ཀྱི་བླ་མའི་ཁྱད་པར་གང་དང་གང་ཡིན་པ་དེ་དང་དེ་དག་ནི་སྔ་མ་སྔ་མ་ཐོས་པ་དང ་སེམས་པ་ལ་སོགས་པའི་འདུ་བྱེད་ཐོག་མར་བྱས་པ་ལས་ཏེ། སློབ་མ་རྣམས་ཀྱིས་ཤིན་ཏུ་མཁས་པའི་ཁྱད་པར་བཞིན་ནོ།། སྐྱེས་མ་ཐག་པའི་ཤེས་རབ་ལ་སོགས་པའི་ཁྱད་པར་དགའ་བ་དང་འཇིག་པ་དང་། མྱ་ངན་རྟོགས་པ ་ཡང་ཡོད་དེ། བླང་བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་དུ་བསྒྲུབ་པར་ངེས་པ་སྔར་ཡོད་པའི་ཕྱིར་རོ།། སྐྱེས་མཱ་ཐག་པ་ལ་ཡང་ཡུལ་ཁ་ཅིག་ཏུ་ཁྲོ་ནང་སྣང་བ་དང་། ཁ་ཅིག་ཏུ་ནི་དགའ་བ་སྟེ། ་ལྟར་ཁ་ཅིག་ཏུ་འདྲོར་བ་དང་། ཁ་ཅིག་ཏུ་བླང་བར་ཡང་མཐོང་སྟེ། དེས་ནི་སྔོན་གྱི་གྲྀམས་པ་ཡོད་པ་རྗེས་སུ་དཔག་གོ།། དེ་བས་ན་སེམས་ཀྱི་རྒྱུད་ཀྱི་རྒྱུད་མ་ཆད་པ་སྟེ། འཁོར་བར་ཀུན་ཏུ་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ ་བར་བཞག་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ལས་དང་འབྲས་བུར་འབྲེལ་པ་ཡིན་གྱི་ཕྱིའི་དོན་གྱི་ནི་མ་ཡིན་ནོ།། དེའི་ཕྱིར་འཕགས་པ་བློ་གྲོས་ཆེན་པོས་གཞན་གྱི་དོན་དུ་ཤེས་པར་འདོད་ནས་ཞུས་པ། ཐམས་ཅན་མཁྱེན་པས་ཀྱང་སྤྱི ་དང་ཁྱད་པར་གྱི་བྱེ་བྲག་ཏུ་དེ་བཞིན་རྒྱ་ཆེར་སྒྲུབ་པ་མཛད་པ། རྣམ་པར་ཤེས་པ་ནི་རྣམ་པ་གསུམ་སྟེ། འཇུག་པའི་མཚན་ཉིད་དང་། ལས་ཀྱི་མཚན་ཉིད་དང་། རིགས་ཀྱི་མཚན་ཉིད་དོ་ཞེས་པ་སྟེ། དེ་དག་ནི་གཟུགས་ལ་སོགས ་པའི་ཡུལ་དུ་སྣང་བའི་རྣམས་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་གང་འཇུག་པ་དེ་དག་འཇུག་པའི་རྣམ་པར་ཤེས་པ་རྣམསོ།། གང་དེ་མ་ཐག་པའི་ཤེས་པ་བྱ་བའི་ནན་ཏན་པ་དེ་ནི་ལས་ཀྱི་མཚན་ཉིད་པའོ།། གང་ཁྱབ ་པ་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་རིགས་ཀྱི་མཚན་ཉིད་དེ། ཇི་ལྟར་འདི་ཉིད་དུ་སྒྲུབ་པར་མཛད་པ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས ་རྣམས་བཞིན་དུའོ།། རྨི་ལམ་གྱི་དུས་སུ་རྣམ་པར་ཤེས་པ་གཅིག་པུ་ཉིད་ཡུལ་དང་ཡུལ་ཅན་གྱི་དངོས་པོ་དུ་མར་འབྱུང་སྟེ། དེར་གཟུགས་ལ་སོགས་པ་ཡུལ་ཡང་མེད་ལ། མགྲི་ལ་སོགས་པའི་རྣམ་པར་ཤེས་པ་ཡང ་མེད་དེ། ཡུལ་ཐམས་ཅད་དུ་ཁྱབ་པ་འཛིན་པ་དང་། གཟུང་བའི་དངོས་པོ་ཀུན་གཞི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྣང་ངོ་།། ཐམས་ཅད་མཁྱེན་པས་མདོ་དེ་ཉིད་ལ་རྣམ་པ་གཉིས་སུ་གྲུབ་པ་མཛད་པ། བློ་གྲོས་ཆེན ་པོས་མཚན་ཉིད་བརྒྱད་དུ་གསུངས་པའི་རྣམ་པར་ཤེས་པ་ནི་མདོར་རྣམ་པ་གཉིས་ཏེ། སྣང་བའི་རྣམ་པར་ཤེས་པ་དང་། དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ།། བློ་གྲོས་ཆེན་པོ་ཇི་ལྟར་མེ་ལོང་ལ་གཟུགས ་བཞིན་དུ་སྣང་བ་ལ་སྣང་བའི་རྣམ་པར་ཤེས་པ་འཛིན་ཏེ་ཞེས་པ་ཀུན་ཏུ་རིག་པ་ལ། དེ་བཞིན་དུ་གཟུགས་འཛིན་པ་དང་གཟུགས་སུ་སྣང་བའོ།། བློ་གྲོས་ཆེན་པོ་སྣང་བའི་རྣམ་པར་ཤེས་པ་དང་དངོས་པོ་སོར ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དེ་གཉིས་ནི་ཞེས་བྱ་བ་ཡུལ་གྱི་རྣམ་པ་ཆུད་པའི་རྣམ་པར་ཤེས་པ་དག་གོ།། སྣང་བའི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་བར་དུའོ།། དངོས་པོ་སོ་སོར་རྣམ་པར་རྟོག ་པའི་རྣམ་པར་ཤེས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པའོ།། གང་གཟུགས་ལ་སོགས་པའི་དངོས་པོ་སོ་སོར་རྣམ་པར་རྟོག་པའོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་ཐམས་ཅད་མཁྱེན་པས་རྣམ་པར་མི་རྟོག་པ་ཉིད་དུ་གསུངས ་པར་རིག་པར་བྱའོ།། དེ་གཉིས་ནི་མཚན་ཉིད་ཐ་མི་དད་ཅིང་ཞེས་བྱ་བ་ནི་ཆུད་པ་ཙམ་གྱི་ཕྱིར་རོ།། གཅིག་གི་རྒྱུ་གཅིག་གོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན ་བྱེད་པ་དང་། མིག་ལ་སོགས་པའི་ཤེས་པ་དེ་དག་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དེ་མ་ཐུག་པའི་རྐྱེན་དུ་ཉེ་བར་འགྲོ་བའི་ཕྱིར་རོ།། བློ་གྲོས་ཆེན་པོ་དེ་ལ་སྣང་བའི་རྣམ་པར་ཤེས་པ་ནི་བསམ་གྱིས་མི་ཁྱབ་བག་ཆགས་ཡོངས ་འགྱུར་བའི་རྒྱུ་ལས་འབྱུང་བའོ།། དངོས་པོ་སོ་སོར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་ཞེས་པ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་དེར་ཕྱིའི་དོན་རྒྱུ་མ་ཡིན་པར་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་དང་། ་མཉམ་པར་འཇོག་པ་མེད་པས་བཏབ་པའི་སེམས་དང་། དམ་པ་དང་དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པའི་རྒྱུད་ཀྱི་དབང་ལས་རྣམ་པ་སྣ་ཚོགས་སུ་རྣམ་པར་གསལ་བའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་སྐྱེ་སྟེ། ་འོན་ཀྱང་རྣམ་པ་སྣ་ཚོགས་སུ་འཁྲུལ་པའི་རྣམ་པས་ནང་སློངས་ནས་སྐྱེས་པ་རྣམས་མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཅིག་གི་རྒྱུ་གཅིག་ཡིན་པ་ནི་དབང་པོའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དོག་ཕན ་ཚུན་དུ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་བས་ན་དེ་ལྟར་འཇིག་རྟེན་ཕྱི་མ་གྲུབ་པས་ན་འཁོར་བའི་ཐོག་མ་མེད་པའོ།། དེ་ལ་བློ་གྲོས་ཆེན་པོ་དེ་དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་འགག་པ་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས ་པོའི་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པའི་བག་ཆགས་སྣ་ཚོགས་འགོག་པ་སྟེ། བློ་གྲོས་ཆེན་པོ་འདི་ནི་མཚན་ཉིད་འགག་པའོ་ཞེས་བྱ་བ་ལ། དབང་པོའི་རྣམ་པར་ཤེས་པ་ཐམས་ཅད་ནི་རང་གི་མཚན་ཉིད་དུ་སྣང་བ་ལྟ་པོ་རྣམ ་བསམ་དུ་མེད་པའི་ནོར་བའི་རྣམ་པར་འབྱུང་བ་དང་། དེའི་འོག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟག་པའི་བག་ཆགས་ལ་སོགས་པའི་རྒྱུས་འཁྲུག་པར་འགྱུར་རོ།། ་ལེན་པའི་རྣམ་པར་ཤེས་པ་ལས་ནི་འདིར། ཤེས་པ་བདུན་ནི་སྐྱེ་བ་སྟེ།། དེ་དག་དེར་ནི་ས་བོན་སོགས།། བསགས་ཉིད་རྟགས་པར་བྱེད་པ་སྟེ།། འདི་ནི་མཚན་ཉིད་འགག་པའོ།། ཞེས་བྱ་བ་ནི་རང་གི་མཚན་ཉིད་དུ་བྱས་པ་འགག་པར ་འགྱུར་བའོ།། བློ་གྲོས་ཆེན་པོ་རྒྱུན་འགག་པ་ནི་གང་ལས་འབྱུང་བ་ཡིན་ཏེ། བློ་གྲོས་ཆེན་པོ་གང་ལས་ཞེས་བྱ་བ་ནི་གང་ལ་གནས་པ་དང་། གང་ལ་དམིགས་པའོ།། གང་ལ་གནས་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལ ་གནས་ཏེ། མིག་གི་རྣམ་པར་ཤེས་པ་འབྱུང་བའོ།། གང་ལ་དམིགས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་དམིགས་པའོ།། དེ་ལ་གང་ལ་གནས་པ་གནས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནོས་ངན་ལེན་གྱི་བག་ཆགས།། ་གང་ལ་དམིགས་པ་ཞེས་བྱ་བ་ནི་བདག་གི་སེམས་སྣང་བ་རྣམ་པར་ཤེས་པའི་ཡུལ་དུ་རྣམ་པར་རྟོག་པའོ་ཞེས་བྱ་སྟེ། འཁྲུལ་པ་རྣམ་པ་སྣ་ཚོགས་ཀྱི་བག་ཆགས་ཀྱི་ནང་གི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་ནང་གི་འབྲས་བུའི ་ནང་དུ་གོ་སྟོད་ཀྱི་མེ་ཏོག་ཏུ་སྣང་བ་རྣམས་ལ་གནས་སུ་ཀུན་རྟོག་པར་བྱེད་པའི་རྨི་ལམ་ལ་སོགས་པ་བཞིན་དུ་འཛིན་པ་དང་གཟུང་བའི་བག་ཆགས་ཡོངས་སུ་སྨིན་པའི་སྣང་བ་ནི་བདག་གི་སེམས་སྣང་བའི་ཡུལ་གྱི་རྣམ་པ་ཙམ་དུ་ཟད་ཀྱི ་དེར་སྐྱེ་མཆེད་གཉིས་ཀར་ཡིད་ཕྱིའི་དོན་མེད་པ་ནི། གང་བདག་ས་བོན་ལུས་རྣམ་ཤེས།། གང་སྣང་རབ་ཏུ་སྐྱེ་བ་སྟེ།། སྐྱེ་མཆེད་རྣམ་པ་གཉིས་པར་ནི།། དེ་དག་དེ་ཡིས་ཐུབ་པས་གསུངས།། ནང་འཁྲུགས་པའི་མཐུ་ལྔས་འཁྲུལ་པ ་རྣམ་པ་སྣ་ཚོགས་ལ་རྣམ་པ་གཉིས་ཏེ། ཁ་ཅིག་གསལ་བའི་རང་བཞིན་པ་ནི་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་དངོས་པོ་བཞིན་ནོ།། ཁ་ཅིག་མི་གསལ་བ་སྟེ། གང་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། རྣམ་པ ་གཉིས་ཀ་ཡང་རྨི་ལམ་ལ་སོགས་པ་བཞིན་དུ་སྣང་ངོ་།། གནས་ངན་ལེན་གྱི་བྲག་ཆགས་ཏེ། འཁོར་བའི་གནས་མཉམ་པར་འཇོག་པ་མེད་པའི་མ་རིག་པར་འགྱུར་བའི་དུས་ཡིན་ཏེ། ཤེས་རབ་ཀྱི་དཔྱད་པ་ནི་ཆོས་དང་གང་ཟག་ལ ་བདག་མེད་པ་ཀུན་ཤེས་པས་ལྡོག་གོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན་འཇིམ་པའི་རྡུལ་ཕྲ་རབ་དང་འཇིམ་པའི་གང་བུ་གཅིག་པ་ཡང་མ་ཡིན། ཐ་དད་པའང་མི་ཡིན་ཇི་ལྟར་གསེར་དང་རྒྱན་བཞིན་ཏེ། བློ་གློས་ཆེན་པོ་ཇི་སྟེ་འཇིམ་པ ་རྡུལ་ཕྲ་རབ་དང་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལྔས་བརྩམས་པ་མ་ཡིན་པར་འགྱུར་ན་དེ་ནི་འཇིམ་པའི་རྡུལ་ཕྲ་རབ་དེ་དག་ལས་ཀྱང་བརྣམས་པས་ན་དེའི་ཕྱིར་ཐ་དད་པ་མ་ཡིན་ནོ།། དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇིམ་པའི་གོང་བུ་དང ་རྡུལ་ཕྲ་རབ་བྱེ་བྲག་མེད་པར་འགྱུརརོ།། དེ་བཞིན་དུ་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པའི་རིགས་ཀྱི་མཚན་ཉིད་དང་གལ་ཏེ་ཐ་དད་པ་ཡིན་ན་ནི་ཀུནཱ་ག་ནི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང ་བར་མི་འགྱུརརོ།། དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇུག་པའི་རྣམ་པར་ཤེས་པ་འགགས་ན་ཀུན་གཞི་རྣམ་པར་ཤེས་པའང་འགགས་པར་འགྱུར་ན་ཞེས་བྱ་བ་ལ་སོགས་པ་ནྱ་ཆུརཱ་རཾ།། རབ་ཏུ་ཕྲ་བའི་རྡུལ་ཚོགས་པར་སྣང་བའི་ཉིད་རིམ་པ ་གོང་མ་ཐོབ་ན་གོང་བུའི་སྒྲར་མངོན་པར་བྱའོ།། འབྲས་བུའི་ཁྱད་པར་ཡན་ལག་ཅན་གྱི་རྫས་ནི་རྡུལ་གྱིས་བརྩམས་པ་མ་ཡིན་ཞེས་ཇི་ལྟར་ཁྱད་པར་ཅན་དང་། ནི་ཡི་ཡ་ཡི་ཀ་ཀུན་ཏུ་རྟོག་པ་ནི་ཁང་པ་དང་། སྡེ་དང་། ནགས ་ཚལ་ལ་སོགས་པའི་བཞིན་དུ་འདུས་པའི་ཡུལ་མ་གཏོགས་པར་དེ་མི་དམིགས་སོ།། གང་བདག་གི་སོ་སོའི་རིམ་པའི་ཁྱད་པར་ཡིན་པ་དེ་དེ་དག་རང་གི་རིགས་ལས་མཱི་འདའ་བ་ནི་རྒྱ་མཚོ་མཚང་རྣམ་གྱི་རླབས་ཆུལ ་རིགས་ལས་མི་འདའ་བ་བཞིན་ནོ།། དེ་བཞིན་དུ་ཡང་ཆེན་པོའི་ཚེད་ནི་མོག་ལ་སོགས་པའི་རྣམ་པར་ཤེས་པའི་ཚད་ཀྱི་གཞི་ལ་གནས་པ་མེད་ལ་ཏིལ་གྱི་འབྲུ་ཙམ་གྱི་ཚད་ཀྱི་ཡུལ་དུ་བཅད་པ་ཉིད་རི་ཙམ་གྱི་ཚད་དམ། འོན་ཏེ་ཡུལ་ཆུང་ངུ་དང་། ་ཡུལ་མང་པོ་གཉིས་ཀར་ཡང་ཚད་ཆེན་པོའི་རྣམས་འབྱུང་ཞེས་ན་ནི་དེའི་ཚེ་དེའི་ཆར་གྱུར་ཏེ་ཡན་ལག་ཅན་གྱི་རྫས་ལ་འདུས་པའི་རང་བཞིན་གྱི་སྐྱོན་དུ་འགྱུར་བས་ནུ་དེ་དེ་ལྟར་ཤིན་ཏུ་ཕྲ་བའི་རྡུལ་འདུས་པ་ལས་གོང་བུ་བཞིན་མ་ཡིན་ནོ།། ་ཇི་ལྟར་གྲངས་ཅན་རྣམས་ཀུན་ཏུ་རྟོག་པ་ཕྱོགས་དེ་དང་དེར་ལྕི་བ་དང་། དེ་ཁ་དོག་སྟེ། དེ་དག་མ་གཏོགས་པར་རྫས་བཞག་པར་མི་དམིགས་པས་ན་དེའི་ཕྱིར་ཕྲ་བའི་རྡུལ་ཚོགས་མ་གཏོགས་པར་རྫས་གཞན་པ་མ་ཡིན་ནོ།། རྨི་ལམ་ལ ་སོགས་པ་བཞིན་དུ་གཞན་པ་དང་། གཞན་པ་མ་ཡིན་པར་ཡང་འདའ་བ་མི་བྱ་བས་ན་ཁྱད་པ་དང་། སྡེ་དང་། ཚལ་ལ་སོགས་པ་བཞིན་ནོ།། ཀུན་གཞི་རྣམ་པར་ཤེས་པའི་གཟུང་བའི་རྣམ་པ་དང་འཇུག་པའི་རྣམ་པར་ཤེས་པའི་འཛིན་པའི་རྣམ་པ ་ནི་ཐམས་ཅད་ལ་ཆུད་པའི་རང་བཞིན་ཐ་མི་དད་པ་ཡོད་པས་ན་ཐམས་ཅད་མཁྱེན་པའི་ཚད་མ་ཀུན་ཏུ་བརྟགས་པ་ཀུན་གཞི་ལ་ཡོད་དོ།། ཇི་ལྟར་གསུངས་པ། ཇི་ལྟར་ས་བོན་རྐྱེན་ལས་མྱུ་གུ་སྟེ།། ས་བོན་གང་ཡིན་མྱུ་གུ་དེ་ཉིད་མན། ་དེ་ལས་གཞན་མིན་དེ་ཉིད་ཀྱང་མ་ཡིན།། དེ་ལྟར་ཆད་མེད་རྟག་མེད་ཆོས་ཉིད་དོ།། ཇི་ལྟར་རྡུལ་འདུས་པ་ལྔས་སྣང་བ་ལས་སའི་གོང་བུ་གཅིག་པ་དང་། ཐ་དད་པ་མི་རུང་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་མིག་ལ་སོག ་པ་འཇུག་པའི་ཤེས་པ་གཅིག་པ་དང་ཐ་དད་པར་ཡང་མི་རུང་ངོ་།། རྨི་ལམ་གྱི་དུས་ན་རྣམ་པར་ཤེས་པ་གཅིག་པོ་ཉིད་ཡུལ་དང་ཡུལ་ཅན་རྣམ་པ་དུ་མར་འཛིན་པ་དང་། གཟུང་བའི་དངོས་པོར་སྣང་བ་དེར་ཐ་དད་པ་དང་། ཐ་དད་པ་མ་ཡིན ་པར་དཔྱད་པར་མི་རུང་ངོ་།། ཇི་སྲིད་དུ་འཁོར་བའི་གནས་ཡོད་པ་དེ་སྲིད་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་སྐྱེས་པ་ནང་བློངས་ཞིང་མཉམ་པར་མི་འཇོག་པའི་མ་རིག་པས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ ་སེམས་ཅན་རྣམས་ལ་རྣམ་པ་སྣ་ཚོགས་ཀྱི་སེམས་སྦྱོར་བར་བྱེད་དོ།། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་སྟེ་མི་དམིགས་པ་དེ་དག་མི་གཉིས་པར་གྱུར་པ་དེའི་ཚེ་དངོས་པོ་དང་། དངོས ་པོ་མེད་པར་རྣམ་པར་མི་རྟོག་ཅིང་། བསམ་པ་དང་བྲལ་བ་དང་། ཡང་དག་པར་རིག་པ་ཙམ་དུ་གདོན་མི་ཟ་བར་བདག་ཉིད་ཀྱིས་གནས་སོ།། ཐམས་ཅད་མཁྱེན་པས་ཀུན་གཞི་རྣམ་པར་ཤེས་པའི་རིགས་གཅིག་དང་ལྡན་པའི་འཇུག ་པའི་རྣམ་པར་ཤེས་པ་སོ་སོ་སྣང་བ་ཙམ་གྱིས་གནས་དང་གནས་པ་ཅན་གྱི་དངོས་པོར་དགོངས་པའོ།། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ཡང་རྣམ་པར་ཐ་དད་པར་དམིགས་པའི་ཕྱིར ་དེར་སྣང་བ་རྣམས་ལ་ཐ་དད་པ་མེད་པ་མ་ཡིན་ཏེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྨྲས་པ། གཞན་ལ་གཞན་དུ་འགྲིབ་པ་ཡང་།། དབྱེར་མེད་མིན་ཏེ་གཟུགས་མཐོང་ཕྱིར།། རང་བཞིན་ཐ་དད་མི་མཐོང་བས།། ་བློ་ན་ཐ་དད་མི་རྟོགས་སོ།། དངོས་པོ་གང་གིས་བརྟགས་བྱ་བ།། དེ་གཟུགས་ཡང་དག་ཡོད་པ་མིན།། གཅིག་དང་དུ་མའི་རང་བཞིན་དུ།། དེ་དག་ཡོད་པ་མ་ཡིན་ཕྱིར།། འོ་ན་ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས ་པ་གཅིག་པ་ཡིན་ནོ་ཞེས་དེ་ལྟར་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ་དེ་སྟེ་ཐ་དད་པ་མ་ཡིན་ན་ནི་ཞེས་ཏེ། དེའི་ཚེ་འཇུག་པའི་རྣམ་པར་ཤེས་པ་འགག་ནི་ཀུན་གཞི་རྣམ་པར་ཤེས་པའང་འགག་པར་འགྱུར་ན། དེ་ལྟར་བདག ་གི་རིགས་ཀྱི་མཚན་ཉིད་འགག་པར་ཡང་མི་འགྱུར་ཏེ་ཞེས་བྱའོ།། དེ་བས་ན་སློབ་དཔོན་དྷརྨ་ཀཱིརྟིས་འདི་སྐད་དུ་སྨྲས་པ། གཞན་དུ་དངོས་པོ་གཅིག་པོ་ལ།། རྣམ་གྲངས་གཟུགས་ནི་སྣང་བ་ཅན།། རྣམ་པ་བདེན་པར་ཇི་ལྟར་རུང་།། དེ ་ཡི་གཅིག་པ་འགྲིབ་མེད་དོ།། ཡང་དག་རིག་པའི་རིགས་ཀྱི་མཚན་ཉིད་དེའི་གཅིག་པ་ཡང་འགྲིབ་པར་མི་འགྱུརརོ་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། རྨི་ལམ་གྱི་དུས་ན་ཀུན་ཏུ་རིགས་པ་ཙམ་གཅིག་པ་ཉིད་རྣམ་པ་མང་པོའི་ཡུལ་ཅན་དུ་འཛིན་པ་དང་གཟུང་བའི་དངོས་པོར་རྣམ་པར་འབྱུང་།། དེ་དེ་ལྟར ་ཆུད་པའི་སྤྱིར་ཁྱབ་པ་ཡིན་གྱི་དེར་གཟུགས་ལ་སོགས་པའི་ཡུལ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་མེད་ལ། དེར་ལུས་དང་ལོངས་སྤྱོད་བྲོ་མྱང་བ་ལ་སོགས་པའི་ཀུན་ཏུ་ཚོར་བ་མེད་དེ་འོན་ཀྱང་སོ་སོར་སྣང་བ་དེ ་བཞིན་དུ་གོ་ཉིད་ཀྱིས་མ་ལོག་པའི་དུས་ན་ཡང་རྣམ་པ་སྣ་ཚོགས་དུ་ནང་འཁྲུགས་པ་དང་། མ་རིག་པ་དང་། འགྱུར་བའི་མཐུ་ལས་རྣམ་པ་སྣ་ཚོགས་སུ་འཁྲུལ་པོའི་རྣམ་པ་རྣམས་ལ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་ཀུན་ཏུ་ཚོར་བར ་གྱུར་པ་ཤེས་རབ་ཀྱིས་དཔྱད་པ་ན་སྟོང་ཞིང་མིག་གཉིས་པ་ཉིད་གནསོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ།། རིགས་ཀྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་འགག་པར་མི་འགྱུར་གྱི། ལས་ཀྱི་མཚན་ཉིད་ནི་འགག་གོ། ་ཞེས་པ་ནི་སོ་སོར་རིག་པའི་རྗེསུ་མཐུན་པས་རྣམ་པར་ཤེས་པའི་རྒྱུན་ཁ་ཅིག་ཆད་པ་མེད་པར་འཁོར་བར་འཇུག་པའོ།། སྐྱེས་མ་ཐག་པའི་ཤེས་རབ་ལ་སོགས་པའི་ཁྱད་པར་ཀུན་གྱིས་དམིགསུ་ཡོད་དེ། དེ་བས་ན་སྔར་ཐོས་པ་དང ་སེམས་པ་ལ་སོགས་པས་སྦྱངས་པར་རྗེསུ་དཔག་གོ། བྱུང་བ་རྣམས་ནི་མེད་པ་ཉིད་དེ། ཡོད་དུ་ཟིན་ཀྱང་དྲན་པ་མེད་པས་ན་དེ་དག་གིས་སྦྱོར་བར་མི་རུང་སྟེ། དེའི་ཕྱིར་སྔོན་གྱི་གོམས་པ་དང་ལྡན་པའི་ཡེ་ཤེས་ཀྱི་རྒྱུད་འབྱུང་བ་ཡོད་པར ་རྗེས་སུ་དཔག་གོ། ལས་ཀྱི་མཚན་ཉིད་འགག་པ་ནི། མངོན་སུམ་གྱི་ཚད་མ་ཉིད་དོ།། ལས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་དེ་ཀུན་གཞི་རྣམ་པར་ཤེས་པས་འཇུག་པའི་རྣམ་པར་ཤེས་པའོ་ཞེས་བསམ་པས་དབྱེ་བར་བྱེད་དེ། ཀུན་གཞི ་རྣམ་པར་ཤེས་པ་དེ་དང་རྒྱུན་འབྲེལ་བར་གནས་ཏེ། དེ་གསེར་བཞིན་དུ་རང་བཞིན་གྱི་འང་གསལ་བ་རྐྱེན་གྱི་བྱེ་བྲག་གི་མཐུས་དྲི་མའི་རྣམ་པ་ལྟ་བུ་དེ་དང་དེ་དག་ཆུད་པ་ནང་འབྱེད་པའོ།། དེ་ལ་མཚན་ཉིད་ཀྱིས་ཐ་མི་དང་། ་པར་གྱུར་པས་ན་དེའི་ཕྱིར་ནང་བློངས་ཤིང་མཉམ་པར་མི་འཇོག་པའི་མ་རིག་པ་དང་ལས་རྣམ་པར་སྨིན་པའི་མཐུ་ལས་ལས་ཀྱི་མཚན་ཉིད་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེས་ནས་དེ་དག་ཆད་པར་འགྱུ་རོ།། དེ་དག་ཆད་པར་གྱུར་ཀྱང ་དོན་དམ་པ་ཀུན་གཞི་རྣམ་པར་ཤེས་པ་ཆད་པ་མེད་དོ།། དེའི་ཕྱིར་བློ་གྲོས་ཆེན་པོ་རྣམ་པར་ཤེས་པ་རྣམས་ཀྱི་རང་གི་རིགས་ཀྱི་མཚན་ཉིད་ནི་འགག་གོ་ཞེས་པ་གསེར་རྒྱུན་དུ་འབྱུང་བ་ལྟ་བུའི་ཀུན་གཞ་རྣམ་པར་ཤེས་པ་ལ་ཡོངསུ་ཟད་པ་མེད། ་དྲི་མའི་རིམ་པ་འབའ་ཞིག་ལྟ་བུའི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་མྱུར་དུ་སྐྱེས་ཞིང་འཇིག་པ་སྟེ། སྐད་ཅིག་པ་ཁ་ཅིག་ནི་རྒྱུན་ཏུ་གནས་སོ།། ཁ་ཅིག་ནི་སྐད་ཅིག་པ་ཉིད་དུ་འཇིག་པ་སྟེ། ཆུ་གཞུང་དུ་འབབ་པ་དང་། ་མིག་གི་མཆི་མ་བཞིན་ནོ།། གལ་ཏེ་གཅིག་རྒྱུན་དུ་གནས་པར་མི་འགྱུར་ན་དེའི་ཚེ་སྔོན་མྱངས་པ་དྲན་པར་ཡང་མི་འགྱུར་ཏེ། སྐྱེས་མ་ཐག་པའི་ཤེས་རབ་ལ་སོགས་པའི་ཁྱད་པར་མེད་པར་འགྱུར་རོ།། བླང་བ་དང་དོར་བ་དང་། བཏང ་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་བསྒྲུབ་པར་གདོན་མི་ཟ་བ་སྔར་ཡང་པོའི་ཕྱིར་སྐྱེས་མ་ཐག་པ་རྣམས་ཀྱི་རྒབ་དང་། འཇིགས་པ་དང་། མྱ་ངན་གྱིས་རྟོགས་པ་རྣམས་ཡུལ་ཁ་ཅིག་ཏུ་དམིགས་སུ་ཡོད་དོ།། དེས་ན ་རྒྱུན་ཏུ་གནས་པའི་རྣམ་པར་ཤེས་པ་ལ་སྔ་མ་དང་ཕྱི་མར་ལྡན་པའི་སྔོན་གྱི་གོམས་པ་ཡོད་པས་ན་ཐོས་པ་དང་། སེམས་ལ་སོགས་པའི་འདུ་བྱེད་ཀྱིས་ཤེས་རབ་ཀྱི་ཁྱད་པར་དུ་འགྱུར།། རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན ་གྱོགྱིས་རྟག་པ་དང་ཀུན་ཏུ་བརྟགས་པ་ནི་མ་སྐྱེས་པས་ན་དེ་མེད་པའི་ཕྱིར་རྒྱུར་མི་རུང་སྟེ། དེ་ཇི་ལྟར་ནེ་ཡི་ཡ་ཡི་ཀ་དང་ཁྱད་པར་ཅན་ཀུན་ཏུ་རྟོག་པ། དབང་པོའི་བྱིན་གྱིས་བདག་དང་ཡིང་ཀུན་ཏུ་སྦྱོར་བ་ལས་ཤེས་པ་སྐྱེའོ་ཞེས་སོ།། གྲངས ་ཅན་ཀུན་ཏུ་རྟོག་པ་ནི་སེམས་ཅན་དང་། རྡུལ་དང་། མུན་པ་མཉམ་པའི་དུས་ན་གཙོ་བོ་ཡིན་ནོ།། དེ་ལ་ཆེན་པོ་འབྱུང་ཞེས་ཏེ། དེ་ནི་བློ་ཡི་རྣམ་གྲངསོ།། དེ་དེ་ལྟར་སེམས་པ་མེད་པའི་རྟག་པ་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུ་ཡིན་པར་མུ ་སྟེགས་ཅན་རྣམས་ཀུན་ཏུ་རྟག་གོ།། དེ་ལྟར་ཡང་གལ་ཏེ་ཐོག་མ་དང་ཐ་མའི་རྒྱུན་ཡོན་ཏན་དང་ལྡན་པ་ཐོས་པ་དང་། སེམས་པ་ལ་སོགས་པའི་ཤེས་རབ་ཀྱི་ཁྱད་པར་ཅན་གྱི་དངོས་པོ་འགའ་ཞིག་མེད་པར་གྱུར་ན་ནི་དེའི་ཚེ་ཡོན ་ཏན་མངོན་པར་འདུས་བྱས་ཀྱང་རྟག་པའི་རྒྱུས་ཁྱད་པར་དུ་མི་འགྱུར་བ་དེ་ཉིད་དེ། སྔོན་གྱི་གོམས་པས་ཁྱད་པར་ཅན་དུ་བྱས་པའི་ཆུད་པ་གྲགས་པར་མི་འགྱུར་ཏེ། དེ་བས་ན་གཙོ་བོ་དང་། སྐྱེས་བུ་དང་། དབང་པོ་དང་། དུས་དང་། རྡུལ ་ཕྲ་མོར་སྨྲ་བ་མི་རུང་ངོ་།། གཙོ་རྟག་ཅིང་གཅིག་པ་རང་བཞིན་དུ་མ་དང་། རིགས་སྔགས་འཛིན་པ་མཐར་སྨྲ་བའི་སྐྱེས་བུ་ཀུན་བརྟགས་པ་ཡང་མི་རུང་ངོ་།། གཉིས་པ་དང་མི་གཉིས་པར་སྨྲ་བ་པོ་རྣམས་ཀྱིས་དབང་པོ་རྒྱུར་ཀུན་ཏུ ་བརྟགསྨྲ་པ་ཡང་འདོད་ཆགས་དང་བྲལ་བ་འམ། འདོད་ཆགས་དང་བཅས་པ་ཡང་རུང་སྟེ། རྒྱུར་མ་རུང་ངོ་།། འདོད་ཆགས་དང་བྲལ་བ་ཞིག་ན་ནི་གཞན་སྡུག་བསྔལ་བར་བྱས་པས་དགོས་པ་ཅི་ཡང་། ་འདོད་ཆགས་དྲང་མ་བྲལ་བ་ཞིག་ན་ནི་བདག་རང་མི་ཤེས་པས་འདོད་ཆགས་ཀྱི་བདག་ཉིད་སྡུག་བསྔལ་བར་འགྱུར་བ་ནི་ཕྲད་པ་ལུས་བྲལ་ན་སྡུག་བསྔལ་ཐམས་ཅད་དུ་བསྐྱེད་པ་ཡིན་ནོ།། དེའི་དབང་ཕྱུག་ཇི་ལྟ་བུ་ཞིག། གལ་ཏེ ་བསོད་ནམས་ཀྱི་སྟོབས་ལས་དབང་པོར་བྱུང་ན་ནི་དེའི་ཚེ་གཞན་ཡང་དབང་པོར་འགྱུར་རོ།། འོན་ཏེ་རྒྱུ་མེད་པ་ལས་དབང་པོ་བྱུང་ན་ན་དེའི་ཚེ་ཐམས་ཅད་ཀྱང་དངོས་པོར་འགྱུར་གྱི་གཅིག་པུ་ཉིད་དབང་པོ་མ་ཡིན་ནོ།། དུས་ཀྱང་དངོས་པོའི ་རྒྱུན་མ་གཏོགས་པར་མེད་པ་ཉིད་དོ།། རྡུལ་ཕྲ་མོ་རྣམས་ཀྱང་རྒྱུར་མི་རུང་སྟེ། ཐོས་པས་རང་སེམས་པ་ལ་སོགས་པའི་འདུ་བྱེད་ཀྱིས་སྔར་བྱས་པའི་འབྲས་བུ་ཤེས་རབ་ལ་སོགས་པ་བྱུང་བ་གླེན་པ་རྣམ་ལྔ་ཇི་ལྟར་འབྱུང ་གང་དག་ཡང་ཚངས་པ་དང་དབང་པོ་ལ་སོགས་པའི་འགྱུར་བ་འདོད་པ་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། གཉིས་པར་སྨྲ་བ་ཡང་ལུས་དང་། བྱེད་པ་དང་། གནས་ལ ་སོགས་པ་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ཡོད་པའི་ཕྱིར་བློ་ཙམ་གྱི་སྐྱེས་བུས་ཐོག་མར་བྱས་སོ་ཞེས་པ་ནི་བྱེད་པ་པོས་ཐེག་མར་བྱས་པའི་རྣམ་པ་ཇི་ལྟ་བུའི་དབྱིབསུ་བཟུང་བ་དེའི་རྣམ་པ་དེ་ལྟ་བུར་གཟུང་བ་མེད་དེ། བལྷ་ཁང ་སྩོགས་པ་ལ་བྱེད་པ་པོ་དང་། ཐིག་འཛིན་པ་ལ་སོགས་པར་ཆུད་པར་བྱུང་། བྱ་མ་དང་། རྀ་དང་། རི་བོང་དང་། ཤིང་ལ་སོགས་པའི་དབྱིབས་ལ་ནི་མ་ཡིན་ནོ།། དབྱབས་ཀྱི་ཆོས་དང་བཅས་པས་དབྱིབས་དང་མཐུན་པ་ཙམ་ལས་རོས། ་ཁྱད་པར་དབྱེན་རྗེས་སུ་མཐུན་པ་དང་། མི་མཐུན་པས་གང་ལ་དེའི་བདག་ཉིད་དང་། དེ་ལས་སྐྱེས་པར་འབྲེལ་པར་གཟུང་བ་དེ་ཉིད་རྒྱུར་རིགས་ཏེ། དེ་ལྟ་བས་ན་མུ་སྟེགས་ཅན་རྟག་པ་དང་ཆད་པར་སྨྲ་བ་རྣམས་ལས་བདེ་བར ་གཤེགས་པ་ཎྜི་ན་སྨྲ་བར་ཁྱད་པར་རིག་པར་བྱའོ།། གཞནཱ་ཡང་ཛྷས་ཆེན་པོ་དེ་དེས་པོའི་རང་བཞིན་བདུན་ཡོད་དེ། འདི་ལྟར་འདུ་བ་དངོས་པོའི་རང་བཞིན་དང་། དངོས་པོའི་རིང་བཞིན་གྱི་དངོས་པ་དང་། མཚན་ཉིད་ཀྱི་དངོས་པོར ་འབྱུང་བ་རྒྱན་པོའི་རང་བཞིན་རང་བཞིན་གྱི་དངོས་པོ་དང་། ནང་གི་དངོས་པ་དང་། རྒྱུ་ཆེན་གྱི་དངོས་པོ་དང་། འགྲུབ་པའི་དངས་པོ་སྟེ། བྲིདུན་ན་ཞེས་བྱ་བ་ལ། འདུ་བ་དངོས་པོའི་རང་བཞིན་ནི་ཀུན་འབྱུང་གི་རྣམ་པར་མ་རིག་པ་དང ་ལས་ཏེ་དེའི་རྒྱུ་ལས་ཆེའོ།། དེ་ལ་མ་རིག་པར་བདག་ཏུ་ཆགས་པའི་མཚན་ཉིད་དོ། མ་རིག་པས་ནོར་ནས་མཉམ་པར་མི་འཇོག་པའི་སེམས་ལ་མི་རྟོག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་མཛེས་པ་རྣམས་ལ ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་དེ་ལྟ་བུའི་འཁྲུལ་པ་ནི་མི་རིག་པ་ཞེས་བྱའོ།། དེའི་རྒྱུ་ལས་སྡུག་བསྔལ་གྱི་མཚན་ཉིད་ཀྱི་ཕུང་པོ་ལརུངས་པ་ནི་དངོས་པོའི་རང་བཞིན་གྱི་དངོས་པའོ།། མཚན ་ཉིད་ཀྱི་དངོས་པོ་ནི་ཡང་ས་བོན་དང་ལྡན་པར་བརྟག་གོ། འབྱུང་བ་ཆེན་པོའི་རང་བཞིན་གྱི་དངོས་པོ་ནི་ས་ལ་སོགས་པ་སྟེ། སྲ་བ་དང་། རླན་པ་དང་། དྲོ་བ་དང་། གཡོ་བའི་བདག་ཉིད་དུ་སྣང་བའོ།། ཞིང་གི ་དངོས་པོ་ནི་འཇིག་རྟེན་ཆགས་པའོ།། རྒྱུ་རྐྱེན་གྱི་དངོས་པོ་ནི་རྒྱུའིའོ།། འགྲུབ་པའི་དངོས་པོ་ནི་གང་དེ་ལས་འགྲུབ་པའོ།། སེམས་རྟེན་ཅིང་འབྲེལ་ཏེ་འབྱུང་བར་རྟག་པའི་དོན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ་པར ་བཞག་པ་ནི་མངོན་པར་ཤེས་པ་སྐྱེས་པ་རྣམས་ཉིད་མཁྱེན་ཏེ། བདག་ནི་སྒྲའི་རྗེ་སུ་འབྲང་བའི་ཚད་མ་ཅན་ནོ།། བློ་གྲོས་ཆེན་པོ་གཞན་ཡང་དོན་དམ་པ་བདུན་ཏེ། འདི་ལྟར་སེམས་ཀྱི་སྤྱོད་ཡུལ་དང་། ཤེས་རབ་ཀྱི་སྤྱོད་ཡུལ་དང་། ་ལྟ་བ་གཉིས་ཀྱི་སྤྱོད་ཡུལ་དང་། ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་དང་། སྣང་བ་མེད་པའི་སྤྱོད་ཡུལ་དང་། སྲས་ཀྱི་ས་ལས་འདས་པའི་སྤྱོད་ཡུལ་དང་། དེ་བཞིན་གཤེགས་པའོ་སོ་སོར་རང་གིས་རིག་པའི་སྤྱོད་ཡུལ་ཏེ་ཞེས ་བྱ་བ་ལ་སེམས་ཀྱི་སྤྱོད་ཡུལ་ནི། སེམས་ནི་ཀུན་གཞི་རྣམ་པར་ཤེས།། དར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤེས་ཞེས་བྱ།། ཞེས་པ་སྟེ། དྲི་མ་དང་བཅས་པ་དང་། དྲི་མོ་མེད་པའི་དུས ་ཀྱི་སེམས་ལ་འཁོར་བ་དང་། རྣམ་པར་གྲོལ་བའི་རིམ་པའོ།། རྣམ་པར་ཤེས་པ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་གཉིས་ཀྱི་རྣམ་པར་སྣང་བ་སྟེ། རྨི་ལམ་ལ་སོགས་པ་བཞིན་དུ་ཕྱིའི་དོན་མེད་པར ་ཡང་འབྱུང་ངོ་།། སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ། གང་གི་ཚེ་ཤེས་རབ་ཀྱི་ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་མི་དམིགས་པའི་རྣལ་འབྱོར་བདག་ཉིད་ཀྱི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་མི་གཉིས་པའི་རྣལ་འབྱོར་དུ་འགྱུརརོ།། ལྟ་བ་གཉིས ་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ནི་རྟག་ཏུ་བདག་དང་བདག་གིར་ལྟ་བའི་སྤྱོད་ཡུལ་ལོ།། ལྟ་བ་གཉིས་ལས་འདས་པའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིརརོ།། སྣང་བ་མེད་པའི་སྤྱོད་ཡུལ་ནི་ས་བརྒྱད་པ་ཡན ་ཆད་དོ།། སྲས་ཀྱི་སྲ་ལས་འདའ་བའི་སྤྱོད་ཡུལ་ཞེས་བྱ་བ་ལ། སྲས་ཀྱི་ས་ནི་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བཅུ་རྣམས་ཏེ། དེ་ལས་འདའ་བའི་རྣལ་འབྱོར་ནི་ཐམས་ཅད་མཁྱེན་པའི་ས་ལ་འཇུག་པའོ།། དེ་བཞིན་གཤེགས ་པའི་སོ་སོར་རང་གི་རིག་པའི་སྤྱོད་ཡུལ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་པ་དང་། མི་གཉིས་པའི་ཏིང་ངེ་འཛིན་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལོ།། དོན་དམ་པ་དེ་ཁོ་ན་ཉིད་དང་། སྤང་བ་དང་བླང་བ་ཡང ་དག་པའི་ཡུལ་ནི་ཐམས་ཅད་མཁྱེན་པ་ཉིད་མཁྱེན་ཏེ། བདག་ཅག་སྒྲའི་རྗེས་སུ་འབྲང་བའོ།། འདི་དག་ནི་བློ་གྲོས་ཆེན་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་ལ་དངོས་པོའི་རང་བཞིན་ཉིད་ནི ་དོན་དམ་པའི་སྙིང་པོ་ཡིན་ཏེ། བདུན་པ་གཉིས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་སུ་གཞག་གོ།། འཕགས་པའི་ཡེ་ཤེས་གང་དང་ལྡན་ནས་རང་དང་སྤྱིའི་མཚན་ཉིད་དུ་གཏོགས་པའི་ཆོས་རྣམས་ལ་དགོད་པར་བྱེད་པའོ ་ཁྱད་པར་གྱི་མཚན་ཉིད་ནི། སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པའོ།། སྤྱི་ནི་ཀ་བ་དང་། ཕྲུ་བ་ལ་སོགས་པ་རྣམས་ཀྱི་སྲ་བའོ།། བདག་ཡུལ་ལ་རྣམ་པར་རྟོག་པའི་ལྟ་བ་ནི་རྟག་པ་དང་། བདག་དང་ཕྱིའི་དོན་དུ་རྣམ་པར ་རྟོག་པར་ལྟ་བས་རྣམ་པར་ཤེས་པའི་རང་བཞིན་མ་ཤེས་ནས་མུ་སྟེགས་ཅན་བྱིས་པ་རྣམས་ཀྱིས་རྨི་ལམ་ལ་སོགས་པ་བཞིན་དུ་བདག་གི་སེམས་སྣང་བ་ཙམ་དུ་གཟུགས་ལ་སོགས་པ་ཁོང་དུ་མ་ཆུད་ནས་དེ་དག་གིས་ཕྱིའི་དོན་དུ་རྟོག་པར་བྱེད ་པ་ནི་གཉིད་ཀྱིས་མ་ལོག་པའི་ཚེ་ན་ནི་ཡོད།། རྨི་ལམ་གྱི་དུས་ན་ནི་མེད་དོ་ཞེས་ཏེ། རང་གི་སེམས་སྣང་བ་མ་གཏོགས་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་སྨྲ་བར་འགྱུར་རོ།། བློ་གྲོས་ཆེན་པོ་གཞན་ཡང་མི་ཤེས་པ་དང་། སྲེད་པ་ཞེས་བྱ ་བ་ལ་སོགས་པ་ནི་རྣམ་པར་རྟོག་པའི་རྒྱུས་སྲིད་པ་གསུམ་དུ་འགྱུར་བ་སྟེ། ལོག་པའི་རྣམ་པར་རྟོག་པ་དང་། མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུ་ལས་རྟག་པ་དང་བདག་དང་། གཙང་བའི་ཕྱིན་ཅི་ལོག ་གིས་འཁོར་བའི་སྡུག་བསྔལ་འཇུག། ཇི་ལྟར་ལྡོག་པ་དེ་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྐྱེན་རྣམ་པར་ལོག་པས་སོ།། དེ་ལ་མི་ཤེས་པ་ནི་ཡང་དག་པ་མ་ཡིན་པར་འདུས་པའི་མཚན ་ཉིད་དེ། མི་རྟག་པ་ལ་རྟག་པར་ཅི་ལོག་པ་དང་། བདག་མེད་པ་ལ་བདག་དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་དང་། དེ་བཞིན་དུ་མཛེས་པར་མངོན་དུ་ཞེན་ཏེ། སྲེད་པས་ལས་བྱེད་དོ།། ་དེ་ལྟར་ཕྱིན་ཅི་ལོགས་གི་བློས་བདག་ཏུ་སྲེད་པས་ཕྱེ་མ་ལེབ་བཞིན་དུ་སྲིད་པར་ལྟུང་ངོ་།། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡོངས་སུ་ཤེས་ནས་སྡུག་བསྔལ་ལྡོག་གོ་ཞེསོ།། ཆོས་དང་གང་ཟག་ལ་བདག་མེད་པ་ཇི་ལྟར ་ཡོངས་སུ་ཤེས་པར་འགྱུར་བ་དེ་ཐམས་ཅད་མཁྱེན་པས་གསུངས་པ།། རང་གི་སེམས་སྣང་བར་སྒྱུ་མ་དང་། སྤྲིན་གྱི་ཡུལ་དཔེ་བཤད་པར་བྱའོ་ཞེས་ཏེ་གཟུགས་ལ་སོགས་པ་ནི་སེམས་སྣང་བ་ཉིད་དེ། ཕྱིའི་དོན་མེད་པ་ནི་རྨི་ལམ་དང་། རབ་རིབ་དང་། ་སྒྱུ་མ་དང་། སྤྲིན་དང་། གཟུགས་བརྙན་ལ་སོགས་པའི་རང་བཞིན་བཞི་ནོ།། དེ་ལ་སྒྱུ་མའི་དཔེས་ཆོས་ལ་བདག་མེད་པར་སྒྲུབ་པར་མཛད་པའོ།། སྤྲིན་གྱི་དཔེས་མི་རྟག་པ་ཡིན་པར་ཚད་མའི་དོན་ཉིད་དུ་བསྒྲུབ་པའོ།། བློ་གྲོས་ཆེན་པོ་དགེ་སྦྱོང་ངམ་བླ་མ ་ཟེ་གང་ལ་ལ་མ་བྱུང་བའམ། ཡོད་པ་རྒྱུ་ལས་འབྲས་བུ་མངོན་པ་དང་། དངོས་པོ་ཡུན་རིང་སུ་གནས་པ་དང་། རྐྱེན་རྣམས་ལས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་སྐྱེ་བ་དང་། གནས་པ་དང་བྱུང་ནས་ཀྱང་འཇིག་པར་འདོད་དེ་ཞེས་པ་ནི་ནཱ་ཡི ་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་མེད་པ་ལས་འབྲས་བུ་འབྱུང་བར་འགྱུ་རོ་ཞེས་སྨྲ་བར་བྱེད་པ་དང་། གྲངས་ཅན་རྣམས་ཡོད་པ་འབྱུང་ངོ་ཞེས།། དངོས་པོ་བྱུང་བ་དུས་ཁ་ཅིག་ཏུ་གནས་ཞེས་པའོ།། དངོས་པོའི་འཇིག་པ་ཡང་རྣམ་པ་གཉིས་ཀྱི ་ཕྱིར་ཏེ། འདུས་པའི་རྒྱུ་འཇིག་པ་དང་། མ་འདུས་པའི་རྒྱུ་འཇིག་པ་ལ་སོ།། དེ་ལ་འདུས་པའི་རྒྱུ་འཇིག་པ་ལས་ཞེས་བྱ་བ་ནི་ཇི་ལྟར་རྒྱུ་སྤུན་ཞིག་པའི་ཕྱིར་སྣམ་བུ་འཇིག་པའོ།། མ་འདུས་པའི་རྒྱུ་འཛག་པ་ཞེས་བྱ་བ་ནི་ཇི་ལྟར་རྒྱུ་སྤུན་དུ་སྦྱོར་བ་ཞིག་པའི ་ཕྱིར་སྙམ་ཇིག་པའོ།། གྲངས་ཅན་རྟོག་པ་ན་ཆོས་པར་གནས་ན་ནི་ཆོས་གཞན་ལྡོག་ཅིང་། ཆོས་གཞན་འབྱུང་བ་སྟེ། མེད་པ་ནི་མོ་སྟེ། མེད་པ་ནི་མཱི་འགག་ཅེས།། ནེ་ཡི་ཡ་ཡིཀ་དང་། ཁྱད་པར་ཡོད་པ་དང་། མེད་པ ་སྨྲ་བ་དེ་དག་ཁ་ཅིག་ནི་རྟོག། ཁ་ཅིག་ནི་མི་རྟོག་གོ་ཞེས་རྟོག་པར་བྱེད་པ་རྒྱུ་མེད་པ་ཅན་ཡོད་པ་ནི་རྟག་པ་ཡིན་ཞེས་ཏེ། གང་ལ་རྒྱུ་མེད་ཅིང་མ་སྐྱེས་པ་དེ་ཡོད་པ་ཉིད་དུ་མི་རུང་སྟེ། རི་བོང་གི་རྭ་བཞིན་ནོ།། དེ་ཡི་འབྲས་བུ་ཡང་དུས་གཞན ་དུ་གནས་པར་མི་རིགས་ཏེ། གལ་ཏེ་དེ་གནས་པའི་རང་བཞིན་པ་ཡིན་ན་དུས་ཐམས་ཅད་དུ་ཅི་སྟེ་མི་གནས། འོན་ཏེ་གནས་པའི་རང་བཞིན་པ་མ་ཡིན་པའི་མཐུ་ཉིད་ཀྱིས་འཇིག་པར་འགྱུར་གྱི་དུས་གཞན་དུ་མི་གནས་སོ།། མདོ་སྡེ ་པ་རྣམས་ཀྱི་ཐར་པ་ནི་མར་མེ་མེད་པར་འགྱུར་བ་བཞིན་དུ་འཕགས་པའི་བདེན་པས་འཆིང་བ་ལས་གྲོལ་ཏེ་ཕུང་པོ་ལྔ་ཆད་དོ་ཞེས།། རྣམ་པར་འཇིག་པ་དང་ཆད་པ་ནི་སྐད་ཅིག་པའི་རྒྱུན་ཆད་པའི་དོན་དུ་དགོངས་པའོ།། བྱུང་གནས་ཀྱང ་འཇིག་པར་འདོད་དེ། བློ་གློས་ཆེན་པོ་དེ་དག་ནི་རྒྱུན་དང་། བྱ་བ་དང་། སྐྱེ་བ་དང་། སྲིད་པ་དང་། མྱ་ངན་ལས་འདས་པ་དང་། ལམ་དང་། ལུས་དང་། འབྲས་བུ་དང་། བདེན་པ་རྣམ་པར་འཇིག་པ་དང་། ཆད་པར་ལྟ་བར་འགྱུར་ཏེ་ཞེས ་པ་ནི་དོན་གྱི་བྱ་བ་མེད་པའི་ཕྱིར་རོ།། ཡོད་པ་ལས་མངོན་པར་མེད་དེ། ཕྱིའི་དོན་མེད་པའི་ཕྱིརརོ།། དེའི་རྒྱུན་གྱི་འབྲས་བུའི་དངོས་པོ་ནི་མདོ་སྡེ་པ་དང་། ནི་ཡི་ཡ་ཡི་ཀ་ལ་སོགས་པ་འདོད་པའོ།། མུ་སྟེགས་ཅན་རྣམས་ནི་རྟག་པའི ་དབང་པོའི་བྱིན་གྱིས་བདག་དང་ཡིད་ཀུན་ཏུ་སྦྱོར་བ་ལས་ཤེས་པ་སྐྱེ་བར་འདོད་དོ།། དེ་བཞིན་དུ་བདག་དང་། དབང་པོ་དང་། ཡིད་དང་། དོན་སྦྱོར་བ་བྲལ་བའི་ཕྱིར་ཡེ་ཤེས་ཆད་ཅེས་སོ།། རྒྱུན་ལ་གནས་པའི་ཡེ་ཤེས་ལ་ཀུན་ནས་ཉོན་མོངས ་པ་དང་། རྣམ་པར་བྱང་བ་རྣམས་པར་བཞག་པོ་རྣམ་པར་འཇོག་པ་ཡོན་ན་རྟག་པ་དང་། ཆད་པ་པོར་སྨྲ་བ་དེ་དག་གི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པར་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། གང་འདི་མངོན ་སུམ་དུ་མི་དམིགས་ཏེ། ཐེག་མ་དང་ཐ་མ་མཐོང་བ་མེད་པའི་ཕྱིར་རོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྫ་མ་གྱོ་མོར་གྱུར་པ་རྫ་མའི་བྱ་བ་མི་བྱེད་དོ།། ས་བོན་ཚིག་པ་ཡང་མྱུ་གུའི་བྱ་བ་མི་བྱེད་ཅེས་ཏེ། མིག་ལ་སོགས་པའི་རྣམ་པར ་ཤེས་པ་རྣམས་སྐྱེས་མ་ཐག་ཏུ་འཛག་པར་ཐོག་མ་དང་ཐ་མའི་སྟོང་པ་ཉིད་ཁོང་དུ་ཆུད་ཀྱང་ཀུན་ཏུ་གཞི་རྣམ་པར་ཤེས་པ་རིགས་ཀྱི་མཚན་ཉིད་དང་ལྡན་པ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། ་རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཐམས་ཅད་དུ་རྒྱུན་གྱི་རང་བཞིན་དུ་རྣམ་པར་གནས་པ་སྟེ། དེ་ཉིད་རྨི་ལམ་གྱི་དུས་ན་འཛིན་པ་དང་གཟུང་བའི་དངོས་པོ་བརྟག་པ་མུ་སྟེགས་ཅན་རྣམས་ཀྱིས་དེ ་ལྟར་ཁོང་དུ་མི་ཆུད་།། དེ་ལྟར་ཡང་ཁོང་དུ་མི་ཆུད་པས་བདག་རྟག་པ་དང་གཅིག་བུ་དང་། རིག་པ་པོ་ཕྱིའི་དོན་རིག་པར་བྱ་བར་ཀུན་ཏུ་རྟོག་པ་ནི་རང་གི་སེམས་སྣང་བ་ཁོང་དུ་མ་ཆུད་པའི་ཕྱིར།། མིག་ལ་སོགས་པའི་ཤེས ་པ་རྣམས་ཀྱིས་མངོན་སུམ་དུ་མི་དམིགས་པའི་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་འབྲས་བུ་རྣམས་ཀྱི་ཐོག་མ་དང་ཐ་མ་སྟོང་པ་ཉིད་དུ་ཀུན་ཏུ་རྟོག་པར་བྱེད་དེ། བུམ་པ་དང་ས་བོན་ལ་སོགས་པ་གྱོ་མོ་ལ ་སོགས་པར་གྱུར་པ་དང་། བུམ་པ་ལ་སོགས་པའི་སྔོན་དང་ཐ་མར་སྦྲང་རྩི་དང་ཆུ་འཛིན་པ་ལ་སོགས་པའི་དགོས་པ་སྐྱེད་མི་ནུས་ཏེ། དེས་ན་སྔོན་ལོག་སུ་མེད་པ་དང་། ཞོམ་ནས་མེད་པའི་དུས་ན་བུམ་པ་ལ་སོགས་པ་མེད་དོ།། འོན་ཏེ་ཐོག་མ་དང ་ཐ་མ་པའི་དུས་ན་དངོས་པོ་ཡོད་ན་བདག་གི་བྱ་བ་ཅིས་ན་མི་བྱེད། དེའི་སྟེང་དུ་ཡོད་པ་རྣམས་ལ་བྱ་བ་མེད་པས་ན་ཡོད་པའང་ཇི་ལྟར་ན་སྐྱེ་བར་འགྱུར། གྲངས་རྣམས་ཀྱིས་སྨྲ་བ། དེ་སྟེ་མེད་པ་སྐྱེ་བར་འགྱུར་ན་ནི་བྱེ་མ་རྣམས་ལས་མར་ཅི་སྟེ་མི་འབྱུང་། རུ་སྦལ ་གྱི་སྤུ་དང་། རི་བོང་གི་རྭ་དང་། ན་མཁའི་ཨུཏྤ་ལ་སོགས་པ་མེད་པ་རྣམས་ཅིས་ན་འབྱུང་བར་མི་འགྱུར། དེ་དེ་བཞིན་དུ་ཀྵ་པ་ན་ཀཱ་དོང་སྤྱོད་པ་ཅན་རྣམས་སྤོབས་པ་ཇི་བཞིན་པར་ཡོད་པ་དང་། མེད་པ་དང་། གཉི་གར་སྨྲ་བར་རྟོག་གོ། ཇི་ལྟར་འཇིག་རྟེན་རྒྱང ་ཕན་པས་སྨྲ་བ། ས་དང་། ཆུ་དང་། མི་དང་། རླུང་ཞེས་བྱ་བ་ནི་ཡང་དག་པ་ཡིན་ཏེ། དེ་དག་ལས་རྣམ་པར་ཤེས་པ་སེམས་ཅན་མོས་པར་བྱེད་པའི་མཐུས་བཞིན་པ་དང་། ཆུས་ཆུ་བུར་བཞིན་དུ་སྲོག་འབྱུང་སྟེ། སེམས་པ་སྐྱེས་བུའི་ལུས་སུ་གསོལ ་བར་གྱུར་པ་དང་། དེ་འདུས་པའི་ལུས་ལ་དབང་པོར་མིང་གདག་སོ་ཞེས་པའོ།། ཕྱིའི་དོན་དུ་སྨྲ་བ་དེ་དག་ཐམས་ཅད་ཀྱིས་ཀྱང་བདག་གི་སེམས་སྣང་བ་ཁོང་དུ་མ་ཆུད་པས་ཡོད་པ་དང་། མེད་པ་དང་། གཉི་ག་ལས་འབྲས་བུར་རྣམ་པར་རྟོག་གོ།། ་ཡོད་པ་དང་མེད་པ་དང་། བྱེད་པ་དང་བྱེད་པ་པོར་འབྲེལ་ཏེ་སྐྱེ་བར་མི་རུང་ངོ་།། ཡོད་པ་ནི་བྱ་བ་མེད་པའི་ཕྱིར།། མེད་པ་ཡང་དངོས་པོར་མེད་པས་རྣམ་པར་རྟོག་པ་ཙམ་དུ་ཟད་དོ།། མེད་པ་བྱེད་དོ་ཞེས་ཇི་སྐད་སྨྲས་པ་ཡིན་ཞེ་ན། དངོས་པོ་མེད་པ་ལ ་བྱེད་པ་སྟེ། ཇི་ལྟར་ཡང་མི་བྱེད་དོ་ཞེས་བྱེད་པ་བཀག་པ་ཉིད་དུ་གྱུར་པའོ།། ཇི་ལྟར་འདིར་ཐམས་ཅད་མཁྱེན་པས་གསུངས་པ། ཡོད་དང་མེད་ལས་འབྲས་མི་སྐྱེ།། ཡོད་མེད་གང་ཡང་རྐྱེན་གྱིས་མིན།། རྒྱུ་རྣམས་ཀྱིས་ཀྱང་དངོས་པོ་ནི།། སྐྱེ་བར ་འགྱུར་བ་ཇི་ལྟ་ཞིག། དོན་དེ་ཉིད་ས་དང་པོའི་དབང་པོས་དབུ་མར་བསྒྲུབས་པ། ཡོད་དང་མེད་པ་དག་ལ་ཡང་།། རྐྱེན་གྱི་དོན་ནི་མི་རུང་སྟེ།། མེད་ན་རྐྱེན་ནི་སུ་ཡི་ཡིན།། ཡོད་ན་རྐྱེན་གྱིས་ཅིག་ཞིག་བྱ།། དེ་བས་ན་ཡོད་པ་དང་མེད་པ་བྱེད་པ་པོ་བྱེད་པ ་དང་འབྲེལ་ཏེ་ལས་སུ་བྱ་བ་མི་རུང་ངོ་།། གང་གི་ཚེ་ན་རྒྱུའི་སྐད་ཅིག་པ་ཡོད་པ་དེའི་ཚེ་འབྲས་བུའི་སྐད་ཅིག་པ་མེད་དོ།། ཇི་ལྟར་ན་དངོས་པོ་དང་དངོས་པོ་མེད་པ་འབྲེལ་བར་རུང་། སྐད་ཅིག་པ་གཅིག་ནི་སུ་དང་ཡང་འབྲེལ་བ་མེད་དེ། སྔ་མའི་འོག ་ཏུ་འདི་ཡོད་པར་འགྱུར་ཞེས་རྟེན་ཅིང་འབྲེལ་ཏེ་འབྱུང་ལ། ལས་དང་འབྲས་བུར་ངེས་པར་འབྲེལ་པ་འབའ་ཞིག་གོ། དེ་ལྟར་ན་གང་གིས་དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་རྣམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ ་པར་བཞག་པ་ཡོད་པ་དང་མེད་པ་མ་ཡིན་ཞིང་། ཐམས་ཅད་ཉིད་ལས་ཐམས་ཅད་དེ་མ་ཐག་པ་མ་ཡིན་ཏེ། ཇི་ལྟ་ཞེ་ན། འགའ་ཞིག་འགའ་ཞིག་ལས་དེ་མ་ཐག་ཏུ་འབྱུང་བ་སྟེ། རུས་སྦལ་གྱི་སྤུ་དང་། རི་བོང་གི་ར་དང་། མོ་གཤམ་གྱི་བུ་དང ་ནམ་མཁའི་ཨུཏྤ་ལ་སོགས་པ་ལྟར་རྒྱུ་མེད་པ་ཉིད་ལས་ནི་མ་ཡིན་ནོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཡང་རྒྱུ་མེད་པ་ལས་སྐྱེ་བ་མེད་པ་ལས་སྐྱེ་བ་མ་ཡིན་ཏེ། ཐོག་མ་དང་ཐ་མའི་མཐར་སྟོང་ཡང་རྒྱུ་རྐྱེན་འདུས་པའི ་རྒྱུ་ལས་འབྱུང་བར་འགྱུར། གསུམ་ཕྲད་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སྐད་ཅིག་པ་རྣམས་སམ། བྱེད་པ་པོ་དང་། ལས་དང་། བྱེད་པའི་མཚན་ཉིད་དུ་བརྟོག་པའོ།། དམ་བཅས་པ་ཉམས་པ་ནི་ཡོད་པ་དང་མེད་པ་ལ་རྒྱུ་མི་རིགས་ཏེ། ་བྱེད་པ་པོ་ལ་སོགས་པ་དང་ལྡན་པ་མེད་པའི་ཕྱིརརོ།། ཡོད་པ་དང་མེད་པ་མཚུངས་པས་ན་གླགས་ཕྱེ་སྟེ་ཐམས་ཅད་དུ་ཐམས་ཅད་ཡོད་པའམ་མེད་པར་འགྱུར་བ་ནི་ཡོད་པ་དང་མེད་པ་ལས་འབྱུང་བར་སྨྲ་བ་ལ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ།། གསུམ་ཕྲད ་པའི་རྐྱེན་ཞེས་བྱ་བ་ནི་གསུམ་ཕྲད་པ་ཉིད་རྐྱེན་ཡིན་ཏེ་རྒྱུའོ།། དེའི་བྱེད་པ་ནི་འདས་པ་ལ་སོགས་པའི་རིམ་མམ་ལྷན་ཅིག་ཀྱང་རུང་སྟེ། གསུམ་ཕྲད་པའི་རྐྱེན་གྱིས་བྱེད་ཅེས་སོ།། གསུམ་ཕྲད་པའི་མཚན་ཉིད་ནི་རྒྱུ་རྣམས་ཉེ་བར་བརྟག་པ་བྱ་བ་ཡིན་ཏེ། ་མིག་དང་གཟུགས་ཀྱི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། གསུམ་འདུས་ན་རེག་པ་ཞེས་བྱ་སྟེ། དེ་མ་ཐག་པའི་རྐྱེན་དང་། སྣང་བ་དང་བར་ཆད་མེད་པ་ལ་སོགས་པ་རྒྱུ་ཡང་ཡོད་དོ།། དེས་ན་རྒྱུན་ཏུ་གནས་ཤིང་། སྔོན་མྱངས་པ་རྗེས་སུ་དྲན ་པ་ལ་སོགས་པའི་འདུ་བྱེད་དང་ལྡན་པའི་མིག་ལ་སོགས་པ་གསལ་བའི་རྣམ་པར་ཤེས་པ་དང་ལྡན་པ་རྣམ་པར་རྟོག་པ་ཡིད་ཤེས་པ་སྐྱེ་ཞིང་འགག་ཀྱང་སེམས་པ་མེད་ཅིང་། རྣམ་པར་ཤེས་པ་དེ་དག་ཐོག་མ་དང་། ཐ་མར་གནས་པའི་རྒྱུ་ཀུན་གཞི ་རྣམ་པར་ཤེས་པ་རྒྱུན་ཡིན་པར་རྗེས་སུ་དཔག་པར་བྱའོ།། རྨི་ལམ་དུ་ཡང་མིག་ལ་སོགས་པ་དང་ཡུལ་ཡང་དེར་མེད་དེ། ཐམས་ཅད་ཀྱི་བདག་ཉིད་དེ་ཉིད་ཡོད་པར་མངོན་སུམ་དུ་རྗེ་སུ་མྱོང་ངོ་།། གང་དག་ཀྱང་ནེ་ཡཻ་ཡཱ་ཡ་ཀའི་མུ་སྟེགས་ཅན་རྣམས ་དབང་པོ་དང་དོན་ཕྲད་དེ་ཉེ་བར་སྐྱེས་པའི་ཤེས་པ་བསྟན་དུ་མེད་པ་འགྱུར་བ་མེད་ཅིང་། གདོན་མི་ཟ་བའི་བདག་ཉིད་གང་ཡིན་པ་དེ་ནི་མངོན་སུམ་གྱི་མཚན་ཉིད་ཅན་གྱི་ཤེས་པའོ་ཞེས་རྟོག་པའོ།། ཁྱད་པར་ཅན་རྣམས་ཀྱིས་ནི་བདག་དང་ཡིད་དང་དབང་པོ་དང ་དོན་དུ་ཕྲད་པ་ལས་གང་སྐྱེ་བོ་ནི་མངོན་སུམ་གྱི་ཤེས་པར་རྟོག་གོ།། གྲངས་ཅན་རྣམས་ཀྱི་ནི་རྣ་བ་དང་། པགས་པ་དང་། མིག་དང་། སྣ་དང་། ལྕེ་རྣམས་ཡིད་ཀྱིས་བྱིན་གྱིས་བརླབས་ཏེ་འཇུག་པ་རྣམས་ནི་མངོན་སུམ་གྱི་མཚན་ཉིད་ཅན་མངོན་སུམ་ཚད་མའོ།། ་སྤྱོད་པ་ཅན་རྣམས་ཀྱིས་ནི་སྐྱེས་བུ་དང་དབང་པོ་ལྷན་ཅིག་ཏུ་འབྱོར་ཏེ། བློ་སྐྱེས་པ་དེ་ནི་མངོན་སུམ་པའོ།། དེ་ཐོག་མར་བྱས་ཏེ་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་གཞན་བཞག་པའོ།། ཀྵེ་པ་ན་ཀ་རྣམས་ཀྱིས་ནི་སྤྱི་དང་ཁྱད་པར་གྱི་ཡུལ་མངོན་སུམ ་པའོ།། ཐམས་ཅད་ཀྱི་རྗེས་སུ་དཔག་པ་ནི་མཚན་མར་བཟུང་ནས་མངོན་སུམ་དུ་ཐོག་མར་བྱས་པ་ལས་སོ།། འཇིག་རྟེན་རྒྱང་པན་པ་རྟོག་པ་ནི་ཡུལ་ཉེ་བ་ནི་མངོན་སུམ་པའོ།། ཡུལ་རིང་པ་ནི་རྗེས་སུ་དཔག་པ་སྟེ། དྲི་བས་ན་དོན་ལ་གདོན་མི་ཟ་བ་མེད ་ཞེས་པའོ།། དེ་དག་ཐམས་ཅད་ཀྱིས་བདག་གི་སེམས་སྣང་བ་ཁོང་དུ་མ་ཆུད་པའི་ཕྱིར་ཕྱིའི་དོན་དུ་ལྷག་པར་བསྐྱེད་དེ། བྱེད་པ་དང་། བྱེད་པ་པོ་དང་། ཚད་མ་དང་། གཞལ་བ་དང་། རྗོད་པ་དང་། བརྗོད་པ་ལ་སོགས་པའི་ཐ་སྙད་རྣམས་ཀུན་ཏུ་རྟོག་གོ། ་རྨི་ལམ་ལ་སོགས་པར་ཡང་གཟུང་བ་དང་འཛིན་པ་དང་བྱེད་པ་དང་བྱེད་པ་པོ་དང་། བསྐྱེད་པ་དང་། བསྐྱེད་པ་ལ་སོགས་པར་སྣང་བའི་རྣམ་པར་རྟོག་པ་ཡོད་དོ།། སྐད་ཅིག་པ་ལ་ནི་སྐྱེ་བ་དང་། གནས་པ་དང་། འཇིག ་པ་ལ་སོགས་པའི་ཆོས་གུད་ན་མེད་དོ།། ཇི་ལྟར་དབུ་མ་ལས་འབྱུང་བ།། གལ་ཏེ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ལྡན་དེར་རིགས་ཏེ།། འོན་ཏེ་སྐྱེ་བ་འདུས་མ་བྱས།། འདུས་བྱས་མཚན་ཉིད་ཇི་ལྟར་རུང་།། དེས་ན་ཡོད་པ་དང་མེད་པ་ལ་བྱེད་པ ་དང་བྱེད་པ་པོས་བསྐྱེད་པ་ལ་སོགས་པའི་ཆོས་རྣམས་མི་རིགས་སོ།། ཆོས་དང་གང་ཟག་ལ་བདག་མེད་པ་གཉིས་ལའང་བསྐྱེད་པ་ལ་སོགས་པའི་ཕྱིའི་དོན་དུ་སྒྲོ་བཏགས་ཏེ། དེ་དག་གཞན་པར་བརྟག་པར་མི་བྱའོ།། གང་དག་གཉིས་ཀྱི་རྣམ་པའི ་ཆོས་ཡིན་པ་དེ་དག་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་ཐམས་ཅད་མ་སྐྱེས་པས་ན་དེའི་ཕྱིར་ཡོད་པ་དང་མེད་པོ་སྐྱེ་བར་མི་རུང་ངོ་།། དེ་དག་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པར་སྨྲ་བ་རྣམས་ལའོ།། མེད་པ་ནི་མི་སྐྱེ་ལ། མེད ་པ་འགག་པར་མི་འགྱུར་ཏེ། གྲངས་ཅན་རྣམས་ཀྱི་གསུམ་ཕྲད་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་རྣམས་སོ།། རྒྱུ་དང་འབྲས་བུའི་རང་བཞིན་གྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཡོད་པ་དང་མེད་པའི་མཚན་ཉིད་ཡོད་པར ་ཞེས་པ་ནི་མངོན་སུམ་ཡོད་པར་བྱེད་པ་ཡེ་ཡོད་པའི་སྤྱིའི་མཚན་ཉིད་དེ། ཡོན་ཏན་དང་། རྫས་དང་། བྱེད་པ་ལྡན་པའོ།། ཡོན་ཏན་དང་ལྡན་པ་ནི་འབྲེལ་པའི་རྒྱུའོ།། རྫས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཏེ། འདས་པ་ལ་སོགས ་པའི་མཚན་ཉིད་ཡོད་པར་སྟོན་ཏོ།། ཡོད་པ་དང་མེད་པ་ལས་འབྱུང་བ་ཞེས་བྱ་བ་ནི་དམ་བཅས་པ་དང་འགུལ་བ་སྟེ། དེ་སྟེ་ཡོད་ན་ནི་ཇི་ལྟར་ན་འབྱུང་བར་འགྱུར། འོན་ཏེ་མེད་པ་འབྱུང་བར་འགྱུར་ན་དངོས་པོ་མེད་པ་ཇི་ལྟར་ན་བྱུང་བར་བྱེད། ཅུང ་ཟད་ཀྱང་མི་བྱེད་དོ་ཞེས་བྱ་སྟེ། བྱེད་པ་དགག་པའོ།། དེས་ན་རྨི་ལམ་དང་། མིག་འཁྲུལ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐར་སྟོང་པ་དབུས་སུ་འཛིན་པ་དང་གཟུང་བ་གཉིས་ཀྱི་རང་བཞིན་གྱིས་སྟོང་སྟེ། ཀུན་གཞི་རྣམ་པར ་ཤེས་པ་འབའ་ཞིག་རང་བཞིན་གྱིས་འོད་གསལ་བར་གནས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། རྐྱེན་གྱི་ཁྱད་པར་དང་། མཉམ་པར་འཇོག་པ་མེད་པས་ན་བློངས་པ་ནི་གསེར་དྲི་མ་ཅན་དུ་འགྱུར་བ་བཞིན་ཏེ། མགོ་འཁོར་བ་དང་། ་བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་སྣང་ངོ་།། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ། སྒོམ་པ་དང་ཕྲ་བ་རྣམ་པར་ཕྱེ་སྟེ། ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་བསམ་པ་དང་བྲལ་ཞིང་སྣང་བ་མེད་པ་མི་གཉིས་པ་དོན ་དམ་པའི་བདྲེན་པ་ཡང་དག་པར་རིག་པ་ཉིད་གནས་པར་འགྱུར་རོ།། ཆོས་དང་གང་ཟག་ལ་བདག་མེད་པ་ཡོངསུ་ཤེས་ནས་ཤེས་རབ་དང་། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ཏེ་སར་དབྱེ་བ་འབྱེད་པ་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད ་པའི་ཏིང་འཛིན་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་འཇུག་པའི་ཐམས་ཅད་མཁྱེན་པ་གཟུགས་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོར་འགྱུར་རོ།། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི ་ཁྱད་པར་ལས་བྱུང་བ་ལྷའི་མིག་ལ་སོགས་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དང་ལྡན་ཞིང་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་མ་ལུས་པ་གཞན་གྱི་དོན་དུ་འབྱུང་བ་རྨི་ལམ་ལ་སོགས ་པ་ལྟ་བུར་མིག་ལ་སོགས་པའི་ཤེས་པ་ལས་ཁྱད་པར་ཅན་ཀུན་གཞི་རྣམ་པར་ཤེས་པ་ཉིད་སྒྱུ་མའི་རྣམ་པར་ཐར་པར་གནས་ཤིང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དུ་དབྱེ་བ་ན་མཐའ་ཡས་པའི་སེམས་ཅན་གྱི ་དོན་དུ་འབྱེད་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཡིན་ནོ།། ཇི་ལྟར་དེ་ཁོ་ན་ཉིད་བསྡུ་བ་ལས་གསུངས་པ་རིགས་ཀྱི་བུ་སེམས་འདི་ནི་རིང་བཞིན་གྱིས་འོད་གསལ་བ་སྟེ། གང་གིས་ཇི་ལྟར་སྤྱོད་པ་དེ་ལྟར་གྲུབ་པར་འགྱུར་རོ།། སོ་སོའི་སྐྱེ་བོ་ལྟ་བ ་དྲན་པས་ཟིན་པ་དེ་དག་བརྟག་པའི་ས་ལ་གནས་པ་ན་ཚད་མ་དང་གཞལ་བར་རྣམ་པར་བཞག་པར་ཡང་རྟག་པའི་བདག་དང་དྲོན་དུ་རྣམ་པར་རྟོག་པར་བྱེད་དོ།། དེ་ལ་རྟག་པའི་བདག་ནི་ཚོད་མ་དང་ཕྱིའི་དོན་གཞལ་བ་དང་། གང་མཐོང་བ་དེ ་ཉིད་ལ་བདག་གིས་རེག་གོ་ཞེས་འཇལ་བར་བྱེད་པ་དེ་དག་གིས་ནི་ལུས་དང་ལོངས་སྤྱོད་གནས་སྣང་བ་ཀུན་གཞི་སེམས་ཀྱི་རྒྱུན་དང་ལྡན་པ་གང་གིས་མི་ཤེས་པ་དེས་ན་བླུན་པ་རྣམས་ཀྱིས་བདག་འདི་ལྟར་བདེ་བ་དང་། བདག་སྡུག་བསྔལ་བའོ།། ། ་ཞེས་སོ་སོར་བཤད་པའི་ཕྱིར་རྟག་པ་ཁོ་ནས་རྟག་པར་བྱེད་ན་སྐྲ་དང་རྩ་ལ་སོགས་པོ་བཅད་ནས་ཕྱིར་སྐྱེས་པ་ཡང་སོ་སོར་ཤེས་པ་འཇུག་པས་ན་དེས་རྟག་པ་ཁོ་ནར་བསྒྲུབ་པར་མི་རུང་ངོ་།། ནེ་ཡི་ཡ་ཡི་ཀེ་ལ་སོགས་པས་གང་དག་རྗེ་སུ་དཔག ་པར་ཀུན་ཏུ་བརྟགས་པ་དེ་དག་ཀྱང་དེའི་བདག་ཉིད་པ་དང་། དེ་ལས་སྐྱེ་བར་འབྲེལ་པ་མྱེད་དེ། དེ་བས་ན་སྦྱོར་བ་ལ་སོགས་པར་འབྲེལ་པས་ངེས་པ་མ་ཡིན་ནོ།། དེ་མ་ཐོག་མར་བྱས་ཏེ་རྗེསུ་དཔག་པ་རྣམས་པ་གསུམ་ནི་སྔ་མ་ལྟ་བུ་དང་། ལྷག། ་མ་ལྟ་བུ་དང་། སྤྱིས་མཐོང་བའོ།། དེ་ལ་སྔ་མ་ལྟ་བུའི་གང་ན་རྒྱུས་འབྲས་བུ་དཔག་པའོ།། དེ་ནི་གང་ན་རྒྱུ་ཡོད་པ་དེར་གདོན་མི་ཟ་བར་འབྲས་བུ་འབྱུང་བར་ངེས་པ་མེད་དོ།། ལྷག་མོ་ནི་བྱེ་བྲག་ཏུ་དབྱེ་བ་མེད་དོ།། མེ་དང་ངུ་བར་སྦྱོར་བའི་མཚན་ཉིད ་ནི་འབྲེལ་པར་སྨྲ་བར་བྱེད་པ་གང་ན་སྦྱོར་བ་གཅིག་ཡོད་པ་དེར་སྦྱོར་བར་བྱེད་པ་གཞན་ཡང་ཡོད་པར་འགྱུར་པའི་རིགས་པར་ངེས་པ་མེད་དེ་མཁར་བ་དང་སྐྱེས་བུ་བཞིན་ནོ།། སྤྱིས་རྗེས་སུ་དཔག་པ་ནི་རྒྱུ་དང་འབྲས་བུར་མ་གྱུར་པའི་བྱ་བཞེད ་ལས་ཆུ་རྗེ་སུ་དཔག་པའོ།། ཁྱད་པོར་ཅན་གྱི་རྗེས་སུ་དཔག་པ་ཡང་སྦྱོར་བ་དང་། ཡན་ལག་ཅན་དང་། དོན་གཅིག་ཏུ་འདུས་པ་དང་། འགལ་བའི་ཡང་མཚན་མ་ཅན་ནོ།། སྦྱོར་བ་ནི་རྒྱུ་སྟེ་མེ་ལྔ་དུ་བོ་བཞིན་ནོ།། དེ་ནི་གང་ན་སྦྱོར་བ་ཅན ་གཅིག་སྣང་བ་དེ་ནི་ཡུལ་དང་དུས་དང་མི་གཞན་པ་ཡོད་པར་འགྱུར་བ་ངེས་པ་མེད་དོ།། ཡན་ལག་ཅན་ཡང་རྐང་པ་ལ་ལག་པ་ལྟ་བུ་སྟེ། རྐང་པའི་རྒྱུ་དང་མཚན་མ་ནི་ལྡག་པོ་ཡིན་ཞེས་པ་དེ་ནི་མཐའ་གཅིག་ཏུ་ངེས་པ་མེདདོ།། དོན་གཅིག། ་ཏུ་འདུས་པ་ནི་གཟུགས་ལ་རེག་པ་ལྟ་བུ་སྟེ། དེ་ཡང་མུན་པ་དང་། གྲིབ་མ་དང་། འོད་དང་། སྣང་བ་ལ་སོགས་པའི་གཟུགས་ལ་ཡང་རེག་པ་མེད་དོ།། འགལ་བ་ནི་ཁྱད་པར་ཅན་གྱིས་རྣམ་པ་དུ་མར་ཀུན་ཏུ་རྟོག་པར་བྱེད་དེ། རླུང་སྦྱིན་དང ་ཀུན་ཏུ་སྦྱོར་བ་ན་ཆར་པ་འབབ་པར་གྱུར་ཞེས་པ་ནི་དེ་ལྟ་བུའི་ཆར་པ་དང་། རྣམ་པ་དུ་མའི་ཆར་པ་ཡང་ཡོད་ན་དེར་ཆ་རཱུ་པ་གང་འབབ་པ་དང་། གང་མི་འབབ་པ་དེ་ཁྱད་པར་དུ་སྒྲ་དགོས་སོ།། འབྲེལ་པ་གཅིག་ལས ་སྤྱིར་མཐོང་བ་དང་། ཁྱད་པར་དུ་མཐོང་བ་དང་། སྔ་མ་ལྟ་བུ་དང་། ལྷག་མ་ལྟ་བུ་ཡང་གྲངས་ཅན་གྱི་རྗེ་སུ་དཔག་པའོ།། བདག་པོའི་བདག་གི་དང་། འགྱུར་བ་དང་། ཡན་ལག་ལ་སོགས་པ་ཀུན་ཏུ་བརྟགས་པ་ནི་མི་བརྟན་པ་ཡིན་ཏེ། གང ་ནོ་བདག་པོ་ཡོད་པ་དེར་བདག་གིས་ཏེ། དེའི་ཅུང་ཟད་ཁ་གཅིག་ཏུ་མཐོང་བ་གཞན་དུ་ཡོད་པར་འགྱུར་བར་ངེས་པ་མེད་དོ།། དེ་དེ་ལྟར་ཀྵ་པ་ན་ཀ་དང་། སྤྱོད་པ་ཅན་ལ་སོགས་པ་རྣམས་ཀྱི་མངོན་སུམ་གྱིས་ཐོག་མར་བྱས་པ་སྦྱོར་བ་ལ་སོགས ་པར་འབྲེལ་པ་ཡང་གཞན་པ་ལ་རྗེ་སུ་དཔག་པ་ལ་སྨྲ་བར་བྱེད་པ་སྟེ། དེའི་བདག་ཉིད་དང་དེ་ལས་སྐྱེས་པ་དང་བྲལ་བའི་ཕྱིར་རོ།། དེས་ན་རྟག་པ་དང་། བདག་དང་། ཕྱིའི་དོན་ཀུན་ཏུ་རྟོག་པས་མངོན་སུམ་དང་རྗེས་སུ་དཔོག་པའི་ཚད་མ་དང ་གཞལ་བ་ལ་སོགས་པར་རྣམ་པར་བཞག་པར་བྱེད་པ་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་མི་ཤེས་པས་རྟག་པའི་ས་ལ་ལྟ་བ་ངན་པས་ཟིན་པའི་རྟོག་པ་རྣམས་ལོག་པའི་ཤེས་པས་རྟག་པ་དང་། བདག་དང ་བདག་ག་དང་། ཕྱིའི་དོན་ནས་མངོན་པར་ཆགས་པའི་ཕྱིར་འཁོར་བར་བ་སྡུག་བསྔལ་མྱོང་ངོ་།། བཙུན་གཙོའི་བྱང་ཆུབ་སེམས་དཔའ་དགེ་སྦྱོང་དང་། བྲམ་ཟེ་གང་ལ་ལ་རང་བཞིན་མེད་པ་སྤྲིན་དང་། མགལ་མི་བསྐོར་བ་ཞེས་བྱ་བ་ལ་སོགས ་པ་ལ་རང་བཞིན་མེད་པ་ནི་སྐད་ཅིག་མའི་ཕྱིར་རོ།། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་ཅན་ཐམས་ཅད་མ་སྐྱེས་པའོ།། ཡང་ན་བྱེད་པ་པོ་དང་ལས་ལ་སོགས་པ་མེད་པའི་ཕྱིར་མ་སྐྱེས་པ་སྟེ། བདག་མེད་པ ་གཉིས་ཀྱིས་བཤད་པ་ཐམས་ཅད་དུ་སྦྱོར་བར་བྱའོ།། གང་དག་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིག་པ་ན་དེ་དག་འཁོར་བ་དང་། མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པར་འགྱུརརོ་ཞེས་བྱ་སྟེ། དངོས་དང ་དངོས་མེད་མཉམ་པས་ནི།། འཕགས་པ་རྣམས་ཀྱི་འབྲས་བུ་འབྱུང་ཞེས་པའོ།། འདི་ཉིད་དུ་ཡང་གསུངས་པ།། ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངས་སོ།། དེ་བས་མེད་པར་ཤེས་མི་བྱ།། ཡོད་པར་ཡང་ནི ་མི་བརྟག་གོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཀློག་པ། དངོས་པོས་ནི་མངོན་པར་རྟོག་པ་མེད་དངོས་པོ་མེད་པས་ཀྱང་མངོན་པར་རྟོག་པ་མེད་དེ། ཇི་ལྟར་ཞེ་ན། དངོས་པོ་དང་དངོས་པོ་མེད་པར་མཉམ་པས་རྟོགས ་པར་འགྱུར་ཞེས་སོ།། ཅི་སྨྲས་པ་ཡིན་ཞེ་ན། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤོང་བ་ལས་སོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ། མཚན་ཉིད་དང་ནི་བྱ ་བ་དང་། དངོས་པོར་མྱ་ངན་འདའ་བ་མེད།། རྣམ་རྟོག་རྣམ་ཤེས་བཟློག་པ་ན།། ང་ནི་མྱ་ངན་འདས་པའོ།། ཐམས་ཅད་མཁྱེན་པས་དེ་སྐད་གསུངས་པ། དེས་ཅི་ཞིག་རྟོགས་པར་བྱེད་ཅེ་ན། ལོག་པའི་རྣམ་པར་རྟོག་པ་སྤངས་པས་མངོན་པར ་རྫོགས་པའི་བྱང་ཆུབ་བོ།། དེ་བས་ན་རྟག་པ་དང་། བདག་དང་། བདེ་བའི་དང་གཙང་བའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤོང་བ་མཐོང་ཡང་ཤེས་རབ་ཀྱིས་མི་མཐོང་ངོ་།། ཇི་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལས་བྱུང་བ། རྣམ་པར་སྔོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་གཞིགས་པ་དང་། རྣམ་པར་རྣགས་པ་རྣམས་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱིས་མི་མཛེས་པ་རྣམས་སྒོམ་པར་བྱེད་པ་ན་མཐོང ་ཡང་མི་མཐོང་ངོ་།། དེས་ན་ལོག་པའི་རྣམ་པར་རྟོག་པ་སྤོང་བ་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་སོགས་པ་སྟེ། ཕུང་པོར་མི་གནས་པ་དང་། རྣམ་པར་འཇོག་པ་ཉིད་ཀྱི་ཕྱིར་རོ།། ཕྱིའི་དངོས་པོ་ཕུང ་པོར་གནས་པ་མེད་པ་དང་། རྣམ་པར་མི་འཇིག་པའི་རྟག་པ་ཡང་མེད་དོ།། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་བཤད་པ་ནི་དམ་པའི་ཆོས་ཀྱི་འབྲེལ་པ་ལངྐར་གསུངས་པ་འདི་ཉིད་ལས་འབྱུང་སྟེ། གཟུགས་ནི་རྡུལ་ཕྲན ་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ།། འོ་ན་སྣང་བ་འདི་ཅི་ལགས་ཞེས་གསོལ་བའི་ལན་དུ། ཕྱིའི་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་།། དཔྱིད་ཀྱི་རི་དྲེགས་སྐོམ་པ་བཞིན།། གཡོ་བ་སེམས་ནི་རྨོངས་པར ་བྱེད།། རི་དགས་རྣམས་ནི་ཆུར་འཛིན་པ།། དེ་ཡི་དངོས་པོ་ཡོད་པ་མིན།། དེ་བཞིན་རྣམ་ཤེས་ས་བོན་ནི།། སེམས་སྤྱོད་ཡུལ་དུ་གཡོ་བ་དང་།། སོ་སོར་སྣང་འབྱུང་བྱིས་པ་རྣམསོ།། རབ་རིབ་རབ་རིབ་ཅན་ཡིན་ནོ།། ཐོག་མ་མེད་པའི་འཁོར ་བར་རང་བཞིན་གྱིས་འོད་གསལ་བ་རིན་པོ་ཆེ་གསེར་གྱི་རང་བཞིན་ལྟར་རྣམ་པ་ངོ་བོ་ཉིད་ཀྱིས་དག་པའི་ཀུན་གཞི་རྣམ་པར་ཤེས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་ཁྱད་པར་གྱི་ཤུགས་དང་། དམ་པ་དང་། དམ་པ་མ་ཡིན་པའི ་ཆོས་བསྟན་པའི་བག་ཆགས་དང་། དགེ་བ་དང་། མི་དགེ་བའི་འདུ་བྱེད་པ་རྣམས་གསེར་དྲི་མས་གོས་པ་ལྟ་བུའི་འཛིན་པ་དང་། གཟུང་བར་སྣང་བ་ཐལ་བ་དང་། འཇིམ་པའི་སེའུ་ས་གཙོ་བ་ལ་སོགས་པ་ལྟ་བུར་ཤེས་རབ་ཀྱིས་དཔྱད་དེ ་གཉིས་ཀྱི་དྲི་མ་མེད་པར་བྱའོ།། གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞོགས་པ་ན།། རྡུལ་ཕྲན་ཚ་ནི་མེད་པ་སྟེ།། ཞེས་པས་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་སྟོང་པ་སྣང་བ་མེད་པ་གཉིས་ཀྱི་རྣམ་པ་དང་བྲལ་བ་སེམས་པ ་མེད་པའི་དོན་དམ་པའི་ཡང་དག་པར་རིག་པ་བདག་ཉིད་དུ་གནས་སོ།། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་བས་དགེ་བའི་བག་ཆགས་མངོན་པར་འདུ་བྱེད་པ་དང་། ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར ་གྱི་དབང་པོའི་ཆོ་འཕྲུལ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དོན་བྱེད་དོ་ཞེས་མདོ་སྡེ་སྤྲོས་པའི་དོན་དུ་ཐམས་ཅད་མཁྱེན་པས་དགོངས་པའོ།། སྣང་བ་དང་བཅས་པས་དང་། སྣང་བ་མེད་པའི ་ཏིང་ངེ་འཛིན་ལ་བཞུགས་ཏེ། རྒྱུ་མཐུན་པར་བྱེད་པ་དང་། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཁྱད་པར་རྣམས་ཀྱིས་ཐམས་ཅད་མཁྱེན་པ་རབ་ཏུ་སངས་རྒྱས་པ་ཡང་སེམས་མཉམ་པར་འཛག་པའི་རྒྱུད་འདག་པར་མཛད་པའི་སླད་དུ་རྣལ ་འབྱོར་པ་རྣམས་ལ་ཆོས་བཤད་པར་མཛད་དོ།། སྤྲུལ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་མཁྱེན་པ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི ་རྣལ་འབྱོར་གྱི་དབང་པོ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་མཐའ་མེད་པའི་སེམས་ཅན་རྣམས་མགུ་བར་མཛད་པའི་ཕྱིར་གཉིས་པ་དང་མི་གཉིས་པའི་ཆོས་རྒོལ་བ་དང་། ལན་གདབ་པ་དང་། ཚད་མ་དང་། གཞལ་བྱ་ལ་སོགས་པའི་ཚུལ་དང་། ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཁྱད་པར་དུ་འཆད་པ་དང་། སྣང་བ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་སོང་བ་པ་དང་། གང་ཟག་ལ་བདག་མེད་པ་ཁོ་ན་ཉིད་ལ་གཞོལ་བར་ཆོས ་འཆད་དོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་སྣ་ཚོགས་དང་། ཤེས་རབ་ཀྱིས་ཐབས་ལ་མཁས་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་ཆོས་ཀྱི་སྐུ་ལ་བཞུགས་པའི་སངས་རྒྱས་བཅོམ ་ལྡན་འདས་རྣམས་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་ཆུད་པ་སྟེ། དེ་ནི་ཆོས་ཉིད་ཀྱི་སངས་རྒྱས་ཞེས་བརྗོད་དོ།། དེའི་ཤེས་རབ་དང་མཐུན་པའི་བཙུན་གཙོའི་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་དངོས ་པོ་དང་དངོས་པོ་མེད་པའི་རྣམ་པར་མི་རྟག་པའི་ཏིང་ངེ་འཛིན་ལས་གནས་པ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཐོབ་པར་འགྱུར་རོ།། ཇི་ལྟར་དབུ་མ་ལས་འབྱུང་བ།། མྱ་ངན་འདས་པའི་མཐའ་གང་ཡིན།། འཁོར་བའི ་མཐའ་ཡང་གང་ཡིན་པ།། དེ་གཉིས་པར་ན་ཅུང་ཟད་ཀྱང་།། ཤིན་དུ་ཕྲ་བ་ཡོད་པ་མིན།། ཞེས་ཏེ། གཉིས་ཀྱི་རྣམ་པར་ཤེས་པས་མཐར་དབྱེ་བ་ནི་ནུས་ཀྱི་གཉིས་སུ་མེད་པའི་ཆོས་ཉིད་ལ་ནི་མ་ཡིན་ཏེ། དེ་བས་ན་དངོས་པོ་དང་དངོས་པོ་མེད་པའི ་རྣམ་པར་སྤང་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། སེམས་ཀྱི་རྒྱུད་དག་པ་ཉིད་དོ།། གསེར་གྱི་དྲི་མ་ཐལ་བ་དང་། འཇིམ་པའི་སེའུ་ས་བཅོ་བ་ལ་སོགས་པས་རིམ་གྱིས་དྲི་མ་སྤང་ཞིང་སྦྱོང་བ་བཞིན་དུ་སེམས་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། ་མི་མཛེས་པ་དང་། སྟོང་པར་སྒོམས་པས་སེམས་ཡུལ་ལས་བཟློག་པར་བྱའོ།། དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱིས་གནས་ཀྱི་རིམ་པ་དང་། ཡུལ་དང་། ལུས་དང་། རྐྱེན་གྱི་ཁྱད་པར་སྣང་བ་རྣམས་ཀྱིས་ཨཾ་པྲའི་འབྲས་བུ་ཡོངས་སུ ་སྨིན་པ་བཞིན་དུ་སེམས་ཀྱང་རིམ་གྱིས་ཡོངས་སུ་སྨིན་པར་འགྱུར་རོ།། དངོས་པོ་ཁ་ཅིགི་མུན་པ་དུས་དུ་མར་ཡུལ་དུ་འཕྲོགས་པ་རྣམས་ཀྱང་ཉི་མ་དང་ཟླ་བའི་འོད་ཀྱིས་ཅིག་ཅར་ཟད་པར་འགྱུར་བ་བཞིན་ནོ།། ཇི་བཞིན་དུ་ཡང་མེ་ཏོག་ཀུ་མུ་ཏཱ་དང་། ་པདྨོ་འོད་ཀྱིས་རྒྱས་པར་བྱེད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཡང་སེམས་ཅན་རྣམས་ཀྱི་སེམས་ལ་སྐུལ་བ་ཡོད་པ་དང་། མེད་པ་མཁྱེན་པར་མཛད་དེ། ཉི་མས་པདྨོའི་ཚལ་གྱིས་པདྨོ་རམེ་གྱིས་ཅིག་ཆར་རྒྱས་པར་བྱེད་པ་ཡིན་ནོ།། དེ་སྟི ་ཡངས་ཚངས་པ་དང་དབང་པོ་ལ་སོགས་པ་ཆད་པའི་བདག་ཉིད་ཀྱི་དངོས་པོ་རྟག་པ་ཉིད་ཡིན་ན་ནི་རྒྱུ་མེད་པས་ན་ཡོད་པར་མི་རིགས་ཏེ། མོ་གཤམ་གྱི་བུ་དང་། རི་བོང་གི་ར་དང་། ན་མཁའི་ཨུཏྤ་ལ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར། ་དེས་ན་རྒྱུ་དང་བཅས་པའི་ཆུད་པ་རྣམས་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་གཞག་པའི་རིག་སོ།། ཀུན་གཞི་རྣམ་པར་ཤེས་པ་རྒྱུན་འབྲེལ་པར་འཇུག་པ་རྣམས་དགེ་བ་དང་། མི་དགེ་བ་མངོན ་པར་འདུ་བྱེད་པ་རྣམས་ཀྱིས་ཁྱད་པར་ཅན་དུ་རིགས་པས་ན་མི་རྟག་པ་རྣམས་ཀྱི་འཁྲུལ་པ་ཡོངསུ་ཟད་དེ། ཡོང་སུ་དག་པ་ཁོ་ན་དེ་དག་ལ་འཐད་དོ།། དེ་བས་ན་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། རྐྱེན་གྱི་ཁྱད་པར་གྱི་མཐུས་མགོ ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་དེ་དག་གི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ཡོད་པ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་གང་གི་ཚེ་མི་དམིགས་པ་དེའི་ཚེ་ཆུད་པ་རྣམས་རྒྱུན་འབྲེལ་པར་འཇུག་པ་བས ་པ་དང་བྲལ་ཞིང་སྣང་བ་མེད་པ་གཉི་སུ་མེད་པའི་དོན་དམ་པའི་བདེན་པ་རང་གིས་གནསོ།། སྙིང་རྗེའི་བག་ཆགས་ཀྱི་གླེངས་པ་ན་མཆོག་ཏུ་ཡོང་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་དེ་དག་གི ་གཟུགས་རྣམ་པ་སྣ་ཚོགས་འབྱུང་ངོ་།། དེ་ལྟ་བུར་ཡང་དེ་དག་ལ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་པ་དང་། མི་གཉིས་པའི་ཏིང་ངེ་འཛིན་དུ་དབྱེ་བར་འབྱེད་པ་ན་རབ་ཏུ་དགའ་བའི་སའི་དབང་པོར་འགྱུར་ཏེ། བདག་དང་གཞན ་གྱི་ཡོན་ཏན་གྱི་ཆོ་གས་ཆེན་པོ་འབྱུང་བའི་སངས་རྒྱས་སུ་འགྱུར་རོ།། དེ་བས་ན་བྱང་ཆུབ་སེམས་དཔས་བདག་གི་གྲུབ་པའི་མཐའ་ལ་མཁས་པར་བྱའི་གཞན་གྱི་གྲུབ་པའི་མཐའ་རྣམས་ལ་ནི་མ་ཡིན་ནོ།། བརྟག་པ་དང་། བདག་དང ་ཚངས་པ་དང་། དབང་པོ་ལ་སོགས་པ་མ་སྐྱེས་པས་ནཱ་རི་བོང་གི་རྭ་བཞིན་དུ་མེད་པར་རིག་པར་བྱའོ།། དེ་ནས་ཡང་བློ་གྲོས་ཆེན་པོས་གསོལ་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ ་གྲུབ་པའི་རང་བཞིན་ཤེས་རབ་ཀྱིས་དཔྱད་པོར་བྱ་སྟེ། མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་དང་། ཆོས་ལྔ་དེ་དག་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ ་གྲུབ་པའི་ཁྱད་པར་དུ་ཤེས་པར་བྱའོ།། དེ་ལ་ཀུན་ཏུ་བརྟགས་པ་ནི་ཇི་སྲིད་དུ་རྣམ་པར་རྟོག་པ་རྣམས་ཤེས་པར་ཡོད་པ་དེ་སྲིད་དུ་ཀུན་བརྟགས་པའོ།། གཞན་གྱི་དབང་ལས་ནི་མཚན་ཉིད་ནི་གསལ་བའི་རྣམ་པ་གཉིས་ཀྱི་རྣམ་པས ་སྟོང་པ་ནི་ཡོངསུ་གྲུབ་པའོ།། དེ་ལོ་མིང་ཀུན་ཏུ་བརྟགས་པར་བསྡུའོ།། མཚན་མ་དང་རྣམ་པར་རྟོག་པ་ནི་གཞན་གྱི་དབང་དུའོ།། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པར་རོ།། ཇི་ལྟར་དགོངས་པ་ངེས་པར ་འགྲེལ་པ་ལས་བྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་པ་དང་། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པ་རང་བཞིན་མེད་པའོ།། རྟག་པ་དང་། བདག་དང་། ཕྱི་དང་། ཡན་ལག་ཅན་དང ་རྡུལ་ཕྲ་མོའི་བྱེ་བྲག་ནི་མཚན་ཉིད་དུ་གང་དག་གིས་དངོས་པོ་རྣམས་རྣམ་པར་རྟོག་པར་བྱེད་པ་དེ་དག་གིས་མེད་པས་ན་མཚན་ཉིད་ཀྱི་རང་བཞིན་མེད་པའོ།། བྱེད་པ་དང་བྱེད་པ་པོས་སྟོང་པ་ཉིད་པས་ན་རྨི་ལམ་དང་མིག་འཕྲུལ་ལ་སོགས ་པ་བཞིན་དུ་གཞན་གྱི་དབང་གི་ལས་ཀྱི་གཉིས་རྣམ་པ་ཡང་སྐྱེ་བར་མི་རུང་ངོ་།། རྣམ་པ་གཉིས་ཀྱི་ཆུད་པ་ཡོངསུ་དག་པ་ནི་དོན་དམ་པའི་རང་བཞིན་མེད་པ་སྟེ། གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་དོ།། ཇི་ལྟར་མདོ་སྡེ་འདྲི ་ཉིད་དུ་གསུངས་པ། བརྟགས་པའི་དངོས་པོས་དངོས་པོ་སྐྱེ་མེད་ཀུན།། གཞན་དབང་རྟེན་ནས་མི་རྣམས་རྣམ་རྟོག་སྟེ།། གང་ཚེ་གཞན་དབང་རྣམ་རྟོག་བྲལ་དག་པ།། གྲུབ་པ་དེ་བཞིན་ཉིད་པར་མདོར་ངས་བསྟན་ཞེས་པའོ།། གང་གི་ཚེ་ན་ཤེས་རབ་ཀྱིས ་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་སྟེ། འཁྲུལ་པའི་གཟུགས་སྟོང་པར་མཐོང་བ་དེའི་ཚེ་རྣམ་པར་འཁྲུལ་པ་ལོག་ནས་ཡང་དག་པར་རིག་པ་མི་གཉིས་པ་ཉིད་གནས་སོ།། དེ་ནས་སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ནས་ཐམས་ཅད་མཁྱེན་པ ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོང་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཆོ་འཕྲུལ་ཆེན་པོས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་མགུ་བར་མཛད་ཅིང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི ་བྱེ་བྲག་ལས་འཁོར་བ་ཡོད་ཀྱི་བར་དུ་གཞན་གྱི་དོན་དུ་རྒྱུན་ཏུ་བཞུགས་སོ།། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པ་ལས་མི་བཞུགས་ཤིང་། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བརྙེས་པ་ཞེས་བྱའོ།། ་རྐྱེན་གྱིས་མ་བརྩམས་ཞེས་བྱ་བ་ནི་གཞན་གྱི་དབང་ལ་སྐྱོ་བའི་རང་བཞིན་མེད་པར་གསུངས་པའོ།། ཕྱི་ནང་གི་ཡུལ་རྣམ་པར་དབེན་པ་ཞེས་བྱ་བ་ནི་མི་གཉིས་པའི་ཆུད་པ་ལ་རྣམ་པ་མེད་པ་ཉིད་པའོ།། དེ་སྟེ་ཕྱིའི་ཡུལ་མེད་ན་སྣང་བ་ཅི་ཞིག་ཅེས་པ ་དང་། དྲིའི་ཕྱིར་གསུངས་པ་སེམས་ཕྱི་རོལ་ཏུ་ལྟ་བས་སོ།། སེམས་ཉིད་རྣམ་པ་གཉིས་སུ་སྣང་ཞེས་པའི་བར་དུའོ།། ད་ལྟར་གཉིས་ཀྱི་རྣམ་པ་མི་དམིགས་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པར ་རིམ་པའི་ཏིང་ངེ་འཛིན་འཐོབ་བོ།། བྱེད་པ་དང་ལྡན་པའི་སྐྱེ་བ་དང་བྲལ་ཞེས་བྱ་བ་ནི་བྱེད་པ་པོ་དང་། ལས་དང་བྱེད་པས་བསྐྱེད་པ་ལ་སོགས་པར་འབྲེལ་པ་དང་བྲལ་བའོ།། མུ་སྟེགས་ཅན་གྱི་གནས་སྐུ་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཐམས ་ཅད་རངས་པར་མཛད་པའི་ཕྱིར་དབང་པོའི་གཟུགས་ཀྱིས་དེ་དག་ལ་རྒྱུ་འཆད་པར་མཛད་དོ།། གནས་འཕོས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རིམ་གྱིས་གནས་འཕོ་བའོ།། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུའོ།། རྗེས་སུ་འབྲང་བ་རབ་ཏུ་ཐོབ ་པ་རྣམས་ཀྱིས་ཞེས་པ་ནི་གང་གི་ཚེ་ཕུང་པོ་ལ་སོགས་པའི་སྐྱེ་བ་ལ་སོགས་པ་སྤྲོས་པ་མི་མཐོང་བ་དེའི་ཚེ་སྣང་བ་མེད་པའི་སངས་རྒྱས་ཀྱི་ས་ལ་འཇུག་པར་འགྱུར་བ་ནི་སེམས་ཙམ་ཡོངས་སུ་འཛིན་པས་ས་ལ་འཇུག་པར་འགྱུར་རོ།། ཏིང་ངེ་འཛིན ་དུ་འབྲེལ་བའི་རིམ་པ་དེར་སེམས་རྣམས་འཇོག་པར་བྱེད་དོ།། བདག་གིས་སེམས་སྣང་བའི་སྤྱོད་ཡུལ་དང་རྣམ་པར་བྲལ་བར་བྱེད་པ་ནི་གང་གི་ཚེ་ཤེས་རབ་ཀྱིས་དམིགས་པ་མི་མཐོང་བའོ།། ཐམས་ཅད་བརྗོད་པ་ནི་དམ་པའི་ཆོས་ཀྱི་འགྲེལ་པད ་དམ་པའི་ཆོས་ཀྱི་ཚིག་ཅེས་བྱ་བ་དང་། དམ་པའི་ཆོས་སྤྱོད་པ་དང་ཞེས་བྱ་བ་དང་། མཚན་ཉིད་ཐམས་ཅད་སྤྱོད་ཅེས་བྱ་བའི་བར་དུའོ།། མཚན་ཉིད་དང་། མཚན་པར་བྱ་བ་གཅིག་པ་དང་། ཐ་དད་པར་མི་རུང་བ་ནི་སྔར་བཤད་པ་བཞིན་ནོ།། ་རྒྱ་མཚོའི་རླབས་ལྟ་བུ་ཀུན་གཞི་རྣམ་པར་ཤེས་པ་ལ་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ།། རང་གི་སེམས་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་ནི་སེམས་ཀྱི་སྣང་བདག་ཉིད་ཀྱི་ཡིན་ཏེ། དེ་འཛིན་པ་དང་དེ་ལས་གཞན ་པ་རྣམ་པར་དགག་པ་དང་། རྣམ་པ་གཞན་མེད་པར་སྟོན་པར་བྱེད་དེ་དེ་ནི་ཚད་མ་གཅིག་གི་བྱ་བ་ཡིན་ཏེ། ཐམས་ཅད་མཁྱེན་པས་གཞན་སྤོང་བའི་རང་གི་མཚན་ཉིད་པར་དགོངས་པར་བརྟག་གོ། འཛིན་པ་ནི་གཞན་རྣམ་པར་དགག་པའོ།། གནས ་ངན་ལེན་ནི་འཁྲུལ་པའི་རང་བཞིན་ཏེ། དེའི་བག་ཆགས་མངོན་པར་ཆགས་པའོ།། རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་སོ།། དེའི་རང་བཞིན་ནི་རྒྱུ་སྟེ་ཀུན་གཞི་རྣམ་པར་ཤེས་པའོ།། རྨི་ལམ་ལ་སོགས་པ་བཞིན་དུ་དབྱེར ་མེད་པས་དེའི་ངོ་བོ་ཉིད་དུ་འཇོག་གོ།། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ནི་ཁ་དོག་དང་དབྱིབས་སུ་རབ་ཏུ་ཕྱེ་བའོ།། དེ་ལ་ངོ་མཚར་གྱི་ཕྱིར་མིག་གདངས་པས་རྣམ་པར་ཤེས་པ་འབྱུང་ངོ་།། ཆུའི་ཀླུང་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པོ་སྐད ་ཅིག་མ་འབྲེལ་པར་འབྱུང་བ་ལས་རླབས་དང་འདྲ་བའི་དབང་པོའི་ཆུད་པ་རྣམས་འབྱུང་ངོ་།། ཐམས་ཅད་མཁྱེན་པས་དེ་དང་མཚུངས་པར་མཛད་པ་མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟར་གཟུང་བ་དེ་ལྟར་ལུས་ཀྱི་དབང་པོ་ལ་སོགས་པ་ཐམས་ཅད་ཀྱི ་རྡུལ་ཕྲ་མོ་དང་། སྤུའི་ཁུང་བུ་ལ་གནས་ཏེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཅིག་ཆར་རམ། རིམ་གྱིས་ཡུལ་མེ་ལོང་དུ་གཟུགས་བརྙན་སྣང་བ་བཞིན་ནོ།། དེ་ལ་ཡང་མེ་ལོང་གི་གཟུགས་སུ་ཀུན་གཞི་རྣམ་པར་ཤེས་པ་ལ་དགོངས་པའོ།། ་སྔོན་གཟུགས་སུ་སྣང་བའི་སྡུག་བསྔལ་བག་ཆགས་ཡོངས་སུ་སྨིན་པ་ནི་གཟུགས་བརྙན་གྱིས་གཟུགས་སུ་འཇུག་པ་རྣམ་པར་ཤེས་པ་རྣམས་ཏེ། དེར་སོ་སོར་སྣང་ངོ་།། སྔར་ཡུལ་དུ་སྣང་བའི་རླུང་གིས་བཏབ་པའི་བག་ཆགས་ཡོངས་སུ་སྨིན་པས་རྒྱ ་མཚོའི་རླབས་ཐ་དད་པ་བསླང་བ་བཞིན་དུ་སེམས་ཀྱི་རྒྱ་མཚོ་ཀུན་གཞི་རྣམ་པར་ཤེས་པའི་རླབས་ནི་དབང་པོའི་ཆུད་པ་སྟེ་ཀུན་གཞིའི་རྒྱུའོ།། ཀུན་གཞི་རྣམ་པར་ཤེས་པ་ནི་དེའི་བྱ་བའི་མཚན་ཉིད་ཡོད་པ་སྟེ། གང་དག་ཕན་ཚུན་གྱི་རྒྱུར་ལྡན་པའོ།། དེ་ནི་ཀུན ་གཞི་དང་འཇུག་པའི་ཆུད་པ་གཅིག་གི་རྒྱུད་གཅིག་ཡིན་ནོ་ཞེས་བྱ་བའི་བར་དུའོ།། ལས་ཀྱི་མཚན་ཉིད་ནི་འཇུག་པའི་རྣམ་པར་ཤེས་པའོ།། རིགས་ཀྱི་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པ་བསྒྲུབས་པའོ།། ཁོང་དུ་མི་ཆུད་པ་ནི་རྣམ་པར་ཤེས་པ་ལྔའི། ་ཚོགས་ཏེ། རྣམ་པར་མི་རྟོག་པའི་ཕྱིར།། རྒྱུ་དང་ཡུལ་བྱེ་བྲག་མེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་གྱི་རྣམ་པར་ཤེས་པའོ།། རྒྱུ་ལ་རྣམ་པ་གཉིས་ཏེ། ཤེས་པར་བྱེད་པ་དང་། སྐྱེད་པར་བྱེད་པ་སྟེ། ཇི་ལྟར་དུད ་པས་མེ་དང་། ས་བོན་གྱི་མྱུ་གུ་ལའོ།། མིང་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ།། ཡིད་ལ་ཡང་རྣམ་པ་གཉིས་ཏེ་གཟུགས་མ་ཡིན་པའི་ཕུང་པོ་རྣམས་དང་། མིང་དང་མཚན་མ་ལ་སོགས་པའི་ཚེ་ལྔ་རྣམས་ཏེ། ཡིད་དེ་དག་གི་ནང་དུ་སོང་ཞིང་ཁྱབ་པའོ།། ་བདག་ཉིད་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་སྟེ་བསྐྱེད་པའི་ཕྱིརརོ།། དེ་དག་ཅེས་པ་ལ་སོགས་པ་ནི་གཅིག་ལ་གཅིག་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་ཀྱང་བལྟོས་པའི་རྣམ་པར་རྟོག་པ་མེད་དེ། དེ་དག་ནི་སཱ་ལུ། ལྡང་བའི་མདོ་སྡེ་བཞིན་ནོ།། རང་གི ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་སྣང་བ་ཉིད་ལ་ཕྱིའི་དོན་དུ་རྣམ་པར་རྟོག་པར་མངོན་པར་ཞེན་པས་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་ཞུགས་པས་ན་དབང་པོའི་རྣམ་པར་ཤེས་པ་འབའ་ཞིག་ནི་གཙོ་མ་ཡིན ་པའི་ཕྱིར་རོ།། ཤིན་ཏུ་ཕྲ་བར་རྒྱུའི་བག་ཆགས་ནི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་མཉམ་པར་གཞག་པས་ཆུད་པས་མཐུར་བྱེད་པའི་དོན་ལྟ་བུ་སྟེ། དེ་སྣང་བ་ཉིད་ལ་ཕྱིའི་དོན་དུ་རྣམ་པར་རྟོག་པར་བྱེད་པ་དང་། ཤིན་ཏུ་ཕྲ་བར་འགྱུར་བ་བདག ་གི་མཐུར་ཞུགས་ཞེས་བྱ་བའི་བར་དུའོ།། ཀུན་གཞི་རྣམ་པར་ཤེས་པ་རྒྱུ་ཞིང་འཇུག་པ་ཞེས་བྱ་བ་ལ་རྒྱུ་བ་ནི་ཆུད་པའོ།། གཞན་དུ་ན་སའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ནི་འཕགས་པའི་ཡེ་ཤེས་ལ་མཁས་པ་སྟེ། ལོག་པའི ་ཤེས་པ་བཟློག་པའི་དོན་དུ་ཤེས་རབ་ཀྱི་ཚིག་གི། སྤྲོས་པ་དང་བྲལ་པོ་ཞེས་བྱ་བ་ནི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། ནགས་ཚལ་སྟུག་པོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་རྣལ ་འབྱོར་མེད་པ་རྣམས་ཀྱིས་འདོད་ཆགས་དང་བྲལ་བའི་ཆོས་ཙམ་གྱིས་རྣམ་པ་འདི་ལྟ་བུའི་ཆོས་ཡང་དག་པ་ཉིད་མཐོང་བར་མི་ནུསོ།། རྒྱལ་བས་མདུན་དུ་བྱས་པ་རྣམས་ཀྱིས་ཞེས་བྱ་བ་ནི་བསྙེན་པར་བྱས་པ་རྣམས་ཀྱིས་སོ།། ཡང་ན་གང་དག་གི ་རྒྱལ་བ་མདུན་དུ་བྱས་པ་རྣམས་ཀྱིས་ཞེས་ཚིག་བསྡུའོ།། རང་གི་སེམས་སྣང་བའི་རང་བཞིན་ཉིད་རྣམ་པར་རྟོག་པའི་སྤྱོད་ཡུལ་ཏེ་ཡུལ་ལོ།། ཇི་ལྟར་རྒྱ་མཚོའི་དབའ་རླབས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་རྒྱ་མཚོ་ལས་རླབས་རྣམས་འབྱུང་བ ་བ་དད་པ་མ་ཡིན་པ་ལྟར་རོ།། སྔོན་པོ་དམར་པོ་ལན་ཚྭ་དང་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་འོད་ཟེར་རྣམས་གཟུགས་ཀྱི་ཡུལ་དུ་གར་འཆར་བ་དེའི་ཁ་དོག་ལྟ་བུར་སྣང་བ་སྟེ།། བདག་དཱ་ནི་འོད་ཟེར་རྣམས་དང་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང ་མ་ཡིན་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ལས་ཤེས་པོ་བདུན་རྣམ་སོ།། ལན་ཆ་ནི་ཁ་དོག་དུ་མའོ།། དེ་ལྟ་བུར་ཡང་གནས་སྦྱར་བ། ཨུཏྤལ་སྔོན་པའི་ཚེ་ལ་སྣང་བས།། ཉི་མའི་རྐང་པ་སྔོན་པོར་བྱས།། ཚོན་ཆ་དམ་པོས་བཅིངས་པ་ཡི། ་ལྕགས་ཐག་ལྕགས་སྒྲོག་བཞིན་དུའོ།། རྐང་པ་ནི་འོད་ཟེར་རྣམསོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་དང་མི་དགེ་བ་དག་ལ་སོགས་པའི་བག་ཆགས་ཀྱིས་བསགས་པས་ན་སེམས་ཏེ། སེམས་ནི་ཀུན་གཞི་རྣམ་པར་ཤེས།། ངར་སེམས་ཉིད་དེ་ཡིད ་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤེས་ཞེས་བྱ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་ཐ་སྙད་ཀྱི་ཕྱིར་བརྗོད་པའི་མཚན་མ་ཐ་དད་པར་གསུངས་པ་ཡིན་གྱི། དོན་དམ་པར་ནི་བརྒྱད་པོ་ཐ་དད་མ་ཡིན་མཚན ་ཞེས་ཏེ། ཤེས་པ་རྣམས་ཀུན་གཞི་རྣམ་པར་ཤེས་པ་ལས་ཐ་དད་པའི་བདག་ཉིད་མ་ཡིན་པའི་ཕྱིར་རོ།། མཚན་ཉིད་ནི་སོ་སོའི་མཚན་མ་སྟེ། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ཐ་དད་པ་མེད་པས་མཚན་ཉིད་ཐ་དད་པ་མ་ཡིན་པ་རྣམས་ཏེ། ཇི་ལྟར ་དབུ་མ་ལས་འབྱུང་བ།། མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚན་ལ་མཚན་ཉིད་མེད་པར་འགྱུར།། གཅིག་ནའང་དེ་གཉིས་མི་འགྲུབ་སྟེ།། ཐ་དད་ན་ཡང་བཞག་ཏུ་མེད།། རྒྱ་མཚོ་དང་ནི་དཔའ་རྣམས་ནི།། ཆུར་འདྲ་བས་ན་ཐ་མི་དད་པ་དེ་བཞིན ་དུ་སེམས་ཅན་དང་རྣམ་པར་ཤེས་པ་རྣམས་ཆུད་པ་མ་གཏོགས་པ་ཡོངསུ་གྱུར་པ་ཐ་དད་པར་མི་དམིགས།། སེམས་ནི་ལས་རྣམས་སོགས་ཞེས་བྱ་བ་ལ་ས་ཌ་པ་ནི་སན་ཀུན་གཞི་རྣམ་པར་ཤེས་པས་ཉེ་བར་སོགས།། ཡིད་ཀྱང་རྣམ ་པ་སྣ་ཚོགས་སུ་རྣམ་པར་རྟོག་པའི་བདག་ཉིད་ཀྱིས་རྣམ་གྲངས་དུ་མས་ཉེ་བར་སོགས་སོ།། རྣམ་པར་ཤེས་པ་ནི་དབང་པོའི་ཤེས་པས་དགེ་བ་དང་མི་དགེ་བའི་འབྲས་བུ་རིགས་པ་དང་ཡང་དག་པར་ཚོར་བ་སྟེ། སེམས་ཅན་རྣམས་ཀྱིས་ལྔ་པོས་སྣང་བ ་དམིགས་པ་ལ་ཕྱིའི་ཞེས་བརྗོད་པར་བྱེད་དོ།། རྒྱ་མཚོ་དང་དབའ་རླབས་རྣམས་ཐ་དད་པ་མ་མཆིས་ན་ཀུན་གཞི་དབང་པོའི་ཤེས་པ་རྣམས་སྔོན་པོ་ལ་སོགས་པའི་རྣམ་པ་དེ་མཆིས་པ་དེ་དག་ཇི་ལྟར་ན་མཐུན་པའི་ཆོས་ལགས། སྔོན་པོ་ལ་སོགས་པའི ་ཁ་དོག་སེམས་ལ་འཇུག་པར་བཤད་པ་ནི་མཚན་ཉིད་ཀྱི་དོན་དུའོ།། སུ་འཚལ་བར་བགྱི་བའི་སླད་དུ་བྱིས་པ་རྣམས་ཀྱིའོ།། དེ་ལ་འཇུག་པ་མེད་པ་ནི་ཁ་དོག་གོ། ཅིའི་ཕྱིར་ཞེ་ན། གཟུང་བ་སྤངས་པའི་ཕྱིར་ཏེ། ཀུན་གཞི་རྣམ་པར་ཤེས་པ་གཟུང་བ་ལ ་འཇུག་པའི་རྣམ་པར་ཤེས་པ་འཛིན་པའི་རྣམ་པ་རྣམས་འཇུག་གོ།། རྒྱ་མཚོ་ཡོད་པས་དཔའ་རླབས་འཇུག་པ་བཞིན་པས་ན་མཐུན་པའི་ཆོས་སོ།། རྒྱུ་གསུངས་པ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཞེས་ཏེ། སེམས་ཀུན་གཞི་རྣམ་པར་ཤེས་པ ་གང་ཡིན་པ་དེར་འཇུག་པའི་རྣམ་པར་ཤེས་པ་རྣམས་འཇུག་སྟེ། དེར་གཉིས་ཀྱི་རྣམ་པ་ཁོ་ན་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ།། མེ་ལོང་དུ་གཟུགས་ཐ་མི་དད་པ་དང་། རྨི་ལམ་གྱི་ཆུང་པོ་རང་བཞིན་གྱི་གཟུགས་ཐ་མི་དད་པར་སྣང་བ་དེ་བཞིན་དུ་ཅིག་ཆར ་སྣང་བ་ཡིན་ཏེ་ལྷན་ཅིག་ཏུ་སྣང་བར་ངེས་པ་ན་སེམས་རང་གི་གཟུང་བ་དང་། ཐ་མི་དད་པ་ནི་ཐམས་ཅད་མཁྱེན་པའི་ཚད་མའོ།། ཡུལ་ད་རྣམ་པར་མི་ལྡན་པས་ཞེས་བྱ་བ་ལ་སོགས་པ་ནི་འགྱུར་བ་རྣམ་པ་སྣ་ཚོགས་ལས་ཡུལ་རྣམ་པ་སྣ་ཚོགས་འབྱུང་།། ་རྨི་ལམ་ལ་སོགས་པ་དང་ཁུར་སྐམ་རིང་པོ་བཞིན་དུ་རིམ་དང་ཅིག་ཆར་རོ།། ལྔ་པོ་རྣམས་ལ་སྣང་བར་མངོན་ཞེས་པ་ནི་ཅིག་ཆར་རོ།། མཉམ་པར་གཞག་པ་ནི་གཡེལ་བར་གནས་པའི་ཡིད་བཞིན་ཏེ། དེ་ལ་མཉམ་པ་ཅིག་ཆར་དུ་གྱུར་ཏེ། དེ་ལ་མཉམ ་པ་གཅག་ཆར་དུ་གྱུ་རཱ་ཏེ། ལྔ་པོ་རྣམས་ཀྱིས་མྱོང་བའི་རིམ་པ་མེད་པ་ནི་ལྟང་མོ་ལྟ་བ་བཞིན་ནོ།། ཚོན་འགྱེད་པ་བཞིན་དུ་སེམས་ཅན་མགུ་བར་མཛད་པའི་སླད་དུ་ཆོས་རྣམ་པ་སྣ་ཚོགས་ཅིའི་སླད་དུ་གསུངས། ཚོན་ལ་རི་མོ་ཡོད་པ་མིན་ཞེས་ཏེ། རྒྱ་ལ ་འབྲས་བུ་ཡོད་པ་མ་ཡིན་ཏེ། དེའི་འབྲས་བུ་མི་དམིགས་པའི་ཕྱིར་རོ།། དེས་ནི་གྲངས་ཅན་གྱིས་ཡོད་པ་ལས་འབྲས་བུ་འབྱུང་བ་བཀག་པའོ།། ཡང་དག་ལ་ནི་ཡི་གེ་མེད་ཅེས་བྱ་བ་ནི་བརྗོད་དུ་མེད་ཅིང་མི་གཉིས་པ་ཡང་དག་པར་རིག་པའོ།། བཤད་པ ་ངག་ནི་འཁྲུལ་པའོ་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་མེད་པས་ན་སྒྲ་ཡང་མེད་པའི་ཕྱིར་རོ།། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་ཆོས་ལ་གནས་ཏེ། སྤྱིའི་མཚན་དུ་ཡང་དག་པར་སྟོན་ཏོ།། ཅིའི་སླད་དུ་རྣལ ་འབྱར་པ་རྣམས་ལ་སྤྱིའི་མཚན་ཉིད་དུ་སྟོན་ཅེས་དེ་སྐད་དུ་དོགས་པ་གསུངས་པ། སོ་སོ་རང་རིག་གང་དག་ནི་ཞེས་བྱ་བ་ལ་སོགས་པའོ།། རྒྱལ་བའི་སྲས་ལ་འདི་བསྟན་གྱི་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་བའི་སྲས་རྣམས་ལ་གཉིས་སུ་མེད་པའི་སྤྱིའི ་རྣམ་པར་སྟོན་ཏོ།། བྱིས་པ་རྣམས་ལ་ནི་ཕུང་པོ་ལ་སོགས་པ་གཉིས་ཀྱི་རྣམ་པར་སྤྱིར་སྒྲོ་བཏགས་ཏེ་སྟོན་ཏོ།། གཞན་གྱི་དབང་ལ་གཟུགས་ལ་སོགས་པའི་ཕུང་པོ་མེད་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་སྟོན་ཏོ།། སེམས་ཙམ ་ཉིད་སྣང་བའི་ཆོས་རྣམས་ཀྱིས་ཕྱིའི་དོན་དུ་མོས་པ་མགུ་བར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་སྟོན་ཏོ།། ཟབ་མོའི་ཆོས་ལ་མོས་པའི་ཕྱིར་ཆོས་རྣམས་ལ་མོས་པའི་མི་གཉིས་པ་སྟེ། སྨིན་པས་རྣམ་པ་དུ་མའི་ཐབས་ཀྱིས་སྨན་བཏང་བ ་བཞིན་ནོ།། རྟོག་པ་ཅན་ནི་རྟག་པ་དང་། བདག་ལ་སོགས་པར་སྨྲ་བ་དང་། འཕགས་པ་ཉན་ཐོས་རྣམས་ཕྱིའི་དོན་དུ་སྨྲ་བ་རྣམས་ཀྱི་གནས་འཕོས་པའི་ཀུན་གཞི་རྣམ་པར་ཤེས་པ་མི་གཉིས་པ་ནི་ཡུལ་མ་ཡིན་ནོ།། རང་གི་སེམས་སྣང་བ་ཞེས་བྱ་བ ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རང་གི་སེམས་ལ་སྣང་བས་ན་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་ཉིད་ནི་མི་གནས་པར་རིག་པར་བྱའོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ།། ་དེར་དཔྱོད་པའི་བདག་ཉིད་ནི་ཤེས་རབ་བོ།། འདི་ནི་འདི་ཁོ་ན་ཉིད་དོ་ཞེས་གདོན་མི་ཟ་བའི་མཚན་ཉིད་ནི་ཡེ་ཤེས་སོ།། དེ་ལྔ་གནས་ཏེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་གང་གི་ཚེ་གོང་དུ་མི་དམིགས་པ་དེའི་ཚེ་སྣང་བ་མེད་པའི་ཏིང་ངེ་འཛིན་རྟོགས་པར ་འགྱུར་བ་དེ་ལྟར་བུར་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་ལ་བརྩོན་པར་བྱའོ།། སྔོན་གྱི་སངས་རྒྱས་ཀྱི་སྨོན་ལམ་དང་། བདག་གི་སྨོན་ལམ་མཐུན་པར་གདབ་པར་བྱ་བ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་བཞིན་དུའོ།། ཇི་ལྟར་མི་གཡོ་བའི ་ས་སྣང་བ་མེད་པ་ལས་ལངས་ཏེ་སྨོན་ལམ་རྣམས་ཀྱིས་གནན་གྱི་དོན་མཛད་པའོ།། སོ་སོ་རང་གིས་རིག་པ་དེ་ཡང་མི་གཉིས་པ་དང་རྣམ་པ་གཉིས་སུ་མེད་པ་གཞན་གྱི་དབང་གི་རང་བཞིན་ཏིང་ངེ་འཛིན་ལས་སྐྱེས་པ་ཡང་ཤེས་སོ།། བང་བུ ་ཐེང་པོ་ལྟ་བུ་ནི་སྔོན་གྱི་ཤིན་ཏུ་ཕྲ་མོར་རྒྱུ་བ་སྤངས་ཏེ། མི་གཡོ་བར་གྱུར་པའོ།། དེ་ལ་སྣང་བ་མེད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་ཐར་པ་གསུམ་ཐོབ་པའི་ཉན་ཐོས་རྣམས་དང་། མུ་སྟེགས་ཅན་ཐམས་ཅད་ལའང་སྣང་བ་མེད་པའི་བསམ ་གཏན་ཡོད་དོ།། དེ་ལ་རིགས་འཛིན་པའི་མཐར་སྨྲ་བ་དང་། ཞི་བ་དང་། མཐུ་བོ་ཆེར་སྨྲ་བ་མི་གཉིས་པར་སྨྲ་བ་རྣམས་ལ་སྣང་བ་མེད་པའི་མཚན་ཉིད་ཅན་མི་གཉིས་པའི་བསམ་གཏན་ཡོད་དེ། དེ་བས་ན་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས ་པའི་གཙུག་ལག་མང་དུ་ཐོས་ནས་ཡོངས་སུ་འདྲིས་པ་ལས་འབྱུང་ངོ་།། སྔོན་གྱི་སངས་རྒྱས་ཀྱི་སྨོན་ལམ་རྣམས་ལ་རང་གི་སྨོན་ལམ་དུ་བྱིན་གྱིས་བརླབས་པ་ལས་འབྱུང་ངོ་།། སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅེས ་ཅེས་བྱ་བ་ནི་སྔར་སྨོས་པ་བཞིན་དུ་བཤད་པའོ།། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་གང་གི་ཚེ་ན་གཞན་གྱི་དབང་ལ་སྒྱུ་མ་ལྟ་བུར་ཤེས་པ་དེའི་ཚེ། ཆོས་ཐམས་ཅད་མངོན་པར་ཞེན་པར་མི་འགྱུར་རོ།། སྒྱུ་མ་ལྟ་བུའི་སྣང་བ ་དང་བཅས་པའི་ཏིང་ངེ་འཛིན་གྱི་རྒྱུ་རྣམས་ཀྱིས་ས་བཅུ་སྟེ། སྦྱིན་པ་ལ་སོགས་པའི་ཚོགས་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ས་ཁོང་དུ་ཆུད་པའི་རྟོགས་པ་རྒྱུ་བ་ལ་སོགས་པ་འབྱུང་སྟེ། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་སའི་རིམ་པ་མེད ་པ་ནི་ཇི་ལྟར་འདིར་གསུངས་པ་སྣང་བ་མེད་ལ་རིམ་ཅི་ཡོད་ཅེས་སོ།། ཚིག་བརྒྱ་རྩ་བརྒྱད་རབ་ཏུ་ཕྱེ་བའི་གནས་ཞེས་བྱ་བ་ནི་བརྟགས་པ་དང་། གཞན་གྱི་དབང་དང་ཡོངསུ་གྲུབ་པའི་མཚན་ཉིད་འཕགས་པའི་ཡེ ་ཀྱི་དངོས་པོ་རབ་ཏུ་མངོན་པའི་རང་བཞིན་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པའི་གཞིའོ།། དེ་ལ་འཕགས་པའི་ཡེ་ཤེས་ཀྱི་དབང་པོའི་རང་བཞིན་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་བྱེད་པས་ཕྱེ་བའོ།། ཚིག་བརྒྱ ་རྩ་བརྒྱད་ལ་སོགས་པར་ཀུན་ཏུ་བརྟགས་པ་སྒྲ་དང་དོན་གྱི་ཐ་སྙད་ནི་གཞན་གྱི་དབང་སྣང་བ་ལ་འཇུག་པ་རྣམ་པ་སྣ་ཚོགས་སུ་འབྱེད་པར་དྲིས་པ་དེ་ལ་གྲུབ་པ་གཉིས་སུ་མེད་པའི་འཕགས་པའི་ཡེ་ཤེས་སུ་ལན་ཀླན་ནོ།། གང་ལ་གནས ་ཤིང་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་ལ་སོགས་པ་མཚན་ཉིད་གསུམ་ལ་ནི་རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་དང་། དྲོ་བ་ལ་སོགས་པའོ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ།། ཡོངསུ་བརྟགས ་པར་རྟོགས་པར་རབ་ཏུ་ཕྱེ་བ་དེ་ཉིད་དུ་མུ་སྟེགས་ཅན་རྣམས་ཀྱི་རྟག་པ་དང་བདག་ལ་སོཌ་པ་རྣར་འཕྲོ་བའི་རྣར་རྟོག་དེ་གཞག་གོ།། བྱེ་བྲག་ཤིན་ཏུ་རྟོགས་པ་གང་གིས་ཤེས་བྱ་བ་ནི་མཚན་ཉིད་རྣམ་པ་གསུམ་གྱིས་ཆོས་ལ་བདག་མེད་པ་རབ་ཏུ ་རྒྱུ་བ་ཤིན་ཏུ་སྦྱངས་ཏེ། ཤེས་རབ་ཀྱིས་དཔྱད་པ་དེ་དག་མེད་པ་གཉིས་ཁོང་དུ་ཆུད་པས་མཁས་པར་འགྱུར་རོ།། འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་བདག་གི་དོན་གྱི་བསམ་གཏན་གྱི་བདེ་བ་ལས་འདས་ཏེ་གཞན་གྱི་དོན་དུ་དོན ་དམ་པ་སངས་རྒྱས་ཀྱི་སར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གང་ཡེ་ཤེས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཅན་ཤེས་རབ་ཀྱིས་དཔྱད་པར་བསམ་དུ་མེད་དོ།། ཆོས་ལྔ་དང་རང་བཞིན་རྟོགས་པ་ལས་རྣམ་པར་ལོག་པ་ནི་གཉིས་སུ་མེད་པ ་མཚན་མ་མེད་ཅིང་ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་གིས་རྣམ་པར་འབྱེད་པ་དང་བྲལ་ཞེས་བྱ་བའི་བར་དུའོ།། སྒྱུ་མའི་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ ་མཛེས་པ་སོ་སོར་ཐོབ་བོ།། བློ་གྲོས་ཆེན་པོ་འདི་ལ་མུ་སྟེགས་ཀྱི་ལྟ་བ་ཅན་མུ་སྟེགས་ཅན་ལ་ལ་མེད་པ་ལ་མངོན་པར་ཞེན་པོ་དག་ཅིང་བྱ་བ་ལ་སོགས་པ་ནི། ཇི་ལྟར་ཞི་བ་རྣམས་སྨྲ་བ།། དངོས་པོ་མེད་པས་ཐར་པར་སྨྲས།། དངོས་པོར་རྟོག་ལས ་འཆིང་བ་སྟེ།། དེ་བས་དངོས་པོ་ཡོངས་སྤངས་ནས།། སྟོང་པའི་དངོས་པོར་འཇུག་པར་གྱིས།། སྟེང་སྟོང་འོག་ཀྱང་སྟོང་པ་དང་།། དབུས་སུ་གནས་མེད་སྟོང་པས་ན།། དངོས་མེད་གཏོགས་པ་ཀུན་སྟོང་པ།། དེ་ནི་ཏིང་འཛིན་སྤྱོད་ཡུལ་ལོ།། ་བདག་སྟོང་དང་ནི་ཡིད་སྟོང་དང་།། ཕྱི་སྟོང་རྣལ་འབྱོར་རིག་པ་སྟེ།། སྟོང་སུས་སུ་ཡིས་མངོན་ཤེས་པ།། ངེས་པར་དེ་ནི་གྲོལ་བར་འགྱུར།། བརྟགས་པ་དང་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་མངོན་པར་མི་ཤེས་པས་གཞན ་གྱི་དབང་ལྟར་ཡོངསུ་གྲུབ་པ་ལ་བརྟག་གོ། རྣམ་པར་རྟོག་པའི་བློའི་རྒྱུའི་སྒྲ་དང་དོན་ཡིན་ཏེ།། དེ་ཟད་པའི་རང་བཞིན་ཞེས་བྱ་བའི་བར་དུའོ།། གང་ཤེས་པའི་ཡུལ་ཡིན་པ་དེ་ཐམས་ཅད་མེད་དོ་ཞེས་པར་དགོངས་པའི་དོན་དུ་མངོན་ནོ།། འདི་སྐད ་ཅེས་སྨྲས་པ་ཡིན་ཏེ། ཤེས་པ་དང་ཤེས་པར་བྱ་བའི་མཚན་ཉིད་ཀྱི་ཆོས་རི་བང་གིར་ལྟར་མད་ཀྱང་རྨི་ལམ་དང་། མིག་འཕྲུལ་བཞིན་འགྲོ་བ་སྣང་ངོ་ནས་སོ།། གཞན་ཡང་འབྱུང་བ་ལ་སོགས་པ་ནི་གང་ཁྱད་པར ་ཅན་ལ་སོགས་པས་རྟོག་པར་བྱེད་པའོ།། འབྱུང་བ་ནི་ས་ལ་སོགས་པའོ།། ཡོན་ཏན་ནི་གཟུགས་ལ་སོགས་པའོ།། རྡུལ་ནི་ཤིན་ཏུ་ཕྲ་བའོ།། དེ་དང་སྦྱར་བའི་ཡོན་ཏན་ལས་སྐྱེས་པའི་རྡུལ་གཉིས་ནི་རྡུལ་ལོ།། དེ་བཞིན་དུ་རྡུལ་གཉིས་པ་དང ་གསུམ་པ་ལ་སོགས་པ་རིམ་གྱིས་སྦོམ་པོ་ཡན་ལག་གི་རྫས་གྲཝ་གསུམ་དང་། གྲུ་བཞི་དང་། ཟླུམ་པོ་ལ་སོགས་པའི་དབྱིབས་སུ་གནས་པར་རྟོག་པར་བྱེད་དོ།། དེ་ཡང་རྫས་ཁོ་ན་ལ་སོགས་པར་སྤྱིར་ཡང་རྟོག་གོ།། དེ་ཡང་རྫས་རི་བོང་གི་རྭ་མེད ་པ་དང་སྦོམ་པོའི་ཕྱིའི་རྫས་པ་ལང་གིརྭ་ཡོད་དོ་སྙམ་དུ་རྟོག་པ་བློ་གྲོས་ཆེན་པོ་དེ་དག་ཡོད་པ་དང་མེད་པའི་མཐའ་གཉིས་ཀྱིས་ལྟ་བར་ལྟུང་ཞིང་རང་གི་སེམས་ཀྱི་ཁམས་ཀྱི་ཡུལ་དུ་རྣམ་པར་རྟོག་པ་གང་ཡོད་པ་དེས་དངོས་པོ་མེད་པའི་ཐ་སྙད་རྣམས ་རྟས་པར་བྱེད་དེ་འཕེལ་བར་བྱེད་ཅེས་བྱ་བའི་དོན་ནོ།། ལུས་ལ་སོགས་པ་ནི་སེམས་ཙམ་ལ་རྣམ་པར་རྟོག་པ་ཡོད་པས་ཕྱི་རོལ་གྱི་སྒྲོ་བཏགས་ཏེ་ལྡོག་པ་ལས་རི་བོང་གི་རྭ་མེདདོ་ཞེས་རྟོག་པར་འགྱུར་རོ།། གང་དག་ཡང་མེད་པ་ནི་ཡོད་པ་ལས་རྣམ ་པར་ལོག་པའི་དངོས་པོ་རྣམས་རྟོག་པ་དེ་དག་གིས་རྟོག་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་བལྟོས་པའི་རྒྱུའི་ཕྱིར་རོ།། ཡོད་པ་ལྡོག་པས་མེད་པ་སྟེ། མེད་པ་ཡོད་པས་ཡོད་པ་སྟེ།། རང་དབང་དུ་དོན་དམ་པར་ཡོད་པ་དང་མེད་པ་གཉི་གར་ཡང ་མི་འགྲུབ་བོ།། གང་གི་ཕྱིར་དེ་ལྟར་ཡོད་པ་དང་མེད་པ་ཡིན་པས་ན་རྟོག་པར་མི་བྱ་སྟེ། དངོས་པོ་དངོས་པོ་མེད་པར་རྟོག་པར་མི་བྱ་བ་ནི་དབུ་མའི་ཏིང་ངེ་འཛིན་ཏོ།། དེ་དེ་ལྟར་ཕྱིའི་དངོས་པོ་ཡོད་པར་བརྟགས་པ་དེ་ཇི་ལྟར་མེད་པར་འགྱུར་བ་རིགས ་པ་གཞན་པ་གཞན་གྱིས་བསྒྲུབ་པར་གསུངས་པ། རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྦོམ་པོ་ཡན་ལག་ཅན་གྱི་རྫས་ལས་བརྩམས་ཏེ་རྡུལ་ཕྲ་མོའི་གཟུགས་ཀྱི་བར་དུ་སྦོམ་པ་དང་། ཕྲ་བ་དེ་ཐམས་ཅད་ཕྱོགས ་ཀྱི་ཆར་དབྱེ་བས་ཕྱེ་བ་ན་སྟོང་ཞིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་རྣམ་པར་ལོག་པ་ཡིན་ཏེ། དེ་བས་ན་བ་ལང་གི་རྭ་ཡོད་དོ།། ཞེས་བརྟགས་པར་མི་བྱའོ།། དངོས་པོ་མི་དམིགས་ཏེ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྒྱུའོ།། རྣམ་པར་རྟོག ་པ་མི་འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི།། གང་ཕྱིར་སྒྲ་ནི་བརྗོད་པ་ལས།། གང་ཚེ་དོན་གང་རྟོགས་པར་བྱེད།། དེ་ནི་སྒྲ་ཡི་དོན་དུ་སྨྲས།། དོན་གྱི་མཚན་ཉིད་གཞན་མིན་ནོ།། ཞེས་བྱཱ་ཀ་ར་ཎ་པ་རྟོག་པར་བྱེད་དེ། གང་ན་ཡོད་པ་དང ་དགག་པའི་ཚུལ་སྒྲ་འཇུག་པ་དེར་ཚིག་གི་དོན་ཡོད་པའམ་མེད་པའོ་ཞེས་བརྟག་གོ། རྣམ་པར་རྟོག་པ་མི་འབྱུང་བའི་མཚོན་མ་མཐོང་ནས་ཞེས་པ་ནི་འཇུག་པའི་མཚན་མ་མེད་པས་དོན་མེད་དོ་ཞེས་རྗེ་སུ་དཔག་པ་འཇུག་ཞེས་པའོ།། དེ་དེ་ལྟ་བུའི་སྔ ་མའི་ཕྱོགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་འབྱུང་བ་ལས་བལྟོས་ཏེ་དེ་མེད་པ་མ་ཡིན་ནོ་ཞེས་པའོ།། དེ་ཇི་ལྟ་བུ་ཞེས་པ་དང་། རྒྱུ་གསུངས་པ་དེ་ནི་རྣམ་པར་རྟོག་པ་འབྱུང་བའི་རྒྱུ་སྟེ་ཞེས་པའོ།། དེ་ནི ་བརྗོད་པར་བྱ་བ་ལས་རྣམ་པར་རྟོག་པ་འབྱུང་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབས་པ། ཐོག་མ་མེད་པའི་བག་ཆགས་ལས།། རྣམ་རྟོག་འབྱུང་བར་ཡོང་གནས་པ།། སྒྲ་དོན་ཆོས་ནི་རྣམ་པ་གསུམ།། དངོས་དང ་དངོས་མེད་གཉི་ག་གནས།། ཞེས་པ་སྟེ། གང་ན་བརྗོད་པར་བྱ་བར་བརྟག་པའི་དོན་དུ་བསམས་པ་དེར་སྒྲ་མི་འཇུག་གོ།། སྒྲ་མི་འཇུག་པའི་ཕྱིར་དོན་མེད་ཅེས་བྱར་མི་རུང་ངོ་།། བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་དེའི་རྭ་ལས་བརྟེན་ཏེ་བྱུང་བའོ་ཞེས ་བྱ་བ་ལ་སོགས་པ་ནི་གང་ལ་བརྟེན་ཏེ་རྣམ་པར་རྟོག་པ་བྱུང་བ་དེ་ལ་བལྟོས་པས་ན་དེ་མེད་པ་མ་ཡིན་ཏེ། དེ་བརྟེན་པའི་རྒྱུ་ཡིན་པས་ན་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་རྣམ་པར་སྤངས་པའོ།། དེ་ནི་རྒྱུ་ལས་གཞན་པ་མ་ཡིན་ཏེ། གཞན་པ ་མོ་ཡིན་པར་གྱུར་ན་ནི་གཞན་མ་བཟློག་པ་ལས་བྱུང་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ཁྱད་པར་དུ་མེད་པར་འགྱུར་བའི་ཕྱིར་རོ།། དེ་ལ་བལྟོས་ཏེ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་ལ་བལྟོས་ཏེའོ།། གལ་ཏེ་རྣམ་པར་རྟོག་པ་ལས་བརྗོད་པར་བྱ་བ་ཐ ་ད་པར་གྱུར་པ་ནི་དེའི་ཚེ་རི་བོང་གི་རྭའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ།། དེ་སྟེ་ཐ་དད་པ་མ་ཡིན་ན་ཤེས་པ་གལ་ཏེ་བརྗོད་པར་བྱ་བ་ལས་རྣམ་པར་རྟོག་པ་ཐ་མི་དད་པར་གྱུར་པ་ནི་དེའི་རྒྱུ་ལས་བྱུང་བ་ཞེས་བྱ་སྟེ། རྒྱུ་ནི་གཞན་པའི་ཕྱིར་རོ།། ་རྡུལ་ཕྲ་རབ་ཀྱི་བར་དུ་རབ་ཏུ་བརྟགས་ན་མི་དམིགས་པས་རྭ་དང་རྣམ་པར་རྟོག་པ་ཐ་མི་དད་པའི་ཕྱིར་ར་མེད་པ་བཞིན་དུ་དེ་ཡང་མེད་པར་འགྱུརརོ།། དེ་གཉིས་ཀའི་དངོས་པོ་མེད་ན་ཞེས་པ་ནི་སྒྲ་དང་དོན་གཉིས་ཀའི་དངོས་པོ་མེད་པས་ཅི་ལ ་བལྟས་ཏེ་རི་བོང་གི་རྭ་མེད་ཅེས་བྱ། དེ་ལས་གཞན་པའི་ར་དང་སྒྲ་མེད་པའི་ཕྱིར་རོ།། བློ་གྲོས་ཆེན་པོ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཕན་ཚུན་དུ་བལྟོས་ནས་ཡོད་པ་དང་མེད་པ་མི་འགྱུར་ན་ནི་དེའི་ཚེ་རི་བོང་གི་ར་མེ་ལ་དེ་ལས་གཞན ་པའི་རྭ་ཡོད་དོ་ཞེས་སྨྲ་བར་མྱི་བྱའོ།། རྒྱུ་མི་མཉམ་ཞེས་བྱ་བ་ནི་ཕན་ཚུན་དུ་བརྟེན་པའི་ཕྱིར།། ནམ་མཁའི་དངོས་པོ་ཡོངསུ་རྟོགས་པ་ལ་མི་མཁས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡུལ་གྱི་དངོས ་པོ་མེད་པའི་རང་བཞིན་ཙམ་ནི་ནམ་མཁའ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པོའི་དོན་ཏོ།། ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡུལ་ཉིད་ན་མཁའ་སྟེ། གང་གིས་ཐོགས་པ་དང་བཅས་པའི་གཟུགས་བསལ་བའི་ཚེ་སྦུ་བུར ་བརྟག་པ་སྟེ། དེས་ན་དངོས་པོ་གཞན་པར་གྱུར་པ་ལྔ་པའམ། གཟུགས་མ་གཏོགས་པར་ན་མཁའ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་སྒྲུབ་པར་གསུངས་པ། གཟུགས་རྣམས་ཀྱི་འབྱུང་བའི་རྗེ་སུ་ཞུགས་པའི་ཕྱིར་གཟུགས་ཉིད ་ཀྱང་ན་མཁའ་སྟེ། དེའི་གཟུགས་མ་གཏོགས་པར་ན་མཁའི་དངོས་པོ་གཞན་མེད་པས་ན་མཁའ་ཉིད་གཟུགས་ཞེས་བྱ་སྟེ། སྦུ་བུར་གནས་པ་ལ་དགོངས་པའོ།། གཞག་པ་དང་གཞིའི་ཚུལ་དུ་ན་མཁའ་དང་གཟུགས་སོ་སོའི་རྣམ་པ་ཐ ་དད་པ་རིག་པར་བྱའོ།། སྒྲའི་དོན་དུ་སྟེ། དངོས་པོའི་དོན་ཉིད་དུ་ཡོད་པ་ཡང་མ་ཡིནོ་ཞེས་དགོངས་པའི་དོན་ཏོ།། དངོས་པོ་དང་དངོས་པོ་མེད་པར་གཟུགས་དང་ན་མཁའ་རྗེ་སུ་ཞུགས་པས་དེ་ལྟར་ན་གཅིག་གི་གནས་གཅིག་ཡིན་ནོ།། ་འབྱུང་བ་ནས་བྱ་བ་ལ་སོགས་པ་ནན་མཁའ་དངས་པ་མེད་པས་ན་དེར་མི་གནས་པ་ཡིན་ཏེ། དེ་དག་ལ་ཡང་ནམཁའ་མད་པ་མ་ཡིན་པ་ནི་བྱུང་བའི་ཡུལ་དུ་ན་མཁའ་ཡང་བར་འགྱུར་བན།། དེ་བནན་དུ ་ཞེས་བྱ་བ་ནི་ན་མཁའ་དང་རི་བང་གི་ར་དག་ནི་བརྟགས་པའི་དངོས་པོར་ཆོས་མཚུངས་པར་གསུངས་པའོ།། དེ་ལྟར་བ་གླང་གི་ར་ལ་སོགས་པ་ཡོད་པས་བ་ལང་གཱི་ར་ལ་བལྟོས་ཏེ་རི་བོང་གི་ར་མེད་པར་གྱུར་ན་ནི་བ་གླང་གི་རཱིརི་ཙི་ལས་བརྩ ་ཏེ་མྱེད་པར་འགྱུར་ཞེས་དགོངས་ནས་གསུངས་པ། བ་ལང་གི་ར་ལ་སོགས་པ་སྟེ། རཱ་སྦྲུམ་པ་རྡུལ་ཕྲ་མེ་ར~ཾ་ཕྱེ་བ་ན་ཁྱང་པ་དང་། སྣ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུ་རོ།། རྡུལ་ཕྲ་མོ་ཡང་ཕྱོགས་ཀྱི་ཆར ་བཤིག་ན་རྡུལ་ཕྲ་མོ་ཡང་མི་གནས་སྟེ་སྟོང་པར་འགྱུར་རོ་ཞེས་པ་ནི་ཤེས་རབ་ཀྱིས་ཆོས་ལྔ་བདག་མེད་པ་སྒྲུབ་པའོ།། དེ་ཡང་དེ་ལྟ་བུའི་ཆོས་ཅན་ནོ་ཞེས་བྱ་བ་ནི་ཕན་ཚུན་དུ་གཅིག་ལ་གཅིག་བལྟོས་ཏེ་ཆོས་དང་ཆོས་ཅན ་དང་མཚན་མྱུར་བྱ་བ་དང་། མཚན་ཉིད་ལ་སོགས་པ་གང་རྟག་པ་དེ་རང་བཞིན་ཐ་དད་པར་མི་གྲུབ་པས་ན་དེ་ཐམས་ཅད་སྟོང་པའོ།། རི་བོང་དང་བ་ལང་གི་རཱི་ཞེས་བྱ་བ་ལ་སོགས་པ་ནི་བརྟགས་པ་དང་གཞན་གྱི་དབང་གི་དངོས ་པོ་ལ་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་པར་བྱའོ།། དེ་ལ་རྟོག་པ་དང་བྲལ་བར་བྱའོ་ཞེས་པའོ།། དེ་ལ་རྟག་པ་དང་། བདག་དང་། ནམ་མཁའ་དང་། རི་བྲོག་རི་ལ་སོགས་པ་ནི་བརྟགས་པའི་ཕྱིར་རོ།། བ་ལང་གི་རྭ་དང་རྨི་ལམ ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་རང་བཞིན་པ་རྣམས་ནི་གཞན་གྱི་དབང་ཉིད་དེ་བསལ་བས་ན་ངན་གྱི་བྱ་བ་བྱེད་དུ།། རང་ག་སམས་སྣང་བའི་རྣལ་འབྱོར་བསྟན་པར་གྱུར།། ཞེས་པ་ནི་ཕྱིའི་དོན་མེད་པས་ན་འང་སྐང ་དུ་གསུངས་པ། རང་གི་སེམས་སྣང་བ་ལ་རྣམ་པར་རྟོག་པ་རྗེས་སུ་རྟོགས་པའི་ཡོད་དུའང་འགྱུར་བར་བྱའོ་ཞེས་པས་ཏེ། རང་གི་སེམས་སྣང་བ་ལས་ལྷག་པར་ཕྱིའི་དོན་དམ་པར་རྟོག་པར་མ་བྱེད་ཅིག་ཅེས་པའོ།། སྣ་ཚོགས ་སྣང་བ་ཡོད་པ་མིན་ཞེས་བྱ་བ་ལ་སོགས་པ་ལ་སྣང་བའི་ཕྱིར་ཏེ། ཅི་མཆིས་ཞེས་པ་དང་། གསུངས་པ། སྣ་ཚོགས་ཀྱི་སེམས་ཡོད་དོ་ཞེས་དགོངས་པའི་དོན་ཏོ།། སྣང་བ་ལས་ནི་སེམས་འབྱུང་སྟེ། ཞེས་བྱ་བ་ནི་རང་གི་ཡན་ལག ་ཉིད་ལས་འབྱུང་གི་ཕྱིའི་དོན་ལས་ནི་མ་ཡིན་པའི་ཕྱིར་རོ།། ཇི་ལྟར་ན་ཞེས་པ་དང་། གསུངས་པ་ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་མི་ལས་སྣང་བ་ཡིན་ཞེས་ཏེ། རྨི་ལམ་ལ་སོགས་པ་བཞིན་པས་ན། ཕྱིའི་དོན་མེད ་དོ་ཞེས་སོ།། ཇི་ལྟར་ན་ཕྱིའི་དོན་མེད་ཅེས་པ་དང་། གསུངས་པ། སེམས་དང་ཡིད་དང་རྣམ་པར་ཤེས།། རང་བཞིན་དང་ནི་ཆོས་ལྔ་དང་། བདག་མེད་མི་གཉིས་དག་པ་ཡང་།། རྣམ་པར་འདྲེན་པ་རབ་ཏུ་གསུང་ཞེས་ཏེ། དེ་ལ་རང ་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། དག་པ་དང་མ་དག་པ་སྟེ། ཡེ་ཤེས་དང་གང་ཆུད་པ་ཡིན་པའོ།། སེམས་ལ་སོགས་པའི་ཤེས་པ་བརྒྱད་ནི་སྔར་བཤད་ཟིན་ཏོ།། བདག་མེད་པ་ནི་གང་ཟག་ལ་བདག་མེད་པའོ།། མི་ཤེས་པ་དག ་ནི་ཆོས་ལ་བདག་མེད་པའོ།། མི་གཉིས་པ་ཡང་གཞན་གྱི་དབང་སྒྱུ་མ་ལ་སོགས་པའི་རང་བཞིན་པ་ཉིད་ཡད་དེ། དངོས་པོ་དང་དང་སྣ་པ་མེད་པ་མེད་པས་ན་དེ་བཅད་པའི་དོན་དུ་དོན་དམ་པའི་བདེན་པ་མི་གཉིས་པར ་ཡེ་ཤེས་དག་པ་བར་དགོངས་པའོ་མིང་དང་མཚན་ས་ལ་སོགས་པ་ལྔ་ནི་བཤད་ཟིན་ཏོ།། རིང་པོ་དང་ཐུང་ངུ་ལ་སོགས་པ་ནི་རྒྱུ་དང་དཔེ་དང་བཅས་པ་ཏེ་འདྲེས་པའི་དོན་རིང་པོ་དང་། ཐུང་ངུ་ལ་སོགས་པ་བཞིན་ནོ་ནས་ཚིགསུ་བཅད་པས་གསུང ་པའོ།། གཅིག་ལ་གཅིག་བལྟོས་ཏེ་ཡོད་པ་དང་མེད་པར་འགྱུར་བ་ནི་རྡུལ་ཕྲན་དུ་ནི་རྫས་བཤིག་སྟེ་ཕྱོགས་ཀྱི་ཆར་ཕྱེ་ན་གཟུགས་ལ་རྣམ་པར་བརྟག་མི་བྱ་ཞེས་སྟེ། བ་ལང་གི་རྭ་ལ་སོགས་པ་སྟོང་པསཾ་ན་དེ་ལ་བལྟོས་ཏེ་རི་བོང་གི་རྭ་ལྟ་ག། ་ལས་ན་འགྱུར། དེ་ལྟར་ཕྱིའི་དོན་མེད་པས་སེམས་ཙམ་པོ་ཉིད་འབའ་ཞིག་སྟེ། དེ་ཡང་འཁྲུལ་པ་རྣམས་ཀྱི་ལྟ་བ་ངན་པས་བསལ་མི་འགྱུར་ཞེས་ཏེ། རྙོག་མ་བསལ་ཏེ་ཆུ་བཞིན་དུ་དང་བར་འགྱུར་བས་ན་ཡོངས་སུ་དག་པར་འགྱུར ་ཞེས་པའི་བར་དུའོ།། རྟོག་པ་ནི་ཚད་མ་དང་གཞལ་བ་ལ་སོགས་པ་ཕྱིའི་དོན་དུ་ལྟ་བས་རྣམ་པར་བཞག་པར་རྣམ་པར་རྟོག་གི། སེམས་ཙམ་དུ་སྣང་བ་ལ་ནི་མ་ཡིན་ནོ།། ཉན་ཐོས་ཕྱིའོ་གཟུགས་ལ་མི་རྟག་པ་དང་། སྡུག་བསྔལ་བ ་དང་། མི་བཙང་བ་དང་། མི་མཛེས་པར་རྟོག་པར་བྱེད་དོ།། དོན་དམ་པོའི་བདེན་པོ་མི་གཉིས་པའི་ཡེ་ཤེས་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པ་ནི་འཕགས་པ་སའི་དབང་བ་བདག་མེད་པ་གཉིས་རྟོགས་པ་རྣམས་ཀྱིས་སོ་སོར་བདག་གི ་རྟོགས་པའི་སྤྱོད་ཡུལ་ཡིན་ཏེ། ཡང་དག་པའི་རིག་པའི་རང་བཞིན་སླར་མེ་ལྟར་བདག་ཉིད་དུ་སྣང་བའོ།། རང་གི་སེམས་སྣང་བའི་རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་གསེར་ལ་སོགས་པ་སའི་སེའུ་ལ་སོགས་པ ་བཙོ་བ་བཞིན་དུ་རིམ་གྱིས་དྲི་མ་མེད་པར་འགྱུར་རོ།། ཁ་ཅིག་ནི་ཅིག་ཅར་ཏེ་མར་མས་ཁྱིམ་གྱིས་ཡོ་བྱད་ལ་སོགས་པ་སྣང་བར་བྱེད་པ་བཞིན་ནོ་ཞེས་འཕགས་པ་བློ་གྲོས་ཆེན་པོས་དེ་ལྟར་བསམས་ཏེ་ཐམས་ཅད་མཁྱེན་པ་དེ་ལ་དེ་སྐང་དུ ་གསོལ་པའོ།། གཞང་གང་ལ་སོགས་པ་རིམ་གྱིས་འཇུག་པ་ནི་གང་གི་ཚེ་ན་གླུ་མི་ལེན་ཏེ། དེ་ལྟར་ན་བྱ་བ་ཁ་ཅིག་ནི་རིམ་དུ་འབྱུང་། ཁ་ཅིག་ནི་ཅིག་ཅར་འབྱུང་སྟེ། ཇི་ལྟར་མེ་ལོང་གི་ནང་དུ་གཟུགས་སྣ་ཚོགས་སྣང་བ་རྣམ་པར་མི ་རྟོག་པའི་ཤེས་པས་ཅིག་ཆར་སྣང་བ་སྟེ། འཛིན་ཅེས་བྱ་བའི་དོན་ནོ།། དེ་ལྟར་རིགས་པའི་རིམ་པར་སོང་བའི་སའི་དབང་པོ་རྣམས་ཀྱི་ཉོན་མོངས་པ་མེད་པའི་མི་ཤེས་པའི་རྒྱུད་དེ་མི་སྣང་བའི་སེམས་ཀྱི་རྒྱུད་རྣམས་དེ་བཞིན་གཤེགས་པས ་སྤྱད་དོ།། རང་གི་སེམས་སྣང་བའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་མིག་གི་ལིང་ཏོག་དང་བྲལ་བ་བཞིན་པའི་བསམ་དུ་མེད་པའི་ཡེ་ཤེས་ཅན་རྣམས་ལ་རྒྱལ་བའི་སྤྱོད་ཡུལ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡུལ་ཅིག་ཆར ་སྟོན་ཏོ།། ཤེས་པར་བྱ་བའི་ཡུལ་ཐམས་ཅད་དུས་བཅུའི་དབང་པོ་རྣམས་ཀྱི་ངར་ལ་ཕྲ་མོ་ལྟ་བུའི་སྒྲིབ་པ་བསལ་ཏེ་སངས་རྒྱས་ཀྱི་སར་གཟུང་བར་མཛད་དོ།། འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པ་ལ། ལུས་དང ་གནས་དང་ལངས་སྤྱོད་ཀྱི་ཡུལ་ནཱི་ལུས་དང་མྦྷ་དང་། མིགུ་ལ་སོགས་པར་ཤེས་པར་ཤེས་པར་བྱ་བ་རྣམས་དེ་ཅིག་རྒྱར་འབྱུང་།། རྩཝ་དང་འདྲ་བའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནམ་གནས་པང་། ་དོན་ཉིད་མངོན་པར་རྫོགས་པའི་བྱང་ཆུབ་ལས་ལངས་ཏེ་ཡིད་ཀྱི་སོ་སོར་སྣང་བ་རྫོགས་ལོངས་སྤྱོད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལས་སྒྲ་འདྲ་བ་སྤྲུལ་པའི་སངས་རྒྱས་འབྱུང་སྟེ། ཡུལ་དུ་ཞུགས་པར་བཤའ་བའི་སེམས་ཅན་རྣམས་ཆོས ་རྣམ་པ་སྣ་ཚོགས་བསྟན་པས་ཙོག་ཆར་ཡོངས་སུ་སྨིན་པར་བྱས་ཏེ། འོག་མིན་གྱི་གནས་ན་གཞོལ་མེད་ཁང་གི་ཕོ་བྲང་དུ་རྣམ་པར་སྣང་མཛད་ཀྱི་སྐུ་སྣང་བར་རྣལ་འབྱོར་དུ་སྦྱོར་བ་གང་དག་ལ་ཡོད་པ་དེ་དག་ལ་ཐོས་པ་དང་། སེམས་པ ་དང་། བསྒོམས་པ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་གཞོག་གོ།། རྣལ་འབྱོར་དུ་སྦྱོར་བ་ཞེས་བྱ་བ་ནི་སྣང་བ་དང་། སྣང་བ་མེད་པའི་རྣལ་འབྱོར་གཉིས་སུ་དགོངས་པར་བརྟག་གོ།། ཆོས་ཉིད་ཀྱི་སངས་རྒྱས་ནི་མི་གཉིས་པ ་བྱང་ཆུབ་ཀྱི་ཏིང་ངེ་འཛིན་གྱི་སྐུ་ལས་བཞེངས་ཏེ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་རྣམ་པར་སྣང་མཛད་ཀྱི་སྐུ་ནི་སྒྱུ་དྲང་འདྲ་བའི་སྤྲུལ་པའི་སྐུའི་འོད་ཟེར་རྣམས་ཀྱིས་རྣམ་པར་མཛེས་སོ།། རྣམ་པར་སྣང་མཛད་པས་ན ་རྣམ་པར་སྣང་མཛད་ཅེས་པའོ།། འཕགས་པས་ས་རང་གིས་རིག་པའི་མཚན་ཉིད་ཅེས་བྱ་བ་ནི་གཉིས་སུ་མེང་པ་ཆུད་པའི་རིང་བཞིན་གྱི་ཆོས་ཀྱི་སྐུ་སྟེ། མར་མ་ལྟར་རབ་ཏུ་སྣང་བའི་བདག་ཉིད་དོ།། ཇི་ལྟར་ན་ཡང་སིས་རང་གིས་རིག ་པ་མི་གཉིས་པའི་རང་བཞིན་ལགས་ཞེས་པ་དང་། དེའི་ཕྱིར་གསུངས་པ་ཡོད་པ་དང་མེད་པའི་ལྟ་བ་ངན་པ་ཟློག་པས་ནས་ཕྱུབར།། ཇི་ལྟར་རྒྱ་ཆ་བའི་སྐྱེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པས་མངོན་པར་རྟོགས ་པ་མ་ཡིན། དངོས་པོ་མེད་པས་ཀྱང་མ་ཡིན་ཏེ། ཅི་ཞེ་ན་དངོས་པོ་དང་། དངོས་པོ་མེད་པས་མཉམ་པས་སོ།། དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱིས་སེམས་ཀྱི་དོན་དུ་བྱ་བ་གཞལ་དུ་མེད་དོ།། ཆོས་ཉིད་འདྲ་བར་འབྱུང་བའི་སངས་རྒྱས ་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་པའི་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རང་དང་སྤྱིའི་མཚན་ཉིད་དུ་རྟོགས་པ་རྣམས་ཀྱི་ཁྱད་པར་སྟོན་ཏོ།། ཆོས་ཐམས་ཅད་ཀྱི་ཞེས་བྱ་བ ་དང་འབྲེལ་ཏོ།། དེ་ལ་རང་གི་མཚན་ཉིད་ནི་སྨྲ་བ་དང་རླན་པ་ལ་སོགས་པའོ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པ་སྟེ། དེ་དག་གི་ཁྱད་པར་རོ།། རང་གི་སེམས་སྣང་བ་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང ་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པའི་རང་བཞིན་ལྟར་གཟུགས་ལ་སོགས་པ་སྣང་བ་ལ་བག་ཆགས་ཀྱི་རྒྱུ་དང་མཚན་ཉིད་དང་འབྲལ་ཅིང་ཕྱིའི་དོན་མེད་པར་སྟོན་ཏོ།། དེ་ནི་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། རང་གི་སེམས ་སྣང་བ་ནི་སྣང་བ་ཉིད་ཡིན་ཏེ། དེ་དག་གི་རྒྱུ་ནི་བག་ཆགས་ཡིན་པ་དང་། མཚན་ཉིད་ནི་མཚན་མར་འབྲེལ་ཏོ།། ཡོངས་སུ་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བ་ནི་རྟག་པ་དང་། མི་རྟག་པ་ལ་སོགས ་པར་རྟོགས་པ་ནི་རྒྱུ་ལས་འབྱུང་བ་སྟེ། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཡུལ་གྱི་དངོས་པོ་རྣམས་དེའི་གཟུགས་མ་གཏོགས་པར་མེད་དོ།། ཇི་ལྟར་ན་ཡང་ཕྱིའི་དོན་མེད་ཅེས་པ་དང་། གསུངས་པ། སྒྱུ་མའི་ཡན ་ལག་རྣམ་པ་མང་པོའི་སྐྱེས་བུ་དེའི་བདག་ཉིད་མ་ཡིན་པ་སྣ་ཚོགས་ལ་མངོན་པར་ཞེན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཇི་བཞིན་དུ་སྒྱུ་མ་ལ་སོགས་པ་ཕྱིའི་དངོས་པོར་མི་འབྱུང་ཞིང་། རང་གི་སེམས་ཀྱི་སྣང་བ་ཙམ་ཉིད་ཡིན་པ་དེ་བཞིན ་དུ་འགྲོ་བ་ཐམས་ཅད་ཀྱི་རང་གི་སེམས་སྣང་བ་ཙམ་ཉིད་དོ།། བློ་གྲོས་ཆེན་པོ་གཞན་ཡང་ཡོངསུ་བརྟགས་ཞེས་བྱ་བ་ལ་སོགས་ལ། འབྱུང་བའི་མཚན་ཉིད་ནི་རྟག་པ་དང་། བདག་དང་། རྡུལ་ཕྲ་མོ་དང་། ཡན་ལག་ཅན་དང་། རྫས་ལ་སོགས་པར ་གཞན་གྱི་དབང་ནི་སྔོན་པོ་ལ་སོགས་པའི་རྣམ་པར་རང་བཞིན་གསལ་བའོ།། དེ་ཉིད་དུ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་མངོན་པར་ཆགས་པ་ལས་རྣམ་པར་རྟག་པར་འབྱུང་ངོ་།། ཇི་ལྟར་ཐམས་ཅད་མཁྱེན ་པས་འདི་ཉིད་དུ་གསུངས་པ། བརྟགས་པ་ཡི་ནི་རང་བཞིན་གྱིས།། དངོས་པོ་ཐམས་ཅད་མ་སྐྱེས་ཏེ།། གཞན་དབང་ལ་ནི་བརྟེན་ནས་ནི།། མི་ཡི་རྣམ་རྟོག་སྐྱེ་བའོ།། དེ་ཉིད་དཔེ་གསུངས་པ། རྩཝ་དང་ཤིང་དང་གྱོ་མོ་ལ་བརྟེན་ཏེ་སྒྱུ་མ་འབྱུང་ཞེས།། ་དེའི་རྒྱུ་དང་གཟུགས་གསུང་བར་མཛད་པ། སྔགས་དང་མིང་ལྡན་པ་ལས་ཞེས་བྱ་བ་ལ་སོགསོ་པ་སྟེ། གང་དག་ལ་འཁྲུལ་པའི་ས་བོན་ཡོངས་སུ་ཇི་ལྟར་སྨིན་པ་རིམ་དང་ཅིག་ཅར་དུ་དེ་དག་ལ་དེ་ལྟར་སྟོན་ཏོ།། སྒྱུ་མ་བྱེད་པས་སེམས་ཐམས ་ཅོཅད་ལ་གཟུགས་ཀྱི་ཡན་ལག་གི་ལུས་རྣམས་ཀྱིས་སྡེ་བཞིན་དུ་གཟུགས་རྣམ་པ་སྣ་ཚོགས་འཆང་བའི་ཕུན་སུམ་ཚོགས་པ་སྒྱུ་མའི་སྐྱེས་བུའི་ལུས་རང་བཞིན་གཅིག་ཏུ་མ་གྲུབ་པར་སྟོན་ཏོ།། སེམས་ཅན་གྱི་ལུས་སུ་གང་གི་གཟུགས་འདུས་པ ་དེའི་གཟུགས་ནི་ཁང་པ་དང་སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཅིག་པ་མ་ཡིན། དེ་བས་ན་དེ་ལྟར་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་བརྟགས་པ་སྟེ། ཇི་བཞིན་དུ་འཁྲུལ་པའི་གཟུགས་ལ་ངེས་པར་འཛིན་པ ་དེ་བཞིན་དེ་ལ་རྣམ་པར་རྟོག་གོ། ཇི་བཞིན་དུ་སེམས་ཅན་རྣམས་ཀྱི་འཁྲུལ་པ་སྣ་ཚོགས་ཀྱི་རྣམ་པར་འབྱུང་བ་ལྟ་བུར་དངོས་པོའི་རང་བཞིན་ཡང་དག་པར་དེའི་བདག་ཉིད་མ་ཡིན་པ་བཞིན་དུ་གཞན་གྱི་དབང་ལ་རྟེན་ཏེ་རྣམ་པར་རྟོག་པའི་རྣམ ་པར་འབྱུང་བ་བཞིན་གྱི་དབང་སྔོན་པོ་ལ་སོགས་པའི་རྣམ་པ་མཛེས་པའི་རྣམ་པར་རྟོག་པའི་མཚན་ཉིད་དུ་གྲུབ་པ་མངོན་པར་ཞེན་པས་བག་ཆགས་ལ་ཡོངསུ་རྟོག་ཅིང་བྱ་བ་འབྱུང་བ་སྟེ། བག་ཆགས་ལས་འབྱུང་བར་འགྱུར། ་འདི་ནི་ཞེས་བྱ་བ་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཀྱི་བཤད་པ་སྟེ། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་སྐུའི་གསུང་གི་རྣམ་པར་རྟོག་པ་རྒྱ་ཆེ་བ་ཆོས་ཀྱི་སྐུའི་ཕྲིན་ལས་གང་དུ་འབྱུང་ཞེས་པ་དང་། གསུངས་པ། ཆོས་ཉིད་ཀྱི་སངས་རྒྱས ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་དང་བྲལ་བ་ཞེས་པ་ནི་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའི་གཉིས་ཀྱི་རྣམ་པ་དང་བྲལ་བའོ།། འཕགས་པ་སོ་སོ་རང་གིས་རིག ་པའི་སྤྱོད་ཡུལ་རྣམ་པར་གཞོག་གོ་ཞེས་བྱ་བ་ནི་སྣང་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོག་པ་བཞིན་དུ་བཞེངས་པའི་ཡེ་ཤེས་ཀྱིས་རྣམ་པར་བཞག་གོ། མར་མེ་བཞིན་དུ་རང་གིས་རང་དུ་སྣང་བའི་བདག་ཉིད ་ངེས་པར་འཇུག་པའི་ཤེས་པ་ཡང་དག་པར་རིག་པ་བཞིན་དུ་ཡང་དག་པར་རིག་པའི་རང་བཞིན་མི་གཉིས་པ་སྤྱིར་སྒྲའི་དོན་གྱི་རྣམ་པར་ཡུལ་མེད་ཅིང་མི་གཉིས་པའི་མཚན་ཉིད་པ་ཡིན་ནོ་ཞེས་རྣམ་པར་གཞོག་གོ།། སོ་སོ་རིང་གིས་རིག་པ ་ཆུད་པ་ཉིད་དེའི་སྤྱོད་ཡུལ་ཏེ། ཡུལ་ཡིན་གྱི་གཞན་ཡོད་པ་མ་ཡིན་ནོ་ཞེས་བཟློག་པར་བྱེད་པའི་གསུང་ངོ་།། དེ་ལྟར་ཆོས་ཀྱི་སྐུའི་རྣལ་འབྱོར་ཡང་དག་པར་རྟོགས་པ་ནི་རྫོགས་ལོངས་སྤྱོད་པའི་སྐུའི་ཕྲིན་ལས་སུ་རྣམ་པར་བཞག་པར ་བསྟན་ནས་འཕྲུལ་པས་སྤྲུལ་པའི་སྐུའི་ཕྲིན་ལས་རྣམ་པར་བཞག་པར་མཛད་པ་ནི་འཕྲུལ་པས་སྤྲུལ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་ཐར་པ་དང་། ཕུང་པོ་དང་། ཁམས་དང ་སྐྱེ་མཆེད་ལ་སོགས་པའི་ཆོས་བཤད་པར་མཛད་དོ།། ཕྱི་དང་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་པར་མོས་པ་ཇི་བཞིན་པའི་སེམས་ཅན་རྣམས་ལ་རྒོལ་བ་དང་ལན་གདབ་པའི་ཆོ་འཕྲུལ་རྣམས་ཀྱིས་ཀྱང་སྟོན་ཏོ།། རྣམ་པར་ཤེས་པ ་འཇུག་པའི་མཚན་ཉིད་ཅེས་བྱ་བ་ནི་མི་གཉིས་པ་ཡང་དག་པར་རིག་པ་ཙམ་མོ།། མུ་སྟེགས་ཅན་གྱི་ལྟ་བ་དང་མཐུན་པ་ལས་འདས་པའི་མཚན་ཉིད་ནི་རྟག་པ་དང་། བདག་དང་། ཕྱིའི་དོན་ལས་འདས་པ་སྟེ་ཆོས་དང་གང་ཟག་ལ ་བདག་མེད་པར་སྟོན་ཏོ།། སྣང་བ་མེད་ཅིང་མི་གཉིས་པར་ཆུད་པའི་ཆོས་ཀྱི་སྐུ་ལས་བཞེངས་ཏེ་སྣང་བ་ཇི་བཞིན་པ་ལྟར་ཞིང་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་སྒྱུ་མའི་རྣམ་པར་ཐར་པ་ལ་ཞུགས་པའི་སངས་རྒྱས་རྣམས་ཀྱི་དམིགས ་པ་མེད་ཅིང་དམིགས་པ་དང་བྲེལ་བ་གཉིས་སུ་མེད་པ་ཐུགསུ་ཆུད་པ་བཞིན་པའོ།། དེ་ཉིད་ཀྱི་ཁྱད་པར་སྟོན་པ་ནི་བྱ་བ་དང་། དབང་པོ་དང་། ཚད་མའི་མཚན་ཉིད་ཐམས་ཅད་ལ་རྣམ་པར་ལོག་པ་ཞེས་པ་སྟེ། བྱེད་པ་པོ་དང་། ལུས་དང ་བྱེད་པ་དང་བྲལ་བའི་ཕྱིར་བྱ་བ་ཐམས་ཅད་ལ་རྣམ་པར་ལོག་པའོ།། ཤེས་པར་བྱ་བ་མེད་པའི་ཕྱིར་དབང་པོ་ཚད་མའི་མཚན་ཉིད་རྣམ་པར་ལོག་པས་ན་དེའི་ཕྱིར་དེ་ལྟར་བྱིས་པ་རྣམས་ཀྱི་ཡུལ་མ་ཡིན་ཞེས་བྱ་སྟེ། རྣལ་འབྱོར་གྱི་དབང་པོ ་རྣམས་ལས་ཐབས་དུ་མར་རབ་ཏུ་སྣང་བར་མཛད་པ་ནི་དེའི་ཕྲིན་ལས་སོ།། ཉན་ཐོས་ཀྱི་ཐེག་པ་ལ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པས་སྲི་རོང་གིས་རིག་པའི་ཁྱད་པར་གྱི་མཚན་ཉིད་ནི་སྟོང་པ་ཉིད་དང་། མཚན་མ ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་རྣམས་ཀྱི་མི་གཉིས་པ་ཡང་དག་པར་རིག་པ་ལ་བྱའོ།། གང་དག་ཀྱང་ཕྱིའི་དོན་དུ་མངོན་པར་ཞེན་པ་དེ་དག་གི་དངོས་པོ་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ནི ་ལུས་ལ་དྲན་པ་ཉེ་བར་གཞག་པ་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་དངོས་པོའི་རང་བཞིན་ལ་མངོན་པར་ཞེན་པ་ནི་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་མཚན་ཉིད་རྣམ་པ་གཉིས་སུ་ཡོངསུ་ལྟ་བའི་ཕྱིར།། ཆོས་དང ་གང་ཟག་ལ་བདག་མེད་པའི་ཁྱད་པར་དུ་འབྱེད་པ་སྟེ། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམ་པ་དེ་ཡང ་མི་དམིགས་པའི་ཚུལ་གྱིས་སོ།། དེའི་ཕྱིར་ན་དེ་ལྟར་དེར་ཐོག་མར་སྟོང་པ་སྨོས་པ་སྟེ། སྟོང་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་རྟག་པའི་ཡུལ་གྱིས་བདེན་པ་མཐོང་བའི་ཕྱིརརོ།། སྐྱེ་བ་ནི་སྲིད་པ་དང་། ལོངས་སྤྱོད་དང་བྲལ་བའི་ཕྱིརརོ།། ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རང་དང་སྤྱིའི་ཕྱི་རོལ་རྣམ་པར་འཇིག་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཏེ། དེ་ལ་རང་གི་མཚན་ཉིད་ནི་གཟུགས་ལ་རྣམ་པ་གཉིས་སམ། རྣམ་པ་ཉི་ཤུ་ཞེས་བྱ་བ་ལ་སོགས་པའོ།། གཟུགས་དང་ཚོར་བ་ལ ་སོགས་པ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། བདག་མེད་པ་ལ་སོགས་པའོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་མཚན་ཉིད་རྣམ་པ་དེ་ལྟ་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་རང་གི་སེམས་སྐྱེ་བའི་འོག་ཏུ་སེམས་མཉམ ་པར་འཇོག་གོ།། རང་གི་སེམས་མཉམ་པར་བཞག་ནས་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་བས་ན་བསམ་གཏན་དང་། རྣམ་པར་ཐར་པ་ལ་སོགས་པ་རྟོགས་པར་འགྱུར་ཏེ། བག་ཆགས ་བསམ་གྱིས་མི་ཁྱབ་པ་ཡོངསུ་གྱུར་པས་གང་འཆི་འཕོ་བ་དེ་དང་བྲལ་བའོ།། ཡང་ན་དབང་པོ་རྣོ་བས་བསམ་གཏན་ལ་སོགས་པ་རྣམས་ཀྱིས་བསམ་དུ་མེད་པའི་བག་ཆགས་ཡོངས་སུ་འགྱུར་བས་ཤས་ཆེ་བས་ན་འཆི་འཕོ་དང་བྲལ་བའོ།། འཕགས ་པ་སོ་སོ་རང་གིས་རིག་པ་ནི་བདེ་བ་ཡང་དག་པར་ཚོར་བ་སྟེ། རྣམ་པར་འཕྲུལ་པ་དང་བྲལ་བའི་ཕྱིར་རོ།། རྣམ་པ་དེ་འདྲ་བའི་བདེ་བ་ཐམས་ཅད་དང་། གཟུགས་མེད་པ་ལ་སྙོམས་པར་འཇུག་པའི་བདེ་བ་ཡང་ལོག་པར་རྟོག་པ་བཀག་པའི་བདེ ་བ་ཡིན་ནོ།། འགོག་པ་ལ་མཉམ་པར་འཇོག་པའི་བདེ་བ་ཡང་ད་ལྟར་གྱི་ཚེ་ལ་བདེ་བར་གནས་པའི་དོན་དུ་བཞག་པ་དེ་ཡང་ཁོང་དུ་ཆུད་ནས་ཀྱང་སེམས་ཅན་གྱི་དོན་ལ་བལྟོས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་མི་བྱ་སྟེ། བསླབ་པར ་མི་བྱ་དེར་གནས་པར་ནི་མི་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། དངོས་པོར་རྣམ་པར་རྟོག་པའི་རང་བཞིན་ལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་སྨོས་པར་བཤད་པ་འཆད་པ་ཡང་རིག་པར་བྱ་སྟེ། ཕྱིའི་དངོས་པོར་རྣམ་པར་རྟོག་པས་རང་བཞིན་ལ་མངོན ་པར་ཆགས་པའོ།། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་རང་བཞིན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞིབ་ཏུ་སྒྲུབ་པར་མཛད་པ་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བྱེད ་པ་མེད་པར་འབྱུང་བ་ནི་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་བྲལ་བ་རྣམས་ཏེ། ཇི་ལྟར་གསུངས་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ།། མི་བརྟན་ཞེས་པ་ག་ལ་ཞིག། གང་འབྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད།། རིག ་པ་དང་ལུང་དང་ཚད་མ་ཞེས་བྱ་བ་ལ་སོགས་པ་ལ། རིགས་པ་དང་ལུང་ནི་རིགས་པ་དང་ལྡན་པའི་ལུང་ལ་སྟེ། ཐོག་མར་དགེ་ཞེས་བྱ་བ་ལ་སོགས་པའོ།། ཚད་མ་ནི་མངོན་སུམ་དང་། རྗེ་སུ་དཔག་པ་སྟེ། སྐད་ཅིག་མར་འཇིག་པ་དང་། བདག ་མེད་པ་ལ་སོགས་པར་སྒྲུབ་པར་བྱེད་པའོ།། དེ་དེ་ལྟར་ཕུང་པོ་ལ་སོགས་པའི་མཚན་ཉིད་ཁོང་དུ་ཆུད་ནས་དེ་ལ་མངོན་པར་ཞེན་པ་བཙུན་གཙོའི་བྱང་ཆུབ་སེམས་དཔས་ཡོངསུ་སྤང་བར་བྱ་བ་ནི་བཟློག་པར་བྱའོ།། ཇི་ལྟར ་བཟློག་པར་བྱ་ཞེས་པ་དང་། དེར་གསུངས་པ། ཆོས་ལོ་བདག་མེད་པའི་མཚན་ཉིད་ལ་རྗེས་སུ་གཞུག་ཅེསོ།། གང་ཟག་ལ་བདག་མེད་པར་ནི་ཕྱིའི་དོན་དུ་སྨྲ་བའི་ཉན་ཐོས་པ་རྣམས་གནས་སོ།། ཆོས་ལ་བདག་མེད་པ་ནི་ཞི་བ་དང་། གཏོགས ་འདོད་པ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་པོ་རྣམས་གནས་སོ།། དེ་ལྟ་བ་གཉིས་ལས་སེམས་ཅན་རྣམས་རིག་པས་བཟློག་སྟེ། ས་དང་སའི་རིམ་པར་མཚམས་སྦྱོར་བ་ལ་གནས་པར་བྱ་བ་ནི་འཇུངས་པ་ལ་སོགས་པའི་ཉེས་པ་སྤོང ་དུ་བཅུག་སྟེ་རབ་ཏུ་དགའ་བ་ལ་སོགས་པའི་སར་རིམས་ཀྱིས་དགོད་པར་བྱའོ།། དེ་ལ་རིམ་ཞེས་བྱ་བ་ནི་འཇུངས་པའི་གཉེན་པོར་སྦྱིན་པ་དང་། ངང་ཚུལ་ངན་པའི་གཉེན་པོར་ཚུལ་ཁྲིམས་དང་། ངན་དུ་སྨྲ་བ་ལ་སོགས་པ་ཁྲོ་བའི་གཉེན ་པོར་ཇི་མ་སྙམ་ཞེས་བཟོད་པ་དང་། ལེ་ལོའི་གཉེན་པོར་བརྩོན་འགྲུས་དང་། མཉམ་པར་མི་འཇོག་པའི་གཉེན་པོར་བསམ་གཏན་དང་། མ་རིག་པའི་གཉེན་པོར་ཤེས་རབ་དང་། ཐབས་མེད་པའི་གཉེན་པོར་ཤེས་རབ་ཀྱིས་ཐབས་ལ་མཁས ་པ་དང་། སྨོན་པ་མེད་པའི་གཉེན་པོར་བཟང་པོ་སྤྱོད་པའི་སྨོན་ལམ་དང་། རྣལ་འབྱོར་གྱི་ལམ་གྱི་སྟོབས་ཆུང་བའི་གཉེན་པོར་སྟོབས་དང་། ཉོན་མོངས་པ་དང་། ཉོན་མོངས་པ་མེད་པའི་མི་ཤེས་པ་ཐམས་ཅད་ཀྱི་གཉེན་པོར་ཡེ་ཤེས་ཏེ། ་ས་བཅུའི་རིམ་གྱིས་མཚམས་སྦྱོར་བའི་ཁྱད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་འགོད་པར་བྱ་ཞིང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚོགས་རྣམས་ཀྱིས་སངས་རྒྱས་སུ་དགོད་པར་བྱའོ།། རྟག་པ་བསམ་གྱིས་མི་ཁྱབ་ཅེས་བྱ ་བ་ལ་སོགས་པ་ལ། རྟག་པ་ནི་རྒྱུན་རྟག་པའི་ཕྱིར་རོ།། མི་རྟག་པ་ནི་སྐད་ཅིག་མའི་ཕྱིར་རོ།། བསམ་གྱིས་མི་ཁྱབ་པ་ནི་བསམ་མི་ནུས་པའོ།། མུ་སྟེགས་བྱེད་པ་རྣམས་རྒྱུ་རྣམས་ལ་རྟག་པ་དང་། བསམ་གྱིས་མི་ཁྱབ་པར་སྨྲའོ་ཞེས་པ་གླེངས་པའོ།། ་ལྷ་ཆེན་པོ་དང་། གཏོགས་འདོད་དང་། ཚངས་པ་དང་། བདག་དང་། རྡུལ་ཕྲ་མོ་ལ་སོགས་པ་ནི་གནས་ཀྱི་དཀྱིལ་འཁོར་གྱི་དངོས་པོ་རྣམས་ཀྱི་རྒྱུ་རྟག་པ་དང་། བསམ་གྱིས་མི་ཁྱབ་པས་ནུས་སོ་ཞེས་མི་གཉིས་པར་སྨྲ་བ་རྣམས་རྟོག་པ་དང་། རྒྱུ ་རྣམས་ཀྱིས་རྒྱུ་མ་རིག་པའི་མཐུ་བསམ་གྱིས་མི་ཁྱབ་བོ་ཞེས་མི་གཉིས་པར་སྨྲ་བ་རྣམས་ཀྱང་སྨྲའོ།། གཉིས་པར་སླུ་བ་རྣམས་ཀྱང་རྡུལ་གཉིས་པ་ལ་སོགས་པའི་རིམས་ཀྱིས་རྡུལ་ཕྲ་མོ་རྣམས་ལ་ཡན་ལག་མེད་ཀྱང་། ཡན་ལག་དང་བཅས ་པའི་རྫས་རྩོམ་པར་བྱེད་ཅེས་དེ་སྐད་དུ་གླེངས་པ་དེར་ཐམས་ཅད་མཁྱེན་པས་སྤོང་བར་གསུངས་པ། མུ་སྟེགས་བྱེད་པ་རྣམས་རྒྱུ་ནི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ཉིད་ཐོབ་པར་མི་འགྱུར་རོ་ཞེས་སོ།། དེའི་རྒྱུ་གསུངས་པ། དེ་ཅིའི་ཞེ་ན ་ཞེས་པའོ།། རྒྱུའི་རང་གི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་རྒྱུའི་རང་གི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། རྟག་པ་ལ་རྒྱུ་མེད་པས་ན་རི་བོང་གི་རྭ་ལྟར་དངོས་མེད་པའོ་ཞེས་སོ།། ཐམས་ཅད་མཁྱེན་པས་ཚད་མའི་དོན་ཉིད་དུ་གསུང ་པ། བློ་གྲོས་ཆེན་པོ་གང་གི་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་དེ་རྒྱུའི་རང་གི་མཚན་ཉིད་དང་མི་ལྡན་པ་ནི་རྟག་པ་བསམ་གྱིས་མི་ཁྱབ་པ་རི་བོང་གི་ར་ལྟར་མ་སྐྱེས་པས་ན་རང་བཞིན་མེད་པའི་ཕྱིར་རང་བཞིན་གྲང ་གིས་མངོན་པར་བྱ། བྱེད་པ་པོ་འམ་ཤེས་པར་བྱེད་པ་མངོན་པར་བྱེད་པའི་རྒྱུ་གང་གིས་རྗེ་སུ་དཔག་པར་བྱ། མ་སྐྱེས་པ་ནི་དངོས་པོ་མེད་པས་ན་རྟག་པ་དང་། བསམ་གྱིས་མི་ཁྱབ་པའོ་ཞེས་རྟག་པ་དང་བསམ་གྱིས་མི་ཁྱབ་པར་སྨྲ་བར་མི་རུང་།། ་དེ་སྟེ་རྒྱུའི་རང་གི་མཚན་ཉིད་ནི་རག་ལུས་པའོ་ཞེས་བརྒྱ་ལ་མུ་སྟེགས་བྱེད་པས་ཁས་ལེན་ན་དེའི་ཚེ་དེ་ལས་གཞན་པའི་བྱས་པ་ཅན་བཞིན་དུ་མི་རྟག་པར་འགྱུར་རོ།། ངའི་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ཕྱོགས་ཀྱི་ཁྱད་པར་གསུངས་པའོ།། ་རྟག་པ་ནི་རྒྱུན་རྟག་པའི་ཕྱིར་རོ།། གང་ན་བསམ་པ་མེད་པ་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དོན་དམ་པའི་བདེན་པ་གཉིསུ་མེད་པ་ཡང་དག་པར་རིག་པ་དེ་ནི་རྟག་པ་བསམ་གྱིས་མི་ཁྱབ་པས་ཏེ། དབང་པོའི་ཤེས་པ་འཇུག་པ་ཡང་དག་པར་ཤེས་པ ་བཞིན་ནོ།། དོན་དམ་པའི་རྒྱུའི་མཚན་ཉིད་དང་ལྡན་པ་ནི་མི་གཉིས་པར་ཡང་དག་པར་རིག་པའི་མཚན་ཉིད་པས་ན་མི་གཉིས་པར་ཡང་དག་པར་རིག་པའི་མཚན་ཉིད་ཀྱི་དངོས་པོའི་མཚན་ཉིད་ཀྱི་དངོས་པོའོ།། དངོས་པོ་དང་དངོས་པོ་མེད་པ་དང ་བྲལ་བ་ནི་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་མེད་པའོ།། འཕགས་པ་ས་སོ་རང་གིས་རིག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཡང་དག་པར་རིག་པ་རང་བཞིན་གཉི་སུ་མེད་པའི་ཕྱིར་ཡོངསུ་གྲུབ་པར་དགོངས་པ་ཡིན་གྱི་གཞན་གྱི་དབང་དངོས ་པ་དང་དངོས་པོ་མེད་པ་དང་བྲལ་ཞིང་གཉིས་སུ་མེད་པ་སྒྱུ་མ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ།། ཆུད་པའི་རང་བཞིན་ནི་ཡང་དག་པར་རིག་པའི་དངོས་པ་ཉིད་པས་ན་མཚན་ཉིད་དོ།། དེས་ན་མཚན་ཉིད་དང་ལྡན་པའོ།། གང་ན་མཚན་དང་ལྡན་པ ་མེད་པ་དེས་ན་རྣམ་པ་གཉིས་དང་མ་བྲལ་བས་ན་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། མངོན་པར་བརྗོད་པར་བྱའོ།། མུ་སྟེག་བྱེད་པ་རྟག་པ་སྨྲ་བ་མ་གཏོགས་པའི་སྐད་ཅིག་མའི་རྒྱུན་གསུངས་པ། རྒྱུ་དང་ལྡན་པའི་ཡིན་གྱི། རྒྱུ་མེད་པ་ལས ་བྱུང་བ་ནི་མ་ཡིན་ནོ་ཞེས་སོ།། ཇི་ལྟར་ན་ཡང་མི་གཉིས་པའི་ཡེ་ཤེས་ཀྱི་རྒྱུ་དོན་དམ་པའི་ཡེ་ཤེས་ཡིན་ཞེས་པ་དང་གསུངས་པ་ཡོད་པ་དང་བྲལ་བས་ན་ཞེས་སོ།། དོན་དམ་པ་མ་ཡིན་པའི་གཞན་གྱི་དབང་ནི་ཡོད་པ་དང་མེད་པ་གཉིས་ཀྱི ་རྣམ་པ་ཡིན་ཏེ། དེ་ལས་འདས་པའི་ཡོངས་སུ་གྲུབ་པ་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ཐམས་ཅད་དུ་ཁྱབ་པ་བརྗོད་དུ་མེད་པ་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆུད་པའི་རྒྱུན་གྱི་ཆོས་ཉིད་དེ་ནི་ཡེ་ནས ་གནས་པ་ཡིན་ཏེ། དབང་པོ་ལ་སོགས་པས་མ་བྱས་པས་ན་མ་བྱས་པ་དང་། འདུས་མ་བྱས་པས་ན་ནམ་མཁའི་ཆོས་སུ་བརྟག་གོ།། དེ་བཞིན་ཉིད་ཅེས་བྱ་བ་ནི་མི་གཉིས་པོའི་ཆོས་ཉིད་དོ།། དངོས་པོ་མི་རྟག་པའི་མཚན་ཉིད་ཀྱི་རྒྱུ་ལས་གྱུར ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མི་རྟག་པའི་དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་རང་བཞིན་འབྱུང་བའི་རྒྱུ་ཡོད་དེ། དེས་ན་དེ་དག་མི་རྟག་པའོ།། རྒྱུ་དང་ལྡན་པ་མ་ཡི་པ་ཡོད་པ་ནི་རྟག་པ་སྟེ་ཞེས་པ་ནི་རྟག་པའི་རྒྱུ་དེ་ལ་མེད་དེ། དེས་ན་བདག་གིས ་བྱས་པའི་རྒྱུའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་རྟག་པ་མ་ཡིན་ནོ།། དེ་དག་གི་རྒྱུ་མེད་དོ་ཞེས་དོན་འདི་འབྱུང་སྟེ། དེ་རྒྱུ་མ་ཕྱེ་བས་ན་རྟག་གོ་ནས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་བརྟགས་པ་འབའ་ཞིག ་ཏུ་ཟད་དོ།། རྒྱུ་དང་བྲལ་བ་རྣམས་ནི་མ་སྐྱེས་པས་ན་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དོ།། མུ་སྟེགས་བྱེད་པ་རྣམས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་རྟོག་པ་ནི་དུས་ཐམས་ཅད་དུ་གནས་པས་ན་རྟག་པ་བསམ་པ་དང་བྲལ་བའི་ཕྱིར ་བསམ་གྱིས་མི་ཁྱབ་པ་སྟེ། མི་གཉིས་པ་རྣམ་པར་མི་རྟོག་པ་དང་། སྣང་བ་ཐམས་ཅད་དང་བྲལ་བའི་ཕྱིར་ཤེས་པ་ནི་དེ་ལྟ་བུར་ཡང་གྲོལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། ཚད་མ་སྔ་མའི་དོན་ཉིད་ཞིབ་ཏུ་གསུངས་པ ་བློ་གྲོས་ཆེན་པོ་དེ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། བྱས་པའི་དངོས་པོ་མེད་པས་རྟག་པ་ཉིད་དུ་མཐོང་ནས་རྗེ་སུ་དཔག་པའི་ཚད་མའི་བློས་མ་བྱས་པ་ནི་རྟག་པར་འགྱུར་ཞེས་དེ་ལྟར་ན་ནི་ངའི་ཡང་རྒྱུ་ཉིད་ཀྱི་སྟེ་མ་བྱས་པས་བྱས་པའི་དངོས ་པོ་རྣམས་འཇིག་པའི་མཚན་ཉིད་དུ་མེད་པས་རྟག་པར་མཐོང་ནས་རྒྱུ་མེད་པར་བསྟན་པའི་ཕྱིར་རྟག་པ་སྟེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དངོས་པོ་མེད་པ་ཉིད་དེ་དེ་ལྟ་བས་ན་འཕགས་པའི་ལྷས་དོན་དེ་ཉིད་སྨྲས་པ། རྟེན་འབྲེལ ་འབྱུང་ཡོད་མེད་པ་ནི།། ནམས་ཀྱང་སུ་ཞིག་གང་དུ་ཡང་།། ཅུང་ཟད་ཡོད་པ་མ་ཡིན་ཏེ།། དེས་ན་དེ་ནི་རྟག་པའོ།། རྒྱུ་མེད་པ་ནི་དངོས་པོ་མེད། རྒྱུ་ལྡན་པ་ཡང་རྟག་པ་མིན།། དེས་ན་རྒྱུ་མེད་གྲུབ་པ་མེད།། ཡང་དག་རིག་པས་གྲུབ ་མེད་གསུངས།། དེ་སྟེ་རྒྱུ་དང་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་རྟག་པ་དང་བསམ་གྱིས་མི་ཁྱབ་པ་བསྒྲུབ་པའི་རྒྱུ་ཞིག་ཡོད་ན་ནི་དེའི་ཚེ་རུང་ངོ་ཞེས་དེ་ནི་ཐམས་ཅད་མཁྱེན་པས་དགོངས་པའོ།། རྟག་པ་དང་བསམ ་གྱིས་མི་ཁྱབ་པ་བསྒྲུབ་པའི་རྒྱུ་གང་ཡང་མེད་པས་ན་དེའི་ཕྱིར་ཉེ་བར་བསྡུ་བར་མཛད་པ། རྒྱུའི་རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པས་ཞེས་ཏེ། གང་གིས་སྒྲུབ་པར་བྱེད་པ་དེའི་དངོས་པོ་མེད་པས་ན་དེ་མེད་པའི་ཕྱིར་དེ་མ་སྐྱེས་པས ་རི་བོང་གི་རྭ་ལྟར་དངོས་པོ་མེད་དོ་ཞེས་ཚད་མའི་དོན་དོ།། རྒྱུན་གྱི་རྟག་པའི་དབང་གསུངས་པ།། ང་ཡི་ཞེས་བྱ་བ་ལ་སོགས་པ་ལ།། བྱས་པའི་དངོས་པོ་དང་དངོས་པོ་མེད་པོ་མེད་པར་རྣར་སྤངས་པས་ན་ཞེས་བྱ་བ་ནི་དེ་མོ་བྱས་པའི་ཕྱིར ་སེ་གོལ་གྱི་སྒྲ་ལ་སོགས་པའི་མཚན་ཉིད་ཀྱི་སྐད་ཅིག་པ་དེ་མི་ཐག་ཏུ་མཚམས་མི་སྦྱོར་བ་ནི་མཚན་ཉིད་ཐ་དད་པའི་ཕྱིར་རོ།། རྒྱུ་མ་སྐད་ཅིག་མ་འདྲ་བ་རྣམ་པར་མི་ཆད་པས་ན་སེམས་ཀྱི་རྒྱུད་རྟག་གོ་ཞེས་སྐད་ཅིག་མ་འཇིག་པར་རྣམ་པར ་དགོངས་པའི་དོན་ཏོ།། མི་གཉིས་པར་སྨྲ་བ་རྣམས་ཀྱི་ཕྱི་རོལ་གྱི་དངོས་པོ་མེད་པས་རྟག་པར་རྗེ་སུ་དཔག་པ་རིགས་པ་མ་ཡིན་ཏེ། འགྱུར་བའི་གྲོགས་བྱས་པས་ན་མི་རྟག་པ་ཡིན་ལ། མ་བྱས་པའི་ཕྱིར་མི་གཉིས་པ་རྟག་གོ་ཞེས་པ ་ཕྱོགས་དེ་ལ་རྒྱུ་མེད་པས་ན་རི་བོང་གི་རྭ་བཞིན་དུ་མེད་པ་ཁོ་ན་སྟེ། དེ་བས་ན་ཕྱི་རོལ་གྱི་དངོས་པོ་མེད་པས་རྟག་པ་རྗེས་སུ་དཔག་པའི་ཕྱིར་རྟག་པ་མ་ཡིན་ནོ།། སྨྲ་བ་པོ་གང་ཡང་ཕྱི་རོལ་མེད་པའི་ཕྱིར་རྟག་པ་ལ་རྗེས་སུ་དཔོག་པས་དངོས ་པོ་རྣམས་རྟག་པས་ན་རྟག་པ་དང་བསམ་དུ་མེད་པ་སྟེ་ཞེས་སྨྲ་བ་དེ་རྟག་པ་དང་། བསམ་དུ་མེད་པ་དེའི་རྒྱུའི་རང་གི་མཚན་ཉིད་མི་ཤེས་ཏེ། རྨི་ལམ་དང་མིག་འཕྲུལ་གྱི་མཚན་ཉིད་ཀྱི་དངོས་པོར་གྱུར་པ་དེ ་མེད་པས་དེ་མེད་དོ་ཞེས་པར་རྒྱུ་མེད་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་མེད་པར་མི་ཤེས་སོ་ཞེས་དགོངས་པའི་དོན་ཏོ།། གཏམ་བྱར་ཡང་མི་རུང་ངོ་ཞེས་པ་ནི་སྨྲ་བར་མི་བྱ་བའོ།། ཕྱི་རོལ་གྱི་དངོས་པོ་རྟག་པས་རྟག་པར་རྗེ་སུ ་དཔག་གོ་ཞེས་གང་ནས་དེ་སྐད་དུ་འབྱུང་བ་དེར་ཡང་གཉིས་པར་སྨྲ་བ་རྣམས་ཀྱི་རྡུལ་ཕྲ་མོ་རྣམས་ལ་རྟག་པའི་རྒྱུ་མེད་པས་ནཱ་རི་བོང་གཱི་རཱ་ལྟར་དངོས་པོ་མེད་ཅེས་སོ།། ཚད་མས་ཁྱབ་པའི་ཚུལ་སྤྱིར་གསུངས་པས་གཉིས་པ་དང་མི ་གཉིས་པར་སྨྲ་བ་རྣམས་ཀྱི་རྗེས་སུ་དཔག་པ་ཐམས་ཅད་མཁྱེན་པས་སུན་དབྱུང་བའི་ཕྱིར་མི་གཉིས་པར་སྨྲ་བ་རྣམས་ཀྱི་རྟག་པའི་རྗེསུ་དཔག་པ་ཇི་ལྟ་བུར་མི་རུང་བ་ནི་དཔྱད་པའོ།། གཉིས་པོར་སྨྲ་བ་རྣམས་ཀྱིས་དཔྱད་པར་བྱ་སྟེ། ་ཕྱི་རོལ་གྱི་དངོས་པོ་རྟག་པས་རྗེས་སུ་དཔག་པ་ནི་རྡུལ་ཕྲ་མོ་རྣམས་རྟག་པ་དང་། བསམ་གྱིས་མི་ཁྱབ་པ་ཞེས་དེ་ཇི་ལྟ་ཞེ་ན་ཡན་ལག་ཅན་གྱི་ཆའི་དངོས་པོ་མེད་པས་སོ།། ཕྱི་རོལ་གྱི་ཡན་ལག་ཅན་གྱི་ཐམས་ཅན་ཡོན་ལག་གི་ཆ ་དང་བྲལ་ན་དངོས་པོ་མེད་པ་སྟེ། དེས་ན་མཐའི་རྡུལ་རྣམས་རྟག་པ་ཡིན་པས་ན་རྗེས་སུ་དཔག་གོ། ཇི་ལྟར་སྣང་བར་བྱེད་པས་སྨྲས་པ། བོང་བ་རྣམ་པའི་ཆར་ཕྱེ་བ་ན་འཇམ་པ་དང་། ཆེར་འཇམ་པ་ལ་སོགས་པར་ཁྱད་པར་དུ་ཆ་རྣམས ་སུ་གཟུང་བ་གང་དེ་ལས་ཡང་བ་མེད་པ་ནི་རྡུལ་ཞེས་བྱའོ་ཞེས་པའི་རྟག་པར་སྨྲ་བ་པོའི་མུ་སྟེགས་ཅན་རྟག་པར་སྨྲ་བ་པོ་རྣམས་ཁོང་དུ་མི་ཆུད་པ་རྣམས་ཀྱི་རྟག་པ་རྗེས་སུ་དཔག་པ་ཐམས་ཅད་མཁྱེན་པས་མི་འཐད་པར་རྒྱུ་མེད་པར་བསྟན ་པ་ལ་སོགས་པ་སྤྱིར་སྔར་བཤད་པ་བཞིན་ནོ།། འཁོར་བའི་སྡུག་བསྔལ་རྣམ་པར་རྟོག་པའི་འཇིགས་པས་སྐྲག་པ་དག་ཅེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་དུ་འཁྲུལ་ནས་གཟུགས་ལ་སོགས་པའི་ཕུང་པོ་མི་རྟོག་པ་དང་། སྡུག ་བསྔལ་བ་ལ་སོགས་པས་ཤིན་ཏུ་སྐྲག་ནས་མྱ་ངན་ལས་འདའ་བ་ཚོར་བར་བྱེད་དེ། རྣམ་པར་རྟོག་པ་གཉིས་མོད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པའི་མྱ་ངན་ལས་འདས་པ་མི་ཤེས་སོ།། ཕྱིའི་དོན་ལ་མངོན་པར་ཞེན་པས ་ཐེག་པ་གསུམ་དུ་རྟོག་པར་བྱེད་ཅེས་བྱ་བ་ནི་བསྡུས་པའི་དོན་ཏོ།། ཁྱད་པར་མི་ཤེས་པ་ཞེས་བྱ་བ་ནི་རང་བཞིན་བདེན་པར་མངོན་པར་མི་ཤེས་པས་དངོས་པོ་ལ་རྣམ་པར་རྟོག་པ་ཐམས་ཅད་མེད་པ་དང་། དབང་པོ་རྣམས་ཀྱི་ཡུལ་མ ་འོངས་པའི་རྒྱུན་བཅད་པས་སྤྱོད་པ་དང་ལོངས་སྤྱོད་ལ་སྐྱོ་བའི་ཕྱིར་འགོག་པའི་དབྱིངས་ཀྱི་མྱ་ངན་ལས་འདས་པ་མངོན་སུམ་དུ་འབྱེད་པའོ།། ཇི་ལྟར་འདི་ཉིད་དུ་གསུངས་པ། ཏིང་ངེ་འཛིན་དྲེགས་པས་མྱོས་པ་ནི།། དེ་དག་ཟག་མང་དབྱིངས ་སུ་གནས།། སོ་སོ་རང་གིས་རིག་པ་ཞེས་བྱ་བ་ལ་སོགས་པ་ནི་ཆུད་པའི་རང་བཞིན་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའི་གནས་འཕོས་པའི་མཚན་ཉིད་མི་གཉིས་པར་ཡང་དག་པར་རིག་པའི་མྱ ་ངན་ལས་འདས་པ་རྣམས་གཉིས་ཀྱི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་པ་ལས་འགྱུར་བ་ནི་མི་ཤེས་སོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སེམས་ཙམ་ཉིད་དུ་སྣང་བ་མེད་པ་ནི་མྱ་ངན་འདའ་བ་ཞེས་བྱའོ།། ་ཇི་ལྟར་བདུན་བརྒྱ་པ་ལས་འབྱུང་བ། འདི་ཉིད་མྱ་ངན་ལས་འོདས་པ་སྟེ་གང་ཞེ་ན། སེམས་པ་མེད་པ་ཉིད་དོ་ཞེས་ཏེ། དེ་ལྟར་སྨྲ་བ་པོར་མི་འགྱུར་རོ།། རང་གི་སེམས་སྣང་བའི་སྤྱོད་ཡུལ་མངོན་པར་མི་ཤེས་པ་སྟེ་ཞེས་བྱ་བ་ནི་གཉིས་ཀྱི་རྣམ ་པར་སེམས་མི་ཤེས་པའོ།། ཕྱི་རོལ་གྱི་སྣང་བ་སེམས་ཀྱི་སྤྱོད་ཡུལ་དུ་མངོན་པར་ཞེན་པ་ཞེས་བྱ་བ་ནི་གཟུང་བའི་ཆ་ལ་ཕྱི་རོལ་གྱི་བར་རྟོག་པར་བྱེད་དེ། དེ་དག་ཀྱང་འཁྲུལ་པས་ན་འཁོར་བར་རབ་ཏུ་འཁོར་རོ།། གཞན་ཡང་ཆོས ་ཐམས་ཅད་མ་སྐྱེས་པར་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་གི་སྐྱེ་བའི་རང་བཞིན་མོད་པ་གསུང་ངོ་།། དེའི་རྒྱུ་གསུངས་པ། རང་གི་སེམས་སྣང་བའི་དངོས་པོ་མེད་པ་དང་ཞེས་པ་སྟེ། རྨི་ལམ་དང་། མིག་འཁྲུལ་དང་། རབ་རིབ ་ལ་སོགས་པའི་རང་བཞིན་བཞིན་ནོ།། ཇི་ལྟར་ན་མ་སྐྱེས་ཞེས་པ་དང་། རིག་པ་གཞན་གསུངས་པ། མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་སོ།། ཡོད་པ་ནི་དངོས་པོར་ཡོད་པའི་ཕྱིར་སྐྱེ་བ་མེད་དོ།། མེད་པ་ཡང་སྐྱེད་མི་ནུས་པའི་ཕྱིར་རོ།། དངོས ་པོ་དང་དངོས་པོ་མེད་པ་ལ་བྱེད་པ་པོ་དང་། ལས་དང་། བྱེད་པ་མངོན་པར་འབྲེལ་པ་མེད་དེ། ཇི་ལྟར་དབུ་མ་ལས་འབྱུང་བ།། ཡོད་དང་མེད་པའི་དོན་ལ་ནི།། རྐྱེན་རྣམས་ཡོད་པ་མ་ཡིན་ཏེ།། མེད་ན་རྐྱེན་ནི་སུ་ཡི་ཡིན།། ཡོད་པ་རྐྱེན་གྱིས་ཅི་ཞིག་བྱ ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་མ་ཡིན་པར་སོ་སོའི་བརྟགས་པའི་རང་བཞིན་དུ་རྣམ་པར་བརྟགས་པའི་ཕྱིར་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་མ་ཡིན་པའི་ཕྱི་རོལ་གྱི་དོན་ཡོང་སུ་རྟོག་པར་བྱེད་དོ།། ་རྣམ་པ་དེ་ལྟ་བུའི་རང་བཞིན་ལ་ཡང་རྟག་པ་དང་། མཛེས་པ་དང་། གཙང་བ་ལ་སོགས་པར་བྱས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པ་སྟེ། ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པའི་རང་བཞིན་རྣམ་པར ་བརྟགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དོན་དམ་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གྲུབ་པ་མི་གཉིས་པ་ཡང་དག་པར་གསུངས་པ། འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བརྟགས ་པ་དང་། གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ནི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རང་བཞིན་ཏེ། དེ་ཉིད་གཉིས་སུ་མེད་པའི་རང་བཞིན་གྱི་མཚན་ཉིད་སྐྱེ་བའོ།། མཚན་ཉིད ་ནི་དེ་ཉིད་སྐྱེ་བ་གྲུབ་པའི་མཚན་མ་སྟེ། རྟོགས་པར་བྱེད་པའོ།། དེ་ཉིད་དངོས་པོ་ཡིན་པས་ན་གཞན་དྲག་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མི་སྐྱེ་བ་སྟེ། གཉིས་ཀྱི་རྣམ་པའི་རྣམས་ཤེས་རབ་ཀྱིས་དཔྱད་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་རུང་།། ། ་དེའི་འོག་ཏུ་འབྱུང་ཞེས་བྱ་བ་ཡང་རང་བཞིན་མེད་པས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ནོ།། བྱིས་པ་རྣམས་ལ་རང་བཞིན་གྱི་འཁྲུལ་པ་ཡོད་པས་ན་བྱིས་པས་རང་བཞིན་དུ་རྣམ་པར་བརྟགས་པས་མི་གཉིས་པའི་རང་བཞིན་སྤྱོད་ཡུལ་དུ ་མི་འགྱུར་རོ།། དེ་དོན་དམ་པའི་བདྲེན་པ་མི་གཉིས་པར་ཆུད་པའི་རང་བཞིན་གཟུང་བ་དང་འཛིན་པའི་ཡུལ་མ་ཡིན་ཞེས་བྱ་བའི་བར་དུའོ།། ལུས་དང་ལྗོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས ་པ་སྐྱེས་པ་དང་། གནས་པ་དང་། འཇིག་པའི་ལྟེ་བར་ལྷུང་བའི་བསམ་པ་ཞེས་བྱ་བ་དེ་ལ་བྱིས་པ་རྣམས་འཛིན་པ་དང་གཟུང་བ་གཉིས་ལ་མངོན་པར་ཞེན་པ་རབ་རིབ་ཅན་རྣམ་པ་གཉིས་སུ་འཁྲུལ་པ་བཞིན་དུ་སྐྱེ་བ་དང་། གནས་པ་དང ་འཇོག་པ་རྣམས་རྟོག་གོ། དོན་དམ་པར་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་གཞན་གྱི་དབང་གི་འཁྲུལ་པའི་རྣམ་པ་རྣམས་ལ་སྐྱེ་བ་དང་། གནས་པ་དང་། འཇིག་པ་མེད་དོ།། མཚན་ཉིད་ཡོངས་སུ་འདྲིས་པར་བྱ་བ་ལ ་སོགས་པ་ནི་སྤྱི་དང་ཁྱད་པར་གྱི་མཚན་ཉིད་རབ་ཏུ་རྟོགས་པར་དེའི་ཤེས་པ་འཇུག་གོ། དེ་ལ་སྤྱིའི་མཚན་ཉིད་ན་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་ལ་སོགས་པའོ།། ཁྱད་པར་གྱི་མཚན་ཉིད་ནི་བརྟེན་པ་ལ་སོགས ་པའི་ལས་དང་། སྲ་བ་དང་། རླན་པ་དང་། དྲོ་བ་དང་། གཡོ་བར་གྲུབ་པའོ།། ཡང་འབྱེད་པའི་མཚན་ཉིད་ལ། གཟུགས་ནི་དབང་པོ་ལྔ་དང་དོན།། ལྔ་དང་རིག་བྱེད་མ་ཡིན་གཟུགས།། རྣམ་གཉིས་རྣམ་པ་ཉི་ཤུ་སྒྲ།། བརྒྱད་དང་རོ་ནི་རྣམ་པ ་དྲུག། དྲི་ནི་རྣམ་པ་བཞི་དང་རེག། བཅུ་གཅིག་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པའོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བར་འཇུག་པ་ནི་མངོན་པར་འདུ་བྱེད་པ་དང་། ནན་ཏན་བྱ་བའི་བར་དུའོ།། འཇུག་པ་དེས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཟབ་མོ་མི ་གཉིས་པའི་མཚན་ཉིད་ལ་ནན་ཏན་མི་བྱེད་པའོ།། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་ལྟ་བས་ཞེས་བྱ་བ་ནི་བདག་གི་དོན་དུ་ལྟ་བས་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞན་གྱི་དབང་གི་རྣམ་པ་ཉིད་ལ་མི་རྟག་པ ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་ལ་སོགས་པའི་རྣམ་པས་འདོད་ཆགས་དང་བྲལ་ནས་ཀུན་ན་ས་ལྡང་བའི་ཉོན་མོངས་པ་དང་། ཉོན་མོངས་པའི་བག་ཆགས་ཀྱི་ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་རོ།། བསམ་གྱིས ་མི་ཁྱབ་པའི་འཕོ་བ་དང་ལྡན་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དང་ལྡན་པ་སྟེ། སེམས་པ་མེད་ཅེས་པའི་བར་དུའོ།། ཇི་ལྟར་འདིར་གསུངས་པ།། དེ་དག་ཏིང་འཛིན་མྱོས་པས་མྱོས།། ཟག་པ་མེད་པའི་དབྱིངས་ན་འཁོད་ཅེས ་པའོ།། ཇི་ལྟར་བདུན་བརྒྱ་པ་ལས་འབྱུང་བ། འདི་ཉིད་མྱ་ངན་ལས་འདས་པ་སྟེ། གང་ཞེ་ན། བསམ་པ་མེད་ཅེས་པའོ།། སེམས་པ་མེད་པའི་ཏིང་ངེ་འཛིན་དེ་ལས་ལངས་ནས་སེང་གེའི་སྒྲ་སྒྲོགས་པ་ནི་བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་བཞིན་དུ་ས་ལྔ་དང་། ས་དྲུག་ཏུ་ཉོན་མོངས་པ་སྤངས་པར་གྱུར་ཀྱང་མྱ་ངན་ལས་འདས་པའི་འདུ་ཤེས་མེད་དོ།། གང་ཟག་ལ་བདག་མེད་པ་ཡོངས་སུ་དྲིས་ནས་ཡོངས་སུ ་ཤེས་ནས་སྐད་ཅིག་མར་འཇིག་པ་ཡོངསུ་ཤེས་པའི་ཕྱིར་འཕགས་པའི་ཉན་ཐོས་རྣམ་ཕུང་པོར་སྣང་བ་རྣམས་ལ་སྐྱོ་བ.རོ་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པའི་རང་བཞིན་པའི་འཁོར་བ་ལྔས་སྐྲག་པར་འགྱུར་བ་མེད་ཅིང་སྙིང་རྗེས་དེ་དག་འཇུག་གོ། བློ་གྲོས་ཆེན་པོ་གཞན་དག་ནི་བདག་དང་ཞེས་བྱ་བ་ལ་སོགས་པ་ཡོངསུ ་ཤེས་པས་མྱ་ངན་ལས་འདས་པ་ཚོལ་ཞིང་གང་དག་སྐད་ཅིག་པར་འཇིག་པར་ཁོང་དུ་ཆུད་པར་མི་བྱེད་པ་རྣམས་སོ།། གཞན་དག་ནི་ཞེས་བྱ་བ་ལ་སོགས་པ་རྒྱུ་ལས་སྡུག་བསྔལ་འབྱུང་བར་ཤེས་ནས་མྱ་ངན་ལས་འདས་པའི་བློ་ནི་ཅན་དུ ་གྱུར་པ་ནི་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་གྲངས་ཅན་ལ་སོགས་པ་ལ་ཆོས་ལ་བདག་མེད་པ་མཐོང་བ་མེད་ཅིང་ཕྱི་རོལ་གྱི་དོན་དུ་ལྟ་བས་ཐར་པ་མེད་དེ། ལོག་པའི་ཤེས་པ་སྤོང་བའི་བདག་མེད་པ་གཉིས་ཡོངསུ་ཤེས་པས་ཐར ་པར་འགྱུར་ན་དེ་ནི་དེ་དག་ལ་མེད་དོ།། ཇི་སྲིད་དུ་ལྡོག་པའི་ཤེས་པ་ཡོད་པ་དེ་སྲིད་དུ་མ་རིག་པ་སྤོང་བ་མེད་དེ། འཁོར་བ་ཡང་མ་རིག་པ་ལས་འབྱུང་། ཡང་དག་པར་ཤེས་པ་ལས་མྱ་ངན་ལས་འདས་པའོ་ཞེས་ཐམས་ཅད་མཁྱེན ་པས་དགོངས་པའོ།། མུ་སྟེགས་ཅན་རྣམས་ནི་འབྱུང་བ་མ་ཡིན་པ་ལ་འབྱུང་བར་འདུ་ཤེས་པ་སྟེ། ལྟ་བ་ངན་པས་རྟག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་དང་། གཙོ་བོ་དང་། དུས་དང་། འབྱུང་བ་དང་། རྡུལ་ཕྲ་མོ ་ལ་སོགས་པ་རྒྱུར་སྨྲ་བའི་རྣམས་རྟག་པར་ཚངས་པ་དང་། དབང་པོ་ལ་སོགས་པས་སྣང་བ་དང་། མཆོད་སྦྱིན་དང་། ཞུགས་པ་དང་། ཁྲུས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། གླུ་དང་། གར་དང་། རིན་པོ་ཆེ་དང་། རྩ་བ་འཆང ་བ་དང་། སྦྱོར་བུ་དང་དྲི་མ་འཆང་བ་དང་། གྲང་བ་དང་། དྲོ་བ་དང་། ཉི་མས་གདུངས་པ་དང་། སྐུ་འབལ་བ་དང་། ཚེར་མ་ལ་འདྲེ་བ་དང་། ཁ་འཚོ་བ་ལ་སོགས་པ་བསམ་གཏན་གྱི་བར་ཆད་བྱེད་ཅིང་འཁྲུལ་པ་དང་མཉམ་པར་འཇོག ་པ་མ་ཡིན་པའི་སེམས་ཀྱིས་ཐར་པར་མ་ཡིན་པ་ཐར་པར་འདུ་ཤེས་པའོ།། འདུ་འཛི་མེད་པའི་རྐྱེན་ནི་བདེན་པའི་དངོས་པོ་ལ་མངོན་པར་གནས་ཏེ་རང་སངས་རྒྱས་ཀྱི་མངོན་པར་ཤེས་པ་སྐྱེད་པར་བྱེད་དོ།། རང་རང་གི་ལུས་ཀྱི་རྫུ་འཕྲུལ ་སྣ་ཚོགས་རྣམ་པ་སྣ་ཚོགས་རྣམ་པ་མང་པོ་ནི་ན་མཁར་འཕགས་པ་ལ་སོགས་པའོ།། ཟུང་གི་ཆོ་འཕྲུལ་ནི་འབར་བ་དང་ཆར་པ་འབེབས་པ་ལ་སོགས་པ་སྟེ། རྣམ་པ་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་བཤད་པ་ན་དགའ་བར་འགྱུརརོ།། དེ་ལ་དེ ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་མེད་པར་ཤེས་པ་སྟེ། ཐོས་པ་དང་སེམས་པའི་ཤེས་རབ་ཀྱིས་དཔྱད་དེ། ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ།། བསྒོམ་པའི་ཤེས་རབ ་ཀྱིས་བདག་ཉིད་རབ་ཏུ་སྣང་བ་དོན་དམ་པའི་བདེན་པ་མི་གཉིས་པ་ཆུད་པའི་མཚན་ཉིད་མངོན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་མཚན་ཉིད་ཆེན་པོ་དང་ལྡན་པར་བརྟག་གོ།། གསུམ ་པོ་འདི་དག་ལས་གང་བསྟན་ཀྱང་རུང་སྟེ་ཞེས་བྱ་བ་ནི་གཞན་གྱི་དབང་སྣང་བ་དང་བཅས་པ་དང་སྣང་བ་མེད་ཅིང་བསམ་པ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་ཡོངས་སུ་གྲུབ་པ་དང་། ཕྱི་རོལ་གྱི་རྣམ་པར ་རྟོག་པའི་གནས་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལ་སོགས་པ་བསྟན་ཀྱང་རུང་སྟེ། མི་སྐྲག་གོ། ཐེག་པ་གསུམ་ལ་མ་ངེས་པའི་རིག་པ་ནི་གང་ལ་དགའ་བ་དེ་ལ་རྗེས་སུ་སྦྱར་བར་རོ།། ཡོངས་སུ་སྦྱར ་བའི་ས་ཞེས་བྱ་བ་ནི་འཇུག་པའི་རིམ་གྱིས་གང་རིགསུ་རྣམ་པར་བཞག་པ་འདི་ལ་བྱའོ།། མནའ་རིམ་གྱི་འཇུག་པའི་གཏན་ཚིགས་པའི་རྒྱུར་ནི། མྱ་ངན་ལས་འདས་པ་ངས་སྨྲས་ཞེས་པའོ།། འདི་ལྟར་དམ་པའི་ཆོས་པུཎྜ་རི་ཀ་ལས ་འབྱུང་བ་དེ་ལྟར་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པའི་རྣལ་འབྱོར་གྱིས་འདོད་ཆགས་དང་བྲལ་བ་གང་ཟག་ལ་བདག་མེད་པར་ཞུགས་པའི་རྣམས་ཆོས་བདག་མེད་པར་གཟུང་བར་བྱའོ་ཞེས་བྱའོ།། ་སྣང་བ་མེད་པའི་ས་ལ་འཇུག་པའི་ཕྱིར་ཐོག་མར་སྣང་བ་དང་བཅས་པར་རྣམ་པར་དགོད་པར་བྱའོ་ཞེས་དགོངས་པར་བརྟག་གོ།། དེ་བཞིན་དུ་ཡང་བསྒྲུབ་པར་མཛད་པ་སོ་སོ་ཡང་རང་གི་ཀུན་གཞི་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་དང ་ལྗོངས་སྤྱོད་དང་། གནས་སུ་སྣང་པོའི་ཀུན་གཞི་རྣམ་པར་ཤེས་པ་ནི་རྣམ་པར་འཁྲུལ་པའི་བག་ཆགས་ཡོངསུ་སྨིན་པའི་སྟོབས་ལས་འགྱུར་ཏེ། དེའི་རང་གི་ཉོན་མོངས་པའི་བག་ཆགས་དག་དང་བྲལ་ནས་ཆོས་ལ་བདག་མེད་པ་མི་གཉི ་པའི་ཆུད་པ་མཐོང་བའི་ཕྱིར་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པར་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་གྱི་བདེན་པ་བདག་གི་དོན་དུ་ཐོབ་ནས་སྙིང་རྗེའི་ས་བོན་རབ་ཏུ་སངས་པ་ཡང་གཞན་གྱི་དོན་དུ་རྒྱལ་བའི་སྐུ་ཆོས་ཀྱི་སྐུ ་ཉིད་ཐོབ་པར་འགྱུར་རོ།། ཉན་ཐོས་རྣམས་ཀྱི་ནི་ཕྱི་རོལ་གྱི་ཉིད་བསླད་པའི་འབྲས་བུའོ།། བྱིས་པ་རྣམས་ལ་ཐེག་པ་གསུམ་དང་། ཐེག་པ་གཅིག་དང་། ཐེག་པ་མེད་པར་གསུངས་པའི་འཕགས་པ་རྣམས་ལ་ཐེག་པ་གསུམ་བདེན་པ་སྟེ།། ་གཉིས་སུ་མེད་པའི་ཆོས་ཉིད་དུ་ང་སྨྲ་སྟེ་ཞེས་བྱ་བར་སྦྱར་རོ།། དེའི་རྒྱུར་གསུངས་པ། དམ་པའི་དོན་གྱི་སྒྲོ་མོ་ལ་སོགས་པ་ནི་སེམས་ཙམ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་དངོས་པོ་དང་དངོས་པོ་མེད་པར་རྣམ ་པར་རྟོག་པའི་བསམ་གཏན་ལ་སོགས་པ་དེ་དག་ཐམས་ཅད་མེདདོ།། སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་དེ་དག་ཐམས་ཅད་སངས་རྒྱས་སུ་དགོད་པར་བྱའོ།། ་དུས་ཀྱི་རིམ་པ་ལ་བལྟོས་ཏེ། རིགས་དང་རིགས་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལྔས་འབྱུང་བ། འགྲོ་བ་འདི་ཀུན་སངས་རྒྱས་འགྱུར།། སྣོད་མིན་སེམས་ཅན་གང་ཡང་མེད།། ཅེས་པའོ།། འདོད ་ཚིན་པ་རྣམས་ཐར་པར་འགྱུར་ཀྱང་། དེ་དག་ཐར་པར་མི་འགྱུར་ཏེ། ལོག་པའི་ཤེས་པས་མངོན་པའི་ང་རྒྱལ་ཅན་དམ་པའི་ཆོས་སྤྲིང་བས་དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་ཕྱིར་རོ།། གཉིས་པོ་ནི་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏུབ། ་པས་ན་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཐར་པ་མི་འཆད་དོ།། ཤིན་ཏུ་མྱ་ངན་ལས་མི་འདའ་བ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པར་ཤེས་རབ་ཀྱིས་ཤེས་ནས་དེའི་དོན་དམ་པའི་བདེ། ་པ་མི་གཉིས་པར་ཡང་དག་པར་རིག་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་གྱི། ཉན་ཐོས་ལྟར་ཡོང་སུ་མྱ་ངན་ལས་མི་འདའོ།། མ་ཡིན་ཞེས་བྱ་བ་ནི་ཉན་ཐོས་འདོད་ཆེན་པ་སྟེ། ཇི་སྐད་ཅེས་སྨྲས་པ་ཡིན ་ཞེ་ན། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དགེ་བ་ཆེ་ནས་ནམ་ཞིག་དེ་མྱ་ངན་ལས་འདས་པར་འགྱུར་རོ།། རང་བཞིན་གྱི་མཚན་ཉིད་གསུམ་ཞེས་བྱ་བ་ལ་སོགས་པ་ནི་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངསུ་གྲུབ ་པའི་མཚན་ཉིད་གསུམ་ལ་མཁས་པར་བྱའོ།། དེ་དག་ཇི་ལྟ་བུར་འབྱུང་བ་དེ་ལྟར་སྟོན་ཏོ། ཀུན་ཏུ་བརྟགས་པའི་རང་བཞིན་ནི་མཚན་མ་ལས་འབྱུང་ཏི་ཞེས་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་མཚན་མ་ལས་འབྱུང་ངོ་།། གཞན་གྱི་དབང ་མཚན་མ་ཡིན་པར་བསྒྲུབ་པར་མཛད་པ་དེ་ལ་ཞེས་བྱ་བ་ལ་སོགས་པའོ།། གཞན་གྱི་དབང་གི་རང་བཞིན་ཅི་འདྲ་བ་ཞིག་ཅེས་པ་དང་གསུངས་པ། དངོས་པོའི་མཚན་ཉིད་ལྟ་བུའོ།། དངོས་པོར་སོ་སོར་སྣང་བ་ན་གཟུགས་ལ་སོགས་པའི་མཚན ་མའི་མཚན་ཉིད་དང་། དམའ་བ་དང་མཐོ་བ་ལ་སོགས་པ་དང་། དགེ་བ་དང་མི་དགེ་བ་ལ་སོགས་པར་དེ་དེ་ལྟར་རྣམ་པ་དེ་ལྟ་བུ་ནཱ་གཞན་གྱི་དབང་གི་རང་བཞིན་ཞེས་བྱའོ།། བླ་གྲོས་ཆེན་པོ་དེ་ལ་དངོས་པོའི་མཚན་མའི་མཚན་ཉིད་ལ་མངོན ་པར་ཞེན་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྣམ་པ་གཉིས་ཞེས་པ་དང་། དེ་ཉིད་གསུངས་པ་མིང་ལ་མངོན་པར་ཞེན་པའི་མཚན་ཉིད་དང་། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱིསོ།། དེ་ལ་དངོས་པོའི་མཚན ་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་ནང་དང་ཕྱིའི་ཆོས་ལ་མངོན་པར་ཞེན་པའོ།། མིང་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་དེ་དག་ཉིད་ལ་སྟེ། རང་དང་སྤྱིའི་ཁྱད་པར་གྱི་མཚན་ཉིད་དུ་རྣམ་པར་རྟོག་པའོ།། ་རརླུང་གི་མཚན་ཉིད་ནི་སྐུ་བཱ་དང་། རླན་པ་དང་། དྲོ་བོ་ལྔ་སོགས་པའོ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། བདག་མེད་པ་ལ་སོགས་པའོ།། ཡོངསུ་གྲུབ་པའི་རང་བཞིན་ནི་ཞེས་བྱ་བ་ལ་སོགས་པ་ལྔ། མཚན་མ་དང་མིང་གི་དངོས་པོའི ་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བ་ནི་གྲུབ་པའི་དེ་བཞིན་ཉིད་དོ།། མཚན་མ་ནི་འཇུག་པའི་མཚན་མ་སྟེ། རིགས་དང་། ཡོན་ཏན་དང་། བྱེད་པའི་མཚན་ཉིད་དོ།། དངོས་པོ་མཚན་ཉིད་དེར་མི་འཛག་སྟེ། དེ་བཞིན་དུ་རྣམ་པར་རྟོག ་པ་ལམ་ཡང་བ་དཀར་མོ་འགྲོ་པོ་ཞེས་སྒྲ་བརྗོད་དེ། ནུ་མ་དང་། སྒྲ་དང་། ལྡན་པ་ནི་བུད་མེད་ཅེས་པ་དང་། ཁྲེ་སེར་སྐྱ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་དེ་ལྟ་བུར་འཇུག་པའི་མཚན་མའི་དངོས་པོ་དང་མིང་དུ་རྣམ་པར་རྟོག་པ་དང་བྲལ ་བ་ནི་དེ་བཞིན་ཉིད་ཅེས་བྱའོ།། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། རྗོད་པ་དང་། བརྗོད་པ་དང་། འཛིན་པ་དང་། གཟུང་བ་དང་། ཡོད་པ་དང་། མེད་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེ་བཞིན་དུ་མཚན་མ་མེད་པ་དང ་སྣང་བ་མེད་པ་དང་། དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རང་བཞིན་ནི་དེ་བཞིན་ཉིད་ཡིན་ནོ།། མིང་དང་མཚན་མ་དང་། ཀུན་ཏུ་རྟོག་པ་ནི་བརྟགས་པ་དང་། གཞན་གྱི་དབང་གི་རང་བཞིན་གཉིས་ཀྱི་མཚན་ཉིད་དུ ་གཏོགས་སོ།། ཡང་དག་པའི་ཡེ་ཤེས་དང་དེ་བཞིན་པ་ཉིད་དག་ནི་གྲུབ་པར་གཏོགས་སོ།། སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པ་ནི་མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་གསུམ་དུ་རྟོགསོ།། ་ལམ་དང་འགོག་པའི་བདེན་པ་ནི་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་པ་ཉིད་དོ།། སློབ་དཔོན་པ་སུ་བཅུས་དབུས་མཐའ་རྣམ་པར་དབྱེད་པ་ནི་ཐེག་པ་ཆེན་པོའི་ཚུལ་ཀུན་རྫོབ་དང་དོན་དམ་པར་བསྡུས་སོ།། བདག་ཅག་གིས་ནི་ཆོས ་ལྔ་བསྡུ་བར་ལ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་པ་ཉིད་དོ།། རིམ་པའི་ཁྱད་པར་དུ་སྟེ། ཇི་ལྟར་ཤ་སས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལས་ཉན་ཐོས་རྣམས་ཀྱི་ལམ་གྱི་རྣམ་པར་ཤེས་པ་དང ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དར་ལ་ཕྲ་མོའི་སྒྲིབ་པས་གཡོགས་པ་ལྟ་བུ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ལ་སྒྲིབ་མེད་པར་བཤད་པ་སྟེ། དེ་ན་སྣང ་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པའི་ཁྱད་པར་གཉིས་ཀྱིས་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་པ་ཉིད་བྱེ་བྲག་ཏུ་དབྱེའོ་ཞེས་དམ་པའི་ཆོས་རྒྱས་པའི་དོན་དུ་ཐམས་ཅད་མཁྱེན་པས་དགོངས་པར་བརྟག ་གཞན་ཡང་བློ་གྲོས་ཆེནི་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་མེད་པ་གཉིས་ཀྱི་མཚན་ཉིད་ཤེས་པ་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་བདག་དང་བདག་གི་མེད་པ་ཞེས་བྱ་བ་ནི ་བདག་རྟག་པཱར་མཱ་རུ་སྟེ། རྟག་པ་མ་སྐྱེས་པས་ནཱ་རི་བོང་གཱི་རྭ་ལྟར་དངོས་པར་མེད་དོ།། རྟག་པ་ལ་ནི་རིམ་དང་ཅིག་ཅར་དོན་བྱེད་པར་འགལ་ཏེ། རིམ་གྱིས་ཇི་ལྟར་ན་བྱེད་བལྟོས་པའི་རྒྱུ་མེད་པས་ན་གཞན་གྱི་ཁྱད་པར་ང་བྱ ་བ་མེད་པའི་ཕྱིར་རོ།། ཅིག་ཆར་ཡང་དོན་བྱེད་པར་མི་རིགས་ཏེ། ཐང་ཅིག་ཏུ་བྱས་པ་དུས་གསུམ་དུ་བྱ་བ་མི་དམིགས་པའི་ཕྱིར་རོ།། ཅིག་ཅར་དུ་བྱས་ན་ཡང་དུས་གཞན་དུ་བྱེད་པ་མེད་པར་གནས་པར་མི་རུང་སྟེ། དེ་བཞིན་དུ་ཡང ་དུས་ཀྱི་རིམ་པར་དབྱེ་བ་ན་ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་མི་རྟག་པར་འགྱུར་རོ།། སྒྲ་དང་རྩཝ་ལ་སོགས་པ་བཅད་ནས་ཕྱིར་སྐྱེས་པ་ལ་ཡང་སོ་སོར་བཤེས་པའི་དོན་རབ་ཏུ་འཇུག་སྟེ། དེས་ན་སོ་སོར་བཤེས་པས་རྟག་པ་སྒྲུབ ་པཔཱར་མི་རིགས་སོ།། གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་པ་སྟེ། ས་གོལ་གྱི་སྒྲ་དང་། གློག་དང་། མེ་ལྕེ་དང་། ཆུའི་རྒྱུན་འབྲེལ་པ་དང་། རྒྱུན་ཆད་མེད་པ་ལ་སོགས་པ་བཞིན་ནོ།། དེས་ན་མི་རྟག་པ་དང་། སྡུག་བསྔལ་བ་དང ་མི་མཛེས་པར་བསྒོམས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་སྤངས་ཏེ་འཁོར་བའི་སྡུག་བསྔལ་ཡོངསུ་ཟད་པར་འགྱུར་རོ།། རྟག་པ་དང་། བདེ་བ་དང་། ལས་དང་། གཙང་བར་ཕྱིན་ཅི་ལོག་པའི་མཚན་ཉིད་ནི ་ལོག་པའི་ཤེས་པ་སྟེ། འཁོར་བའི་སྡུག་བསྔལ་སྦྱོར་རོ།། དེ་ནི་འཕགས་པའི་བདེན་པ་བཞི་བསྒོམ་པས་སྤྲིང་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་དང ་ལམ་བསྒོམ་པར་བྱའོ།། དེ་ལ་སྡུག་བསྔལ་ནི་འཁོར་བའི་ཕུང་པོ་རྣམས་ཏེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང ་པའོ།། དེ་གཟུགས་ཀྱི་ཕུང་པོ་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་རྣམས་ཀྱི་ཡུལ་གང་ཡིན་པའོ།། ཚར་བའི་ཕུང་པོ་ནི་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པར་ཚོར་བ་སྟེ། དེ་འདུས ་པ་ནི་ཕུང་པོའོ།། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའི་རང་བཞིན་ཏེ། བུད་མེད་དང་། སྐྱེས་པ་དང་། བུམ་པ་དང་། སྣམ་བུ་ལ་སོགས་པར་འདུ་ཤེས་སོ།། བུམ་པའི་འདུ་ཤེས་ཀྱང་མིག་ལ་སོགས་པའི་ཤེས་པ་ཐོག་མར་བྱས ་པ་ལས་འབྱུང་སྟེ། འདུས་པ་ལས་ཕུང་པོར་གདགས་སོ།། ཚོར་བ་དང་འདུ་ཤེས་མ་གཏོགས་པར་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ལ་ཀུན་ཏུ་འཕྲོ་བ་ཚོར་བ་དང་། འདུ་ཤེས་དང་། འདོད་པ་དང ་རེག་པ་དང་། བློ་གྲོས་དང་། དྲན་པ་དང་། ཡིད་ལ་བྱེད་པ་དང་། མོས་པ་དང་། ཏིང་ངེ་འཛིན་གྱི་སེམས་ནི་ཀུན་ལ་ཡོད་དེ། ཞིབ་ཏུ་ནི་ཆོས་མངོན་པོ་ལས་ཆུང་པར་བྱའོ།། གང་རྣམ་པར་ཤེས་པའི་ཚོགས་མང་པོ་ཡིན་པ་ནི་རྣམ་པར ་ཤེས་པའི་ཕུང་པོར་འདུས་པ་སྟེ། ནམ་གཟུགས་ལ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་ཤེས་པ་དེའི་ཚེ་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་རྩེ་མོ་ཉི་ཤུར་འཕགས་པ་འཇིག་ཚོགས་ལ ་ལྟ་བའི་རི་ཡེ་ཤེས་རྡོ་རྗེས་བཅོམ་སྟེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར་ཆོས་དང་གང་ཟག་ལ་བདག་མེད་པ་རབ་ཏུ་ཤེས་པར་བྱས་ཏེ། ཆོས་ཐམས་ཅད་སྒྱུ་མ་དང ་འདྲ་བ་དང་རྨི་ལམ་དང་འདྲ་བ་དང་། མིག་ཡིར་དང་འདྲ་བར་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། རྣམ་བརྒྱད་རྣམ་དགུ ་དེ་བཞིན་དུ། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཕྱི་རོལ་གྱི་དོན་མེད་པར་རང་གི་སེམས་སྣང་བ་ཙམ་ཞིག་བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་ངོ་།། རྨི་ལམོ་གྱི་དུས་ན་གཟུགས་ལ་སོགས་པའི་ཡུལ་དང་། མིག་ལ་སོགས་པའི་རྣམ ་པར་ཤེས་པ་མེད་པར་རྣམ་པ་དུ་མའི་རྣམ་པར་ཤེས་པ་སྣང་བ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་འཁྲུལ་པ་འབའ་ཞིག་གིས་བཏབ་པའི་རྣམ་པར་ཤེས་པ་གཅིག་པོ་ཉིད་རྣམ་པ་དུ་མར་སྣང་ངོ་།། ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ཐོག་མ ་མེད་པའི་འཁོར་བས་བདག་དང་གཞན་གྱི་མཐུ་དང་། དམ་པ་དང་དམ་པ་མ་ཡིན་པའི་བག་ཆགས་བསྒོས་པས་མངོན་པར་སྣང་བ་ཞིང་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་ལུས་དང་། ལོངས་སྤྱོད་དང་གནས་རྣམ་པ་སྣ ་ཚོགས་མང་པོའི་རྣམ་པར་སྨིན་པར་འགྱུར་བ་སྣང་བ་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྣང་བར་འཇུག་པ་ཁོང་དུ་མི་ཆུད་པས་རྟག་པ་དང་། བདག་དང་ཕྱི་རོལ་གྱི་གཟུགསུ་ཡོངས་སུ་རྟོག་པར་བྱེད་དོ།། གོང་གི་ཚེ་ཤེས་རབ་ཀྱིས ་དཔྱད་དེ། ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིག་སྟེ་མི་དམིགས་པ་དེའི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་དངོས ་པོ་མེད་པར་རྣམ་པར་མི་རྟོག་གོ། གཉིས་སུ་མེད་པར་ཆུད་པའི་བཙུན་གཙོའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ།། སྙིང་རྗེའི་བྲག་ཆགས་ཀྱིས་བསྐུལ་ཏེ་མཆོག་ཏུ་ཡོངསུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན ་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་གཞན་གྱི་དོན་དུ་སད་པར་འགྱུར་བ་དེ་ནི་ལན་བུ་མར་བཤད་པ་མ་ཡིན་ནོ།། ཆོས་ལ་བདག་མེད་པ་དེ་ཕྱིའི་དོན་སུན་དབྱུང་བ་སྦྱོར་བར་བྱའོ།། གང་ཟག་ལ་བདག་མེད ་པར་ཡང་སྐད་ཅིག་ཏུ་འཇིག་པར་རབ་ཏུ་བསྒྲུབ་པར་བྱ་བ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། ཕུང་པོར་མི ་གཉིས་པ་དང་། རྣམ་པར་མི་འཇིག་པ་མ་ཡིན་པའི་ཕྱིར་ཏེ། ཕྱི་རོལ་གྱི་ན་ཅུང་ཟད་ཀྱང་ཕུང་པོར་གནས་པ་མེད་དོ།། གང་གི་ཕྱིར་ཞེ་ན། ཡན་ལག་དྲང་བཅས་པ་རྣམ་པར་དབྱེ་བ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས ་པ་བཞིན་དུ་སྟོང་པར་འགྱུར་ནི་དམ་པའི་ཆོས་ཀྱི་འགྲེལ་པ་ལངྐ་འདི་ཉིད་དུ་གསུངས་པའི་བཤད་པ་དེ་དང་སྦྱར་བར་བྱ་སྟེ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ།། ཅི་ཞིག་སྣང་བ་ཞེས་པ་ལ། ཕྱི་ཡི ་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་ཞེས་པར་རོ།། རྣམ་པར་འཇིག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་མི་འཇིག་པའི་རྟག་པ་གང་ཡང་མེད་དེ། དེ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ལ་སོགས་པ ་བཞིན་དུ་དངོས་པོ་མེད་དོ།། ཐམས་ཅད་མཁྱེན་པས་དམ་པའི་ཆོས་ཀྱི་འགྲེལ་པ་འདི་ཉིད་དུ་གསུངས་པ། རྒྱུ་མེད་པར་བྱུང་བ་སུ་ཡང་མེད་དོ།། ཞེས་ཏེ་ཆོས་ལ་བདག་མེད་པར་སྒྲུབ་པར་གསུངས་པ། བློ་གྲོས་ཆེན་པོ་དེ་ལ་ཆོས་ལ་བདག ་མེད་པར་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་ཀུན་བརྟགས་པའི་མཚན་ཉིད་ཀྱི་རང་བཞིན་རྟོགས་པ་དང་། ཞེས་བྱ་བ་ལ་སོགས་པ་ལ་ཀུན་བརྟགས་པ་ནི་ཇི་ལྟར་ཕྱི་རོལ་རྡུལ་ཕྲ་མོ་ལས་བརྩམས ་ཏེ། ཡན་ལག་ཅན་གྱི་རྗེས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་ལ་སོགས་པ་དེ་ལྟར་མེད་དེ།། ཇི་ལྟར་ཐམས་ཅད་མཁྱེན་པས་གསུངས་པ་ཇི་བཞིན་དུ་བྱིས་པ་རྣམས་ཀྱིས་དངོས་པོར་རྣམ་པར་བརྟགས་པ་དེ་བཞིན་དུ ་མེད་དོ་ཞེས་ཏེ། ཕྱོགས་ཀྱི་ཆ་ཐ་དད་པས་དབྱེ་བ་ན་རྡུལ་ཕྲ་མ་ཉིད་ཀྱང་མེད་ན་དེ་ལས་བརྩམས་པའི་ཡན་ལག་གི་རྫས་སྦོམ་པོ་ལྟ་ག་ལ་ཡོད་དེ། མཚོན་གྱིས་བཅོས་པ་དང་། མ་བཅོས་པ་དང་། བསྐུལ་བ་དང་། མ་བསྐུལ་བ་དང་། བསྒྲིབ ་པ་དང་། མ་བསྒྲིབས་པ་ལ་སོགས་པས་ཐ་དོད་པར་དབྱེ་བ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཅིག་པར་མི་རིགས་ན་ཡོན་ཏན་དང་ལས་ལ་སོགས་པ་ཡང་དེ་ལ་གནས་པ་ལྟ་ག་ལས་ན་འགྱུར། ཕུང་པོ་དག ་རང་དང་སྤྱིའི་མཚན་ཉིད་དང་ཡང་བྲལ་བ་ཞེས་བྱ་བ་ནི་ཕུང་པོ་རྣམས་འབྱུང་བ་བཞི་ལས་འབྱུང་བ་ཀུན་ཏུ་རྟོག་གོ།། སྤྱིའི་འབྱུང་བ་རྣམས་ཀྱི་རེག་པར་བྱ་བའི་མཚན་ཉིད་དོ།། ཁྱད་པར་གྱི་མཚན་ཉིད་སྲ་བ་དང་། གཤེར་བ ་དང་། དྲོ་བ་དང་། གཡོ་བའི་རང་བཞིན་ནོ།། དེ་དག་གི་རང་དང་སྤྱིའི་མཚོན་ཉིད་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལ་ཡང་སོ་སོར་སྣང་སྟེ། དེའི་ཕྱིར་ཕུང་པོ་རྣམས་ནི་རང་དང་སྤྱིའི་མཚན་ཉིད་དང་བྲལ་བའོ།། རྟག་པ་དང་། བདག་དང ་བདག་གིར་ཀུན་ཏུ་བརྟགས་པའི་མཚན་ཉིད་དང་བྲལ་བས་གཟུགས་བདག་མེད་པ་དང་། གཟུགས་ཅན་བདག་དང་། བདག་གི་གཟུགས་དང་། བདག་ལ་གཟུགས་ཞེས་པར་ཀུན་ཏུ་མཐོང་བ་དེར་ཚོར་བ་ལ་སོགས་པའི་ཕུང་པོར་ཡང་རྩེ་མོ་ཉི་ཤུ ་འཕགས་པ་འཇིག་ཚོགས་ལ་ལྟ་བའི་རི་ཡེ་ཤེས་རྡོ་རྗེས་བཅོམ་ཏེ། གང་ཟག་ལ་བདག་མེད་པ་ཁོང་དུ་ཆུད་པར་འགྱུར་རོ།། བཙུན་གཙོའི་བྱང་ཆུབ་སེམས་དཔའ་ནི་བྱེད་པ་དང་། བྱེད་པ་པོ་དང་། ལས་དང་བྲལ་ཞིང་གཡོ་བ་མེད་པའི་ཕུང་པོ་རྣམས ་ལ། མི་ཤེས་པ་དང་། སྐྱེད་པ་དང་། ལས་ཀྱི་རྒྱུ་དང་། ཉེ་བར་འབྲེལ་པ་རྣམས་སྣང་བའི་མཚན་ཉིད་དུ་ཤེས་སོ།། བློ་གློས་ཆེན་པོ་ཆོས་ཐམས་ཅད་ལ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན། ་དང་བྲལ་བར་རྣམ་པར་སྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་ན་ཆོས་ལ་བདག་མེད་པ་ལ་མཁས་པ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་མཐུན་པ་བཞིན་དུ་བཤད་པར་བྱས་ཏེ། ཇི་ལྟར་འདིར་གསུངས་པ། སེམས ་ནི་ཀུན་གཞི་རྣམ་ཤེས་ཏེ།། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤེས་ཞེས་བྱ།། ཀུན་གཞི་རྣམ་པར་ཤེས་པ་ཉིད་རྨི་ལམ་གྱི་དུས་སུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་རང་བཞིན་དུ ་སྣང་ངོ་།། དྲུག་པ་རྣམས་འདས་དེ་མ་ཐག། རྣམ་ཤེས་དེ་གང་ཡིད་ཅེས་བྱ།། ཉོན་མོངས་པའི་ཡིད་ཀྱང་གང་གི་ཚེ་ན་ང་རྒྱལ་དང་ལྡན་པར་སྐྱེ་བ་དེའི་ཚེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གཅིག ་པུབུ་ཉིད་དུ་ཡིན་ཞེས་པར་བྱེད་དོ།། ཆོས་ལྔ་ཡང་ཀུན་གཞི་རྣམ་པར་ཤེས་པ་ཉིད་དེ། མིང་དང་མཚན་མ་ལ་སོགས་པ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ཆོས་ཀྱི་ཁྱད་པར་དུ་དབྱེ་བ་ན་ཐོག་མ་མེད་པའི་འཁོར་བར ་བདག་དང་གཞན་གྱི་དབང་གི་མཐུ་ལས་འབྱུང་བ་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་ཡིན་ཏེ། གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ་མི་དམིགས་པ་དེའི་ཚེ་བསམ་པས་མེད་ཅེས་སྣང་བ་མེད་པ་དོན་དམ་པའི་བདེན ་པ་མི་གཉིས་པར་ཡང་དག་པར་རིག་པ་གནས་པར་འགྱུར་རོ།། དེ་དེ་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རིག་པ་ཉིད་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་བྱང་ཆུབ་སེམས ་དཔའི་ས་དང་པོ་འཐོབ་བོ།། སྣང་བ་མེད་པའི་རབ་ཏུ་དབྱེ་བ་ཐོབ་པས། སའི་མཚན་ཉིད་རབ་ཏུ་དབྱེ་བ་ཁོང་དུ་ཆུད་པའི་རབ་ཏུ་དགའ་བའི་འོག་ཏུ་རིམས་ཀྱིས་ས་དགུ་ལ་ཡང་མཁས་པར་བྱས་ནས་ཆོས་ཀྱི་སྤྲིན་རབ་ཏུ་འཐོབ་བོ།། ཞེས་བྱ་བ་ལ ་སོགས་པ་ནི་ཤེས་རབ་ཀྱིས་དཔྱད་ནས་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་སྣང་བ་མེད་པ་རབ་ཏུ་རྟོགས་པའི་ས་དང་པོ་གང་གི་ཚེ་ན་ཐོབ་པ་དེའི་ཚེ་དེ་ལས་གོང་མའི་སའི་སྣང་བའི་ཡོན་ཏན་གྱི ་དོན་རྒྱ་ཆེར་ཏེ། ཇི་ལྟར་འདི་ས་བཅུ་ལས་འབྱུང་བ་དེ་བདག་ཉིད་ཀྱང་མི་དམིགས་ན་བདག་གི་ལྟ་ཅི་སྨོས་ཏེ། བདག་དང་བདག་གིར་ཆགས་པ་དང་བྲལ་ཏེ་བདག་གི་ཐམས་ཅད་ཡོངསུ་གཏོང་བས་རབ་ཏུ་དགའ་བར་འགྱུར་རོ།། དེའི་འདུས་པ་ནི་ས ་དང་པོར་སྤོང་བར་འགྱུར་རོ།། དྲི་མ་མེད་པར་ནི་ཚུལ་ཁྲིམས་ཡོངས་སུ་འདག་སྟེ། གཉིས་སུ་མི་དམིགས་པའི་ཕྱིར་རོ།། རྣམ་པར་རྟོགས་པ་ཡོངསུ་སྤངས་ཏེ། རྒྱུན་ཏུ་མཉམ་པར་འཇོག་པ་གསུམ་པར་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ ་འདག་གོ། གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་པས་མི་གཉིས་པའི་སེམས་ཀྱི་ནན་ཏན་ནི་བརྩོན་འགྲུས་སོ།། བསམ་གཏན་གྱི་མི་གཉིས་པའི་རྣལ་འབྱོར་གྱི་གནས་སོ།། ཤེས་རབ་ཀྱིས་དཔྱད་པས་གཉིས་སྟོང་པར་ཡོངས་སུ་ཤེས ་པའོ།། ཤེས་རབ་ཀྱིས་མཁས་པ་དང་། སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་བས་གཞན་ལ་ཕན་པར་བྱེད་དོ།། སྨོན་ལམ་གྱིས་འཕངས་ཏེ། བདག་དང་གཞན་ལ་ཕན་པའི་བསོད་ནམྦ་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མཉམ་པར་བསམས ་པའི་བཟང་པོ་སྤྱོད་པའི་སྨོན་ལམ་རྫོགས་པར་བྱེད་པའོ།། སྟོབས་ཀྱང་དེ་ལྟར་བསམ་པ་ཡོངས་སུ་དག་པས་གཞན་གྱི་སེམས་སུ་ཤེས་པའི་ཕྱིར་ཡོངསུ་མཐུན་པ་བཞིན་དུ་ཆོས་ཀྱི་སྦྱིན་པ་བྱེད་པའོ།། རྣམ་པ་དེ་ལྟ་བུའི་བདག་དང་གཞན་གྱི ་ཕན་པ་འབྱུང་བའི་ཆོས་ཀྱི་སྤྲིན་དུ་དབང་བསྐུར་བས་ས་བཅུར་རྣལ་འབྱོར་གྱི་དབང་པོ་ཁོ་ནར་རོ།། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། བདག་དང་གཞན་གྱི་དོན་ནུས་པ་ན་ཐམས་ཅད་མཁྱེན ་པ་ཉིད་དུ་སངས་རྒྱས་ཀྱི་སར་གཤེགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་ས་ལངྐར་གསུངས་པའི་འགྲེལ་པའི་ཚུལ་དུ་ཉོན་མོངས་པ་མེད་པའི་མི་ཤེས་པ་མ་ལུས་པར་སྤངས་ནས་ས་བཅུ་གཉིསུ་སྒྲིབ་པ་མེད་པའི་ཐམས་ཅད་མཁྱེན ་པ་ཁོ་ན་པར་འཕགས་པ་ས་བཅུ་པ་ལས་རྒྱས་པར་ཆུད་པར་བྱའོ།། དམ་པའི་ཆོས་འགྲེལ་པ་ལངྐར་གསུངས་པ་འདིར་ནི་བདག་དང་གཞན་གྱི་མཐར་གྲུབ་པའི་རྩོད་པ་རྣམས་རྟོགས་པར་ལྟ་བ་རྣམས་ཀྱི་སེམས་ཅན་རྣམས་ལ་གཏན་ལ་དབབ ་པའི་ཕྱིར་ཐམས་ཅད་མཁྱེན་པས་ཆོས་བཤད་པར་མཛད་པས་ཀུན་གཞི་རྣམ་པར་ཤེས་པ་མངོན་སུམ་དང་རྗེསུ་དཔག་པས་རབ་ཏུ་བསྒྲུབས་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་ཚད་མས་རྟོགས་པར་འགྱུར་བའི་ཚུལ་གྱིས་ཀྱང་བསྒྲུབ ་སོ།། ཐམས་ཅད་མཁྱེན་པས་བདག་དང་གཞན་གྱི་སེམས་རྣམ་པར་སྦྱོང་བའི་དོན་ས་བཅུ་རྣམས་ཀྱི་བསྟན་པའོ།། ཆོས་ལ་བདག་མེད་པ་མཐོང་བས་བློ་གྲོས་ཆེན་པོ་འདི་ནི་ས་བཅུའི་དབང་པོ་དང་། ཆོས་ཀྱི་སྐུ་ལ་མངའ་དབང་མཛད་པའི་དེ་བཞིན ་གཤེགས་པར་འགྱུར་ཏེ་ཞེས་པ་དེ་ནི་དམ་པའི་ཆོས་ལ་མངོན་པར་འགྲུབ་པ་རྣམས་ཀྱི་ཡོན་ཏན་གྱི་དོན་རྒྱ་ཆེ་བ་སྟེ། མདོ་སྡེ་ཐམས་ཅད་དུ་རིག་པར་བྱའོ།། ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ ་ནས་བདག་དང་གཞན་ལ་ཕན་འདོགས་པར་ནུས་པའི་ཤེས་རབ་དང་། སྙིང་རྗེ་དང་ལྡན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་འབྱུང་བའི་ཕྱིར་ཆོས་ཀྱི་སྐུ་ལ་མངའ་དབང་མཛད་པ་དེ་བཞིན་གཤེགས ་པར་འགྱུར་རོ།། ཉོན་མོངས་པ་ཐམས་ཅད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་རྩམས་པ་ནས་བཏོན་པས་ཐམས་ཅད་མཁྱེན་པར་འགྱུར་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་སྤྱོད་ཡུལ་མ་ངེས་པའི་ཡེ་ཤེས ་ཀྱི་སྒྲིབ་པ་ཡང་ཡིན་ཏེ། གང་གིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མནན་པས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པའི་གཟུགས་ཉེ་བར་གནས་ཀྱང་མི་མཐོང་ཞིང་རྟག་པ་དང་། བདག་དང་། ་བདེ་བ་དང་། གཙང་བའི་རྣམས་ཆུད་པར་བྱེད་དེ། དེ་བས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པས་མིག་གི་ལིང་ཏོག་དང་བྲལ་བ་བཞིན་དུ་མཆོག་ཏུ་ཡོངསུ་དག་པའི་འདོད་ཆགས་དང་བྲལ་བ་རྣལ་འབྱོར་གྱི་དབང་པོ ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་འཇུག་གོ། དེ་ལྟ་ན་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་རྣམས་ཀྱིས་སྐྱེ་བོ་ཐམས་ཅད་མགུ་བར་མཛད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་རོ།། ་དེ་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ནི་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་རིམ་པས་འཁོར་བ་དང་། མྱ་ངན་ལས་འདས་པ་དང་ལྡན་པར་རྣམ་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་རང་བཞིན་གྱིས་འོང ་གསལ་ཞིང་བདག་དང་གཞན་ལ་ཕན་འདོགས་ནུས་པའི་སངས་རྒྱས་ཉིད་དུ་འགྱུར་རོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ།། འབབ་ལས་ཇི་ལྟར་འབྱུང་བའི་ས་བོན་ཀུན། ་བྱིས་པ་རྣམས་ལ་ང་ཡིས་དེ་མ་བཤད།། བདག་ཏུ་རྟོག་པར་མ་གྱུར་ཅིག་པར་རོ།། ཐོག་མ་མེད་པའི་དུས་ཀྱི་ཁམས།། ཐམས་ཅད་ཆོས་ཀྱི་གནས་ཡིན་ཏེ།། དེ་ཡོད་པས་ན་འགྲོ་བ་ཀུན།། མྱ་ངན་འདའ་བའང་ཐོབ་པར་འགྱུར་རོ།། ་དེ་ལ་མུ་སྟེགས་བྱེད་པ་རྣམས་ཀྱི་སྒྲོ་འདོགས་དང་སྐུར་བ་ནི་བདག་རྟག་གོ་ཞེས་སྐྱེད་པ་དང་། རྣམ་པར་ཤེས་པ་ཐམས་ཅད་རྒྱུན་འཆད་པས་རྒྱུན་དུ་འབྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ཡང་རྒྱུན་འཆད་དོ་ཞེས་སྐུར་དུ་དོགས་ནས་བློ་གྲོས ་ཆེན་པོས་ཐམས་ཅད་མཁྱེན་པ་ལ་ཡོངས་སུ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་དོགས་པ་ཐམས་ཅད་རྣམ་པར་བཅད་པའི་སླད་དུ་བཀའ་སྩལ་པ། སྒྲོ་འདོགས་པ་དང་སྐུར་པ་དག། སེམས་ཙམ་ལ་ནི་ཡོད་པ་མིན་ཞེས་གསུངས ་པ་སྟེ། མུ་སྟེགས་བྱེད་པ་རྣམས་ཀྱིས་བདག་རྟག་པ་པོ་ཞེས་བསྐྱེད་པ་དང་སྐུར་པ་ཡང་སེམས་ཀྱི་རྒྱུ་ལས་མི་རུང་སྟེ། སེམས་ཀྱི་རྒྱུད་ལས་འཆང་བ་མེད་པས་གསེར་ལྟ་བུའི་སེམས་ཀྱི་རྒྱུད་དུས་ཐམས་ཅད་དུ་རྣམ་པར་གནས་པའི་ཕྱིར་རོ།། ། ་གང་གིས་སེམས་ཀྱིས་རྣམ་པར་གནས་པ་ཉིད་མི་ཤེས་པ་དེས་རྟག་པར་སྒྲོ་འདོགས་པ་དང་། མི་རྟག་པར་ཆད་པར་སྐུར་པའི་མཐར་རྟོག་གོ། གང་དག་གིས་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བའི་སེམས་མི་ཤེས་ནས་སྐྱེད་པ་དང་། ་སྐུར་པ་སྤྱོད་པ་དེ་དག་ནི་མཁས་པ་ཡིན་ནོ།། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་ཁྱད་པར་གྱི་སྟོབས་ལས་ཤེས་པ་དང་། གསེར་རིན་པོ་ཆེ་དྲི་མས་འབགས་པར་གྱུར་པ་ལྟ་བུའང་དྲི་མ་མེད་པར་འགྱུར་བ ་ནི་རྒྱུད་ཀྱི་རྒྱུད་དུ་གནས་པའི་ཤེས་པོ་ཐལ་བ་དང་། སའི་སེའུར་བཅོས་པ་ལྟ་བུའི་ཤེས་རབ་ཀྱི་རྣལ་འབྱོར་གྱི་མགོ་འཁོར་བ་དང་བརྒྱལ་བ་དང་བྲལ་བ་ལྟ་བུ་དང་། མིག་གི་ལིང་ཏོག་དང་བྲལ་བ་ལྟ་བུར་ཉོན་མོངས་པ་དང་། ཤེས་བྱ་དང ་ལས་ཀྱི་སྒྲིབ་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་གཉིས་དང་མི་གཉིས་པའི་ཏིང་ངེ་འཛིན་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་གཟུགས་རྣམ་པ་སྣ་ཚོགས་ཀྱི ་རྣལ་འབྱོར་གྱི་དབང་པོ་བདག་དང་གཞན་ལ་ཕན་འདོད་སྤྱོད་པའི་སངས་རྒྱས་ཀྱི་དངོས་པོ་ཐོབ་པར་འགྱུར་རོ།། བློ་གྲོས་ཆེན་པོ་མེད་པ་ལ་སྒྲོ་འདོགས་པ་ནི་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན་འདི་ལྟ་སྟེ། མེད་པའི་མཚན་ཉིད་སྒྲོ་འདོགས ་པ་དང་ཞེས་བྱ་བ་ནི་རྟག་པ་དང་བདག་ལ་སོགས་པར་སྒྲོ་འདོགས་པའོ།། མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་བདེ་བ་དང་། གཙང་བ་ལ་སོགས་པ་སྒྲོ་བཏགས་པའོ།། རྒྱུ་མ་ཡིན་པ་སྒྲོ་འདོགས་པ་ནི་ཚངས་པ་དང་། དབང་པོ་དང་། ་གཙོ་བོ་དང་། བྱུང་བ་དང་། དུས་དང་། ངེས་པའི་ཚུལ་དང་། ལྷ་ལ་སོགས་པར་རྒྱུ་ཡིན་པར་སྒྲོ་འདོགས་པའོ།། མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་རྡུལ་ཕྲ་མོ་ལས་བརྩམས་པའི་ཡན་ལག་ཅན་དང་། ཡོན་ཏན་དང་། ལས་དང ་སྤྱི་དང་། ཁྱད་པར་དང་། འབྲེལ་པ་དང་ཚིག་གི་དོན་དྲུག་ཏུ་འབྲུམ་བུ་ཟབ་པ་རྣམས་རྟོག་གོ།། ཚད་མ་དང་གཞལ་བ་མ་གཏོགས་པ་དོགས་པ་དང་། དགོས་པ་དང་། གྲུབ་པའི་མཐའ་དང་། དཔེ་དང་ཡན་ལག་དང་། རྟོག་པ་དང་། ངེས ་པོ་དང་། རྩོད་པ་དང་། ཟུག་ཟུག་ཏུ་སྨྲ་བ་དང་། མཐོ་བཙམས་པ་དང་། རྒྱུར་སྣང་བ་དང་། ཀླན་ཀ་དང་། རིགས་དང་ཚར་གཅོད་པའི་གནས་རྣམས་རྐང་མིག་གི་སློབ་མ་རྣམས་ཀྱིས་མེད་པ་ལ་སྒྲོ་འདོགས་པའོ།། གྲངས་ཅན་རྣམས་ཀྱིས ་དེ་ཁོ་ན་ཉི་ཤུ་རྩ་ལྔ་ནི་མེད་པ་ལ་སྒྲོ་འདོགས་པ་སྟེ། སྐྱེས་བུའི་རང་བཞིན་ནི་ཚོར་བ་ཅན་ཏེ། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་ཡུལ་དུ་ལོངས་སྤྱོད་པས་ན་རྣམ་པ་སྣ་ཚོགས་ཀྱི་རྒྱུན་གྱི་གཟུགས་ལ་རྟག་པ་པར་མི་རིགས་སོ།། ་སེམས་ཅན་དང་། རྡུལ་དང་། མུན་པ་རྣམས་མཉམ་པོའི་དུས་ན་གཙོ་བོ་སྟེ། དེ་ཡང་རྟག་ཅིང་མ་སྐྱེས་སོ་ཞེས་པ་རིམ་པའི་ཁྱད་པར་དུ་དབྱེ་བ་ན་ཤིང་དོང་ཐལ་བ་ལ་སོགས་པ་བཞིན་དུ་གཙོ་བ་རིག་པ་མེད་པ་ལས་བློ་དང་། ཡིད་དང ་ང་རྒྱལ་ཆུང་པའི་རང་བཞིན་པ་རྣམས་མི་རུང་ངོ་།། སྤྱིའི་དོན་མེད་པར་ཡང་སྒྲ་ལ་སོགས་པ་ཡུལ་དེ་ཙམ་ལྔ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་རྣམས་ཀྱང་མི་རུང་བ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་ཆུད་པའི ་རང་བཞིན་གྱིས་སྣང་བ་ཉིད་དོ།། དེ་བཞིན་དུ་རྫས་དང་། ཡོན་ཏན་ལ་སོགས་པ་དེ་ལྟ་བུར་དེ་དག་གི་ཁྱད་པར་ཡོངས་སུ་ཤེས་པས་ཀྱང་ཐར་པ་མི་རུང་སྟེ། རྩཝ་སྟན་དང་རྩིག་པ་ལ་སོགས་པའི་ཁྱད་པར་ཡོངས་སུ་ཤེས་པ་བཞིན་ནོ།། ཀྵ ་པ་ན་ཀྲ་མེད་པར་སྒྲོ་བཏགས་པ་ཡང་ཐར་པའི་རྒྱུ་མ་ཡིན་ཏེ། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་དང་། ཁྱད་པར་གྱིས་བདག་ཉིད་དུ་མེད་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་མེད་པར ་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་སྨྲ་བར་ཡང་མི་བྱའོ།། ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་ཡང་མི་བྱའོ།། སྤྱིའི་དང་ཁྱད་པར་གྱི་བདག ་ཉིད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པར་འགྱུར་བ་ཡང་ཅིག་ཅར་སྨྲ་བར་མི་བྱ་སྟེ། ཡུལ་དང་དུས་དང་རིམ་པ་དང་། རྣམ་པ་ལ་བལྟོས་ཏེ་ཐམས་ཅད་སྨྲ་བར་མི་བྱའོ་ཞེས་པ་དེ་ཁོ་ན་ཉིད་ཀྱི་ཚིག་གི་དོན་དུ་ཉེས་པོ་མེད་དོ།། སོམ་ཉི་དང ་བཅས་པས་ཐར་པར་མི་རུང་ངོ་།། རྟག་པ་དང་བདག་ལ་ཆགས་པས་བསླང་པོའི་ཕྱིར། སྡུག་བསྔལ་གྱི་གནས་སུ་ལྷུང་བ་ནི་མར་མེར་ཕྱེ་མ་ལེབ་ལྷུང་བ་འཁོར་བར་ཡང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། མྱ་ངན་དང་། འཆི་བའི་སྡུག་བསྔལ ་གྱིས་དཀྲུགས་པར་བདག་ཏུ་ཆགས་པའི་ལོག་པའི་ཤེས་པས་ལྟུང་ངོ་།། སྲིད་པ་དང་བཅས་པ་ཉིད་ཀྱི་ཕྱིན་ཅི་ལོག་གིས་སྐྱེ་བ་ཡིན་ཏེ། འདོད་ཆགས་དང་བྲལ་བ་ལ་སྐྱེས་པ་མཐོང་བའི་ཕྱིརརོ།། སྐྱེས་མ་ཐག་པ་ལ་ཡུལ་ཁ་ཅིག་ཏུ་དགའ ་བ་དང་། འཛག་པ་དང་། མྱ་ངན་རྟོགས་པས་སྔོན་གྱི་གོམས་པ་རྗེསུ་དཔག་པར་བྱ་སྟེ། སྤོང་བ་དང་ལེན་པ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་བ་བསྒྲུབ་པར་གདོན་མོ་ཟ་བ་སྔར་བྱས་པའི་ཕྱིར་རོ།། རྟག་པ ་དང་མི་རྟག་པར་མི་གཉིས་པར་སྨྲ་བ་རྣམས་ཀྱིས་མེད་པ་དངོས་པོར་སྒྲོ་འདོགས་པ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། དེ་དེ་བཞིན་དུ་ཁྲུས་དང་། སྦྱིན་སྲེག་དང་། གང་པ་དང་། ་གཡང་ས་དང་། བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། རྩ་བ་དང་། འབྲས་བུ་དང་། འོ་མ་དང་། འོ་མ་མ་ཡིན་པ་དང་། རིན་པོ་ཆེ་དང་། གསེར་འཆང་བ་དང་། གར་དང་། གླུ་དང་། སིལ་ཁྲོལ་དང་། རོལ་པ་དང་། སྤྱི་ཕུད་ཀྱིས ་བརྒྱན་པ་དང་། ཐལ་བས་སྐུད་པ་དང་། འཛིན་པ་དང་། དེ་བཀྲུ་བ་དང་། དབུགས་ཐུང་པ་ལ་སོགས་པ་ཆ་བྱད་སྣ་ཚོགས་དང་། བ་ལང་གི་བརྟུལ་ཞུགས་དང་། རྨ་བྱའི་བརྟུལ་ཞུགས་ལ་སོགས་པ་བདག་ཏུ་ཆགས་པ་ཡོངསུ་མ་ཟད་པར ་ཐར་པར་མི་རུང་སྟེ། དེ་དེ་ལྟར་ཐར་པར་སྨྲ་བ་རྣམས་ཀྱི་མེད་པའི་དངོས་པོར་སྒྲོ་འདོགས་པའོ།། འཇིག་རྟེན་རྒྱང་ཕན་པ་དང་། ཀུན་ཏུ་ལྟ་བ་དང་། སྤྱོད་པ་ཅན་རྣམས་ཕྱིའི་དོན་མེད་མ་པར་ཕྱིའི་དོན་དུ་སྒྲོ་འདོག་སྲ་པ་ནི་མེད་པ་དངོས ་པོར་སྒྲོ་འདོགས་པ་སྟེ། རྟོག་པའི་རྒྱུན་དུ་སྒྲ་ཚངས་པ་དཔྱད་པ་ལ་སོགས་པར་བདག་དང་གཞན་གྱི་གྲུབ་པའི་མཐའ་ཞིབ་ཏུ་དཔྱད་ཀྱིས། དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ།། ཁྱད་པར་དུ་དགོངས་པའི་དོན་ནི་ཐམས་ཅད་མཁྱེན ་པ་ཉིད་ཚད་མ་ཡིན་ཏེ། བདག་གིས་ནི་རྟག་པ་དང་སྒྲའི་རྗེ་སུ་འབྲེང་སྟེ་བཤད་པར་སྦྱར་ཏོ།། བློ་གྲོས་ཆེན་པོ་འདི་ནི་སྤྲོ་འདོགས་པ་རྣམ་པ་བཞིའོ།། བློ་གྲོས་ཆེན་པོ་སྐུར་པ་གང་ཞེ་ན། སྒྲོ་འདོགས་པའི་ལྟ་བ་ངན་པ་འདི་ཉིད་མི་དམ ་པར་རབ་ཏུ་འབྱེད་པ་ན་མེད་པའི་ཕྱིར་སྐུར་པར་འགྱུར་ཏེ་ཞེས་བྱ་བའི་སྐུར་པའི་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཛད་པ་འདི་ལྟ་སྟེ་སྒྲོ་འདོགས་པའི་ལྟ་བ་ཕན་པ་ཞེས་བྱ་བ་ལ་སོགས་པའོ།། མི ་དམིགས་ཏེ་རབ་ཏུ་འབྱེད་པ་ན་མེད་པའི་ཕྱིར་སྐུར་པར་འགྱུར་ཏེ། དེ་ཞེས་བྱ་བ་ལ་མི་དམིགས་པའི་ཤེས་རབ་ཀྱིས་དཔྱད་པ་ནའོ།། འདི་ཡོད་པ་དང་འདི་མེད་པའོ་ཞེས་གཉིས་ཡོད་ན་སྒྲོ་འདོགས་པ་དང་སྐུར་པར་རྣམ་པར་རྟོག་པར་འགྱུར ་ལྟ་བ་ཐམས་ཅད་ལས་བྲལ་བར་བྱེད་པ་ནི་སྟོང་པ་ཉིད་དོ།། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་སོགས་པ་སྟེ། ཕུང་པོར་མི་གནས་པ་དང་། རྣམ་པར་འཇིགས་པ་མ་ཡིན་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱིས ་ལྟ་བ་ཐམས་ཅད་སྤོང་བར་འགྱུར་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པ་ཡོང་སུ་ཤེས་པས་སོ།། མང་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་བཤད་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ ་མངོན་པར་ཞེན་པའོ་ཞེས་ཏེ། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་ནི་གཟུང་བ་དང་། འཛིན་པ་གཉིས་ཀྱི་རྣམ་པ་སྟེ། རྨི་ལམ་ལ་སོགས་པ་བཞིན་དུ་སྐྱེ་མཆེད་དོང་། ཁམས་ཀྱི་བྱེ ་བྲག་ཏུ་ཆུད་པའི་རང་བཞིན་གྱི་སྣང་བ་ཉིད་སོ་སོར་སྣང་ངོ་།། དེ་ལ་སྤྱིའི་མཚན་ཉིད་ནི་གཟུགས་སུ་འགྱུར་བའི་མཚན་ཉིད་པས་ན་གཟུགས་སོ།། ཁྱད་པར་གྱི་མཚན་ཉིད་ནི་རྟེན་པ་ལ་སོགས་པའི་ལུས་སུ་གྲུབ་པ་དང་། སྲ་བ་དང་། གཀོར ་བ་དང་། དྲོ་བ་དང་། གཡོ་བའོ།། ཚོར་བའི་མྱོང་བའི་མཚན་ཉིད་ནི་སྤྱིའི་མཚན་ཉིད་དོ།། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་ཁྱད་པར་གྱི་མཚན་ཉིད་དོ།། འདུ་ཤེས་མཚན་མར་འཛིན་པའི་བདག་ཉིད་སྤྱིའི་མཚན་ཉིད་དོ།། ་ཕྲ་བ་དང་། རྒྱ་ཆེ་བ་དང་། ཆུང་བ་དང་། ཆེན་པོར་སོང་བ་དང་། བུད་མོད་དང་། སྐྱེས་པ་ལ་སོགས་པ་ནི་མཚན་མར་འདུ་ཤེས་པ་ནི་ཁྱད་པར་གྱི་མཚན་ཉིད་དོ།། རྣམ་པར་རིག་པ་ནི་སོ་སོར་རྣམ་པར་ཆུད་པ་སྟེ། དེ་ལ་དོན་མཐོང ་རྣམ་པར་ཤེས།། དེ་ཡི་ཁྱད་པར་སེམས་ལས་འབྱུང་།། ཞེས་པ་འདུ་བྱེད་ཀྱི་ཕུང་པོའི་སྒྲར་བརྗོད་པ་སྟེ། དེ་དག་གི་ཁྱད་པར་ནི་ཚོར་བ་དང་། སེམས་པ་དང་། འདུ་ཤེས་དང་། འདོད་པ་དང་། རེག་པ་དང་། བློ་གྲོས་དང་། དྲན་པ་དང་། ་མོས་པ་དང་། ཏིང་ངེ་འཛིན་སེམས་ཐམས་ཅད་ལ་སྟེ། ཞིབ་ཏུ་ནི་ཆོས་མངོན་པ་ལས་རེག་པར་བྱ་སྟེ། ཤེས་པ་རྣམས་འདུས་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཐམས་ཅད་དང་། གཟུགས ་ལ་སོགས་པའི་ཡུལ་ཡང་རྨི་ལམ་གྱི་དུས་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་གཅིག་པོ་མ་གཏོགས་པར་གཞན་མེད་དེ། ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་མཚན་ཉིད་མེད་པ་ལ་མངོན་པར་ཞེན་པ་འབའ་ཞིག་གོ། འདི་ནི་འདི་ལྟ་སྟེ།། ་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རང་བཞིན་ལ་ཕྱི་རོལ་གྱི་བ་སྒྲོ་འདོགས་སོ།། རྨི་ལམ་དང་རབ་རིབ་ལ་སོགས་པའི་རང་བཞིན་ལ་ཡང་དེ་ལྟ་བུའི་རྣམ་པ་ཡོད་པ་ཉིད་དོ།། དེ་ལྟ་བུར་ན་གཉིད་ཀྱིས ་མ་ལོག་པའི་དུས་ན་ནི་ཡོད་ལ་རྨི་ལམ་གྱི་དུས་ན་ནི་མེད་དོ་ཞེས་པར་རྣམ་པར་རྟོག་པ་ནི་སླང་མའི་བག་ཆགས་ཡོངསུ་སྨིན་པའི་མཐུ་ལས་སྐྱེས་པ་དེ་དག་ཐམས་ཅད་མཚུངས་སོ་ཞེས་ཐམས་ཅད ་མཁྱེན་པས་སྒྲུབ་པར་མཛད་པ། བློ་གྲོས་ཆེན་པོ་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་འདི་ནི་ཐོག་མ་མེད་པའི་དུས་ཀྱིས་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་འདུ ་ཞེས་པ་སྟེ། ཐོག་མ་མེད་པའི་དུས་ཀྱི་སྐད་ཅིག་མའི་རྒྱུན་འབྲེལ་པར་འབྱུང་བའི་སེམས་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་རྐན་གྱི་ཁྱད་པར་གྱིས་དཀྲུགས་ཏེ། མཉམ་པར་མི་འཇོག་པའི་མ་རིག་པའི་གནས་ངན་ལེན ་པ་སྣ་ཚོགས་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་རྨི་ལམ་བཞིན་དུ་འཛིན་པ་དང་། གཟུང་བར་སྣང་བའི་འཁོར་བ་སྣང་ངོ་།། གགི་ཚེན་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་སྟེ་མི་དམིགས ་པ་དེའི་ཚེ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་འཛིན་ཐོབ་པས་ཐམས་ཅད་མཁྱེན་པས་སེམས་ཅན་ཐམས་ཅད་ལ་ཕན་པར་འཇུག་པ་ནི་ལན་དུ་མར་བཤད་པ་ཡིན་ནོ།། བློ་གྲོས་ཆེན་པོ་གང་ཕུང་པོ་དང་། ཁམས་དང་། ་སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ངན་པ་སྒྲོ་འདོགས་པ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་ལྟ་བར་སྒྲོ་འདོགས་པ་ཞེས་བྱའོ་ཞེས་པ་ནི་ཕུང ་པ་དང་ཁམས་དང་། སྐྱེ་མཆེད་དུ་སོ་སོར་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་ནི་མེད་པའི་མཚན་ཉིད་སྒྲོ་འདོགས་པའོ།། དེར་ཡང་རྟག་པ་དང་། བདག་དང་། བདྲག་གིར་མངོན་པར་ཞེན་པ་ནི་ལྟ་བུ་ངན་པར་སྒྲོ་འདོག ་པའོ།། རྟག་པ་དང་། བོདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་རྣམས་ཀྱིས་ལོག་པའི་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའོ།། བློ་གྲོས་ཆེན་པོ་མེད་པའི་རྒྱུད་སྒྲོ་འདོགས་པ་ནི་འདི་ལྟ་སྟེ། སྔོན་རྒྱུ་ལས ་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་དང་། སྣང་བའི་རྒྱུ་དང་། དྲན་པ་སྔོན་དུ་འཇུག་པས་འབྱུང་ངོ་ཞེས་པ་ལ། སྔོན་མ་སྐྱེས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་མེད་པའི ་རྒྱུར་སྒྲོ་འདོགས་པ་འདི་ནི་ལོག་པའི་རྣམ་པར་རྟོག་པ་ཡིན་ཏེ། གལ་ཏེ་སྔོན་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་རྒྱུན་དུ་རྣམ་པར་གནས་པའི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་མེད་ན་ནི་དྲན་པ་དང་སོ་སོར་བ་ཤེས་པ་ལ ་སོགས་པ་ཇི་ལྟར་ན་ཡོངས་སུ་ཤེས་པར་འགྱུར། སྐྱེས་མ་ཐག་པ་རྣམས་ལ་ཡུལ་ཁ་ཅིག་ཏུ་དགའ་བ་དང་། འཇིགས་པ་དང་། མྱ་ངན་འབྱུང་བ་སྣང་བའི་ཕྱིར་རོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲན་པ་དང་། གཟུགས་དང ་སྣང་བའི་རྒྱུ་ལ་བལྟོས་ཏེ། དེས་ན་ཐོག་མ་དང་ཐ་མརོ་སྟོང་པ་ཡང་སྒྱུ་མ་དང་འདྲ་བའི་རྣམ་པར་ཤེས་པ་སྐྱེ་བ་ནི་དེ་མ་ཐག་པའི་རྐྱེན་གཅིག་གི་རྒྱུ་གཅིག་ཡིན་པ་ལས་འབྱུང་སྟེ། སེམས་ཀྱི་རྒྱུད་ཀྱི་རྒྱུན་ཇི་ལྟར་མི་འཆད་པ་ལྟར་སྔར་བསྒྲུབ། ་ཟིན་ཏོ།། ཟླགས་རྐུན་པོ་མེད་པའི་དངོས་པར་རྩཝ་འཛེགས་པ་ནི་འདི་ལྟ་སྟེ། ན་མཁའ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་མ་བྱས་པའི་དངོས་པར་མངོན་པར་ཞེན་ཅིང་སྒྲོ་འདོགས་པར ་ཞེས་བྱ་བ་ལ་མ་བྱས་པ་ནི་ནམཁའ་རྟག་གོ།། ཞེས་སོ།། མྱ་ངན་ལས་འདས་པ་ལ་ཡང་དེ་བཞིན་དུ་རྟག་པའོ་ཞེས་མངོན་པར་ཞེན་པ་སྟེ། དེའི་དངོས་པོ་མེད་པར་དངོས་པར་མངོན་པར་ཆགས་པ་ནི་མེད་པའི་དངོས་པོ་འདོགས་པ ་འདུས་མ་བྱས་པའི་དངོས་པོ་ལ་རྣམ་པ་གསུམ་སྟེ། ཇི་ལྟར་ན་མཁའ་དང་། སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་བརྟགས་ཏེ་འགོག་པ་མ་ཡིན་པ་སྟེ། གང་འདུས་མ་བྱས་པ་དེ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལ་སོགས་པ ་དང་། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། དེས་ན་རྟག་པ་དང་རྡུལ་ཕྲ་མོས་བརྩམས་ཏེ་ཡན་ལག་ཅན་གྱི་རྫས་ལ་སོགས་པོས་གང་བརྟགས་པ་གཞན་ཡང ་མེད་པའི་དངོས་པོར་སྒྲོ་འདོགས་པའོ་ཞེས་དེ་ལ་སྡེར་སྨྲས་སོ།། བློ་གྲོས་ཆེན་པོ་ཆོས་འདི་དག་ཐམ་ཅད་ནི་དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པར་ལོག་པ་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་དང་། སྐྲ་ཤད་འཛིངས་པ ་ལྟ་བུ་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་སྟེ། བློ་གྲོས་ཆེན་པོ་བྱིས་པ་རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློན་ཅན་རྣམས་སྒྲོ་འདོགས་པ་དང་སྐུར་པས་རྣམ་པར་རྟོག་སྟེ། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ཞེས་བྱ་བ་འདི ་ནི་ཐམས་ཅད་མཁྱེན་པས་རིན་པོ་ཆེའི་འབྱུང་གནས་ལས་བདུད་རྩི་བཏོན་བཞིན་དུ་དོན་དམ་པའི་སྙིང་པོ་ཆོས་ཀྱི་དེ་ཁོ་ན་ཉིད་དབུ་མའི་བསམ་གཏན་གསུངས་པའོ།། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ལས་རྣམ་པར ་ལོག་པ་ལ་བྱིས་པ་རྣམས་ཀྱིས་སྒྲོ་འདོགས་པ་དང་། སྐུར་པའི་རྣམས་ཀྱིས་རྣམ་པར་རྟོག་པར་བྱེད་དོ།། རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་འཁོར་བར་བདག་དང་གཞན་གྱི་རྐྱེན་གྱི་དབང་གིས ་བཏབ་པའི་འདུ་བྱེད་ཡོངས་སུ་སྨིན་པ་ལས་རྣམ་པ་སྣ་ཚོགས་ཀྱི་སེམས་སུ་འབྱུང་བ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་བ་དེར་རང་གི་སེམས་སྣང་བར་བྱིས་པ་མ་རྟོགས་པའི་བློ་ཅན་རྣམས་ཀྱིས་ཡོད་པ་དང་མེང་པ ་སྒྲོ་འདོག་པར་བྱེད་དོ།། གང་གི་ཚེ་ན་ཤེས་རབ་ཀྱིས།། དཔྱད་དེ་སྦོམ་པོ་དང་བླ་མོ།། གཟུགས་ནི་རྡུལ་པན་གཞོགས་པ་ན།། རྡུལ་ཕྲན་ཚན་མེད་པ་སྟེ། ཞེས་པར་ཤེས་པ་དེའི་ཚེ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན ་དུ་ཐམས་ཅད་སྟོང་པར་མཐོང་ངོ་།། རབ་རིབ་ཅན་ལ་སྨྱོ་ཤྭད་འཛིངས་པའི་རང་བཞིན་ལྟ་བུར་སྟོང་པ་ཡིན་པ་བསླད་པའི་མཐུས་རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་ལྟ་བུ་འབའ་ཞིག་གོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། ་དེ་ཡང་ཤེས་རབ་ཀྱིས་དཔྱིད་དེ་མཐོང་ཡང་མི་མཐོང་ནི་ཇི་ག་གས་པ་ཀྱི་ཕྱིན་པ་ལས་འབྱུང་བ། རྣམ་པར་རྫས་པ་དང་། རྣམ་པ་དམ་། རྣམ་པར་གཉིགས་པ ་ལ་སོགས་པ་མི་མཛེས་པ་སྒོམ་པ་དེ་ཡང་མི་དམིགས་པའི་ཚུལ་དུའོ།། སེམས་ཀྱི་བསྐྲད་པའི་སྣང་བ་མ་གཏོགས་པར་ཕྱི་རོལ་གྱི་ཉིངད་མི་དམིགས་ན་མཛེས་པ་དང་མི་མཛེས་པར་རྣམ་པར་རྟོག་པ་ལྟ་ཅི ་སྨོས། གཉིས་ཀྱི་རྣམ་པའི་ཤེས་པ་ཡང་མགོ་འཁོར་བ་དང་། བརྒྱ་ལ་བ་ལ་སོགས་པ་བཞིན་དུ་འཁྲུལ་པ་ལས་ཉེ་བར་སྐྱེས་པ་ཤེས་རབ་ཀྱིས་གཉིས་ཀྱི་རྣམ་པ་སྟོང་པར་མཐོང་ངོ་།། གང་གི་ཚེན་ཕྱི་རོལ་གྱི་བར་ཞེན་ཏེ་རྣམ་པ་རྣམས་ཤེས ་པ་མ་གཏོགས་པར་སྐྱེ་བ་མེད་པ་དེའི་ཚེ་མཉམ་པར་འཇོག་པ་མེད་པའི་མ་རིག་པས་ཉེ་བར་བསླད་པས་སྐྱེས་པ་དེ་དག་སྟོང་པ་ཉིད་དུ་ཁོང་དུ་ཆུད་དེ། ཤེས་རབ་མཉམ་པར་བཞག་པས་མཚན་མ་མི་མཐོང་ངོ་།། སེམས་ལ་སྨོན་པ་མེད་དེ ་དེ་བཞིན་དུ་བསླད་པའི་རྣམས་ལ་ལྷག་པར་ཆགས་པས་ཡིད་ལ་བྱེད་པ་མེད་དོ།། ཡིད་ལ་བྱེད་པ་མེད་པར་རྟོགས་པར་གྱུར་པ་ན་བསམ་པ་མེད་པ་མི་གཉིས་པའི་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཆུད་པ་རྫོགས་པའི་སངས་རྒྱས་སུ ་འགྱུར་ཏེ་ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ནས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་བརྙེས་ནས་མཆོག་ཏུ་ཡོངས་སུ་དྲག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་པ་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ ་འབྱོར་གྱི་དབང་པོ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟ་བུ་དང་། སྤྲིན་ཆེན་པོ་ལྟར་གཞན་གྱི་དོན་དུ་འཕགས་པའི་བདག་ཉིད་གདུང་བ་ཐམས་ཅད་སེལ་བ་དང་། ཕ་དང་སྨན་པའི་རྒྱལ་པོ་བཞིན་དུ་གཞན་གྱི་དོན་མཛད།། ། ་ཡོངས་དག་པ་རང་བཞིན་གྱིས་གཉེན་དེས་སྤྱོད་པ་རྒྱུ་གང་ཡང་མེད་པའི་གཉེན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཏེ། གཞན་གྱི་དོན་དུ་འཁོར་བར་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་སོ།། བློ་གླས ་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་གཉིས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་ནས་གཞན་ལ་ཕན་པའི་ཕྱིར ་གཟུགས་དང་ཆ་བྱད་དུ་མ་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་ལན་དུ་མར་བཤད་པ་ཡིན་ཏེ། ད་ནི་གཞུང་གི་བཤད་པ་སྦྱར་བར་བྱ་བ་ན། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ།། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ།། ཚིགསུ་བཅད་པ་བསྡུས་པར་འདི་ཉིད་དུ་གསུངས་པ། ཆོས་ལྔ་རྣམས་དང་རང་བཞིན་དང་།། རྣམ་པར་ཤེས་པ་བརྒྱད་རྣམས་དང་།། བདག་མེད་གཉིས་ཀྱི་ནང་དུ་ནི།། ཐེག་པ་ཆེན་པོ་ཐམས་ཅད་འདུས།། ་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ལུས་དང་ལོངས་སྤྱོད་དང་། གནས་སུ་རྣམ་པ་བརྒྱད་དང་། རྣམ་པ་དགུར་འབྱུང་ངོ་ཞེས་དེ་བཤད་ཟིན་ཏོ།། མིང་དང་མཚན་མ་ལ་སོགས་པ་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། ་དེ་བཞིན་ཉིད་དེ་ཆོས་ལྔ་ཡང་བཤད་ཟིན་ཏོ།། རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱི་འོད་གསལ་བའི་ཆུད་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུད་འབྲེལ་པར་གནས་པ་ལ་དགོངས་པར་བརྟག་གོ།། ཆོས་དང་གང་ཟག ་ལ་བདག་མེད་པ་གཉིས་ཀྱང་བཤད་ཟིན་ཏོ།། དེ་དེ་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་སེམས་ཡིན་པ་དང་། ཡོད་པ་དང་མེད་པའི་ཕྱོགས་ལས་རྣམ་པར་བྲལ་བ་རྣམ་པར་རྟོག་པ་མེད་ཅིང ་ཆགས་པ་དང་བྲལ་བར་ཤེས་ནས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ནི་བཙུན་གཙོའི་བྱང་ཆུབ་སེམས་དཔས་ཐོབ་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་གཞན་གྱི་དོན་བྱེད་དོ།། རྨི་ལམ ་དང་སྒྱུ་མ་དང་། མིག་ཡོར་དང་གཟུགས་བརྙན་དང་། ཆུ་ཟླའི་ཚུལ་གྱིས་ཆོས་སྐྱེ་བ་དང་། འཇིག་པ་དང་། རྟག་པ་དང་། ཆད་པ་དང་བྲལ་བ་ཐམས་ཅད་དེ་བཞིནི་གཤེགས་པ་ཐམས་ཅད་ལས་མངོན་དུ་ཉན་ཞིང་ཞེས་བྱ་བ་དང་འབྲེལ་པ་སྟེ། ་སྟོང་པ་དང་སྐད་ཅིག་ཆོས་གཉིས་ཀྱི་རྣམ་པ་དེ་དག་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་ལ་སོགས་པ་བཞིན་པས་ན་སྐྱེ་བ་དྲང་འཇིག་པའི་རྣམ་པ་སྣང་བ་ཙམ་དུ་སོ་སོར་སྣང་ངོ་།། རྟག་པ་དང་བྲལ་བ་ནི་རྒྱུན་འབྲེལ་པོར་འབྱུང་བའི་རྣམས་ཏེ། ་དེདེས་ན་རྟག་པ་ཆད་པ་དང་བྲལ་བ་ཆུད་པའི་རང་བཞིན་གྱི་ཆོས་ཐམས་ཅད་འཁོར་བ་དང་། མྱ་ངན་ལས་འདས་པའི་མཉམ་པ་ཉིད་ཐོབ་པ་རྣམ་པ་དེ་ལྟ་བུ་རྣམས་ཐམས་ཅད་ལས་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉན་ཏེ། ་ཡོད་པ་དང་མེད་པའི་ཕྱོགས་ལས་རྣམ་པར་སྤྲོ་བའི་ཕྱིར་རང་གི་སེམས་སྣང་བ་ཙམ་ལ་གཟུང་བས་ཕྱིའི་དངོས་པོ་མེད་པར་གཞན་ལ་སྟོན་ཏེ། སེམས་ཙམ་ཡང་བདག་དང་གཞན་གྱི་དབང་གི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས ་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་།། ཤེས་རབ་ཀྱིས་དཔྱད་ཅིང་ཆོས་འཆད་དོ།། གྲང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་ནི།། ཕྱི་ཡི་དངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང ་ཞེས་པ་དེ་ཡང་གཉིས་ཀྱི་རྣམ་པ་སྟོང་པའི་སེམས་སྣང་བ་མེད་ཅིང་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བའི་དབུ་མའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་གོ།། སྒོ ་རྗེའི་བག་ཆགས་ཀྱི་སྐུ་རབ་ཏུ་སད་དོ།། སྒྱུ་མའི་རྣམ་པར་ཐར་པར་དག་པ་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་གནས་ཏེ་ཆོས་འཆད་དོ།། སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར ་དབང་པོ་ཞེས་བྱ་བ་དེ་ནི་ལན་དུ་མ་བཤད་པ་ཡིན་ནོ།། ད་ནི་སྟོང་པ་ཉིད་དུ་རབ་ཏུ་འབྱེད་པའི་བཤད་པ་སྦྱར་བར་བྱའོ།། ཀུན་བརྟགས་པའི་རང་བཞིན་གྱི་ཚིག་ཅེས་བྱ་བ་ལ་སོགས་པ་སྟེ། སྟོང་པ་ཉིད་རྣམས་ཀྱི་ཁྱད་པར་ནི་ཀུན་ཏུ་བརྟགས ་པས་འབྱེད་དོ།། དོན་དམ་པའི་སྟོང་པ་ཉིད་ནི་འཛིན་པ་དང་གཟུང་བའི་རྣམ་པ་གཉིས་ཀྱི་རང་བཞིན་གྱིས་སྟོང་ཞིང་སེམས་པ་མེད་པ་དང་། སྣང་བ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་ཆོས་ཉིད་དེ། དངོས་པོ་དང ་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་དེ་ལ་ཐ་དད་པར་རྣམ་པར་རྟོག་པ་མེད་པ་ལས་རྣམ་པར་རྟོག་པས་སྒྲོ་བཏགས་པ་རྣམ་པར་བཅིད་པས་དབྱེ་བ་འབའ་ཞིག་སྟེ། རྟག་པ་དང་། བདག་དང་། བདག་གི་དང་། བྱེད་པ་པོ་དང་། ལས་དང་། བྱེད ་པ་དང་། བསྐྱེད་པ་དང་། སྐྱེད་པ་དང་། བརྗོད་པ་དང་། རྗོད་པ་ལ་སོགས་པའི་ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་པའི་ཐ་སྙད་རྣམ་པར་བཅད་པར་བྱ་བ་ནི་ཇི་ལྟར་ཚད་མའི་གཏམ་ལྷས་འབྱུང་བ། ཇི་ཙམ་ཆར་ནི ་སྒྲོ་འདོགས་པ།། དེ་བསལ་ཕྱིར་ནི་གདོན་མི་ཟ།། དེ་སྙེད་དེ་བཞིན་སྒྲ་རྣམས་དང་། དེས་ན་དེ་དག་ཐ་དད་ཡུལ་ཞེས་པའོ།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ནང་དང་ཕྱིའི་དངོས་པོའི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ ་མཐའ་མེད་པ་རྣམ་པར་བཅད་པའི་མདོའི་དོན་དུ་མདོར་བརྗོད་ན་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་འདིར་ཡང་སྟོང་པ་ཚིག་གི་དོན་ལ་མི་ཤེས་པ་འཛིན་པ་རྣམ་པར་དགག ་པའི་ཕྱིར་སེམས་ཅན་རྣམས་ལ་སྟོང་པ་ཉིད་རྣམ་པ་བདུན་གསུངས་པ་ནི་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། མི་སྲིད་པ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པ ་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ནོ་ཞེས་ཏེ། ཇི་ལྟར་མི་ཤེས་སྦོམ་པོ་ཀུན་ལས་ཉོན་མོངས་པ་བཟློག་པའི་ཕྱིར་ཐམས་ཅད་མཁྱེན་པས ་རྣམ་པར་དབྱེ་བར་གསུངས་པ། བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ་དངོས་པོ་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་ངོ་།། བློ་གྲོས་ཆེན་པོ་ཕན་ཚུན་དུ་འདུས་པ་བལྟོས་པ་དང་། རབ་ཏུ་དབྱེ ་བའི་ཁྱད་པར་མེད་པའི་ཕྱིརྱ་དང་། སྤྱིའི་མཚན་ཉིད་འཇུག་པ་མེད་དེ། བློ་གྲོས་ཆེན་པོ་བདག་དང་། ཕ་རོལ་དང་། གཉི་ག་མེད་པའི་ཕྱིར་མཚན་ཉིད་མེད་པས་ན་དེའི་ཕྱིར་དངོས་པོ་ཐམས་ཅད་མཚན་ཉིད་སྟོང་པ་ཞེས་བྱའོ་ཞེས་པ་ལ ་རང་གི་མཚན་ཉིད་ནི་བདག་གི་མཚན་ཉིད་དེ། ཇི་ལྟར་འབྱུང་བ་རྣམས་ཀྱི་རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བ་རྣམས་དང་། སྤྱིའི་མཚན་ཉིད་ནི་རིག་པར་བྱའོ།། དེ་དག་ནི་གཟུགས་ནི་རྡུལ་ཕྲན་གཉི ་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པ་སྟེ། སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་འབྱེད་པས་དབྱེ་བ་ན་ཕྱི་རོལ་གྱི་ཉིད་དུ་མེད་པས་ཇི་ལྟར་ན་སྟོང་པ་ལ་རང་དང་སྤྱིའི་མཚན་ཉིད་ཡོད་པར་རིགས། འདུས་པ་བལྟོས་པ་ན ་ཡང་མཚན་ཉིད་ཇི་ལྟར་ན་རིགས་ཏེ། འདུས་པ་རྣམ་པར་ཕྱེ་བ་ན་ཁང་པ་དང་སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དེ་དེ་བས་ན་སྦོམ་པོ་དང་། ཕྲ་མོའི་མཚན་ཉིད་ལ་རབ་ཏུ་དབྱེ་བའི་ཁྱད་པར་མེད་དོ།། རབ་ཏུ་དབྱེ་བའི་ཁྱད ་པར་མེད་པའི་ཕྱིར་ཡང་བདག་དང་། ཕ་རོལ་དང་། གཉིས་ཀ་མེད་པས་མཚན་ཉིད་གནས་པ་མེད་དོ།། ནང་དང་ཕྱི་རོལ་གྱི་རྣམས་ལ་བདག་དང་། ཕྱི་རོལ་དང་། གཉི་གའི་རང་བཞིན་མེད་པའི་ཕྱིར་གཟུང་བ་དང་། འཛིན་པའི ་དངོས་པོར་རང་གི་མཚན་ཉིད་མ་གྲུབ་བོ།། གཉིས་ཀྱི་རྣམ་པའི་རང་བཞིན་མེད་པ་ཉིད་ལ་མཚན་མའི་གནས་དང་། མཚན་མའི་དངོས་པོ་ཀུན་རྟོག་པར་བྱེད་དེ། དེ་དག་གི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ ་སྣང་བ་བཞིན་དུ་རང་བཞིན་གྱིས་མ་སྐྱེས་པའོ།། རང་བཞིན་དུ་གྲུབ་ན་ནི་ཕ་རིམ་པའི་དངས་པ་རྣམས་པར་བཅད་པར་ཡང་འགྱུར་ན། གང་གི་རང་གི་མཚན་ཉིད་མ་གྲུབ་ན་དེ་ལ་གཞན་གྱི་མཚན་ཉིད་ཇི་ལྟར་ན ་རྣམ་པར་བཅད། གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་མཚན་ཉིད་མེད་པ་དེའི་ཚེ་ཤེས་པ་དེ་གཅོད་པ་པོའི་མཚན་ཉིད་ཀྱང་མེད་པ་ཉིད་དོ།། མཚན་ཉིད་ཀྱི་གཞི་དང་མཚན་ཉིད་ཀྱང་གཅིག་དང་ཐ་དད་པར་འགྲུབ་པ་མེད་དེ། ་ལྟར་དབུ་མ་ལས་འབྱུང་བ།། མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚན་ལ་མཚན་ཉིད་མེད་པར་འགྱུར།། གཅིག་ནའང་དེ་གཉིས་མི་འགྲུབ་སྟེ།། ཐ་དད་ན་ཡང་གཞན་དུ་མེད་ཅེས་པའོ།། ཚ་བ་ལས་ཚ་བ་ཉིད་དང་ཚ་བའི་ཡོན་ཏན་ཡང ་རུང་སྟེ། གལ་ཏེ་ཐ་དད་པ་ཡིན་ན་ནི་མི་ལྔ་ཚ་བ་མེད་པའི་སྐྱོན་དུ་འགྱུརརོ།། རྟག་པ་དང་། མྱི་རྟག་པ་དང་། གཟུགས་ཅན་དང་། གཟུགས་མེད་པ་དང་། ཆོས་དང་། ཆོས་ཅན་ལ་སོགས་པ་གཞན་པ་ཡིན་ན་ནི་སྐྱོན་འདི་ཉིད་དུ་གྱུར་ཏེ། དེས ་ན་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དང་བྲལ་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། ཇི་ལྟར་ཚད་མའི་གཏམ་ལས་འབྱུང་།། དེར་ཡང་གཞན་ནི་ལྡོག་པས་ན།། གཞན་ནི་ལོག་གྱུར་ཞེས་པ་ཡང་།། སྒྲ་དང་བློ་རྣམས་དེ་བཞིན་། ་དུགཏགས་པའི་རྗེས་སུ་ཐོགས་པར་འགྱུར།། སྦྱོར་མེད་ཐ་དད་མེད་པ་ནི།། དེན་དམ་དོན་ནི་བདག་ཉིད་ཀྱིས།། གཟུགས་ནི་གཅིས་དུ་མ་དང་།། དེ་ནི་བློ་ཡི་འཁྲུལ་པའོ།། མི་གཉིས་པ་དང་། བརྗོད་དུ་མེད་པ་དེ་དག་ལ་ཆོས་དང་ཆོས་ཅ ་གྱི་དངོས་པོར་མཚན་ཉིད་བརྟགས་ཏེ། སྤྱིར་སྒྲོ་བཏགས་པས་བརྗོད་པར་བྱའོ།། དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཞེས་པ་ནི་དེ་ལ་དངོས་པོ་རྣམས་རང་གིས་ཐོས ་མ་དྲང་བ་མར་སྟོང་པ་ཉིད་དུ་སྐྱེ་བ་སྟེ། སྐྱེས་པོ་ནི་གང་ནས་ཀྱང་མི་འོང་ལ། འགགས་པ་ན་ཡང་གར་ཡང་ཚེགས་སུ་འགྱུར་བ་མེད་དེ། འབྲས་བུ་ཡང་གཉིས་ཀྱི་རྣམ་པའི་རང་བཞིན་གྱི་སྟོང་པ་ཉིད་དེ། གང་དག་གཉིས་ཀྱི་རྣམ་པ་ཅན་ཡིན ་པ་དེ་དག་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བ་བཞིན་དུ་དོན་དམ་པར་སྐྱེ་བའི་རང་བཞིན་མེད་པའོ།། བློ་གྲོས་ཆེན་པོ་སྤྱོད་པའི་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ་བདག་དང་། བདག་གི་དང་བྲལ་བའི་ཕུང་པོ་རྣམས ་རྒྱུ་དང་ལྡན་པ་དང་བྱེད་པ་དང་ལས་འབྱོར་པ་ལས་སྐྱེ་ཞིང་འབྱུང་སྟེ། དེའི་ཕྱིར་སྲིད་པོའི་སྟོང་པ་ཉིད་ཅེས་བྱའོ་ཞེས་བྱ་བ་ལ་སྲིད་པའི་ཕུང་པོ་རྣམས་ནི་མཉམ་པར་འཇོག་པ་མེད་པའི་མ་རིག་པ་དང་། ལས་ལས་འབྱུང་བ་རྣམས་ཏེ། དེ་དག་ལ ་བདག་དང་། བདག་གི་མི་རིགས་པ་ནི་མུ་སྐྱེས་པ་སོན་མོ་གཤམ་གྱི་བུ་ལོ་སོགས་པ་བཞིན་ནོ།། བདག་གི་ཡང་ཕྱི་རོལ་གྱི་རྣམ་པར་ཕྱེ་བ་ན་རྟག་པ་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་ཏུ་བརྟགས་པ་སྟེང་པར་འགྱུར་རོ།། ་རྒྱུ་དང་ལྡན་པའི་འདུས་པའི་མཐུ་ལས་མི་རྟག་པ་དང་། སྟོང་པའི་ཕུང་པོ་རྣམས་རྨི་ལམ་ལ་སོགས་པ་བཞིན་དུ་རབ་ཏུ་འབྱུང་བར་སྣང་ངོ་།། འདུ་བྱེད་ཐམས་ཅད་སྐད་ཅིག་པ།། མི་བརྟན་བྲེ་བ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ།། བྱེད་པ ་པོར་ཡང་དེ་ཉིད་བརྗོད།། ཅེས་བྱ་བ་སྟེ། དེ་བས་ན་རྒྱུ་དང་ལྡན་པ་དང་། བྱེད་པ་དེ་ཉིད་དང་། བྱེད་པ་པོ་ཡང་དེ་ཉིད་ཅེས་བྱའོ།། དེའི་ཕྱིར་རྒྱུ་དང་ལྡན་པ་དང་། བྱེད་པ་དེ་ཉིད་ད་ལས་ནི་སྔ་མའི་འོག་ཏུ་འདི ་ཡོད་པས་ན་འདི་ཡོད་པར་འགྱུར་རོ་ཞེས་པར་རྣམ་པར་བཞག་གི། སྐད་ཅིག་པ་ལ་ཐ་དད་པ་སྐྱེད་པ་དང་། གནས་པ་དང་། འགོག་པར་བྱེད་པའི་བྱེད་པ་དང་། བྱེད་པ་པོ་དང་། ལས་སུ་ཀུན་ཏུ་བརྟགས་པའི་ཆོས་རྣམས་མེད་དོ་ཞེས་སྔར ་བཤད་ཟིན་ནོ།། མི་སྲིད་པའི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཕུང་པོ་རྣམས་ལ་མྱ་ངན་ལས་འདས་པ་སྔོན་སྲིད་པ་མ་ཡིན་ཏེ་ཞེས་པ་ནི་གཉིད་ཀྱི་རྣམ་པ་སྟོང་པ་ཉིད་དང་། བསམ་པ་མེད་ཅིང་སྣང་བ་མེད་པ་དང་། དོན་དམ་པའི ་བདེན་པ་ནི་མི་གཉིས་པར་ཡང་དག་པར་རིག་པ་ནི་དེའི་མྱ་ངན་ལས་འདས་པའོ།། བློ་གྲོས་ཆེན་པོ་བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ན་ན། ཆོས་ཐམས་ཅད་རྗོད་དུ་མེད་པ་ཞེས་ཏེ། དོན་དམ་སྒྲ་ཡི་ཁྱད་པར་ལ།། ཕན་ཚུན་བརྗོད་རྗོད་འདོད ་པ་མིན།། དེ་སྔར་མཐོང་བ་མེད་པས་ན།། སྤྱིར་ན་ཉེ་བར་བརྗོད་པར་བྱ་ཞེས་པ་སྟེ། ཆོས་གང་དག་རིག་པར་བྱ་བ་དེ་དག་མངོན་པར་བརྗོད་པ་དང་། འབྲེལ་པ་མེད་དོ། བདེ་བ་ལ་སོགས་པའི་རང་བཞིན་ནི། སྙན་པར་མི་ནུས་གཞན་མི ་བསྟེན།། དེ་ཕྱིར་དེ་དག་རང་རིག་པ་དང་། མངོན་པར་བརྗོད་དང་འབྲེལ་པ་མེད་ཅེས་པའོ།། ཐམས་ཅད་མཁྱེན་པའི་དོན་འདི་ཉིད་སློབ་དཔོན་དིག་ནཱ་ག་དང་། དྷརྨ་ཀཱིརྟི་ལ་སོགས་པས་རབ་ཏུ་སྣང་བར་བྱས་སོ།། འདི་ལྟ་སྟེ་ཀུན་ཏུ་བརྟགས ་པའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་རང་བཞིན་གྱིས་རང་གིས་མཚན་ཉིད་བརྗོད་དུ་མེད་པའི་ཕྱིར་ཏེ། དབང་དོན་དེ་ནི་གཞན་ཉིད་དང་།། སྒྲ་ཡི་སྤྱོད་ཡུལ་གཞན་ཡིན་ཏེ།། སྒྲ་ལས་མིག་མེད ་མཐོང་བ་སྟེ།། མངོན་སུམ་དུ་ནི་མཐོང་བ་མེད།། མེད་དང་འབྲེལ་པས་གཞན་དུ་ནི།། བདག་ཚིག་ཅེས་ནི་སེམས་པ་སྟེ།། ཚིག་པའི་སྒྲས་ནི་གཞན་དུ་ཡང་།། ཚིག་པའི་དོན་ནི་ཤེས་པར་བྱེད་ཅེས་པ་སྟེ། གཉིས་ཀྱི་རྣམ་པར ་གསལ་བའི་རང་གི་མཚན་ཉིད་ཀྱང་སྒྲས་བརྗོད་པར་མི་ནུས་ན་གཉིས་ཀྱི་སྟོང་པ་ཉིད་ལྟ་ཅི་སྨོས་ཏེ། གང་གིས་དེ་ལ་བརྗོད་པ་མེད་པ་དེས་ན་བརྗོད་དུ་མེད་པ་སྟོང་པ་ཉིད་ཅེས་བྱའོ།། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས ་སྟོང་པ་ཆེན་པོ་ཉིད་གང་ཞེ་ན། འདི་སྟེ་སྟེ། བདག་གི་སོ་སོར་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་ཐམས་ཅད་ཀྱི་ཉེས་པའི་བག་ཆགས་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་ན་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་མེད ་ཅེས་བྱའོ་ཞེས་པ་ནི་གང་གི་ཚེ་ན་རྣལ་འབྱོར་ཅན་གྱིས་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་དངོས་པོ་ལ་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བས་སྒྲོ་བཏགས་པ་མི་མཐོང་བ་དེའི་ཚེ་དེའི་སེམས་ཡུལ་གང་དུ་ཡང་མཛེས་པའི་རང ་བཞིན་དུ་རབ་ཏུ་མི་འཇུག་པ་ནི་དེ་ལས་གཞན་པའི་ཉེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་དུ་སེམེད་ཅིང་སྣང་བ་མེད་དྲི་དོན་དམ་པ་མི་གཉིས་པར་ཡང་དག་པར་རིག་པ་བདག་ཉིད་ཀྱིས ་གནས་སོ།། རྒྱུན་དུ་མཉམ་པར་འཇོག་ཅིང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་དང་ཆགས་པ་མེད་པ་དེའི་ཚེ་དེའི་ལོག་པའི་ཤེས་པའི་བག་ཆགས་མ་ལུས་པར་སྤོང་བར་འགྱུར་ཏེ། དེས་ན་དོན ་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱ་སྟེ། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་གང་ན་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ་ཞེས་པ་ནི་དངོས་པོ་ཐམས་ཅད་ཅིག་ལས་གཅིག་རྣམ་པ ་ལྡོག་པའི་རང་བཞིན་པ་ཡིན་ཏེ། བུམ་པ་ལ་སྣམ་བུ་མེད་དེ། ཇི་ལྟ་བར་ཏི་ཀ་ལས་འབྱུང་བ། དངོས་པོ་ཐམས་ཅད་རང་བཞིན་གྱིས།། བདག་གི་དངོས་པོར་རྣམ་པར་གནས།། རང་གི་དངོས་པོ་གཞན་དངོས་ཀྱིས།། རྣམ་པར་ལོག་པའི་ཆ་ཡི ་ཕྱིར་ཞེས་པ་སྟེ། ཐམས་ཅད་མཁྱེན་པས་གཞན་བསྩ་ལྔ་པ་རྒྱ་ཆེར་དགོངས་པས་ན་འདིར་རབ་ཏུ་བཤད་པ་ཡིན་ཏེ། དེ་བས་ན་འདི་སྐད་དུ་གསུངས་པ། འདི་ལྟ་སྟེ་བློ་གྲོས་ཆེན་པོ་མྲྀ་ག་རའི་མའི་ཁང་པ་ན་གླང་པོ་དང་། བ་ལང་དང ་ལུག་ལ་སོགས་པ་མེད་ཀྱང་དགེ་སློང་གིས་སྟོང་པ་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་དག་གིས་སྟོང་ཞེས་བྱ་བ་ཡང་། བློ་གྲོས་ཆེན་པོ་ཁང་པའི་དངོས་པོར་མེད་པ་མ་ཡིན། དགེ་སློང་རྣམས་ཀྱང་དགེ་སློང་གི་ངོ་བོར་མེད་པ་མ ་ཡིན་ཏེ། གླང་པོ་དང་། བ་ལང་དང་། ལུག་ལ་སོགས་པའི་དངོས་པོ་དེ་དག་གུང་ན་མི་འཁོར་བ་ཡང་མ་ཡིན་ནོ་ཞེས་པའོ།། བློ་གྲོས་ཆེན་པོ་ཏིང་ངེ་འཛིན་གྱི་གནས་མ་གཏོགས་པར་རང་ཡང་མི་སྐྱེ་ལ། མི་སྐྱེ་བ་ཡང་མ་ཡིན་ཏེ། དེའི ་ཕྱིར་མ་སྐྱེས་པ་དང་། རང་བཞིན་མེད་པ་སྟེ། སྐྱེ་བ་མེད་པ་ལ་དགོངས་ནས་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་བྱའོ།། བློ་གྲོས་ཆེན་པོ་སྐད་ཅིག་པའི་རྒྱུད་ཀྱི་རྒྱུན་མེད་པ་དང་། གཞན་དུ་འགྱུར་བར་སྣང་བའི་ཕྱིར་ཆོས་ཐམ ་ཅད་རང་བཞིན་མེད་པ་སྟེ། དེའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའོ་ཞེས་ཞེས་བྱ་བ་ལ་རང་ཡང་མི་སྐྱེ་བ་ནི་རྒྱུ་ལ་བལྟོས་པའི་ཕྱིར།། མི་སྐྱེ་བ་ཡང་མ་ཡིན་པ་ནི་སྟེ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་ཞེས ་པ་སྟེ། དེའི་ཕྱིར་སྐྱེ་བའི་རང་བཞིན་མེད་པ་ལ་དགོངས་ཏེ། རྒྱུན་འབྲེལ་པའི་རྟེན་ཅིང་འབྲེལ་ཏོ་འབྱུང་བ་ལ་དེ་སྐད་ཅེས་བྱའོ།། ཐམས་ཅད་མཁྱེན་པས་རྒྱ་ཆེར་དགོངས་པའི་སྒྲའི་དོན་ནི་ས་དང་པོའི་དབང་པོས་དབུ་མར་སྨྲས་པ་ཡིན་ཏེ། ་བདག་ལས་མ་ཡིན་གཞན་ལས་མིན། གཉིས་དང་རྒྱུ་མེད་པ་ལས་མིན།། གར་ཡང་གང་ཞིག་དངོས་པོ་རྣམས།། ནམས་ཀྱང་སྐྱེ་བ་མེད་པའོ་ཞེས་སོ།། བློ་གྲོས་ཆེན་པོ་མི་གཉིས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གྲིབ་མ་དང ་ཉི་མ་ལྟ་བུ་དང་། རིང་པོ་དང་། ཐུང་ངུ་དང་། ནག་པོ་དང་། དཀར་པོ་ལྟ་བུ་དག་གཉིས་སུ་རབ་ཏུ་ཕྱེ་བ་རྣམས་སོ་སོར་ཐ་དད་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལྟར་ཆོས་ཐམས་ཅད་མི་གཉིས་ཏེ། ་བློ་གྲོས་ཆེན་པོ་དེ་ནི་མཚན་ཉིད་ཐ་དད་པའི་རྒྱུ་ཡིན་པའི་ཕྱིར་རོ།། མྱ་ངན་ལས་འདས་པ་གང་ན་བ་དེ་ནི་འཁོར་བ་མེད། འཁོར་བ་གང་ན་དེ་ན་མྱ་ངན་ལས་འདས་པ་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ ་ལྟ་བུར་མི་གཉིས་སོ་ཞེས་བྱའོ་ཞེས་པ་ནི་དངོས་པོ་ཐམས་ཅད་རང་བཞིན་གྱིས་རྣམ་པར་ལོག་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་ནི་གསེར་ལྟ་བུ་སྟེ། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དུས་ན་སྤྱད ་ཅིག་མིའི་རྒྱུན་ཐ་དད་པས་ན་འཁོར་བ་དང་མྱ་ངན་ལས་འོངས་པ་ཕན་ཚུན་དུ་ཐ་དད་པའི་རང་བཞིན་པ་ཡིན་ཏེ། དེ་དག་ཉིད་མི་གཉིས་པ་ཉིད་ནི་སེམས་ཅན་ནམ། གཅིག་ཉིད་གཅིག་གི་རང་བཞིན་གང་ཡིན་པ་དེ་གཉིས་པོའི་མ་ཡིན་པའི་ཕྱིརརོ།། ། ་རྟག་པ་དང་གིཅིག་པའོ་ཞེས་མི་གཉིས་པར་སྨྲ་བ་རྣམས་ལ་ནི་གྲོལ་བ་དང་མ་གྲོལ་བ་དང་། ཕྲུག་དབུལ་ལ་སོགས་པ་གཅིག་ཏུ་འགྱུརརོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། ་རང་བཞིན་མེད་པའི་མཚན་ཉིད་མདོ་སྡེའི་ནང་དུ་ཆུད་པ་དེ་དག་དོན་འདི་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་མཚན་ཉིད་ལ་སོགས་པའི་སྟོང་པ་ཉིད་རྣམ་པ་བདུན་དུ་བཤད་པའོ།། མི་སྐྱེ་བ་ཡང་གཉིས་ཀྱི་རྣམ་པ་རྣམས་ཏེ། རྨི་ལམ་དང་། མིག ་འཕྲུལ་ལ་སོགས་པ་ཡིན་ནོ།། སྐད་ཅིག་པ་ལ་སྐྱེ་བ་དང་། འགོག་པ་ལ་སོགས་པའི་ཆོས་ཐ་དད་པ་མ་ཡིན་ཏེ། དེས་ན་ཡོངས་སུ་གྲུབ་པའི་ཆུད་པ་རྣམས་ཀྱི་གཉིས་ཀྱི་རྣམ་པ་མི་སྐྱོ་བས་ན་རང་བཞིན་མེད་པའོ།། དེའི་ཕྱིར་དགོངས་པ་ངེས ་པར་འགྲེལ་པ་ལ་སོགས་པའི་མདོ་སྡེར་ཡང་དོན་འདི་ཉིད་དོ།། སེམས་པ་མེད་པ་དང་། སྣང་བ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་རྣམས་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དོ།། དེ་ལ་ནང་དང་ཕྱི་རོལ ་སོ་སོར་སྣང་བའི་གཉིས་ཀྱི་རྣམ་པར་རྟོག་པ་རྣམས་ཀྱི་སྟོང་པ་ཉིད་མཐའ་མེད་པ་དང་། གཞལ་དུ་མེད་པ་སྟེ་བྱིས་པ་རྣམས་ལ་མདོར་བསྡུས་པའི་དོན་རྣམ་པར་ཕྱེ་བའི་སྟོང་པ་ཉིད་ཁྱད་པར་འབའ་ཞིག་བཤད་དོ།། དེ་ནི་ལས་དུ་མར ་ཡང་སྨྲས་སོ།། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ནི། སེམས་ཅན་གྱི་ལོག་པའི་ཤེས་པའི་རྣམ་པར་རྟོག་པ་ཇི་ཙམ་ཡོད་པ་དེ་རྣམ་པར་བཅད་པའི་ཕྱིར་དེ་ཙམ་ཉིད་དུ་སྟོང་པ་ཉིད་ཀྱི་རིམ་པ་གསུངས་པས་ན་སྟོང་པ་ཉིད ་ལ་མཐའ་མེད་དོ།། དོན་དམ་པའི་སྟོང་པ་ཉིད་མི་གཉིས་པ་རྟོགས་པའི་ཆོས་ཉིད་དེ། དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བས་ན་དེ་ལ་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་མེད་དོ།། སེམས་ཅན་རྣམས་ཀྱི ་ལོག་པའི་ཤེས་པའི་དཔེའི་དོན་དུ་ཐམས་ཅད་མཁྱེན་པས་སྨིག་རྒྱུ་ལ་སོགས་པ་བཞག་པ་ནི། བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྨིག་རྒྱུ་བ་ནི་རཱི་དྭགས་བསླུ་བ་ཡིན་ཏེ། ཆུའི་དངོས་པོར་མངོན་པར་ཞེན་པས་མངོན་པ་རུ་ཞན་པར ་བྱེད་དེ་དེ་ལ་ཆུ་མེད་དོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་མདོ་སྡེ་བསྟན་པའི་ཆོས་ཐམས་ཅད་ཀྱང་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པ་མགུ་བར་བྱ་བ་ཡིན་ཏེ། དེ་ནི་འཕགས་པའི་ཡེ་ཤེས་རྣམ་པར་དགོད་པའི་གཏམ་ནི་མ་ཡིན་ཞེས་བྱ ་བའི་ཕྱིའི་དོན་ལ་བལྟོས་ཏེ་མི་རྟག་པ་དང་། སྡུག་བསྔལེ་བ་དང་། མི་མཛེས་པ་ལ་སོགས་པ་དང་། ཕུང་པོ་ལ་སོགས་པར་བསྟན་པ་ལྟ་བུ་ནི་བྱིས་པ་རྣམས་མགུ་བར་བྱ་བ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་སེམས་ཅན་གཟུང་པར་བྱ་བའི ་ཕྱིར་བསྟན་པ་མཐའ་མེད་དོ།། ཇི་ལྟར་བར་ཏི་ཀ་ལས་འབྱུང་བ།། ཡང་དག་དོན་ལ་གཟིགས་མེད་པར།། གླང་པོ་བཙུན་པ་མཛད་ནས་ནི།། འཇིག་རྟེན་བློ་ནི་འབའ་ཞིག་གི། ཕྱི་ཡི་སེམས་པ་སྤྲོས་པ ་མཛད། གང་ཟག་ལ་བདག་མེད་པ་བསྟན་པས་བདག་ལ་ཆགས་པ་ལོག་པའི་ཕྱིར་འཁོར་བའི་སྡུག་བསྔལ་ཡང་ལྡོག་གོ།། དེའི་འོག་ཏུ་ཆོས་ལ་བདག་མེད་པ་བསྟན་པས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ ་འཛིན་དང་། སའི་ཁྱད་པར་ཐམས་ཅད་སྒོམ་པ་དང་། བྱང་ཆུབ་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་པའི་བདགྲ་དང་གཞན་གྱི་དོན་དུ་ཞུན་པའི་འཕ་པ་དེ་དགི་ཕྱིར་དགོ་པའི་གྲངས་དེ་མ་ཡིན།། ཁོ་ན་། ་པའི་གཏམ་དེ་མ་ཡིན་པ་ནི་དོན་དམ་པར་མ་ཡིན་ནོ་ཞེས་དགོངས་པར་རྟོག་གོ། ཆོས་ཐམས་ཅད་ཡོང་སུ་ཤེས་པ་དང་། དེ་ཁོ་ན་ཉིད་ལ་གདོན་མི་ཟ་བའི་ཕྱིར་རྩོད་པའི་ཁྱད་པར་མེད་དོ།། དེ་བོས་ན་དོན་གྱི་རྗེསུ་འབྲང་བར་བྱེག ་བསྟན་པ་ཀློག་པ་ལ་མངོན་པར་ཆགས་པར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པས་བློ་གྲོས་ཆེན་པོ་ལ་གསུངས་སོ།། འཕགས་པ་ལངྐར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བ་ལས་གསོལ་བ། རྒྱལ་པོའི ་འོག་ཏུ་རྣམ་པར་ཤེས་པ་དང་། སྟོང་པ་བཤད་པར་སྦྱར་བ་ལེའུ་གཉིས་སུ་རྟོགས་པ་རྣམ་པ་གསུམ་མོ།། ། དེ་བཞིན་གཤེགས་པའི་སྙིང་པོ་བཤད་པར་བརྩམས་པ་དེ་ལ་ཐམས་ཅ ་མཁྱེན་པ་ལ་བློ་གྲོས་ཆེན་པོས་གསོལ་པ། གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་རྣམས་ལ་ཡང་ཆུང་བའི་ཁྱབ་པའི་བསྟན་པ་མཆིས་ན་ཐམས་ཅད་མཁྱེན་པས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁྱད ་པར་ཅི་ཞིག་གསུངས་པར་གྱུར། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཁྱོད་ཀྱིས་གསུངས་ན་གང་གིས་སངས་རྒྱས་པའི་ཆུད་པ་མི་གཉིས་པའི་ཐེ་ཚོམ་ལྡོག་ཅིང་གདོན་མི་ཟ་བར་དེའི་ཁྱད་པར་བཤད་དུ་གསོལ། སེམས་ཅན ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་ཀླལ་པའོ།། ལྷ་ཆེན་པོས་སྨྲས་པ་ནི། ཇི་ལྟར་ཤིང་ལ་མེ་ཡིད་དང་། ས་ཡི་ནང་དུ་ཆུ་ཡོད་པ།། དེ་ལྟར་ཐམས་ཅད ་ལུས་རྣམས་སུ།། ཞི་བ་དག་པ་རྣམ་པར་གནས།། ཐམས་ཅད་འདི་ནི་ཞི་བདག་སྟེ།། ཞི་བ་ལས་ནི་རབ་ཏུ་འབྱུང་།། འབྱུང་པོ་ཀུན་ལ་ཞི་བ་ཡོད།། ཞི་བ་གང་ཡིན་དང་ཉིད།། བརྟན་ཞིང་བྱིན་འགྲོ་དེ་བཞིན་དུ།། ཅུང་ཟད་གང་ནི་ས་ལ་ཡོད།། ་དེ་ཀུན་མཆོག་གི་དབང་པོ་ཡིས།། བདག་ཉིད་ཁྱབ་སྟེ་རབ་ཏུ་གནས།། སྔགས་ཀྱི་བདག་དང་སེམས་པ་ཅན།། སྐྱེས་བུ་རྣམ་པ་གཉིས་ཤེས་བྱ།། སྔགས་ལས་འདས་དང་སྔགས་ཉིད་དང་། དབང་ཕྱག་མཆོག་ལ་རྣམ་པ་གཉིས ་གཏོགས་འདོད་བདག་ནི་ཡང་སྨྲ་བ།། ང་ཡི་སྐྱེ་གནས་ཚངས་ཆེན་ཏེ།། དེར་བུ་འཇོག་པ་ང་ཡིན་ནོ།། འབྱུང་པོ་ཐམས་ཅད་འབྱུང་བ་ནི།། པ་རང་དེ་ལས་འབྱུང་བར་འགྱུར།། བདག་ན་འབྱུང་པོ་ཀུན་ལ་གནས།། འབྱུང་པོ་ཀུན་ཀྱང་བདག་ལ་སྟེ། ་བདག་ལྡན་དེ་ལྟར་སུས་རིག་པ།། ཀུན་ཏུ་མཉམ་པ་མཐོང་བའོ།། སུ་ཞིག་ང་ལ་ཀུན་ཏུ་མཐོང་།། ཀུན་ཀྱང་ང་ལས་མཐོང་བ་ཡང་།། དེ་ལྟར་ང་ལ་སུས་ཤེས་པ།། དེ་ནི་ལས་ཀྱིས་མི་གོས་ཏེ། ཞེས་བྱ་བ་རྒྱ་ཆེ ་རོ།། ཚངས་པར་སྨྲ་བ་པོ་བྷཱུ་ཏ་ཧ་རི་ལ་སོགས་པ་ཡང་སྨྲ་བ།། ཐོག་མ་མེད་པའི་ཚངས་པ་རྟག། ཡང་དག་སྒྲ་ནི་ཡིག་འབྲུ་གང་།། གང་ལས་དོན་དངོས་འབྱུང་བ་དང་།། འགྲོ་བའི་རབ་ཏུ་བྱེད་པ་ཡང་།། གང་ཡོངས་རྟོགས་པ་ཐམས་ཅད་ལ།། ་སྣང་བར་ཡང་ནི་མི་གནས་ཏེ།། རྟོག་པ་ལུང་དང་རྗེས་དཔག་པས།། རྣམ་པ་དུ་མར་ཀུན་བརྟགས་པའོ།། འདས་ཀྱང་འདུ་འཛི་བྱེད་པ་དང་།། དངོས་དང་དངོས་མེད་རིམ་མི་རིམ།། བདེན་དང་བརྫུན་པར་སྣ་ཚོགས་བདག། དབེན་པ་ལས་ནི་རབ་ཏུ ་སྣང་།། འབྱུང་པོ་རྣམས་ཀྱི་ནང་རྒྱུ་བ།། འགྲན་དང་རིམ་དུའང་སྣང་བ་སྟེ།། ཐར་པ་རབ་ཏུ་གྲོལ་བ་དེ།། གྲོལ་འདོད་རྣམས་ཀྱིས་བསྟན་པར་བྱེད།། དེ་ཡི་ཚོར་བ་གཅིག་པོ་ཡང་།། རྣམ་པ་མང་པོར་རབ་ཏུ་འབྱེད།། འཛག་པ་འབྱུང་བའི་མི་མདག ་དང་།། ཆུ་ཡི་ཕུང་པོར་ཆུ་བཞིན་དུ།། དེ་ཕྱིར་ད་རོང་རིགས་གནས་པ།། གསལ་བའི་གྲོང་རྣམས་འགྱུར་བ་ནི།། སྤྲིན་རྣམས་ཆར་དང་ལྡན་པ་རྣམས།། རླུང་ལས་འབྱུང་བ་བཞིན་དུའོ།། གསུམ་གྱི་གཟུགས་སུ་དེ་སྣང་བ།། མུར་སྨྲ་བ ་དད་རྣམས་ལ་ནི།། མཆོག་གི་ཡོངས་སུ་འགྱུར་བ་སྟེ།། ལྟ་བ་ཐ་དད་ཀྱིས་ནི་བཅིངས།། ཞི་ཞིང་རིག་བདག་ཚངས་པ་སྟེ།། དེ་ལས་བྱུང་བའི་མ་རིག་པ།། དེས་ནི་སྲིན་པ་བཞིན་དུ་མང་།། གང་སྨྲ་མི་ནུས་རྣམ་དག་གོ།། ཇི་ལྟར་ན་མཁའ་རྣམ ་དག་པར།། རབ་རིབ་འཁྲུལ་པའི་སྐྱེས་བུ་ཡིས།། རི་མོ་རྣམ་པ་སྣ་ཚོགས་ཀྱིས།། ཀུན་ཏུ་གང་བར་སེམས་པ་པ།། དེ་ལྟར་ཚངས་པ་བདུད་རྩི་འདི།། འགྱུར་བ་མེད་པ་མ་རིག་པས།། རྙོག་པ་ལྟ་བུར་བྱས་པས་ན།། ཐ་དད་གཟུགསུ་སྣང་བ ་སྟེ།། ལྷ་ས་རླུང་དང་ན་མཁའ་དང་།། རི་དོང་ཆུ་དང་ཕྱོགས་རྣམས་ཀྱང་།། ནང་དུ་བྱེད་པའི་ཡང་དག་གི། ཆ་རྣམས་ཕྱི་རོལ་བཞིན་དུ་གནས།། ཚུལ་ནཱི་གཅིག་ཉིད་གང་ཡིན་ལས།། ཐ་དད་མཐུནི་རྣམ་གནས་པས།། མཐུ་ལས་ཐ་དད་མ་ཡིན། ་ཡང་། ཐ་དད་བཞིན་དུ་འབྱུང་བའོ།། ཚངས་སྒྲའི་འདི་ནི་སྤྲུལ་པ་སྟེ། སྒྲ་ཡི་མཐུ་ལས་གནས་པས་ན།། སྒྲ་ཙམ་ལས་ནི་བྱུང་བ་ཡང་།། དེ་དག་ཉིད་དུ་ཞ་བར་འགྱུར།། རབ་ཏུ་བྱེད་པ་གཅིག་འབྱེད་ལ།། མང་པོར་རབ་ཏུ་ཕྱེ་བ་པ།། དེ་ནི། ་ལུང་སྟོན་རྟོགས་པ་ལས།། ཚངས་པ་མཆོག་ནི་ཆུད་པར་འགྱུར། ཞེས་རྒྱ་ཆེར་རོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་པ་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རེན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངསུ ་དཀྲིས་པ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མེས་ཡོངསུ་དྲི་མ་ཅན་དུ་གྱུར་པ་རྟག་པ་བརྟན་པ། ཐེར ་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་པ་རྣམས་ཀྱང་རྟག་པ་དང་། ་བྱེད་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇུག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ་ཞེས་བྱ་བ་ནི་རྟག་པ་དང་། གཅིག་པ་དང་། མི་འཇིག་པ་ཞེས་བྱ་བ་ལས་གཏོགས་འདོད་དང་། ལྷ་ཆེན་པོ་དང་། ཚངས་པར་སྨྲ་བ་དང་མཚུངས་སོ། ་ཞོས་སྔ་མའི་ཕྱོགས་སུ་གསོལ་བ་ནི་གླེངས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་ན་མུ་སྟེགས་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ་ཞེས་པ་དེར་ཐམས ་ཅད་མཁྱེན་པའི་དགོངས་པ་གང་ཞེ་ན། རྟག་པ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལྔར་དངོས་པོ་མེད་པའོ།། ཁྱབ་པ་གཅིག་པོ་སེམས་ཅན་ཐམས་ཅད་ཀྱི་ནང་ན་ཡོད་པ་མི་རིགས་ཏེ། གྲོལ་བ་དང་། མཱ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས ་པ་གཅོག་པའི་སྐྱོན་དུ་འགྱུརརོ།། འཁོར་བ་དང་མྱ་ངན་ལས་འདས་པའི་དུས་ན་སེམས་ཅན་མང་པོ་རྣམས་ཀྱི་ཆུད་པ་མི་གཉིས་པའི་རྒྱུན་སྐད་ཅིག་པ་ཡིན་པར་སངས་རྒྱས་པ་རྣམས་སྨྲ་བས་ན་དེའི་ཕྱིར་གླེང་བ་འདི་མི་རུང་ངོ་།། བདག ་དང་གཞན་ལ་བྱམས་སྡང་དང་། རྗོད་པ་བརྗོད་པ་དགོངས་པ་ནི།། རྨི་ལམ་དུ་ནི་སེམས་གཅིག་ལ།། འགལ་བའི་གཟུགས་ནི་བཞིན་དུའོ།། ཞེས་པར་རིག་སྔགས་འཛིན་པའི་མཐར་སྨྲ་བ་པོ་རྣམས་ཀྱིས་གང་སྨྲ་བ་དེ་ཡང་མ་རིག་པས ་བློངས་པ་ལ་ནི་རིགས་ཀྱི་མི་གཉིས་པ་ཡང་དག་པའི་ཆུང་པ་ལ་ནི་མ་ཡིན་ནོ།། སངས་རྒྱས་པ་རྣམས་ལ་ནི་སེམས་ཅན་རྣམས་ཀྱི་ཆུད་པ་མང་པོ་སྟེ། ཕན་ཚུན་གྱི་དབང་གིས་ཕན་པར་བྱ་བ་དང་། ཕན་པར་བྱེད་པའི་དངོས་པོའི་རྒྱུན་འབྲེལ ་པར་འབྱུང་བ་དེ་དག་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ་པར་བཞག་པ་རིགས་སོ།། འཁོར་བའི་ཚེ་ན་མཉམ་པར་མི་འཇོག་པའི་མ་རིག་པ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་སྐྱེས་པས་རྟག་པ་དང་། བདག་དང ་བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པ་རྣམས་གང་གི་ཚེ་ན་ཆོས་བསྟན་པའི་གཞན་གྱི་དབང་དང་། ཤེས་རབ་ཀྱིས་དཔྱད་པ་ན་མི་རྟག་པ་དང་། བདག་མེད་པས་སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་ཡོངསུ་ཤོས ་ནས་ཕྱིན་ཅི་ལོག་པའི་རྣམས་སྤངས་ཏེ་མྱ་ངན་ལས་འདས་པར་འགྱུར་རོ།། དེས་ན་བདག་མེད་པར་འཇིག་པར་འགྱུར་བའི་སེམས་ཅན་རྣམས་ལ་སེམས་ཀྱི་རྒྱུད་ཉིད་དེ་བཞིན་གཤེགས་པའི་སྙིང་པོར་སྟོན་ཏོ།། རྟག་པ་དང་། ཁྱབ་པ་དང ་གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོ་ནི་སེམས་ཙམ་རང་གི་མཚན་ཉིད་དུ་འཁོར་བ་དང་། མྱ་ངན་ལས་འདས་པ་སྤྱིར་རྗེས་སུ་སོང་བ་དང་། ལྡན་པའི་རང་བཞིན་གྱིས་འོད་བསལ་བ། རྐྱེན་གྱི་ཁྱད་པར་གྱིས་བཏབ་པའི་ཚོ་གས་རྣམས ་ཀྱིས་དྲི་མ་དང་བཅས་པ་དང་དྲི་མ་མེད་པར་འབྱེད་པར་ཐམས་ཅད་མཁྱེན་པས་ཤེས་རབ་དང་ཐབས་ལ་མཁས་པས་བཤད་དོ།། བློ་གྲོས་ཆེན་པོ་དེའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་བྱེད་པའི་བདག་ཏུ་སྨྲ་བ་དང་མཚུང ་པ་མ་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཆུད་པ་ཉིད་རྒྱུན་འབྲེལ་བར་འབྱུང་བ་ཡིན་ཏེ། དེ་བས་ན་མུ་སྟེགས་བྱེད་པའི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ།། ཐམས་ཅད་མཁྱེན་པས་དེ་བསྒྲུབ་པར ་གསུངས་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད ་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ན་བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤོང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང ་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟེན་ཏེ་ཞེས་བྱ་བ་ལ། འཛིན་པ་དང་། གཟུང་བའི་རྣམ་པས་སྟོང་པ། བསམ་པ་མེད་ཅིང་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་དེ་བཞིན ་གཤེགས་པའི་སྙིང་པོའི་སྒྲར་བརྗོད་པའོ།། ཡང་དག་པའི་མཐའ་ནི་དོན་དམ་པ་མི་གཉིས་པའི་ཆོས་ཉིད་དོ།། མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་སྣང་བ་མ་ལུས་པར་སྤངས་པའི་ཕྱིར་རོ།། མ་སྐྱེས་པ་ནི་རྟེན ་ཅིང་འབྲེལ་པར་འབྱུང་བ་སྟེ། ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་འབྲེལ་པ་མེད་པའོ།། ཞིག་པ་དང་མ་ཞིག་པ་ལས་འབྲས་བུ་སྐྱེད་པར་མི་བྱེད་པ་སྟེ། ཇི་ལྟར་སློབ་དཔོན་ཀླུས་པོས་བསྟོད་པ་ལས། བྱེད་པ་དགག་པར་སྨྲས ་པ་ཡི།། ཞིག་དང་རྣམ་པར་མ་ཞིག་པ།། ས་བོན་ལས་ནི་མྱུག་འབྱུང་མེད།། ཅེས་བྱ་བ་ལ་སོགས་པ་སྟེ། མ་ཞིག་པ་འབའ་ཞིག་གི་འོག་ཏུ་འབྲས་བུ་འབྱུང་སྟེ་འདི་ཡོད་ན་འདི་ཞེས་བྱ་བར་རོ།། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད ་པ་དེའི་ཚེ་གཉིས་པོ་མེང་དེ། གཅིག་པོ་ཉིད་ནི་བྱེད་པ་དང་། བྱེད་པ་པོ་གང་དང་ཡང་འབྲེལ་པ་མེད་དོ།། གང་ཟག་ལ་བདག་མེད་པའི་སྐད་ཅིག་པ་གཅིག་ལ་སྐྱེ་བ་དང་། གནས་པ་དང་། འགོག་པའི་ཆོས་གུད་ན་མེད་དོ།། ཆོས་ལ་བདག ་མེད་པ་ལ་ཡང་གཉིས་ཀྱི་རྣམ་པ་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པར་སྣང་བ་བཞིན་པས་ན་མ་སྐྱེས་པའོ།། དེ་ལྟར་སྟོང་པ་དང་མ་སྐྱེས་པའི་ཆོས་རྣམས་ལ་ཤེས་རབ་ཀྱིས་དཔྱད་དེ་ནང་དང་ཕྱི་རོལ་གྱི་སྦོམ་པོ། ་དང་། ཕྲ་མོའི་མཚན་མ་རྣམ་པར་ཕྱེ་བ་ན་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་ཀུན་མི་མཐོང་བའི་ཚེ་ན་མི་གཉིས་པའི་སེམས་མཚན་མ་མེད་པའི་བདག་ཉིད་ཀྱིས་གནས་པར་འགྱུར་རོ།། སྨོན་པ་མེད་པ་ནི་དེའི་ཚེ་སེམས་ཀྱིས་མི ་སྨོན་པའི་ཕྱིརརོ།། སྣང་བ་མེད་པ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་ཉོན་མོངས་པའི་དྲི་མ་ཀུན་དང་རྣམ་པར་བྲལ་བ་གསེར་ལྟ་བུ་རྣམ་པར་དག་ཅིང་རང་བཞིན་གྱི་འོད་གསལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲར ་བརྗོད་པ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོར་ཐམས་ཅད་མཁྱེན་པ་རྣམས་ཀྱིས་གཟུང་བའི་ཕྱིར་ཞེས་བྱ་བ་ལན་དུ་མ་བཤད་པ་ཡིན།། ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི ་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པར ་ཡང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ་ཞེས་བྱ་བའི་བསྡུས་པའི་དོན་ནི་རྫ་མཁན་གྱིས་འཇིམ་པའི་གོང་བུ་ལ་ཡོ་བྱད་དུ་མའི་མིང་དུ་འདོགས་པ་བཞིན་དུ་ཐམས་ཅད་མཁྱེན་པ ་ས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་གྲངས་དུ་མས་སྟོན་ཏོ།། སོགས་པའི་སྒྲས་ནི་བསམ་གྱིས་མི་ཁྱབ་པ་དང་། ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་ལ་སོགས་པའི་ཚིག་རྣམས་ཉེ་བར་བརྟག་པར་བྱའོ།། རང་བཞིན་གྱིས ་འོད་གསལ་བ་ཡང་འཁོར་བ་ནི་དྲི་མ་དང་བཅས་པའི་ཆུད་པའོ།། མྱ་ངན་ལས་འདས་པའི་དུས་ན་གསེར་གྱི་འབྱུང་ཁུང་དུ་གསེར་གྱི་ཁམས་གཙོ་བ་ལ་སོགས་པའི་ཆོ་གས་དྲི་མ་མེད་པར་འགྱུར་བཞིན་དུ་དེ་ཉིད་མ་རིག་པས་བློངས ་པའི་ཉེས་པ་དྲི་མ་ཐམས་ཅད་ཤེས་རབ་ཀྱི་ཚུལ་གྱིས་སྤངས་ཏེ་རྣམ་པར་དག་པའི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་དེ་སྤྱིར་བདག་དང་ཚངས་པ་དང་། དབང་པོ་ལ་སོགས་པར་སྨྲ་བ་དང་ཁྱད་པར་དུ་གདག་དང་ཁྱད་པར་ལ ་སོགས་པར་བརྟག་པར་མི་བྱའོ།། ཆུད་པའི་རྒྱུད་དེ་ཉིད་ལ་སེམས་ཅན་གཟུང་བའི་ཕྱིར་རྟག་པ་དང་། བདག་དང་། བྱེད་པ་པོར་སྨྲ་བ་མངོན་པར་ཞེན་པ་རྣམས་མི་རྟག་པ་དང་བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས ་པ་དང་། སྟོང་པའི་ཆོས་དེ་ཁོ་ན་ཉིད་ཡོངསུ་ཤེས་པར་བྱ་བ་དང་། འཁོར་བའི་སྡུག་བསྔལ་ཟད་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་དང་། བདག་དང་གཞན་ལ་ཕན་པར་བྱ་བ་དང་། བྱང་ཆུབ་ཀྱི་ཚོགས་ཡོངསུ ་རྫོགས་པར་བྱ་བ་དང་། བསོད་ནམྦ་དང་ཡེ་ཤེས་མངོན་པར་སྤེལ་བར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་དང་མཁས་པར་བསྟན་ནོ།། རྣམ་པར་ཤེས་པ་མ་གཏོགས་པར་ཆོག་གི་དོན་གཞན་མེད་དོ་ཞེས་ཐམས་ཅད་མཁྱེན་པས་སྟོན་པར་མཛ ་པ་གང་ཟག་རྒྱུན་དང་ཕུང་པོ་དང་། དེ་བཞིན་རྐྱེན་དང་རྡུལ་དག་དང་། གཙོ་བོ་དཔའ་བ་བྱེད་པ་པོར།། སེམས་ཙམ་པོ་ལ་རྣམ་པར་བརྟགས་ཞེས་པ་སྟེ། གང་ཟག་ནི་སྐྱེས་བུ་དང་རིག་པ་པོ་ལ་སོགས་པར་སེམས་ཉིད་ལ་མིང་ཐ་དད་པར་འདོག་སོ།། ། ་ཆུང་པའི་རྒྱུན་མ་གཏོགས་པར་ཡང་རྟག་པ་དང་། བདག་དང་། དབང་པོ་དང་། ཕྱི་རོལ་གྱི་དམིགསུ་མེད་པའི་ཕྱིར་རོ།། བདེ་བ་དང་སྡུག་བསྔལ་དུ་ཡང་དག་པར་ཚོར་བ་འབྱེད་པས་དབྱེ་བ་ན་རྟག་པ་པོར་མི་རིགས་ཏེ། ཤིང་དང་ཐལ ་བ་ལ་སོགས་པ་བཞིན་དུ་རང་བཞིན་གཞན་འབྱུང་བའི་ཕྱིར་རོ།། བློ་ཡང་སྐད་ཅིག་པ་གཞན་དུ་མི་གནས་ཏེ་གྲངས་ཅན་འདོད་པ་ལྟར་རྒྱུན་གྱི་ཡུལ་ལ་གཅིག་པར་ལྷག་པར་ཆགས་པ་མི་རིགས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པ་བཞི ་དུ་བློ་རྣམས་ཐ་དད་པའི་ཕྱིར་འཇིག་རྟེན་བྱུང་ནས་འཇིག་པའི་མཐར་ཐུག་གི་བར་དུ་བློ་གཅིག་གོ་ཞེས་གྲངས་ཅན་སྨྲ་བ་དང་། སྐྱེས་བུ་ཡང་གྲང་བ་དང་དྲོ་བ་ལ་སོགས་པ་བཞིན་པས་ན་གཅིག་པར་མི་རུང་བ་སྟེ་ཚོར་བ་ཐ་དད་པའི་ཕྱིར་རོ།། ཕྱི ་དོན་ཡང་རྣམ་པར་ཤེས་པ་མ་གཏོགས་པར་དངོས་པོར་ཡོད་པ་མ་ཡིན་ཏེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པའི་སྣང་བ་བཞིན་ནོ།། ཕུང་པོ་རྣམས་ཀྱི་སྦོམ་པོ་དང་ཕྲ་མོ་རང ་བཞིན་རྣམ་པར་གཞིགས་པ་ན་ཁང་པ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ།། གཟུང་བ་དང་འཛིན་པ་དག་ཀྱང་དུ་མར་མི་རིགས་པ་དང་། ཤེས་པ་ཡང་རྣམ་པ་གཅིག་པར་མི་རུང་སྟེ། སྣ་ཚོགས་པ ་གཅིག་པར་མི་འཐད་པའི་ཕྱིར་རོ།། དེའི་ཕྱིར་བསླད་པའི་མཐུས་རྣམ་པ་སྣ་ཚོགས་རྣམས་ཀྱིས་དབང་པོ་ལ་སོ་སོར་སྣང་སྟེ། ཤེས་རབ་ཀྱིས་དབེན་པར་ཡོངསུ་ཤེས་པ་ན་དྲི་མ་མེད་པའི་མི་གཉིས་པར་འགྱུརརོ།། རྐྱེན་རྣམས ་ནི་གཉིས་ཀྱི་རྣམ་པའི་ཤེས་པོ་ལ་རྒྱུ་དང་། དམིགས་པ་དང་། དེ་མ་ཐག་པ་དང་། དབང་གི་རྐྱེན་དུ་ཀུན་བརྟགས་པའོ།། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་གཟུང་བ་དང་འཛིན་པ་དག་ཀྱང་མེད་དེ་ཅེས་ན་རྒྱུ་དང་འབྲས་བུའི་དངོས་པར་འཛིན་པ ་འགྱུར། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་བདག་ལ་ཡི་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་མཛིན་པ་ན་ཐ་དད་པར་ལྕི་ཅི་སྨོས། འདས་པ་དང་མ་འོངས་པ ་ནི་མོད་ལ། མི་སྣང་ན་ཇི་ལྟར་ན་རྣམ་པར་རྟོག་པར་འགྱུར། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་བ་འབའ་ཞིག་གོ་ཞེས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་རྣལ་འབྱོར་གྱི་དབང་པོ་རྣམས་སྟོན་ཏོ།། ་དེར་ཡང་གང་གི་ཚེ་ན་སྐད་ཅིག་མ་སྔ་མ་ཡོད་པ་དེའི་ཚེ་ན་སྐད་ཅིག་མ་ཕྱི་མ་མེད་དེ་འབྲེལ་པ་མེད་པས་ན་སྣའི་རྒྱུ་ཡིན། ཇི་ལྟར་བྱེད་པ་མ་དབུ་མ་ལས་བཀག་པ། ཡོད་དང་མེད་པའི་དོན་ལ་ནི།། རྐྱེན་རྣམས་ཡོད་པར་མི་རུང་སྟེ།། མེད ་ན་རྐྱེན་ནི་སུ་ཡི་ཡིན།། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ་ཞེས་པ་སྟེ། དེའི་འོག་ཙམ་གྱིས་འདི་ཡོད་ན་འདི་ཡོད་ཅེས་བྱ་བ་འབའ་ཞིག་སྟེ། གཞན་གྱི་ཁྱད་པར་མེད་ཀྱང་རྐྱེན་འགའ་ཞིག་ལས་རང་བཞིན་ངེས་པའོ།། ཕྱི་རོལ་དང་ནང་གི་འཛིན ་པ་དང་གཟུང་བ་མེད་པས་ན་ཕྱི་རོལ་གྱི་དོན་མེད་དོ།། ཇི་ལྟར་འདི་ཉིད་དུ་བསྒྲུབ་པར་མཛད་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པའོ།། དེས་ན་ཚོན་གྱིས་བཅོས་པ་དང་།། མ་བཅོས་པ་དང་། བསྐུལ ་པ་དང་། མ་བསྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པས་དབྱེ་བ་ན་ཡན་ལག་གི་རྫས་མེད་པར་མ་ཟད་ཀྱི་རྡུལ་ཕྲ་མི་ཡང་མེད་དོ།། གང་དག་ཡང་ཕྱོགས་ཐ་དད་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ།། བདེ་བ་དང་སྡུག་བསྔལ་བ་དང་། གཏི་མུག་གི་བདག་ཉིད་དུ་གཙོ་བོ་ལ་ཡོན་ཏན་གསུམ་དུ་སུ་དག་ཀུན་ཏུ་རྟོག་པ་དེ་ལ་ཡང་དག་པར་རིག་པའི་རང་བཞིན་པར་ཡོངསུ་གསལ་བ་ཉིད་དེ། བདེ་བ་དང ་སྡུག་བསྔལ་ལ་སོགས་པའི་སིམ་པ་དང་ཡོངསུ་གདུང་བ་ལ་སོགས་པའི་རང་བཞིན་པས་ན་བ་ར་ཏི་ཀ་ལས་རྩོད་པ་རྒྱ་ཆེར་ཏེ། དེས་ན་ཁམས་གསུམ་པས་སེམས་ཙམ་མོ།། དབང་པོ་ཡང་ཆུད་པའི་རང་བཞིན་ཉིད་དེ་བྱེད་པ་པོ་དང་།། ་ལས་དང་། བྱེད་པ་ལ་སོགས་པ་ཡོངས་སུ་ཤེས་པའི་ཁྱད་པར་ནི་ཆུད་པའི་བདག་ཉིད་ཀྱི་ཡིན་ནོ།། དབང་པོ་ཡང་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་ཡང་དག་པར་རིག་པར་འབྱེད་པས་ཕྱེ་བ་ན་ཇི་ལྟར་ན ་རྟག་པ་ཡིན། ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་རིམ་པའི་ཁྱད་པར་གྱི་ཕྱིར་རོ།། གལ་ཏེ་འདོད་ཆགས་དང་བྲལ་བ་ཞིག་ན་ནི་གཞན་ལ་གནོད་པ་ཇི་ལྟར་བྱེད་པར་འགྱུར། འོན་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་ནི་བདག་ཉིད་ནོར ་པའི་ཤེས་པས་གཏི་མུག་གིས་རྙོགས་ཏེ། བདག་ཉིད་ལ་ཕན་པར་མི་ནུས་ན་གཞན་ལ་ཕན་པ་ཅིས་ན་བྱེད་པར་འགྱུར། གང་ཡང་དབྱིབས་ཀྱི་ཁྱད་པར་ཡོད་པ་ཐམས་ཅད་ཇི་ལྟ་བ་བཞིན་གྱི་དབྱིབས་བྱེད་པ་པོས་སྔར་བྱས་པར ་རྣམ་པ་ཅི་ལྟ་བུར་གཟུང་བ་དེ་ལྟ་བུ་གླིང་གྲི་བར་གྱི་སྒྲང་དང་། འབྲོག་དང་ཤིང་ལ་སོགས་པ་དེ་དག་ཐམས་ཅད་ནི་བློ་ཅན་གྱི་སྐྱེས་བུས་སྔར་བྱས་པར་མི་གཟུང་སྟེ། དེའི་ཕྱིར་རྣམ་པ་དེ་ལྟ་བུའི་འབྲས་བུ་ལས་རྣམ་པ་དེ་ལྟ་བུའི་རྒྱུ་ལ་རྗེས་སུ ་དཔག་པའོ།། ལྷ་ཁང་ལ་སོགས་པའི་འབྲས་བུ་ལས་ཐིག་བཏབ་པ་ལ་སོགས་པ་རྗེསུ་དཔག་པ་བཞིན་པ་འབྲེལ་པ་གཟུང་ནས་རྣམ་པ་དེ་ལྟ་བྲ་ལ་ནི་ཆུད་པར་བྱ་བ་དང་། ཆུད་པར་བྱེད་པའི་དངོས་པོར་རུང་ངོ་།། དེ་ལ་སྤྱི་ཙམ ་ཁྱད་པར་མེད་པ་ཉིད་ལས་ཁྱད་པར་དུ་རྗེ་སུ་དཔག་པར་བྱ་བ་ནི་གནམ་འཕང་དུ་དཀར་བ་ལ་སོགས་པ་ཙམ་གྱི་ཚུབ་མ་དོང་ན་བུན་ལ་སོགས་པར་གཏོགས་པའི་ཆོས་འདྲ་བ་ཙམ་གྱིས་མེར་རྗེ་སུ་དཔག་པ་ལྟ་བུ་ནི་རིགས་པོ་མ་ཡིནོ།། ་དེ་བཞིན་དུ་ལུས་དང་། བྱེད་པ་དང་། གནས་ཀྱི་གཞི་བློ་ཅན་ཁྱད་པར་གྱི་སྐྱེས་བུས་སྔར་བྱས་པར་མི་འཛིན་པས་ན་ཇི་ལྟར་ན་དེ་ལས་དབང་པོར་རྗེ་སུ་དཔག་ཏུ་རུང་མི་གཉིས་པའི་ཕྱོགས་ཀྱི་དབང་པོ་ཡང་རྟག་པ་དང་། གཅིག་པ་དང ་ཁྱབ་པའི་དངོས་པོས་དངོས་པོ་ཐམས་ཅད་ངའི་རང་བཞིན་པ་ཡིན་ཏེ། ཞི་བ་པོ་སྨྲ་བ་ལྟ་བུར་དབང་པོའི་རང་བཞིན་པའི་དངོས་པོ་རྣམས་ལ་ཐ་དད་པ་མེད་པར་འགྱུར་བ་ནི། བརྟན་དང་འགྲོ་ཅན་དེ་བཞིན་དུ།། ས་ལ་ཡོད་པ་ཅུང་ཟད་གང་།། ཐམ ་ཅད་དེ་ནི་དབང་མཆོག་སྟེ།། བདག་ཉིད་ཁྱབ་ནས་གནས་པའོ།། ཞེས་པ་དེའི་ཚེ་དབང་པོ་མ་ཡིན་པར་སུ་ཡང་མི་འགྱུར་ཏེ། གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་རྣམས་ཀྱི་ཁྱད་པར་དམིགསུ་མེད་པར་འགྱུར ་ལ། ཐམས་ཅད་ཀྱང་ཞི་བའི་རང་བཞིན་པར་འགྱུར་ཏེ། དེ་ནི་རྟོག་པའི་རྒྱུན་དུ་ཚངས་པ་ལ་སོགས་པའོ།། རྩོད་པ་ཞིབ་མོར་འདིར་སྦྱར་བར་བྱའོ།། འཕགས་པ་ལངྐར་གཤེགས་པ་ལེའུ་གཉིས་པ་ཡེ་ཤེས་དཔལ་བཟང་པོས་བཤད ་པ་སྦྱར་བ་ལས་གསོལ་བའི་ལན་དང་། ཀུན་གྲོཞི་དང་། སྟོང་པ་ཉིད་རྩོད་པའི་གནས་ཀྱི་འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོའི་དཔྱོད་པ་བཞི་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེཚེན་ཟེ་བླ་གྲོས་ཆེན་པོས་མ་འོངས་པའི་སྐྱེ་བོའི་ཚོགས་ལ་བལྟས་ནས། ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ།། ཐམས་ཅད་མཁྱེན་པས་ཀྱང ་བཀའ་སྩལ་པ། རྒྱུ་བཞིས་ན་རྣལ་འགྱུར་ཅན་པའི་རྣལ་འབྱོར་ཅན་དུ་འགྱུར་རོ།། འདི་ལྟ་སྟེ་རང་གི་སེམས་སྣང་བ་རྣམ་པར་བསྒོམ་པ་དང་ཞེས་པ་སྟེ། རང་གི་སེམས་མ་གཏོགས་པར་བླར ་དུ་སྣང་བ་དམིགས་སུ་མེད་པ་ནི་རྨི་ལམྱ་དང་། སྨིག་འཕྲུལ་དང་། རབ་རབ་ལ་སོགས་པའི་སྟོང་བ་བཞིན་ནོ།། སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤོང་བ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པ་ལ་སོགས ་པིའི་ཆོས་རྣམས་སྐད་ཅིག་པ་ལ་མེད་དོ།། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཅིག་གཉིས་པོ་མེད་དོ།། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་གི་བྱེད་པ་དང་བྱེད་པ་པོ་དང་མངོན་པར ་འབྲེལ་ཏེ། སྐྱེ་བ་ནི་མ་ཡིན་ཏེ། བྱེད་པ་པ་དང་། ལས་དང་། བྱེད་པ་མངོན་པར་འབྲེལ་པ་རྣམས་ནི་རྒྱུན་ལ་བཏགས་པ་ཡིན་གྱི། སྐད་ཅིག་པ་གཅིག་ལ་ནི་མ་ཡིན་ནོ།། དེ་ལྟར་སྐད་ཅིག་པར་འཇིག་པ་དེ་ནི་ཆོས་དང་གང་ཟག་ལ་བདག ་མེད་པ་ལ་སྤྱིར་བཤད་པའོ།། ཆོས་ལ་བདག་མེད་པའི་ཁྱད་པར་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རློབ་ལ་སོགས་པ་སྣང་བ་བཞིན་དུ་དོན་དམ་པར་གཉིས་ཀྱི་རྣམ་པ་ཐམས་ཅད་སྐྱེ་བ་དང་། གནས་པ་དང་། འཇིག་པ་དང ་བྲལ་བ་སྟེ། ཇི་ལྟར་དབུ་མ་ལས་འབྱུང་བ། རང་བཞིན་མེད་པའི་དངོས་པོ་རྣམས།། གང་ཕྱིར་ཡོད་པ་མ་ཡིན་པས།། འདི་ཡོད་པས་ན་འདི་ཡོད་ཅེས།། དེ་ནི་འཐད་པ་མ་ཡིན་ནོ།། ཞེས་པོ་གཞན་གྱི་དབང་གི་དབང་དུ་བྱས་ནས་སློབ ་དཔོན་བུས་བོས་ཀྱིས་བསམས་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རང་བཞིན་མེད་པ་རྣམ་པ་གསུམ་ཞེས་པའོ།། དེ་དེར་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པ་སྣ་ཚོགས་པས་ན་སྐྱེ་བའི་རང་བཞིན་མེད་པ་ན། ་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ།། གྲུབ་པཱ་ལ་སྣ་ཚོགས་པས་གནོད་ཡ་།། གལ་ཏེ་སྐྱེད་པ་འདུས་བྱས་ན།། མཚན་ཉིད་གསུམ་ལྡན་དེར་རིག་སྟེ།། འོན་ཏེ་སྐྱེད་པ་འདུས་མ་བྱས།། འདུས་བྱས་མཚན་ཉིད ་ཇི་ལྟར་རུང་།། སྐྱེ་བ་སྐྱེ་བ་ཇི་ལྟ་བུར།། བདག་ཉིད་གཞན་གྱིས་མ་ཡིན་པ།། འགོག་པ་ལ་ནི་འགོག་པ་ཡང་།། བདག་ཉིད་གཞན་གྱིས་མ་ཡིན་པར།། གལ་ཏེ་སྐྱེ་བ་སྔར་ཡོད་ལ།། རྒ་བ་འཆི་བ་ཕྱིས་ན་ནི།། སྐྱེ་ལ་རྒ་བ་འཆི་བ་མེད། ་སྐྱེས་ཀྱང་འཆི་བོར་མི་འགྱུར་རོ།། རྒ་བ་འཆི་བར་མི་འགྱུར་བའི།། ཐམས་ཅད་ཆོས་ལ་ཐམས་ཅད་དུ།། སྤྲོ་བར་བྱེད་པ་སྐྱེ་བ་ཅི།། དེ་ལས་རྒ་བ་འཆི་བའམ་ནྡོ།། ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་ནི་ཕྱི་རོལ ་གྱི་སྦོམ་པོ་དང་ཕྲ་མོ་ཀུན་ཇི་ལྟར་རྟོག་པར་བྱེད་པ་དེ་ལྟར་གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཚན་མེད་པ་སྟེ། ཞེས་བྱ་བར་དངོས་པོར་རྣམ་པར་ཕྱེ་བ་ན་སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་རྟོགས་སོ།། འཕ ་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པ་ཐ་དད་པ་མེད་པའི་མཚན་ཉིད་དེ་གང་གི་ཚེ་ན་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར ་རིག་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་དུ་འགྱུརརོ།། ཇི་ལྟར་དབུ་མ་ལས་སྤྲོས་པ་མེད་ཅིང་མི་གཉིས་པའི་མཚན་ཉིད་དུ་བཤད་པ། རྣམ་རྟོག་མེད་ཅིང་སྣང་བ་མེད།། སྤྲོས་པ་རྣམས་ཀྱིས ་མ་སྤྲོས་པ།། འདི་ནི་འཇིག་རྟེན་མགོན་པོ་ཡི།། སངས་རྒྱས་བསྟན་པ་བདུད་རྩི་ཡི།། མི་གཉིས་པའི་ཆུད་པ་ཉིད་རྣམ་པར་མི་རྟོག་པ་དང་སྣང་བ་མེད་པའོ།། དེས་ནི་བརྟགས་པ་དང་གཞན་གྱི་དབང་མོ་བཤམ་གྱི་བུ་ལྟ་བུར་གྲུབ་པའི ་ཡེ་ཤེས་མེད་དོ་ཞེས་བྷ་བྱས་གླེང་དུ་མེད་དོ།། ཡང་དག་པར་རིག་པ་ཙམ་སོ་སོ་རང་གིས་རིག་པར་བྱ་བ་རིག་པ་དང་རིག་པར་བྱེད་པའི་དངོས་པོར་བསྟན་དུ་མེད་པ་སྣང་བ་དང་བྲལ་བ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག ་པའི་སེམས་དོན་དམ་པའི་བདེན་པར་བདག་ཉིད་ལའང་མི་རྒྱུ་ན་ཡི་གེ་དང་སྒྲས་བརྗོད་པ་ལྟ་ཅི་སྨོས་ཏེ་ཐ་དད་པ་མེད་པའི་འཕགས་པའི་ཡེ་ཤེས་མངོན་པར་རྟོགས་པས་ན་དེ་ལས་གཞན་པ་ངེས་པར་འཇུག་པའི་དབང་པོ་ཤེས་པ་དང་། ་དབུགས་རྔུབ་པ་མྱོང་བ་བཞིན་ནོ།། ཡང་དག་པར་རིག་པ་ཙམ་ནི་འདིའོ་ཞེས་ཡོད་པ་དང་མེད་པར་སྐུར་མེད་དེ། ཐོག་མ་དང་ཐ་མར་སྟོང་པ་དང་། དབུས་སུ་ཡང་རང་བཞིན་གཉིས་ཀྱིས་སྟོང་སྟེ། སྐད་ཅིག་མའི་རྒྱུན་ཐ་དད་པ་ཡིན ་ཡང་། སྐད་ཅིག་མ་གཅིག་ཐ་མི་དད་པ་འཕགས་པ་རྣམས་ཀྱི་གཉིསུ་མེད་པར་ཡང་དག་པར་རིག་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། དེ་ནི་བསྟན་པའི་ཚིག་བསྡུ་བའི་དོན་དུ་བཤད་པ་སྟེ། རྒྱ་ཆེར་ནི་ཐམས ་ཅད་མཁྱེན་པ་ཉིད་ཀྱིས་སྟོན་པ་མཛད་པས་ན་དེར་བཤད་དུ་མེད་དོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུའི་མཚན་ཉིད་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་ན་མེ་དཔེ་ནི་སྣང་པ་ཇི་བཞིན་པར་ཐམས་ཅད་མཁྱེན ་སེམས་ཅན་རྣམས་ལ་ཁོང་དུ་ཆུད་པར་མཛད་པའི་དོན་དུ་ཡིན་གྱི་བུམ་པ་དང་སྣམ་བུ་ལ་སོགས་པའི་ཕྱི་རོལ་གྱི་རྡུལ་དང་། རྒྱུ་སྤུན་གྱིས་བསྐྱེད་པ་ནི་མ་ཡིན།། མ་རིག་པ་དང་། མེད་པ་དང་། མས་ལས་གསུམས ་ཕུང་པོར་སྣང་བ་སྐྱེས་པ་སྟེ། དེ་ན་དམ་པར་ནི་རྨི་ལམ་ལ་སོགས་པ་བཞིན་དུ་མ་སྐྱེས་པ་ཉིད་དེ། ཐོག་མ་མེད་པའི་ཉེས་པའི་བག་ཆགས་ཀྱིས་བསླང་བ་ཡོངས་སུ་སྨིན་པའི་མ་ལ་སོགས་མིན་ས་པ ་དང་། སྐྱེ་མཆེད་རྟོན་ཅིང་འབྲེལ་ཏེ་འབྱུང་བའི་ཁྱད་པར་རྣམས་སོ་སོར་སྣང་བ་འབའ་ཞིག་གོ། དེ་ལ་རྒྱུར་འབྱེད་པ་ནི་ཐམས་ཅད་མཁྱེན་པས་སྣང་བའི་ཁྱད་པར་བཞིན་དུ་སྟན་པ་ད་པ་ན་པ་ལ་རྒྱུ་ནི་རྣམ་པ ་ལྟར་འབྱུང་བར་འགྱུར་བའི་རྒྱུ་དང་། འབྲེལ་པའི་རྒྱུ་དང་། མཚན་ཉིད་ཀྱི་རྒྱུ་དང་། བྱེད་པའི་རྒྱུ་དང་། སྣང་བ་མེད་པའི་རྒྱུ་དང་། བལྟོས་པའི་རྒྱུ་དང་དྲུག་གོ།། དེ་ལ་ཐམས་ཅད་མཁྱེན་པ་རྣམ་པར་ཕྱེ་སྟེ་སྟོན་པ། དེ་ལ་བླ་གྲས ་འབྱུང་བར་འགྱུར་བའི་རྒྱུ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེ་བའི་ཕྱིར་རྒྱུའི་བྱ་བ་དདོ་ཞེས་ཐམས་ཅད་མཁྱེན་པས་དེར་ཅི་ཡང་དགོངས་པ་དེ་རྗེ་སུ་དཔག་པར་བྱ་བ་ན་འཇིག་རྟེན་གྱི་རྣམ་པ་སྣ་ཚོགས་པ་ནི་ལས་ལས་འབྱུང་བས་ན་འབྱུང་བ ་འབྱུང་བའོ།། ལུས་དང་འཇིག་རྟེན་རྣམ་པ་སྣ་ཚོགས་ནང་དང་ཕྱིའི་སྦོམ་པོ་དང་། ཕྲ་བ་སྣང་བ་ལ་དགོངས་ན་ནི་ཐམས་ཅད་མཁྱེན་པ་ཉིད་ཚང་མའོ།། བློ་གྲོས་ཆེན་པོ་འབྲེལ་པའི་རྒྱུ་ནི་ཕྱི་ནང་གི་ཕུང་པོ་དང ་ས་བོན་ལ་སོགས་པ་འབྱུང་བའི་ཕྱིར་དམིགས་པའི་བྱ་བ་བྱེད་དོ་ཞེས་པ་གཟུགས་ལ་སོགས་པར་སྣང་བ་ནི་དམིགས་པས་ན་དམིགས་པ་སྟེ། སྣང་བ་ཉིད་རྒྱུ་དང་འབྲས་བུ་དངོས་པོར་བཅོམ་ལྡན་འདས་ཀྱིས་དགོངས་པའོ།། བློ་གྲོས་ཆེན་པོ ་མཚན་ཉིད་ཀྱི་རྒྱུ་ནི་དེ་མ་ཐག་ཏུ་བྱེད་པའི་མཚན་ཉིད་དོང་འབྲེལ་བར་བསྐྱེད་དེ་ཞེས་པ་དེ་མ་ཐག་ཏུ་བྱེད་པའི་ལས་ཀྱི་མཚན་ཉིད་གང་འབྲེལ་ནས་མཚན་ཉིད་གང་གིས་གང་ལ་བརྟག་པར་བྱ་བ་དེ་མཚན་ཉིད་ཀྱི་རྒྱུའོ།། ཇི་ལྟར་ལུང་སྟེན་པའི ་གཙུག་ལག་ལས་བྱེད་པ་པོ་རང་དབང་ངོ་ཞེས་ཀུན་རྟོག་པའོ།། བློ་གྲོས་ཆེན་པོ་བྱེད་པའི་རྒྱུ་ནི་དབང་བར་གཏོགས་པའི་བྱ་བ་བྱེད་དོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ་ཞེས་པ་དེ་ན་སྦྱོར་བའི་རྒྱུ་སྟེ། ཇི་ལྟར་ལྷས་སྦྱིན་གྱིས་མཆོད་སྦྱིན་བུམ ་པ་བྱེད་དུ་གཟུང་བའོ།། འཁོར་ལས་སྒྱུར་བའི་རྒྱལ་པོ་བཞིན་ཞེས་པ་ནི་ཇི་ལྟར་འཁོར་ལས་སྒྱུར་བའི་རྒྱལ་པོས་རྒྱལ་པོ་གཞན་དག་བྱེད་པར་གཟུང་བ་དེ་ལྟར་གཙོ་བོའི་རྒྱུ་དེ་དབང་བྱེད་པའི་རྒྱུར་བརྟགོ། ཁྱད་པར་དུ་བརྟག་པ་ནི་ཐ་མ་ས ་ཅད་མཁྱེན་པ་ཉིད་ཚད་མའོ།། བློ་གྲོས་ཆེན་པོ་སྣང་བར་བྱེད་པའི་རྒྱུ་ནི་རྣམ་པར་རྟོག་པའི་དངོས་པོ་སྐྱེས་པའི་མཚན་ཉིད་སྣང་བའི་བྱ་བ་བྱེད་དེ་གཟུགས་ལ་སོགས་པ་ལ་མར་མེ་བཞིན་ནོ་ཞེས་པ་ཇི་ལྟར་མར་མོ་བུམ་པ་དང་། སྣམ་བུ་ལ་སོགས ་པར་རྣམ་པར་རྟོག་པའི་དངོས་པོ་རྣམས་ཀྱི་སྣང་བར་བྱེད་པའི་རྒྱུ་ཡིན་པ་དེ་ལྟར་སྔར་སྐྱེས་པའི་ཁྱད་པར་སྣང་བ་ནི་སྣང་བར་བྱེད་པ་ཞེས་བྱའོ།། དེ་ཡང་དག་པར་ན་བྱེད་པ་ཉིད་དེ་འདྲ་བའི་སྐད་ཅིག་པ་གཞན་ལས་བལྟོས་ཏེ་སྐད་ཅིག་མ་རྒྱུན་ཏུ ་འབྱུང་བ་ལས་གང་གིས་མཚན་ཉིད་མི་མཐུན་པར་མི་བྱེད་པ་ནི་སྣང་བར་བྱེད་པའོ།། བློ་གྲོས་ཆེན་པོ་བལྟོས་པའི་རྒྱུ་ནི་རྣམ་པར་ལྡོག་པའི་དུས་ན་རྣམ་པར་མི་རྟོག་པའི་དངོས་པོ་འབྱུང་བའི་ཕྱིར་བྱ་བ་རྒྱུན་ཆད་པར་བྱེད་དོ་ཞེས་པ་ནི་རྒྱུ་འདུས་པ ་གང་ཡོད་པར་གྱུར་ནས་དེའི་འོག་ཏུ་འབྲས་བུ་གང་མེང་དམའ་བར་འགྱུར་བ་དེ་ལྟ་བུ་ནི་བལྟོས་པའི་རྒྱུ་ཞེས་བྱའོ།། ཇི་ལྟར་མེ་ལ་བལྟོས་ཏེ་ཤིང་ཐལ་བའི་དངོས་པོར་འབྱུང་བ་ན་རྣམ་པར་མི་རྟོག་ཅེས་བྱ་བའི་བར་དུའོ།། འདི་དག་ནི་བློས་གྲོས ་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པས་བརྟག་པ་སྟེ། རིམ་གྱིས་འཇུག་པས་ཀྱང་མ་ཡིན། ཅིག་ཆར་ཡང་མི་འབྱུང་ངོ་།། ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་གལ་ཏེ་ཅིག་ཆར་འབྱུང་ན་ནི། བྱ་བ་དང་བྱེད ་པའི་བྱེ་བྲག་ཀྱང་མེད་པར་འགྱུརརོ་ཞེས་པར་ཐམས་ཅད་མཁྱེན་པས་ཅི་དགོངས་ཞེ་ན། གཉིས་ཀས་ཀྱང་བདག་འབྱུང་བ་ཐོབ་པའི་ཕྱིརརོ།། རྒྱུ་དང་འབྲས་བུའི་དུས་མཚུངས་པར་དང་། ཕན་པར་བྱ་བ་དང་། ཕན་པར་བྱེད་པ་མེད་པས་ན ་དུས་གཅིག་ཏུ་བྱེ་བྲག་ཏུ་དབྱེ་བར་མི་ནུས་སོ།། རྒྱུ་མཚན་ཉིད་དུ་མ་རེད་པའི་ཕྱིར་ཞེས་པ་ནི་རྒྱུས་འབྲས་བུ་ལ་ཕན་པར་བྱེད་པས་མཚན་ཉིད་ཐོབ་པར་འགྱུར་ན་ཕན་པར་བྱེད་པ་མེད་པས་རྒྱུས་རྒྱའི་མཚོན་ཉིད་མ་ཐོབ་བོ།། གཞན་པར་བཤད ་ནི་འབྲས་བུ་གང་གི་རྒྱུ་ལས་མཚན་ཉིད་དུ་མ་རེད་པའི་འབྲས་བུ་སྟེ། ཐམས་ཅད་མཁྱེན་པའི་སྒྲའི་དོན་ལ་སྦྱར་བའི་ཚིག་གཉིས་ཀར་ཡང་བརྟག་པ་ནི་ཆོས་ཉིད་དུ་འགལ་བ་མེད་པའི་ཕྱིརརོ།། དེ་སྟེ་རིམ་གྱིས ་འཇུག་པས་འབྱུང་ན་ནི་མཚན་ཉིད་དུ་མ་རེད་པའི་བདག་ཉིད་པས་ཞེས་བྱ་བ་ནི་བྱ་བའི་མཚན་ཉིད་དུ་རེད་པ་མེད་པའི་བདག་ཉིད་ཀྱི་ཕྱིར་རོ།། གྲོང་གི་ཚེ་ན་རྒྱུའི་སྐད་ཅིག་པ་ཡོད་པ་དེའི་ཚེ་ན་འབྲས་བུའི་སྐད་ཅིག་པ་མེད་དེ། ཡོད་པ་དང་མེད་པ ་དག་ཀྱང་ཇི་ལྟར་ན་འབྲེལ། སྐད་ཅིག་པ་གཅིག་ནི་སུ་དང་ཡང་འབྲེལ་བ་མེད་དོ།། ཞིག་པ་དང་མ་ཞིག་པ་འབྲས་བུ་སྐྱེ་བ་ལ་བྱེད་པ་མེད་དེ། དེར་ཐམས་ཅད་མཁྱེན་པས་བྱེད་པ་དགག་པར་དགོངས་པའི་ཕྱིར་རོ།། དེ་མ་ཐག་པ་ཙམ་གྱིས ་དངོས་པོར་སོ་སོར་དྲིས་པ་འབའ་ཞིག་སྟེ། དེ་བཞིན་དུ་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཞན་གྱི་དབང་དང་། ཡོངསུ་གྲུབ་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམ་པ་གཉིས་ལ་སྦྱར། ་བར་བྱ་སྟེ་དེས་ན་རིམ་གྱིས་འཇུག་པ་མི་འབྱུང་ངོ་།། ཐམས་ཅད་མཁྱེན་པས་དེ་ཉིད་ལ་དཔེར་གསུངས་པ་བློ་གྲོས་ཆེན་པོ་བུམ་སྐྱེས་པར་ཕ་ཞེས་གདགས་པ་དང་འདྲ་བ་རྟོག་པ་པོ་རྣམས་ཀྱིས་རིམ་གྱིས་འཇུག་པས་འབྲེལ་པའི་ཚུལ ་ཡང་མི་རུང་ངོ་ཞེས་པ་དེའི་ཕ་འདི་ཡིན་ནོ་ཞེས་བུ་མ་སྐྱེས་པར་ཡང་ཕར་འདོགས་པ་ཇི་ལྟ་བུ་རུང་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་པར་འགྱུརརོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་འབའ ་ཞིག་སྟེ། དེ་མ་ཐག་པ་ཙམ་གྱིས་ཁ་ཅིག་ཏུ་ལས་དང་འབྲས་བུར་འབྲེལ་པའི་རང་བཞིན་དུ་སོ་སར་ངེས་སོ།། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བར་བཞག་པ་ཡང་ཁ་ཅིག་གི་དེ་མ་ཐག་ཏུ་དག་པ་དང་དག་པ་ཡང ་སྣང་གི་བདག་ཉིད་ལས་མ་ཡིན་ལ། གཞན་ཐམས་ཅད་ལས་ཀྱང་མ་ཡིན་པ་དང་། གཉི་ག་ལས་ཀྱང་མ་ཡིན་ཏེ་ཇི་ལྟར་ཐམས་ཅད་མཁྱེན་པས་གསུངས་པ་བདག་དང་། གཞན་དང་གཉིས་ཀ་དང་། ཡོད་པ་དང་། མེད་པ་ལས ་སྐྱེས་པ་མེད་དོ་ཞེས་པའོ།། དེ་བས་ན་སློབ་དཔོན་ཀླུས་བོས་ཀྱིས་བསྟོད་པ་ལས་སྨྲས་པ། ཞིག་དང་རྣམ་པར་མ་ཞིག་པའི།། ས་བོན་ལས་ནི་མྱུག་འབྱུང་མེད།། རྨི་འབྱུང་བཞིན་དུ་འབྱུང་བ་སྟེ།། དེ་ལྟར་ཀུན་ནི་ཁྱོད་གསུངས ་མཛད་ཅེས་སོ།། ཡོད་དང་མེད་པ་ལས་བྱེད་པས་རྒྱུའི་འབྲས་བུ་སྐྱེད་པར་མི་བྱེད་དོ།། ཇི་ལྟར་བཙུན་གཙོ་བྱམས་པས་སྒྲུབ་པར་མཛད་པ་སྐྱེ་བ་དང་འཇིག་པ་དུས་མཚུངས་ཏེ་སྲང་མངའི་མཐོན་མན་བཞིན་ནོ་ཞེས་སོ།། རྒྱུ་མེད ་པ་ལས་ཀྱང་མ་ཡིན། དབང་པོ་ལས་ཀྱང་མ་ཡིན། རང་བཞིན་ལས་ཀྱང་མ་ཡིན། ཡོན་ཏན་འཕོ་བཱ་ལས་ཀྱང་མ་ཡིན་ཞེས་བྱ་བ་ལ་སོགས་པོཔའོ།། འདི་ཡོད་ན་འདི་ཡིད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། གང་གི་ཚེ་ན་རྒྱུ ་སྔར་ཡོད་པ་དེའི་འོག་ཏུ་འབྲས་བུ་འབྱུང་གི། སྐད་ཅིག་པས་ངར་བཅད་པ་ནི་མེད་དོ།། རྒྱུ་འཇིག་པའི་དུས་ཉིད་ན་འབྲས་བུ་འབྱུ་ང་སྟེ་འཇིག་དང་། སྐྱེ་བ་ལ་སོགས་པར་ཡང་ལྷག་པའི་ཆོས་གཞན་མེད་དོ།། ཐོག་མ་དང་ཐ་མའི ་སྐད་ཅིག་པ་ཉིད་ཀྱིས་དངོས་པོ་ཡང་དེ་མ་ཐག་ཏུ་བརྟགས་པའོ།། དེ་བཞིན་དུ་ཆོས་དང་ཆོས་ཅན་གྱི་ཐ་སྙད་བྱེད་པར་ཡིད་ཆེས་པ་བཞིན་དུ་བཙུན་གཙོ་སངས་རྒྱས་སུ་འགྱུར་བས་དགོངས་པའོ།། ཆོས ་དང་གང་ཟག་ལ་བདག་མེད་པ་གཉིས་ལ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བར་བདག་གིས་དབུ་མ་ལྟ་བུར་བསྒྲུབས་པ་ནི། འགག་མེད་སྐྱེ་བ་མེད་པ་དང་།། རྟག་མེད་ཆད་པ་མེད་པ་དང་།། གཅིག་དོན་དུ་མའི་དོན་སྨིན་དང་། ་འོང་བ་མེད་པ་འགྲོ་བ་མེད།། རྟེན་ཅིང་འབྲེལ་བར་འབྱུང་བ་ནི།། སྤྲོས་པ་ཉེ་ཞི་ཞི་བར་ཡང་།། རྫོགས་པའི་སངས་རྒྱས་གསུངས་གྱུར་པ།། གསུང་མཆོག་དེ་ལ་ཕྱག་འཚལ་ཏེ་ཞེས་པས། ས་དང་པོའི་དབང་པོས་དབུ་མའི་གཙུག་ལག ་གི་ལུས་སུ་བསྡུས་པར་གྱུར་ན་ནཱི་བྱེད་པ་དང་བྱེད་པ་པོར་འབྲེལ་པ་དེ་ཉིད་གསལ་བའི་ཕྱིར་གཙུག་ལག་ལས་འབྱུང་ངོ་།། འབྲུམ་བུ་ཟ་བ་དང་། ཁམ་པ་པ་དང་། རྐང་མིག་པ་དང་། སྤེལ་བ་པ་དང་། མཛེའི་མི་ནི་པ་དང་། ཙ་ར ་ཀ་པ་དང་། ལུང་སྟོན་པ་རྣམས་ཀྱི་ཀུན་ཏུ་བརྟགས་པའི་འཛིན་པ་དང་། གཟུང་བ་དང་། བྱེད་པ་དང་བྱེད་པ་པོར་འབྲེལ་ཏེ་རྗོད་པ་དང་བརྗོད་པ་ལ་སོགས་པའི་རྣམ་པར་རྟོག་པའི་འཛིངས་པའི་ཀུན་ནས་ཉོན་མོངས་པ་བསལ་བར་ཞུགས ་པའོ།། དེ་དག་ལས་ཀྱང་སྐྱེ་བར་བྱ་བསྐྱེད་པ་ནི་བྱེད་པ་པོར་འབྲེལ་པ་དེ་ཐོག་མར་སྤོང་བར་བྱེད་དོ།། བྱེད་པ་པོ་ལ་མངོན་པར་ཆགས་པས་འཁོར་བའི་སྡུག་བསྔལ་རབ་ཏུ་འབྱུང་ངོ་།། རྟག་པ་དང་། བདག་དང་། བདག་གི་དང་། བྱེད་པ་པོ ་དང་། ལས་དང་བྱེད་པ་ལ་མངོན་པར་ཆགས་པ་ལྡོག་ན་སྡུག་བསྔལ་ལྡོག་གོ་ཞེས་སོ།། གང་ལ་སྐྱེ་བ་མེད་པ་དེ་ལ་གནས་པ་དང་། འགོག་པ་ལ་སོགས་ཆོས་ཡོད་པ་མ་ཡིན་ཏེ། དེ་ལྟར་དབུ་མ་ཉིད་དུ་སྒྲུབ་པར་བྱེད་པ། གལ་ཏེ ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ལྡན་དེར་རིག་སྟེ།། འོན་ཏེ་སྐྱེ་བོ་འདུས་མ་བྱས།། འདུས་བྱས་མཚན་ཉིད་ཇི་ལྟར་རུང་།། སྐྱེ་བ་སྐྱེ་བ་ཇི་ལྟ་བུར།། བདག་ཉིད་གཞན་གྱིས་མ་ཡིན་པ།། འགོག་པ་ལ་ནི་འགོག་པ་ཡང་།། བདག ་ཉིད་གཞན་གྱིས་མ་ཡིན་པའོ།། གང་ཟག་ལ་བདག་མེད་པ་ཡང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སྐྱེ་བ་ལ་སོགས་པའི་ཆོས་ལྷག་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་འཕགས་པ་དགེ་འདུན་ཆེན་པོ་བདག་ཀློག་པ། འདུས་བྱས ་ཐམས་ཅད་སྐད་ཅིག་པ།། མི་བརྟན་བྱེད་པ་ག་ལ་ཞིག། གང་འབྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོ་རཱི་ཡང་དེ་ཉིད་བརྗོད། ཅེས་སོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྐད་ཅིག་པའི་རྒྱུ་ལ་རྟག་པ་དང་ཆད་པ་མེད་དོ།། གཅིག་དེ་ན ་ལ་ཡིན་ཞེས་བྱ་བ་ནི་མ་རིག་པ་དང་། ལྀས་རྣམ་པུར་སྨིན་པའི་ལས་རྨི་ལོམ་ལ་སོགས་ལ་སྣང་བ་བཞིན་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལུག་བཅུ་གཉིས་དྲོན་དུ་མའི་ཕྱིར་རོ།། དུ་མ་དོན་མ་ཡིན་ཞེས་བྱ་བ་ནི་དོན་དམ ་པ་གཉིས་ཀྱི་རྣམ་པ་མེད་པ་ན་མི་གཉིས་པའི་ཕྱིར།། འོང་བ་དང་། འགྲོ་བ་དང་བྲལ་བ་ནི་ཐོག་མ་དང་ཐ་མའི་མཐའ་སྟོང་པའི་ཕྱིར་རོ།། དེའི་ཕྱིར་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ། འགག ་པ་ན་ཡང་གར་ཡང་སོགས་སུ་མི་འགྲོ་ཞེསོ།། བར་དུ་ཡང་གཉིས་ཀྱི་རང་བཞིན་གྱི་སྟོང་པ་སྟེ། དེས་ན་ཐམས་ཅད་མཁྱེན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པ་ཉེ་བར་ཞི་བས་ན་ཞི་བར་གསུངསོ།། ། ་སངས་རྒྱསུ་འགྱུར་བའི་ས་དང་པོའི་དབང་པོས་ཀྱང་དྲ་བུ་མའི་གཙུག་ལྷག་ཏུ་གཏོགས་པ་ལས། བདག་ལས་མ་ཡིན་གཞན་ལས་མིན། གཉིས་དང་རྒྱུ་མེད་ལས་ཀྱང་མིན།། དངོས་པོ་རྣམས་ནི་སྐྱེ་བ་ཡང་།། འགའ་ཞིག་གར ་ཡོད་མིན་ནོ།། ཞེས་པ་སྟེ། བདག་དང་གཞན་དང་གཉི་ག་ལས་ཇི་ལྟར་མི་སྐྱེ་བ་དེ་ལྟར་ཐམས་ཅད་མཁྱེན་པས་དམ་པའི་ཆོས་ཀྱི་འགྲེལ་པ་ལས་སྔར་བཤད་ཟིན་ཏོ།། འཕགས་པ་བཙུན་གཙོ་བྱམས་པའི་སཱ་ལུ་ལྗང་བའི་མདོ་སྡེ ་ལས་འབྱུང་བ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རྩོད་པའི་གནས་རྣམས་ཀྱང་བདག་གིས་དམ་པའི་ཆོས་ཀྱི་འགྲེལ་པ་བཤད་པ་ན་དབང་པོ་དང་། གཙོ་བོ་ལ་སོགས་པ་དཔྱད་པ་སྔར་བྱས་ཏེ། སེམས་ཀྱི་རྒྱུད་རྟེན་ཅིང་འབྲེལ་ཏེ ་འབྱུང་བ་རྟག་པ་ལྔས་ཀྱང་མ་ཡིན། ཆད་པ་ལས་ཀྱང་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་ཡིན། དབང་པོ་ལས་ཀྱང་མ་ཡིན། རང་བཞིན་ལས་ཀྱང་མ་ཡིན། ཡོན་ཏན་འཕོ་ས་པ་ལས་ཀྱང་མ་ཡིན་ཞེས་བྱ་བ་ལ་སོགས ་པཔ་སཱ་ལུ་ལྡང་བའི་མདོ་སྡེ་ལས་ཞིབ་ཏུ་འབྱུང་བའི་ཕྱིར་རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དེ། རྟག་པ་དང་། དབང་པོ་དང་། གཙོ་བོ་ལ་སོགས་པ་ལ་ཡང་ཚུལ་འདྲི་ཉིད་དོ།། ་སེམས་ལ་རྒྱུ་མེད་པ་མ་ཡིན་པ་ནི་བྱུང་བ་རྣམས་ལས་མི་སྐྱེ་སྟེ། སྐྱེས་མ་ཐག་པ་ལ་རྒ་བ་དང་། འཇིག་པ་དང་། མྱ་ངན་སྣང་སྟེ། དེས་ན་སྔོན་གྱི་གོམས་པའི་ཡོད་པར་རྗེས་སུ་དཔག་གོ།། ཀུན་གཞི་རྣམ་པར་ཤེས་པ ་བཤད་པས་འཇིག་རྟེན་ཕྱི་མ་བསྒྲུབས་པ་ན་དེ་ནི་བཤད་ཟིན་མོད་ཀྱི། མདོར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་འབྱུང་བ་སྟེ། བྱེད་པ་དང་། བྱེད་པ་པོ་དང་། མངོན་པར་འབྲེལ་ནས་རྒྱུ་དང་འབྲས་བུའི་དངོས་པོ་མེད་དེ། ཇི ་ལྟར་ན་སྔ་མཱའི་འོག་ཏུ་འདི་ཡོད་པས་ན་འདི་ཡོད་པར་འགྱུར་རོ་ཞེས་བསྟན་པར་བྱིའི་ཡོད་པ་དང་མེད་པ་ལས་སྐྱེ་བར་ནི་མི་རུང་ངོ་།། ཇི་ལྟར་ཐམས་ཅད་མཁྱེན་པའི་དམ་པའི་ཆོས་ཀྱི་འགྲེལ་པའི་བཤད་པ་དང་དབུ་མ་ལས། ཡོད ་དང་མེད་པའི་དོན་ལྔ་ནི།། རྐྱེན་རྣམས་ཡོད་པར་མི་རུང་སྟེ།། མེད་ན་རྐྱེན་ནི་སུ་ཡི་ཡིན།། ཡིང་ནའང་རྐྱེན་གྱིས་ཅི་ཞིག་བྱ་ཞེས་བྱ་བ་ལས་ན་ཡོད་པ་དང་མེད་པ་ཡོད་སྐྱེ་བར་མི་རུང་སྟེ། དངོས་པོ་ལ་བྱར་མེད་པའི་ཕྱིརརོ།། དངོས་པོ་མེད་པ ་བྱེད་ཅེས་པ་ཡང་ཅི་ཡང་མི་བྱེད་པ་ཡིན་ཏེ། བྱེད་པ་དགག་པར་བྱས་པར་གྱུར་པ་ཉིད་དོ།། དེ་བསྲན་ཅིག་ཆར་དང་། རིམ་གྱིས་འཇུག་པར་བྱེད་པ་དང་། བྱེད་པ་པོ་རོ་འབྲེལ་ཏོ་མ་འབྱུང་ངོ་།། རྒྱུ་རྣམ་པ་དྲུག་པོ་ཡོང་བྱིས་པས་ཀུན་བརྟགས ་པའོ།། ཀུན་བརྟགས་པ་ཞེས་བྱ་བ་ནི་བྱེད་པ་པོ་དང་། ལས་དང་བྱེད་པ་ལ་སོགས་པའི་རང་བཞིན་ལའང་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ།། སྣང་བར་བྱེད་པ་དང་བལྟོས་པའི་རྒྱུ་ཡང་འབྲས་བུ་དེ་མ་ཐག་པའི ་རྒྱུ་ཉིད་དུ་ཐམས་ཅད་མཁྱེན་པས་སྦྱར་ཏེ། རྒྱུ་དང་དམིགས་པ་དང་། དེ་མ་ཐག་པ་དང་དབང་གི་རྒྱུ་ཡང་རྣམ་པ་བཞི་མདོ་སྡེ་འདིར་ཕྱི་ནས་གསུངསོ།། དབུ་མར་ཡང་སློབ་དཔོན་གྱིས་ཀྱང་དེ་བཞིན་དུ ་སྟོན་པ་རྐྱེན་བཞི་རྣམས་ལ་རྒྱུ་དང་ནི།། དམིགས་དང་དེ་མ་ཐག་པ་དང་།། དེ་བཞིན་དུ་ཡང་དབང་གི་སྟེ།། རྐྱེན་ནི་ལྔ་པ་མེད་པའོ་ཞེས་པ་སྟེ།། དངོས་པོ་ཐམས་ཅད་ལ་རིམ་དང་ཅིག་ཅར་དུ་སྐྱེ་བ་དང་། སྐྱེད་པའི་དངོས་པོར་མི་རུང་ངོ་།། ་དབུ་མ་ལས་མདོར་བཤད་པོ་ནི།། དངོས་པོ་རང་བཞིན་མེང་རྣམས་ལ།། ཡོད་པ་མིན་པས་གང་ལས་ནི།། འདི་ཡོད་པས་ན་འདིར་འགྱུར་ཞེས།། དེ་ནི་འཐད་པ་མེད་པའོ།། ཞེས་པ་ནི་རྣམ་པོ་སྣ་ཚོགས་ཀྱི་རྣམ་པ་ལ་གླནོད་པར་འགྱུར་བའི ་ཕྱིར་རོ།། རང་བཞིན་མེད་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་ཀྱི་གཞན་གྱི་དབང་རྣམས་ཀྱི་སྟེ། གང་དག་འཛིན་པ་དང་། གཟུང་བ་དང་། བརྗོད་པ་དང་། རྗོད་པ་སོ་སོར་སྣང་བའི་རྣམ་པར་རྟོག་པར་བྱེད་པའི་ཡོད་པ་དེ་དག་ནཱི་གཉིས་ཀྱི་རྣམ་པ་སྟོ ་པ་ཉིད་དེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བ་བཞིན་ནོ།། རྣམ་པར་རྟོག་པ་མེད་ཅིང་སྣང་བ་མེད་པ་གཉིསུ་མེད་པའི་ཆུད་པ་རྣམས་ལ་ཐ་དད་པ་སྣང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཡང་རྒྱུ་དང་འབྲས ་བུའི་བྱེ་བྲག་འཛིན་པ་མེད་དོ།། རྣམ་པ་དེ་ལྟ་བུའི་མི་གཉིས་པའི་མཚན་ཉིད་དུའང་རྒྱུ་བ་མེད་ན། འདི་ཡོད་ན་འདི་ཡོད་པར་འགྱུརརོ་ཞེས་ཡི་གེ་དང་སྒྲ་ལྟ་ཅི་སྨོས། ཇི་ལྟར་དབུ་མའི་གཙུག་ལག་ཏུ་ས་དང་པོའི་དབང་པོས་གསུངས་པ། ་གང་གིས་དངོས་པོ་མཐོང་བ་དང་།། མེད་པར་མཐོང་བ་བློ་ཆུང་རྣམས།། ཉེར་ཞི་ཞི་བ་བལྟ་བྱ་བ།། དེ་དག་གིས་ནི་མི་མཐོང་ངོ་།། རྣམ་རྟོག་མེད་ཅིང་སྣང་བ་མེད།། སྤྲོས་པ་རྣམས་ཀྱི་མ་སྤྲོས་པ།། འདི་ནི་འཇིག་རྟེན་མགོན་རྣམས་ཀྱི ་སངས་རྒྱས་བསྟན་པ་བདུད་རྩིའོ།། རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་ལ་སོགས་པའི་ཆོས་རྣམས་ནི་སེམས་ཉིད་ལ་རིགས་ཏེ། དེས་ནས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་ཏེ། ་མི་གཉིས་པ་ཡང་སེམས་ཉིད་ལ་རིགསོ།། ཇི་ལྟར་འདི་ཉིད་དུ་གསུངས་པ།། སྤྲོས་ལས་འདས་པ་མཱི་གཉིས་པ།། ཡང་དྲག་སངས་རྒྱས་སྤྲོས་པར་བྱེད།། དེ་དག་སྤྲོས་ཉམས་གླེན་པ་རྣམས།། དེ་བཞིན་གཤེགས་པ་མི་མཐོང་ངོ་།། ་སྟོང་པ་ཞེས་པར་སྨྲ་མི་བྱ།། མི་སྟོང་པར་ཡང་མ་ཡིན་ཏེ།། གཉིས་དང་མཱི་གཉིས་ཞེས་པ་ཡང་།། ཞི་ལ་རྣམ་པ་ག་ལ་ཞིག། དེ་བས་ནཱན་དྭངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཆུད་པ་ཉིད་དུ།། དབུ་མའི་ཏིང་ངེ་འཛིན ་ས་བདུན་དག་ནི་སེམས་ཡིན་ཏེ།། སྣང་བ་མེད་པ་བརྒྱད་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ས་གཞན་ང་ཡི་རང་བཞིན་ནོ།། ཕྱིའི་དངོས་པོ་བསལ་ནས་སུ།། ཤེས་པ་ཙམ་ལ་འཇུག་པ་ནི།། འདི་ཉིད་དབུ་མའི་ནན་ཏན ་ཏེ། ད་དང་གཞན་གྱིས་གཞན་གྱིས་བསྟེན་པའོ།། དངོས་པོ་མེད་དང་དངོས་མེད་མིན།། ཡོད་དང་མེད་པར་མི་དམིགས་པ།། འདི་ནི་དབུ་མོའི་ནན་ཏན་ཏེ།། ང་དང་གཞན་གྱིས་བསྟན་པའོ་ཞེས་སོ།། ཐམས་ཅད་མཁྱེན་པས་ལངྐར ་གཤེགས་པར་ས་བདུན་གྱི་དབང་པོས་ཡེ་ཤེས་ལ་ཆགས་པ་ཡོངས་སུ་སྤངས་ཏེ། ས་བརྒྱུད་ཀྱི་དབང་པོ་རྣམས་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ནི་དབུ་མའི་ཏིང་ངེ་འཛིན་དུ་གསུངས་ཏེ། ་གང་ན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་དང་། ས་བདུན་དུ་ཕྱིན་པ་རྣམས་ཀྱི་ཡང་སྤྱོད་ཡུལ་པ་ཡིན་ནོ།། མི་སྐྱེ་བའི་མཚན་ཉིད་དེ་ནི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་ལྟ་བུར་སྐད་ཅིག་མའི་འདུ་བྱེད ་རྣམས་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་གཞན་དུ་མི་མཐོང་ངོ་།། བདག་མེད་པ་གཉིས་ལ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྒྱུ་མ་དང་འདྲ་བར་མཐོང་ངོ་།། དེ་དེ་ལྟ་བུར་བསམ་པར་བྱེད་ཅིང ་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ལས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་རྣམས་ཀྱིས་ཐུགས་རྗེའི་བག་ཆགས་ཀྱིས་བསྒྱེལ་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བསླང་བར་མཛད།། ། ་གླིང་གིས་སྣང་བ་དང་བཅས་པ་དག་པ་འཇིག་རྟེན་པ་ཏིང་ངེ་འཛིན་ལ་གནས་ཏེ་སེམས་ཅན་གྱི་ཕྱིར་རབ་ཏུ་འཇུག་པར་འགྱུར་རོ།། གལ་ཏེ་དུས་གཞན་དུ་བདག་ཉིད་རབ་ཏུ་སད་པར་འགྱུར་ན་ནི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་ཚོགས ་ཀྱི་བར་ཆད་དུ་འགྱུར་རོ།། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དབང་དང་ཡོངསུ་གྲུབ་པ་ཡང་བྱེད་པ་དང་། བྱེད་པ་པོ་དང་འབྲེལ་ཏེ་མི་སྐྱེའོ།། སྣ་ཚོགས་ཀྱི་ཕྱིར་གཞན་གྱི་དབང་སྐྱེ་བ་མེད་པའི་རང ་བཞིན་ཏེ། སྣ་ཚོགས་དང་རྨི་ལམ་ལ་སོགས་པ་བཞིན་ནོ།། གྲུབ་པ་ཡང་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། ཆོས་ཐམས་ཅད་ངེས་པར་འཇུག་པའི་དབང་པོའོ་ཞེས་པ་ཡང་དག་པར་རིག་པ་བཞིན་ནོ།། དེས་ནི་ཚིགསུ་བཅད་པའི ་དོན་བཤད་ཟིན་ཏོ།། འཕགས་པ་ལངྐ་ར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བ་ལས་ལེའུ་གཉིས་པ་ལས་རྒྱུ་དང་འབྲས་བུའི་དཔྱད་པ་ལྔ་པའོ།། ། ་དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་གསོལ་པ། ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ།། གསོལ་པ། དེའི་ལན་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པ་མཚན་ཉིད་རྣམ་བཞི་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཚིག་དང་ཞེས་པ་ལ་མཚན་ཉིད་ནི་མཚན་མ་སྟེ། སྒྲ་རྣམས་འབྱུང་བའི་མཚན་མའོ་ཇི་ལྟར་སྒྲའི་འགྲེལ་པ་བྱས ་པས་སྒྲུབ་པར་བྱེད་པ་སྒྲ་རྣམས་གསུམ་གྱི་ཕྱིར་འཇུག་སྟེ། འདི་ལྟར་རིགས་པ་དང་། ཡོན་ཏན་དང་། བྱེད་པར་འཇུག་པའི་མཚན་མ་རྣམས་ཀྱིས་སྒྲ་རྣམས་འཇུག་གོ།། བཞིའི་ཕྱིར་སྒྲ་རྣམས་འཇུག་པ་ནི་ཤེས་པའི་སྒྲ་རྣམས ་ཡོད་དོ་ཞེས་ཏེ། དངོས་པོ་ཡོད་པ་དེ་ལས་བརྗོད་པ་དང་རྐྱེན་དུ་འགྱུརརོ།། ཚིག་གསུམ་ཡོད་པར་བྱེད་པའི་ཡོད་པ་ནི། རྫས་ཡོད་པ་དང་། ཡོན་ཏན་ཡོད་པ་དང་། ལས་ཡོད་པའོ།། སྒྲ་འཇུག་པ་ནི་རིགས་ཀྱི་མཚན་མ་མེད ་དེ་དེས་སྒྲ་རྣམས་ཀྱི་སྤྱིའི་བརྗོད་པའོ།། གང་ཡང་མིང་དུ་བཏགས་པ་རྣམས་ནི་དིང་ཐོ་དང་། ང་ཐེ་ལྡིང་ཐ་དང་། ལྷས་སྦྱིན་དང་། མཆོད་སྦྱིན་ནོ།། སྤྱིར་སྒྲོ་བཏགས་ཏེ་འཇུག་པའི་མཚན་མ ་ཡུལ་དང་། དུས་དང་ལྡན་པ་ཞེས།། ཁ་ཅོག་སྨྲ་བ་ནི་ཟླ་བ་དང་ཉི་མ་ཞེས་བྱ་བ་ལ། གང་མེ་ཏོག་ཀུ་མུ་དྲ་རྣམས་རྒྱས་པར་བྱེད་པ་དང་། གང་ཡང་སེམ་པོར་བྱེད་པ་དེ་ནི་ཟླ་བའི་ཟླ་བ་ཁོ་ནའོ།། གང་པདྨོ་རྣམས་རྒྱས་པར་བྱེད་པ་དང་། ་གླང་སྣང་བར་བྱེད་པ་དེ་ནི་ཉི་མའི་ཉི་མ་ཁོ་ནའོ།། ཡང་ན་དངོས་པོ་ཐམས་ཅོད་རང་གི་དངོས་པོར་ཡོད་པ་དེ་དེ་དག་གི་དངོས་པོ་ཞེས་བྱའོ།། དེ་བརྗོད་པའི་ཕྱིར་ཁོ་ན་འམ་ཉིད་ཡིན་ཏེ། གང་རྩ་ཟ་བ་དང་། ཤིང་རྟ་འདྲེན་པ་དེ་ནི་བ་ལ ་གྱི་བ་ལང་ཁོ་ནའོ།། དེ་བཞིན་དུ་ན་མཁའི་ཡང་ན་མཁའི་ཁོ་ན་སྟེ། བློ་བ་ལ་སོགས་པ་དུ་མ་དང་སྦྱོར་བས་ཡུལ་ཐ་དད་པར་བརྟགས་པ་སྟེ། མང་པོའི་གནས་པས་ན་མཁའ་ཁོ་ནའོ་ཞེསྭ་བྷ་དྲ་ཧ་རིས་སྨྲས་པའོ།། སློབ་དཔོན་ཆོས ་སྐྱོང་གིས་ཀྱང་སྒྲུབ་པར་བྱེད་པ་ན་ན་མཁའ་ལ་མཚན་མ་མང་པོའི་ཚིག་འཇུག་པས་ན་རྣམ་པ་མང་པོ་དང་ན་མཁའ་ཁོ་ནའོ་ཞེས་ཀུན་བརྟགས་པའོ།། དེས་ན་ཚིག་དོན་རྣམས་ཀྱི་རིགས་དང་ནི།། སྣང་བ་ཉིད་ཀྱང་དགར་ཏེ་འམ། ་སྒྲོཀུན་ནི་ཆོག་དོན་དུ་དེ་ལྟར་རྟག་ཏུ་བཤད་པའོ།། ཚིག་ཏུ་སྨྲ་བ་རྣམས་ཚིག་གི་དོན་གྱི་ཚིག་བཟུང་ནས་བརྗོད་པའི་རྗོང་པ་ནི་འདུས་པ་བརྗོད་པའོ།། བརྗོད་པར་སྨྲ་བ་རྣམས་ནི་བརྗོད་པ་ཉིད་དོན་བརྗིད་པར་བྱེད་པའོ་ཞེས་སོ།། ་ལྔ་ལས་ཚིག་ནི་ཐ་དད་གཉིས།། རྣམ་བཞི་རྣམ་པ་ལྔ་པར་ཡང་།། རྗོད་པ་རྣམས་ལས་བཏོན་ནས་ནི།། རང་བཞིན་རྐྱེན་ལ་སོགས་པ་བཞིན། ཞེས་རབ་ཏུ་འཐོར་བའི་ཚིག་གི་རྒྱུད་ལས་འབྱུང་ངོ་།། རྗོད་པ་དཔྱད་པ་ལས་ནཱ ་ཚིག་ཅེས་བྱ་བ་ཅུང་ཟད་ཀྱང་། རང་བཞིན་གར་ཡབ་ངེས་པ་མེད།། ཚིག་རྣམས་དངོས་པོ་དོན་དག་ཀྱང་།། བརྗོད་དོན་ཉིད་ལས་བྱུང་བ་སྟེ། ཞེས་བརྗོད་པ་མ་རྟོགས་པར་ཚིག་གིས་ཐེ་ཚོམ་དུ་འགྱུར་ཏེ། དེས་ན་བརྗོད་པ་ཉིད ་ཀྱིས་དོན་བརྗོད་དེ་མངོན་པར་བརྗོད་པ་འདུས་པ་གང་ཡིན་པ་བརྗོད་པ་ཉིད་ལས་དགར་བར་བྱའོ།། རྗོད་པའི་ནང་གི་ཡན་ལག་དང་མཚུངས་པའི་ཆོས་དང་ལྷག་པ་བཏོན་ཏེ་ཚིག་གི་དོན་ནི་དོན་གྱི་བྱེ་བྲག་ལས་དེ་ལྟར་རྣམ་པར་བཞག ་སྟེ། ལ་ལིག་དཀར་པོ་དྲུང་། རས་དཀར་པོ་དང་། གོས་དཀར་པོ་དང་། བ་དཀར་མོ་འགྲོ་བ་དང་། བ་ནག་མོ་འདུག་པ་སྟེ། དེ་དེ་ལྟར་རྗེད་པའི་ནང་གི་ཡན་ལག་དང་། ཆོས་མཚུངས་པ་དང་། ཆོས་མི་མཚུངས་པས་ཚིག་གི་དོན ་རྣམ་པར་བཞུག་སྟེ། ཚིག་དང་དང་ཛད་པའི་དཔྱད་པ་ཞིབ་མོ་ནི་སྒྲའི་གཙུག་ལུག་ལས་ཐམས་ཅད་མཁྱེན་པས་དགོངས་པའོ།། མཚན་ཉིད་ཀྱི་ཚིག་ཅེས་བྱ་བ་ནི་སྨྲ་བ་རྣམས་ཀྱི་རྗོད་པའི་དོན་དུ་འབྱེད་པས་ན་རྩོད་པ་ཡང ་མང་སྟེ། ཡི་གེ་མ་གཏོགས་ཚིག་གཞན་ནི།། ཡོད་པ་མ་ཡིན་བརྗོད་པ་ནི།། ཡི་གེ་ཚིག་ནི་མ་གཏོགས་པརོ།། ཅུང་ཟད་ཀྱང་ནི་ཡོད་པ་མིན་ཞེས་དཔྱོད་པ་ཅན་གྱི་རྗེ་སུ་མཐུན་པར་བྱ་སྟེ། བྷ་དྲ་ཧ་རིས་བཤད་པ། སྨྲས་པའི་སྒྲ་ཀུན ་འདུས་པ་ནི།། རིགས་ནི་འཇུག་པར་འགྱུར་བ་སྟེ། གཅིག་པུ་ཡན་ལག་མེད་པའི་སྒྲ།། བློ་ཡིས་རིགསུ་བསྡུ་བའོ།། ཐོག་མའི་ཚིག་ནི་སོ་སོར་ཀུན།། བལྟོས་དང་བཅས་ཏེ་དེ་ལྟར་ཡང་།། བརྗོད ་པའི་ཕྱིར་ནི་ཐ་དད་བློ།། ཚུལ་སྒྲ་རྣམས་ཀྱི་རྣམ་པ་མང་ཞེས་ཏེ། བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པ་བརྗོད་པའི་དོན་ནི་ཐམས་ཅད་ལ་འཁྲུལ་པ་ཡིན་ཏེ། དེ་ལྟ་བུར་ན་དོན་ཡང་རྗོད་པར་འགྱུར་རོ།། གཞོན་ནུ་ཅན་གྱི་མུར ་བྱེད་པོས་སྨྲས་པ། ཇི་སྙེད་ཇི་འདྲ་གང་དག་ནི།། དྲོན་གང་སྟོན་ནུས་ཡི་གེ་རྣམས།། མཐུ་རྣམས་རབ་ཏུ་ཤེས་གྱུར་པ།། དེ་དག་དེ་ལྟར་དོན་རྟོགས་བྱེད། ཅེས་སོ།། བཏགས་པར་སྨྲ་བ་རྣམས་ཀྱི་ནི།། ཡི་གེ་འབྲུམ་བུ་གཅིག་གིས ་ཀྱང་།། སྟོན་པར་བྱེད་དེ་དྲི་ཚིག་དང་།། བརྗོད་པའི་དོན་ཆུང་པར་བྱེད་ལ།། བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པར་ཡང་ཆུད་པར་བྱེད་དོ།། རྣམ་པ་དེ་ལྟ་བུ་ནི་ཡང་རབས་དང་མ་རིབས་རྣམས་ཀྱི་མཚན་མ་ཇི་ལྟ་བ་བཞིན་དུ་རྗེས ་ཆུད་པར་གྲུབ་པའོ།། རྨི་ལམ་གྱི་ཚིག་ནི་ཐམས་ཅད་སྣང་བར་འབྱེད་པ་སྟེ་ཐ་སྙད་དུ་འབྱེད་པའི་དཔེའོ།། ཆུང་པ་མ་གཏོགས་པར་ཡོང་སྨྲའི་དོན་མེད་པའི་ཕྱིར་རོ།། གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་ནི་འདོད་ཆགས ་ལ་སོགས་པ་ཉོན་མོངས་པ་རྣམས་ལ་གོམས་པའི་རྗེ་སུ་བྱེད་པས་རློམ་པ་དང་། སྡད་ལ་ཕོད་པ་ལ་སོགས་པའི་གཏམ་མོ།། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་ནི་བྱིས་པ་རྣམས་ལ་ཡང་། སྒྲའི་དོན་མངོན ་པར་བརྗོད་པ་འབྱུང་སྟེ། ནང་གི་བྱེད་པར་བཞག་པ་ནི།། སྒྲ་ཀུན་གོང་དུ་རྒྱུ་བྱེད་པ།། གནས་རྣམ་སུ་ནི་ཐོགས་མེད་ཡང་།། སྒྲ་ལ་མ་གོམས་མི་རུང་སྟེ།། དེས་ན་འཇིག་རྟེན་གཞན་གྱི་གོམས་པའི་རྗེས་སུ་དཔག་གོ། ཞིབ་ཏུ ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྒྲུབ་པར་མཛད་པ་ཡིན་ཏེ། མདོ་སྡེའི་དོན་བདག་གིས་རྣམ་པར་ཕྱེ་བར་ཟད་དོ།། ད་དུང་ཡང་བཅོམ་ལྡན་འདས་ཀྱི་ས་མི་རྣམས་ཀྱི་ཚིག་གི་རྣམ་པར་རིག་པ་རྟོག་པ་ཞེས་པ་ལ་སོགས་པ་ལ ་ཐམས་ཅད་མཁྱེན་པས་ཀྱང་གསུངས་པ། མགོ་དང་ཞེས་བྱ་བ་ལ་སོགས་པ་སྟེ་ཐམས་ཅད་མཁྱེན་པོས་བསླབ་པའི་རིམ་པ་བསྟན་པ། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ།། བྲང་དང་མགུལ་དང་དེ་བཞིན་མགོ། ལྕེ་དྲུང་རྣམས་དང་། ་སོ་རྣམས་དང་།། སྣ་དང་མཆུ་དང་རྐན་ཡང་ངོ་།། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པར་རྟོག་པ་དང་། ཚིག་ཐ་དད་དམ་འོན་ཏེ་གཅིག་གམ་གཅིག་ལགས་ཞེས་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་དང ་རྐཏན་ལ་སོགས་པའི་ལས་ཀྱིས་སྒྲ་འབྱུང་བ་ཡི་གེའི་ཆོས་དང་མཚུངས་པས་དེ་གཉིས་གཅིག་པར་ཁ་ཅིག་ཀུན་ཏུ་རྟོག་པར་བྱེད་དོ་ཞེས་འཕགས་པ་བློ་གྲོས་ཆེན་པོས་རྣམ་པར་རྟོག་པ་ལ་ཐམས་ཅད་མཁྱེན་པས་ཀྱང་བཀའ ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ནི་རྣམ་པར་རྟོག་པ་དང་ཐ་དད་པ་ཡང་མ་ཡིན་གཅིག་པའང་མ་ཡིན་ནོ་ཞེས་སོ།། ཐ་དད་པ་དང་གཅིག་པར་ཇི་ལྟར་མི་རུང་བ་དེ་མཆོག་ཏུ་ཡོང་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད ་མཁྱེན་པ་ཚིག་གི་དབང་པོས་སྒྲུབ་པར་མཛད་པ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེའི་རྒྱུ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར་བློ་གྲོས་ཆེན་པོ་ཚིག་ནི་རྣམ་པར་རྟོག་པ་ལས་འབྱུང་ངོ་ཞེས་ཏེ། རྣམ ་པར་རྟོག་པའི་རྒྱུ་ལས་ཚིག་འབྱུང་སྟེ། འབྲས་བུའི་རང་བཞིན་གྱི་ཕྱིར་རོ།། བློ་གྲོས་ཆེན་པོ་དེ་སྟེ་ཚིག་འདི་རྣམ་པར་རྟོག་པ་དང་ཐ་དད་པ་ཞིག་ཡིན་ན་ནི་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུརརོ།། དེ་སྟེ་གཅིག ་པ་ཞིག་ཡིན་ན་ནི་ཚིག་དེ་དོན་གསལ་བར་བྱེད་པར་ཡང་མི་འགྱུར་ན། དེ་ནི་བྱེད་དེ་དེ་བས་ན་ཐ་དད་པ་ཡང་མ་ཡིན་གཅིག་པ་ཡང་མ་ཡིན་ནོ་ཞེས་པ་གལ་ཏེ་རྣམ་པར་རྟོག་པ་རྒྱུ་མ་ཡིན་གྱི། གཞན་པ་ཞིག་ལས་འབྱུང་བར ་འགྱུར་ན་ནི་དེའི་ཚེ་ཚིག་ནི་རྣམ་པར་རྟོག་པ་ལས་སྐྱེ་བར་མི་འགྱུརརོ།། འོན་ཏེ་སྐྱེ་བ་ན་དེ་ལས་ཐ་དད་པ་མ་ཡིན་ན་ནི་རྒྱུ་དང་འབྲས་བུའི་ཁྱད་པར་མེད་པར་འགྱུར་རོ།། གཅིག་པ་ཡིན་ནོ་ནི་འབྲས་བུ་མ་ཡིན་ལ་རྒྱུ་ཡང་མ་ཡིན་ཏེ། རྣམ་པར ་རྟོག་པ་ནི་ཡིད་ཀྱི་ཡིན་ལ། སྒྲ་ནི་རྐན་ལ་སོགསྔོ་པའི་ལས་ཀྱིས་བསྐྱེད་ལ། རྣ་བའི་རྣམ་པར་ཤེས་པས་གཟུང་བའི་ཕྱིར་དེས་ན་དེ་དག་རྒྱུ་དང་འབྲས་བུའི་བྱེ་བྲག་ཏུ་སོ་སོར་སྣང་ངོ་།། ཇི་ལྟར་ལུང་སྟོན་པའི་གཙུག་ལག་ལས་འབྱུང་བ། ་སྒྲ་རྣམས་ལེན་པ་སྒྲ་དག་ནི།། སྒྲ་མཁས་དག་གིས་གཉིས་རིག་སྟེ།། གཅིག་ནི་སྒྲ་ཡི་མཚན་མ་དང་།། གཉིས་པོས་དོན་དུ་སྦྱོར་བར་བྱེད།། གཙུབས་ཤིང་མེ་གནས་ཇི་བཞིན་དུ།། རྒྱུ་གཞན་གྱིས་ནི་སྣང་བ་སྟེ།། དེ་བཞིན་བློ་ལ ་གནས་པའི་སྒྲ།། ཉན་པ་རྣམས་ཀྱི་རྒྱུ་ཡིན་ཏེ།། ཐོག་མ་ཐ་དང་བློས་བརྟག་སྟེ།། ཁ་ཅིག་དོན་ལ་གཟུགས་པ་སྟེ།། རྒྱུ་རྣམས་རྣམ་པར་ལྡོག་པ་དང་།། སྒྲས་ནི་རྗེ་སུ་དོན་མི་འཛིན། ཞེས་པ་དེ་དེ་ཙམ་ཞིག་ཐམས་ཅད་མཁྱེན ་པའི་གསུང་ལུས་པ་ལ་འབྲེལ་ཏེ། ལྷག་མ་རྒྱས་པའི་སྒྲར་སྟོན་པ་ནི་སྒྲ་ཚངས་པར་སྨྲ་བ་རྣམས་ཀྱིས་བརྟགས་པ་ཉིད་དེ་སྒྲ་དང་དོན་ཐ་དད་པ་མེད་པ་ལས་ཐ་དད་པར་བྱེད་པ་དང་། གང་ཡང་སྒྲ་དང་དོན་དམ་པར་གཅིག་པར་གན ་སོ་ཞེས་པ་ལ། ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བསམས་ཏེ། དེའི་ཕྱིར་དེ་ལྟར་འཕགས་པ་བློ་གྲོས་ཆེན་པོས་གསོལ་པའོ།། སྒྲ་ཚངས་པར་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ནི། ཐོག་མ་མེད་པའི་སྒྲ་ཚངས་རྟག། ཡང ་ངག་ཡིག་འབྲུ་གང་ཡིན་པ།། དྲོན་གྱི་དངོས་པོར་འབྱུང་བ་སྟེ།། གངྒཱ་ལས་འགྲོ་བའི་རབ་བྱེད་པའོ།། ཞེས་ཏེ་དེ་དེ་ལྟར་ཆུང་པ་མ་གཏོགས་པར་ཡིད་ཀྱི་རྣམ་པར་རྟོག་པ་དང་། རྐན་ལ་སོགས་པའི་བྱེད་པས་གྲུབ་ཅིང་རྣ་བའི་རྣམ ་པར་ཤེས་པས་སྒྲ་གསལ་པར་འཛིན་པ་དེ་དག་ཐ་དད་པ་མ་ཡིན་ཏེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ཅན་གཉིས་ཀྱི་ཟླ་བ་གཉིས་མཚུངས་པའི་ཐ་སྙད་ནི་སྣང་བ་འབྱེད་པའོ།། དེ་བསྲ་ན་འཁོར་བ་འདི་ནི་སེམས་ཉིད་དེ ་རྒྱུད་གཞན་གྱི་དབང་གི་མཐུས་རང་གི་རྒྱུད་ལ་འཁྲུགས་པ་ལ་འཛིན་པ་དང་། རྗོད་པ་དང་། བརྗོད་པ་པོ་དང་། བྱེད་པ་དང་བྱེད་པ་པོར་འབྲེལ་བར་བསྟན་པར་བྱའོ།། གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་རྣམ་པར ་ཕྱི་བ་དེའི་ཚེ་ན་མི་དམིགས་པས་བསམ་པ་མེད་ཅིང་སྣང་བ་མེད་པ་གཉིས་མེད་པའི་དོན་དམ་པའི་བདྲེན་པ་རང་བཞིན་གྱིས་འོད་གསལ་བ་དངས་པ་དང་དངོས་པ་མེད་པར་རྣམ་པར་མི་རྟོག་པའི་ཆུད་པ་བདག ་ཉིད་ཀྱིས་གནས་པར་འགྱུར་ཏོ། ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་བ་ན་སྣང་བ་དང་བཅས་པ་དག་པ་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པར་གྱུར་པ་ན་སེམས་ཅན་རྣམས་ལ་མི་རྟག་པ་དང ་སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པའི་ཆོས་རྣམས་སྟོན་པར་བྱེད་དོ།། ང་ནི་གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོས། རྩོད་པའི་གནས་རྣམས་ཀྱི་དོན་རྒྱུ་དང་། དཔེའི་ཁྱད་པར་རྣམས་ཀྱིས་རྒྱ་ཆེར་བསྒྲུབ་པར ་མཛད་པར་བྱ་བའི་ཕྱིརརོ།། ཡང་བློ་གློས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཚིག་ཉིད་དོན་དམ་པ་ལེགས་སམ། འོན་ཏེ་ཚིག་གིས་གང་བརྗོད་པར་བགྱི་བ་དེ་དོན་དམ་པ་ལགས་སམ་ཅི་ལགས་ཞེས་ཏེ། དགོངས་པ་ནི ་ཞིབ་པ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་རྣམས་སྡུགས་ཀྱི་རང་བཞིན་གྱི་སྦྲུ་ལ་དོན་དམ་པ་ཁོ་ནར་རྟོག་པར་བྱེད་པ་ནི། སྔགས་ཀྱི་བདག་ཉིད་སེམས་པ་ཅན།། དེ་བཞིན་སྐྱེས་བུ་རྣམ་གཉིས་བརྗོད།། སྔགས་ལས ་འདས་དང་སྔགས་དང་ནི།། དབང་ཕྱུག་མཆོག་ལ་རྣམ་གཉིས་ཉིད།། རིག་སྔགས་འཛིན་པ་རྣམས་ཀྱི་ཨོཾ་ལ་སགསོ་པ་ནི་དོན་དམ་པ་ཞེས་པ། ཇི་ལྟར་གཏོགས་འདོད་ཀྱིས་སྤྲས་པ། ཨོཾ་ཞེས་ཡི་གེ་གཅིག་པོ་ཚངས།། གང ་གིས་བརྗོད་ཅིང་ང་ལ་ནི།། རྗེས་སུ་དྲན་པར་གྱུར་པ་དེ།། ལུས་ཀྱི་སྐུ་ཡོངསུ་སྤངས་ནས་སུ།། འགྲོ་བ་མཆོག་ཏུ་འགྲོ་བར་འགྱུར། ཞེས་སོ།། དོན་དམ་པ་དང་འབྲེལ་བས་ནི་དོན་དམ་པ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ཀྱང་དོན་དམ་པ་མ་ཡིན།། ཚིག་གིས་གང་བརྗོད་པར་བྱ་བ་དེ་ཡང་དོན་དམ་པ་མ་ཡིན་ཞེས་པ་ལ་ཐམས་ཅད་མཁྱེན་པས་ཅི་དགོངས་ཤེ་ན། སྒྲ་དང་དོན་ནི་གཉིས་ཀྱི་རྣམ་པའི་ཕྱིར་དོན ་དམ་པ་ཉིད་མ་ཡིན་ཏེ། སྣང་བ་དང་བཅས་པའི་ཕུང་པོའི་རང་བཞིན་ནི་རྨི་ལམ་དང་། མིག་འཕྲུལ་དྲུང་། རབ་རབ་ལ་སྩོགས་པའི་སྣང་བ་བཞིན་ནོ།། དམ་པའི་བདེན་པ་ནི་དོན་དམ་པ་སྟེ། འཕགས་པ་རྣམས་ཀྱི་བདེ་བ་ལ ་བརྗོད་པར་འཇུག་པ་སྟེ། དོན་དམ་པ་འཕགས་པའི་བདེན་པཱ་གཱ་ལཱ་ཡོད་པ་དེ་ནི་བསྒོམ་པས་བརྗོད་པའི་དོན་དམ་པའོ།། ཚིག་གི་ནི་སྤྱི་རྣམ་པར་དོན་དམ་པ་བསྙད་པར་བྱེད་པས་ན་དོན་དམ་པ་མ་ཡིན་ནོ་ཞེས་ཏེ། ཐམས་ཅད་མཁྱེ ་པས་སྒྲུབ་པར་མཛད་པ། འཕགས་པ་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་ནི་མ་ཡིནོ་ཞེས་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདྲེན ་པ་གཉིས་སུ་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆུང་པ་ནི་དོན་དམ་པའོ།། དེ་ཡང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པས་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ཞེས་བྱའོ།། ཚིག་ནི་སྐྱེས་ནས་འཇིག ་ཅིང་མི་བརྟན་པ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པས་སྐད་ཅིག་ཏུ་འཇིག་པ་སྟོན་པར་མཛད་དེ། སེ་གོལ་གྱི་སྒྲ་ལྟ་བར་ཚིག་སྐྱེས་མ་ཐག་ཏུ་འཇིག་པ་ནི་མི་དམིགས་པའི་ཕྱིར་རོ།། ་ཚིག་གི་དོན་གཞན་འདྲ་བར་འབྱུང་བ་ལ་དེ་ཉིད་འདྲིའོ་ཞེས་ཕྱིར་ཤེས་པ་འབྱུང་གི། རྟག་པ་ལས་མ་ཡིན་པ་ནི་སྒྲ་དང་རྩཝ་ལ་སོགས་པ་བཅང་ནས་ཀྱང་སྐྱེས་པ་བཞིན་ནོ།། གནས་པ་ལ་མངོན་པར་གསལ་བ་ཡང་མི་རུང་སྟེ། ཐོག་མ ་དང་ཐ་མའི་དུས་སུ་དེའི་འབྲས་བུ་མི་དམིགས་པའི་ཕྱིར་ཇི་ལྟར་ན་གནས་པ་ཡང་རྟོགས་པར་འགྱུར། དེའི་ཕྱིར་མུ་སྟེགས་བྱེད་པ་གཞོན་ནུ་ཅན་གྱིས་སྨྱོ་བའི་ལན་སྨྲས་པ་ཡིན་ནོ།། ངེས་བྱ་བ་ནི་གཅིག་ཏུ་ཤེས་པར་སུ་ཞིག་ལྟར། ་ཡང་དང་ཡང་དུ་འདྲིས་པ་ན།། དུས་ཀྱིས་ཐ་དད་དབྱེར་མེད་པ།། དེ་ལྟར་སྒྲ་ནི་དབྱེར་མང་ངོ་།། ཇི་ལྟར་རིམ་གྱིས་གཅིག་པུ་ཉིད།། ཐ་དྲད་ཡུལ་དུ་འགྲོ་ན་ཡང་།། ཡུལ་གྱིས་ཐ་དང་མི་འབྱེད་པ།། དེ་ལྟར་སྒྲ་ཡང་མི་འབྱེད་དོ་ཞེས་བྱ་སྟེ།། ་རིང་བ་དང་ཐུང་བའི་ཡིག་འབྲུ་དེ་ཉིད་འདི་ཡིན་པ་དང་། ཉམ་ཆུང་བ་དང་ཉ་མཚོ་བའི་ལྷས་སྦྱིན་དེ་ཉིད་འདི་ཡིན་པ་དང་། ཆོས་ཐ་དད་པའི་ཕྱིར་ཆོས་ཅན་ལ་ཐ་དད་པ་མེདོ།། དངོས་པོ་རང་བཞིན་དུ་མ་ལགས།། འདོད་པོའི་གཟུགསུ་བརྟག ་པ་ནི།། རིམ་དང་ཅིག་ཆར་འཇུག་པ་སྟེ།། ཚིག་གི་རྣམ་པ་གཞན་མང་ངོ་།། ཇི་ལྟར་ཁ་དག་འདྲེས་པ་ལ།། འདོད་པ་བཞིན་དུ་འཛིན་པར་བྱེད།། དངོས་པོ་སྣ་ཚོགས་དེ་བཞིན་ཡང་།། ཐ་དད་ཐ་དད་མི་དམིགས་པ།། སྣང་མེད་ཚིག ་ལ་རག་ལུས་ཕྱིར།། ཡུལ་དེར་དེ་ནི་གཟུང་བ་སྟེ།། ཚིག་རྣམས་ན་མཁའ་རྒྱུན་ཆགས་པར།། ཁྱད་པར་ནུས་པ་བྱེད་པའོ།། ཞེས་པ་དེ་ལ། སྨ་དབྱུང་བ་ནི་ཚིག་དང་ཡི་གེ་རྣམས་ལ་ཐ་དད་པར་མིང་སྣང་བས་ན་བསྒྲུབ་པར་བྱ་བ་མེདདོ།། ། ་ཆོས་ཅན་ལ་ཉམས་ཆ་ཆུང་ལ་སོགས་པའི་ཐ་དད་པའི་ཆོས་ཀྱི་དབྱེ་བ་ནི་ཇི་ལྟར་རྟོག་པར་འགྱུར། འོན་ཏེ་ཆོས་རྣམས་ཀྱིས་དེའི་ཁྱད་པར་མི་སྟོན་ན་ནི་དེ་ལ་ཐོག་མ་དང་ཐ་མའི་དུས་སུ་ཁྱད་པར་འབྱེད་པའི་ཆོས་སུ་ཇི་ལྟར་ན་འགྱུར ་དེ་སྟེ་ཁྱད་པར་འབྱེད་པར་འགྱུར་བ་ཡིན་པ་ཉིད་ན་ནི་ཆོས་ཅན་དེ་ལ་ཆོས་དེ་དག་ནི་ཁྱད་པར་མེད་ན་ཐ་དད་པའམ། ཐ་དད་པ་མ་ཡིན་པར་ཇི་ལྟར་གདགས། དེ་བས་ན་ཆོས་དང་ཆོས་ཅན་ཐ་དད་པ་དབྱེ་བས་འབྱེད་ན་ཇི་ལྟར་ན་གཅིག ་སྨྲས་པ། གཟུགས་གཅིག་པ་ནི་གཅིག་པ་ཡིན་ནོ་ཞེས་དབང་པོས་བསྒོ་བ་མེད་པོ་སྟེ། ཞེས་པ། གལ་ཏེ་གཟུགས་དེ་ལྟར་གཅིག་པུ་ཉིད་གཅིག་པུ་ཡིན་ན་ནི། དུས་མྲ་ཡང་ཇི་ལྟར་ན་དུ་མ་ཡིན། དེའི་ཕྱིར་གཅིག་དང་དུ ་མའི་ཐ་སྙད་འཆད་པའི་གླགས་སུ་འགྱུར་ཏེ། དགོངས་པ་ཡང་ཐ་དད་པར་མི་འགྱུར་བ་ནི་ཚིག་གི་དོན་རྣམས་ཀྱི་དོན་གྱི་བྱ་བ་ཐ་དད་པར་སྣང་བར་འབྱེད་དོ་ཞེས་པའོ།། ཡི་གེ་དང་། ཚིག་དང་། བརྗོད་པ་དང་། དགྲ་རྣམས་ནི་གཅིག ་ལ་གཅིག་བརྟེན་ཏེ་དོན་ལ་སྤྱིར་འཇུག་པའི་མཚན་མ་ལ་བལྟོས་ཏེ་འབྱུང་གི་དོན་དམ་པ་མི་གཉིས་པ་ཁོ་ན་སྣང་བ་བྱེད་པ་ནི་མ་ཡིན་ཏེ། དེ་ཚིག་གི་ཡུལ་མ་ཡིན་པའི་ཕྱིར་རོ།། ཇི་ལྟ་བུ་ཞེ་ན། མཚན་མར་བྱས་པའི་དོན་སྤྱིར་བསྙད ་པར་བྱེད་པའོ།། གཞན་དུ་བྱེད་དང་འབྲེལ་པའི་ཕྱིར།། ང་ནི་ཚིག་ཅེས་ཚོར་བར་བྱེད།། ཚིག་པའི་སྒྲས་ནི་གཞན་པར་ཡང་།། ཚིག་གི་དོན་ནི་ཤེས་པར་བྱེད།། དེས་ན་རང་གི་མཚན་ཉིད་མི ་གཉིས་པར་ནི་བརྗོད་དུ་མེད་དེ། ཐམས་ཅད་མཁྱེན་པས་ཀྱང་སྦྱོརརོ་སྒྲ་བཏགས་ཏེ་མངོན་པའི་ཚུལ་གྱི་ཐབས་རྣམ་པ་མང་པོ་ནི་ཆུད་པར་མཛད་པའི་ཐབ་སོ།། རིག་སྔགས་པ་སྐྱེས་བུས་སྨྲས་པ་མ་ཡིན་པ་རྣམས་ནི་ནགས་ཚལ ་གྱི་སྒྲ་དང་། རླུང་གི་སྟོབས་ཀྱིས་བསྒྲལ་བའི་མྱུག་མའི་སྒྲ་ལ་སོགས་པ་བཞིན་དུ་དོན་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི ་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཚེ་སྒོ་རྣམས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འགོག་པ་ལ~ཾ་མཱཉྩ་མཱཾ་པ ་འཇོག་པ་དང་། དེ་བཞིན་དུ་གཟུགས་མེད་པ་ལ་མཉམ་པར་འཇོག་པ་དང་། གཉིས་དང་མི་གཉིས་པར་སྟོན་པའི་ཆོས་ནི་སྤྱིར་སྒྲོ་བཏགས་ཏེ་གསུང་རབ་མཛད་པ་ནི་རང་གི་མཚན་ཉིད་དུ་སྒྲ་མི་ནུས་པའི་ཕྱིར་རོ།། ཅིའི་ཕྱིར་ཞེ་ན། ་དོན་དང་སྒྲ་ཡི་ཁྱད་པར་ནི།། བརྗོད་དང་རྗོད་པ་འདོད་པ་མིན།། དེས་དེ་སྔར་ནི་མ་མཐོང་ཕྱིར།། སྤྱིར་ནི་བརྗོད་པར་བྱའོ་ཞེས་པོ་སྟེ། འདོགས་པ་དང་ཐ་སྙད་ཀྱི་དུས་སུ་སྐྱེ་ཉིད་དུ་སྨྲའི་དོན་གཟུགས་བརྙན་དུ་སྣང་ངོ་།། དེ་ལོ་བསྒྱུར ་ནི་རང་གི་མཚན་ཉིད་ལའོ།། འདོགས་པའི་དུས་ན་ཡང་མཐོང་ཡང་མཐོང་བ་མེད་པ་སྟེ། དུས་གཉིས་ཀཪྵ་ཡང་སྤྱིར་སྣང་བ་གང་རྭ་དང་མཇུག་མ་ལ་སོགས་པ་གང་དང་ལྡན་པ་དེ་དེ་ལྟ་བུ་ལ་བ་ལྡང་ཞེས་བྱའོ་ཞེས་སྨྲ་བར ་བྱའོ།། དེ་ལྟ་བས་ན་འདི་ནི་རཱ་ལ་སོགས་པ་དང་ལྡན་ཏེ། དེའི་ཕྱིར་བ་ལང་གི་སྒྲར་བརྗོད་དོ་ཞེས་སོ།། དེ་རང་གི་མཚན་ཉིད་མངོན་སུམ་དུ་ཟིན་ཀྱང་ར་ཡོ་བ་དང་། ཁོང་གསོ་བོ་ལེ་སོགས་པའི་བྱེ་བྲག་བྱེ་བར་མི་རྟོག་གི་སྤྱིར་ཉེ་བརྟ། ་མངོན་སུམྨེ་དང་ལྐོག་ཏུ་རྗེ་སུ་སོང་བ་འཇུག་པའི་མཚན་མ་དེ་ནི་སྒྲའི་དོན་ཞེས་བྱ་སྟེ་ཞིབ་ཏུ་ནི་པར་ཏི་ཀ་དང་། རྟོག་པའི་རྒྱན་ལ་སོགས་པ་ལས་རིག་པར་བྱའོ།། འཕགས་པ་ལངྐར་གཤེགས་པ་ཡེ་ཤེས?་དཔལ་བཟང་པོས་བཤ ་པ་སྦྱར་བའི་ལེའུ་གཉིས་པ་ལས་སྒྲའི་དོན་དཔྱད་པ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་སེམས་སྣང་བའི་སྤྱོད་ཡུལ་རྟོགས་པས་རྣམ་པར་ཕྱེ་བའི་མཚན་ཉིད་མཆིས་པ་དང་། མ་མཆིས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ལགས་པ་དང་། ་མཆིས་པ་ཡང་མ་ལགས་པ་དང་། མ་མཆིས་པ་ཡང་མ་ལགོས་པ་དང་། རྟག་པ་དང་། མི་རྟག་པ་སྤངས་པ་མུ་སྟེགས་ཅན་གྱི་རྟོག་པ་མི་རྒྱུ་བ་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་མཁྱེན་པར་བགྱི་ཀུན་བརྟགས་པའི་རང ་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པ་དང་། དོན་དམ་པ་དེ་ཁོ་ན་ཉིད་ལ་འཇུག་པ་སའི་མཚམས་སྦྱོར་ཞིང་གོང་ནས་གོང་དུ་རྣམ་པར་དག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་སྐུ་ལ ་རྗེས་སུ་འཇུག་པའི་མཚན་ཉིད་སྔོན་གྱི་སྨོན་ལམ་གྱིས་ལྷུན་གྱིས་གྲུབ་པ། གཟུགས་སྣ་ཚོགས་ཀྱི་ནོར་བུ་ལྟ་བུར་འཇུག་པ་ཡུལ་མཐའ་ཡོས་པར་སྐད་ཅིག་ཏུ་རབ་ཏུ་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རྩོད་པ་དང་། ཐེ་ཚོམ་དུ ་མ་ལ་ཐམས་ཅད་མཁྱེན་པས་རིགས་པ་བཞིན་དུ་ལན་དུ་བཀའ་སྩལ་པ། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན ་པས་ཡོད་པ་དང་མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་། ཡོད་པའང་མ་ཡིན་པ་དང་། མེད་པའང་མ་ཡིན་པ། རྟག་པ་དང་མི་རྟག་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུ་རྣམ་པར་རྟོག་པ་ལ ་མངོན་པར་ཞེན་པས་རྣམ་པར་རྟོག་གོ་ཞེས་ཏེ། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་ནས་མེད་པ་པོ་རྣམས་ཡང་དག་པར་མ་ཡིན་པ་མ་ཡིན་པ་ཀུན་ཏུ་རྟོག་པ་བྱེད་དེ། ས་དང་། ཆུ་དང་། མེ་དང་། རླུང་ཞེས་བྱ་བ་ནི་ཡང་དག་པ་རྣམས་ཏེ ་དེ་དག་ལ་སེམས་ཅན་ནོ་ཞེས་རང་གི་སེམས་སྣང་བ་ཅན་དུ་ཁོང་དུ་ཆུད་པའི་ཕྱིར་དེ་ལྟར་རྟོག་གོ།། སེམས་ནི་དེ་མ་ཐག་པའི་སེམས་ལས་ཤེས་རབ་ལ་སོགས་པ་དང་ལྡན་པར་སྐྱེ་བ་ཡིན་ཏེ། སྐྱེས་མ་ཐག་པ་ལ་ཡུལ་ཁ་ཅིག་ཉིད་དུ ་དགའ་བ་དང་། འཇིགས་པ་དང་། མྱ་ངན་ཡང་དག་པར་རྟོགས་པར་བྱེད་པའི་ཕྱིར་དེ་བས་ན་འཇིག་རྟེན་སྔ་མའི་གོམས་པ་ཐམས་ཅད་ཡོད་པར་རྗེ་སུ་དཔག་གོ།། དེ་བས་ན་ཀུན་ནས་སྐྱོན་མོངས་པ་དང་རྣམ་པར་བྱང་བ་རྣམ་པར་བཞག ་པ་ལས་ལས་དང་འབྲས་བུ་སོ་སེར་ངེས་པར་རུང་ངོ་།། གྲངས་ཅན་རྣམས་ཡོད་པ་སྐྱེ་ཡོད་པ་འགག་གོ་ཞེས་རྟོག་པ་ནི་མི་ཤེས་པ་ཡོད་པ་ལ་ནི་ཡོངས་སུ་ཟད་པ་མེད་ལ། སྔོན་མེད་པའི་ཡེ་ཤེས་སྐྱེ་བ་མེད་པས་ཇི་ལྟར་ཐར། ཀྵ་པ་ན ་ཀ་རྣམས་ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་དང་། གཉིས་ཀར་འགྱུར་བ་དང་། གཉི་ག་མ་ཡིན་པར་འགྱུར་བར་སྨྲ་བར་མི་བྱ་བ་ཡང་རྟོག་གོ། དེ་ལྟ་བས་ན་བདུན་དུ་ཕྱེ་བ་ལ་སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་དང་། ཁྱད ་པར་གྱི་བདག་ཉིད་དུ་མེད་པུར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་མེད་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ།། ཁྱད་པར་གྱི་བདག་ཉིད་དུ ་མེད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་མི་བྱའོ།། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་མེད་པར་འགྱུར་བ་ཡང་ཅིག་ཅར་སྨྲ་བར་མི་བྱའོ།། ཡུལ་དང་དུས་དང་། རིམ་པ་དང་། རྣམ་པ་ལ་བལྟོས་ཏེ་ཐམས་ཅད་སྒྲ ་བར་མི་བྱའོ་ཞེས་པ་ནི་གང་དོན་གྱི་བྱ་བ་བྱེད་པ་དེ་ནི་ཚད་མའི་ཐ་སྙད་ཀྱི་རྗེ་སུ་མཐུན་པས་ན་ཡོད་དོ།། ལྷག་མ་སྤྱིར་བརྟགས་པ་ནི་དོན་གྱི་བྱེད་པ་མི་ནུས་པས་ན་ཀུན་བརྟགས་པ་ཉིད་དེ། དཔྱོད་པ་ཅན་རྣམས་ཀྱི་གཅིག་པ་དང་། ་དད་པར་གཉིས་སུ་སྨྲ་བ་ཡང་གཅིག་པོ་ལ་རུང་བཞིན་གཉིས་སུ་མི་རུང་ངོ་།། རྟག་པ་དང་མི་རྟག་ཅེས་བྱ་བ་ནི་ཡི་ཡ་ཡི་ཀ་དང་ཁྱད་པར་ཅན་སྨྲ་བ་བརྩམས་པ་ཡན་ལག་ཅན་གྱི་རྫས་ནི་མི་རྟག་ལ། རྩོམ་པ ་རྡུལ་ཕྲ་མོ་རྣམས་ནི་རྟག་སྟེ། དེ་དག་གི་ཡན་ལག་རྣམ་པར་ཕྱེ་བ་མེད་པའི་ཕྱིར་རོ།། སྦྱོར་བ་རྣམ་པར་ཕྱེ་བ་ལ་སོགས་པ་ཐ་དད་པར་དབྱེ་བ་ན་རྟོག་གོ་ཞེས་པ་གཡོ་བ་མེད་པའི་ཆོས་དེ་དག་གི་རང་བཞིན་ཡང་གཞན་དུ་གཡོ་བའི་ཆོས་ཉིད་ནི། ་མི་རྟོག་པ་ཁོ་ན་སྟེ། གསལ་བར་གནས་ཀྱི་རིམ་པ་འབྱེད་ན་ཤིང་དང་ཐལ་བ་ལྟ་བུར་གཅིག་པར་མི་རིགས་སོ།། མི་གཉིས་པར་སྨྲ་བ་རྣམས་ཀྱི་འཚིག་པ་དུ་མ་པར་སྨྲ་བ་འཇིག་རྟེན་མཐའ་དག་ནི་ཚངས་པ་དང་དབང་པོ་ལ་སོགས་པའི ་རང་བཞིན་པར་ཀུན་རྟོག་པ་སྟེ། དེ་ལྟ་བུར་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། དེས་ན་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ་སེམས་ཙམ་དུ་ཁོང་དུ་མ་ཆུད་པའི་ཕྱིར ་གཉིས་པ་དང་། མི་གཉིས་པར་སྨྲ་བ་རྣམས་སེམས་ཀྱི་རྒྱུད་ལ་ཕྱི་རོལ་གྱི་དོན་དུ་རྣམ་པར་རྟོག་པ་དང་། རྟག་པ་དང་། གཅིག་པུར་རྣམ་པར་རྟོག་གོ།། དེས་ན་སེམས་ཀྱི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར ་གཞག་ཏུ་རུང་ངོ་།། དེ་ལ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་གི་མཐུ་ལས་ཁྱད་པར་དུ་བྱ་བ་རུང་ངོ་།། སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བའི་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཇི་ལྟར་ཡོངས་སུ་སྤྱོང ་བ་དེ་དེ་ལྟར་གྲུབ་པར་འགྱུར་རོ།། དེ་དེ་ལྟར་སྟོང་པའི་འདུ་བྱེད་རྣམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ལས་ཀྱི་འབྲས་བུར་འབྲེལ་པར་རྣམ་པར་བཞག་གོ།། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ། ་འཛིན་ལ་གནས་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་དེ། ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་ད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། རྟག ་པ་དང་མི་རྟག་པ་ལ་སོགས་ཏེ་རྣམ་པར་རྟོག་པ་སྤངས་པའི་མི་གཉིས་པའོ།། སའི་མཚམས་སྦྱོར་ཞིང་ཞེས་བྱ་བ་ནི་སྣང་བ་མེད་པ་ལ་རིམ་པ་ག་ལ་ཞིག་ཅེས་དེར་གསུངས་མེད་ཀྱི། སྣང་བ་དང་བཅས་པའི་ཏིངངེ་འཛིན་གྱིས་སའི་རིམ ་པའི་མཚམས་སྦྱོར་ཏེ། མདོ་སྡེ་འདིར་དེ་བཞིན་གཤེགས་པ་ས་བཅུ་གཉིས་པོར་འཇུག། ཡོད་པ་དང་མེད་པོའི་ཕྱོགས་ལས་དབེན་པ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང་བྲལ་བ་མི་གཉིས་པར་ཞུགས་པ ་རྣམས་ནི་བྱེད་པ་དང་། བྱེད་པ་པོ་ལས་སྐྱེ་བར་སྨྲ་བ་པོ་མ་ཡིན་ནོ།། ན་ཡི་ཡ་ཡི་ཀ་ལ་སོགས་པ་ནི་མེད་པ་ལས་འབྲས་བུ་འབྱུང་ཞིང་ཡོད་པ་ཡང་རྐྱེན་དབྱིག་པ་ལ་སོགས་པས་གཞོག་པར་རྟོག་པ་ལ་རྨི་ལམ་བཞིན་དུ་དངོས་པོ་རྣམས་མ་སྐྱེས ་པའམ་སྐྱེས་པ་སྨྲ་བར་བྱའོ།། བློ་གྲོས་ཆེན་པོ་རྒོལ་པ་ཕ་རོལ་པོ་རྣམས་ཀྱིས་ཚད་མ་གསུམ་གྱི་ཡན་ལག་གིས་ཕྱིར་གླགས་ཚོལ་བར་འགྱུར་བས་ནི་ཆོས་ཐམས་ཅད་སྟོང་པའོ་ཞེས་ཐོག་མ་ཉིད་དུ་ཡིད་མ་འཆའ་བར་མི་བྱའོ།། ཐམས ་ཅད་མཁྱེན་པའི་དགོངས་པ་ཅི་ཞིག་ཅེ་ན། ཚད་མ་ལ་རང་བཞིན་གསུམ་གྱི་མཚན་མ་རྣམ་པར་བཞག་པར་བྱ་སྟེ། གང་ལ་དགོངས་ཞེ་ན། གཞལ་བས་ན་དེ་མཚུངས་པ་དང་དངོས་པོ་ཡོད་མིན་མེད་པར་ངེས ་ཡི་དམ་གྱིས་ནི་སྒྲུབ་པར་མི་རུང་སྟེ།། ཐེ་ཚོམ་སྐྱེད་པར་བྱེད་པའི་ཕྱིར་རོ།། རང་བཞིན་གསུམ་གྱི་མཚན་མ་དང་འབྲེལ་པར་ཁྱབ་པར་སྨྲ་བས་ནི་རྟོགས་པར་བྱེད་པས་ན་བསྐྲུན་པ་དང་བསྡུ་བ་དག་ནི་མི་དགོངས་སོ།། དེ་དེ་ལྟར་དེའི་བདག་ཉིད་དང ་དེ་ལྟར་སྐྱེས་པ་དང་བྲེལ་པའི་མཚན་ཉིད་དོ།། རོང་བཞིན་གསུམ་གྱིས་ཆུད་པར་བྱེད་པ་ཡིན་གྱི། ཡང་འབྲེལ་པ་མ་གཏོགས་པར་མཐོང་བ་དང་། མ་མཐོང་བ་ཙམ་གྱིས་སྒྲུབ་པ་ཁོ་ན་འམ། སུན་འབྱིན་པ་ཁོ་ན་མི་རུང་ངོ་།། གང་དག་སྟོང ་པ་ཡིན་བདེ་བ་དག་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པོར་བཞག་ཏུ་མེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་སྟོང་ལ། དངོས་པོ་མེད་ཅེས་སླར་རྒོལ་བ་དེརརུ་གྲུབ་པའི་མཐའ་ཐམས་ཅད་ཀྱི་ཚུལ་གྱིས ་སྣང་བ་ཙམ་ལ་རྨི་ལམ་དང་། མིག་འཕྲུལ་ལྟ་བུར་ཆོས་དང་ཆོས་ཅན་རྣམ་པར་བཞག་གི་ནམ་མཁའི་མེ་ཏོག་ལྟར་སྟོང་པ་མ་ཡིན་ཏེ། བྱིས་པས་དངོས་པོར་རྣམ་པར་བརྟགས་པ་དེ་ལྟ་བུར་མེ་ཞེས་བཅོམ་ལྡན་འདས་ཀྱི་སྣ་དགོངས་ནས ་བྱིས་པ་ས་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུང་བའི་ཕྱིར་རྟག་པ་དང་། བདག་དང་། ཕྱིའི་དོན་དུ་ཀུན་རྟོག་པར་བྱེད་དོ།། དེ་ཡང་རྟག་པ་དང་། གཅིག་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང ་ཡོད་པ་དང་། མེད་པ་ལ་སོགས་པ་རྩོད་པའི་གནས་སྔར་སྨྲས་པ་རྣམས་སོ།། སྣང་བ་ཙམ་དེ་ལ་ཚད་མ་དང་། གཞལ་བྱའི་ཐ་དད་དང་། རྒྱུ་དང་འབྲས་བུའི་དངོས་པོ་རུང་ངོ་།། རྟེན་ཅིང་འབྲེལ་པར་འབྱུང་བ་མི་འབྱུང་བ་སྟེ། ལྷག་པའི ་བྱེད་པ་དང་། བྱེད་པ་པོ་དང་། སྐྱེད་པ་དང་། བསྐྱེད་པ་པོ་ལ་སོགས་པའི་ཆོས་དང་འབྲེལ་པ་མེད་ཅིང་བྲལ་བ་ནི་དེ་མ་ཐག་པ་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོ་འབའ་ཞིག་སྟེ་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར། ་ཞེས་པ་སྟེ། ཅིག་ཅར་དང་རིམ་དུ་འཇུག་པ་དང་འབྲེལ་པ་མེད་པ་ནི་གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་གཞན་མེད་དེ། སྐད་ཅིག་པ་གཅིག་ནི་སུ་དང་ཡང་འབྲེལ་པ་མེད་དོ།། དེ་བས་ན་སྐད་ཅིག་པའི་རང་བཞིན་མ་རྟོགས ་པར་ཀུན་ཏུ་བརྟགས་པའི་ཆོས་རྣམས་བརྗོད་དུ་མེད་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སོགས་པ་དང་། བདག་མེད་པ་གཉིས་ལ་ཡང་མི་སྲིད་དོ་ཞེས་ལན་དུ་མར་བཤད་པ་ཡིན་ནོ།། རྟེན་ཅིང་འབྲལ་ཏེ་འབྱུང་བ་དང་། མི་རྟག་པ་དང ་སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་བསྒོམ་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡོངས་སུ་ཟད་པའི་ཕྱིར་འཁོར་བའི་སྡུག་བསྔལ་ཟད་པར་འཇུག་གོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད ་པོ་བསྒོམ་པ་ན་ཤེས་རབ་ཀྱིས་དཔྱད་དེ་སྣང་བ་མེད་པ་དང་། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་སྙིང་རྗེས་ཉེ་བར་བཟུང་བ་ཐོབ་པ་དང་གཞན་ལ་ཕན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་གོ།། ཐམས་ཅད་མཁྱེན་པས་སོ་སོར་སྣ ་བ་ལ་རྒྱུ་དང་དཔེ་རྣམ་པ་མང་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཁྱབ་པའི་ཚུལ་གྱིས་ཚད་མར་འཇུག་པ་ཉིད་དུ་གསུང་བ་མྱ་ངམ་གྱི་སྨིག་རྒྱུ་ཆུར་སྣང་བ་ལ་ཕྱིན་ནི་ལོག ་ཏུ་སྒྲོ་བཏགས་ཏེ། ལྷག་པར་ཆགས་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པའི་རྣམ་པ་ལ་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་ཕྱིའི་དོན་དུ་འཁྲུལ་པའོ།། དེ་ལྟ་བུ་ངས་ཡང་དྲི་ཟའི་གྲོང་ཁྱེར་དང་། རབ་རིབ ་ཅན་དང་། མགལ་མེའི་འཁོར་ལོ་དང་། གཟུགས་བརྙན་དང་། ཆུའི་ཆུ་བུར་དང་རྨི་ལམ་དང་། མིག་འཕྲུལ་དང་། བྲག་ཅ་ལ་སོགས་པ་སྨྱུང་བའི་ཆོས་ཅན་ལ་ཚད་མ་དང་གཞལ་བྱའི་ཐ་སྙད་དུ་བསླུ་བ་དང་མི་བསླུ་བ་གདོན་མི་ཟ ་བ་ནི་ཇི་ལྟར་རྨི་ལམ་གྱི་དུས་ན་ཕྱིའི་དོན་མེད་པ་ཡང་མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པའི་ཆུས་འཁྲུ་བ་དང་། བཏུང་བ་ལ་སོགས་པ་ནི་བསླུ་བར་མིང་། མཚོ་ལ་སོགས་པ་ནི་བསླུ་བ་མེད། དེ་བཞིན་དུ་གཉིད་ཀྱིས་ལོག་པའི་དུས་ན ་ཡང་འཁྲུལ་པ་རྣམ་པ་སྣ་ཚོགས་ལས་བསླུ་བ་དང་བསླུ་བ་མེད་པར་ངེས་པས་ཐ་སྙད་པ་རྣམས་ལ་ཚད་མ་དང་གཞལ་བྱ་རྣམ་པར་བཞག་གོ། རྐྱེན་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་རྟོག ་པ་གསལ་བ་མངོན་སུམ་དུ་གསུངས་པ་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབ་པར་བྱེད་པ། མཐོང་བ་བཞིན་དུ་འདི་ཉིད་ནི། གཟུང་བ་འཛིན་པ་རིག་པ་རྣམས།། ཡོད་པ་མིན་གང་ཚད་མ་དང་།། གཞལ་བྱ་འབྲས་བུ་བཞག་པར་བྱ།། ་ཞེས་ཏེ། སེམས་ཅན་རྣམས་ཀྱི་རང་གི་ཆུང་པའི་རྒྱུ་འདུས་པ་འཁོར་བ་དང་བདག་དང་གཞན་གྱི་རྒྱུད་འདུས་པ་དང་། བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། རྐྱེན་གྱི་ཁྱད་པར་དང་། འཁྲུལ་པའི་སྲ་བོན་ལས་ལས ་འབྱུང་བ་ནི་རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་པ་དང་། རྨི་ལམ་བཟང་པོ་དང་། རྨི་ལམ་ངན་པ་རྣམ་པར་སྨིན་པ་ལྟར་བསོད་ནམས་དང་སྡིག་པར་སྣང་བའི་ལས་དང་འབྲས ་བུར་ངེས་པར་འབྲེལ་པ་ལས་སེམས་ཅན་རྣམས་ཀྱི་འཁོར་བ་བྱུང་བ་ནི་ཤེས་རབ་ཀྱིས་དཔྱད་དེ། རྣམ་པར་ཤེས་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་སྒོམ་པས་ལོག་ནས་བསམ་པ་མེད་ཅིང་སྣང ་བ་མེད་པ་དེ་ན་དམ་པའི་བདེན་པ་མི་གཉིས་པ་རང་བཞིན་གྱིས་འོད་གསལ་བའི་ཐུང་བ་ནི་ཐུགས་རྗེའི་བག་ཆགས་བསྐུལ་བ་ན་ཐམས་ཅད་མཁྱེན་པར་འགྱུར་རོ།། དེའི་ཕྱིར་དེ་ལྟར་སེམས་ཀྱི་རྒྱུད་ཉིད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ ་པར་བྱང་བ་རྣམ་པར་བཞག་པར་མཛད་དོ།། གང་དང་གང་རྣམ་པར་དག་པར་འགྱུར་བ་དེ་དང་དེ་དངོས་པོ་དེ་གོས་བཞིན་ནོ།། སེམས་ཀྱང་རྣམ་པར་དག་པར་འགྱུར་བས་ན་དེའི་ཕྱིར་དེ་ཡང་དངོས་པོ་ཡིན་ཞེས་རང་བཞིན་གསུམ་གྱི ་མཚན་མས་དངོས་པོ་བར་བདེན་པའི་དོན་དུ་ཕྱིར་རྒོལ་བར་བྱེད་དོ།། གང་དང་གང་སྟོང་པ་ཡིན་པ་དེ་དང་དེ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་བྲལ་བ་སྟེ། རི་བོང་གི་རྭ་ལྟར་མི་གཉིས་པ་སྟོང་ངོ་ཞེས་དེ་རང་བཞིན ་གསུམ་གྱི་ཚད་མ་དེ་གསུམ་གྱིས་རྒོལ་བ་སྤོང་བར་ཐམས་ཅད་མཁྱེན་པས་གསུངས་པ། འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་ནི་དངོས་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་དེ། སེམས་པ་མེད་ཅིང ་སྣང་བ་མེད་པ་དོན་དམ་པའི་བདྲེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཙམ་དེའི་དངོས་པོའི་རྣམ་པར་རྟོག་པ་མེད་ལ། དངོས་པོ་མ་ཡིན་པའི་རྣམ་པར་རྟོག་པ་མེད་དོ།། དེ་རང་བཞིན་གྱིས་འོད་གསལ་བ་ནི་གསེར་ལ་སོགས་པ་ལྟ་བུར ་རྒྱུན་དུ་འབྲེལ་ཅིང་གློ་བུར་གྱི་དྲི་མ་སྤངས་སྟེ་དྲི་མ་མེད་ཅིང་སུས་ཀྱང་མ་བྱས་པས་ན་འདུས་མ་བྱས་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། སྐད་ཅིག་པའི་ཕྱིར་འདུས་བྱས་སོ།། སུས་ཀྱང་མ་བྱས་ཤིང་རྒྱུན་ཏུ་གནས ་བས་ན་འདུས་མ་བྱས་པ་དང་རྟག་པར་དགོངས་པ་སྟེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་། མི་བྱུང་ཡང་རུང་སྟེ། ཆོས་ཉིད་དེ་ནི་གནས་པའོ་ཞེས་བྱ་བ་ལ་སོགས་པར་རོ།། ཆོས་ཉིད་ཀྱང་རྟག་པས་སྒྲའི་དོན་གྱི་ཁྱད་པར་དུ་འབྱེད་པ ་ནི་གཤེར་བ་དང་། དྲོ་བ་དང་། སྲ་བ་དང་། གཡོ་བ་དང་། གཟུགས་ཅན་དང་། གཟུགས་མེད་པ་མི་རྟག་པ་རྣམས་ཀྱི་མི་རྟག་པ་ཉིད་གཞན་པའི་ཆོས་མ་ཡིན་པ་ལྟ་བུར་རོ།། གང་དག་ཡང་བློ་མཁས་པ་རྣམས་ཀྱིས་དང་ཆོས་ཅན་དང ་ཡོན་ཏན་དང་། ཡོན་ཅན་གྱི་དངོས་པོར་གླེང་བར་བྱེད་པ་དེ་དག་ལ་ཡང་ཆོས་ནི་ཆོས་ཅན་དང་བྲལ་བ་དང་། ཆོས་ཅན་ཡང་ཆོས་དང་བྲལ་བར་མི་རུང་།། དེ་བཞིན་དུ་མཚན་ཉིད་དང་། མཚན་མར་བྱ་བ་ཡང་གཅིག་དང་ཐ་དད་པ་མ་ཡིན་པ ་བཞིན་དུ་སེམས་ཀྱི་སྟོང་པ་ཉིད་བསྒྲུབས་པའོ།། ཕྱི་དང་ནང་གི་ཚིག་གི་དོན་རྣམས་ལ་ཡོན་ཏན་དང་ཡོན་ཏན་ཅན་པའི་དངོས་པོར་མི་རུང་བ་ནི་འདུས་པ་ལ་འདི་ནི་གཟུགས་དང་ལྡན་པ་དང་། འདི་ནི་རེག་པ་དང་ལྡན་པའོ་ཞེས་ཡོན་ཏན། ་དང་། ཡོན་ཏན་ཅན་པར་སྨྲ་བ་ལ་རྫས་ཀྱིས་རྫས་གཞན་རྩོམ་པ་དང་། ཡོན་ཏན་གྱིས་ཡོན་ཏན་གཞན་ཞེས་ཁྱད་པར་ཅན་རྟོག་གོ།། གཅེར་བུ་པ་རྣམས་རྣམ་པ་བདུན་དུ་འབྱེད་པའི་རྩོད་པའི་གནས་ལུང་བསྟན་དུ་མེད་པ་ཡོད་པར ་འགྱུར་བ་དང་། མེད་པར་འགྱུར་བ་ལ་སོགས་པ་སྔར་བཤད་པ་རྣམས་དང་། ཡོད་པ་ལས་སྐྱེ་བ་དང་མེད་པ་ལས་སྐྱེ་བ་གྲངས་ཅན་དང་ཁྱད་པར་ཅན་གྱིས་བརྟགས་པ་ལ་བདེ་བར་གཤེགས་པའི་གྲུབ་པའི་མཐའ་ཐེག་པ ་པ་ཆེན་པོར་ཡོད་པ་དང་མེད་པ་ལས་མི་སྐྱེའོ་ཞེས་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ་རྟོན་ཅིང་འབྲེལ་ཏེ་འབྱུང་བ་བྱེད་པ་དང་། བྱེད་པ་པོ་དང་། མངོན་པར་འབྲེལ་པ་དང་བྲལ་བ་ཐམས་ཅད་མཁྱེན་པས་དགོངས་པའོ།། ། ་གང་གི་ཚུ་ན་སྐད་ཅིག་མ་ཡོད་པ་དེའི་ཚེ་ནི་སྐད་ཅིག་མ་ཕྱི་མ་མེད་དོ། ཇི་ལྟར་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་འབྲེལ་བར་འགྱུར། དེའི་ཕྱིར་སྐད་ཅིག་པ་གཅིག་པུ་དང་ཡང་མི་འབྲེལ་ཏོ།། ཁྱད་པར་ཅན་དང་ལུང་སྟོན ་རྣམས་ཀྱིས་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་བར་ཀུན་ཏུ་བརྟགས་པ་ནི་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་མི་རུང་ངོ་།། གལ་ཏེ་བྱེད་པ་དང་ཐ་དད་པ ་ཞིག་ན་ནི་སུ་ཞིག་སྦྲེལ་པར་བྱེད། འོན་ཏེ་ཐ་དད་པ་མ་ཡིན་ན་ནི་བྱེད་པ་དང་བྱེད་པ་དང་བྱེད་པ་པོ་མཆིས་ན་ཐ་དད་པ་ཞེས་བྱ།། ཐམས་ཅད་མཁྱེན་པས་ཡོད་པ་དང་མེད་པ་རིམ་དང་ཅིག་ཅར་དུ་སྐྱེ ་བས་ན་བྱེད་པ་དང་། བྱེད་པ་པོ་མངོན་པར་འབྲེལ་པར་ཀུན་བརྟགས་པ་ནི་བཀག་གོ།། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་པར་འགྱུར་རོ་ཞེས་བྱ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འབའ་ཞིག་སྟེ། དེ་ལྟར་ན་ལས་དང་འབྲས་བུར ་འབྲེལ་པོ་སྡེ་སོར་ངེས་པ་རྣམ་པར་བཞག་གོ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པར་རིག་པར་གསུངས་པ་ལ་ཐེག་པ་ཆེན་པོ་པ་རྣམས་ལ་དཀར་པོའི་ཕྱོགས་རྩ་བ་ནས་ཕྱུང་བ་ཡིན་གྱིས། ལེགས་པ་འདོང ་པ་རྣམས་ཀྱིས་སྤང་བར་བྱའོ་ཞེས་པ་བླུན་པོ་དག་གིས་ཅིའི་ཕྱིར་ན་སྤང་བར་བྱེད། དེས་ན་རྣམ་པ་དེ་ལྟ་བུ་བ་ནི་སེམས་ཅན་དམྱལ་བར་གཞོལ་བར་འགྱུར་རོ་ཞེས་ཐམས་ཅད་མཁྱེན་པས་ལུང་བསྟན་ནོ།། མུ་སྟེགས་ཅན་སྨྲ་བཱི ་ལུང་དུ་མི་སྟོན་པ་ནི་ཆོས་དང་ཆོས་ཅན་བཞིན་དུ་ཐ་དད་པ་དང་ཐ་དད་པཱ་མ་ཡིན་པའི་རང་བཞིན་དུ་མེད་དེ། གཅེར་བུ་པ་རྣམས་ཀྱི་སྲོག་དེ་ནི་དེ་ལུས་ཤེས་བྱ་བ་ལ་སོགས་པ་སྟེ། འདུ་བ་དང་ནི་རྒྱས་པ་དང་།། སྲོག་ནི་ལུས་ཀྱི ་ཆང་ཅ་ཅཝོ་ཏོ།། དེ་ནི་རིགས་པས་འདིར་སྨྲས་ཏེ།། ཕྲ་བ་གང་ཡང་མ་ཡིན་ནོ།། མར་མེ་འད་ནི་སྣོད་སྦྱངས་པ།། འཕྲོས་པ་བཞིན་དུ་འདོད་པ་སྟེ།། ཆུ་ཡི་སྣོད་པོ་ཏིལ་མར་ཐིགས།། གང་ཞིག་འཕྲོས་པ་བཞིན་དུར་ཞེས་སོ།། ནི་མ ་ཡཱ་ཡི་ཀ་དང་། གྲངས་ཅན་དང་། ཁྱད་པར་ན་རྣམས་ཀྱིས་སྲོག་ནི་གཞན་ལ་ལུས་ནི་གཞན་ནོ།། རིགས་སྔགས་འཛིན་པའི་མཐར་སྨྲ་བ་དང་། ཞི་བ་མི་གཉིས་པར་སྨྲ་བ་རྣམས་ཀྱི་བདག་ནི་རྟག་པ་གཅིག་པུ་ཁྱབ་པའོ།། ་དེ་དེ་ལྟར་རྟག་པ་གཅིག་པུ་དང་། ཐོ་དད་པ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་ལ་སོགས་པ་སྨྲ་བ་པོ་གཞན་རྣམས་ཀྱི་མཐའ་རྣམ་པ་བཞིར་སྨྲ་བ་སྒྲུབ་པའི་མཐའ་ཐ་དད་པ་ཐམས་ཅད་དོ།། བདུན་པ་ནི། ་སྔར་དཔྱད་པའོ།། རྟག་པ་ནི་མི་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། བདག་མེད་པ་གཉིས་ལ་ཤེས་རབ་ཀྱིས་དཔྱད་དེ། རྣམ་པར་རྟོག་པ་ལས་གས་པ་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏོན།། ་དེ་བཞིན་གཤེགས་པའི་ས་སྒྲིབ་པ་མེད་པར་ཤེས་པར་བྱ་བ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ལ་འཇུག་ཅིང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པས་ཡེ་ཤེས་ཀྱི་མཚན ་ཉིད་གྲུབ་ནས་གཉིས་སུ་མེད་པ་སྟོང་ཞིང་མ་སྐྱེས་པའོ།། བདེ་བར་གཤེགས་པ་རྣམས་ཀྱི་སྟོང་པ་མ་སྐྱེས་པས་ནི་དངོས་པོ་མེད་པས་ཇི་ལྟར་ན་གནོད་པར་མི་འགྱུར། དེ་ནི་སྐྱོན་མ་ཡིན་ཏེ། སྨྲ་བ་ལ་སོགས་པས་ཀུན ་ཏུ་བརྟགས་པའི་བྱེད་པ་དང་བྱེད་པ་པོ་མངོན་པར་འབྲེལ་པ་མེད་པའི་ཕྱིར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་མི་འབྱུང་བ་མེད་དེ། སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཞེས་བྱ་བ་འབའ་ཞིག་གོ། སྐད་ཅིག་མར་འཇིག་པ་ལ་ཅིག ་ཅར་སྐད་ཅིག་པ་གཅིག་པུ་དང་ཡང་འགྲེལ་པ་མེད་དེ། གང་ཟག་ལ་བདག་མེད་པ་ལ་ཡང་ངོ་།། ཆོས་ལ་བདག་མེད་པ་ལ་ནི་རྨི་ལམ་དང་མིག་འཕྲུལ་ལྔ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ ་མི་སྐྱེ་བ་སྟེ། དེ་དེ་ལྟ་བུར་ན་དངོས་པོ་རྣམ་གཉིས་ཀྱི་རྣམ་པས་སྟོང་པའི་ཆུད་པ་རྣམས་ཡིན་གྱི། མོ་གཤམ་གྱི་བུ་ལ་སོགས་པའི་དངོས་པོ་རྣམས་ཡོངསུ་གྲུབ་པས་མེད་པ་ནི་མ་ཡིན་ནོ།། ཇི་ལྟར་དགོངས་པ་ངེས་པར ་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་པ་དང་། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པའི་རང་བཞིན་མེད་པའོ།། དེ་ལ་བརྟགས་པ་ནི་རྟག་པ་དང ་བདག་དང་། ཕྱི་རོལ་གྱི་དང་། རྡུལ་ཕྲ་མོས་བརྩམས་པ་དང་། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་ལཱ་སོགས་པའི་མཚན་ཉིད་གང་གིས་ཀུན་བརྟགས་པར་བྱེད་པ་དེ་དག་གིས་དེ་ལ་རང་བཞིན་མེད་པའོ།། གཞན ་གྱི་དབང་གི་རྣམ་པ་རྣམས་ནི་སྐྱེ་བ་མེད་པ་ཉིད་རང་བཞིན་མེད་པའོ།། དོན་དམ་པ་ལ་ཡང་གཉིས་ཀྱི་རྣམ་པའི་རང་བཞིན་མེད་ཅིང་བསམ་པ་མེད་པ་སྣང་བ་མེད་པ། དོན་དམ་པའི་བདེན་པ་མི་གཉིས་པར་རང་བཞིན་གྱིས་འོད ་གསལ་བ་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་མི་རྟོག་པའི་ཆུད་པར་དགོངས་པ་ལ་གང་ཡང་བརྟགས་པ་མེད་པ་བཞིན་པ་དང་། གཞན་གྱི་དབང་དངོས་པོ་མེད་པ་བཞིན་དུ་ཡོངས་སུ་གྲུབ་པ་ཡང་མེད་ཅེས་སྨྲ་བ་དེ་ནི་དམ་པའི ་ཆོས་དང་བྲལ་བར་འབྱུང་བའི་ལས་སྒྲུབ་པར་བྱེད་དོ།། དེ་འདི་ལྟར་དགོངས་པ་དེ་པ་འགྲེལ་པའི་ཚུལ་གྱིས་ཁྲིད་པའི་དོན་གྱིས་ལངྐར་གཤེགས་པ་དམ་པའི་ཆོས་ཀྱི་འགྲེལ་པར་རྩོད་པའི་གནས་མདོ་སྡེའི་དོན་བཀྲི་བར ་མ་ལུས་པར་རྒྱ་ཆེ་བར་བཤད་པར་བྱའོ།། ཇི་ལྟར་ན་རྟག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་བདག་གིར་ལ་སོགས་པར་རྣམ་པར་རྟོག་པ་ལྟར་གཉིས་མེད་པ་རང་དང་སྤུའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིརརོ།། ་དེ་ལ་ཆད་པ་མ་ཡིན་པ་ནི་ཡེ་ཤེས་ཀྱི་སྐད་ཅིག་པས་གྲོང་མའི་དོན་བྱ་བ་བྱེད་པའི་ཕྱིར་ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་བས་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་དོན་སྦྱོར་བའི་ཕྱིར་རོ།། འཇིག་པ་མ ་ཡིན་པ་ནི་སེ་གོལཱ་ལ་སོགས་པའི་སྒྲ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། འདུས་མ་བྱས་ཀྱི་ཕྱིརརོ།། མི་གཉིས་པའི་ཆུད་པའི་རྒྱུནི་ལ་ཉོན་མོངས་པ་མེད་པའི་ཕྱིར་འཚེ་བ་མ་ཡིན་ནོ།། སྤངས་པ་མེད་པ་དང་ཐོབ་པ་མེད་པ་ནི ་ཆུད་པ་རང་བཞིན་གྱི་འོད་གསལ་བའི་ཕྱིར་དེར་ཅུང་ཟད་ཀྱང་སྤངས་པ་དང་ཐོབ་པ་ཡང་མེད་དོ།། སྐད་ཅིག་མའི་རྒྱུན་འབྲེལ་བས་ཆད་པ་དང་རྟག་པ་མ་ཡིན་ནོ།། དོན་གཅིག་པ་མ་ཡིན་པ་ནི་བདག་ལ་སོགས་པ་བཞིན་དུ་རྟག ་པ་མ་ཡིན་པའོ།། དོན་དམ་པ་ཐ་དད་པོ་མ་ཡིན་པ་ནི་གཞན་གྱི་དབང་ལྟར་གཉིས་ཀྱི་རྣམ་པ་མ་ཡིན་པས་མྱ་ངན་ལས་འདས་པ་གཉིས་སུ་མེད་དེ། རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་དང་། དྲོ་བ་ལ་སོགས་པའོ།། ་སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པའོ།། དེ་ཁོང་དུ་ཆུད་པ་ནི་ཕུང་པོ་རྣམས་ལའོ།། འདུ་འཛི་མེད་པ་གཅིག་པུ་དགའ་བའི་མཚན་ཉིད་དོ།། ཡུལ་ལ་ཕྱིན་ཅི་ལོག་མེད་པ ་ནི་མི་རྟག་པ་དང་བདག་མེད་པ་ལ་སོགས་པར་ཤེས་པས་སྲིད་པ་དང་། ལོངས་སྤྱོད་ལ་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པའི་བློར་འགྱུར་རོ་ཞེས་པ་རྣམ་པ་གཉིས་ནི་སྣང ་བ་མེད་པར་ཡང་བདག་རྟག་པ་ལ་སོགས་པར་རྣམ་པར་རྟོག་པའོ།། སྔོན་པོ་ལ་སོགས་པར་སྣང་བ་ལ་ནི་ཕྱི་རོལ་གྱི་དོན་དུ་རྣམ་པར་རྟོག་པའོ།། མིའི་དབང་པོའི་བྱིན་བརླབས་ལས་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་རྣམས ་ཀྱི་བྱིན་གྱིས་བརླབས་སྨོན་ལམ་རྣམས་ཀྱིས་རྣམ་པར་སྦྱངས་པ་སྟེ། སྨོན་ལམ་གཉིས་ཆུད་པར་བྱེད་དོ།། གང་གིས་བདུད་ལ་སོགས་པའི་ལས་ཀྱིས་བར་ཆད་དུ་མ་གྱུར་ཏེ། དང་པོར་ཞལ་ལ་སོགས་པ་མཐོང་བ་དང་། བཅུ་པར ་ཕྱག་གིས་དབང་བསྐུར་བའོ།། བཅོམ་ལྡན་འདས་འདི་ཡོད་ན་འདི་ཡོད་དོ་ཞེས་པ་ནི་རྟག་པའི་རྒྱུ་ལོ་གླེང་བ་ནི་མ་ཡིན་གྱི། སྐད་ཅིག་མར་འཇིག་པ་ཡང་གང་གི་ཚེ་ན་འབྲས་བུ་ཡོད་པ་དེའི་ཚེ་ན་རྒྱུ་མེད་ཅེས་ན་ཕྲད་པ་མེད་པ་ལ་འདི། ་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་ཇི་ལྟར་ན་རུང་། ཡང་ལན་དུ་སྙེད་པ་ནི་མུར་བྱེད་པ་རྣམས་རང་གིས་སེམས་སྣང་བ་ཉིད་ལ་ཕྱི་རོལ་གྱི་རྒྱུ་རྡུལ་ཕྲ་མོ་དང་། ཡན་ལག་ཅན་དང་དབང་པོ་ལ་སོགས་པ་སྨྲ་བ་ནི་ཕྱི་རོལ་དང་རྟག་པའི་རྒྱུ་མེད ་ཐོག་མ་དང་ཐ་མའི་རྒྱུན་བློ་ལ་བཞག་ན་འདི་ཡོང་ན་འདི་ཡོད་ཞེས་བརྗོད་པར་བྱའི་དེ་ལྟ་བུར་རྒྱུ་མེད་པར་སྨྲ་བ་ནི་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ།། བློ་གློས་ཆེན་པོ་དེ་དག་ནི་དངོས་པོ་ཡང་མ་ཡིན་དངོས་པ་མེད ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། དངོས་པོ་ཡང་མ་ཡིན་པ་ནི་ཕྱི་རོལ་གྱི་བརྗིད་པར་བྱ་བ་མེད་པའི་ཕྱིར་རོ།། དངོས་པོ་མེད་པ་མ་ཡིན་པ་ནི་བློ་ལ་ཡོད་པའི་སྒྲའི་དོན་བརྗོད་པའི་ཕྱིརརོ།། བརྗོད་པ་ནི་བྱས་པ་སྟེ། ཞེས་བྱ་བ་མཚན་མར་བྱེད ་པས་དོན་སྐྲོད་པའི་ཕྱིརརོ།། དེ་ལྟ་བས་ན་སྔོན་གྱི་མཚན་མ་དང་མི་གཟུར་ལ་སོགས་པས་དོན་རྟོགས་པར་ཡང་འགྱུར་རོ།། དེ་བས་ན་སྒྲ་དང་དོན་དུ་འབྲེལ་པ་རྟག་པར་ངེས་པ་ཐམས་ཅད་མཁྱེན་པས་བསལ་ཏོ།། སྤྱོད་པ་ཅན་ལ་སོགས ་པ་རྣམས་ཀྱིས་ནི་སྒྲ་རྟག་པའོ་ཞེས་རྟོག་སོ།། འཕགས་པ་རྣམས་ཀྱིས་ནི་མི་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་པ་མ་ཡིན་པར་ཤེས་པའི་ཕྱིརརོ།། ནོར་པ་ནི་རྣམ་པ་དུ་མར་སོ་སོར་སྣང་ངོ་།། ནོར་པ་མེད་པ་ལ་ནི་རང་གི་དངོས་པོ་གཅིག་སྟེ། ་རྟག་པ་ལ་སོགས་པར་ནོར་པ་ལ་མི་རྟག་པར་ཡང་བྱེད་དེ། རྟག་པའི་ཡུལ་མེད་པའི་ཕྱིར་རོ།། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའི་ཕྱིརརོ་ཞེས་པ་ནི་བྱིས་པས་ནོར་པ་གཟུགས་བརྙན་ལ་སོགས་པ་ལ་ལྷག་པར་ཇི་ལྟར་ཆགས་པ ་དེ་ལྟར་དངོས་པོ་མེད་དོ།། ཇི་ལྟར་སོ་སོར་སྣང་བ་དེ་ལྟར་དངོས་པོ་མེད་པ་མ་ཡིན་ནོ།། དེ་ལྟར་ནོར་བ་ནི་ཞེས་བྱ་བ་འཕགས་པ་རྣམས་ལ་དེ་ནི་རྟག་པའི་ཕྱིན་ཅི་ལོག་མ་ཡིན་ལ་མི་རྟག་པའི་ཕྱིན་ཅི་ལོག་ཀྱང་མ་ཡིན་ནོ།། ཇི་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། གཟུགས་ནི་རྟག་པ་ཞེས་པ་འམ་མི་རྟག་པ་ཞེས་པར་ཀུན་ཏུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་ཏེ། དེ་ལྟར་དེའི་ཕྱིར་རྟག་པར་རྟོགས་པར་ནི་ནོར་པ་སྟེ། རྟག་པ་ལ་སོགས་པའི ་ཡུལ་མེད་པས་ན་སྐད་ཅིག་མཱར་འཇིག་པ་རབ་ཏུ་འབྱེད་པའི་ཕྱིརརོ།། ཐ་དད་དུ་མི་འགྱུར་ཏེ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུར་སྣང་བ་ལ་རྟག་པ་དང་བདག་ལ་སོགས་པའི་མཚན་མ་ཐ་དད་པ་སྔ་མི་འབྱེད་དེ། མཉམ་པར་མི་འཇོག་པའི་མ་རིག་པ་ཡོངས ་སུ་སྨིན་པ་ལས་དེ་ལྟར་གང་གི་ཕྱིར་སྣང་བ་འབའི་ཞོག་པས་ནི་དེའི་ཕྱིར་ནོར་པ་རྟག་པའོ།། ནོར་པོ་དེ་ཁོ་ན་ཉིད་མ་ཡིན་ཏེ་ཞེས་པ་ནི་དོན་དམ་པའི་རང་བཞིན་མ་ཡིན་ཞེས་བྱ་བའི་དོན་ཏོ།། བྱིས་པ་རྣམས་ཀྱི་བློ་ནི་རྟག་པ་ལ་སོགས་པའི་དངོས་པོར་སྤྲོ ་བཏགས་པའི་ཕྱིན་ཅི་ལོག་ཏུའོ།། འཕགས་པ་རྣམས་ཀྱི་བློ་ནི་སྐད་ཅིག་མར་འཇིག་པ་ལ་སོགས་པ་ཡོངསུ་ཤེས་པས་ཕྱིན་ཅི་ལོག་མ་ཡིན་པར་རོ།། དངོས་པོ་མ་ཡིན་པ་སོ་སོར་སྣང་བ་མི་རྟག་པ་ཡང་མ་ཡིན་པ་དང་། རྟག་པ་མ་ཡིན་པར་ཡང ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པས་གསུངས་པ། ཕྱིན་ཅི་ལོག་གི་བློ་ཡང་མི་འཇུག། ཕྱིན་ཅི་ལོག་མ་ཡིན་པའི་བློ་ཡང་མི་འཇུག་སྟེ་ཞེས་པའོ།། གཞན་དུ་མེད་དེ་ཞེས་པ་ནི་བྱིས་པས་སྒྲོ་བཏགས་ཏེ་ཀུན་བརྟགས་པའི་ཡུལ་དུ ་བློ་འཇུག་པས་ན། དེ་ཇི་ལྟ་ཞེན་གྱི་ནི་ཞེས་བྱ་བ་སྟེ། གང་ཅུང་ཟད་འཕགས་པའི་འདུ་ཤེས་སུ་འགྱུར་པ་འཕགས་པའི་ཡེ་ཤེས་ཀྱིས་དམིགས་པའི་དངོས་པོ་ཇི་ལྟ་བུ་དེ་ནི་རྣམ་པར་འཁྲུལ་པའི་གཟུགས་དེ་ལྟ་བུ་མ་ཡིན་ཞེས་སོ།། ན ་དེ་ཡང་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པར་ཞེས་བྱ་བ་ནི་ནོར་པ་ཉིད་ལ་རྟག་པ་དང་། མཛེས་པ་ལ་སོགས་པར་སྒྲོ་འདྲོགས་པས་ཕྱིན་ཅི་ལོག་གོ།། དེར་ཡང་དག་པ་ཇི་ལྟ་བུ་ཡིན་པའི་མི་རྟག་པ་དང་། མི་གཙང་བ་ལ་སོགས་པ་སྣང་བ་ནི ་ཕྱིན་ཅི་ལོག་པ་ཡིན་པའོ།། དོན་དམ་པར་ན་རང་བཞིན་མོད་པའི་ཕྱིར་སྨྲས་པ་ལྟ་བུར་དེའི་རང་བཞིན་རྣམ་པ་གཉིསུ་མེད་མོད་ཀྱི། འོན་ཀྱང་བྱིས་པ་རྣམས་ལ་རྟག་པ་དང་བདག་དང་བདག་གི་ལ་སོགས་པའི་ཕྱིན་ཅི་ལོག་པ་རྣམས་ཀྱིས་འཁོར་བའི ་སྡུག་བསྔལ་དུ་སྣང་བ་ཐོབ་པར་བྱེད་དོ།། དེ་ཉིད་འཕགས་པ་རྣམས་ལ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་བདྲེན་པར་སྣང་བ་མངོན་སུམ་དུ་བྱེད་པ་ལས་ཐར་པ་ཐོབ་པར་བྱེད་དོ།། དེ་ལ་རང་གི་མཚན་ཉིད་ནི ་སྲ་བ་དང་། གཤེར་བ་དང་། དྲི་བ་ལ་སོགས་པའོ།། སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ།། འདུ་འཛི་མེད་པའི་ཕྱིར་ཞེས་བྱ་བ་ནི་གཅིག་པོ་གནས་པར་མོས་པའི་ཕྱིར་ཏེ། རང་སངས་རྒྱས་རྣམོས་ནི་ཕལ་དང་མི་གནས་ཞེས་བྱ་བའི ་བར་དུའོ།། བྱིས་པ་དང་མཁས་པ་དག་ལ་སྣང་བའི་ཁྱད་པོར་ཡོད་དེ། དེ་ལ་བྱིས་པ་དངོས་པོར་སྒྲོ་འདོགས་པའོ།། མཁས་པ་ལ་ནི་སྟོང་པ་ཉིད་ཁོང་དུ་ཆུད་པ་སངས་རྒྱས་ཀྱི་རིགས་ཐོབ་པ་ཡིན་ནོ།། བྱིས་པ་རྣམས་ཀྱིས་ནོར་པའི་མཚན་ཉིད ་རྟག་པ་དང་། བདག་དང་། བདག་གི་དངོས་པོ་དང་། བྱེད་པ་པོ་དང་། ལས་དང་བྱེད་པ་ལ་སོགས་པའི་མཚན་ཉིད་དུ་ཇི་ལྟར་ཀུན་བརྟགས་པ། གལ་ཏེ་དེ་ལྟར་ཡོད་ན་ནི་དེའི་ཚེ་ངའི་བསྟན་པ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མུ་སྟེགས་བྱེད་པའི ་རྒྱུ་ལས་འབྱུང་བ་དང་མཚུངས་པར་ཡང་འགྱུར་ཏེ། དེ་ལྟར་ཡང་མི་རུང་བ་ནི་རྟག་པ་དང་། བདག་ལ་སོགས་པའི་རྒྱུ་རྣམས་ཀྱི་འབྲས་བུ་ཤེས་པར་བྱ་བ་ལ་ཚད་མས་གནོད་དོ་ཞེས་ཐམས་ཅད་མཁྱེན ་པའི་གསུང་གི་དོན་བརྟག་གོ། གལ་ཏེ་ནོར་པ་དང་། སྒྱུ་མ་འདྲ་བ་ནི་སྒྱུ་མ་ལྟ་བུར་གཞན་གྱི་རྒྱུར་འགྱུར་རོ།། དེས་ཀྱང་ཅིར་འགྱུར་ཞེ་ན། མུ་སྟེགས་བྱེད་པ་རྣམས་ཀྱི་རྟག་པ་དང་། བདག་ལ་སོགས་པ་ནི་ནོར་པ་ཇི་ལྟར་ནཱ་རྒྱུར་མི ་འགྱུར་ཞེས་བློ་གྲོས་ཆེན་པོས་དགོངས་པར་བརྟག་ནི་ཐམས་ཅམཁྱེན་པས་བྱུང་སྤོང་བར་གསུངས་པ། ནོར་པ་ནི་སྒྱུ་མ་ལྟ་བུ་མ་ཡིན།། སྐྱོ་གསུངས་པ་ནོར་པ་ནི་གནས་ངན་ལེན་གྱི་ཉེས་པ་ཐོབ་པའི་རྒྱུ་མང་པོའི་ཕྱིར་རོ།། ་དེ་སྒྱུ་མ་དེ་ལྟ་བུར་འགྱུར་བ་མ་ལགས་སམ་ཞེས་པ་ལ་བླགས་ཏེ་གསུངས་པ། བློ་གྲོས་ཆེན་པོ་སྒྱུ་མ་ནི་གནས་ངན་ལེན་གྱི་ཉེས་པ་ཐོབ་པར་མི་བྱེད་དོ།། ཇི་ལྟར་ན་ཐོབ་པར་བྱེད་པ་མ་ཡིན་ཞེས་པ་དང་། ཁྱད་པར་དུ་གསུངས ་པ་རྣམས་པར་མ་བརྟགས་ན་ཞེས་བྱ་བ་སྟེ། ཇི་ལྟར་ལུང་ལས་འབྱུང་བ། འཇིག་རྟེན་སྣ་ཚོགས་དེ་གང་དེ་འདོད་མིན།། ཀུན་རྟོག་འདོད་ཆགས་སྐྱེས་བུའི་འདོད་པ་སྟེ།། སྣ་ཚོགས་འཇིག་རྟེན་དུ་ནི་ལུས་བཞིན་དུ།། དེས་ན་དཔའ་བོ་ང ་འདོ་ང་འདུལ་བར་བྱེད། ཅེས་པའོ།། དེའི་ཕྱིར་ཐམས་ཅད་མཁྱེན་པས་འདི་སྐད་གསུངས་པ། བློ་གྲོས་ཆེན་པོ་སྒྱུ་མ་ནི་སྐྱེས་བུ་གཞན་གྱི་རོག་སྔགས་ཀྱི་མཐུས་འབྱུང་སྟེ། རང་གི་ལོག་པའི་རྣམ་པར་རྟོག་པ་ལས་མ་ཡིན་ཏེ། ་རྟོག་པ་དང་བདག་ལ་སོགས་པའི་ནོར་པ་ལྟར་སྒྱུ་མ་འབྱུང་ངོ་།། དེ་བྱས་ན་ནོར་པ་ནི་གནས་ངན་ལེན་གྱི་ཉེས་པའི་བག་ཆགས་བྱེད་ཀྱི། སྒྱུ་མ་ཙམ་དུ་རྣམ་པར་རྟོག་པས་ནི་མ་ཡིན་ནོ་ཞེས་སོ།། སྐབས་དེར་ཞེས་པ་ནི་ནོར་པའི་ནང ་དུ་སྟེ་ནོར་པ་དང་འདྲེས་ཞེས་པའི་བར་དུའོ།། ཇི་ལྟར་མུ་སྟེགས་ནོར་བའི་རང་བཞིན་སྣང་བ་ལ་རྫས་དང་། ཡོན་ཏན་དང་། ལས་ལ་སོགས་པ་ཡང་དག་པར་ཀུན་རྟོག་པའོ།། འཕགས་པ་གླང་དག་གིས་མི་གཉིས་པའི་སྟོང་པ་ཉིད ་ལ་སོགས་པ་རྣམ་པར་ཐར་པ་ཐོབ་པ་དེ་དག་ནི་ནོར་པོའི་རང་བཞིན་སྣང་བ་ལ་མཛེས་པ་དང་། མི་མཛེས་པ་ལ་སོགས་པ་ཡང་དག་པར་ཀུན་ཏུ་མི་མཐོང་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའོ།། ་ནོར་པ་སྤངས་ནས་ཤེས་པ་ནི་གཟུགས་ལ་སོགས་པར་སྣང་བ་རྣམས་ཤེས་རབ་ཀྱིས་རྣམ་པར་གཞིགས་ཏེ་ཁང་པ་ལ་སོགས་པ་བཞིན་དུ་སྟོང་པར་བྱས་པ་ན་མི་གཉིས་པའི་ཡེ་ཤེས་ལ་ཡོད་པ་དང་། མེད་པའི་མཚན་མར་རྣམ ་པར་རྟོག་ན་དེའི་ཚེ་མཚན་མར་རྟོག་པ་དེ་ཉིད་ནོར་པ་ཡིན་ཏེ། རབ་རིབ་ལེགས་པར་མ་གསོས་པས་མ་དག་པ་ལྟ་བུར་མཚན་མ་སཱ་ཡེ་ཤེསྣ་བླངས་པར་འགྱུ་རོ།། བཞིན་ཞེས་བྱ་བ་ནི་དཔེའི་དོན་ཏོ།། རྒྱུ་མ་ནི་ཤེས་རབ་ཀྱིས་དཔྱད་པ ་ན་ཕྱི་རོལ་གྱི་དངོས་པོར་བྱིས་པ་རྣམས་ཀྱིས་རྣམ་པར་བརྟགས་པ་ལྟར་མེད་དེ། དེ་དང་ཆོས་མཐུན་པར་ཁྱབ་པས་གཉིས་ཀྱི་རྣམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའོ།། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང ་བ་གཟུགས་ལས་བརྩམས་ཏེ། སངས་རྒྱས་ཉིད་ཀྱི་བར་དུ་ཡང་གཟུགས་ལ་སོགས་པར་སྣང་བ་ནི་སྒྱུ་མ་དང་མཚུངས་རྨི་ལམ་དང་མཚུངས་ཞེས་སོ།། ཇི་ལྟར་བྱིས་པ་རྣམས་སྣ་ཚོགས ་ལ་མངོན་པར་ཆགས་པས་མཚན་ཉིད་ཀུན་རྟོག་པར་བྱེད་ཇི་དེ་ལྟ་བུར་དངོས་པོ་པ་རྣམས་སྒྱུ་མ་ལྟ་བུ་ལགས་སམ་ཞེས་གསོལ་པ། གཟུགས་རྣམས་སྣ་ཚོགས་ཀྱི་མཚན་ཉིད་རྣམསུ་ཕྱི་རོལ་གྱི་ས་ལ་སོགས་པར་བྱིས་པས ་བརྟགས་པའི་རྣམས་ཀྱི་རྒྱུ་མེད་པར་མཐོང་བའི་སླད་དུ་ཞེས་པ་སྒྲུབ་པར་བྱེད་པ་རྗེ་སུ་དཔག་པའི་རྒྱུ་མི་མཐོང་བ་ནི་ཤེས་རབ་ཀྱིས་སྦོམ་པོ་དང་ཕྲ་མོ་རྣམ་པའི་ཆུར་དབྱེ་བ་ན་སྟོང་པ་ཁོང་ནའི་ཕྱིར་རོ།། སྐྱེས་བུ་དང་སྟགསོ་ལ་སོགས ་པའི་སྒྱུ་མཱ་ལཱ་ཕྱི་རོལ་གྱི་བྱིས་པས་བརྟགས་པ་ནི་ཤེས་པ་སོ་སོར་སྣང་བ་ཙམ་ཉིད་དོ་ཞེས་སོ།། དེ་བས་ན་ཐམས་ཅད་རིག་པས་འདི་སྐད་དུ་གསུངས་པ། ལོག་པ་མྱུར་བའི་གློག་དང་འདྲ་བ་སྟེ། དེས་ན་སྒྱུ་མ་དང་འདྲ་བའོ།། ་ལོག་པའི་ཕྱིར་སྒྱུམ་དང་འདྲ་བ་ནི་སྟོང་པ་རྣམས་ཏེ། ཆོས་ལ་བདག་མེད་པའི་ཚད་མའོ།། མྱུར་བའི་གློག་དང་འདྲ་བ་དེས་ནི་སྐད་ཅིག་མ་རྣམས་ཏེ། གང་ཟག་ལ་བདག་མེད་པར་རོ།། གང་གིས་རྨི་ལམ་དང་། སྒྱུ་མ་དང ་གཟུགས་བརྙན་ལ་སོགས་པར་སྟོང་པ་ཅུང་ཟད་ཅིག་ཁོང་དུ་ཆུད་པ་དེ་ལ་ཤེས་རབ་ཀྱིས་དཔྱོད་དེ། དེ་དང་ཆོས་མཐུན་པར་གཟུགསུ་སྣང་བ་ནི་གཟུགས་མ་ཡིན་ནོ་ཞེས་པར་རི་ལ་སོགས་པ་སྟོང་པར་ཁོང་དུ་ཆུད་པར་བྱའོ།། ་བྱིས་པས་ཀུན་བརྟགས་པའི་མཚན་ཉིད་ཕྱི་རོལ་དང་རྟག་པ་ལ་སོགས་པའི་དངོས་པོ་དེ་གཉིས་ཀ་ཡང་སྟོང་པ་ཉིད་ཅེས་པར་རོ།། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་དངོས་པོ་ཤེས་རབ་ཀྱིས་རབ་ཏུ་རྣམ་པར་འབྱེད་པ ་མེད་པས་མི་སྣང་ངོ་ཞེས་བྱ་བའི་དོན་ཏོ།། སྒྱུ་མ་ནི་ཡ་དག་པར་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཆོས་དང་མཐུན་པར་དངོས་པོ་རྣམས་ཡོད་པར་བརྗོད་པར་བྱ་བ་ནི་སྒྱུ་མ་ལྟར་དངོས་པོ་རྣམས་ཡོད་དོ་ཞེས་པར་རོ།། གང་ཡང་མདོ་སྡེ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དུ་མར་ཆོས་ཐམས་ཅད་ནི་མཱ་སྐྱེས་པ་དང་སྒྱུ་མ་ལྟ་བུར་གསུངས་པ་དེ་སེམས་ཅན་རྣམས་ལ་གདོན་མི་ཟའི་དྲོན་དུ་འཕགས་བློ་གྲོས་ཆེན་པོས་དམ་པའི་ཆོས་འདིར་གླེང་བར་མཛད་དོ།། ་ཆོས་གང་མ་སྐྱེས་པ་དེ་དོག་ལ་ནི་མོ་གཤམ་གྱི་བུ་ལས་ལ་སོགས་པ་བཞིན་དུ་གཟུག་ས་ལ་སོགས་པའི་སོ་སོར་སྣང་བ་མེད་ལ། སྒྱུ་མའི་རང་བཞིན་ནི་རྣམ་པ་སྣ་ཚོགསུ་སྣང་བ་སྟེ། ཇི་ལྟར་ན་མ་སྐྱེས་པ་རྣམས་སྒྱུ་མ་ལྟ་བུ་ལགས ་དེ་བས་ན་འདི་འགལ་ལོ་ཞེས་དེ་ལྟར་དགོངས་པའོ་དེར་ཐམས་ཅད་མཁྱེན་པའི་ཕྱི་མིའི་ཕྱོགས་ལ་བྱིས་པས་ཀུན་བརྟགས་པའི་བྱེད་པད་ང་། བྱེད་པ་པོར་མངོན་པར་འབྲེལ་ཏེ་སྐྱེ་བ་ནི་སྐྱེ་བ་མེད་དོ།། ཅིའི་ཕྱིར་ཞེ་ན། རང་གི་སེམས ་སྣང་བ་ཙམ་དུ་རྟོགས་པའི་རྒྱུའི་ཕྱི་རོ།། རང་གི་སེམས་མ་རྟོགས་པར་བྱིས་པ་རྣམས་ཀྱི་ཕྱི་རོལ་གྱི་དོན་སྐྱེ་བར་ཀུན་རྟོག་པར་བྱེད།། ཡོད་པ་དང་མེད་པ་ལས་མི་སྐྱེ་བར་མཐོང་བས་ན་ཞེས་བྱ་བ་དང་འབྲེལ་ཏེ། ཕྱི་རོལ་གྱི་དངོས ་པོ་མེད་པའི་ཕྱིར་ཞེས་པ་ནི་རྒྱུ་སྟེ། ཕྱི་རོལ་གྱི་དོན་དེ་ཡང་གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཐ་དད་པར་འཛིན་གྱི། རྣམ་པ་མེད་པས་ནི་མ་ཡིན་པས་ན་ཕྱི་རོལ ་གྱི་དོན་དེ་ཡང་སུས་སུན་ཕྱུང་། ཡོད་པ་ནི་ཡོད་པས་ན་མི་སྐྱེའོ།། མེད་པ་ཡང་བྱ་བར་མི་ནུས་པའི་ཕྱིར་འདི་ཡོད་པས་འདི་ཡོད་ཅེས་བྱ་སྟེ། ཆོས་ཐམས་ཅད་ནི་བྱ་བ་མེད་པའི་ཕྱིར་དྲི་མ་ཐེག་པ་ཙམ་འབྲའ་ཞིག་པས་སྒྱུ་མ་སྐྱེ་བ་ནི ་ཡང་དག་པར་སྐྱེ་བ་མེད་པ་བཞིན་དུ་དེ་དག་ཀྱང་སྐྱེ་བ་ནི་སྐྱེ་བ་མེད་པའོ།། མོ་གཤམོ་གྱི་བུ་ལ་སོགས་པ་རྣམས་ཀྱི་སྣང་བ་མེད་པའི་ཕྱིར་དེ་དག་གི་རང་བཞིན་མེད་པ་ལྟ་བུར་སྒྱུ་མ་ལྟ་བུའི་དངོས་པོ་རྣམས་མི་སྐྱེ་བ་མ་ཡིན།། མུ་སྟེགས ་བྱེད་པ་རྣམས་ཀྱིས་རྟག་པ་དང་། ཚངས་པ་དང་། དབང་པོ་དང་། རྡུལ་ཕྲ་མོའི་རྫས་ལ་སོགས་པ་རྒྱུ་ལས་བྱེད་པ་དང་། བྱེད་པ་པོ་ལ་སོགས་པ་དང་འབྲེལ་ཏེ་འབྲས་བུ་སྐྱེ་བར་རྟོག་པ་ནི་རྟག་པ་དང་ཕྱི་རོལ་གྱི་རྒྱུ་མེད་པའི་ཕྱིར་སེམས་ཙམ ་དུ་སྣང་བས་དངོས་པོ་རྣམས་སྒྱུ་མ་ལྟ་བུའོ།། བསླུ་བའི་རྒྱུ་ལས་འབྱུང་བས་ཡང་དག་པར་ན་སྐྱེ་བ་མེད་པའོ་ཞེས་བརྗོད་པས་ནི་སྐྱེ་བ་མེད་པའི་ཚིག་ཏུ་བརྗོད་དོ།། སྒྱུ་མ་དང་ཆོས་མཐུན་པས་དངོས་པོ་རྣམས་སྐྱོ་བ་མེད་དོ་ཞེས་བྱ་བས་ནི་ཕྱི ་རོལ་གྱི་དོན་དུ་ཆུད་པར་བྱེད་པ་དང་། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་མ་སྐྱེས་པ་ཞེས་བྱ་བས་དངོས་པོ་རྣམས་ཐ་དད་པར་བརྗོད་པ་ལག་སོ་ཞེས་དེ་སྐད་དུ་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ། ཡང་དངོས་པོ་བསྟན་པ་ནི ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་བསྟན་པ་ནི་ལས་དང་འབྲས་བུར་འབྲེལ་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འདི་ནི་བསྡུས་པའི་དོན་ཏོ།། རྟག་པ་དང་བདག་ལ་སོགས་པ་དང་། ཕྱི་རོལ་གྱི་དོན་དུ་ཆགས་པ་དགག་པའི་ཕྱིར་དངོས་པོ ་རྣམས་སྒྱུ་མ་ལྟར་མི་སྐྱོའོ་ཞེས་བསྟན་ཏོ།། མུ་སྟེགས་ཅན་ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ཉིད་ལ་ཡང་དག་པ་ལྟ་བུར་ཕྱིན་ཅི་ལོག་པའི་ཕྱིར་རྟག་པ་དང་། བདག་དང་ཕྱི་རོལྔ་ལ་སོགས་པ་དང་། བྱེད་པ་པོ་དང་ལས་སུ་སྒྲོ་བཏགས་ཏེ་བདག ་དང་གཞན་ལ་སླུ་བར་བྱེད་པ་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཙམ་བཤད་པར་བྱའོ་ཞེས་སོ།། སྒྲ་དང་དོན་ལ་འཁྲུལ་པའི་སླ་བ་པོ་མང་སྟེ། ལ་ལས་ཕྱི་རོལ་གྱི་བརྗོད་པ་ཡོད་པའི་སྟེང་དུ་དེར་ཡང་སྒྲ་དང་དོན་རྟག་པར་འབྲེལ ་ཏོ་ཞེས་རྟོག་པར་བྱེད་པ་དེ་དག་གི་རྨོངས་པ་བསལ་བའི་དོན་དུ་སྒྲ་དང་དོན་ཡང་དག་པ་ཁོ་ན་ཇི་ལྟ་བ་ཡིན་པ་ཐམས་ཅད་མཁྱེན་པས་བཤད་པར་མཛད་པ། དངོས་པོ་གང་ལ་གནས་ཏེ་ཞེས་པ་སྟེ་གང་བརྗོད་པ་དང་། འཇུག་པའི་མཚན་མ ་དང་། དེ་ལས་གཞན་པ་ལོག་པའོ།། རྣམ་པ་དེ་ལྟ་བུ་ནི་མིང་སྟེ། ཚོགས་དང་། ལུས་དང་། གནས་ཤེས་བྱ་བ་རྣམས་གྲངས་སོ།། དེ་ནི་གཞན་དག་གིས་ཚིག་ཅེས་བྱའི་མིང་ནི་མ་ཡིན་ནོ།། ཚིག་གི་ཚོགས་ནི་ཚིག་གི་དོན་རྣམས་ཀྱི ་ཚོགས་ཏེ། རྗེད་པའི་དོན་ཞེས་བྱ་བའི་ཐ་ཚིག་པར་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། དེ་བས་ན་དེ་ཉིད་ལས་དེན་རྣམས་གདོན་མི་ཟ་བར་འགྱུར་རོ།། བརྟགས་པའི་དོན་དུ་རབ་ཏུ་སྦྱར་བའི་འབྲུ་མང་པོ་ནི་ཡི་གེའོ་ཚོགས་ཏེ ་འབྲུའི་ཚོགས་ཞེས་བྱའོ།། སྣང་བར་བྱེད་པ་ནི་དེ་དག་འབྲེལ་པ་དང་། དོན་རྣམ་པ་སྣ་ཚོགས་སུ་འདོགས་པའི་མཚན་མ་སྟེ། རྣམ་པ་ཐ་དད་པར་གོ་རིམ་གྱིས་འཁོད་པ་ནི་མཚེ་དང་བྲོ་དང་། ལྕག་མ ་ཤྲིང་ཏཱ་ལ་ལྟ་བུར་རོ།། དེ་ལྟ་བས་ན་རིམ་ངེས་མིང་དང་ཚིག་གིས་ཚོགས་རྣམས་སྣང་བར་བྱེད་དོ།། དེ་ནི་བརྟགས་པ་རྟོགས་པར་བྱེད་ཀྱི། ལུང་སྟོན་པས་སྒྲ་གསལ་བར་སྣང་བ་བྱེད་པར་ཀུན་བརྟགས་པ་དང་། སྤྱོད་པ་ཅན་གྱི་ངང ་ཡི་གེ་སྤྲིང་བར་བྱེད་པ་ནི་མ་ཡིན་ནོ།། དཱ་རོ་དང་། ཡི་གེ་ཡང་ཐ་དད་པར་མི་དམིགས་པས་ན་སྤྱད་པ་ཅན་རྣམས་ཀྱིས་རྣམ་གྲངསུ་སྐྱེ་བོ་རྣམས་སླུ་བར་བྱེད་དོ།། ཡཱི་ཀེའི་རིམི་པ་གཏོགས་པར་སྒྲ་རྒྱུས་པ་ལ་རོམ་མེད་པ་ལ་རྗེ་སུ་གཟུང ་བས་དོན་རྗོད་པརོ་ཡིད་མཆིས་སོ།། ཚིག་ནི་མིང་དུ་འཇུག། མིང་ལས་དོན་གསལ་བར་འགྱུར་རོ་ཞེས་སྐད། མཆོག་གང་དག་ཀུན་ཏུ་རྟོགས་པ་ཡང་ཚིག་དང་ཡི་གེ་ནི་རྣམ་གྲངས་པས་ན་དྲི་མ་གཏོགས་པར་མ་མེད་དེ། བརྟགས་པ ་ལ་བལྟོས་ཏོ།། དེར་འདུས་པ་ལས་མིང་ལ་སོགས་པར་འདུ་ཤེས་སོ།། ཡང་དག་པར་ཡི་གེ་མ་གཏོགས་པར་མིང་ལ་སོགས་པ་མེད་པའི་ཕྱིར་མཚན་མ་ལ་བལྟོས་ཏེ་དེའི་གོ་རིམ་གྱིས་མིང་ལ་སོགས་པའི་ཚིག་ཏུ་གདགས་སོ།། ་ཚིག་གི་དབང་པོ་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་ན་དབྱངས་ཀྱི་དཀྱིལ་འཁོར་དུ་བརྗོད་པའི་དོན་འབྱེད་པ་སྒྲུབ་པར་མཛད་དེ། སྔ་མ་ནི་སྨྲས་པ་བསྡུ་བའི་མཚན་ཉིད་དུ་བརྟག་གོ། གཉིས་པ་ནི་འདུས་པ་སྨྲ་པའི་མ ་པར་བརྟག་གོ།། དེ་དག་བརྟགས་པའི་ཁྱད་པ་ནི་རྗོད་པའི་དོན་བླངས་ཏེ། རྗོད་པའི་ནང་གི་ཡན་ལག་དང་ཆོས་མཐུན་པ་དང་། ཆོས་མི་མཐུན་པ་ལས་ཚིག་དགར་ཏེ། ཚིག་དང་ཚིག་གི་དོན་རྣམ་པར་ཤེས་པའོ།། གཉིས་པ་ན ་ཚིག་དང་ཚིག་གི་དོན་བླངས་ཏེ་འདུས་པའི་བརྗོད་པའི་དོན་དུ་ཡོངསུ་ཤེས་པའོ།། དེ་ནི་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། སྤྱིར་ནི་ཚིག་ཁྱད་པར་དུ་ནི་རྙེད་པ་སྟེ། ཚིག་གཞན་དང་འབྲེལ་པར་དེ་ལྟར་སྨྲས་པ་ལས་གང་ལྷག་པ་དེ་ནི་བརྗོད་པའི ་དོན་ཞེས།། ཡང་ན་འབྲེལ་བ་ནི་རྗོད་པའི་དོན་ནོ་ཞེས་པའོ།། གཞན་སེལ་བར་བྱེད་པ་ལ་ནི་སྤྱི་དང་ཁྱད་པར་དུ་རྗོད་དེ། དོ་ལས་གཞན་པ་ལོག་པ་ནི་ཁྱད་པར་རོ།། ཚིག་ཐུག་པ་ཞེས་བྱ་བ་ནི་ཚིག་རྟོགས་པར་གྱུར་པ་ན་རྗོད་པ་རྟོགས་པར ་འགྱུར་བའོ།། ཚིག་གི་ཚེགས་འབའ་ཞིག་དབྱེ་བར་མ་ཟད་དེ་མིང་གི་ཚོགས་དབྱེ་བར་ཡོང་སྟོན་པ། བློ་གྲོས་ཆེན་པོ་མང་ནི་འདི་ལྟ་སྟེ། ཡེ་གི་རྣམས་ཀྱིས་ཞེས་སོ།། ཨ་ལ་སོགས་པ་ནས་ཧའི་མཐར་ཐུག་གོ་བར་དུ་སོ་སོར་རེ་རེའི ་མིང་དུ་འདུ་ཤེས་པ་སྟེ། ཨ་ཞེས་བྱ་བ་དང་། ཀ་ཞེས་བྱ་བ་དང་། ཧ་ཞེས་བྱ་བའི་བར་དུའོ།། ཁ་ཅིག་གིས་ཡི་གེའི་ཚོགས་ནི་ཨ་ལས་བརྩམས་ཏེ་ཧའི་མཐར་ཐུག་པ་ལ་སོགས་པར་སོ་སོར་འབྲེལ་པའི་འབྲུ་རྣམས་ནི་མིང་གི་འདུ ་ཤེསུ་སྦྱོར་བར་བྱེད།། ཐུང་ངུ་དང་། འདྲེན་པ་དང་། རིང་དུ་འདྲེན་པའི་དབྱིངས་རྣམས་ལ་ཡི་གེའི་མིང་དུ་ཐམས་ཅད་མཁྱེན་པས་དགོངས་པའོ།། ཡི་གེ་རྣམས་ཀྱི་མཚན་ཉིད་གསལ་བར་བྱེད་པས་ན་སྣང་བར་བྱེད་པའོ།། འདི་ལྟ་སྟེ་ཚིག་ནི ་ཐུག་པའོ་ཞེས་གང་གསུངས་པ་ཚིག་དེའི་དཔེ་རྣམས་ནི་གླང་པོ་ཆེ་དང་། རྟ་ལ་སོགས་པའོ།། མིང་དང་ཡི་གེ་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་རྣམས་སོ།། མིང་གིས་བརྗོད་པའི་ཕྱིར་ཞེས ་པ་ནི་སྒྲའི་དོན་དུ་བརྟགས་པ་ལ་དྲོན་དུ་མ་སྟོན་པར་མཛད་དོ།། ཡི་གེ་རང་གི་མཚན་ཉིད་ཀྱིས་སྣང་བར་བྱེད་པས་ཞེས་བྱ་བ་ལ་མཚན་ཉིད་ནི་མཚན་མ་དང་རྣམ་གྲངས་སོ།། མིང་ཚིག་གི་རྗོད་པ་ཞེས་བྱ་བ་ནི་མིང་གི་ཚིག་གིས་བརྗོད་ཅེས ་བྱ་བའི་བར་དུའོ།། སྐྲངས་རྣམས་ཀྱིས་དོན་དུ་མ་ཡོད་པས་ན་ཁྱད་པར་དུ་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཚངད་མའོ།། རིགས་པ་དང་ལྡན་པའི་རྒྱུ་ནི་རང་བཞིན་གསུམ་གྱི་སྟེ། དེར་བློ་མེད་བྱ་བའི་དོན་ཏོ།། འདི་ནི་དྲི་བ་མ་ཡིན་ནོ། ་ཞེས་ཇི་ལྟར་སྨྲ་བར་བྱེད་ཅེ་ན། མཁས་པ་རྣམས་ཀྱིས་གཟུགས་ལ་སོགས་ལས་མི་རྟག་པ་ཅི་གཞོན་ནམ། འོན་ཏེ་ཅི་གཞན་པ་མ་ཡིན་ནམ་ཞེས་དྲིས་པ་ལ། བཅོམ་ལྡན་འདས་ལ་སྨོན་ཏེ། གཟུགས་ལ་སོགས་པ་ལས་མི་རྟག ་པ་ཉིད་གཞན་པ་དང་། གཞན་མ་ཡིན་ཞེས་བྱ་བར་དྲིས་པ་འདི་ནི་བཅོམ་ལྡན་འདས་ལུང་མ་བསྟན་པས་ན་བཞག་པར་བྱ་བའོ་ཞེས་འཛེར་ཏོ།། ལུང་མི་སྟོན་པར་སྨྲ་བ་ནི་མུ་སྟེགས་ཅན་རྣམས་ཀྱི་ཡིན་ཏེ་ཇི་ལྟར་ཕྱོགས་གོས་པ་རྣམས ་འགྱུར་བར་སྨྲ་བ་ནི་ཇི་སྲིད་ཀྲོས་ཡོད་པ་དེ་སྲིད་དུ་ལུས་ཞེས་ཏེ། སྲོག་ཇི་ཙམ་པ་ལུས་དེ་ཙམ་ཉིད་དེ་འདུ་བ་དང་ནི་གྱེས་པ་དང་། སྲོག་ནི་ལུས་ཀྱི་ཚད་ཅན་ཏེ། དེ་ནི་རིགས་པ་རྣམས་ཀྱིས་སྨྲས། ནམས་ཀྱང་ཕྲ་མོ་ཡོད་མ་ཡིན་ཞེས་སོ།། ། ་རྒྱུ་ལ་རྣམ་པར་རྟོག་པ་ཞེས་བྱ་བ་ནི་རྟག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་པ་རྒྱུ་ཀུན་ཏུ་རྟོགས་པར་བྱེད་པའོ།། དེ་དག་ལས་འབྲས་བུ་འབྱུང་བ་དང་། གཅིག་པ་དང་། ཐ་དད་པར་ལུང་བསྟན་དུ་མེད་ཅེས་རྟོག། ་ངའི་གསུང་རབ་ལ་མ་ཡིན་ནོ་ཞེས་པ་ནི་ཇི་སྐད་དུ་གསུངས་པ་ཡིན་ཞེ་ན། གཉིས་ཀ་དང་གཉིས་ཀ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རང་བཞིན་གཉི་སུ་ལུང་བསྟན་དུ་མེད་པ་ནི་ཐམས་ཅད་མཁྱེན་པའི་གསུང་རབ་ལས་ནི་ཐམས་ཅད་བསམ ་དུ་མེད་པར་བརྗོད་པ་སྟེ། ཇི་ལྟར་ཞེ་ན། གཟུང་བ་དང་། འཛིན་པ་དང་། མི་ལྡན་པ་རྣམ་པར་རྟོག་ཅིང་སྣང་བ་མེད་པར་མི་གཉིས་པར་ཡང་དག་པར་རིག་པ་ལ་ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། གཉིས ་ཀ་དང་། གཉིས་ཀ་མ་ཡིན་པ་ལ་སོགས་པ་མཚན་ཉིད་ཀྱི་རྣམ་པར་རྟོག་པ་མི་འཇུགྲོ། གང་ན་འཛིན་པ་དང་གཟུང་བའི་དངོས་པོ་ཡོད་པ་དེར་རྣམ་པར་རྟོག་པ་འཇུག་གི། ངའི་ཚུལ་གྱིས་མི་གཉིས་པར་སྨྲ་བ་དེ་དག་ལ་ལུང་མ་སྟོན། ་པ་ཞེས་བྱ་བ་ནི་བཞག་པ་ལྟ་ག་ལ་ཡོད། ཆོས་ཐམས་ཅད་ནི་བྱེད་པ་མེད་པས་ན་ཞེས་བྱ་བའི་རང་དང་སྐད་ཅིག་པའི་ཕྱིར་ལྷག་པའི་བྱ་བ་དང་། བྱེད་པ་དྲུག་མངོན་པར་འབྲེལ་ཏེ་འབྲས་བུ་མོ་སྐྱེ་བས་ན་དེའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ ་སྟེ་དེ་མ་ཐོག་པ་ཙམ་གྱི་འདི་ཡོད་ན་འདི་ཡོད་ཞེས་བྱ་བ་འབའ་ཞིག་གོ། ངོ་བོ་ཉིད་མེད་ཅེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་གཞན་པ་ཡང་། གཞན་པ་མ་ཡིན་པར་རྣམ་པར་དཔྱད་པ་ན་མི་རིགས་པས་ན་དེ་ནི་དོར་སྔར་དཔྱད་ཟིན་ཏོ།། དེ་ལ་བླང ་བ་མེད་པ་དང་། དོར་བ་མེད་པ་ཞེས་བྱ་བ་ནི་མདོ་སྡེ་མང་པོར་རབ་ཏུ་དགྲོལ་བ་ལ་བལྟས་ཏེ་དོན་ཆུད་པར་བྱའོ།། རང་དང་སྤྱིའི་མཚན་ཉིད་བྱུང་ན་ཞེས་པ་ནི་ཡོངསུ་བརྟག་པ་ནའོ།། བླང་དུ་མེང་པན ་སྒོ་རྣམ་པ་དུ་མས་ཀྱང་ཁོང་དུ་མི་ཆུད་དོ།། ཕྱི་རོལ་གྱི་འམ་གཞན་གྱི་དབང་གི་མཚན་ཉིད་རང་དང་སྤྱིའི་མཚན་ཉིད་རྣམ་པ་སྣ་ཚོགསུ་ཀུན་རྟོག་པ་དེ་ནི་གཅིག་པ་དང་ཐ་དད་པར་མི་རིགསོ།། གཅིག་ལ་རང་བཞིན་གཉིསུ་མེད་པའི་ཕྱིར་མི་རྟག ་པ་ལ་སོགས་པའི་འདུ་བྱེད་རྣམས་ལ།། མི་རྟག་པ་ལ་སོགས་པའི་མཚན་ཉིད་གཞན་ཡོད་པ་མ་ཡིན་ཏེ། རྣམ་པ་ཅིས་ཀྱང་ཆོས་ཐམས་ཅད་ལ་རང་བཞིན་གྱི་གཉིས་པར་གསུང་བླ་ན་རང་བཞིན་གཉིས་པའི་མཚན་ཉིད་མེད་དོ།། དངོས ་པོ་གཎྜཱིག་ལ་གཉིས་སུ་མི་རིགས་པའི་ཕྱིར་རོ།། འབྱུང་བའི་མཚན་ཉིད་དུ་འོང་བ་མེད་པས་ན་བླང་དུ་མེད་དོ།། རྣམ་པ་སྣ་ཚོགས་ཀྱི་རང་བཞིན་མེད་པས་ན་འཇིག་པའི་མཚན་ཉིད་ཅན་དེར་བར་ཡང་མེད་དོ།། ཆོས་ཐམས་ཅད་རྣམ་པ་ཐམས ་ཅད་ཀྱིས་འོང་བ་དང་། འགྲོ་བ་དང་བྲལ་པོའོ།། ཇི་ལྟར་དབུ་མ་ལས་འབྱུང་བ། འགྲག་མྱེད་སྐྱེ་བ་མེད་པ་དང་།། རྟག་མེད་ཆད་པ་མེད་པ་དང་། འོང་བ་མེད་པ་འགྲོ་བ་མེད།། གང་རྟེན་བརྟེན་པར་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པའོ། ་དངོས་པོ་རྣམས་གཞན་དུ་ནི་འགག་པར་རྟོག་སྟེ། རེ་ཞིག་ན་དངོས་པོའི་རང་བཞིན་གྱི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་གཉིས་ཀྱི་རྣམ་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་བརྗོད་དུ་མེད་པ་ལ་སུའི ་འགག་པ་རྟོག་པར་བྱེད། མཚན་ཉིད་སྐྱེ་བ་མི་རྟག་པ་ཡོད་པས་ཞེས་པ་ནི་སྐད་ཅིག་པའི་འདུ་བྱེད་རྣམས་ལ་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པའི་མཚན་ཉིད་རིམས་ཀྱིས་འབྱུང་བ་ནི་མི་རུང་ངོ་།། འོན་ཏེ་ཡང་དེ་ལྟར ་འགྱུར་ན་ནི་སྐད་ཅིག་པ་གཞན་དུ་གནས་པའི་ཕྱིར་དེ་དག་སྐད་ཅིག་པ་མ་ཡིན་པ་ཉིད་དུ་འགྱུརརོ།། དེ་ནི་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ནི་མི་རྟག་པ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཞེས་བྱའོ།། དེས་ན་སྐད་ཅིག ་མ་དྲུག་ཏུ་གནས་པར་ཡང་ལན་སྤྲས་པར་རིག་པར་བྱའོ།། གསལ་བར་གྱུར་པ་མགོ་གཅིག་གཅིག་ལུང་སྟན་ཏོ།། ཁ་ཅིག་ཏུ་སྤྱིར་ལུང་བསྟན་པས་སོམ་ཉི་རྣམ་པར་མ་ལོག་པའི་ཕྱིར་ཁྱད་པར་ཅུང་ཟད་ཙམ་ཞིག་དྲི་བ་ཡོད་པ་ནི་དྲི་བའོ།། ་དེ་བཞིན་དུ་བསྡུས་པའི་དོན་རྣམ་པར་ཕྱེ་སྟེ་བཟུང་བའོ།། རྩོད་པའི་སྐྱེ་བོ་ལ་བལྟོས་ཏེ་ཆུང་ཟད་ཀྱང་བཞག་པའོ།། ཤེས་རབ་ལ་བལྟོས་ཏེ་གང་ཟབ་མོའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ལུས་བསྟན་པར་མཛད་པའོ།། གྲངས་ཅན་དང་ཁྱད ་པཔཱར་ཅན་ལ་སོགས་པས་ལྲྀང་མི་སྟོན་པ་རྣམས་ཇི་ལྟ་བུར་སྨྲས་པ་དེ་བཤད་པར་བྱ་སྟེ། གནས་དང་གནས་པ་གཞན་པ་ནི་ལུང་བསྟན་དུ་མེད་དོ་ཞེས་སོ།། སོ་སོར་གྲུབ་པའི་རྣམས་སྦྱོར་བ་དང་། སོ་སོར་གྲུབ་པ་མ་ཡིན་པའི་རྣམས ་ནི་ཕྲད་པ་སྟེ་ཞེས་པ་ལ། ཕྲད་པའི་རྒྱུ་མ་གཏོགས་པར་དེ་ལ་གནས་པའི་རྗེས་དང་། ཡོན་ཏན་ལ་སོགས་པ་ཕྱོགས་གཞན་དུ་གྲུབ་བོ་ཞེས་སྨྲ་བར་མི་ནུས།། ཕྲད་པའི་རྒྱུའི་རང་བཞིན་ཡང་ལུང་བསྟན་དུ་མེདོ།། སོ་སོར་གྲུབ་པ་རྣམས ་ལ་ནི་བུམ་པ་དང་། སྣམ་བུ་ལ་སོགས་པ་ཐ་དད་དུ་ལུང་བསྟན་དུ་ཡོད་དོ་ཞེས་སོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའི་རྣམ་པར་ཤེས་ཞིང་གང་ཟག་ལྔ་བདག་མེད་པ་ཡོངསུ་ཤེས་ན། ་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པར་གྱུར་ཏེ། ས་ནས་སའི་མཚན་ཉིད་ལས་འདས་པ་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ས་དང་པོ་ལ་སོགས་པའི་རང་གི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་ཇི་ལྟར་ཤེས་ཞེ་ན། དེ་ལ ་སྦྱིན་པ་ལ་སོགས་པ་ནི་རང་གི་ཕྱོགས་ཀྱི་མཚན་ཉིད་དུ་འབྱེད་པའོ།། འཇུངས་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགསོ།། ས་དང་སྔར་མཚན་ཉིད་གང་ཡིན་པ་དེས་སའི་ཕྱོགས་ཀྱི་མི་མཐུན་པོ་ལས་འདའ་བ་རྟོགས་པར་ཁོང་དུ་ཆུད ་པའོ།། ཉོན་མོངས་པ་མེད་པའི་མི་ཤེས་པ་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ས་བཅུར་གཏོགས་པ་ཡེ་ཤེས་ཆེན་པོ་དང་། འབྲིང་པོ་དང་ཆུང་ངུའི་མཚན་ཉིད་ཀྱིས་སྤོང་བར་བྱའོ།། ཞེས་དེ་ལྟར་རྣམ་པར་ཤེས་པ་འགྱུར ་བྱ་དང་། ཆོས་ཐམས་ཅད་ཀྱི་ཡུལ་ལ་འགྲོ་བའི་ལུས་ལོངས་སྤྱོད་པར་ཉེ་བར་འཚོ་བར་འགྱུར་རོ་ཞེས་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་ཡུལ་ལ་འགྲོ་བའི་ལུས་ནི་ཐམས་ཅད་མཁྱེན་པོའི་ཆུད་པའི་སྐུ་སྟེ། གཉིས་པ་དང་མི་གཉིས་པའི ་ཏིང་ངེ་འཛིན་མཁྱེན་པའོ།། དེ་བཞིན་དུ་ཡང་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱིས་ནོར་བུ་ལྟ་བུར་ཆས་བཤད་པ་ལ་སོགས་པའི་ལོངས་སྤྱོད་ཀྱིས་འཚེ་བ་ཉེ་བར་འགྱུརརོ།། ཐ་མ་དང་། བར་མ་དང་། མཆོག་ཅེས་བྱ་བ་ནི་ཤེས ་རབ་ཀྱི་ཁྱད་པར་གྱིས་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོའི་མཚན་ཉིད་དུ་བརྟག་པར་བྱའོ།། ཇི་ལྟར་འདི་ཉིད་དུ་གསུངས་པ། ཏིང་ངེ་འཛིན་མྱོས་པས་བསྐྲད་པ་ནི་ཟག་པ་མེད་པའི་དབྱིངས་གནས་ཞེས་པའོ།། འོ་ན་ཇི་ལྟར་ན་ཡང ་སུ་མྱ་ངན་ལས་འདས་པ་ཞེས་བྱ། དམ་པའི་ཆོས་པུ་ཏྟཱ་རི་ཀ་ལས། སྣང་བའི་རྒྱུར་ནི་མྱ་ངན་ལས་འདའ་བར་ང་སྨྲའོ་ཞེས་གསུང་སྭ་པས་ན་དེ་འདི་ཉེས་པ་མེད་དེ།། སྲེད་པ་ལ་སོགས་པའི་ཉོན་མོངས་པ་སྤངས་ཏེ། འཁོར་བའི་སྡུག ་བསྔོལ་ཟད་པ་ཉིད་ནི་ཐར་པའོ།། མ་རིག་པའི་ཉོན་མོངས་པ་དང་། ལས་ལས་སྐྱེས་པའི་ལུས་ཀྱི་སྣང་བ་དང་བྲལ་ཏེ། བསམ་གྱིས་མི་ཁྱབ་པའི་ཟག་པ་མེད་པའི་ཟག་པ་མེད་པའི་ཏིང་ངེ་འཛིན་ཐོབ་ནས་དེ་དག་གི་ཐར་པ་ནི་འགོག་པ་ལ ་མཉམ་པར་བཞག་པ་དང་འདྲ་སྟེ། ཐམས་ཅད་མཁྱེན་པའི་མངས་སྙིང་རྗེའི་བགོ་ཆགས་ཀྱི་ས་བོན་གྱིས་སང་དེ། སྣང་བ་བཅས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་ཉིད་དུ་འགྱུར་རོ།། བྱེ་བྲག་གིས་གོང་ནས ་གོང་དུ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཀུན་ཏུ་སྐྱེད་པ་དང་བྲལ་ཏེ་མཐོང་བ་དང་བསྒོམ་པའི་མཚན་ཉིད་ཀྱི་བྱེ་བྲག་གི་ལམ་གྱིས་ཆེན་པོ་དང་། བར་མ་དང་། ཆུང་ངུའི་སྦྱོར་བ་རྣམས་རྙོག་པའི་མཚན་ཉིད་སྤོང་བས་འབྲས་བུར་འགྱུར་རོ།། ་དེ་དག་དང་བྲལ་ནས་ཆུ་རྣམས་ཀྱི་རྙོག་པ་རབ་ཏུ་དང་བ་བཞིན་དུ་དགྲ་བཅོམ་པ་རྣམས་ཀྱིས་འབྲས་བུར་འགྱུརརོ་ཞེས་པ་ནི་འཇིག་རྟེན་གྱི་ཐ་སྙད་དོ།། གཞན་གྱི་དབང་གསལ་བའི་གཟུགས་སུ་སྣང་བ་ལ། གང་སྣང་བ་མེད་པའི་རྟག་པ་དང་། ་བདག་དང་། རྡུལ་བླ་མེ་ལ་སོགས་པའི་རྣམ་པར་རྟོག་པ་དེ་ནི་གཞན་གྱི་དབང་ལ་ཡོངས་སུ་བརྟགས་པའི་རང་བཞིན་ནོ།། དེ་བཞིན་དུ་ཕུང་པོ་ལྔའི་བདག་ཉིད་ལྔ་ཁྱབ་པ་དང་ཕྲ་བ་ལ་སོགས་པར་རྟག་པའོ།། ་གཞན་གྱི་དབང་དེར་ཀུན་བརྟགས་པའི་རང་བཞིན་དེ་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་མེད་ཀྱང་མ་ཡིན་ཞེས་པ་ནི་གཉིས་ཀའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ།། ཡོད་པ་མ་ཡིན་པའི་རྒྱུ་གསུངས་པ། ཡང་དག་པ་མ ་ཡིན་པའི་ཀུན་བརྟགས་པའི་མཚན་ཉིད་པས་ན་ཞེས་ཏེ། གང་གིས་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་རྫས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དེས་ན་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའོ།། ཡོད་པ་ཡང་མ ་ཡིན་པ་ནི་ཡང་དག་པ་ཇི་ལྟ་བའི་དོན་མ་ཡིན་པའི་ཕྱིར་རོ།། གང་གིས་ཡང་ཆུང་བའི་རྣམ་པར་རྟོག་པ་ཙམ་དུ་སྣང་བའི་ཕྱིར་མེད་པ་ཡང་མ་ཡིན་ནོ།། གཉིས་ཀྱི་རང་བཞིན་མེད་པའི་ཕྱིར་རྣམ་པར་རྟོག་པར་གསུམ་པོ་ཡང་ཡུལ་མེད་པ་སྟེ། ངེས ་ནཱན་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའོ།། རང་བཞིན་གསུམ་གྱི་མཚན་ཉིད་ནི་ཐམས་ཅད་མཁྱེན་པས་འདི་ཉིད་དུ་གསུངས་པ། བརྟགས་པ་ཡིནི་རང་བཞིན་གྱིས། དངོས་པོ་ཐམས་ཅད་མ་སྐྱེས་ཏེ། གཞན་དབང་ལ་ནི་བརྟེན་ནས་སུ།། ་མི་རྣམས་རྣམ་པར་རྟོག་པ་སྐྱེ།། རྣམ་པར་རྟོག་པས་རྣམས་སྤངས་ཏེ།། གང་ཚེ་གཞན་དབང་དག་པ་ནི།། གྲུབ་པ་དེ་བཞིན་ཉིད་བཤད་པར།། མདོ་སྡེ་མདོ་སྡེར་ངས་སྨྲསོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་བཅོམ་ལྡན་འདས་ཉིད ་ཀྱིས་གསུངས་པ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་པ་དང་། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པ་རང་བཞིན་མེད་པའོ།། བྱིས་པ་རྣམས་ཀྱིས་རྟག་པ་དང་། ཕྱི་རོལ་གྱི་རྫས་ལ་སོགས་པ ་མཚན་ཉིད་གང་དག་གིས་ཀུན་རྟོག་པའི་མཚན་ཉིད་དེ་དག་གིས་ཀུན་བརྟགས་པ་འམ་མ་སྐྱེས་པ་ན་མཚན་ཉིད་རང་བཞིན་མེད་པའོ།། གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྣ་ཚོགས་པའི་རང་བཞིན་མེད་དེ། རྨི་ལམ་དང་། མིག་འཁྲུལ ་ལ་སོགས་པར་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་གསལ་བར་སྐྱེས་སུ་ཟིན་ཀྱང་ཤེས་ཀྱིས་དཔྱད་དེ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གནོད་པའི་ཕྱིར་སྐྱེ་བ་རང་བཞིན་མེད་པའོ།། དོན་དམ་པ་གྲུབ་པའི་རང་བཞིན་གྱིས་འོད ་གསལ་ཞིང་རོ་གཅིག་པར་འགྱུར་བའི་ཆུད་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཉིད་རྒྱུན་ཏུ་གནས་པ་ལ་ནི་འཛིན་པ་དང་། གཟུང་བ་རྣམ་པ་གཉིས་ཀྱི་རང་བཞིན་མེད་དོ།། ཇི་ལྟར་འཕགས་པ་བཙུན ་གཙོ་བྱམས་པས་བཤད་པ། གཉིས་མེད་པའི་དངོས་པོ་ནི།། སྟོང་པ་ཡི་ནི་མཚན་ཉིད་དོ།། ཞེས་སོ།། དངོས་པོ་མེད་པའི་སྟོང་པོའི་མཚན་ཉིད་ཅི་ཞེ་ན། དངོས་པོ་ཉིད་དོ།། ཇི་ལྟར་ན་མཚན་ཉིད་ཅེ་ན། གཉིས་ཀྱི་རྣམ་པ་དང་བྲལ་བའི་ཆུད་པ་ཡང ་སུ་གྲུབ་པའི་རང་བཞིན་ནི་ཆོས་ཅན་ནོ།། དེ་ལ་དེའི་འཛིན་པ་དང་གཟུང་བའི་བྲལ་བ་ཉིད་ནི་ཆོས་ཉིད་ཅེས་བྱ་སྟེ། གྲུབ་པའི་རང་བཞིན་ནོ།། དེ་སྟེ་ལངྐར་གསུངས་པ་དང་དགོངས་པ་ངེས་པར་འགྲེལ་པར་ཐམས་ཅད་མཁྱེན་པས་བཤད་པའི ་ཚུལ་དུ་རང་བཞིན་གསུམ་དུ་རྣམ་པར་བཞག་པ་མི་རུང་ན་ནི་དེའི་ཚེ་རང་རང་གི་རྣམ་པར་རྟོག་པའི་རང་བཟློ་འབའ་ཞིག་སྟེ། རྟོག་པས་སྨྲ་བར་ཡང་འགྱུར་རོ།། གང་དག་ཡང་གཞན་གྱི་དབང་གི་རང་བཞིན ་གང་ཡིན་པ་དེ་གྲུབ་པ་ཞེས་སྨྲ་ཞིང་གཞན་གྱིས་སྐྱེད་པར་བྱེད་པས་ནི་གཞན་གྱིས་དབང་ངོ་ཞེས་པ་དོན་འདི་ནི་མ་ཡིན་ཏེ། དེ་ཇི་ལྟ་ཞེ་ན། གཞན་གྱི་དབང་གིས་གནས་པ་སྟེ། མ་རིགས་པ་ལ་སོགས་པས་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ ་སྤྲོས་པར་བྱེད་པའོ།། གཉིས་ཀྱི་རྣམ་པར་གསོལ་བར་སྣང་བ་ནི་ཤེས་པ་ཉིད་རིག་སྟེ། དེ་ནི་འདི་སྐད་ཅེས་སྨྲས་པ་ཡིན་ནོ།། གང་རྐྱེན་གཞན་དག་གི་དབང་དུ་གྱུར་ཅིང་འདྲི་བའི་སྐད་ཅིག་མ་གཞན་ལ་བལྟོས་པ་མ་གཏོགས་པར་དམ ་པ་དང་དམ་པོ་མ་ཡིན་པའི་ཆོས་བསྟན་པ་ལ་སོགས་པས་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་སྐྱེ་བའི་ཕྱིར་གཞན་གྱི་དབང་དུ་གྱུར་པ་དེ་ནི་གཞན་གྱི་དབང་ངོ་།། མི་གཡོ་བ་དེ་ནི་རོ་གཅིག་པར་འབའ་ཞིག་ཡང་དག་པར་རིག་པ་ཙམ་པོ་རང་བཞིན ་གྱིས་འོད་གསལ་བའི་ངོ་བོ་ཉིད་དུ་ཐམས་ཅད་ཀྱི་རྗེས་སུ་སོང་བ་གསེར་ལྟ་བུར་རྐྱེན་གཞན་གྱིས་འཕངས་པའི་གློ་བུར་གྱིས་ཉཝ་བ་ཡོངསུ་ཟད་ཡོངསུ་གྲུབ་པ་ནི་གསུམ་པའོ།། ཇི་ལྟར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་འབྱུང་བ། རིགས་ཀྱི ་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་རྣམས་ཀྱི་སུས་ཇི་ལྟར་ཡོངས་སུ་སྦྱོང་བ་དདེ་ལྟར་གྲུབ་པར་འགྱུརརོ་ཞེས་ཚིག་གི་དོན་དུ་རྟོགས་པར་འགྱུར་རོ།། གཞན་གྱི་དབང་དེ་ལ་ཡང ་རྣམ་པ་གཉིས་ཏེ། འཁོར་བ་རྣམས་ཀྱི་ནི་མ་རིག་པ་དང་། ལས་ལས་བྱུང་བ་རྣམ་པ་སྣ་ཚོགས་ཀྱི་སྣང་བའོ།། རྣལ་འབྱོར་པ་རྣམས་ཀྱི་ནི་དགེ་བའི་འདུ་བྱེད་ལ་སོགས་པས་ནར་དག་པ་རྫུ་སྨུས་ཀྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགསུ་སྣང་བར། ་དེ་གཉིས་ཀྱི་རྣམ་པ་དང་བྲལ་ཞིང་ཡང་དག་པར་རིག་པ་ཙམ་ནི་རང་བཞིན་གྱིས་འོད་གསལ་ཞིང་འདུས་བྱས་དང་། འདུས་མ་བྱས་པའི་ཡོངསུ་གྲུབ་པ་ཡིན་ནོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་འདུས ་བྱས་དང་འདུས་མ་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བརྟགས་པའི་ཚིག་གོ། དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་ན་འདུས་མ་བྱས་ཏེ། ཆོས་ཉིད་འདྲི་ནི་ཡེ་གནས་པ་ཞེས་བྱའོ།། སྐད་ཅིག་པའི་ཕྱིར་འདུས་བྱས་ཞེས་བྱ་བའི་དོན་ཏོ།། ་དེ་ཡང་གང་ཞིག་ལ་བདག་མེད་པའི་དངོས་པོར་དངོས་པོར་འཛིན་པ་མེད་པས་ཞེས་བྱ་བ་ནི་སྐད་ཅིག་པར་འཇིག་པ་ཁོང་དུ་ཆུད་པར་གྱུར་པའི་འོག་ཏུ་རྟག་པའི་བདག་ཏུ་ལྟ་བ་སྤོང་ངོ་།། དངོས་པོར་འཛིན་པ་མེད་པས་ཞེས་བྱ་བ་ནི་ཕྱི་རོལ་གྱི ་དངོས་པོར་འཛིན་པ་མེད་པའི་ཕྱིར་ཆོས་ལ་བདག་མེད་པ་སྟེ་ཞེས་པར་དེར་བསྟན་ནོ།། གཞན་དུ་ནི་དངོས་པོར་འཛིན་པ་མེད་པར་མི་རུང་སྟེ། གང་ཟག་ལ་བདག་མེད་པ་ནི་ཕྱི་རོལ་གྱི་དོན་དུ་ལྟ་བའི་ཕྱིར་རོ།། དེའི་ཕྱིར་རྡོ་རྗེ་གཅིང་པོ་ལས་འདི ་སྐད་གསུངས་པ། གཟུགས་ལའང་མ་ཞུགས་ཞེས་བྱ་བ་ལ་སོགས་པའི།། དེ་ལྟ་བས་ན་མདོ་སྡེ་འདིར་ལྷན་ཅིག་ཏུ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་ཚིགས་ལ་ལྟ་བ་ནི་ཆོས་ལས་བདག་མེད་པ་སྟེ། ཕྱི་རོལ་གྱི་དོན་སུམ ་དབྱུང་བར་རབ་ཏུ་བྱེད་པའི་དོན་གྱི་ཕྱིར་རོ།། བདག་དང་གཞན་གྱི་ལུས་མཉམ་པ་ཉིད་ནི་ཡང་དག་པར་རིག་པ་ཙམ་དུ་མཚུངས་པའི་ཕྱིར་རོ།། ཕུང་པོ་བཞི་གཟུགས་ཀྱི་མཚན་ཉིད་ཀྱི་ཕྱིརརོ།། གང་ལས ་གཟུགས་མེད་པས་ཤེས་པར་བྱེད་པའི་རྒྱུར་གསུངསོ།། སྐྱེ་བར་བྱེད་པའི་རྒྱུར་གསུངས་པ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། སོ་སྔར་སྣང་བ་ལས་ཞེས་པར་འབྲེལ་ཏོ།། དེ་ཡང་ཕན་ཚུན་གྱི་རྒྱུའི ་མཚན་ཉིད་ཀྱི་ཕྱིར་ཞེས་པ་ནི་འབྱུང་བ་རྣམས་ཚོགས་པར་འདྲེས་པའི་གཟུགས་ནི་རིག་པ་ལ་སོགས་པ་གཟུགས་ཀྱི་མཚན་ཉིད་དེ། དེ་ལ་བརྟེན་པ་ལ་སོགས་པའི་ལས་ཀྱི་ནི་འབྱུང་བ་རྣམས་སུ་རྗེ་སུ་དཔག་གོ་ཞེས་སོ།། འབྱུང་བ་རྣམས་ཕན ་ཚུན་དུ་རྒྱལ་བྱེད་པ་ནི་རིམྦི་དུ་མི་སྐྱེའོ།། གསུངས་པ་བཞིན་དུ་རིག་པར་བྱ་སྟེ། ཕྱི་རོལ་གྱི་དངོས་པོར་ལྷན་ཅིག་ཏུ་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལྡོག་པ་ནི་ཕྱི་རོལ་དང་། རྟག་པ་ཡོད་པའི་ཕྱོགས་ལ་ཕྱོགས་མ་ཡིན་པའི་ལྟ་བ་མཐོང་བའི ་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱིས་སྤོང་བར་འགྱུར་རོ།། དེ་ཁོ་ན་ཉིད་ཀྱི་དོན་དུ་ནི་ཐམས་ཅད་མཁྱེན་པས་མཁྱེན་ཏོ།། ཐེ་ཚོམ་གྱི་མཚན་ཉིད་ནི་ཡང་དག་པའི་ཡེ་ཤེས་མ་གཏོགས་པར་མི་རྟོགས་སོ།། འབྲས་བུ་ཐོབ་པའི་ཕྱིར་ལམ་གྱི ་ཆོས་ཁོང་དུ་ཆུད་པར་བྱ་བ་ཤིན་ཏུ་མཐོང་བའི་ཕྱིར།། དག་ཀྱང་མ་དག་པའི་ཕྱིར་ཞེས་པ་ནི་རྒྱའི་ཚིག་སྟེ། སྟོན་པ་གཞན་གྱིས་སྡུག་བསྔལ་དང་མི་མཛེས་པ་ལ་སོགས་པ་འཁོར་བ་ལས་སྐྱོ་བའི་རྒྱུ་སྨྲས་པ་ལ། རྟག་པ་དང་། བདག་དང ་ཚངས་པ་དང་། དབང་པོ་ལ་སོགས་པའི་རྒྱུ་ལས་བྱུང་ཞེས་ཏེ། ངག་ཏུ་ཟིན་ཀྱང་དག་པ་མ་ཡིན་ཞེས་ནས་དེ་དག་གི་གཙུག་ལག་ལ་ཡོན་ཏན་དུ་མཐོང་བར་མི་འགྱུར་རོ།། སྡུག་བསྔལ་སྐྱེ་བའི་གནས་ཞེས་བྱ་བ་ནི་དེས་རྟག་པ་དང་།། ་བདག་དང་། བདག་གིར་ཆགས་པའི་མ་རིག་པ་དང་། ལས་ཀྱི་མཚན་ཉིད་ཀྱི་ཀུན་འབྱུང་བ་དེ་ཤིན་ཏུ་མཐོང་བའི་ཕྱིར་སྙེམས་པ་མི་བྱེད་དོ།། རྣམ་པར་མི་རྟོག་པ་ཟག་པ་མེད་པ་ནི་ཐེག་པ་ཆེན་པོར་ཆོས་ལ་བདག་མེད་པར་རབ་ཏུ་སྦྱར ་བར་བྱའོ།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཡན་ལག་ནི་སའི་ཁྱད་པར་དུ་འགྲོ་བར་རོ།། གཟུགས་སུ་སྣང་བའི་སྐྱེ་བ་ལན་ཙོག་པས་ན་ལན་ཅིག་ཕྱིར་འོངས་པའོ།། དུས་གསུམ་གྱི་མཉམ་པ་ཉིད་དང་ལྡན་པ་ནི་ཕྱིར་མཱི་འོངས ་པ་སྟེ། དེའི་ཕྱིར་འདི་སྐད་དུ་གསུངས་པ། འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་མཚན་ཉིད་ཡོད་པ་དང་། མེད་པར་མི་འཇུག་པ་སྟེ། གང་གིས་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དགེ་བར་རིག་པའི་གནས ་འཇུག་པའོ།། དེས་དུས་གསུམ་གྱི་གཉིས་ཀྱི་རྣམ་པའི་ཚིག་གི་དོན་མི་སྣང་ངོ་།། ཇི་ལྟར་ཞེས་པ་དང་། དེའི་ཕྱིར་གསུངས་པ་དང་། ལྟ་བའི་ཉེས་པ་བག་ལྔ་ཉལ་བ་ཕྱིར་མི་འོང་བའི་ཕྱིར་ཏེ། རྒྱུ་མེད་པས་ན་འབྲས་བུའང་མེད་དོ།། ། ་དེ་ཉིད་གསུངས་པ། ཕྱིར་མི་འོང་བའི་ཚེ་ན་དེ་སྤངས་པས་ནའོ།། དགྲ་བཅོམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ལ་བདག་མེད་པ་རྟོག་པའི་ཕྱིར་སོ་སོར་རེ་རེར་བསམ་གཏན་དང་། བསམ་གཏན་དུ་བྱ་བ་ལ་སོགས་པ་གཉིས་ཀྱི ་རྣམ་པའི་རྣམ་པར་རྟོགས་པ་སྤངས་པས་ན་མི་གཉིས་པའི་ཏིང་ངེ་འཛིན་ལ་གནས་པ་ནི་དེ་སྐད་ཅེས་བྱའོ།། ཞི་བ་ཕྱོགས་གཅིག་ཅེས་བྱ་བ་ནི་བདག་ལ་ཕན་པར་ཞུགས་པ་སྟེ། ཞི་བའི ་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་གང་དགེ་བའི་རྩ་བོ་ལཱ་གོམས་པཱ་དར་འཕགས་པའི་ཉོན་ཐོས་དེར་རྨོངས་ཤེས་བྱའོ།། ཇི་ལྟར་སྡོང་པོས ་བརྒྱན་ལས་འབྱུང་བ། མཉན་དུ་ཡོད་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དགེ་བའི་རྩ་བ་ཡོད་པ་མ་སྨིན་པའི་ཕྱིར་ཉན་ཐོས་དེ་དག་གི་མི་མཐོང་བ་ནི་འདི་ལྟ་སྟེ། དམུས་ལོང་བཞིན་ནོ།། ་ཞེས་རྒྱ་ཆེར་རོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་སྡུད་པ་ཅན་ཞེས་པ་ནི་གང་ཟག་ལ་བདག་མེད་པ་རྟོགས་པས་འཁོར་བ་དང་འབྲེལ་པའི་འདོད་ཚིགས་ལ་སོགས་པའི་ཉོན་མོངས་པ་སྤངས་པར་གྱུར་ཏེ། གང་དག་ལ་སྙིང ་རྗེའི་ས་བོན་ཡོད་པ་དེ་དག་དེ་ལས་རབ་ཏུ་སང་ངོ་བྱང་ཆུབོ་སེམས་དཔའི་སྤྱོད་པས་སངས་རྒྱས་ཁོ་ན་བྱ་བར་ནུས་ཀྱི། ཐམས་ཅད་ཀྱིས་ནི་མ་ཡིན་ནོ།། ཞི་བའི་ཕྱོགས་གཅིག་པའི་འདོད་ཆགས་དྲང་བྲལ་བ་ནི་དགོངས་པ་ངེས་པར ་འགྲེལ་པ་བཞིན་ནོ།། སངས་རྒྱས་འཕྲུལ་པས་སྤྲུལ་པ་ཞེས་བྱ་བ་ནི་ཇི་ལྟར་གསུངས་པ། ཉན་ཐོས་དང་ནི་རྒྱལ་བ་ཡི།། གང་དེ་གཟུགས་སུ་སྣང་བ་ནི།། བྱང་ཆུབ་སེམས་དཔའི་རྩེ་བདག་གིས།། སྤྲུལ་པ་དེ་དག་སྟོན་པའོ།། ་ཞེས་ཏེ། འཕྲུལ་པས་སྤྲུལ་པ་ནི་ཉན་ཐོས་ཀྱི་བྱེ་བྲག་གོ།། རྣམ་པར་རྟོག་པ་འཇུག་པའི་གནས་གཞན་སྣ་ཚོགས་བསྟུན་པ་འདི་ནི་ཞེས་བྱ་བ་འབྲས་བུའི་མཚན་ཉིད་བསྟན་པ་དང་འབྲེལ་ཏོ།། གནས་གཞན་ནི་འབྲས་བུ་ཞུགས ་པས་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཐ་དད་ངོ་།། རྣམ་པར་རྟོག་པ་འཇུག་པས་རྣམ་པ་སྣ་ཚོགསུ་བསྟན་ན་ཕྱི་རོལ་གྱི་མི་མཛེས་པ་ལ་སོགས་པའི་དངོས་པོ་དེ་དག་དོན་དམ་པར་ཅིའི་སླད་དུ་མ་མཆིས་ཞེས་པ་དང་། དྲིའི་ཕྱིར་རྒྱུ ་གསུངས་པ། འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བསམ་གཏན་དང་། བསམ་གཏན་དུ་བྱ་བ་དང་། བསམ་གཏན་པ་རྣམ་པར་དབེན་པའི་ཕྱིར་རོ།། རྣམ་པ་དེ་ལྟ་བུའི་ལམ་དབེན་པའི་ཕྱིར་ཞེས་བྱ་སྟེ། གཉིས་ཀྱི་རྣམ་པ ་དང་བྲལ་བས་སོ།། ཇི་ལྟར་ཞེས་པ་དང་། གསུངས་པ་རང་གི་སེམས་སྣང་བར་གཏོགས་པས་ཞེས་ཏེ། རང་གི་སེམས་སྣང་བ་ལས་ལྷག་པའི་ཕྱི་རོལ་གྱི་དོན་མེད་ཅེས་བྱ་བའི་ཐ་ཚིག་གོ། ཕྱི་རོལ་གྱི་བསྡམ་གཏན་དུ་བྱ་བ་མེད་ན་ཡང ་བསམ་གཏན་དང་། བསམ་གཏན་པ་ཇི་ལྟར་ན་ཡོད་དེ། ཡང་དག་པར་རིག་པ་པ་ཙམ་ལ་རིག་པར་བྱ་བ་དང་རིག་པ་པོ་མེད་དོ།། གཉིས་སུ་གྱུར་ཅིང་ཞེས་པ་ནི་ཕྱི་རོལ་གྱི་དོན་ལ་གཟུང་བའི་སྦྱིན་ཏེ། ཇི་སྲིད་དུ་ཕྱི་རོལ་གྱི་དོན་དུ་མངོན ་པར་ཆགས་པར་སྲེད་དུ་རྨོངས་པ་མི་སྤོང་སྟེ། རྒྱུ་དེ་ཉིད་ལས་སྲིད་པ་ཀུན་ཏུ་སྦྱོར་བར་འགྱུར་རོ་ཞེས་དགོངས་པ་བརྟག་གོ།། རང་གི་སེམས་སྣང་བའི་མཚན་ཉིད་ཤེས་པར་བྱ་བའི་རྣམ་པར་ཤེས་རབ་ཀྱིས་ལྡག་པོར་བྱ་སྟེ། ཞེས་པ་ནི ་ཕྱི་རོལ་དང་ནང་གི་གཟུགས་སྣ་ཚོགས་སུ་སྣང་བ་རྣམ་པར་དབྱེ་བ་ན་ཁང་པ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ།། རྣམ་པ་མཐའ་ཡས་སོ་ཞེས་རྣམ་པ་དེ་ལྟ་བུའི་འདུ་ཤེས་སུ་ཚོར་བ་ཙམ་དགུག་པའི ་ཕྱིར་སྙོམས་པར་འཇུག་པའོ།། རང་གི་སེམས་སྣང་བའི་རྒྱུད་ལས་འདའ་བ་ནི་སེམས་ལ་ཡོད་པའི་མཚན་མའི་རྣམ་པའི་ཆུད་པ་མ་གཏོགས་པར་འགོག་པ་མི་རུང་། དེ་ཞེས་པ་ནི་རང་གི་སེམས་ཉིད་ཀྱི་དམིགས་པ་ཡོད་ན་ནི་དེའི་ཚེ་འགོག ་པོ་ལ་སྙོམས་པར་འཇུག་པ་ཡང་མི་རུང་སྟེ། སེམས་ཙམ་པའི་ཕྱིརརོ།། འགོག་པ་ལ་སྙོམས་པར་འཇུག་པ་དེའི་མཚན་མ་ཡོད་པས་དམིགས་པ་ལྔ་རྣམ་པ་སྣ་ཚོགས་ཙམ་ཉིད་མི་རུང་སྟེ། གཉིས་ཀྱི་རྣམ་པའི་ཕྱིརརོ།། ཡང་དག་པར ་རིགས་པའི་སེམས་ཙམ་ལ་ནི། མཚན་མ་ཡོད་པ་མ་ཡིན་པས་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དྲིམ་པའི་བདེན་པ་མི་གཉིས་པར་རིག་པ་ལ་མི་རྟག་པ་དང་། མི་མཛེས་པ་ལ་སོགས་པའི་གཟུགས་སུ་དམིགས་པ་མེད་པའི་ཕྱིར ་རྣམ་པ་གཉིས་ཀྱི་བསམ་གཏན་ལ་སོགས་པ་ཐམས་ཅད་དང་འབྲས་བུའི་མཚན་མ་འཁྲུལ་པའི་མཚན་ཉིད་ཀྱི་འཇིག་རྟེན་ལས་འདས་པ་གཉིས་ཀྱི་རྣམ་པའི་བསམ་གཏན་ཐམས་ཅད་ཀྱང་ཡོད་པ་མ་ཡིན་ནོ།། ཆོས་ཐམས་ཅད་མཐོའ ་བཞི་དང་བྲལ་བ་ཞེས་བྱ་བ་ནི་རྣམ་པ་བཞིའི་རྣམ་པར་རྟོག་པ་མེད་པ་སྟེ་དེ་དག་ཀྱང་མི་དམིགསོ།། ཅིའི་ཕྱིར་ཞེ་ན། ཆུད་པ་ཐམས་ཅད་མི་གཉིས་པའི་ཕྱིརརོ།། བློ་གྲོས་ཆེན་པོ་འདི་ཞེས་བྱ་བ་ནི་ཆོས་རྣམ་པར་འབྱེང་པའི་བློ་སྟེ། དེས་གཅིག་པ ་དང་ཐ་དད་པ་ལ་སོགས་པའི་ཆོས་རྣམ་པར་རྟོག་པ་ཡོངསུ་སྤང་བར་བྱའོ།། ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་གཟུང་བ་མེད་པ་དང་། བརྗོད་དུ་མེད་པར་ཐུགསུ་ཆུད་པ་དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི ་ཆོས་གང་གིས་ཀྱང་དེ་རྣམ་པར་རྟོག་པར་མི་བྱའོ།། གང་དག་སྲ་བ་དང་། ཚ་བ་དྲང་གཤེར་བ་ལ་སོགས་པའི་མཚན་ཉིད་དུ་རྣམ་པར་རྟོག་པའི་མཚན་ཉིད་ལ་མངོན་པར་ཆགས་པའི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་དེ་དག་གིས་བརྟགས ་པ་རྣམས་རྣམ་པར་རྟོག་པ་སྟེ། ཕྱི་རོལ་གྱི་འབྱུང་བ་རྣམས་ནི་མེད་དོ།། ཇི་ལྟར་ཡིད་མ་འཆའ་བ་དང་། རྒྱུའི་མཚན་ཉིད་དང་། དཔེ་ལ་མངོན་པར་ཆགས་པའི་ཕྱིར་ཏེ། ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱི་བློ་རྟོག་པ་དོན་གྱི་བྱ་བ་ནུས་པའི ་ཕྱིར་བྱུང་བ་རྣམས་ཡོད་དོ།། དེ་དག་མེད་ན་ནི་ཚིག་པ་དང་གཅེས་པ་ལ་སོགས་པའི་འབྲས་བུ་ཡོད་པར་མི་འགྱུར་རོ།། དོན་གྱིས་སྟོང་པའི་རྣམ་པར་ཤེས་པ་དེ་ནི་བསླུ་བས་ཁྱབ་པོ་ཡིན་ཏེ། མྱ་ངོམ་གྱི་སྨིག་རྒྱུ་བ་ལ་སོགས་པ་བཞིན་ནོ།། དེ་སྟེ། ་ཐམས་ཅད་དོན་གྱིས་སྟོང་པ་ཡིན་ན་ནི་བསླུ་བས་ཁྱབ་པར་མི་འགྱུར་ཏེ། དེ་ལྟར་མ་ཡིན་པས་ན་ཕྱི་རོལ་གྱི་དོན་གྲུབ་པོ་ཞེས་སོ།། ཐམས་ཅད་མཁྱེན་པས་དགོངས་པ་ཡང་རྨི་ལམ་གྱི་དུས་ན་སྨིག་རྒྱུ་དང་མཚོ་ལ་སོགས་པར་བསླུ་བ་དང ་བསླུ་བ་མེད་པའི་འབྲས་བུ་ཡང་དམིགས་པས་ན་དེའི་ཕྱིར་ཤེས་པ་སོ་སོར་སྣང་བ་ལ་མ་གཏོགས་པ་བྱུང་བ་རྣམས་ཡོད་པ་མ་ཡིན་ཏེ། དེས་ན་རྣམ་པར་རྟོག་པའི་མཚན་ཉིད་རྣམས་ལ་གང་འཛིན་པ་ཡིན་པས་དེས་གང་མངོན་པར་ཆགས ་པ་དེ་ནི་རབ་ཏུ་འཇོག་པའི་བློ་ཞེས་བྱའོ།། སྣང་བ་མེད་པའི་བློ་ལ་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་གང་དཔྱོད་པ་སྟེ། སྦོམ་པོ་དང་ཕྲ་བ་རྣམ་པར་འབྱེད་པ་རྗེ་སུ་མི་དམིགས་པའི་མཚན་ཉིད་སྟོང་པ་ཉིད་ཁོང ་དུ་ཆུད་པར་བྱེད་ཅིང་། མི་གཉིས་པར་ཡང་དག་པར་རིག་པ་ལ་ནན་ཏན་བྱེད་པའོ།། སྤྱོད་པའི་ས་ནི་ཐོབ་པ་དང་སེམས་པ་སྟེ། དེ་ལ་མཁོས་པར་གྱུར་པ་དང་། ས་དང་པོ་རབ་ཏུ་དགའ་བ་རྟོགས་པ་མཚན་ཉིད་ཀྱི་སྒོམ་པའི་ཤེས་རབ་ཐོབ ་པར་འགྱུར་རོ།། དེ་ལ་སའི་ཡོན་ཏན་རྒྱ་ཆེར་གསུངས་པ། ཏིང་ངེ་འཛིན་བརྒྱ་ཞེས་བྱ་བ་ལ་སོགས་པའོ།། ཐོག་མའི་མཐའ་དང་ཐ་མའི་མཐའ་ཞེས་པ་ནི་འདས་པ་དང་། མ་འོངས་པ་སྟེ། འདས་པ་དང་། མཱ་འོངས་པ་ལ་འཇུག་པ་ཞེས ་བྱ་བའི་དོན་ཏོ།། ས་བཅུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཐར་ཐུག་པ་ཐོབ་པར་གྱུར་པ་དང་། དེ་བཞིན་གཤེགས་པའི་རང་བཞིན་གྱིས་ཐུགས་སུ་ཆུད་པའི་ས་ཐོབ་ནས་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་འོད་ཟེར ་གྱིས་མཛེས་སོ་ཞེས་པ་དང་འབྲེལ་ཏོ།། གུང་འདི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དེ་ནི་མིང་དང་རྣམ་པར་རྟོག་པཱ་ཙམྦ་སྟེ། རྒྱུ་གསུང་སཱ་པཱ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིརརོ།། ཇི་ལྟ་ཞེ་ནོ།། སྔར་ཕྱི་རོལ་དངོས ་པོ་མེད་པར་བསྟན་པའི་ཕྱིར་ཏེ། མཐའ་བཞིའི་ཚུལ་རྣམ་པར་དག་ཅིང་བྲལ་བར་གསུངས་པ་བཞིན་ནོ།། རང་གི་མཚན་ཉིད་ཀྱི་གནས་ཞེས་པར་ནི་མི་གཉིས་པར་ཡང་དག་པར་རིག་པ་ཙ་མོ།། ཐ་དད་པོའི་བྱེད་པ་དང་བྱེད་པས་སོ།། སྐྱེ་བ་ལ ་སོགས་པ་དང་བྲལ་བའི་མཚན་ཉིད་ནི་མ་སྐྱེས་པ་སྟེ། དེ་ལྟ་བུར་ཡོད་པ་ནི་རང་བཞིན་གྱིས་འོད་གསལ་ཞིང་གསེར་ལ་སོགས་པ་བཞིན་རང་གི་མཚན་ཉིད་གྲུབ་པོ།། གཤེར་བར་སྣང་བའི་རྣམ་པར་རྟོག་པ་ནི་ཕྱི་ནང་དུ་སྣང་བའི་ཆུའི ་ཁམས་སྐྱེད་དོ།། ཚ་བ་ནི་མེའི་རྣམ་པར་རྟོག་པའོ།། ལོག་པ་ལྔ་བརྟེན་པར་ཆགས་པས་ནི་ཞེས་པ་ནི་ཡང་དག་པར་མ་ཡིན་པ་ལ་བདེན་པར་སྒྲོ་བཏགས་ཏེ་ཆགས་པའི་ཕྱིར་རོ།། རང་གི་རྣམ་པར་ཉིད་ལ་རབོ་རབ་ཅན་ལ་གཟུགས་ལ ་སོགས་པ་སྣང་བ་བཞིན་དུ་ཕྱི་དང་རླུང་གི་དོན་དུ་སྒྲོ་བཏགས་ཏེ། འཛིན་པ་དང་། གཟུང་བའི་རྣམ་པར་ཉེ་བར་རྟོག་པ་དེ་ལས་ཕུང་པོ་ལྔ་འབྱུང་ངོ་།། རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གང་ཚིགས་དང་ཡུལ་སྣ་ཚོགས་ལ ་གང་མངོན་པར་ཆགས་པ་སྲོད་པའི་མཚན་ཉིད་ཀྱིས་དེ་འདོད་པས་རྒྱུན་གྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་འགྲོ་བ་གཞན་དུ་མཚམས་སྦྱོར་བར་འབྱུང་ངོ་།། མི་འབྲལ་བས་ན་གདོན་གཅིག་ཡོད་པ་དེ་ན་འབྱུང་བ་གཞན་རྣམས་ཀྱི་སྟེ།། ངེས ་ན་ས་ལ་སོགས་པའི་འབྱུང་བ་ལ་གནས་པའི་འབྱུང་བ་ལས་གྱུར་པ་རྣམས་ཀྱི་རྒྱུ་འབྱུང་བ་ཆེན་པོར་སོ་སོར་སྣང་བའི་མཚན་ཉིད་ཅན་གཤར་བ་ལ་སོགས་པའི་རྣམ་པར་རྟོག་པའི་རྒྱུ་ཤེས་པ་རྣམས་ཡིད་ཀྱི། མུ་སྟེགས་ཅན་གྱིས་ཀུན ་བརྟགས་པའི་ས་ལ་སོགས་པའི་རྡུལ་རྟག་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་ནི་མེད་དོ།། མུ་སྟེགས་ཅན་གྱིས་ཀུན་ཏུ་བརྟགས་པ་དེ་དག་ཀྱང་ཇི་ལྟར་ན་མ་མཆིས་ཞེས་ཡོངསུ་ཞུས་པ། དེ་ཅིའི་སླད་དུ་ཞེས་སོ།། དངོས་པོ་ནི་ཚིག་གི་དོན ་གྱི་རང་བཞིན་ཏེ། དེར་མཚན་མ་ནི་མངོན་རྟགས་ཏེ་འཇུག་པའི་མཚན་མ་རིགས་དང་། ཡོན་ཏན་དང་བྱེད་པ་ལ་སོགས་པའོ།། འདྲིས་མཚན་མར་བྱེད་པས་ན་དེ་ཉིད་མཚན་ཉིད་དོ།། དེས་ཀྱང་རྫས ་ལ་སོགས་པ་གཟུང་བ་འཛིན་ཏོ།། དབྱིབས་ནི་སྦོམ་པོ་དང་ཕྲ་མོ་དང་། ཟླུམ་པོ་ལ་སོགས་པའོ།། བྱ་བ་ནི་འདེགས་པ་ལ་སོགས་པའི་མཚན་ཉིད་དོ།། སྦྱོར་བ་ནི་འབྲེལ་པའོ།། རྡུལ་ཕྲ་མོ་རྣམས་ལས་ཡན་ལག་ཅན་གྱི་རྫས་བྱ ་བ་དང་འབྲེལ་ཏེ་སྐྱེ་བར་འགྱུར་བ་སྟེ། རྡུལ་གཉིས་དང་རྡུལ་གསུམ་ལ་སོགས་པའི་རིམས་ནི་ཐོག་མར་བྱ་བ་དང་འབྲེལ་བའི་ཕྱིར་རོ།། རྫས་ནི་རྫས་གཞན་རྩོམས་པ་དང་ཡོན་ཏན་རྣམས་ཀྱང་ཡོན་ཏན་གཞན་རྩོམ་མོ།། དེ་ལ་ཁྱོད ་པར་ཅན་ལ་སོགས་པས་དངོས་པོའི་མཚན་མ་ལ་སོགས་པའི་མཚན་ཉིད་དུ་བརྟགས་པ་ནི་རྭ་དང་ལྡན་པ་དང་། ནོག་དང་ལྡན་པོ་དང་། ལྐོག་ཤལ་དང་ལྡན་པ་དང་། མཇུག་མ་དང་ལྡན་པ་ནི་བ་ལང་གི་མཚན་མའོ།། དངོས་པོ་ལ ་རྣམ་པ་གཉིས་ཏེ་རྫས་ཀྱི་དངོས་པོ་དང་། སྤྱིའི་དངོས་པོའོ།། དེ་ལ་བ་ལང་ཁོ་ན་དང་། བ་ལང་གི་རྫས་ཀྱི་ཡན་ལག་གི་མཚན་ཉིད་ཀྱི་མཚན་མ་དང་འབྲེལ་བ་ནི་རྒྱུ་རྣམས་ཏེ། དེས་ན་དངོས་པོའོ།། རྫས་ཀྱི་དབྱིབས་དང་ཡན་ལགས ་རུ་ལ་སོགས་པ་རྣམས་ཀྱིས་མཚན་མའི་མཚན་ཉིད་གཟུང་ངོ་།། རྡུལ་གཉིས་དང་རྡུལ་གསུམ་ལ་སོགས་པའི་རྒྱུ་སྤུན་རྣམས་ཀྱིས་རིམ་པར་བྱེད་པ་དང་ལྡན་པས་སྐྱེའོ་ཞེས་གཞན་གྱིས་གྲུབ་པའི་མཐའ་ནི་ཐམས་ཅད་མཁྱེན་པའི ་སྔ་མའི་ཕྱོགས་སོ།། རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་ནི་ཕྱི་མའི་ཕྱོགསུ་གནས་པའོ།། མཚན་མ་དང་མི་ལྡན་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་མེད་པ་གང་དག་ལ་ཚད་ལ་སོགས ་པའི་མཚོན་མ་གཟུང་དུ་མེད་པ་དེ་དག་ལ་རྫས་སུ་རྩོམ་པ་མེད་དོ་ཞེས་མུ་སྟེགས་ཀྱི་ལུགསོ།། ཕན་ཚུན་དུ་མི་མཐུན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་མཚན་ཉིད་ཐེ་དད་པ་སྟེ། སྲ་བ་དང་གཤོར་བ་ལ་སོགས་པའོ།། དངོས་པོ་དང་དངོས་པོ ་མེད་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི་གང་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱི་རྣམ་པར་རྟོག་པ་ཡོད་པ་དེར་གྲངས་སུ་འབྱེད་པའི་ཐ་སྙད་དོ།། དེ་ནི་རྟོག་པ་དང་རྣམ་པར་རྟོག་པའི་འཛིངས་པ་ལས་འདས་ཤིང་མཱི་གཉིས་པར་ཡང་དག ་པར་རིག་པ་ཞེས་བྱའོ།། གནས་གཞན་པ་མ་ཡིན་པ་ནི་ཆུད་པ་མེ་ལོང་ལས་གཞན་པ་མ་ཡིན་པའི་ཕྱིར་རྣམ་པ་སྣ་ཚོགས་ཀྱི་གཟུགས་ལ་སོགས་པར་སྣང་བ་ཕྱི་རོལ་ན་མེད་དོ།། འཕགས་པའི་ཡེ་ཤེས་རྟོགས་པ་ནི་མི་གཉིས་པར་ཡང་དག ་པར་རིག་པའོ།། ཤིན་ཏུ་རྨོངས་པ་ནི་ཕུང་པོར་རྣམ་པར་རྟོག་པ་བགེགས་དང་འཁྲུལ་པའོ།། རྣམ་པར་བཟློག་ནས་ཞེས་བྱ་བ་ནི་བོར་ནས་སོ།། རབ་ཏུ་དབེན་པ་ཞེས་བྱ་བ་ནི་འཛིན་པ་དང་གཟུང་བར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བ ་དོན་དམ་པའི་བདེན་པ་མི་གཉིས་པའི་ཆུད་པ་བསྟན་པར་བྱའོ།། འོན་ཏེ་མོ་གཤམ་གྱི་བུ་ལྟར་ཡང་དག་པ་ཁོ་ནར་ཅི་ཡང་མེད་ན་བདེན་ནོ་ཞེས་ཆོས་ག་ལ་དབེན་པར་བསྟན་པར་བྱ་ཞེས་པ་ལ། དབེན་པ་ནི་བཅོམ་ལྡན་འདས་ཀྱིས ་ཆོས་གསལ་བར་བསྟན་པས་ན་ཐེག་པ་ཆེན་པོ་གཞན་རིགས་པ་དང་ལྡན་པར་རྟག་ཏུ་ཇི་ལྟར་རུང་། དབེན་པ་ནི་ཅི་འང་མ་ཡིན་ཞེས་བྱ་བ་འདི་ནི་དབེན་པའི་དོན་མ་ཡིན་ནོ།། མྱ་ངན་ལས ་འདས་པ་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། དངོས་པོ་ནི་རང་བཞིན་མེད་པའི་མྱ་ངན་ལས་འདས་པ་ནི་གང་གི་ཚེ་ན་རྣལ་འབྱོར་ཅན་རྣམས་ཀྱིས་ཞི་བ་དང་། རོ་གཅིག་པའི་རྣལ་འབྱོར་ཐོབ་པ་དེའི་ཚེ་བདག་དང་བདག་གིས་རང་བཞིན་གྱི་དངོས ་པོ་མེད་པར་གྱུར་པའི་མྱ་ངན་ལོས་འདས་པའོ།། ཡོད་པ་དང་མེད་པར་བརྗོད་དུ་མེད་ཀྱང་ཞི་བ་རྟག་པའོ་ཞེས་བྱེ་བྲག་གོ།། མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་དྲན་ལས་འདས་པ་ནི་ཚངས་པའི་སྤྱིའི་རྣལ་འབྱོར་ལ་མཚན་མ ་རྣམས་ཀྱིས་སྣ་ཚོགས་སུ་གསལ་བའི་རང་བཞིན་མེད་པ་དེ་ནི་མྱ་ངན་ལས་འདས་པའོ་ཞེས་རྟོག་པར་བྱེད་དེ། དེ་བྲས་ནཱ་སྨྲས་པ། ཚངས་པའི་འདི་ནི་སྒྲས་སྤྲུལ་པ།། སྒྲ་ཡི་མཐུར་ནི་རྣམ་པར་གནས།། སྒྲ་ཙོམ་ལས་ནི་བྱུང་བ་ཡང་། ་དེ་ཉིད་དུ་ནི་ཞི་བར་འགྱུར་ཞེས་སོ།། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོག་པའི་མྱ་ངན་ལས་འོངས་པ་ནི་རང་བཞིན་སྐྱེས་བུས་བཟུང་བ་ལ། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པས་འབའ་ཞིག་པར་ཤེས་པའི་ཕྱིར་ཕྱི་ནས་རང ་བཞིན་མེད་པར་རྟོགས་པར་འགྱུར་བ་ནི་འདི་གཞན་ལ་བདག་ཀྱང་གཞན་ནོ་ཞེས་ཏེ་གྲངས་ཅན་གྱི་མྱ་ངན་ལས་འདས་པའོ།། བཞི་པ་ནི་མུ་སྟེགས་ཅན་གྱི་མཐའ་མའི་མྱ་ངན་ལས་འདས་པ་སྟེ། གང་ཟག་ལ་བདག་མེད་པར་ཕུང་པོ་རྣམས ་ཀྱིས་རྒྱུན་འཆད་པ་ནི་མྱ་ངན་ལས་འདས་པ་སྟེ། ཕུང་པོ་མེད་ན་བདེ་བ་མཆོག་ཅེས་པར་རོ།། དེ་དག་ཇི་ལྟར་ན་མུ་སྟེགས་ཅན་གྱི་མཐའ་མ་ཡིན། དེའི་ཕྱིར་གསུངས་པ། ངའི་གསུང་རབ་ལ་ནི་མུ་ཡིན་ནོ་ཞེས་ཏེ། དོན་དམ་པའི་ཆོས ་བཤད་པ་ལ་ཕྱི་རོལ་གྱི་ཚུལ་དུ་བསྟན་པ་ནི་དགོངས་ཞེས་ཐམས་ཅད་མཁྱེན་པའི་གསུངས་ལས་ངེས་སོ།། ཆོས་ལས་བདག་མེད་པའི་ཐེག་པ་ཆེན་པོ་ལ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི ་མཚན་ཉིད་ཀྱི་མྱ་ངན་ལྔས་འདས་པའོ།། དེ་ཉིད་རྒྱུ་དང་དམིགས་པའི་ཕྱིར་རྣམ་པར་ཤེས་པ་བདུན་རྣམས་ཞེས་པ་ལ། དེ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ཉིད་གང་དག་གིས་རྒྱུ་དང་དམིགས་པ་ཡིན་ཞེས་ཚིག་སྦྱར་རོ།། ། ་ཡང་ན་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེའི་རྒྱུ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་དམིགས་པ་ཡང་དེ་ཉིད་དོ།། དེ་དག་གི་རྒྱུ་དང་དམིགས་པར་མཚུངས་ཀྱང་བདུན་གྱི་ནང་ནས་རྣམ་པར་རྟོག་པའི་ཡིད་རྣམ་པར་རྟོག་པའི་བྲག་ཚོགས ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པའི་མཐའ་ཤིན་ཏུ་རྒྱས་པར་བྱེད་དོ།། རྣམ་པར་རྟོག་པ་དེ་ལྡོག་པ་ན་ཡོངསུ་མྱ་ངན་ལས་འདས་པ་སྟེ། དེར་ཡང་ཉོན་མོངས་པའི་རྣམ་པར་རྟོག་པ་ལྡོག་པར་རིག་པར་བྱའོ།། གཞན་དུ་མི་རྟོག་པ ་མེད་པས་རང་གི་ཚིག་དང་འགལ་ཏེ་ཆོས་བསྟན་པ་ཡང་ཇི་ལྟར་ན་རུང་། ཇི་ལྟར་འདིའི་འོག་ཏུ་གསུང་བ། རྣམ་རྟོག་རྣམ་ཤེས་བཟློག་པ་ན།། ད་ནི་མྱ་ངན་ལས་འདས་པའོ་ཞེས་པ་སྟེ། དེས་ན་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི། ་ཏིང་ངེ་འཛིན་གྱི་རྣམ་པ་མཁྱེན་པ་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་མེད་པར་སྐྱེ་བོ་མང་པོ་འདུས་པས་བརྟགས་པའི་དོན་གསོལ་བའི་ལན་དུ་རྣམ་པ་སྣ་ཚོགས་ཀྱི་སྒྲ་དང་དོན་ཐམས་ཅད་ཐ་དད་པའི་ཁྱད ་པར་དུ་ཆོས་སྟོན་ཏོ།། ཡིད་དང་ལྷན་ཅིག་ཏུ། ཞེས་པ་ནི་ཐོག་མ་ཉིད་དུ་རང་དབང་གིས་རྣམ་པར་རྟོག་པའི་རྣམ་པོས་ཡུལ་ཐམས་ཅད་དུ་ཡོངསུ་གཅོད་པའི་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་མ་ཡིན་ཏེ། དེ་ཡང་འབྱུང ་བ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་རྣམས་རབ་ཏུ་གསོ་བར་བྱེད་དོ།། ཁ་གཅིག་ཏུ་ལ་ལར་བདག་དང་བདག་གིས་ལ་མངོན་པར་ཆགས་པས་རྣམ་པར་རྟོག་པར་ཁྱད་པར་དུ་འབྱུང་ན་ནི་དེར་ཉོན་མོངས་པའི་ཡིད་དང་ལྷན ་ཅིག་ཏུའོ།། ཇི་ལྟར་ན་བདག་དང་བདག་གིར་འཛིན་པར་མངོན་པར་ཆགས་ཞེ་ན། ངར་སེམས་པ་ལྟ་བུར་རྗེས་སུ་ཕྱི་ནས་འཇུག་སྟེ། ཇི་ལྟར་དང་འདི་དེའི་ཞེས་པར་རོ།། སོ་སོར་ངེས་པའི་ཡུལ་ཉིད་དུ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར ་ཤེས་པ་ཉོན་མོངས་པའི་ཡིད་དང་ལྷན་ཅིག་ཏུ། ཅིག་ཆར་འཇུག་གི་ཐམས་ཅད་དུ་འཇུག་པས་མ་ཡིན་ནོ་ཞེས་དེ་དག་གི་ཁྱད་པར་རིག་པར་བྱའོ།། སེམས་འདུས་པ་ཇི་ལྟར་འབྱུང་ཞེས་པ་ལ། ལུས་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཅེས་བྱ ་བ་སྟེ། བྱེད་པའི་ཁྱད་པར་སྔ་མ་དང་ཡིང་སྦྱར་བར་བྱའོ།། ཇི་ལྟར་ན་ཡང་ཐ་དད་པ་མ་ཡིན་པ་ཞེ་ན། ཀུན་གའི་རྣམ་པར་ཤེས་པ་མ་གཏོགས་པར་འདུས་པ་མེད་པའི་ཕྱིར་རོ།། ཇི་ལྟར་རྨི་ལམ་གྱི་དུས་ན་ལུས་དང་ལོངས་སྤྱོད་དང་། གནས་ཀྱི་རྒྱུར ་གྱུར་པ་ཀུན་གཞི་རྣམ་པར་ཤེས་པ་མིག་ལ་སྩོགས་པའི་ཤེས་པ་རྣམས་དང་། དེ་ཉིད་གཟུགས་ལ་སོགས་པའི་སྐྱེ་མཆེད་དམིགས་པའི་རྣམ་པར་སོ་སོར་སྣང་བ་དེ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་ཕྱི་རོལ་གྱི་དོན་མེད་པར ་གཉིས་རྣམ་པར་སོ་སོར་སྣང་ངོ་།། གཅིག་གི་རྒྱུར་གཅིག་གྱུར་པ་ཞེས་བྱ་བ་ནི་བག་ཆགས་སོགས་པ་དང་། ཡོངསུ་སྨིན་པའི་རྒྱུའི་ཕྱིར་རོ།། དངོས་པོར་མྱ་ངན་མི་འདའ་ཞེས་བྱ་བ་ནི་མི་གཉིས་པའི་དོན་དམ་པའི་རོང་བཞིན་གྱིས་མྱ་ངན་ལས ་འདའ་བའོ།། རྡོ་རྗེའི་སྐུའི་སྐུ་གདུང་ཡེ་ཤེས་ཀྱི་རྡོ་རྗེའི་བྱ་བས་སེམས་ཅན་གྱི་དོན་དུ་ཞིབ་མོར་ཕྱེ་བའོ།། སེངྒེ་ཉལ་བ་ལ་སོགས་པའི་མཚན་ཉིད་ཀྱིས་ཀྱང་མ་ཡིན་ཏེ། ཇི་ལྟར་ཞེ་ན། རྣམ་རྟོག་རྣམ་པར་ཤེས་པ་ལས།། བཟློག་པས་མྱ་ངན ་ང་འདས་སོ།། དངོས་པོ་དང་དངོས་པོ་མེད་པར་རྟོག་པ་སྤ་ཡི་ཕྱིར་རོ།། བརྗོད་པ་ནི་སྒྲ་ཉིད་དོ།། སྙན་པ་ལ་སོགས་པའི་དབྱངས་སྣ་ཚོགས་པ་རྣམ་པར་རྟོག་པ་ནི་བརྗོད་པ་ལ་རྣམ་པར་རྟོག་པའོ།། གང་ཅི་ཡང་རུང་བར་སྨྲ་བར་བྱ་བ་ཞེས་པ་ནོ་སྐྱེ ་རྣམ་པར་རང་གི་མཚན་ཉིད་མི་གཉིས་པ་ཡང་རྣམ་པར་རྟོག་པར་བྱེད་དེ། དེ་ལྟ་བུའི་གང་རྣམ་པར་རྟོག་པའོ།། གང་ཅུང་ཟད་མྱ་ངམ་གྱི་སྨིག་རྒྱུ་ལ་སོགས་པ་ཆུར་འཁྲུལ་པའི་རང་བཞིན་རི་དགས་སྐོམ་པ་ལྟ་བུའི་སྨྲ་བར་བྱ་བ་དེ་ཕུང་པོ་ངོ ་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཉིས་ཀྱི་རྣམ་པར་སྣང་བ་རྣམ་པ་དེ་ལྟར་བུ་ལ་རང་བཞིན་པར་ཁོང་དུ་ཆུད་པར་བྱེད་དོ།། ཇི་ལྟར་ན་ཞེས་པ་དེ་ལ་དེ་ལྟར་གསལ་བར་བརྗེད་པའི་མཚན་ཉིད་སྣ་ཚོགས་ལ་སོགས་པའོ།། འདི་ནི་འདི་ལྟ་སྟེ། ་འདི་ནི་འདི་བཞིན་པ་ཉིད་དུ་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ནི་ལྷག་མས་བཤད་དོ།། གང་ཞེས་བྱ་བ་ནི་བསྒྲུབ་པའོ།། གང་གིས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་ཏེ་རང་བཞིན་གསུམ་གྱི་མཚན་མས་ཡོད ་ང་མེད་པ་ངེས་པས་སོ།། གང་ན་འཐད་པ་ཞེས་བྱ་བར་ཀློགདེར་རྒྱུའི་མཚན་ཉིད་ཁྱབ་པར་སྨྲ་བ་ནི། གང་རྣམ་པ་དེ་ལྟ་བུ་དེ་ནི་རྣམ་པ་དེ་ལྟ་བུ་ཡིན་པ་འམ་འཐད་དོ་ཞེས་རང་བཞིན་གསུམ་གྱི་མཚན་མ་ལ་དེ་ལྟར་གསུང་བར་དགོངས་པར་རྟོག།། ་རིག་པ་ལ་རྣམ་པར་རྟོག་པ་ནི་ཇི་ལྟར་གང་དག་གིས་མཐོང་བ་དེ་ཉིད་ལ་རིག་པས་ན་མཐོང་བ་དང་རེག་པ་དོན་གཅིག་ཏུ་འཛིན་པའི་ཕྱིར་བདག་ཡོད་དོ་ཞེས་ཏེ། རྩོད་པའི་རྣམ་པར་གཟུང་བའི་དུས་ན་བདག་མེད་དོ་ཞེས་བསྟན་པར་བྱ་སྟེ། བདེ་བ་དང་སྡུག ་བསྔལ་དུ་མྱོང་བ་ཐ་དད་པར་དབྱེ་བ་ན་ཆུད་པ་མ་གཏོགས་པར་དམིགས་སུ་མེད་པའི་ཕྱིར་རོ།། ཡོད་པ་དང་མེད་པ་སྐྱེ་བ་ནི་གྲངས་ཅན་དང་ཁྱད་པར་ཅན་ལ་སོགས་པ་རྣམས་ཀྱིའོ།། མི་སྐྱེ་བ་ལ་རྣམ་པར་རྟོག་པ་ནི་ས་དངོ་ཆུ་དང་མེ་དང་རླུང་གི ་ཡང་དག་པ་མ་ཡིན་ཏེ། མ་བྱུང་བ་སེམས་ཅན་རྐྱེན་དེ་དག་རྣམས་ལས་འབྱུང་བར་འགྱུར་རོ།། རྒྱུ་མེད་པའི་ལུས་ཞེས་པ་ནི་ཇི་ལྟར་ད་ལྟར་གྱི་དུས་ན་ཆུང་བའི་རྒྱུ་ལས་ཆུད་པ་གཞན་སྐྱེ་བ་དེ་ལྟར་སྔོན་གྱི་རྒྱུ་མེད་པའི་ལུས་ཏེ། ཆུད་པའི་རྒྱུ་ལས ་རིག་པ་སྐྱེ་བ་མེད་དོ་ཞེས་སོ།། གཉིས་པོ་གང་དང་གང་སྦྱོར་བ་དེ་ནི་འབྲེལ་པ་སྟེ། གསེར་གྱི་སྐྲོད་པར་གང་བརྒྱུད་པར་སྣང་བཞིན་ཏེ། སྒྱུ་མའི་རང་བཞིན་ཕྱི་རོལ་གྱི་དོན་ལ་ཡང་རིན་པོ་ཆེ་ལ་སོགས་པར་འབྲེལ་པར་རྟོག་པ་དེ་བཞིན ་ཆུད་པའི་རྒྱུན་གྱིས་རྒྱུད་ལ་གཟུང་བ་དང་འཛིན་པ་དག་གོ།། བཅིངས་པ་ཉིད་ཀྱང་མ་བཅིངས་པ་ཡིན་ཏེ་ཐབས་ཤིག་གིས་འགྲོལ་བས་ན། བཅིངས་པ་ཡང་མ་བཅིངས་པའོ།། དཔེར་ན་གསུངས་པ། ཇི་ལྟར་སྐྱེས་བུ་ཞེས་ཏེ་ཐག་པ་མདུད ་པ་བོར་བ་སོ་བུམ་པ་ལ་སོགས་པའི་དོན་ཁ་ཅིག་འཆིང་བས་བཅིངས་པ་མདུད་པ་འགྲོལ་བས་བཀྲོལ་བ་དེ་བཞིན་དུ་མཉམ་པར་མི་འཇོག་པའི་མ་རིག་པས་བདག་དང་བདག་གིར་ཆགས་པ་དང་། ལས་ཀྱི་ཞགསོ་པས་བཅིངས་པ་ལས་བདག ་མེད་པ་གཉིས་རྟོགས་ན་གྲོལ་བར་འགྱུར་རོ།། ཡོད་པ་དང་མེད་པ་ཞེས་པ་ནི་འདྲི་ནི་ཡོད་དོ།། འདི་ནི་མེད་དོ་ཞེས་པར་མཚན་ཉིད་རྟོགས་པ་བྱེད་དེ། རྟག་པ་ཕྱི་རོལ་གྱི་རྡུལ་ཕྲ་མོའི་རྫས་ཀྱིས་བརྩམས་པ་ས་ལ་སོགས་པ་ནི་གཉིད་ཀྱིས་མ ་ལོག་པའི་དུས་ན་ཡོད་ལ། རྨི་ལམ་གྱི་དུས་ན་མེད་དོ་ཞེས་སོ།། གཞན་གྱི་དབང་གིས་རྣམ་པ་དེ་ལྟ་གསལ་བ་ལ་བརྟགས་པའི་མཚན་ཉིད་རྣམ་པ་དེ་ལྟ་བུར་མངོན་པ་ཆགས་པར་བྱེད་པའི་སྒྱུ་མའི་གནས་སྣ་ཚོགས་མཐོང་བ་བཞིན་ནོ། ་ཞེས་ཏེ། སྒྱུ་མའི་གནས་ནི་རྣམ་པར་རྟོག་པའི་རྣམ་པ་དུ་མར་གང་སྣ་ཚོགས་སུ་ཕྱི་རོལ་གྱི་མཛེས་པ་དང་། མི་མཛེས་པ་ལ་སོགས་པའི་རྣམ་པ་འཁྲུལ་བ་རྣམས་ཀྱིས་མཐོང་བ་སྟེ། དེ་ལྟ་བུ་སྒྱུ་མའི་བདག་ཉིད་ཀྱི་གཞན་གྱི་དབང་གཟུགས ་ཀྱི་རྣམ་པ་གསལ་བའི་གནས་ནི་བརྟགས་པའི་མཚན་ཉིད་ཡིན་ནོ།། སྒྱུ་མ་གཞན་དུ་མཐོང་བའི་བློས་ཞེས་པ་ནི་མཐོང་བ་དང་རེག་པའི་བློས་གཟུགས་དང་རེག་པ་ལ་སོགས་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་གནས་གཞན་དུ་ཕྱི་རོལ་གྱི ་ཡན་ལག་ཅན་རྫས་ཉིད་དུ་འཛིན་པ་ནི་སྒྱུ་མའི་གཟུགས་ཉིད་དུ་གང་བསྣང་བ་དེ་ལ་བྱིས་པ་རྣམས་ཀྱིས་དེ་ལྟར་ཀུན་རྟོག་གོ།། སྣ་ཚོགས་དང་སྒྱུ་མ་ནི་ཅིག་པ་དང་ཐ་དད་པ་མ་ཡིན་པ་ཞེས་པ་ནི་གཟུགས།། ་དང་རེག་པ་ལ་སོགས་པར་སྣང་བ་ནི་འདུས་པའི་ཡུལ་གྱི་ཕྱིར།། ཡོན་ཏན་དང་ཡོན་ཏན་ཅན་གྱི་རྐྱེན་བྱིས་པས་བརྟགས་པའི་རྣམ་པ་དེ་ལྟ་བུ་ལ་འདི་ནི་གཟུགས་དང་ལྡན་ནོ།། འདི་ནི་རིག་པ་དང་ལྡན་ཞིང་རྫས་གཞན་ཡིན་ནོ་ཞེས་གཟུགས། ་ལ་སོགས་པ་འདུས་པའི་གཟིགས་ཉིད་ལ། འདི་ནི་གཟུགས་དང་ལྡན་པའོ།། འདི་ནི་རེག་པ་དང་ལྡན་པའོ་ཞེས་སྨོས་པར་བྱེད་དོ།། འདུས་པའི་གཟུགས་ལ་གཟུགས་སམ་གཟུགས་ལ་སོགས་པ་ཡོད་དོ་ཞེས་ཐ་དད་པར་བརྟག་པ ་ནི་གཟུགས་ལ་སོགས་པ་མ་གཏོགས་པར་རྫས་ཡོད་པ་མ་ཡི་ནོ།། ཇི་ལྟར་ཚལ་གཅིག་ལ་སྐྱེད་ཅིང་འདི་རྣམས་ཀྱི་ཆེལ་འདི་རྣམ་ཀྱིས་ཚལ་འདི་སྐྱེད་ཤིང་དུ་ལྡན་པ་ཡིན་ཞེས་སྐྱེད་ཤིང་ནི་མང་ལ་ཚལ་ནི་གཅིག་པུ་ཉིད་དུ་བརྟགས་པའོ།། ཇི་ལྟར་གཟུགས ་ལ་སོགས་པ་འདུས་པ་ལ་སྣམ་བུ་ལ་སོགས་པ་གཅིག་པུ་ཉིད་དང་། གཟུགས་ལ་སོགས་པ་མང་པོ་ཁོ་ནར་ཏེ། དེ་ཡང་དེ་དོག་མ་གཏོགས་པར་གཅིག་པུ་ཉིད་མི་སྲིད་ལ། ཐམས་ཅད་ལ་ཡང་གཅིག་པུ་ཉིད་དུ་མ་ཡིན་ཏེ། དེ་ལྟར ་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བསྙད་དུ་བྱའོ།། དེས་ན་སྒྱུ་མ་དང་སྣ་ཚོགས་གཅིག་པ་དང་། ཐ་དད་པར་གང་རྟོགས་པ་དེ་ནི་མི་རུང་ངོ་།། གང་གིས་ཐ་དད་པར་ངེས་པ་ངེས་གཅིག་པར་མི་རུང་ངོ་།། འདུས་པའི་གཟུགས་ལ་སྨྲ ་མའི་གཟུགས་གཅིག་ཏུ་ངེས་པས་ན་ཐ་དད་པར་དམིགས་སུ་མེད་པའི་ཕྱིར་ཐ་དད་པར་ཡང་མི་རུང་ངོ་།། དོན་དམ་པར་ན་གཉིས་ཀ་ཡང་མེད་ཅེས་དགོངས་པའོ།། འཇིག་རྟེན་ཆགས་པ་ལྟར་ཡོད་པ་དང་མེད་པར་མི་ཆགས་པར་བྱའོ་ཞེ ་དེའི་ཕྱིར་གསུངས་པ་སྟེ། དེ་ནི་སྣང་བ་ཙམ་མོ་ཞེས་དགོངས་པའོ།། སེམས་ནི་ཡུལ་དང་ཀུན་ཏུ་འབྲེལ་ཅེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བའི་གཞན་གྱི་དབང་ངོ་།། རྟོག་པ་ལོ་ན་རྣམ ་པར་འཇུག་ཅེས་པ་ནི་བརྟགས་པའི་ཡུལ་རྟག་པ་དང་། ཕྱི་རོལ་དང་། རྫས་དང་། ཡོན་ཏན་དང་། ལས་ལ་སོགས་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྗེས་སུ་རྟོག་པའོ།། སྣང་བ་མེད་པའི་ཡོངས་སུ་གྲུབ་པའོ།། མི་གཉིས་པའི ་རང་གི་མཚན་ཉིད་ལ་ཤེས་རབ་རྣམ་པ་གསུམ་ཅར་ཡང་འཇུག་གོ། འང་གི་སྒྲའི་དོན་ནུ་སྔ་མའི་ཕྱོགས་ལ་བལྟས་ཏེ་བྱེ་བྲག་ཏུ་སྣང་བར་བྱས་པའི་ཕྱིར་རོ།། ཀུན་བརྟགས་པའི་རང་བཞིན་ཡོད་གཞན་གྱི་དབང་ནི་མེད་པ་སྟེ་ཞེས་པ་ནི་ཀུན ་བརྟགས་པའི་རང་བཞིན་ཡིད་ཆེས་པར་བྱེད་པ་ཡོད་ལ། གཞན་གྱི་དབང་ནི་རྣམ་པར་མི་རྟོག་པའི་ཆུང་པ་མེད་དོ་ཞེས་རྣམ་པར་རྟོག་པ་དང་བཅས་པ་མངོན་སུམ་པར་སྨྲ་བ་པ་རྣམས་ཕྱིར་རྒོལ་བར་དེ་ལྟར་ཐུགས་དོགས་ནས་ཐམས་ཅད ་མཁྱེན་པས་དེའི་ལན་དུ་གསུངས་པ། ནོར་པ་དག་གིས་བརྟགས་པ་སྣང་བ་ཞེས་པ་སྟེ། ནོར་པའི་རྣམ་པར་སྒྲའི་དོན་སྤྱིར་འཛིན་པར་བྱེད་དེ། དེས་ན་བརྟགས་པའི་རང་བཞིན་ནོར་པས་འཛིན་ཏོ།། གཞན་གྱི་དབང་གསལ་བས་ན་རྣམ་པར་མི་རྟོག། ་ཞེས་ཁྱོད་ཀྱིས་བཤད་མོད་ཀྱིས། འོན་ཀྱང་ཀུན་བརྟགས་པ་བཞིན་དུ་རྟོག་པ་སྟེ་ཞེས་དེ་དེ་སྙམ་དུ་གྱུར་པར་ཐུགས་དོགས་ནས་གཞན་གྱི་དབང་མི་རྟོག་གོ་ཞེས་པ་སྟེ། རབ་རིབ་ལ་སོགས་པས་སྐྲ་ལ ་སོགས་པ་གསལ་བའི་གཟུགས་བདག་ཉིད་འདོད་པ་བཞིན་དུ་འབྱུང་བར་འགྱུར་བ་དང་། འབྱུང་བར་མ་གྱུར་ཅིག་ཅེས་འདོད་ཀྱང་དེའི་དབང་དུ་གྱུར་པ་ལྟ་བུའོ།། རྟོག་པ་ནི་དེ་ལྟ་བུར་མ་ཡིན་ཏེ་བདག་གི་འདོད་པ་འབྱུང་བ་དང་ལྡོག་པ་སྟེ། ་བདག་ཉིད་ལ་བདག་ཉིད་ཀྱིས་རྣམ་པར་མི་རྟོག་གོ་ཞེས་སོ།། གང་ན་བརྟགས་པར་ཀློག་པ་དེར་དེ་ཡོད་པ་ཉིད་ནི་རྟ་ལ་རྟོགས་པ་ཡང་བ་ལང་མཐོང་བའི་ཕྱིར་རོ་ཞེས་པའོ།། དོན་དམ་པའི་བདེན་པ་ཚིགས་སུ་བཅད་པ་ཕྱིར་གསུངས་པ། ཚིགས།། ་སུ་བཅད་པ་རྣམས་སུ་ཁྱད་པར་དུ་ཕྱེ་བ་ལ་སོགས་པར་འབྲེལ་པ་ཡང་སྣང་བས་ན་དེ་ན་དེའི་ཕྱིར་བཤད་པ་ཙམ་མོ།། སྒྱུ་མ་ཡན་ལག་དང་ཡན་ལག་ཅན་རྣམ་པ་སྣ་ཚོགས་ཀྱི་དངོས་པོར་བརྟགས་པ་ཕྱི་རོལ་གྱིས་དངོས་པོ་ལྟ་བུར་མི ་འགྲུབ་སྟེ། དེ་སྣང་བ་ཙམ་གྱི་ཕྱིརརོ།། དེ་བཞིན་དུ་མཚན་མ་ཡང་གང་དོན་སྣ་ཚོགས་བྱ་བ་བྱེད་པར་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་བར་ཀུན་རྟོག་པ་དེ་ལྟ་བུ་དེ་ཡང་ཕྱོགས་ཀྱི་ཆ་ཐ་དད་པར་དབྱེ་བ་ན་མི་གྲུབ་པ་ནི་གཟུགས་སེམས ་སྣང་བ་ཙམ་གྱི་ཕྱིར་ཏེ། དེ་བཞིན་གྱི་སྤུ་རུང་ངོ་།། མཚན་མ་གནས་ངན་ལེན་གྱི་ཞེས་བྱ་བ་ལ་སོགས་པ་ལ་མཚན་མ་ནི་གཟུགས་ལ་སོགས་པའི་མཚན་མེ་སྟེ། ནང་བློངས་པའི་མཐུས་མོ་གོ་འཁོར་བ་དང་། རབ་རིང་དང ་བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་ངོ་།། དེ་ལ་གནས་ངན་ལེན་གྱི་མཚན་མ་ཡང་རྟག་པ་དང་། བདག་དང་བདེ་བ་དང་གཙང་བར་ཕྱིའི་དངོས་པོར་ཕྱིན་ཅི་ལོག་གི་འཁོར་བའི་འཆིང་བ་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན ་འབྱུང་ངོ་།། ཀུན་ཏུ་བརྟགས་པ་ནི་བདག་དང་། ཕྱི་རོལ་དང་རྫས་ལ་སོགས་པའི་རང་བཞིན་དུ་ཀུན་ཏུ་སྒྲོ་བཏགས་མི་ཤེས་པ་བླུན་པ་རྣམས་ཀྱིས་གཞན་གྱིས་དབང་གསལ་བའི་གཟུགས་སུ་སྣང་བ་ལ་རྟག་པ་དང་། ཕྱི་རོལ་དང་། རྫས ་ལ་སོགས་པར་རྟོག་གོ། གང་འདི་ཞེས་བྱ་བ་ལ་སོགས་པ་ནི་གོང་མའི་ཚིགས་སུ་བཅད་པའི་དོན་དེ་ཉིད་གསལ་བར་མཛད་པ་སྦོམ་པོ་ཡན་ལག་ཅན་གྱི་གཟུགས་མ་སྐྱེས་པ་ཉིད་ཡོན་ཏན་དང་། ལས་དང་སྤྱི་ལ་སོགས་པར་འགྲེལ་བའི ་རྒྱུ་སྣ་ཚོགས་སུ་གཞན་གྱི་དབང་ཉིད་སྐྱེས་སོ་ཞེས་ཀུན་ཏུ་རྟོག་གོ། དེ་ནི་ལེའུ་སྔ་མཱ་ཕྱེད་ཕྱི་མ་ཕྱེད་ཀྱིས་བཤད་པ་ནི། སྣ་ཚོགས་སྣང་བ་ནི་ཞེས་ཏེ་རིགས་དང་། ཡོན་ཏན་དང་། ལསྭ་ལ་སོགས་པའི་གནས་རྣམས་ཀྱིས་ཀུན་བརྟགས ་པ་ཉིད་གཞན་གྱི་དབང་ཡིན་ནོ་ཞེས་བྱིས་པ་རྣམས་ཀྱིས་རྣམ་པར་རྟོག་གོ། ཕྱིན་ཅི་ལོག་མ་ཡིན་པ་མཚན་ཉིད་གསུམ་པོ་འདིས་ཐོག་པ་ཆེན་པོ་མདོ་སྡེ་ཟབ་མོ་རྣམས་ཁྱབ་པ་སྟེ། ཇི་ལྟར་འདིར་གསུངས་པར་མཛད་པ། བརྟགས ་པ་ཡི་ནི་རང་བཞིན་གྱིས།། ཐམས་ཅད་ཆོས་ནི་མ་སྐྱེས་ཏེ།། གཞན་དབང་ལ་ནི་རྟེན་ནས་སུ།། མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ།། གང་ཚེ་གཞན་དབང་རྣམ་རྟོག་གིས།། རྣམ་པར་སྤངས་པ་དག་པ་ནི།། གྲུབ་པ་དེ་བཞིན་ཉིད་པར་བསྟན།། ་མདོ་སྡེ་མདོ་སྡེ་རངས་བཤད་དོ་ཞེས་པའོ།། ཇི་ལྟར་ན་ཡང་བརྟགས་པ་མ་སྐྱེས་ཞེས་པ་དང་། དེ་སྒྲུབ་པར་མཛད་པ། ཀུན་རྫོབ་དང་ནི་དོན་དམ་སྟེ་ཞེས་པ་སྟེ། གང་ན་ཀུན་རྫོབ་གཞན་གྱི་དབང་གཟུགས་ལ་སམ། ་པ་གསལ་བར་གཅོད་པ་དེས་དེ་ཁོ་ན་ཉིད་མི་གཉིས་པར་ཡང་དག་པར་རིག་པ་ལ་སྒྲིབ་པར་བྱེད་དེ། རབ་རིབ་ཅན་ལ་སོགས་པའི་གཟུགས་ཀྱིས་ཡང་དག་པར་རིག་པ་ལ་སྒྲིབ་པ་བཞིན་ནོ།། རྒྱུ་ལ་སྟེ་སྐྱེས་པ་གསུམ་པ་མེད་ཅེས་པ་ནི་མོ་ག། ཤམ་གྱི་རྒྱུ ་ལྟ་བུའི་རྟགས་པ་དང་། བདག་དང་། རྡུལ་ཕྲ་མོ་དང་། ཡན་ལག་གི་རྫས་ལ་སོགས་པ་རྣམ་པར་བརྟགས་པ་འབའ་ཤིག་སྟེ། དེ་སྐྱེས་པས་ན་དེ་ནི་བརྟགས་པའོ།། གང་ཡང་རང་འཁྲུགས་པའི་རྒྱུ་ལས་སྐྱེས་པ་དེ་ནི་གཞན་གྱི་དབང་སྟེ། རབ་ར ་ཅན་གྱི་གཟུགས་ལ་སོགས་པ་སྣང་བ་བཞིན་ཏེ་རབ་རིབ་ཅན་གྱིས་གཟུགས་དེ་མཐོང་བས་སོ།། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་རྣམས་སྣ་ཚོགས་ཀྱིས་དོན་བྱེད་པ་བཞིན་དུ་སིམ་པ་དང་གདུང་བ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་ཡང་དེ་ན ་ཡོད་དོ།། རྒྱུ་ལས་མ་སྐྱེས་པའི་ཀུན་རྫོབ་ནི་བརྟགས་པ་ཉིད་དེ། མི་ཤེས་པའི་མུ་སྟེགས་ཅན་རྣམས་ཀྱིས་ཡན་ལག་ཅན་གྱི་རྫས་ཡན་ལག་རྣམས་ལ་སྐྱེས་སོ་ཞེས་སྨོས་པའི་དོན་དེ་ཉིད་གསུངས་པ། བརྟགས་པ་དག་ནི་ཀུན་རྫོབ་བཤད་ཅེས་པའོ།། ་དེ་བཅད་ཅེས་པ་ནི་མ་སྨྱོས་པའི་བརྟགས་པ་དེ་བཅད་པའི་ཕྱིར་ཏེ། ཉོན་མོངས་པ་གསལ་བར་གཉིས་ཀྱི་རྣམ་པའི་སྐྱེས་པའི་ཀུན་རྫོབ་གཞན་གྱི་དབང་གི་རང་བཞིན་སྤངས་ན་འཕགས་པའི་སྤྱོད་ཡུལ་ཏེ། དོན་དམ་པའི་བདེན་པའི་གྲུབ་པ་མི་གཉིས ་པར་ཡང་དག་པར་རིག་པའོ།། རྣལ་འབྱོར་པ་རྣམས་ཀྱི་སྣང་བ་མེད་ཅིང་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པའི་དངོས་པོ་ནི་རྣམ་པར་མི་རྟོག་པ་སྟེ། དེའི་ཏིང་ངེ་འཛིན་ལས་བཞེངས་ཏེ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན ་ལ་བཞུགས་པ་རྣམས་ལ་སྣ་ཚོགས་ནི་དངོས་པོ་གཅིག་ཏུ་སྣང་ངོ་།། དོན་དམ་བུ་དེ་ལས་ཀྱང་སྣ་ཚོགས་གུད་ན་མེད་པ་དེ་བཞིན་དུ་གཞན་གྱི་དབང་གི་རྫས་ལས་ཀུན་བརྟགས་པའི་དངོས་པོའི་མཚན་ཉིད་གུད་ནི་མེད་དོ།། རྒྱུ་སྤྱན་ལ་སོགས་པ ་མ་གཏོགས་པར་སྣམ་བུ་ལ་སོགས་པའི་རྫས་ཀྱི་ཐ་སྙད་མེད་པའི་ཕྱིར།། ཇི་ལྟར་ན་ཡང་གང་གཅིག་ཡིན་པ་སྣ་ཚོགས་མ་ཡིན་པ་ཞེས་པ་དང་གསུངས་པ། ཇི་ལྟར་རབ་རིབ་ཅན་དག་གིས་ཞེས་ཏེ། ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་མཐོ་བ ་དང་དམའ་བ་ལ་སོགས་པའི་རིམ་པར་གཟུགས་སུ་སྣང་བའི་ཤེས་པ་སྣ་ཚོག་སུ་རྟོག་གི། གཟུགས་སྣ་ཚོགས་ཀྱི་དམིགས་པ་དེ་ནི་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་སྣ་ཚོགས་སུ་ཤེས་པ་ཡང་ཡང་དག་པར་ན་ཡུལ་མེད་པ་ཉིད་དོ།། འོན ་ཀྱང་ནང་བློངས་པའི་མཐུ་ལས་འཁྲུལ་པའི་ཤེས་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་།། གང་གི་ན་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རབ་རིབ་ཀྱི་གཟུགས་ནི་གཟུགས་མ་ཡིན་པར་ཤེས་རབ་ཀྱིས་མཐོང་བ་དང་། སྣང་བ་ཙམ་གྱི་ཕྱིར་གཟུགས་མེད་པ ་ཡང་མ་ཡིན་པ་དེ་བཞིན་དུ་མཁས་པས་ཡོངསུ་གྲུབ་པའི་རང་བཞིན་ལ་རབ་རིབ་ཅན་གྱི་གཟུགས་ལྟ་བུའི་གཞན་གྱི་དབང་མེད་པར་རབ་ཏུ་ཡིད་ཆེས་སོ།། ཇི་ལྟར་ན་ཡང་གཉིས་ཀྱི་རྣམ་པའི་གཞན་གྱི་དབང་མ་གཏོགས་པར་དག་པ་གཉིས་སུ ་མེད་པའི་ཡང་དག་པར་རིག་པ་ཡོད་པར་བརྟགས་ཞེས་དེ་ལྟ་བུར་ཐུགས་དོགས་ནས་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཇི་ལྟར་གསེར་ཞེས་ཏེ། དྲི་མ་དང་བྲལ་བའི ་བའི་ཕྱིར་དག་པའོ།། རྙོག་མ་སྤངས་ཏེ་ཆུ་དག་པ་དེ་བཞིན་དུ་བརྟགས་པ་དང་གཞན་གྱི་དབང་གི་རང་བཞིན་མ་གཏོགས་པར་དག་པར་རབ་ཏུ་བརྟགས་པ་སྟེ། རྣམ་པར་བཞག་ཅེས་བྱ་བའི་དོན་ཏོ།། བརྟགས་པ་ལ་ནི་དངོས་པོ་མེད་ཅེས་པ་ནི་རྣམ ་པར་བཞག་པའི་ཚུལ་གྱིས་སོ།། གཞན་གྱི་དབང་ནི་ཡོད་པ་སྟེ་ཞེས་པ་ནི་གཞན་གྱི་དབང་གཉིས་ཀྱི་རྣམ་པ་འབའ་ཞིག་ཡོད་ཀྱི། མི་གཉིས་པའི་ཆུད་པ་མེད་དོ་ཞེས་དེ་ལྟར་རྣམ་པར་རྟོག་པ་ན་ལེགས་པའི་ལམ་ལས་འཇིག་པར་འགྱུར་བ་ནི ་བརྙག་པར་འགྱུར་བ་སྟེ། ནོར་པ་ལམ་དུ་འཇུག་པར་འགྱུར་རོ།། གཞན་གྱི་དབང་ཡོད་པར་སྒྲོ་འདོགས་པ་དང་། བརྟགས་པ་དང་། གྲུབ་པ་མེད་པར་སྦྱར་བ་ལ།། གལ་ཏེ་བརྟགས་པ་དངོས་མེད་ལ།། བདེན་པར་གཞན་གྱི་དབང་ཡོད་ན་ཞེས་པ་སྟེ།། ། ་དེ་སྟེ་བརྟགས་པ་སྣམ་བུ་ལ་སོགས་པའི་རྫས་དངོས་པོའི་བདག་ཉིད་དུ་ཡོད་པ་མ་ཡིན་པར་གྱུར་ལ། གཞན་གྱི་རྒྱུ་སྤུན་ལ་སོགས་པའི་རྒྱུ་དོན་དམ་པར་དངོས་པོའི་རང་བཞིན་དུ་བདེན་ན་ནི་དེའི་ཚེ་དངོས་པོ་མེད་པར་དངོས་པོ་སྟེ་ཞེས་པར་རྟོག་པར ་བྱེད་དོ།། རྒྱུ་སྤུན་ལ་སོགས་པའི་རྒྱུ་རྣམས་ཀྱང་ཡན་ལག་ཏུ་རྣམ་པར་ཕྱེ་བས་སྟོང་པའི་ཕྱིར་དེ་བས་ན་དངོས་པོ་སྣམ་བུ་ལ་སོགས་པ་མེད་པ་ལས་འབྱུང་བར་འགྱུར་བ་ནི་དངོས་པོ་མེད་པ་ལས་ཡན་ལག་ཅན་གྱི་རྫས་འབྱུང་ངོ་།། ཀུན་བརྟགས ་པ་ནི་རྒྱུ་སྤུན་ལ་སོགས་པའི་རྫས་ལ་གནས་ཏེ་གྲོང་མའི་རིམ་པ་ཞེང་དང་ཆུར་གྱུར་ཏེ། རྒྱུ་སྤུན་གྱི་ཆའི་རྡུལ་འདུས་པ་ལས་གསལ་བར་སྣང་བའི་གཞན་གྱིས་དབང་སྣམ་བུ་ལ་སོགས་པ་སྦོམ་པོར་ཉེ་བར་དམིགས་སོ།། མིང་དང་མཚན ་མ་འབྲེལ་པ་ལས་ཞེས་པ་ནི་གཅིག་པུ་དང་། སྦོམ་པོ་དང་། ཆེན་པོ་དང་། གྲངས་དང་། ཚོད་ལ་སོགས་པ་ལ་མཚན་མ་ཞེས་བྱའོ།། མིང་ནི་རྒྱུ་སྤུན་དང་སྣམ་བུ་ལ་སོགས་པར་བརྗོད་པ་སྟེ། དེ་བས་ན་མིང་དང་མཚན་མར་འབྲེལ་པ་ལས ་སྐྱེ་བར་འགྱུར་རོ།། རྡུལ་འདུས་པ་གཞན་གྱི་སྣང་བའི་གཟུགས་ལ་མཚན་མར་གཅིག་པར་སྒྲོ་བཏགས་པས་ན་ཀུན་བཏགས་པ་ཉིད་དོ།། བརྟགས་པ་ཤིན་ཏུ་མ་གྲུབ་སྟེ། གཞན་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་པ་གཞན་གྱི་དབང་ཡན་ལག ་གཽ་རྫས་བུམ་པ་ལ་སོགས་པ་སྟེ། གཞན་ལས་འབྱུང་བའོ།། བརྟགས་པ་ནི་རྟག་པའི་རྡུལ་གཉིས་ལ་སོགས་པའི་རྒྱུ་སྤུན་གྱི་རྒྱུ་གཞན་ལས་འབྱུང་བ་མ་ཡིན་ནོ།། ཤིན་ཏུ་མ་གྲུབ་སྟེ་ཞེས་པ་ནི་རྒྱུ་སྤུན་ལ་སོགས་པ་གཟུགས་ནི་རྡུལ་ཕྲན ་བཞིགས་པ་ན། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པས་སྟོང་པའི་ཕྱིར་དེའི་ཚེ་ཤེས་པར་བྱ་བ་མེད་པས་ཤེས་པ་འཛིན་པ་ཡང་མི་འབྱུང་ངོ་།། གང་གི་ཚེ་ཅི་འང་མི་དམིགས་པ་དེའི་ཚེ་གཟུང་བ་དང་འཛིན་པས་སྟོང་པ་སྟེ། མི་གཉིས་པར ་ཡང་དག་པར་རིག་པའི་རང་བཞིན་དོན་དམ་པའི་དག་པ་གནས་པོར་འགྱུར་རོ།། ཀུན་བརྟོགས་པ་ནི་རྣམ་པ་བཅུ་སྟེ་ཞེས་པ་ཀློག་པ་ནི་བརྗོད་པ་ལ་སོགས་པའི་རྣམ་པར་རྟོག་པའི་གྲངས་ཀྱིས་བརྟགས་པ་རྣམ་པ་བཅུ་གཉིས་སུ་ཀླག་པར ་བརྟག་གོ།། གཞན་གྱི་དབང་གི་རྣམ་པ་དྲུག་ཅེས་པ་ནི་རྣམ་པའི་དོན་དུ་ཀུན་གཞི་རྣམ་པར་ཤེས་པ་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་ཁམས་བརྒྱད་དུ་བརྟགས་པར་བརྟག་གོ།། གཞན་གྱིས་དབང་རྒྱུ་དང ་རྐྱེན་ལས་འབྱུང་བ་དེ་ཉིད་དེ་བཞིན་པ་ཉིད་དུ་ཡང་དག་པར་རིག་པ་ཙམ་གྱི་ཕྱིར་རྣམ་པ་གཞན་དུ་ཁྱད་པར་དུ་འབྱེད་པ་མེད་དོ།། ཆོས་ལྔ་གསུངས་པ་ནི་མིང་དང་། མཚན་མ་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་དེ་བཞིན ་ཉིད་དེ། དེ་དག་ཉིད་ཡང་དག་པ་ཉིད་དེ་ཆོས་རྣམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ།། རང་བཞིན་ནི་བརྟགས་པ་དང་། གཞན་གྱི་དབང་ཡོངསུ་གྲུབ་པའོ།། དེ་སྒོམས་ན་ཞེས་པ་ནི་བླང་བ་དང་དོར་བའི་ཁྱད་པར་གྱིས་སོ།། མི་འདའོ་ཞེས་པ་ནི་དེ་བཞིན ་པ་ཉིད་ལ་འཇུག་པའོ།། མཚན་མ་ནི་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་སྟེ་གཞན་གྱི་དབང་ངོ་།། གང་མིང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་འབྲེལ་བའི་སྔོན་པོ་དང་། དཀར་པོ་མ་ཡིན་པ་སྟེ། དེར་ནི་དེར་བརྟགས་པ་ཞེས་བྱའོ།། མཚན་མ ་ནི་རིགས་དང་ཡོན་ཏན་དང་བྱེད་པ་ལ་སོགས་པར་གང་དེ་ལྟར་གྱུར་པར་ཀུན་བརྟགས་པ་དེ་ནི་གཞན་གྱི་དབང་གི་གནས་ལས་འབྱུང་ངོ་།། ཤེས་རབ་ཀྱིས་རྣམ་པར་གཞིགས་པ་ན་གཞན་གྱི་དབང་གཉིས་ཀྱི་རྣམ་པར་གསལ་བ་དང་། བརྟགས་པ ་ཡང་བརྗོད་པ་དང་། བརྗོད་པ་སྤྱིར་རྣམ་པར་རྟོགས་པ་གཉིས་ཀྱི་རྣམ་པའོ།། གཉིས་ཀྱིས་སྟོང་ཞིང་གཉིས་སུ་མེད་པར་ཡང་དག་པར་རིག་པ་ལ་གྲུབ་པའི་རང་བཞིན་མེད་ན་དེ་ཇི་ལྟར་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་གཉིས་ཀྱིས་རྣམ ་པའི་བློས་རྣམ་པར་བརྟགས་པ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པས་སྤངས་པའོ།། གྲུབ་པའི་དངོས་པོ་ཡོད་དེ་ཕྱོགས་གོས་ཀྱིས་རང་བཞིན་ལ་དངོས་པོ་དང་དངོས་པོ་མ་ཡིན་པར་གཉིས་སུ་བརྟགས་པ་ལྟ་བུ་དང་། སྤྱོད་པ་ཅན་རྣམས་ཀྱི ་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བརྟགས་པ་ལྟ་བུ་ཡང་མ་ཡིན་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་ཡོངས་སུ་གྲུབ་པའི་ཆུང་པ་སྟེ། དེར་རྣལ་འབྱོར་པ་རྣམས་ཀྱིས་བརྟགས་པ་ལྟ་བུར་སྤྱིར་བརྗོད་པ་དང་། བརྗོད་པའི་རྣམ་པར་རྟོག ་པ་མེད་དོ།། གཞན་གྱི་དབང་ལྟར་འཛིན་པ་དང་གཟུང་བའི་རྣམ་པ་གསལ་བར་སྣང་བ་ཡང་མེད་དོ།། དེས་ན་མི་གཉིས་པའི་ཏིང་ངེ་འཛིན་གྱི་དུས་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་སྤངས་པའི་མྱོང་བར་གྲུབ་པའི་དངོས་པོ ་ཡོད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་རྟོག་གོ།། གཞན་གྱི་དབང་གི་གཉིས་ཀྱི་རྣམ་པ་བསལ་བས་ན་སྒྲོ་བཏགས་པ་རྣམ་པའི་རིམ་པས་རྣམ་པར་རྟོག་ནུ་སོ།། ཇི་ལྟར་ན་རྣལ་འབྱོར་པ་རྣམས་ལོ་རིགས་མཐུན་པ་དང་། ་མཐུན་པའི་རྣམ་པ་ལས་ལོག་པ་སྔོན་པོ་ལ་སོགས་པ་གསལ་བར་སྣང་བཞིན་དུ་གཞན་གྱི་དབང་སྣང་བར་འགྱུར། སྣ་ཚོགས་ཀྱི་ཕྱིར་དེར་རིགས་མཐུན་པའི་རྣམ་པར་སྒྲོ་འདོགས་པར་རྣམ་པར་རྟོག་པ་འབྱུང་ངོ་།། དེས་ན་དེ་འདྲ་བའི ་རེརིགས་པ་ཡོད་དོ་ཞེས་ཐ་སྙད་འབྱུང་ངོ་།། རྣལ་འབྱོར་པ་ལྔ་པའི་ཚེ་ནི་གང་ཡང་སྣང་བ་མེད་ཅིང་བསམ་པ་མེད་པའི་ཆུད་པ་རིགས་མཐུན་པའི་རྣམ་པར་རིག་པ་འཛིན་པ་དང་གཟུང་བར་རྗེས་སུ་ཆུད་པའི་བློས་ཇི་ལྟར་ན་རྣམ་པར་བརྟག ་པ་གལ་ཏེ་དེ་ཁོ་ན་ཉིད་མཁྱེན་པས་ཆོས་བཤད་པའི་དུས་སུ་བསྟན་དུ་ཟིན་ཏེ། འོན་ཀྱང་གཉིས་ཀྱི་རྣམ་པས་སྟོང་པ་ལ་སོགས་པའི་གཅིག་པར་སྒྲོ་བཏགས་ཏེ་འཇུག་པའི་མཚན་མ་སྟོན་ཏོ།། གལ་ཏེ་ཡང་བརྟགས་པ ་དང་། གཞན་གྱི་དབང་བཞིན་དུ་ཤེས་ནས་གྲུབ་པའི་ཆུད་པ་མེད་དོ།། ཞེས་སློབ་དཔོན་བྷཱུ་བྱཱ་ལཾ་སོགས་པས་རྣམ་པར་རྟོག་ན་ནི་སྒྲ་བཞིན་པར་གྱུར་པས་བླས་ཅི་ཞིག་རྣམ་པར་བརྟག་ཅེས། འོ་ན་ཅི་བདག་ལ་སོགས་པ་དྲང་མོ་གཤམ་གྱི་བུ་དང་། ་རི་བོང་གི་རྭ་ལ་སོགས་པ་རྣམ་པར་མི་རྟག་གམ་སྒྲ་དང་རྣམ་པར་མི་རྟོག་པ་ནི་དངོས་པོ་ཡོད་པ་ཉིད་ལྔ་འཇུག་པ་མ་ཡིན་ཞེས་ངེས་ཀྱང་ཆོ་ག་སྟེ་རྒྱ་ཆེར་རོ།། དེ་བས་ན་ཡོངསུ་གྲུབ་པ་ཡོད་དོ།། ཇི་ལྟར་དེ་དག་མིན་ཞེས་པ་ནི་དགག་པར་གསུངས ་པ་སྟེ། དངོས་པོ་དང་དངོས་པོ་མ་ཡིན་པ་ཕན་ཚུན་དུ་རང་བཞིན་ཐ་དད་པ་རང་བཞིན་གཅིག་པར་མི་རིགས་ཏེ། གྲང་བ་དང་མེ་བཞིན་ནོ།། དེ་བས་ན་དངོས་པོ་དང་དངོས་པོ་མེད་པ་ཁྭ་བླང་བ་མི་རིག་སོ།། གཉིས་ནི་བརྟགས་པའི་རང་བཞིན་ལ་ཞེས་བྱ ་བ་སྟེ། གཉིས་ཞེས་པ་ནི་ཡོད་པ་དང་མེད་པའི་རྣམ་པར་རྟོག་པའོ།། རང་བཞིན་དག་ནི་མིས་གནས་ཏེ་ཞེས་པ་ནི་ཕན་ཚུན་དུ་བལྟོས་པའི་ཕྱིར་རང་དབང་དུ་རབ་ཏུ་མི་གནས་སོ།། ཤེས་རབ་ཀྱིས་རྣམ་པར་བཞུག་པ་ན་དངོས་པོ་མེད་པའི་ཕྱིར་མད ་པའི་ཕྱིར་མེད་པ་ཡང་ཇི་ལྟར་ན་འགྱུར་ཞེས་སྨྲས་པ་ཡིན་ནོ།། ཡང་ན་འཛིན་པ་དང་གཟུང་བའི་རྣམ་པ་ཆུང་བ་མ་གཏོགས་པར་རང་བཞིན་མེད་པས་ན་དེ་དག་རབ་ཏུ་མི་གནས་ཞེས་བྱའོ།། བརྟགས་པ་ནི་སྦོམ་པོ་གཅིག་པུའོ།། སྣ་ཚོགས།། ་སྣང་བ་ནི་ཕྲ་བ་དཀར་པོ་ལ་སོགས་པའི་རྡུལ་འདུས་པར་སྣང་བ་ནི་རྣམ་པར་རྟོག་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་སྐྱེས་པའོ།། ཇི་ལྟར་གསུངས་པ། ཀུན་བརྟགས་པ་ལ་གནས་ནས་ནི།། གཞན་གྱི་དབང་ནི་དམིགས་པར་འགྱུར་ཞེས ་དེ་བརྙན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལས་ཆུ་ལ་སོགས་པ་འབྱུང་ངོ་ཞེས་བྱ་བར་མུ་སྟེགས་བྱེད་པར་བརྟགས་པ་མ་གཏོགས་པར་གཞན་དུ་བཤད་དོ།། བརྟགས་པ་དང་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པས་སྟོང་པ་ནི་དག་པ་སྟེ། མི ་གཉིས་པར་ཡང་དག་པར་རིག་པ་འཕགས་པའི་སྤྱོད་ཡུལ་ལོ།། བརྟགས་པ་ནི་སྦོམ་པའི་རྫས་གཅིག་ལ་སོགས་པར་ཡོན་ཏན་དང་། ལས་དང་སྤྱི་ལ་སོགས་པས་གཞན་གྱི་དབང་གསལ་བའི་རྣམ་པ་རྡུལ་ཕྲ་མོ་འདུས་པར་སྣང་བ་ལ་ཁང་པ་དང ་སྡེ་དང་ནགས་ཚལ་ལ་སོགས་པ་ལྟར་སྦོམ་པོ་ཡན་ལག་ཅན་གྱི་རྫས་སུ་ཀུན་ཏུ་རྟོག་གོ། རྣམ་པ་གཞན་དུ་ཞེས་པ་ནི་གལ་ཏེ་གཟུགས་དང་། དྲི་དང་། རོ་དང་། རེག་པ་ཕྲ་བ་གསལ་བར་སྣང་བའང་ལྷན་ཅིག་ཏུ་རྒྱུ་བའི་གཞན་གྱི་དབང་ཞེས་བྱ་བ ་མེད་པར་གྱུར་ན་ནི་དེའི་ཚེ་མུ་སྟེགས་སྨྲ་བར་གནས་པར་འགྱུར་ཏེ། སྦོམ་པོ་ཡན་ལག་ཅན་གྱི་རྫས་ལ་སོགས་པར་སྨྲ་བར་རོ།། རྟོག་པ་ནི་སྤྱིར་སྒྲོ་འདོགས་པས་འཇུག་གོ། དེས་ནཱ་དེ་བརྟགས་ཞེས་བྱ་སྟེ། དེ་ཡོད་པས་ན་ཡང་རང་གི་མཚན་ཉིད ་མཐོང་བའི་ཕྱིར་ན་རྒྱུ་ལས་འབྱུང་ངོ་།། འཛིན་པ་དང་གཟུང་བའི་རྣམ་པའི་གནས་ཀྱི་རྣམ་པར་རྟོག་པ་དག་ལས་གྲོལ་བ་ནི་སྟོང་པ་གྲུབ་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ།། དེ་ཉིད་ཅེས ་བྱ་བ་ནི་གཉིས་ཀྱི་རྣམ་པས་མི་གཉིས་པས་དེ་ཡིན་ཞེས་བྱ་བའི་དོན་ཏོ།། རྟོག་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོ་ར་རེ་ལ་འབྲེལ་ཏོ།། ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ།། ཡིད་བརྟན་པ་ནི་བསྟན་པའི་ལུང།། ། ་དེ་ཡང་གནས་གསུམ་པོར་ཕན་ཚུན་དུ་འགལ་བ་མེད་པའི་དོན་དུ་ཡོངས་སུ་གཟུང་ངོ་།། འདི་ནི་རྣལ་འབྱོར་གྱི་ལམ་དུ་དབབ་པའི་ཕྱིར་ཁྱད་པར་གྱི་ཡེ་ཤེས་མ་སྐྱེས་པའི་དབང་དུ་མཛད་དེ་གསུངས་སོ།། ཐམས་ཅད་མཁྱེན་པ་ལ་ནི་ཐམས་ཅད་མངོན ་སུམ་ཉིད་དོ།། བརྟགས་པ་ཐོག་མར་བྱེད་པ་རྣམས་རིགས་པ་དང་། ལུང་གིས་འགལ་བ་མེད་པར་དཔྱོད།། ཐེ་ཚོམ་བསལ་ནས་རྣམ་པར་རྟོག་པ་མེད་པས་རབ་ཏུ་འཇུག་པར་འགྱུར་རོ།། སོ་སོ་རང་གི་བློས་བླང་བ་དང་དོར་བ་དེ་ཁོ་ན་ཉིད་གདོན་མི་ཟ ་བར་ཡིད་ཆེས་པར་སྤྱོད་དོ།། ལྟ་བའི་རྣམ་པར་རྟོག་པ་སྤངས་ནས་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་རྣམ་པ་སྤངས་ནས་སོ།། གོང་ནས་གོང་དུ་ཞེས་པ་ནི་ཐོས་པ་དང་། སེམས་པ་དང་། སྒོམ་པ་མཆོག་གི་རིམ་པས་འབད་དོ།། འཛིན ་པ་དང་གཟུང་བའི་རྣམ་པར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་རྣམ་པར་རྟོག་པ་མི་འབྱུང་བ་ནི་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་ཏེ། ཐེག་པ་གཅིག་པུ་མི་གཉིས་པའི་མཚན་ཉིད་ཀྱི་རྒྱུན་ཁོང་དུ་ཆུད་པར་འགྱུར ་ཉན་ཐོས་དང་མུ་སྟེགས་བྱེད་རྣམས་ཀྱིས་ཁོང་དུ་མ་ཆུད་ལ་ང་ཉིད་ཀྱིས་ཐུགས་སུ་ཆུད་ཅེས་བྱ་བ་ནི་རང་གིས་གྲུབ་པའི་མཐའ་ཁྱད་པར་དུ་གྲགས་པར་མཛད་པའི་དོན་དུ་ཐམས་ཅད་མཁྱེན་པས་བྱེ་བྲག་ཏུ་བརྗོད་དོ།། ཆོས་དང་གང་ཟག་ལ་བདག་མེད ་པ་ཁོང་དུ་ཆུད་པས་མཚན་ཉིད་སངས་རྒྱས་ཀྱི་ཐེག་པ་གཅིག་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ནི་དེ་ཉིད་ཀྱི་ནང་དུ་གཏོགས་སོ།། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་སྟོན་པ་མེད་པར་སྔར་མངོན་པར་རྫོགས་པར་སངས་རྒྱས་སོ།། ་དེས་ན་དེ་ལྟར་ཐེག་པ་གཅིག་པར་འགལ་ལོ།། ཞེས་ཐམས་ཅད་མཁྱེན་པ་ལ་བློ་གྲོས་ཆེན་པོས་གསོལ་པ་ནི་ང་སྟེ་ཐེག་པ་གཅིག་པུ་ཉིད་ན་ནི་ཇི་ལྟར་ན་ཐེག་པ་གསུམ་ཞེས་འཁོར་གྱི་རྣམ་པར་རྟོག་པ་བློ་གྲོས་ཆེན་པོས་མཁྱེན་ནས་སྒྲའི་ཁྱད་པར ་ལས་གླེངས་པར་བརྟག་གོ། བདག་ཉིད་ཡོངསུ་མྱ་ངན་ལས་མི་འདའ་བའི་ཚེ་ཅན་པས་ན་ཞེས་པ་ནི་རང་གི་ཉོན་མོངས་པ་སྤོང་བར་མངོན་པར་མི་ཤེས་པའི་ཕྱིར་རོ།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཕྱིར་ཤེས་བྱའི་སྒྲིབ་པ་སྤངས་པ་སྟེ། ་ཉེས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ལས་ཀྱི་བག་ཆགས་ཀྱང་སྤངསོ།། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་ནི་བདག་མེད་པ་གཉིས་ཐུགསུ་ཆུད། ་པའི་ཕྱིར་ལས་དང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་གསུམ་སྤངས་སོ།། དེ་བས་ན་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་བ་ཡོངས་སུ་མཁྱེན་ནས་མོས་པ་ཇི་ལྟ་བ་བཞིན་པའི་སྣོད་ཀྱི་སེམས་ཅན་རྣམས་ལ ་ས་སྟོན་པ་འབྱུང་བས་ན་གཟུད་པའི་རིམ་པས་ཚུལ་གསུམ་བསྟན་ཏོ།། ཆོས་ལ་བདག་མེད་པ་མ་རྟོགས་པ་དང་རྒྱུ་གསུམ་མེད་པའི་ཕྱིར་དེ་དག་ལ་བདག་ཉིད་ཀྱིས་མངོན་པར་རྫོགས་པའི་བྱང་ཆུབ་མེད་དོ།། ཐམས་ཅད་མཁྱེན་པ་ལ་ནི་ཆོས ་ལ་བདག་མེད་པ་ཐུགས་སུ་ཆུད་པའི་ཕྱིར་བསམ་གྱིས་མི་ཁྱབ་པར་འགྱུར་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངའ་སྟེ། ཐམས་ཅད་མཁྱེན་པས་ཐུགས་སུ་ཆུད་པ་ནི་ཉན་ཐོས་ལ་སོགས་པས་བསམ་མི་ནུས་སོ།། ་ན་འགག་པ་མེད་པ་དེར་ནི་ཐམས་ཅད་མཁྱེན་པ་ཉིད་དང་འབྲེལ་ཏོ།། བསམ་གྱིས་མི་ཁྱབ་པར་འགྱུར་བ་མ་ཐོབ་པས་ན་ཉན་ཐོས་དེ་དག་ལ་ཐེག་པ་གཅིག་པུ་ཉིད་ཐེག་པ་གསུམ་དུ་ང་སྟོན་ཏོ།། ཤེས་བྱ་དང་ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པའི ་བག་ཆགས་ཀྱི་ཉེས་པ་དང་། ཏིང་འཛིན་གྱིས་མོས་པ་མེད་པར་གྱུར་པ་ན་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ།། ཟག་པ་མེད་པའི་དབྱིངས་ནས་སླར་སད་པར་འགྱུར་བས་ན་ཐེག་པ་ཆེན་པོ་ལ་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི ་མྱ་ངན་ལས་འདས་པའི་མར་མེ་ལྟ་བུ་མ་ཡིན་ནོ།། ཇི་ལྟ་ཞེ་ན། ལས་དང་ཉོན་མོངས་པས་བཏབ་པའི་ལུས་སྣང་བ་སྤངས་ཏེ་འགོག་པ་ལས་མཉམ་པར་འཛེག་པ་བཞིན་དུ་སེམས་པ་མེད་ཅིང་སྣང་བ་མེད་པ་ཟག་པ་མེད་པའི་དབྱིངས་སུ་འཁོད་དོ།། ཐམས ་ཅད་མཁྱེན་པའི་མངའ་དབང་གིས་དེ་ནས་ཕྱིས་སད་དེ་སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ནས་ཡང་ཞེས་བྱི་བར་རོ།། ཚོགས་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་མཆོག་གིས་བདག་དང་གཞན་གྱི་དོན་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་ཡོངསུ་བསྐང་ནས་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་མཁྱེན་པའི་རྫོགས་པའི་བྱང་ཆུབ་ཀྱི་སྐུ་སྟེ། དེ་ཡང་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་དབང་བྱེད་པ་རྣམས་དེ་ལྟ་བུའི་དབང་བྱེད་པ་ཐོབ་ནས་མ་ལུས་པའི ་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་འཇུག་པས་ན་ཇི་ལྟ་བུར་བཤད་པ་དེ་ལྟ་བུར་ཐེག་པ་གཅིག་པུ་ཉིད་དོ།། དེ་སྟེ་ཡང་བརྟགས་པ་ཐ་དད་པའི་ཕྱིར་ཐེག་པ་ཐ་དད་དུ་འཛིན་ན་ནི་ཐེག་པ་གསུམ་ཉིད་ཚེར་མ་ཟད་དེ་ལྷ་ལ་སོགས་པའི་ཐེག་པར་ཡང ་སྦྱིན་པ་ལ་སོགས་པའི་དགེ་པ་ཐ་དད་པ་རྣམས་ཀྱིས་ཐུགས་པ་མེད་པར་ཡང་འགྱུར་རོ།། ཇི་སྲིད་སེམས་རྣམས་འཇུག་པའི་བར་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་ལ་བྱའོ།། དེ་ཡང་ཤིན་ཏུ་གྱུར་པ ་ནོ་གཉིས་ཀྱི་རྣམ་པས་སྟོང་སྟེ། ཐེག་པ་དང་འགྲོ་བའི་རྣམ་པར་རྟོག་པ་མེད་དོ།། དེས་ན་གཉིས་སུ་མེད་པ་སངས་རྒྱས་ཀྱི་ཐེག་པ་གཅིག་ངས་བསྟན་ཏེ།། གཞན་དུ་ནི་ཇི་ཙམ་དུ་སྣང་བར་བྱེད་པ་དེ་ཙམ་དུ་ཐེག་པར་བྱེད་ཅིང་། ལྷ་ལ་སོགས་པ་འགྲུབ ་པའི་ལས་ཀྱང་ཐེག་པ་མ་ཡིན་པས་ན་ཐེག་པ་རྣམ་པར་བཞག་པ་ཡང་རྣམ་པར་མི་འགྱུར་ཏེ། དེ་ཡང་མཐའ་མེད་པས་ན་རྣམ་པར་བཞག་པ་ཡང་རྣམ་པར་བཞག་ཏུ་མེད་དོ།། དེ་སྟེ་གཞན་དུ་མེད་ན་ཅིའི་སླད་དུ་ཐེག་པ་གསུམ་དུ་བསྟན་ཞེས་པ་ལ་དྲང ་བའི་ཕྱིར་ཞེས་ཏེ། གསུམ་པ་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ཡོངས་སུ་ཟད་པར་བྱང་ནུས་ཀྱི་ལྷ་ལ་སོགས་པའི་ཐེག་པས་འཁོར་བའི་སྡུག་བསྔལ་བསྐྱིལ་བར་བྱེད་པ་ནི་མ་ཡིན་ནོ།། ཐ་མ་དང་། བར་མ་དང་། རབ་ཀྱི་ཤེས་རབ་ཀྱི་ཁྱད་པར་གྱིས ་ཐེག་པ་གསུམ་མོ།། དེ་བཞིན་དུ་རྣམ་པར་གྲོལ་བ་གསུམ་པོ་ཉོན་མོངས་པ་ཟད་པའི་མཚན་ཉིད་དུ་དྲང་བའི་ཕྱིར་རོ།། གང་ཟག་དང་ཆོས་ལ་བདག་མེད་པ་རོམ་པ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་སོ།། ཡང་དག་པའི་སངས་རྒྱས་རྣམས་ལའོ།། ། ་ཆོས་ལ་བདག་མེད་པ་ནི་ཐེག་པ་གཅིག་པུ་ཉིད་དེ། དེར་ཐེག་པ་དང་རྣམ་པར་གྲོལ་བའི་ཁྱད་པར་མེད་དེ། ཤེས་རབ་ཀྱི་དབང་པོ་ཤིན་ཏུ་མཆོག་ཉིད་ལ་ཡོད་པའི་ཕྱིར་ཏེ། ཆོས་ཉིད་ལ་འགལ་བ་མེད་པར ་ཕྱིར་གཞན་དུ་བཤད་པ་མེད་དོ།། ཆོས་ལ་བདག་མེད་པ་ཉིད་ཐེག་པ་ཆེན་པོའི་མཚན་ཉིད་དེ། རྣམ་པར་གྲོལ་བ་རྣམ་པ་གསུམ་པོ་དེ་དག་ནི་དེ་ལས་འབྱུང་བས་ན་དེ་ཉིད་དུ་གནས་པའོ།། དེ་ནས་ཇི་ལྟར་ན་ཡང་འབྱུང་ཞེས་པ་དང་། དེའི་ཕྱིར ་xxx ་པའོ།། དེ་འདི་སྐད་ཅེས་སྨྲས་པ་ཡིན་ཏེ། འཛིན་པ་དང་གཟུང་བ་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཤེས་བྱའི་སྒྲིབ་པ་སྤངས་པའི་གྲོལ་བ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཉོན་མོངས་པའི་གྲོལ་བ་དེ་དག་སྤངས་པའོ།། རྣམ་པར ་གཡེངས་པ་ནི་བསྐྱོད་པ་སྟེ། དེ་བཞིན་དུ་ཕ་རོལ་གྱི་མཚན་ཉིད་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་གཡོ་བ་དང་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་འདས་ཏེ་ཆོས་ལ་བདག་མེད་པར་གནས་པ་མི་འཐོབ་པོ།། ་ཅིས་ན་མི་ཐོབ་པ་དང་། བཀའ་སྩལ་པ། ཉོན་མོངས་བག་ཆགས་རྣམས་དང་འབྲེལ་ཞེས་པ་སྟེ། ཉོན་མོངས་པ་མེད་པའི་མི་ཤེས་པ་དང་ངོ་།། ཀུན་ནས་ལྡང་བ་ཞེས་བྱ་བ་ནི་ཀུན་ནས་ལྡང་བའི་རྒྱུ་བག་ཆགས་ཀྱི་ཉོན་མོངས་པ་དང་བྲལ་བ ་རྣམས་སོ།། མཐའ་མར་ཕྱིན་པ་དེ་ལ་མེད་ཅེས་པ་ནི་ཉན་ཐོས་སམ་ཟག་པ་མེད་པའི་དབྱིངས་ཀྱི་ཆུད་པའི་རྒྱུན་ལ་བསྙམས་པ་སྟེ། འདི་ཙམ་གྱིས་མཐར་ཕྱིན་ཏོ་ཞེས་གནས་ལ་ཆད་པ་མེད་དོ།། ཇི་ལྟར་བདག་ཏུ་སྨྲ་བ་རྣམས།། སྲིད་ཆགས་མེད ་པའི་བསམ་གཏན་པ།། སྲོང་པའི་རྩེ་མོར་ཕྱིན་ཟིན་ཀྱང་།། ང་རྒྱལ་ལྕགས་ཀྱུས་དྲངས་ནས་ནི།། སེམས་ཅན་དམྱལ་བར་ཡང་ལྟུང་ངོ་།། ཞེས་པར་དེ་དག་ཀྱང་འཁོར་བར་མི་ལྟུང་ངོ་།། མུ་སྟེགས་ནི་བསམ་གཏན་གྱིས་འཕངས་ཏེ། ཅི་ཙམ ་དུ་གནས་པ་དེ་ནས་ཤི་འཕོས་ཏེ་ཡང་བདག་དང་བདག་གིར་འཇིག་ཚོགས་ལ་ལྟ་བ་ལས་ཉོན་མོངས་པ་རྣམས་བྱུང་ནས་སེམས་ཅན་དམྱལ་བསྲིང་ངོ་།། ཇི་ལྟར་སྐྱེས་བུ་ར་རོ་བཱ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཟག་པ་མེད་པའི་དབྱིངས་ནས ་ལངས་ཏེ་སྙིང་རྗེའི་བག་ཆགས་ཀྱིས་བསྐུལ་ནས་ཞེས་པ་སྔ་མ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་ཞེས་པར་རོ།། ཡོད་དང་མེད་པར་གཉིས་ཀ་དང་།། དངོས་པོའི་དོན་དུ་འབྱུང་བ་དང་།། གཅིག་རྟག་དུ་མའི་ཕྱོགས་བཤད་པ། ་སྐད་ཅིག་པ་དང་འགྲོ་མི་མཚུངས།། གཉིས་ཀྱི་ཆུར་སྤྱོང་རྣམ་ཤེས་ཙམ།། ལངྐ་རཱ་གཤེགས་པའི་མདོ་ཚུལ་དང་།། ཡེ་ཤེས་དཔལ་བཟང་རིགས་པ་ཡིས།། ལུས་རྣམ་པ་གསུམ་སྐྱེ་ཞེས་བྱ་བ་ལ་སོགས་པའོ།། བཙུན་གཙོ་བྱང་ཆུབ་སེམས ་དཔའ་རྣམས་ལ་སྐུ་གཉིས་ཏེ། ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་ཁང་དུ་ཆུད་པའི་ཡིད་ཀྱི་སྐུའོ།། ས་དང་པོ་ནས་གོང་ནས་གོང་དུ་སའི་མཚན་ཉིད་ཡོངས་སུ་ཤེས་ནས་རྣལ་འབྱོར་ཅན་རྣམས ་ཀྱིས་ཐོབ་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངསུ་རྫོགས་ནས་དོན་དམ་པའི་ཏིང་ངེ་འཛིན་གྱི་བདེ་བའི་མཚན་ཉིད་རབ་ཏུ་དགའ་བར་ཉེ་བར་སྐྱེའོ།། ་དེའི་ཚེ་འཁོར་བ་ལས་ལོག་པར་གྱུར་ནས་དེ་བཞིན་གཤེགས་པའི་རིགསུ་སྐྱེ་བར་གྱུར་པ་དང་། དེ་ལ་འཚོ་བའི་འཇིགས་པ་མེད་པ་དང་། མང་དུ་ཐོས་པས་ང་དང་འདྲ་བ་འཇིག་རྟེན་དུ་མེད་ན་ལྷག་པ་ལྟ་ག་ལ་ཞིག་སྙམ་ནས་འཇིགསོ་པ་མེད ་པས་འཁོར་དུ་སྤ་བཀོང་བ་མེད་པར་འགྱུརརོ།། སངས་རྒྱས་བརྒྱ་མཐོང་བ་དང་། ཞིང་བརྒྱ་གཡོ་བར་བྱེད་པ་དང་།། ལུས་བརྒྱ་སྟོན་པར་བྱེད་དོ།། དེ་དེ་ལྟ་བུ་ཚེ་དང་ལས་དང་ཡོ་བྱད་མོས།། སྨོན་ལམ་རྫུ་འཕྲུལ་སྐྱེ་དབང་དང་།། ཆོས་སེམས ་དེ་བཞིན་ཡེ་ཤེས་མཆོག། དཔའ་བོས་དབང་བཅུ་འདི་དག་ཐོབ།། ཆོས་དང་སེམས་དང་ཡེ་ཤེས་ཆེན་པོ་ནི།། དང་པོ་དང་གོང་མའི་སྒོ་ཁྱད་པར་དུ་དབྱེ་བ་ན་འཕེལ་ལོ།། ཚེ་དང་ལས་དང་ཡོ་བྱད་ལ་སོགས་པའི་དབང་རྣམས་ཀྱིས་ས ་དང་པོར་འཁོར་བའི་སྐྱེ་བོ་ལས་བྱེ་བྲག་པར་འགྱུར་རོ།། ཏིངངེ་འཛིན་གྱི་བདེ་བ་ཐོབ་པས་ཆོས་ཁོང་དུ་ཆུད་པ་ནི་ཐམས་ཅད་དུ་ཡང་མོད་ཀྱི་རབ་ཏུ་དགའ་བ་ལ་སྦྱིན་པས་རབ་ཏུ་དགའ་བར་གྱུར་པའི་ཕྱིར་བཙུན་གཙེའི་བྱང་ཆུབ་སེམས་དཔའ ་སེམས་ཅན་དང་འདྲེས་པར་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ།། ས་གསུམ་དང་བཞི་དང་ལྔ་ལ་སོགས་པར་ཆོས་ཁོང་དུ་ཆུད་པ་ཉིད་སེམས་ཅན་དང་འདྲེས་པ་མེད་པར་བརྟག་གོ།། ས་གསུམ་དང་བཞི་དང་ལྔ་ལ་རང་གི ་སེམས་རྣམ་པ་མང་པོ་དབེན་པར་སྤྱོད་པས་སེམས་ཀྱི་རྒྱ་མཚོ་ལས་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་ཏིང་ངེ་འཛིན་གྱིས་ཐོབ་པ་དང་། ་པོ་དང་གཉིས་པོ་ལ་སོགས་པ་ཡང་ཡོད་མོད་ཀྱི། དེར་སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་སེམས་ཅན་སྡུད་པར་བྱེད་པས་ན་སེམས་ཅན་གྱི་དོན་གྱི་ཕྱིར་བཙུན་གཙོའི་བྱང་ཆུབ་སེམས་དཔའ་ལ་རྟག་པར་མཉམ་པར་འཇོག་པ་མེད་དོ།། གསུམ་དང་། ་བཞི་དང་ས་ལྔར་ཡང་སེམས་ཅན་གྱི་དོན་ལ་འགྲུས་པ་སོ་སེམས་ཅན་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་ལོ་མངོན་པར་ཤེས་པས་རྟོག་གོ།། བདུད་འཚེ་བའི་རིགས་ཅན་རྣམས་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཀྱིས་ཕན་འདོགས་ཀྱང ་ཀྱལ་ཀ་བྱེད་པར་འགྱུར་རོ།། གང་གིས་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས། བདུད་འཚེ་བའི་རིགས་ཅན་གྱིས་ཐོས་ཏེ་གཙོ་བར་ཡང་མི་བྱེད་པས་ན་མངོན་པར་ཤེས་པ་ཐོབ་པས་སེམས་ཅན་གྱི་དོན་བྱའོ་ཞེས།། དེ་ནས ་མངོན་པར་ཤེས་པ་སྐྱེས་པས་ཆོས་དང་ཟང་ཟིང་གི་སྦྱིན་པ་ལ་སོགས་པའི་ཐབས་རྣམས་ཀྱི་གཞན་གྱི་དོན་བྱེད་ནུས་སོ།། དེའི་ཕྱིར་ས་གསུམ་དང་བཞི་དང་། ལྔ་ལ་སོགས་པར་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པ ་སྐྱེད་པར་བྱེད་དེ། དེ་ལྟར་ན་དེ་དག་གི་སེམས་གཞན་གྱི་དོན་ལས་འཕོ་བ་མེད་པར་འགྱུར་རོ།། ཆུང་ངུ་དང་། བར་མ་དང་། ཆེན་པོའི་ཁྱད་པར་གྱིས་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངསུ་ཤེས་ནས་སྐད་ཅིག་མར་འཇིག་པ་ཡོངས་སུ་ཤེས་པར ་བྱའི་བྱེ་བྲག་ནི་ཉན་ཐོས་དང་། ཐུན་མོང་ངོ་།། ཆོས་ལ་བདག་མེད་པ་ཡོངསུ་ཤེས་པ་ནི་ས་དྲུག་ཏུ་མཆོག་ཏུ་མི་གཡོ། བདུན་པོར་ན་ཕྱི་རོལ་གྱི་དོན་མེད་པར་ཡོངས་སུ་ཤེས་པ་ཡི། གཉིས་ཀྱི་ཚུལ་སྤྲོས་མི་གཉིས་ཀྱི། ་ཡང་དག་རིག་པར་ཀུན་རིག་གྱུར།། མང་དུ་ཐོས་པས་སུ་ལའང་མེད།། ཐོས་ཀྱང་ཤེས་རབ་ལྡན་པ་མེད།། སེམས་ནི་སྐྱེ་བ་བཟོད་པའི་ཕྱིར།། དེས་ན་འཁྲུགས་པ་མེད་པར་གྱུར།། འཕགས་པ་ལངྐར་གཤེགས་པ་སློབ་དཔོན་མེང་དུ་ཐོས་པ་ཡེ ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གཉིས་པོར་ནི་བསྟོད་པ་ཟབ་མོ་དང་། གཉིས་སུ་མེད་པར་གསོལ་པོ་བརྒྱ་དང་། དེའི་བཀའ་ལན་བརྒྱ་དང་། ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་ཤེས་པ་དང་། སྟོང་པ་ཉིད་རྣམ་པར་བཞག་པ་དང་། ་དེ་བཞིན་གཤེགས་པའི་སྙིང་པོ་དཔྱད་པ་དང་། རྒྱུ་དང་འབྲས་བུ་དཔྱད་པ་དང་། སྒྲའི་དོན་བཏགས་པ་ཡོངསུ་ཤེས་པ་དང་། རྩོད་པའི་གནས་ཐོར་བུ་དཔྱད་པ་མང་པོ་དང་། ལེའུ་ཕྲན་དགུ་སྟེ་ལེའུ་གཉིས་པ་ཡང་རྫོགས་སོ།། ། ་ད་ནི་ལེའུ་གསུམ་པར་ཏིང་ངེ་འཛིན་ལས་བྱུང་བའི་ཡིད་ཀྱི་སྐུ་སྒྲུབ་པ་སྟེ་ཕྱི་རོལ་གྱི་དོན་མེད་པས་ན་སྣང་བའི་རང་བཞིན་དུ་སྟོན་པར་མཛད་དོ།། སྡོམ་པ་དང་། ཕྲ་བའི་ཡུལ་རྣམ་པར་བཞིགས་པ་ན་ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན ་དུ་སྟོང་པ་ཉིད་ཡིན་པས་ཡང་དག་པར་རིག་པས་སྣང་བའི་ཆོ་མོ་ཉིད་ཀྱིས་དེ་ཐམས་ཅད་དུ་ཡོད་དོ།། གང་གི་ཚེ་ན་དེ་ལྟ་བུར་ཡིད་པ་དེའི་ཚེ་རྡུལ་གཅིག་སྟེང་ན་རྡུལ་སྙེང་ཞིང་རྣམས་ཏེ། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས།། སངས་རྒྱས་སྲས ་ཀྱི་དབུས་ན་བཞུགས་པ་ལ།། བྱང་ཆུབ་སྤྱད་པ་སྤྱོད་ཅིང་ལྟ་བར་བགྱི་ཞེས་བྱ་བ་དེས་འདི་འབྱུང་བ་ཡིན་ཏེ། དེ་ལྟར་ཕྱོགས་རྣམས་མ་ལུས་ཐམས་ཅད་དུ།། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི།། སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། ་བསྐུལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག་ཅེས་པ་ཡིད་ཀྱི་སྐུ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་དུ་གར་ཡང་ཐོགས་པ་མེད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡིད་ལྟར་མྱུར ་བའི་ཏིང་ངེ་འཛིན་བརྙེས་པ་སྟེ། དེ་ལྟར་ན་རྡུལ་གྱི་ཆ་ལ་ཡང་ཐམས་ཅད་དུ་སྐད་ཅིག་ཏུ་སྣང་བ་ནི་གཟུགས་བརྙན་བཞིན་དུ་དུས་གསུམ་པོ་སྣང་བའི་ཚུལ་གྱིསོ།། ཇི་ལྟར་སྣོད་ཆུང་ངུའི་ཆུའི་ནང་དུ་གྲོང་དང་ཀུན་དགའ་བ་ར་བ་དང་། གཞལ་མང་ཁང་དང ་རི་དང་ན་མཁའི་སྟེང་གི་སྐར་མའི་ཚིགས་མང་པོ་སྣང་བ་དེ་ལྟར། ཉག་མ་གཅིག་ཁྱོན་སངས་རྒྱས་མང་པོ་རྣམས་གང་གཱ་ཀླུང་གི་བྱེ་མ་ཇི་སྙེད་པར། ཞིང་ཡང་དེ་སྙེད་རྒྱལ་བ་དེ་དག་གི། དེ་དག་ཐ་དད་མཚན་ཉིད་ཐ་དད་ཆ།། གཟུགས་མེད་པའི ་ཆོས་རྣམས་ནི་ཕྱོགས་སུ་མི་གནས་ཏེ། ཆུད་པ་དེ་དག་ལ་ཕྱོགསུ་གནས་པ་ངེས་པ་མེད་དོ།། དེར་སྣང་བ་ཡང་དེ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་ཏེ། ཆུང་པའི་ཆོས་ཉིད་ནི་དེ་ལྟ་བུའོ།། རྡུལ་ཕྲ་མོ་ལས་བརྩམས་པའི་རྫས་ལ་སོགས་པའི ་གཟུགས་ཅན་པོར་གཞན་གྱིས་ཀུན་བརྟགས་པ་ནི་རྣམ་པར་དབྱེ་བ་ན་སྟོང་པ་ཉིད་དོ།། ཚོན་གྱིས་བཅོས་པ་དང་མ་བཅོས་པ་དང་། བསྐུལ་བ་དང་། མ་བསྐུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པའི་རིམ་པས་ཕྱེ་བ་ན་ཁང་པར ་སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་ནོ།། སོ་སོར་གནས་པ་རྣམས་ཀྱང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ།། དེ་དེ་ལྟར་གཉིས་ཀྱི་རྣམ་པས་སྟོང་པའི་འདུ་བྱེད་ཐམས་ཅད་ཀྱི ་བསམ་གཏན་དང་བྱུང་བ་རྣམས་ཐམས་ཅད་མཁྱེན་པས་མི་གཉིས་པའི་ཆོས་ཉིད་དུ་སྒྲུབ་པར་མཛད་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལྔ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས ་ཆེན་པོ་ཡིད་ཀྱི་ལུས་རྟོགས་པ་རབ་ཏུ་དབྱེ་བའི་མཚན་ཉིད་བསྟན་གྱིས་ཉོན་ཅིག། བློ་གྲོས་ཆེན་པོ་ཡིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཉན་ཐོས་དང་ཐུན་མོང་མ་ཡིན་པར་སྒོ་མོ།། ས་དེ་དག་གི་མི་མཐུན་པའི་ཕྱོགས་སྒྲིབ་པ་ཡང ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐོབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་རྣམས་ཀྱིས་མི་མཐུན་པའི་ཕྱོགས་ནི་འཇུངས་པ་དང་། ངང་ཚུལ་ངན་པ་དང་། མི ་བཟོད་པ་དང་། ལེ་ལོ་དང་། གཡེང་བ་དང་། མ་རིག་པ་དང་། ཐབས་མེད་པ་དང་། མི་སྨོན་པ་དང་། མཐུ་མེད་པ་དང་། ཡོངསུ་ཕྱེ་བ་མེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་རོ།། བྱང་ཆུབ ་སེམས་དཔའ་ས་བརྒྱད་དུ་ནི་ཆོས་ཁོང་དུ་ཆུད་པས་ཞེས་བྱ་བ་ནི་ཁྱད་པར་དུ་གསུངས་པ་སྟེ། ས་བདུན་དག་ནི་སེམས་ཡིན་ཏེ། སྣང་བ་མེད་པ་བརྒྱད་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ལྷག་མ་ས་ནི་ང་ཉིད་ཀྱིའོ།། དེར་བཙུན་གཙོའི་བྱང་ཆུབ ་སེམས་དཔའ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྒྱུ་མ་ལྟ་བུར་ཏེ། སྐྱེ་བ་མེད་པར་ནི་ས་བརྒྱད་དུ་ཐུགས་སུ་ཆུད་དོ།། ས་བདུན་གྱི་དབང་པོ་རྣམས་ནི་རྣམ་པར་ཤེས་པ་ཡོད་པར་ཆགས་ཏེ་འཇུག་པ་ནི་ཇི་ལྟར་ལངྐར་གཤེགས་པ་འདི་ཉིད་ཐམས ་ཅད་མཁྱེན་པས་གསུངས་པ། ཕྱིའི་དངོས་པོ་བསོལ་ནས་སུ།། ཤེས་པ་ཙམ་དུ་འཇུག་པ་སྟེ།། འདི་ནི་དབུ་མའི་ནན་ཏན་དུ།། ང་དང་གཞན་གྱིས་བསྟན་པའོ།། དབུ་མའི་ཏིང་འཛིན་ཀྱང་། དངོས་པོ་མེད་དང་དངོས་མེད་མིན།། ཡོད་དང་མེད་པ་མི་དམིགས ་པ། འདི་ནི་དབུ་མིའི་ནན་ཏན་ཏེ། ང་དང་གཞན་གྱིས་བསྟན་པའོ་ཞེས་སོ།། གང་ན་ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་རྣམས་དང་། ས་བདུན་དུ་ཕྱིན་པ་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ནོ།། འཛིན་པ་དང་བཟུང་བ་སྒྱུ་མ་ལྟ་བུར་མི་སྐྱེ་བའི ་མཚན་ཉིད་དང་ཐོག་མ་དང་། ཐ་མའི་མཐའ་སྟོད་པ་དང་བར་དུ་རང་བཞིན་གཉིས་ཀྱིས་སྟོང་པར་མཉམ་པར་རྟོགས་ཤིང་། རྨི་ལམ་དང་མིག་འཕྲུལ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་ཤེས།། འཇིག་རྟེན་མཐོང་ཡང་མི་དམིགས་པོ ་ཚུལ་གྱིས་དེ་ལྟར་མི་མཐོང་སྟེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་མི་གཉིས་པར་ཡང་དག་པར་རིག་པ་ཉིད་གནས།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས ་སྙིང་རྗེའི་བག་ཆགས་ཀྱིས་གླེངས་ཏེ་བསམ་པ་མེད་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་སློང་ངོ་།། དེ་སད་པ་དང་ཆོས་ཀྱི་རང་བཞིན་ས་བརྒྱད་དུ་ཁོང་དུ་ཆུད་པས་སྣང་བ་དང་བཅས་པ་དག་པ་འཇིག་རྟེན་གྱི་ཏིང་ངེ ་འཛིན་ལ་བཞུགས་པ་ན་ཡིད་ཀྱི་སྐུ་སྟེ། གཟུགས་བརྙན་ལ་སོགས་པ་བཞིན་དུ་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་འདྲ་བ་འཇིག་རྟེན་ཐམས་ཅད་དུ་ཁྱབ་པ་རྡུལ་གྱི་ཆར་ཡང་སྣང་ངོ་།། སྦོམ་པ་དང་། ཕྲ་མོ་སྣང ་བ་འབྱེད་པས་སེམས་ཅན་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པར་སྣོད་ཇི་བཞིན་པར་ཁོང་དུ་ཆུད་པར་མཛད་པའི་ཕྱིར་ངས་ཆོས་སྟོན་ཏོ།། ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་ཞེས ་པ་ནི་ཆུད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ནང་དུ་སེང་བར་སྣང་བས་ན་ཡིད་ཀྱི་ཞེས་བྱའོ།། རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་ལུས་ཞེས་བྱ་བ་ལ་ལྷན་ཅིག་ཏུ་སྐྱེས་པའི་འདུ་བྱེད་ཅེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་རྒྱུ་བ་དང་གིས་རོ་གཅིག་ཏུ་འབྱུང ་གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྟག་པར་མཉམ་པར་འཇོག་ཅེས་བྱའོ།། རིས་ནི་ངེས་པ་སྟེ། གང་གིས་ཕྱིར་དེས་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིད་ཀྱི་མ་འདྲིས་པའི་སྐུ་ནི་ཡིད་ཀྱི་སྐུའོ།། ཐམས་ཅད ་མཁྱེན་པོ་རྣམས་ཀྱི་ཐམས་ཅད་དུ་ཁྱབ་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞུགས་པའོ།། རྣལ་འབྱོར་ཐམས་ཅད་ཀྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་འཇིག་རྟེན་མཐའ་དག་གི་བསམ་པ་རུངས་པར་མཛད་པ། མཆོག ་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ། ཉོན་མོངས་པ་བག་ཆགས་དང་བཅས་པའི་སྒྲིབ་པ་མཐའ་དག་རྩ་བ་ནས་བསྟོན་པའི་ཡེ་ཤེས་ཀྱི་མེ་དང་ལྡན་པའི་སྐུ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཆུད་པ་ཉིད་དེ། འདོད་ཆགས་ལ་སོགས ་པའི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ།། ཇི་ལྟར་ཆུད་པ་ཐམས་ཅད་མཁྱེན་པ་ཕྱོགསུ་རྣམ་པར་གནས་པར་ངེས་པར་མི་འགྱུར་བ་དེ་བཞིན་དུ་ཡིད་ཀྱི་སྐུ་ཐམས་ཅད་དུ་སོང་བའོ།། ཐེག་ཆེན་ང་ཡི་ཐེག་མ་ཡིན།། ཡི་གེ་མེད་ཅིང ་སྒྲ་ཡང་མེད།། བདེན་པ་མེད་ཅིང་རྣམ་ཐར་མེད།། སྣང་བ་མེད་པའི་སྤྱོད་ཡུལ་མིན།། འོན་ཀྱང་ཐེག་ཆེན་ཐེག་པ་སྟེ།། ཏིང་ངེ་འཛིན་ལ་དབང་བྱེད་ཅིང་།། ཡིད་ཀྱི་ལུས་ནི་སྣ་ཚོགས་ལ།། དབང་གི་མེ་ཏོག་དག་གིས་བརྒྱན་ཞེས་ཏེ་ཐེག་པ་ནི ་ཕྱིན་པར་བྱེད་པ་སྟེ། འགྲོ་བར་བྱེད་པས་ན་ཐེག་པའོ།། ཆེན་པོ་ནི་བྱེད་པ་དང་བྱེད་པ་པོར་འབྲེལ་པར་མ་དགོངས་པའོ།། སྒྲ་ནི་ཆུད་པར་བྱེད་པའི་གདངས་ཏེ། དེའི་ཡན་ལག་ནི་ཡི་གེ་རྣམས་ཏེ། ཚིག་གི་དོན་གྱི་མཚན་མ་ཡིན་པས་ན་དེ་དག ་དེ་ལྟ་བུར་སོ་སོར་ངེས་པའི་སྒྲ་དོང་དོན་གྱི་དོན་མེད་པའི་ཕྱིར་སྒྲ་རྣམས་ཀྱིས་དོན་དམ་པ་བརྗོད་པ་མེད་དོ།། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ནི་སྤྱིར་བཏགས་པའི་དོན་ལ་སྒྲོ་བཏགས་ཏེ་འཇུག་པའི ་ཕྱིར་བསམ་པ་མེད་ཅིང་། སྣང་བ་མེད་པ་དེན་དམ་པ་བདེན་པ། མི་གཉིས་པར་ཡང་དག་པར་རིག་པ་བརྗོད་དུ་མེད་པ་དེ་ནི་ཐེག་པ་ཆེན་པོར་དགོངས་པའོ།། འཕགས་པ་ཉན་ཐོས་དེ་རྣམས་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ ་ཡང་ཕྱིའི་དོན་དུ་མངོན་པར་ཆགས་ཏེ་འཇུག་པས་ན་གཉིས་སུ་མེད་པའི་ཐེག་པ་ཆེན་པོ་མ་ཡིན་ནོ།། རྣམ་པར་ཐར་པ་ནི་ཉན་ཐོས་རྣམས་ཀྱི་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་པ་རྡུལ་ཕྲ ་མོའི་བར་དུ་སྐད་ཅིག་པ་ཐ་དད་པར་ཞུགས་པ་ཕ་རོལ་གྱི་དོན་སྦོམ་པོ་མ་རྟག་པའི་དམིགས་པ་དེ་ལྟ་བུ་ནི་ཐག་པ་ཆེན་པོ་མ་ཡིན་ནོ།། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ། ་ཞེས་པ་ཐེག་པ་ཆེན་པོའི་ཁྱད་པར་རོ།། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་རྣམས་ནི། ཕྱིའི་དངོས་པོ་མེད་པར་ཡང་། སེམས་ནི་རྣམ་པ་གཉིསུ་སྣང་ཞེས་ཏེ། གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་མི ་དམིགས་པའོ།། དེས་ན་སྣང་བ་མེད་པའི་སྤྱོད་ཡུལ་མིན་ཞེས་ཏེ། སྣང་བ་མེད་པ་མི་གཉིས་པ་ཡང་དག་པར་རིག་པ་དོན་དམ་པའི་བདེན་པ་ཐེག་པ་ཆེན་པོ་ལ་དམིགས་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པོའོ།། འོན་ཀྱང་ཐེག་ཆེན ་ཐེག་པ་སྟེ།། ཏིང་ངེ་འཛིན་ལ་དབང་བྱེད་ཅིང་།། ཡིད་ཀྱི་ལུས་ནི་སྣ་ཚོག་སྔ་ལ།། དབང་གི་མེ་ཏོག་དག་གིས་བརྒྱན་ཞེས་པ་ནི་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། སེམས་ཅན་གྱི་དོན་མཛད་པ་ན་ཡིད་ཀྱི་ལུས ་ཏེ། དེས་ན་ཐེག་པ་ཆེན་པོ་ཆེ་བས་ཡོད་མགྱོགས་པའི་ཏིང་ངེ་འཛིན་བཞིན་དུ་ཐམས་ཅད་དུ་འགྲོ་བར་དགོངས་པའོ།། དབང་ནི་སྒྲིབ་པ་ཐམས་ཅད་སྤྲིངས་ནས་སྒྲིབ་པ་མེད་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཁོ་ན་ཉོན་མོངས་པ་དག་ཆགས ་དང་བཅས་པ་སྤངས་པའི་ཕྱིར་ཆོས་ཐམས་ཅད་ཐུགསུ་ཆུད་པའོ།། དེས་ནི་སྒྲིབ་པ་གསུམ་སྤོང་སྟེ། ཤེས་བྱ་དང་། ཉོན་མོངས་པ་དང་། ལས་ཀྱི་སྒྲིབ་པ་གསུམ་ནི་ཐམས་ཅད་མཁྱེན་པས་ཐམས་ཅད་དུ་ཐམས་ཅད་སྤང་ངོ་།། དེ་ལྟར་ན་མི ་གི་ལིང་ཏོག་དང་བྲལ་བའི་ཡེ་ཤེས་ནི་ཤེས་པར་བྱ་བ་ཐ~ཾད་དུ་འཇུག་པས་ཐཾད་མཁྱེན་པའོ།། འདོད་ཆན་ལ་སོགས་པའི་སྒྲིབ་པས་བསྒྲིབས་པ་ན་ཉེ་བར་གྱུར་པ་ཡང་མི་ཤེས་སོ།། དེས་ན་འདོད་ཆགས་ལ་སོགས་པའི་སྒྲིབ་པ་སྤོང་བས་ཐམས་ཅད་མཁྱེན ་པར་འགྱུར་རོ།། དེའི་རྫོགས་པའི་དབང་ནི་རྣལ་འབྱོར་གྱི་དབང་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་མཐུ་དང་། དཔག་ཏུ་མེད་པའི་ཡོན་ཏན་གྱི་ཚོགས་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་དེ་ལ་མངའོ།། ཚིག་སུ་བཅད་པའི་དོན ་ལྷག་པར་བཤད་པར་བྱ་བ་ན་རང་དང་སྤྱིའི་མཚན་ཉིད་ཕ་རོལ་གྱི་བར། སྒྲོ་བཏགས་པ་ནི་རང་གི་སེམས་སྣང་བ་ཉིད་དུ་ཁོང་དུ་ཆུད་པ་རྣམས་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པ་གསུམ་མོ།། འཕགས་པ ་པདྨར་གཤེགས་པོ་ཡེ་ཤེས་དཔལོ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་ས་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་གང་ནས་གོང་དུ་ཡིད་ཀྱི་སྐུ་རྣམ་པར་ཕྱེ་བ་སྤྱད་པ་དང་པིའོ།། སུ་ཞིག་གིས་མཚམས་མེང་པ་ཞིག་བྱས་ཏེ། ཉན ་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་གསུམ་གྱི་དགེ་བ་མི་བྱེད་པོ་ལ་དེའི་འགྱོད་པ་གསལ་བའི་ཕྱིར། ཉན་ཐོས་ལ་སོགས་པའི་གཟུགས་སུ་སྤྲུལ་པ་བྱས་ནས། སངས་རྒྱས་དང་བྱང་ཆུབ ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་མཚམས་མེད་པ་བྱས་པས་དགེ་བ་སྤྱད་དེ། བསམ་གཏན་ལ་མཉམ་པར་འཇིག་ཅིང་ཆོ་འཕྲུལ་བྱེད་དོ་ཞེས་དེ་ལྟར་མཐོང་ནས་གཞན་གྱིས་ཀྱང་འགྱོད་པ་སྤངས་དེ་དགེ་བ་ལ་འཇུག་གོ་ཞེས་བསྡུ་བའི་དོན་ཏོ།། ། ་བརྩོན་པ་བོར་བ་ཞེས་བྱ་བ་ནི་བྱེད་པ་མེད་པའོ།། རྟག་པ་དང་། བདག་དང་བདག་གིར་མངོན་པར་ཆགས་པ་ནི་གང་ཟག་ལ་བདག་མེད་པས་འཕོའོ།། ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་ཕྱི་རོལ་གྱི་དོན་ལ་མངོན ་ཆགས་པའི་འཛིན་པ་དང་གཟུང་བ་འཕོའོ།། ཁོ་ཅིག་ལ་ནི་མི་གཉིས་པའི་ཆོས་ཉིད་ཁོང་དུ་ཆུད་པ་ཐེག་པ་གསུམ་སྤྱིལའོ་ཞེས་སོ།། སོ་སོ་རང་གིས་རིག་པའི་ཆོས་ཉིད་ལ་སྒྲ་མི་འཇུག་པས་ན་བཅོམ་ལྡན་འདས་ཀྱིས་གང་གི་ནུབ་མོ ་མངོན་པར་རྫོགས་པར་སངས་རྒྱས་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་པས་དེའི་བར་དུ་ཡི་གེ་གིཅོག་ཀྱང་མ་བཤད་ཅེས་གསུངས་སོ།། ཚིག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་ཞེས་བྱ་བ་ནི་བསམ་པ་མེད་ཅིང་སྣང་བ ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ཚིག་གིས་སྟོན་མི་ནུས་པའི་ཕྱིར།། རང་གི་མཚན་ཉིད་ལ་སྤྱིར་སྒྲོགས་བཏགས་པ་འབའ་ཞིག་གིས་ཆོས་བསྟན་པ་འཇུག་གོ།། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་སངས ་རྒྱས་ཀྱི་སྤྱིའི་ཡིན་ཏེ། དེས་ན་ཆོས་དེ་ཁོ་ན་ཉིད་གཅིག་གིས་གསུངས་པ་ཡིན་ནོ།། དགོངས་ཏེ་གསུངས་པ་ནི་ཐམས་ཅད་ལ་བསྡུས་པའི་དོན་དུ་ཤེས་པར་བྱའོ།། ད་ནི་ཡོད་པ་དང་མེད་པ་དཔྱད་པར་རྩམ་པར་བྱ་སྟེ། རང་གི་སེམས་སྣང་བ་ཙམ་དུ་ཁོངས ་མ་ཆུད་པའི་ཕྱིར་བྱེད་པ་པོ་ལ་མངོན་པར་ཆགས་པ་ནི་བརྗོད་པ་དང་། བརྗོད་པའི་ཐ་སྙད་ལ་གོམས་པའི་ཕྱིར།། གཉིས་ཀྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་ནི་ཡོད་པ་དང་མེད་པའི་རྣམ་པར་རྟོག་པོའི་ཐ་སྙད་དུ་འཇུག་གི། ནམ་ཤེས་རབ ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིག་པ་ནི་མི་དམིགས་པས་དེ་ན་དངོས་པོ་དང་དངོས་པོ་མེད་པར་ཀུན་བརྟགས་པ་གཉིས་ཀྱི་རྣམ་པའི་ཐ་སྙད་ཐམས་ཅད་མི་འཇུག་པས་བསམ་པ་མེད་ཅིང་སྣང་བ་མེད་པའོ།། དོན་དམ ་པའི་བདྲོན་པ་མི་གཉིས་པར་ཡང་དག་པར་རིག་པ་འབའ་ཞིག་གོ།། ཐུགས་རྗེས་བག་ཆགས་ཀྱིས་སྲང་ངེ་མཆོག་ཏུ་ཡོང་སུ་དག་པ་འདོད་ཆགས་དང་བྲལ་བ་གཟུགས་རྣམ་པ་སྣ་ཚོགས་ཀྱི་དབང་པོས་སྤྲུལ་པའི་ཐམས་ཅད་མཁྱེན་པ་དག་པ་འཇིག ་རྟེན་པའི་སྣང་བ་དང་བཅས་པའི་ཏིང་འཛིན་ལ་བཞུགས་པ་ན་སེམས་ཅན་གྱི་དོན་དུ་གཉིས་དང་མི་གཉིས་པའི་ཚུལ་མང་པོར་ཆོས་སྟོན་པ་འབྱུང་ངོ་།། དེ་ལྟར་ན་གྲངས་ཅན་རྣམས་ཀྱིས་རྒྱུ་ཐམས་ཅད་ཡོད་པས་དེ་དག་གི་རྒྱུ་དང་འབྲས་བུ་འཆང་དོ།། ་གང་དག་ལ་ཡང་བྱུང་ནས་རྣམ་པར་འཇིག་པ་དེ་དག་ལ་ནི་ཡོད་པ་དང་མེད་པའི་རྣམ་པ་རྟོག་པའོ།། རང་བཞིན་གྱི་རྣམ་པར་གྲོལ་བ་ནི་སངས་རྒྱས་ཁོ་ན་སྟེ། དེའི་ཕྱིར་དེ་ལྟར་འདོད་ཆགས་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ནི་རང་བཞིན་གྱིས ་ཡོངས་སུ་དག་པོའི་ཆོས་ཉིད་ལ་མི་འབྱུང་ངོ་ཞེས་ཐམས་ཅད་མཁྱེན་པ་སྟེ་གྲུབ་པར་མཛད་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམས་གཅིག་པ་དང་ཐ་དད་པ་དང་། ནད་དང་ཕྱི་རོལ་ཏུ་མི་དམིགས་པའི་ཕྱིར་ཏེ། བློ་གྲོས་ཆེན་པོ་འདོད་ཆུག ་དང་། ཞེ་སྡང་དང་། གཏི་མུག་ལུས་མེད་པའི་ཕྱིར་ནང་དང་ཕྱི་རོལ་ཏུ་མི་དམིགས་སོ།། བློ་གྲོས་ཆེན་པོ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་དངོས་པོ་རྣམས་ཁས་མི་ལེན་པས་ཞེས་ཏེ།། རྟག་པ་དང་བདག་དང་བདེ་བ་དང་། གཙང་བའི་དངོས་པོར ་ཕྱིན་ཅི་ལོག་པ་རྣམས་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་འཁྲུལ་པའི་རྣམ་པ་ཅན་སོ་སོ་སྣང་ངོ་།། དེ་དག་ཀྱང་མི་རྟག་པ་དང་བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང ་སྟོང་པར་ཡོངས་སུ་ཤེས་པས་མི་སྣང་ངོ་།། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ལ་ལ་འདོད་ཆགས་ཀྱང་མེད། འདོད་ཆགས་དང་བྲལ་བ་ཡང་མང་ངོ་།། ཇི་ལྟ་ཞེ་ན། གཟུགས་མེད་པའི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་ལ་མཛེས་པ་དང་མི ་མཛེས་པར་མངོན་པར་ཆགས་པ་ཡང་ཡོད་དེ།། ཡུལ་མེད་པར་འདོད་ཆགས་ལ་སོགས་པ་གང་ཆགས་པར་འགྱུར་བ་དང་། གང་དུ་ཆགས་པར་འགྱུར་བ་དང་། གང་གིས་ཆགས་པར་འགྱུར་བའི་ཆོས་དེ་དེས་ཀུན་མི་མཐོང་ངོ་།། འདོད ་ཆགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བ་དང་། མཛེས་པར་མངོན་པར་ཆགས་པའི་ཕྱི་ནང་གི་མཚན་མ་གཅིག་པ་དང་ཐ་དད་པ་མེད་པའི་ཕྱིར་ཏེ། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལས་བྱུང་བ། རབ་འབྱོར་འཆིང་བར་བཅིང་བའི་རྒྱུ་མེད་པའི་ཕྱིར་ཆོས་ཐམས་ཅད་བཅིངས་པའང་མེད། གྲོལ་བའང་མེད་དོ་ཞེས་པའོ།། འདིར་ཡང་ཅི་དགོངས་ཤེ་ན། ཆུད་པ་ནི་རང་བཞིན་གྱིས་འོད་གསལ་བ་ཉོན་མོངས་པ་རྣམས ་དངོས་པོ་མེད་པའི་ཕྱིར་གཞན་དང་གཞན་མ་ཡིན་པར་མི་སྲིད་དོ་ཞེས་སོ།། ཇི་ལྟར་དབུ་མ་ལས་བྱུང་བ།། ཞེན་འདོད་ཆགས་པ་མ་གཏོགས་པར། གལ་ཏེ་འདོད་ཆགས་སྔར་གྱུར་ན།། དེ་ཡི་རྐྱེན་ལས་འདོད་འགྱུར་ན།། ཞེན་མེད་པར་ནི་ཇི་ལྟར ་ལྟར་འདོད།། འདོད་ཆགས་ཡོད་ན་ཞེན་པར་ཡང་།། རིམ་པ་དེ་ནི་མཚུངས་པ་སྟེ།། འདོད་ཆགས་བཞིན་དུ་ཐམས་ཅད་ཆོས།། འཇུག་པ་གཅིག་མིན་ཐ་དད་མིན།། མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚན་མ་མཚན་ཉིད་མེད་པར་འགྱུར།། གཅིག་ན ་འང་དེ་གཉིས་མི་འགྲུབ་སྟེ།། ཐ་དད་ན་ཡང་གཞན་དུ་མེད།། གལ་ཏེ་ཆོས་དང་ཆོས་ཅན་ཐ་དད་པ་ཡིན་ན་ནི། དེའི་ཚེ་རྟག་པ་དང་། མི་རྟག་པ་དང་གཟུགས་ཅན་དང་། གཟུགས་མང་པ་དང་། ཚ་བ་ལ་སོགས་པ་ཐ་དད་པའི་ཕྱིར་རྟག་པ་མི་རྟག་པ་དང་མི་རྟག ་པ་རྟག་པར་འགྱུརརོ།། གཟུགས་ཅན་གཟུགས་མེད་པར་འགྱུར་རོ།། ཚ་བ་ཚ་བ་མེད་པ་དང་། ཚ་བ་མེད་པ་ཚ་བར་འགྱུར།། དེ་ལྟར་མེ་ལ་སོགས་པ་ལ་ཚ་བ་ལ་སོགས་པའི་ཆོས་ཐ་དད་དོ་ཞེ་ན་ནི་མེ་ལ་སོགས་པའི་རང་ཚ་བ་ལ་སོགས་པའི་རང་བཞིན ་པར་མི་འགྱུར་རོ།། དེ་དེ་ལྟར་མེ་དང་ཚ་བ་དང་། ཆོས་ཅན་དང་། མཚན་མར་བྱ་བ་དང་། མཚན་ཉིད་དང་། ཞེན་པ་དང་འདོད་ཆགས་ལ་སོགས་པ་དང་། ཐ་དད་པ་དང་ཐ་དད་པ་མེད་པར་དཔྱད་པས་གཉིས་ཀྱི་རྣམ་པ་ཆོས་སུ་བརྟགས་པ་དེ་དག་སྟོང ་པ་ཉིད་དོ།། གང་དག་ཡང་གཟུགས་ལ་སོགས་པ་འཛིན་པ་དང་གཟུང་པོའི་དངོས་པོར་གསལ་བར་སྣང་བ་དེ་དག་ཀྱང་དྲོན་དམ་པར་ན་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྐྱེ་བ་མེད་པའི་སྟོང་པ་ཉིད་དོ།། དེས་ན་རང་བཞིན་གྱིས་འོང ་གསལ་བ་གྲུབ་པ་ནི་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་དངོས་པོ་དང་དངོས་པོ་མེང་པར་མི་རྟག་པའི་ཕྱིར་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་སྣང ་པ་ཐ་དད་པའི་ཐ་སྙད་མེད་དོ།། ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ཏེ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་།། དེ་ལྟར་དབུ་མ་ལས་བྱུང་བ།། འཇིག ་རྟེན་ཀུན་རྫོབ་བདེན་པ་དང་།། དམ་པའི་དོན་གྱི་བདེན་པ་དང་།། བདེན་པ་གཉིས་ལ་བརྟེན་ན་སུ།། སངས་རྒྱས་རྣམས་ཀྱིས་ཆོས་སྟན་འབྱུང་།། གང་དག་དངོས་པོ་རྣམས་ལ་ནི།། ཡོད་མེད་མཐོང་བ་བློ་ཆུང་རྣམས།། ཞི་བ་ཉེ་ཞི་བ་ལྟ་བྱབ།། དེ་དག་གིས་ནི།། ་མི་མཐོང་ངོ་།། གང་དག་ལ་ཡོད་པ་ཉིད་ལ་རྒྱུ་དང་རྐྱེན་ཡོད་པ་ནི་རྒྱུ་མེད་པ་ལས་ཡོད་པར་སྨྲ་བ་ཡིན་ཏེ། རྟག་པ་དང་བདེ་བ་ལ་སོགས་པའི་དངོས་པོའི་མཚན་ཉིད་དུ་སྨྲ་བར་བྱེད་དོ།། དེས་ན་འདོད་ཆགས་ལྔ་སོགས་པའི་མཚན་མ་དང ་བྲལ་བར་རིག་པར་བྱའོ།། རྐྱེན་གྱིས་ཡོད་པར་མ་བསྒྲིབས་ན་ཞེས་པ་ནི་གང་གི་ཚེ་ན་གཅིག་པ་མེད་པ་དེའི་ཚེ་ན་གཉིས་པོ་མེད་ཅེསོ།། ཇི་ཙམ་དུ་གཉིས་ཀྱིས་རྣམ་པའི་སེམས་པོ་དེ་ཙམ་དུ་ཡོད་པ་དང་མེད་པའི་རྣམ་པར་རྟོག་གི། གཉིས་སུ ་མེང་པ་ལ་མ་ཡིན་ནོ།། རྟོག་པ་དང་ཡི་གེ་མེད་པ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རང་གི་མཚན་ཉིད་དུ་རྣམ་པར་རྟོག་པ་སྟེ། སྟིའི་རྣམ་པར་སྨྲས་སྒྲོ་བཏགས་ཏེ་རྣམ་པར་རྟོག་གོ་ཞེས་བྱ་བའི་བརླ་དུའོ།། ལེའུ་གསུམ་པ་ལས་ཡོད་པ་དང ་མེད་པ་དང་། འཆིང་བ་དང་། རྣམ་པར་གྲོལ་བར་སྤྱད་པ་གཉིས་སོ།། གྲུབ་པའི་མཐའི་ཚུལ་རྣམ་པཾ་གཉིས་བྱ་བ་ལ་སོགས་པ་དང་། དེ་ལ་བློ་གྲོས་ཆེན་པོ་གྲུབ་པའི་མཐེའི་ཚུལ་ནི་འདི་ལྟ་སྟེ། མ་ས་རིང་གིས ་རིག་པའི་བྱེ་བྲག་གི་མཚན་ཉིད་དེ། ཚིག་གི་རྣམ་པར་རྟོག་པ་དང་། ཡི་གེ་མེད་པ་ཟག་པ་མེད་པའི་དབྱིངས་རྟོགས་པ་ཐོབ་པར་བྱེད་པ་སོ་སོ་རང་གིས་རྟོག་པའི་རང་གི་མཚན་ཉིད་མུ་སྟེགས་ཅན་དང་བདུད་ཐམས་ཅད་སྤངས་ཞེས་པ་ནི་གང ་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་དོན་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན་མི་མཐོང་ཞིང་། ཁང་པ་དང་། སྡེ་དང་། ནགས་ལ་སོགས་པ་བཞིན་དུ་སྟོན་པར་འགྱུར་རོ།། རྟག་པ་ནི་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ ་མེད་པ་ཡིན་ནོ།། དེ་ལྟ་བུར་གཉིས་དང་མི་གཉིས་པའི་རྟོག་པའི་མུ་སྟེགས་ཀྱི་བདུད་ཐམས་ཅད་ལ་ཐུབ་པར་བྱ་སྟེ། སེམས་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་རང་བཞིན་གྱིས་འོད་གསལ་བ་མཛེས ་བློ་གྲོས་ཆེན་པོ་དེ་ནི་གྲུབ་པའི་མཐའི་ཚུལ་གྱི་མཚན་ཉིད་དོ།། དེ་ལ་བཤད་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། བསྟན་པ་ཡན་ལག་དགུ་སྣ་ཚོགས་སུ་བཤད་པ་ཡིན་ཏེ། གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་། མེད་པའི་ཕྱོགས་སྤངས ་པ་ཐབས་མཁས་པའི་ཆོ་ག་སྔོན་དུ་འགྲོ་བས་སེམས་ཅན་རྣམས་ལ་བཤད་པ་འཇུག་སྟེ། ཞེས་པ་ནི་གང་དྲག་ལ་མི་གཉིས་པ་ཟབ་མོ་བཤད་པ་མངོན་སུམ་དུ་མི་འཇུག་པ་དེ་དག་ལྔ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ ་སོགས་པར་གསུང་རབ་རྣམ་པར་བཞག་ཅིང་བཤད་པར་མཛད་དོ།། ཁ་ཅིག་ལ་ཡན་ལག་དགུ་སྟེ། སྐྱེས་པའི་རབས་དང་། རྟོགས་པ་བརྗོད་པ་དང་། གླེང་གཞི་ནི་དེ་ལྟར་དང་། འདས་པའི་བརྡར་རྟོགས་པའི་ཕྱིར་རོ།། ཁ་ཅིག་ལ་ནི ་ཡན་ལག་བཅུ་གཉིས་ནི་འདི་ལྟ་སྟེ། མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། ད་ལྟར་དང་། འདས་པ ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། ཆོས་བསྟོན་པའོ།། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་རབ་རིབ་དང་། རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་ཆུད་པ་ལས ་གཅིག་པ་དང་། ཐ་དད་པའི་དཔྱད་པ་དང་བྲལ་བའོ།། ཡོངསུ་གྲུབ་པ་ནི་འཛིན་པ་དང་། གཟུང་བའི་རྣམ་པས་སྟོང་པ་ཉིད་དེ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཕྱིར་སྣང་བའི་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཀྱིས་ཡོད ་པ་དང་མེད་པར་རྗོད་དུ་མེད་དོ།། ཇི་ལྟར་དབུ་མ་ལས་བྱུང་བ།། སྟོང་པ་ཞེས་པར་སྨྲ་མི་བྱ།། མི་སྟོང་པར་ཡང་མ་ཡིན་ཏེ།། གཉིས་དང་མི་གཉིས་ཞེས་པ་ཡང་།། ཞེ་ལ་རྣམ་བཞི་ག་ལ་ཞིག་ཅེས་པའོ།། གསུང་རབ་ཀྱི་ཡན་ལག་ཕྱེ་སྟེ། བཤད་པ་མདོ། ་འདི་མདོའི་དོན་གྱི་ཕྱིར་ཏེ། ཇི་ལྟར་སོ་སོར་ཐར་པའི་མདོ་དེ་བཤད་པ་ནི་རྣམ་པར་འབྱེད་པཱ་རབ་ཏུ་འཆད་པ་ལ་སོགས་པ་སྟེ། འདུལ་བའི་མདོ་སྡེ་ནི་ལྷག་པའི་ཚུལ་ཁྲིམས་སོ།། བཤད་པའི་མདོ་སྡེ་ན་ལྷག་པའི་སེམས་ནི་མངོན་པར་དང་བའི་དོན་ཏོ།། ་དེ་ནི་ལུང་ཐ་དད་པའི་ཕྱིར་ཐ་དད་པ་སྟེ། རིང་པོའི་ལུང་དང་། བར་མའི་ལུང་དང་། ལྡན་པའི་ལུང་དང་། གཅིག་ཡན་ཆད་ཀྱི་ལུང་གི་མདོ་རྣམས་སོ།། ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་ནི་ཐེག་པ་ཆེན་པོ་ལས་མེད་དེ། ཇི་ལྟར་འཕགས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལངྒར་གཤེགས་པ་དང་། ས་བཅུ་པ་དང་། ཏིང་འཛིན་གྱི་རྒྱལ་པོ་དང་། སྡོང་པོ་རྒྱན་དང་། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་དང་། ལྷ་མོའི་མདོ་སྡེ་ལ་སོགས་པའོ།། དབྱངས་ཀྱིས་བསྙད་པ་ནི་རྒྱུད་རིང་བའོ།། ་ལ་ལས་ནི་དབྱངས་ཀྱིས་བསྙད་པ་དང་། ཚིག་སུ་བཅད་པ་དང་། ཆེད་དུ་བརྗོད་པ་རྣམས་ནི་གཅིག་པ་ཁོ་ནར་རྟོགས་པར་བྱེད་དེ། རྒྱུད་ཐུང་བ་ཙམ་ཞིག་ནི་ཚིགསུ་བཅད་པ། ཚད་དུ་བརྗོད་པའི་གསུང་ནི་མདོ་ལས་སྤོབས་པ་དེ་ལྟ་བུར་སྐྱེས་པའོ།། ་ལུང་བསྟན་པོ་ནི་མ་འོངས་པ་གསུངས་པའོ།། དབྱངས་ཀྱི་བསྙད་པ་ནི་གདངས་ཀྱིས་སེམས་ཅན་མང་པོ་མགུ་བར་མཛད་པོ་སྟེ། ཇི་ལྟར་བར་རཱ་ཏའི་གཙུག་ལག་ལས་འབྱུང་བ།། གན་རྔ་ར་ནི་ཤ་དབྱངས་དག་ནི།། སྙིང་རྗེའི་རོ་ལ་བླང་བར་བྱ།། ཐབ་མོ ་འཇིགས་པ་དང་བཅས་ལཱ། དྷེ་བར་དབྱངས་ནི་བླང་བར་བྱའོ་ཞེས་ཏེ།། ཆོས་བཤད་པས་ཀུན་ཏུ་སྐྱོ་བར་བྱ་བའི་ཕྱིར་རྣམ་པ་དེ་ལྟ་བུ་དབྱངས་ཀྱི་དཀྱིལ་འཁོངས་གསུང་པར་མཛད་དོ།། རློམ་པ་དང་དཔའ་བོ་ལ་སོགས་པའི་གསུང་རབ་མི་མཛད་པ་ནི ་རྩེ་མོ་རློམ་པར་སླ་བ་ནི།། ལྡེ་པཱ་དབུ་མ་དབྱངས་དག་སྟེ།། དཔའ་བོ་དྲག་པོ་ངོ་མཚར་དུ།། དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ།། ཞེས་པོའོ།། གླེང་གཞི་ནི་སྔོན་འདས་པ་ས། ལ་ལས་རྒྱུར་ཡང་བརྗོད་དོ།། ད་ལྟར་དང་འདས་པ་ནི་སྒྱུ་མ་དང་འབྲེལ་བར ་འགྲེལ་ཏོ།། སྐྱེས་པ་རབ་ནི་སྔོན་གྱི་སྤྱད་པའོ།། རྟོགས་པ་བརྗོད་པ་ནི་ཉན་ཐོས་རྣམས་ཀྱི་ཚེ་གཞོན་དུ་སྤྱད་པ་ཉིད་དེ།། ལ་ལས་དོན་གཅིག་པར་རྟོགས་པ་ནི་ཇི་ལྟར་དཔལ་སྔོའི་རྟོག་པ་བརྗོད་པ་དང་། གཙུག་ན་ནོར་བུའི་རྟོགས་པ་བརྗོད་པའོ།། ་སྐྱེས་པའི་རབས་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ཉིད་དུ་གྲགས་པའོ།། ཤིན་ཏུ་རྒྱས་པ་ནི་ཐེག་པ་ཆེན་པོ་སྟེ། མདོ་སྡེ་འགྲེལ་བའི་ཆོས་མངོན་པ་ནི་ལྷག་པའི་ཤེས་རབ་པོ།། རྨད་དུ་བྱུང་བ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ ་ཆོས་བསྟན་པ་ནི་བསམ་གཏོན་གྱི་མན་ངག་སྟེ། བྱང་ཆུབ་སེམས་དཔའ་གསུམ་དུ་ཡང་རྟོགས་པ་ཇི་བཞིན་པར་གྱུར་པ་དང་ཡན་ལག་བཅུ་གཉིས་སོ།། ཡན་ལག་དགུ་ནི་གསུང་རབ་བསྡུ་བའི་ཕྱིར་ཏེ། གལ་ཏེ་དབྱངས་ཀྱིས་བསྙད་པ་དང་། ཚིགས ་སུ་བཅད་པ་དང་། ཆེད་དུ་བརྗོད་པ་རྣམས་གཅིག་ཏུ་བསྡུའོ།། ཡང་ན་སྐྱེས་པའི་རབས་དང་། རྟོགས་པ་བརྗོད་པ་ནི་དེ་ལྟར་དང་། འདས་པ་དང་གླེང་གཞི་རྣམས་གཅིག་ཏུ་བསྡུའོ་ཞེས་ཏེ། ཐམས་ཅད་མཁྱེན་པ་འམ། ཡང་དག་པར་བསྡུ་བར ་མཛད་པ་རྣམས་ཀྱིས་མདོ་དང་རྒྱ་ཆེར་དགོངས་པའི་དོན་དུ་རྟག་གོ།། ཤིན་ཏུ་རྒྱས་པ་ནི་ཐག་པ་ཆེན་པོ་སྟེ། བཙུན་གཙིའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲོ་དང་ཁྲོའི་འབྱུང་གནས་དང་མིག་རྩི་དང་། བྲྀཏྟ་ར་མི་ཟད་པ་དང་། ཡིད་བཞིན་གྱི་ནོར་བུ ་རིན་པོ་ཆེ་དང་། རལ་གྱི་དང་། གཞལ་མེད་ཁང་ལ་སོགས་པ་སྔགས་ཀྱིས་འགྲུབ་པའི་འདུ་བྱེད་ནི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་བསྐོངས་པའི་ཕྱིར་མཁའོ།། ཉན་ཐོས་པ་ནི་མི་རྟག་པ་དང་། སྡུག་བསྔལྟ་བ་དང་། བདག ་མེད་པ་དང་། སྟོང་པའི་རྣམ་པར་འཕགས་པའི་བདེན་པ་བཞི་སྒོམ་པ་སྐྱེ་བོ་དང་། འདོད་པ་ཆུང་བ་རྣམས་ལ་བྲོ་དང་བྲོའོ་འབྱུང་གནས་དང་། མིག་རྩིམ་དགོས་སོ།། དེ་དག་གོས་ཀྱང་ཤིན་ཏུ་རྒྱ་ཆེ་བ་ནི་ཐེག་པ་ཆེན་པོར་ཟུར་ཕྱུང་བ་ཡིན་ཏེ། ཇི་ལྟར ་འཕགས་པ་དགའ་བོས་ཡང་དག་པར་བསྡུ་བ་ན་སྨྲས་པ། སྟོབས་བཅུའི་གསུང་ནི་གཞལ་དུ་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ལྷའི་འཇིག་རྟེན་ལ་སོགས་པར་གསུངས་པའི་མདོ་སྡེ་མང་པོ་གང་དག་བདག་གིས་མ་ཐོས་ཤིང་། དགེ་སློང་པ ་ཁ་ཅིག་གིས་ཐོས་སོ་ཞེས་ཏེ། དེ་བས་ན་དེ་ལྟར་གནས་བརྟན་བཙུན་གཙོའི་ཚིག་གི་དབང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། རྣམ་པར་ཐར་པ་གསུམ་པོ་ཐོབ་པའི་འཕགས་པ་ཉན་ཐོས་ཀྱིས་ལྷོ་ཕྱོགས་ཀྱི་ཐོག་མའི ་རི་དང་། མཐའ་མཱ་རིའི་གནས་སུ་ཐེག་པ་ཆེན་པོ་ནི་སྣ་སྣོད་བདུན་དུ་ཡང་དྲག་པར་བསྡུ་བར་བྱས་སོ།། འཕགས་པ་འོད་སྲུངས་དང་། འཕགས་པ་དགའ་བོ་དང་། ཨུ་པཱ་ལི་ལ་སོགས་པས་རྒྱལ་པོའི་ཁབ་ཏུ། སྡེ་སྣོད་གསུམ་ཡང་དག་པར་བསྡུསོ།། ་ཤིན་ཏུ་རྒྱས་པ་ནི་ཐེག་པ་ཆེན་པོ་པར། འཕགས་པའི་ཉན་ཐོས་རྣམས་ཀྱིས་ཟུར་ཕྱུང་བ་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་ཕྱེ་བ་སྟེ། ཇི་ལྟར་མདོ་སྡེ་དེ་ཉིད་དུ། ཐེག་པ་ཆེན་པོར་བསྡུ་བ། ཆོས་ལྔ་རྣམས་དང་རང ་བཞིན་དང་། རྣམ་པར་ཤེས་པ་བརྒྱད་རྣམས་དང་།། བདག་མེད་གཉིས་ཀྱི་ནང་དུ་ནི།། ཐེག་པ་ཆེན་པོ་ཐམས་ཅད་འདུས་ཞེས་ཏེ། དེ་ལ་མཚན་མ་དང་། རྣམ་པོར་རྟོག་པ་མིང་དྲང་ཡང་དག་པོའི་ཡེ་ཤེས་དང་། དེ་བཞིན་ཉིད་དང་ཆོས་ལྔའོ།། དེ་དག་ནི ་རྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པར་བསྡུ་སྟེ། མཚན་མ་དང་རྣམ་པར་རྟོག་པ་གཉིས་ནི་གཞན་གྱི་དབང་དུ་བསྡུའོ།། མིང་ནི་བརྟགས་པར་རོ།། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དག་ནི་ཡོངསུ་གྲུབ་པར་རོ།། ལུས་དང ་ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའི་མཚན་མ་སྟེ། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུའོ།། དེ་ལ་ཡིད་ཀྱི་རྣམས་པ་ཤེས་པ་ནི་རྣམ་པར་རྟོག་པའི་བདག་ཉིད་དེ། གཞན་གྱི་དབང་གསལ་བའི་གཟུགས ་ཉིད་ལ་རྣམ་པར་རྟོག་གོ།། མིང་ནི་ངེས་པ་མེད་དོ།། བརྟགས་པ་ལས་སྐྱེ་བས་ན་དེ་ལྟ་བུའི་ཕྱིར་ཀུན་བརྟགས་པའི་མཚན་ཉིད་དོ།། ཡང་དག་པའི་ཡེ་ཤེས་ནི་ཤེས་རབ་དཔྱོད་པའི་རང་བཞིན་ནོ།། དེས་ནི་གཉིས་ཀྱི་རྣམ་པ་དང་བྲལ་བ་མི་གཉིས་པའི་ཆོས ་ཉིད་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ། ཡང་དག་པར་རེག་པའི་རང་བཞིན་དངོས་པོར་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་རྟོགས་པར་བྱེད་དོ།། བདག་མེད་པ་གཉིས་ནི་ཆོས་ལ་བདག་མེད་པ་དང་། གང་ཟག། ་ལ་བདག་མེད་པའོ།། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། ཚོགས་སུ་མི་གནས་པ་དང་། མི་འཇིགས་པ་མ་ཡིན་པའི་ཕྱིར་ནང་དང་ཕྱིའི་སྟོང་པ་ཉིད་ཅེས་ཏེ། རྣམ་པར་གཞགས་པ་ནཱ་ཁང་པ་དང་། སྡེ་དང་། ནགས་ཚལ ་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་ཚོགས་སུ་གནས་པ་མེད་དོ།། ཇི་ལྟར་མདོ་སྡེ་འདིར་གསུངས་པ།། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་སོ།། སྣང་བ་འདི་ཅི་ཞིག་ཅེས་པ་ལ། ཕྱི་ཡི་དངོས་པོ་མེད་པར་ཡང་།། སེམས་ན ་རྣམ་པ་གཉིས་སུ་སྣང་ཞེས་སོ།། མི་འཇིགས་པ་མ་ཡིན་པ་ནི་རྟག་པ་གང་རེག་ལ་སོགས་པ་མེད་དེ་མ་སྐྱེས་པས་ན་རི་བང་གི་ར་ལ་སོགས་པ་བཞིན་དངས་པ་མེད་པ་ཁོ་ནའོ།། དེ་དེ་ལྟར་བདག་མེད་པ་གཉིས་ནི། སྟོང་པ་ཐམས་ཅད་ཀྱིས་ཐབས་སུ། ་བཤད་པར་སྦྱར་བར་བྱའོ།། རང་བཞིན་ནི་ཆུད་པའི་དབྱིངས་ཏེ། ཆོས་ལྔའི་གནས་ཡིན་ཏེ། ཆོས་ཉིད་ལ་འགལ་བ་མེད་དོ།། བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ཐེག་པ་ཆེན་པོ་ལ་ཐམས་ཅད་མཁྱེན་པ་བསྒྲུབས ་པའི་ཕྱིར་ས་དོང་ཕ་རོལ་ཏུ་ཕྱིན་པས་ཐེག་པ་ཆེན་པོ་ཁྱད་པར་དུ་ཕྱེ་བ་ཡིན་ནོ།། ཐམས་ཅད་མཁྱེན་པས་ཉན་ཐོས་རྣམས་ལ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་རྟོགས་པར་མཛད་པའི་སླད་དུ་བསྟན་པ་ནི ་ཇི་ལྟར་དགེ་སློང་དག་མིག་ནི་སྟོང་པ་ཉིད་དང་། གསོག་དང་གསོབ་དང་། འདུ་ཤེས་ཙམ་པ་དང་། འདུས་བྱས་སུ་མཐོང་ངོ་།། དེ་བས་ན། གཟུགས་ནི་དབུ་བའི་གོང་བུ་མཚུངས།། ཚུ་རཱུ་བ་ཆུ་ཡི་ཆུ་བུར་འདྲ།། འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ།། འདུ་བྱེད་ཆུ་ཤིང་དུ ་ནི་སྣང་།། རྣམ་ཤེས་སྒྱུ་མ་ལྟ་བུའོ།། ཞེས་པར་ཉི་མའི་གཉེན་གྱིས་གསུངས་ཞེས་པའོ།། དེ་དེ་ལྟར་གསུང་རབ་དང་མི་འགལ་བ་ལྔ་ཁ་ཅིག་གིས་ནི་འདོད། ཁ་ཅིག་གིས་ནི་མི་འདོད་དོ།། འདོད་པ་དང་མི་འདོད་པར་ཞུགས་པ་རྣམས་མི་སྤོང་ཞིང་བསྐུ ་པས་ནི་དེ་དག་ལ་ཡང་ངན་སོང་ངོ་།། མཁས་པ་རྣམས་ནི་ལེགས་པ་གསུངས་པ་འཛིན་པ་ཡིན་པས་ན་ཤེས་རབ་ཅན་རྣམས་ཀྱིས་ཉན་པར་བྱེད་དོ།། རང་གི་སེམས་སྣང་བ་ཙམ་ཁོང་དུ་ཆུད་པས་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་དོན་ལ་སོགས ་པར་རྣམ་པར་རྟོག་པར་མི་བྱེད་ཅིང་། ཐེག་པ་ཆེན་པོ་ཡང་དག་པ་ཇི་ལྟ་བུ་རྟོགས་པར་བྱེད་དོ།། ཉན་པོས་དང་མུ་སྟེགས་ཀྱི་རྟོག་པ་ལས་རྣམ་པར་གྲོལ་ཞིང་། ཚངས་པ་དང་དབང་པོ་ལ་སོགས་པ་བྱེད་པ་པོར་སྨྲ་བ་ལས་མ་གཏོགས་པའི་ལས ་དང་འབྲས་བུར་འབྲེལ་པ་ཁོང་དུ་ཆུད་པར་འགྱུར་རོ།། སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་འདུ་བྱེད་རྣམས་ཀྱིས་སུས་ཇི་ལྟར་སྦྱོང་བ་དེ། དེ་ལྟར་འགྲུབ་པར་འགྱུར ་བས་ན་ས་དང་ཕ་རོལ་ཏུ་ཕྱིན་པར་འབྱེད་པས་དབྱེ་བ་ན་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ།། དེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་སེམསོ་ཅན་ཐམས་ཅད་ཀྱི་དོན་མཛད་སྤྱོད།། ། ་མཆོག་ཏུ་ཡོངསུ་དག་པའི་འདོད་ཆགས་དང་བྲལ་བ།། ཐམས་ཅད་མཁྱེན་པ། རྣལ་འབྱོར་གྱི་དབང་པོ་གཟུགས་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པ། ཡོན་ཏན་གྱི་ཚོགས་དཔག་ཏུ ་མེད་པ་ཤེས་བྱ་དང་། ཉོན་མོངས་པ་དང་། ལུས་ཀྱི་སྒྲིབ་པ་སྤངས་པ་སྟེ། ཐམས་ཅད་མཁྱེན་པ་ཁོ་ནར་རོ།། དེའི་བགྲིགས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པས་བསྒྲིབས་པ་སྟེ། དངོས་པོ་ཡང་དག་པ་ཉིད་ཉེ་བར་ཇི་ལྟར་གནས་པ་ཡང ་མི་ཤེས་སོ།། ཤེས་པའི་སྤྱོད་ཡུལ་སོ་སོར་ངེས་པ་མེད་ཀྱང་སྒྲིབ་པ་སྤངས་པ་ན་མིག་གི་ལིང་ཏོག་དང་བྲལ་བ་བཞིན་དུ་ཐམས་ཅད་ཤེས་སོ།། ཐོས་པ་དང་སེམས་པ་དང་། སྒོམ་པའི་རིམ་པར་དབྱེ་བ་ན་ཡེ་ཤེས་གོང་མཱ་ནས་གོང་མར་ཁྱད་པར ་གང་དང་གང་ཡོད་པ་དེ་དང་དེ་ནི་སྔོན་ཐོས་པ་དང་། སེམས་པ་ལས་ཚེགས་ཀྱི་སྟོབས་ལས་བྱུང་བ་སྟེ། སླེབ་མ་རྣམས་ཁྱད་པར་དུ་མཁས་པར་འབྱེད་པ་བཞིན་ནོ།། སྐྱེས་མ་ཐག་པ་རྣམས་ལ་ཡང་དགའ་བ་དང་། འཇིགས་པ་དང་། མྱ་ངན་སྣང ་སྐྱེ། དེས་ན་སྔོན་གྱི་གོམས་པ་རྗེསུ་དཔོག་སྟེ། ཚེ་གཞན་དུ་མཆོག་གི་རིམ་པར་དབྱེ་བ་ན་ཤེས་རབ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྱུར་རོ།། ལྟ་བ་གཉིས་ཞེས་བྱ་བ་ནི་ཕྱི་རོལ་དོན་ཏུ་ལྟ་བ་དང ་བྱེད་པ་དང་། བྱེད་པ་ལ་སོགས་པར་ལྟའོ།། རྒྱུན་ནི་མི་རྟག་པ་དེ་མ་ཐག་པ་ཙམ་གྱིསོ།། མི་སྤང་བ་ནི་སྤང་བར་མི་བྱ་བ་སྟེ། བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། གང་ཟག་མེད་ཅེས་བྱ་བ་ནི་རྟག་པ་པར་སྣང་བ་རྣམ་པར་བརྟགས་པ་ནི་མེད་དོ།། ་འདོད་ཆགས་ལ་སོགས་པ་རྣམས་ནི་ཕུང་པོའི་ལུས་གཞན་གྱི་དབང་ལ་རྨི་ལམ་དང་འདྲ་བར་རྒྱུ་ཡོད་དོ།། འཕགས་པ་ལངྐར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པོ་སྦྱར་བའི་ལེའུ་གསུམ་པ་ལས་གྲུབ་པའི་མཐའ་ཚུལ་རྣམ་པ ་འབྱེད་པར་དཔྱད་པ་གསུམ་པའོ།། །། ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་བཙུན་གཙེའི་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་པའོ།། ཐམས་ཅད་མཁྱེན་པས་ཀྱང ་གསོལ་བའི་ལོན་དུ་གསུངས་པ། བློ་གྲོས་ཆེན་པོ་དོན་རྣམ་པ་ཐ་དད་པ་སྣ་ཚོགསུ་ཡང་དག་པ་མ་ཡིན་པར་ཀུན་ཏུ་བརྟགས་པ་ལ་མངོན་པར་ཆགས་པོས་མི་རྣམས་ཀྱི་རྣམ་པར་རྟོག་པ་འབྱུང་བ་འབྱུང་སྟེ་ཞེས་བྱ་བ་ལ་སོགས་པའོ།། དོན་རྣམ ་པར་ཐ་དད་པ་སྣ་ཚོགས་ནི་སྣང་བ་རྣམ་པ་སྣ་ཚོགས་པ་ཐམས་ཅད་མཁྱེན་པས་དགོངས་པར་རྟག་གོ།། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་ནང་འཁྲུགས་པའི་མཐུས་རྣམ་པ་སྣ་ཚོགས་ཀྱི་རྣམ་པའི་རྣམ་པར་ཤེས་པ ་འབྱུང་ངོ་།། བཅོམ་ལྡན་འདས་ཕྱི་རོལ་གྱི་དོན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དོན་རྟག་པ་རྡུལ་ཕྲ་མོའི་རྫས་ལ་སོགས་པ་སྣ་ཚོགས་ཀྱི་མཚན་ཉིད་ཡང་དག་པར་མ་ཡིན་པ་ཡོངསུ་རྟོགས་པ་གང་ལ ་རྣམ་པར་རྟོག་པའི་མཚན་ཉིད་ཡོད་པ་དེ་དེ་ལྟ་བུའོ།། ཡོད་པ་དང་མེད་པའི་ཕྱོགས་སུ་ལྷུང་བའི་མཚ་ནི་ཉིད་གང་ལ་ཡོད་པ་དེ་དེ་ལྟ་བུ་སྟེ། དོན་དམ་པ་མི་གཉིས་པའི་ཆུད་པ་ལས་བཟློག་པའོ།། དེ་ཇི་ལྟར་ཕྱི་རོལ་གྱི་དོན་ལ་ཚད་མས་གནོད ་ཀྱང་ཡང་དག་པ་མ་ཡིན་པ་ཡོང་སུ་རྟོགས་པར་འཇུག་པ་དེ་བཞིན་དུ་དོན་དམ་པ་མི་གཉིས་པའི་ཆུད་པ་ཡང་དབང་པོའི་ཤེས་པ་དང་། རྗེ་སུ་དཔག་པ་ཆ་ཤས་ཀྱི་རྒྱུ་དང་དཔེ་ལས་འདས་པ་དེར་ཡང་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག ་པ་མཚུངས་ན་བཅོམ་ལྡན་འདས་དེར་དེ་ཇི་ལྟ་བུ་ཞིག་ཅེས་གླེངས་པའོ།། དོན་དམ་པའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་ཞེས་པ་ནི་མི་གཉིས་པ་ཡང་དག་པོ་མ་ཡིན་པར་ཡང་སུ་རྟག་པ་སྟེ། གཞན་བྱ་དབང་ག་རིག་པའི་རང་གི་མཚན ་ཉིད་དོ།། རྣམ་པར་རྟོག་པ་ནི་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པ་སྟེ། དོན་དམ་པ་ལས་ལོགས་པའི་ཕྱིར་རོ།། རྣམ་པ་སྣ་ཚོགསུ་སྣང་བ་ལ་ཕྱི་རོལ་གྱི་རྟག་པ་དང་། མཛེས་པ་དང་། མི་མཛེས་པ་སོགས་པར་སྒྲོ་འདོག་པ་ནི་ཡང ་དག་པ་མ་ཡིན་པར་ཡོངས་སུ་རྟོག་པ་སྟེ། གཞན་གྱི་དབང་གི་གཟུང་བའི་ཆ་ལ་མངོན་པར་ཆགས་པར་དོན་ཏོ།། རྨི་ལམ་ལྟར་སྣང་བ་ལས་བསླུ་བ་དང་། སླུ་བ་མེད་པའོ།། ཡོད་པ་དང་། མེད་པར་ལྟ་བ་ནི་མུ་སྟེགས་བྱེད་ཀྱི་ལྟ་བའོ།། སོ་སོར ་རྣམ་པར་རྟོག་པ་ནི་བདག་དང་། བདག་གིར་རྣམ་པར་རྟོག་པ་སྟེ། ཇི་ལྟར་གསུངས་པ། ཡང་དག་པ་མ་ཡིན་ཀུན་རྟོག་ནི། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་པའོ།། འཕགས་པ་བློ་གྲོས་ཆེན་པོས་ཀྱང་དེ་སྟེ་རྒྱུ་ལས་ཡང་དག་པ་མ ་ཡིན་ཀུན་ཏུ་རྟོག་པ་འདི་ཡིན་ན་ནི་དོན་སྒྲའི་ཆོས་སུ་མཐུན་པ་ཇི་ལྟར་ན་ཕྱི་རོལ་གྱི་དོན་མ་མཆིས། དེས་ན་མི་མཚུངས་པའི་རྒྱུར་འགྱུར་རོ་ཞེས་གླེངས་པ་ལས་ཐམས་ཅད་མཁྱེན་པས་ཀྱང་གླེང་བ་ལ་ཡོངས་སུ་སྤོང་བར་མཛད་པ། བློ་གྲོས་ཆེན་པོ ་པར་རྟོག་པ་འབྱུང་བ་འམ་ལྡོག་པ་མེད་དོ་ཞེས་ཏེ། ཡང་དག་པ་ལ་དེས་བརྗོད་དུ་མེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཡོད་པ་དང་མེད་པ་ལས་རྣམ་པར་རྟོག་པ་མི་འབྱུང་བ་དང་། ཕྱི་རོལ་གྱི་སྣང་བའི་དངོས་པོ་མེད་པ་དང ་རང་གི་སེམས་སྣང་བ་ཙམ་དུ་རྟོགས་པ་སྟེ། བློ་གྲོས་ཆེན་པོ་བྱིས་པ་རྣམས་རང་གི་སེམས་རྣམ་པ་སྣ་ཚོགསུ་ཕྱི་རོལ་གྱི་བར་སྒྲོ་བཏགས་པས་བསམ་པ་སྐྱོན་ཅན་དུ་གྱུར་ནས་རྣམ་པར་རྟོག་པས་བརྟགས་ཏེ། ཡང་དག་པ་མ་ཡིན་པ་ཀུན་རྟོག ་པ་སྣ་ཚོགས་ཀྱི་དངོས་པོའི་མཚན་ཉིད་ལ་མངོན་པར་ཆགས་པས་ལོ་རྒྱུད་ལས་བྱུང་བ་སྔོན་དུ་འགྲོ་བའི་རྣམ་པར་རྟོག་པའི་འབྱུང་བར་བཤད་དོ་ཞེས་ཏེ། ཡང་དག་པ་མ་ཡིན་པར་ཡོངསུ་རྟོག་པ་འཕགས་པ་བཙུན་གཙོ་བྱམས་པས་བཤད ་པ་ནི། ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ་ན་གཉིས་པོ་ཡོད་མ་ཡིན།། སྟོང་པ་ཉིད་ཀྱང་དེ་ན་ཡང་།། དེ་ལ་ཡང་ནི་དེ་ཡོད་དོ།། ཡང་དག་མ་ཡིན་ཀུན་རྟོག་ནི།། སེམས་དང་སེམས་བྱུང་ཁམས་གསུམ་པ། ཞེས་པས་ཏེ། སེམས་དང་སེམས་ལས ་བྱུང་བ་འདུས་པ་ལས་རྣམ་པར་རྟོག་པ་འབྱུང་ངོ་ཞེས་བྱའོ།། ཇི་ལྟར་ནང་འཁྲུགས་པས་འགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་འབྱུང་སྟེ། དེས་ན་ཡང་དག་པ་མ་ཡིན ་པར་ཡངས་སུ་རྟོག་པའོ།། དེ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱང་དེ་ན་ཡོད་དོ།། དེ་ནི་ཡང་དེ་ཡོད་བྱིས་པ་རྣམས་ལ་ཡང་དག་པ་མ་ཡིན་པས་ཡོངས་སུ་རྟོག་པའོ།། ཡོད་པ་དང་མེད་པ་ལས་རྣམ་པར་རྟོག་པ་མི་འབྱུང་བ་ཞེས་བྱ་བ་ནི་སྣང་དུ་ཟིན ་ཀྱང་ནོར་བའི་རྣམ་པ་ལ་སྐྱེ་བ་མེད་དོ།། ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། གཉིས་ཀྱི་རྣམ་པ་མེད་པ་ཉིད་པས་ན་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་སྣང་བཞིན་དུ་སྐྱེ་བ་མེད་དོ།། ཐོག་མ་མེད་པའི་སེམས་ཀྱི་རྒྱུད་གང་ལ ་ཡང་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པ་ཀུན་རྟོག་པ་དེ་ལ་ཡང་ཐ་དད་པའི་བྱེད་པ་དང་བྱེད་པ་པོར་འབྲེལ་པར་མི་རུང་བར་ཐམས་ཅད་མཁྱེན་པས་རིག་པ་གཞན་གྱིས་སྒྲུབ་པར་མཛད་པ། ཡོད་པ་དང་མེད་པ་ལས་མི་སྐྱེ་ཞེས་ཏེ། ་ཡོད་པ་ནི་དངོས་སུ་ཡོད་པས་གྲངས་ཅན་ལ་སོགས་པས་ཀུན་བརྟགས་པའི་སྐྱེ་བ་མི་རུང་ངོ་།། མེད་པ་ཡང་དངོས་པོ་བྱ་མི་ནུས་ཏེ། དངོས་པོ་མེད་ཅེས་པ་ནི་ཅང་མི་བྱེད་པ་ནི་བྱེད་པ་དགག་པར་འགྱུར་བ་ཉིད་ཅེས་བྱ་སྟེ། རྣམ་གྲངས་མང་པོར་བཤ ་དོ།། འོན་ཏེ་ཡོད་པ་དང་མེད་པ་ལས་མི་སྐྱེ་ན་ནི་ཇི་ལྟར་ན་འདིས་བྱེད་དོ་ཞེས་བྱ། འཛིན་པ་དང་གཟུང་བའི་དངོས་པོ་ཡང་། མི་རུང་ངོ་ཞེས་པ་དེ་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ་བྱེད་པ་པོ་དང་། ལས་དང་། བྱེད་པའི་ཐ་སྙད་མི་རུང་བ་ནི ་དོན་ཇི་བཞིན་པའི་འཛིན་པ་དང་། གཟུང་བ་མེད་པའི་ཕྱིར་རོ།། གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྣམ་པར་རྟོག་པར་འབྱུང་ངོ་།། བློ་གྲོས་ཆེན་པོ་གཞན་དུ་ན་ཞེས་པ་ནི་འཛིན་པ་དང་གཟུང་བའི་དངོས་པོ་བྱེད་པ་དང་། བྱེད་པ་པོས་བསྐྱེད་དོ་ཞེས་རང ་གི་སེམས་སྣང་བ་ལ་ཀུན་བརྟགས་པ་སྟེ། ཕྱི་རོལ་གྱི་དངོས་པོ་མེད་དོ།། ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། གང་གི་ཚེ་ན་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་མི་གཉིས ་པའི་ཡེ་ཤེས་གནས་སོ།། འཛིན་པ་དང་གཟུང་བ་རྒྱུན་ཏུ་འབྱུང་བ་ཡང་བྱེད་པ་དང་། བྱེད་པ་པོ་དང་། བརྗོད་པ་དང་། བརྗོད་པ་ལ་སོགས་པ་རྣམ་པར་རྟོག་པའི་སྣང་བ་ཐམས་ཅད་དང་། བྲལ་བའི་དོན་དམ་པོའི་བདེན་པ་ཞེས་བྱའོ།། སྔ་མའི་འོག་ཏུ་འདི་ཡོད་པས། ་འདི་ཡོད་དོ་ཞེས་བྱ་བར། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དག་པ་འཇིག་རྟེན་པའི་རབ་ཏུ་ཆུད་པ་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ན་སེམས་ཅན་ཐམས་ཅད་ལ་རྣམ་པ་སྣ་ཚོགས་ཀྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རབ་ཏུ་སྣང་བར་མཛད་པའི་དོན ་དུ་ལས་དང་འབྲས་བུར་སྭ་སཱིར་ངེས་པར་འབྲེལ་པའི་ཆོས་སྟོན་པ་འབྱུང་ངོ་།། སྣང་བ་བཞིན་དུ་རྗེ་སུ་མཐུན་པར་ཁོང་དུ་ཆུད་པར་མཛད་པའི་ཕྱིར་ཕྱོགས་དང་། རྒྱུ་དང་། དཔེ་དང་། ཁྱིབ་པའི་ཚུལ་དང་། ཆོས་མཐུན་པ་དང་། མི་མཐུན་པར་མཐུན་པར་གསུ ་གང་སྐྱེས་པར་རིག་པ་དེ་ནི་མི་རྟག་པ་སྟེ། ཐལ་མོའི་སྒྲ་དང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། ཆུ་ཟླ་ལ་སོགས་པ་བཞིན་དུ་ཐོག་མོ་དང་ཐ་མའི་མཐར་སྟོང་པའོ།། སྐྱེས་པ་ནི་རིག་པར་འགྱུར་རོ་ཞེས་བྱ་བའི་ཚད་མས་ཆུད་པ་རྣམས་ནི་ཐམས་ཅད ་མཁྱེན་པའོ།། ཡོད་པ་དང་མེད་པའི་རྣམ་པར་རྟོག་པས་བསླང་དེ། གཉིད་ཀྱིས་མ་ལོག་པའི་དུས་ན་ནི་གཟུགས་ཡོད་པ་རྨི་ལམ་གྱི་དུས་ན་མེད་དོ་ཞེས་གང་དག་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་ཁྱད་པ་ཅན་དང་ཀྵུ་པ་ན་ཀ་དང་། སྤྱོད་པ ་ཅན་དང་། འཇིག་རྟེན་རྒྱང་པན་ལ་སོགས་པ་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པ་དེ་དག་ལ་ཕྱི་རོལ་གྱི་དོན་ནི་སྣང་བ་ཙམ་དང་མཚུངས་པས་ན་ལྷག་པར་སྒྲུབ་པ་མེད་དོ།། ཞེས་སྤྱིས་ཁྱབ་པའི་ཚུལ་དུ་གསུང་ངོ་།། གང་གིས་གཟུགས་ནི་དེ་ལྟར་ཅུང ་ཟད་ཅིག་ནི་ཡོད། ཅུང་ཟད་ཅིག་ནི་མེད་དོ།། ཞེས་ན་ནི་མི་མཚུངས་པར་སྨྲ་བར་ཡང་འགྱུར་ན་དེ་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ལ། ཐམས་ཅད་མཁྱེན་པས་ཡོངསུ་སྤོང་པོ་ནི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཞེས་ཏེ། ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ ་རྣམ་པར་བརྟགས་པ་ནི་བླ་འོག་ཏུ་ཕྱོགས་ཀྱི་ཆར་འབྱེད་པས་རྣམ་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ།། རྡུལ་ཕྲ་མོ་རྣམས་ཀྱང་ཡན་ལག་མེད་པས་ན་བླ་འོག་ཏུ་ཆགས་ཤིང་ཆོག་སུ་འདུ་བར ་མི་རུང་བ་ནི་སེམས་དང་སེམས་ལས་བྱུང་བ་བཞིན་ནོ།། དེས་ནི་བདག་དང་གཞན་གྱི་རྒྱུད་དབང་དང་མཉམ་པར་མི་འཇོག་པའི་མ་རིག་པས་རྣམ་པ་སྣ་ཚོགསུ་བསྐྱེད་པས་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པ་སྣང་ངོ་།། གླང་གི་ཚེ་ན་ཤེས་རབ་ཀྱིས ་དཔྱད་ནས་ཤེས་པར་བྱ་བ་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་གནསོ།། གཞན་གྱི་དོན་དུ་ཐུགས་རྗེས་སྣང་བ་དང་བཅས་པ་དག་གི་འཇིག་རྟེན་གྱི་ཏིང་འཛིན་ལ་ཐམས་ཅད ་མཁྱེན་པ་བཞུགས་པ་ཕྱི་རོལ་གྱི་དོན་མེད་པར་ཡང་ཆོས་འཆད་པར་འབྱུང་ངོ་།། བརྟགས་པ་དང་གཞན་གྱིས་དབང་དང་ཡོངས་སུ་གྲུབ་པ་རྣམས་སུ་ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་ཆོས་ཐམས་ཅད་བསྡུ་བ་ནི་ཕུང་པོ་དང་།། ཁམས་དང ་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའོ།། སྡུག་བསྔལ་དང་། ཀུན་འབྱུང་ཀུན་ནས་ཉོན་མོངས་པ་རྣམས་ནི་བརྟགས་པ་དང་། གཞན་གྱི་དབང ་གོཉིས་སུ་བསྡུའོ།། ཉོན་མོངས་པ་མེང་པ་རྣམས་དང་། འགོག་པ་དང་ལམ་གྱི་བདེན་པ་ཡོངས་སུ་གྲུབ་པར་བསྡུའོ།། ཁམས་གསུམ་འདི་ནི་སེམས་ཙམ་མོ་ཞེས་སོ།། ས་བཅུ་པ་དང་། ལངྒར་གཤེགས་པ་ལས་གསུངས་པ་ནི། ལུས་དང་ལོངས་སྤྱོད ་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཡང་ལངྐར་གཤེགས་པར་གསུངས་པ། བརྟགས་པ་དང་། ཆོས་ཉིད་ཀྱི་གཟུགས་ཞེས་ཏེ། བརྟགས་པ་དངོས་པོ་ཙམ་པ་དང་།། ཁྱོད ་པར་དུ་ནི་རྣམ་པར་བརྟགས།། རང་གི་མཚན་ཉིད་གང་ཡིན་པ།། ཆོས་ཉིད་གཟུགས་ནི་དེ་ཡིན་ནོ་ཞེས་པའོ།། དེ་ལ་བརྟགས་པ་ནི་གཞན་གྱི་དབང་ཉིད་དུ་བརྟགས་པའོ།། དེ་ཉིད་ལ་རྟག་པ་དང་མི་རྟགས་པ་ལ་སོགས་པའི་ཆོས་སུ་རྣམ་པར་རྟོག་གི། ་རྟག་པ་ལ་སོགས་པ་བརྟགས་པའི་ཡུལ་ནི་མེད་དོ།། གཉིས་ཀྱི་རྣམ་པའི་འཁྲུལ་པ་དང་བྲལ་བ་ནི་གྲུབ་པ་སྟེ། ཆོས་ཉིད་ཀྱི་གཟུགས་སུ་ཞེས་བྱའོ།། འཕགས་པ་བཙུན་གཙོ་བྱམས་པའི་དགོངས་པ་བྱེད་པ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག ་པའི་བཤད་པ་ནི། ཡང་དག་མ་ཡིན་ཀུན་རྟོག་ནི། སེམྦྷ་དང་སེམ་རྒྱག་པ.ཱ་གསུས་ལ། དེ་ན་དོན་མཐོང་རྣར་ཤེས།། དེ་ཡི་ཁྱད་པར་སེམས་ལས་བྱུང་ཞེས་པ་སྟེ། ཁམས་གསུམ་གྱི་ཆོས་ཀུན་ནས་ཉོན་མོངས་པ་དང་། ཉོན་མོངས་པ ་མེད་པ་ཐམས་ཅད་ཀྱང་སེམས་དང་སེམས་ལས་བྱུང་བའི་ཚོགས་སུ་བསྡུའོ།། ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུརརོ།། ཀུན་ཏུ་འགྲོ། ་བ་ཚོར་བ་སེམས་པ་འདུ་ཤེས་དྲང་། འདོད་པ་རེག་པ་བློ་དྲན་དང་། ཡིད་ལ་བྱེད་པ་མོས་པ་དང་།། ཏིང་ངེ་འཛིན་སེམས་ཀུན་ལ་སྟེ།། སེམས་ལ་སྐུ་བྱུང་བ་དག་པ་རྣམས་ནི་ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏེ་ངེ་འཛིན ་ལ་འབྱུང་ངོ་།། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དེར་རིག་པ་དང་། རིག་པ་པོའི་དངོས་པོར་སེམས་བདག་ཉིད་ལ་ཡང་མི་རྒྱུན་བག་ཆགས་ཀྱི་དུས་ཀྱི་ཀུན་ཏུ་འགྲོ་བའི་སེམས་ལས་བྱུང ་བ་རྣམས་སྣང་བར་འགྱུར་བ་ལྟ་ཅི་སྨོས། འོན་ཀྱང་ཐུགས་རྗེའི་བག་ཆགས་ཀྱིས་བསྐུལ་ཏེ། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སེམས་ལས་བྱུང་བ་དག་པ་རྣམས་སོ་སོར་སྣང་དྲི།། རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས ་པོ་ཕྱིན་ཅི་ལོག་པའི་གཉེན་པོར་མི་རྟགས་པ་དང་སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པར་སྤྱིར་སྒྲ་དང་དོན་དུ་སྒྲོ་བཏགས་ཏེ། གཉིས་ཀྱི་རྣམ་པའི་ཤེས་པ་དང་། རང་གི་མཚན་ཉིད་ལ་ཡང་ཆོས་སྟོན་པ་འཇུག་སྟེ། ད་ནི་ལན་དུ་མར ་བཤད་པ་ཡིན་ནོ།། བརྟགས་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་རྣམས་སུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་འབྱེད་པ་སྟེ། དེ་ལ་ཐམས་ཅད་མཁྱེན་པས་བརྟགས་པ་ལ་རྣམ་པ་བཅུར་སྔར་བཤད་པ་ནི་གཟུགས་ལ་སོགས་པ་ཡུལ ་ལྔ་དང་། མིག་ལ་སོགས་པ་དབང་པོ་ལྔ་སྟེ། ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ། སྡུག་བསྔལ་ཕྲ་མོས་བརྩམས་པའི་རྫས་དང་། ཡོན་ཏན་ལ་སོགས་པར་རྟོག་པས་བརྟགས་པ་ཁོ་ནར་བརྟག་གོ།། གཞན་གྱི་དབང་ནི་ལུས་དང་ལོངས་སྤྱོད ་གནས་སྣང་བ། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཞེས་པར་གསལ་ལོ།། ཀུན་གཞི་རྣམ་པར་ཤེས་ནི་གཞན་གྱི་དབང་དུ་རྒྱུ་དང་རྐྱེན་ལས་སྐྱེས་པ་སྟེ། བདག་དང་གཞན་གྱི་རྒྱུད ་ཀྱི་དབང་གི་དམ་པ་དང་། དམ་པ་མ་ཡིན་པའི་ཆོས་བཤད་པ་ལ་སོགས་པ་སྣ་ཚོགས་ཀྱི་རྒྱུས་བཏབ་པའི་འདུ་བྱེད་སྣ་ཚོགས་ཉིད་འབྱུང་ངོ་།། གང་ཡང་དག་པ་མ་ཡིན་པ་ཡོངསུ་རྟོག་པའི་སྒྲས་བརྗོད་པར་བྱ་བ་ནི་ཀུན་གཞི་འདི་ལས་ཡང ་དག་པ་མ་ཡིན་པ་ཕྱི་རོལ་གྱི་གཞན་པར་ཡོངས་སུ་རྟོག་གོ།། སེམས་དང་སེམས་བྱུང་བའི་ཚོགས་གཉིས་ཀྱི་རྣམ་པ་ཡང་དག་པ་མ་ཡིན་པ་སྟེ། དེར་ཡང་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་པོ་ལ་བརྟགས་པ་དང་། མི་རྟག་པ ་དང་ཕྱི་རོལ་ལ་སོགས་པར་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་འབྱུང་ངོ་།། དེ་ཉིད་དུ་མཚན་མ་དང་། མིང་དང་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཅེས་བྱ་བའི་ཆོས་ལྔ་རྣམ་པར་བཞག་གོ།། དེ་ལ་གཉིས་ཀྱི་ཁྱད ་པར་བསྟན་པར་བྱ་སྟེ། གཞན་གྱི་དབང་སྒྲ་དང་དོན་དུ་འབྱེད་པ་ན་མཚན་མའོ།། གཞན་གྱི་དབང་དེ་ཉིད་ལུས་དང་ལོངས་སྤྱོད་དང་། གནས་སུ་སྣང་བའོ།། མིང་ནི་བརྟགས་པའི་དངོས་པོར་བསྡུ་སྟེ། ཀུན་ཏུ་བརྟག་པ་ནི་རྟག ་པ་དང་བདག་ལ་སོགས་པའི་དངོས་པོའི་ཡུལ་ཡིན་པའི་ཕྱིར་རོ།། རྣམ་པར་རྟོག་པ་ནི་གཞན་གྱི་དབང་དུ་བསྡུའོ།། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དག་ནི་ཡོངསུ་གྲུབ་པར་བསྡུ་སྟེ། དེ་ལྟར་ན་ཡང་དག་པའི་ཡེ་ཤེས་ཀྱི་ལམ་གྱིས་དེ་བཞིན ་ཉིད་གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད། ཡང་དག་པའི་མཐའ་རྟོགས་པར་བྱེད་དོ།། དེ་ནི་ལན་དུ་མར་བཤད་པ་དང་སྦྱར་བར་བྱའོ།། འཕགས་པ་ལངྒར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་ཡང་དག་པ་མ་ཡིན། ་པ་ཞེས་ཡོངསུ་རྟོག་པ་མདོའི་དོན་དུ་དཔྱད་པ་བཞི་པའོ།། རྒྱུ་རྣམས་དང་ནི་རྐྱེན་རྣམས་ཀྱིས།། གང་རྣམས་འཇིག་རྟེན་འཐུང་ཞེས་པ།། མཐའ་བཞི་དང་ནི་ལྡན་པ་སྟེ།། དེ་དག་ངོ་ཡི་ཚུལ་འདི་ཤེས། ཞེསྨྲ་པ་ནི་གཉིས་མེད ་པའི་ཤེས་པ་ལ། རྒྱུ་དང་འབྲས་བུའི་དངོས་པོ་བཟུང་གི།། གཉིས་མེད་པ་ལ་ནི་མ་ཡིན་ནོ།། གང་གཉིས་ཀྱི་གཟུགས་ཡིན་པ་དེ་ནི་རྨི་ལམ་དང་སྐད་ཅིག་མ་སྔ་མའི་འོག་འདི་ཡོད་པས་འདི་ཡོད་ཞེ་རྒྱུ་དང་འབྲས་བུར་འབྲེལ་པར་ཡང་འཛིན་གྱི། བྱེད་པ་དང་།། ་བྱེད་པ་པོ་དང་འབྲེལ་པ་ནི་མེད་དོ།། སྐད་ཅིག་གི་དུས་མ་རྟོགས་པར་སྐྱེ་བ་དང་། གནས་པ་དང་འགོག་པ་ལ་སོགས་པ་མི་སྲིད་པའི་ཕྱིར་ཏེ། ཇི་ལྟར་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ་དང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ། མི་བརྟན་བྱེད ་པ་ག་ལ་ཞིག། གང་འབྱུང་བྱེད་པ་དེ་ཉིད་དེ། བྱེད་པ་པོར་ཡང་དེ་ཉིད་བརྗོད་ཅེས་ཏེ། དེ་དེ་ལྟ་བུར་ལྷག་པའི་སྐྱེ་བ་དང་། འགོག་པ་ལ་སོགས་པའི་ཆོས་མེད་པས།། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་ལ་སོགས་པའི ་མཚན་ཉིད་ཅན་ཏེ། ཇི་ལྟར་དོ་བུ་མ་ལས་བྱུང་པོ།། འགོག་མེད་སྐྱེ་བ་མེད་པ་དང་།། རྟག་མེད་ཆད་པ་མེད་པ་དང་།། གཅིག་དོན་དུ་མའི་དོན་མིན་དང་།། འོང་བ་མེད་པ་འགྲོ་བ་མེད།། ཅེས་བྱ་བ་ལ་སོགས་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྔར་བཤད་པའོ།། གལ་ཏེ། ་སྐྱེ་བ་འདུས་བྱས་ན།། མཚན་ཉིད་གསུམ་ལྡན་དེར་རིག་སྟེ།། འོན་ཏོ་སྐྱེ་བ་འདུས་མ་བྱས།། འདུས་བྱས་མཚན་ཉིད་ཇི་ལྟར་རུང་།། དེ་དེ་ལྟར་ཡོད་པ་དང་མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་འགྱུར་བས་སྨྲ་བ་བདུན་དུ་ཕྱེ་བ་ལས་མ་གཏོགས ་པོའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རིག་པར་བྱའོ།། གྲངས་ཅན་རྣམས་ནི་ཡོད་པར་སྤྲོ་བ་སྟེ།། ཡོད་པ་སྐྱེ་བོ་ཞེས་པ་ནི་དངོས་པོར་ཡོད་པས་ན་སྐྱེ་བ་མི་རིགས་སོ།། མེད་པ་སྐྱེ་བོ་ཞེས་པ་ན། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་ལ་སོགས་པ་ཀུན་རྟོག་པ་ཡང ་དངོས་པོ་མེད་པ་བྱེད་པ་ནི། ཅི་ཡང་མི་བྱེད་པ་སྟེ། བྱེད་པ་འགག་པར་བྱས་པར་གྱུར་པ་ཉིད་དོ།། ཞེས་ལན་དུ་མར་བཤད་པའོ།། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ནི་ཡོད་པར་འགྱུར་བ་དང་། མེད་པར་འགྱུར་བ་དང་། ཡོད་པ་དང་མེད་པར་འགྱུར་བ་དང་། ་སྨྲ་བར་མི་བྱ་བར་འགྱུར་བའོ་ཞེས་ཏེ། བརྟན་པ་ལ་ནི་རང་བཞིན་གཉིས་སུ་མི་སྲིད་དེ། དེར་གང་དོན་བྱེད་ནུས་ཏེ་ཡོད་ཅེས། ལན་དུ་མར་བསྒྲུབས་པའོ།། དངོས་པོ་ཐམས་ཅད་མ་སྐྱེས་པ་ཞེས་བྱའི་རྒྱུར་གསུངས་པ། གང་ཕྱིར་རྐྱེན་ལས་བྱུང་བར་ན ་ཞེས་པ་སྟེ། གང་དག་རྐྱེན་ལས་བྱུང་བར་ན་ཞེས་པ་སྟེ། གང་དག་རྐྱེན་ལས་བྱུང་བ་དེ་དང་དེ་དག་མ་སྐྱེས་པས་ཏེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ།། རྐྱེན་རྣམས་ཐམས་ཅད་འབྲས་བུ་སྟེ། འབྲས་བུ་ལས་ནི་མི ་སྲིད་སྐྱེ་ཞེས་པ་ནི་རྨི་ལམ་དང་རྒྱུ་དང་འབྲས་བུའི་དངོས་པོར་རྒྱུན་བཞིན་ནོ།། དེ་སྟེ་འབྲས་བུ་ལས་བྱུང་ན་ཉེས་པ་ཅིར་འགྱུར་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་གསུངས་པ། འབྲས་བུ་གཉིས་སུ་འགྱུར་བ་ན། འབྲས་བུ་ལས་ནི་འབྲུ། ་མི་སྐྱེ། རྣམ་པ་གཉིས་སུ་རབ་འགྱུར་པས།། འབྲས་བུའི་དངོས་པོར་མི་དམིགསོ་ཞེས་པ་སྟེ། གལ་ཏེ་འབྲས་བུ་ལས་འབྲས་བུ་སྐྱེ་ན་ནི་ལྷན་ཅིག་པའི་སྐྱོན་དུ་འགྱུར་ཏེ། མ་ཞོག་པ་ལས་བྱུང་བར་འགྱུར་རོ།། ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན ་དུ་བོ་རྟོག་གོ།། ཞིག་པ་ཡང་དངོས་པོ་མེད་པའི་ཕྱིར་སྐྱེད་པའི་མཐུ་མེད་དོ།། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་འབའ་ཤིག་གོ།། ཁྱད་པར་ཅན་དང་ལུང་སྟོན་པ་ལ་སོཌཱ་པས་ཀུན་བརྟགས་པའི་སྐྱེ་བ་དང་། གནས་པ་དང་འགོག་པ་ལ་སོགས་པའི ་ཆོས་ལྷག་པ་བྱེད་པ་དང་། བྱེད་པ་པོར་འབྲེལ་པ་མེད་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ།། གང་ཟག་ལ་བདག་མེད་པ་སྐད་ཙོག་མར་འཇིག་པ་ལ་འང་མེད་ན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལྟ་བུར་གཉིས་ཀྱི་རྣམ་པར་སྐྱེ་བ་མེད་པ ་ཆོས་ལ་བདག་མེད་པ་ལྟ་ག་ལ་ཞིག། སྐྱེ་བ་མེད་པ་དང་། འགོག་པ་མེད་པ་ལ་སོགས་པ་དེ་ལྟ་བུར་བདག་མེད་པ་གཉིས་ལ་ཡང་རིག་པར་བྱའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། བསྡུ་བའི་ཚོགསུ་བཅད་པ་འདི་འཆད་པ་ནི་ཡང་དག་པ་མ ་ཡིན་པ་ཡོངསུ་རྟོག་པ་དང་། དོན་དམ་པར་དཔྱད་པ་ན་སྔར་བཤད་པའོ།། དམིགས་དང་དམིགས་བྱ་བྱེད་པར་ཡང་།། ནམ་ཞིག་འདུས་བྱས་རྣམས་མཐོང་ན།། སེམས་མེད་པའི་སེམས་ཙམ་སྟེ། སེམས་ཙམ་དུ་ཡང་ངས་བཤད་དོ།། ཞེས་པ་ནི་ནམ་ཞིག ་ཤེས་ཀྱིས་དཔྱད་དེ་དམིགས་པ་སྦོམ་པོ་དང་ཕྲ་མོ་ཐ་དད་པར་རྣམ་པར་ཕྱེ་བ་ན་ཕྱི་རོལ་གྱི་དོན་མེད་པོས་འདུས་བྱས་གཟུང་བ་དང་འཛིན་པ་དང་བྲལ་བར་མཐོང་བ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང ་དགེ་པར་རིག་པ་ནི་སྣང་བ་དང་བཅས་པའི་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་པ་ན་སེམས་ཙམ་དུ་ངས་བཤད་དོ་ཞེས་སོ།། ཐམས་ཅད་མཁྱེན་པས་གཉིས་དང་མི་གཉིས་པར་དམ་པའི་ཆོས་སྟོན་པ་ན་སྒྲ་དང་དོན་དུ་འབྱེད་དོ་ཞེས་དགོངས་པའོ།། ་རྒྱུ་དང་འབྲས་བུའི་དངོས་པོ་ནི་སྔ་མའི་ལེའུར་ཡང་དཔྱད་པ་སྟེ། རྐྱེན་རྣམས་ཀྱིས་ནི་ཅུང་ཟད་ཀྱང་།། སྐྱེ་ཞིང་འགག་པ་དེར་མེད་དེ།། རྐྱེན་རྣམས་བརྟགས་པ་ཉིད་དག་ནི།། སྐྱེ་བ་དང་ནི་འགག་པའོ།། ཇི་ཙམ་དུ་ནང་འཁྲུགས་པའི་མཐུ་ལས་མགོ་འཁོར ་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལྔས་གཉིས་ཀྱི་རྣམ་པོའི་རྣམ་པར་ཤེས་པ་སྐྱེས་ཏེ།། རྣམ་པ་སྣ་ཚོགས་ལྟ་བུར་སྣང་བ་དེ་ཙོམ་རྒྱུ་དང་འབྲས་བུ་ལ་སོགས་པར་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་རྣམས ་གང་གི་ཚེ་ན་ཡང་ཤེས་རབ་ཀྱིས་དཔྱད་དེ་རྨི་ལམ་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་མི་འབྱུང་བར་འབྱུང་པོ་དེའི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་རིག་པར་བྱ་བ་དང ་རིག་པ་པོའི་དངོས་པོར་སེམས་བདག་ཉིད་ལ་རྣམ་པ་གཉིས་ཀྱི་རྣམ་པར་ཡང་མི་རྒྱུན་རྐྱེན་དུ་སྣང་གི་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་དེར་འགྱུར་བའི་གནས་ལྟ་ཞིག་ག་ལ་ཡོད་དེ། འོན་ཀྱང་སྣང་བ་དང་བཅས་པའི ་དག་པ་འཇིག་རྟེན་པ་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ལ་སངས་རྒྱས་བཞུགས་པ་རྣམས་ཀྱི་ཆོས་སྟོན་པ་འབྱུང་ངོ་ཞེས་ལན་མང་པོར་བཤད་པ་སྟེ། དམ་པའི་ཆོས་བཤད་པ་ཐམས་ཅད་དེ་ལྟར་སྦྱར་བར་བྱའོ།། གང་ཟག་དང་ཆོས་ལ་བདག ་མེད་པ་བསྡུ་བའི་ཐམས་ཅད་མཁྱེན་པས་ཚིགསུ་བཅད་པ་གསུངས་པ་བཤད་པར་བྱ་སྟེ། དེ་ཙམ་ངོ་བོ་ཉིད་ཀྱི་དབྱིབས། རྐྱེན་དང་དངོས་པོ་སྤངས་པ་སྟེ། མཐར་ཐུག་པ་ནི་ཚངས་པའི་མཆོག་གོ།། དེ་ནི་ཙམ་ཞེས་ངེས་བཤད་དོ་ཞེས་ཏེ། ཡན་ལག་གི ་རྣམ་པའི་ཚེ་དེ་ཙམ་རྡུལ་གཉིས་ལ་སོགས་པའི་རིམ་པའི་རྐྱེན་རྣམས་ཀྱིས་བརྩམས་པའི་དངོས་པོ་སྤངས་པ་སྟེ། ཤེས་པར་བྱ་བ་མེད་པའི་ཕྱིར་ཡན་ལག་ཅན་གྱི་དབྱིབས་ཕྱི་རོལ་གྱི་མེད་དོ།། མཐར་ཐུག་པའི་དམིག་སུ་མེད་པ་དང་རྫོགས་པའོ། ་དེ་ལ་ཚངས་པ་ནི་གཉིསུ་མེད་པའི་རང་བཞིན་མི་གཉིས་པའི་སེམས་སུ་དགོངས་པའོ།། བདག་ནི་བཏགས་པར་ཡོད་པའི་ཕྱིར་རྫས་ཡོད་དངོས་པོ་མ་ཡིན།། དེ་བཞིན་ཕུང་པོའི་ཕུང་པོ་ཉིད་བཏགས་པ་ཡིན་ཏེ། རྫས་མེད་དོ་ཞེས་པ་ནི་གཅིག་པ་དང་། ་ཐ་དད་པ་དང་། རྟག་པ་དང་། ཁྱབ་པའི་རང་བཞིན་དང་། ཕྲ་བའི་བདག་ཉིད་དུ་ཀུན་ཏུ་བརྟགས་པའི་བདག་རྣམས་ནི་དམིགས་སུ་མེད་དེ། སེམས་ཀྱི་རྒྱུད་འབའ་ཞིག་ལ་བྱིས་པ་སོ་སོའི་སྐྱེ་བོས་བདག་ཏུ་ཡོངསུ་རྟོག་གོ།། ཕུང་པོ་རྣམས་ཀྱང་རྨི་ལམ ་དང་། མིག་འཕྲུ་ལ་དང་། རབ་རིབ་དང་། མིག་ཡོར་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་བཟུང་བ་དང་འཛིན་པའི་དངོས་པོར་སྐྱེ་བ་མེད་དོ།། རྟག་པ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་ལྟ་བུར་རྫས་སུ་མེད་དོ།། ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་ཡང ་རྣམ་པར་ཕྱེ་བ་ན་ཁང་པ་དང་། སྟེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་དངོས་པོ་མདོ།། ཐམས་ཅད་མཁྱེན་པས་ཆོས་དང་གང་ཟག་ལ་བདག་མེད་པའི་ཚིགསུ་བཅད་པ་གཅིག་གིས་བསྒྲུབས་པར་རིག་པར་བྱའོ།། མཉམ་པ་ཉིད་ནི་རྣམ་བཞི་སྟེ ་ཞེས་བྱ་བ་ལ་སོགས་ལ་མཚན་ཉིད་ནི་མཚན་མའོ།། རྒྱུན་བྱེད་པའོ།། སྣོད་ནི་འཇིག་རྟེན་རྣམ་པ་སྣ་ཚོགས་སོ།། རྣལ་འབྱོར་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མི་སྣང་ངོ་།། ཅེས་ན་ཡང་དངོས་པོ་རྣམས་ཐ་དད་པའི་རྣམ་པར་སོ་སོར་མི་སྣང་ཞེས་པ་དང ་རིགས་པའི་ཁྱད་པར་གསུངས་པ།། ལྟ་བ་ཐམས་ཅད་རྣམ་བཟློག་ཅིང་།། རྟོག་དང་བརྟགས་པ་སྤངས་པ་སྟེ།། དམིགས་མེད་སྐྱེ་བ་མེད་པ་ནི།། སེམས་ཙམ་དུ་ཡང་ངས་བཤད་དོ།། ཞེས་ཏེ། གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྟག་པ་དང་། བདག་དང ་ཕྱི་རོལ་གྱི་འཛིན་པ་དང་། གཟུང་བ་དང་། བརྟགས་པ་དང་། རྟོགས་པ་ལ་སོགས་པའི་རྣམ་པར་དམིགས་ཤིང་སྐྱེ་བ་ལ་སོགས་པའི་ཐ་སྙད་ཀྱང་འཇུག་ན་མི་གཉིས་པ་ལ་ནི་མ་ཡིན་ཏེ། སྔར་བཤད་པ་བཞིན་ནོ།། ཅིས་ན་ཡང་དམིགས་པ་དང་། སྐྱེ་བ་ལ ་སོགས་པའི་ཆོས་མེད་ཅེས་དེ་ལྟར་ཐུགས་དགོངས་ནས་ཐམས་ཅད་མཁྱེན་པས་གསུངས་པ། དངོས་མིན་དངོས་མེད་མ་ཡིན་པ།། དངོས་དང་དངོས་མེད་རྣམ་པར་སྤངས།། དེ་བཞིན་སེམས་ལས་གྲོལ་བ་ནི།། སེམས་ཙམ་དུ་ཡང་ངས་བཤད་།། ་ཞེས་པ་སྟེ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་པ་ནི་རྣམ་པར་ཤེས་པར་སྨྲ་བའི་དབུ་མའི་ཏིང་ངེ་འཛིན་མཉམ་པ་ཐམས་ཅད་མཁྱེན་པས་འདིར་གསུངས་པ་ན་སྒྲུབ་པ་ཐམས་ཅད ་ཀྱི་ཐེ་ཙོམ་དང་རྣམ་པར་རྟོག་པ་དང་རྒོལ་བ་རྣམས་བཟློག་པའོ།། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་པ་སྐྱེ་བ་དང་འགོག་པ་ལ་སོགས་པའི་ཆོས་དང་བྲལ་བ་འདི་ནི་ས་བརྒྱད་དུ་སྟེ། སྐད་ཅིག་མའི་རྒྱུད་རྒྱུན་ཏུ་འབྱུང་ཞེས ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་རང་བཞིན་ནོ།། དེ་བཞིན་ཉིད་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་སྟེ། སེམས་དང་ཡིད་དང་། རྣམ་པར་ཤེས་པའི་རིམ་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བ ་ཀུན་གཞི་རྣམ་པར་ཤེས་པ་འཕོས་པའི་མེ་ལོང་གི་རང་བཞིན་ནོ།། ཇི་ལྟར་འདི་གསུངས་པ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། ད་ར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གི་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤིས་ཞེས་བྱ།། ཞེས་སེམས་ཙ ་ནིཀུན་གཞི་རྣམ་པར་ཤེས་པ་འཕོས་པ་ལ་དགོངས་པའོ།། དེ་སངས་རྒྱས་ཀྱི་ས་ལ་སོགས་པ་གཞན་དུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ཉོན་མོངས་པའི་ཡིད་འཕོས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས།། མིག་ལ་སོགས་པའི་རྣམ་པར་ཤེས་པ་འམ ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ།། འཇུག་པའི་རྣམ་པར་ཤེས་པ་ནི་ནང་ནས་ཡིད་ཀྱི་རྣམ་པར་ཤེས་པའི་འཕོས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ཡིད་ཀྱི་སྐུ ་ཆོས་སྟོན་པར་བཞག་གོ།། ཐེག་པ་ཆེན་པོ་ལེགས་པར་གསུངས་པའི་རིན་པོ་ཆེའི་འབྱུང་གནས་དཔག་ཏུ་མེད་པ་ལ་མཐར་ཐུག་པ་ག་ལ་ཡོད་དེ། ལེགས་པར་གསུངས་པའི་རིན་པོ་ཆེ་ཟླ་བ་ལས་འོངས་པ་རྣམས་ཀྱང་བཤད་པའོ།། དེ་བཞིན་ཉིད ་ཀྱི་རང་བཞིན་མི་ཤེས་པས་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པ་སྟོན་པ། དེ་བཞིན་ཉིད་དང་། སྟོང་པའི་མཐའ། མྱ་ངན་མཐའ་དང་ཆོས་ཀྱི་དབྱིངས།། སྣ་ཚོགས་ཡིད་ཀྱི་ལུས་རྣམྦ་ནི། སམ་དུ་ན་སྟི་ས་ཕྱི་རོལ་གྱི་དམིགས་པ་རྣམ་པ ་བཅད་དོ།། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དག་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་ཆོས་ཉིད། ཆོས་གདོན་མི་ཟ་བ་ཉིད། དེ་བཞིན་ཉིད། ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་རང་བཞིན་གྱིས ་འོད་གསལ་བའི་ཆུད་པ་ཡེ་གནས་པཱའོ་ཞེས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལས་ཀློག་གོ།། གཉིས་ཀྱི་རྣམ་པས་ནང་བླངས་པའི་མཐུས་མགོ་འཁོར་བ་དང་། བརྒྱལ་བ་ལོ་སོགས་པ་ལྟ་བུ་རྣམ ་པབ་བླདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་སྐྱེས་པ་རྣམས་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། མིག་སོར་ལ་སོགས་པ་བཞིན་པས་ན་སྐྱེ་བ་མེད་པ་སྟེ། དེས་ན་རང་བཞིན་གྱིས་ཡོངསུ་དག་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ལྟ ་བུ་ཉིད་དུ་གནས་པ་དང་། དབང་པོ་ལ་སོགས་པ་སུས་ཀྱང་གཞན་དུ་མི་བྱེད་པའི་ཕྱིར་རོ།། བསླང་བ་པ་རྣམ་པར་སྤོང་བ་ནི་ཤེས་རབ་ཀྱིས་དཔྱད་དོ།། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་པ་ན་ནམ་མི་དམིགས་པ་ད་ན། བསམ་པ ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་ཡང་དག་པར་རིག་པ་སེམས་ཙམ་ཡང་དྲག་པའི་མཐའི་རྔ་ཟ་ཉིད་རང་བཞིན་གྱིས་འོད་གསལ་བ་གནས་པར་འགྱུར་རོ།། དེ་ལྟར་ན་ཡང་ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་ནི་སྔོན་མེད་པ་ལས་བྱས་པ་ཡིནོ།། དེ་ནི་དྲི་མ་དང་བྲལ་བ་སྟེ། ཐོག་མར་ཞི་ཞིང་མ་སྐྱེས་པ།། རང་བཞིན་ཉིད་ཀྱིས་མྱ་ངན་འདས།། ཆོས་ཀྱི་འཁོར་ལོ་བསྐོར་བ་ན།། ཆོས་རྣམས་དངོས་པོར་ཁྱོད་ཀྱིས་བསྟན་ཞེས་པ་སྟེ། ་ཐོག་མའི་ཉིད་དུ་ཞི་བ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུང་པ་རྣམས་ཏེ། དེ་དག་གིས་བསླད་པའི་དྲི་མོ་དང་བྲལ་བ་ནི་ཤེས་རབ་ཀྱིས་དཔྱད་པའི་འཕགས་པའི་ལམ་གྱིས་གསར་དང་རིན་པོ་ཆེ་ལ་སོགས་པ་བཞིན་དུ་སྦྱང་གི་སྔོན ་མེད་པ་བསྐྱེད་པ་མ་ཡིན་ནོ།། སྐྱེ་བ་དང་གནས་པ་དང་འགོག་པ་ལ་སོགས་པའི་ཆོས་རྣམས་བྱེད་པ་དང་། བྱེད་པ་པོ་དང་འབྲེལ་པར་ཀུན་བརྟགས་པ་སྐད་ཅིག་མའི་རྒྱུན་གྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་གཞན་པ་དང་། གཞན་པ་མི ་ཡིན་པར་ཡང་མི་རུང་སྟེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པ་མེད་དོ། ཅིག་པོ་ཉིད་ནི་སུ་དང་ཡང་མི་འབྲེལ་ཏོ།། སྔ་མྲའི་འོག་ཏུ་འདི་ཡོད་ན། འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་སྟེ། དེ་ལྟར་ན ་དང་འབྲས་བུར་ངེས་པར་འབྲེལ་བ་བསྟན་པར་བྱའོ།། མི་གཉིས་པ་ལ་ནི་གཉིས་ཀྱི་རྣམ་པ་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་མེད་དོ།། དེ་ན་སེམས་བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་ཡང་མོ་རྒྱུན་ཡི་གེ་དང་སྒྲ ་རྣམས་ལྟ་ཅི་སྨོས་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པའི་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རྣམ་གྲངས་དེ་བཞིན་ཉིད། ཡང་དག་པའི་མཐའ་དང་། རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་ནི་ཐམས ་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་འཛིན་ལ་བཞུགས་ཏེ་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་གཟུགས་ལྟ་བུ་དང་། སྤྲུལ་པའི་འཁོར་ལོས་རེ་བ་མང་པོ་ཡོངསུ་བསྐོངས་པའི་ཡིད་ཀྱི་སྐུས་ཆོས་སྟོན་པར་མཛད་དོ།། མི ་གཉིས་པའི་ཡེ་ཤེས་ལ་ཇི་ལྟར་ན་རྣམ་པ་འབྱུང་ཞེས་ཐམས་ཅད་མཁྱེན་པ་ཐུགས་དོགས་ནས་གསུངས་པ། རྣམ་རྟོག་བག་ཆགས་འབྲེལ་པ་ཡི།། སྣ་ཚོགས་སེམས་ལས་བྱུང་བ་སྟེ།། མི་རྣམས་ལ་ནི་ཕྱི་རོལ་སྣང་།། འཇིག་རྟེན་པ་ཡི ་སེམས་ཙམ་མོ་ཞེས་པ་སྟེ། རྣམ་པ་སྣ་ཚོགས་ཀྱི་རྣམ་པར་རྟོག་པ་སེམས་ཙམ་ག་ལ་ཡོད་པ། སེམས་ཙམ་དེ་ནི་རྣམ་པར་རྟོག་པ་སྟེ། དེ་ཡང་འབྱུང་བ་ནི་བདུག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། དམ་པ་མ་ཡིན་པའི་ཆོས་བསྟན་པ་ལ ་སོགས་པའི་རྐྱེན་གྱི་ཁྱད་པར་གྱི་མཐུ་དང་། མཉམ་པར་མི་འཇོག་པའི་རིག་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་ཤེས་པ་འཁོར་བ་རྣམས་ལ་སོ་སོར་སྣང་ངོ་།། རྣལ་འབྱོར ་པ་རྣམས་ལ་ནི་ཐུགསོ་རྗེའི་བག་ཆགས་ཀྱིས་སད་པ་དང་བདག་དང་། གཞན་ལ་ཕན་པའི་དགེ་བ་མངོན་པར་འདུ་བྱེད་པས་དག་པ་འཇིག་རྟེན་གྱི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་མི་མཛེས་པ་དང་། སྟོང་པའི ་རྣམ་པར་རྟོག་པ་སྣང་ངོ་།། ཡང་དག་པའི་ཡེ་ཤེས་ཐོག་མར་བྱས་ཏེ། རྟག་པ་དང་། བདག་དང་བདེ་བ་དང་མཛེས་པའི་ཕྱིན་ཅི་ལོག་པའི་འཁོར་བ་དང་། སྡུག་བསྔལ་གྱི་ཉོན་མོངས་པའི་ཡིད་སྤོང་ངོ་།། དགེ་བར་མངོན ་པར་འདུ་བྱེད་པ་ཡང་ས་དང་ཕ་རོལ་ཏུ་ཕྱིན་པར་འབྱེད་པས་དབྱེ་བ་ན། གཉིས་ཀྱི་རྣམ་པར་སྣང་བའི་རྣམ་པར་རྟོག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་དོན་དམ་པའི་རྣམ་པར་སངས་རྒྱས་ཁོ་ནའི་རྒྱུ་ཡིན་ཏེ། དེ་ལ་སྤངས་པ་མེད་དོ།། འཁོར ་བ་ཡོད་ཀྱི་བར་དུ་གནསོ།། སྙིང་རྗེས་གཉེར་བའི་བདག་གི་ལུས་ཚོན་པོ་གཞན་གྱི་དོན་དུ་གཉེར་བ་དང་། གཉེན་དེས་ཆེ་ཞིང་སྐྱེས་བུ་དམ་པ་རྣམསོ།། ཇི་ལྟར་ན་ཡང་སེམས་ཙམ་ལགས་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས ་གསུངས་པ། ཕྱི་རོལ་སྣང་བ་ཡོད་མེད་དེ།། སེམས་ནི་སྣ་ཚོགས་རྣམས་སྣང་།། ལུས་དྲང་ལོངས་སྤྱོད་གནས་སྣང་བ།། སེམས་ཙམ་དུ་ནི་ངས་བཤད་དོ་ཞེས་པ་སྟེ། ཕྱི་རོལ་གྱི་དོན་སུན་དབྱུང་བ་ནི་འདྲིར་ཐམས་ཅད་ལ་གསལ་བས་ན་ཇི་ལྟར་གྲང ་ཙཱན་དང་། ནེ་ཡཽ་ཡ་ཡི་ཀླེ་དང་། ཁྱད་པར་ཅནྡ་དང་། ཀྵ་པ་ན་ཀ་དང་། སྤྱོད་པ་ཅན་དང་། འཇིག་རྟེན་རྒྱ་ཕན་པ་ལ་སོགས་པ་སྨྲ་བ་རྣམས་ཀྱིས་ཕྱི་རོལ་པར་ཀུན་བརྟགས་པར་དེ་ལྟར་མད་དོ།། རྡུལ་གཉིས་ལ་སོགས་པའི་རིམས་ཀྱིས་ཡན་ལག ་གི་རྫས་བརྩམས་པ་ནི་རྫས་ཀྱིས་རྫས་ཀྱི་ཁྱད་པར་རྩོམ་པ་དང་། ཡོན་ཏན་གྱིས་ཀྱང་ཡོན་ཏན་གྱི་ཁྱད་པར་རྩོམ་མོ་ཞེས་ཁྱད་པར་ཅན་གྱི་མདོའོ།། སྣང་བ་དང་མི་སྣང་བ་རྣམས་ལ་ནི་མངོན་སུམ་ཚད་མ་སྟེ། གཟུགས་ལ་སོགས་པའི་ཡོན་ཏན ་དང་ལྡན་པ་དང་། སྣང་བ་དང་། རིས་མཐུན་པའི་ཡོ་བྱད་དང་། བློ་ཅན་གྱི་སྐྱེས་བུས་རླབས་པ་དང་། རང་བཞིན་གྱིས་ཡན་ལག་མེད་པ་དང་། གྲངས་དུ་མ་དང་ལྡན་པའི་རྒྱུ་སྤུན་ཚད་ཆུང་བ་རྣམས་ལས་ཚད་ཆེ་བ་གཟུགས་ལ་སོགས་པའི་ཡོན་ཏན ་དང་ལྡན་པའི་སྣམ་བུ་ལ་སོགས་པའི་རྫས་སྐྱེའོ་ཞེས། ནི་ཡི་ཡ་ཡི་ཀའི་མདོའི་ལོ་རྒྱུས་སོ།། གྲངས་ཅན་རྣམས་ཀྱི་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུགྣ་ཡོན་ཏན་རྣམས་ཕྱི་རོལ་གྱི་སེམས་པ་མེད་པ་དག་གིས་གནས་ཀྱི་དཀྱིལ་འཁོར ་རྩོམ་མེ། སྐྱེས་བུའི་རང་བཞིན་ན་ཚོར་བ་ཅན་ཏེ། ཇི་ལྟར་བའི་འོ་མ་ཚོར་བ་མེད་པ་པོའུ་ཚོར་བ་ཅན་ལ་ཕན་པའི་ཕྱིར་འབྱུང་བ་དེ་ལྟར་ཚོར་བ་ཅན་ལ་ཕན་པའི་ཕྱིར་འབྱུང་བ་དེ་ལྟར་ཚོར་བ་མེད་པའི་གཙོ་བོ་སྐྱེས་བུ་ལ་ཕན་པའི་ཕྱིར་འབྱུང་ངོ་།། ་གསལ་བ་འོདི་ནི་བདེ་བ་དང་།། སྡུག་བསྔལ་པ་དང་། གཏི་མུག་དང་ལྡན་པས་ན་དེའི་རྒྱུ་ཡང་མི་གསལ་ཞིང་། བདེ་བ་དང་སྡུག་བསྔལ་པ་དང་། གཏི་མུག་དང་ལྡན་པ་ཡོད་པའི་རིག་སོ།། སའི་འབྲས་བུ་བུམ་པ་དང་། ཁྲུ་བ་ལ་སོགས་པ་དང་མཐུན ་པར་མཐོང་བའོ།། ཐོག་མའི་རྒྱུའི་ཡོན་ཏན་གྱིས་འབྲས་བུའི་ཡོན་ཏན་དུ་འགྱུར་ཏེ། དེས་ན་ཕྱི་རོལ་གྱི་ལོངས་སྤྱོད་ཚེར་བ་ཅན་མ་ཡིན་ལ། ལོངས་སྤྱོད་པའི་སྐྱེས་བུ་ནི་ཚོར་བ་ཅན་ཡིན་ནོ་ཞེས་གྲངས་ཅན་གྱི་ལ་རྒྱུས་སོ།། ཀྵ་པ་ན་ཀ་རྣམས་ཀྱང ་ཡོངས་སུ་རྟོགས་པ་ནི་ཕྱི་རོལ་གྱི་ཡུལ་སྤྱི་དང་ཁྱད་པར་དུ་ལྡན་པ་ཡིན་ཏེ། བདག་གིས་ཤེས་པས་ཡུལ་རྣམས་འཛིན་ཏོ་ཞེས་པ། འདུ་བ་དང་ནི་གྱེས་པོ་དང་།། སྲོག་ནི་ལུས་ཀྱི་ཚད་ཅན་ཏེ།། དེ་ནི་རིགས་པ་རྣམས་ཀྱིས་སྨྲས།། ནམས་ཀྱང ་ཕྲ་བ་ཡོད་མ་ཡིན་ཞེས་ཏེ། དེས་ན་ལོངས་སྤྱོད་པར་བྱ་བ་དང་། ལོངས་སྤྱོད་པའི་བྱེ་བྲག་ཡོད་དོ་ཞེས་སོ།། སྤྱོད་པ་ཅན་རྣམས་ཀྱང་ཀུན་ཏུ་རྟོག་པ་ནི་ཀུན་ཏུ་དམིགས་པའི་ཕྱི་རོལ་གྱི་ཡུལ་དུས་གཞན་པའི་བདག ་ཉིད་དེ། ཡུལ་དེ་དང་ནི་གཞན་ཡང་རུང་།། རྨི་ལམ་ཤེས་པའི་སྤྱོད་ཡུལོ།། མྱུར་དུ་འཁོར་བའི་འདུ་བྱེད་ཀྱིས་མགོ་ལ་མེ་འཁོར་ལོར་འཁོར་ལོ་ཡང་། དྲི་ཟའི་གྲོང་དུ་སྤྲིན་རྣམས་དང་།། ཡང་ན་སྔོན་མཐོང་ཁང་པ་རྣམས།། རྨིག་རྒྱུ་ཆུའི་རྣམ་ཤེས ་ལཱ། དེ་བཞིན་ཚ་བ་འོད་ཟེར་སྤྲོས།། དེ་ལྟར་རབ་རིབ་སྩོགས་ཞེས་ལ།། ཉི་མའི་འོདི་ལ་སོགས་པའོ།། འཇིག་རྟེན་རྒྱང་པན་པ་རྣམས་སྨྲ་བ་ནི། གཟུགས་ལ་སོགས་པའི་ཡུལ་རྣམས་མངོན་སུམ་ཉིད་དུ་སྣང་བས་ན། མཐོང་བ་མི་འཐད་ཞེས་བྱར ་མི་རུང་བའི་ཕྱིར་ས་དང་། ཆུ་དང་མ་དང་རླུང་རྣམས་ནི་ཡང་དག་པའོ།། དེ་དག་ལས་ཚོར་བ་སྐྱེ་བས་ན་རྣམ་པར་ཤེས་པ་ཆང་གི་མཐུ་བཞིན་ནོ།། སྲོག་རྣམས་ན་ཆུའི་ཆུ་བུར་ལྟ་བུ་སྟེ། སྐྱེས་བུའི་ལུས་ནི་ཚོར་བས་སྣང་བར་བྱས་ནས། དེ་འདུས ་པ་ལ། ལུས་དང་དབང་པོར་གདག་སོ་ཞེས་བྱ་བ་ལ་སོགས་པའི་མདོ་རྣམསོ།། དེ་ལྟ་བུར་དེར་རྒོལ་བ་མཐའ་དག་ཐུགས་པ་དབང་ཕྱུག་གི་མཆོག་ཐམས་ཅད་མཁྱེན་པོ་ཚིག་གི་དབང་པོ་བླ་མས་ཕྱི་རོལ་གྱི་དོན་ལྟ་བུར་སུན་ཕྱིན་པ་དེ་ལྟར་མིང ་སྡེ་འདིར་སྒྲུབ་པར་མཛད་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་སོ།། འོ་ན་སྣང་བ་འདི་ཅི་ཞིག་ཅེས་པ། ཕྱིའི་དངོས་པོ་མེད་པར་ཡང་། སེམས་ནི་རྣམ་པ་གཉི་སུ་སྣང་། ཞེས་པའོ།། གང་སྦོམ་པོ་ཡན་ལག་ཅན ་གྱི་རྫས་གཅིག་ཏུ་ཀུན་རྟོག་པ་དེ་རྣམ་པར་གཞིགས་པ་ན་གཅིག་པར་མི་རུང་བ་ནི་བཙོས་པ་དང་། མ་བཅོས་པ་དང་། བསྐུལ་བ་དང་། མ་བསྐུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་བ་ན་ཏིལ ་དང་འབྲས་ལ་སོགས་པའི་ཚོགས་དང་། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ།། རྡུལ་ཕྲ་མོ་རྣམས་ཀྱང་ཕྱོགས་ཀྱི་ཆ་ཐ་དད་ཕྱེ་བ་ན་གཅིག་པར་མི་རིགས་པ་ནི་སྔ་མ་བཞིན་ཏེ། འགལ་བའི་རྫས་དུ་མ་འཕུངས་པ ་ལྟ་བུའོ།། གང་དག་ཡན་ལག་མེད་པ་དེ་དྲག་ཀྱང་བློ་འོག་ཏུ་ཆགས་པའི་ཚེ་གསུ་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ།། ཡན་ལག་གི་ཡུལ་དུ་རྣམ་པའི་ཆར་རྟེན་པ་དངོས་པོ་དང་དངོས་པོ་མ་ཡིན་པར་ཡང་མི་རུང་སྟེ། ་དབུས་ཀྱི་རྡུལ་ཕྲ་མོ་དེ་འོག་མའི་ཕྱོགས་ཀྱི་མཐར་གང་གནས་པ་དེ་ཉིད་གོང་མའི་ཕྱོགསུ་ཅེས་ན་གནས་པར་མི་འགྱུར། དེས་ན་ནང་བློངས་པའི་མཐུས་ལུས་དང་ལོངས་སྤྱོད་དང་གནས་སུ་རྣམ་པར་ཤེས་པ་མགོ་འཁོར་བ་དང་། བརྒྱལ ་བ་ལ་སོགས་པ་བཞིན་དུ་རྣམ་པོ་སྣ་ཚོགས་རྣམ་པ་དུ་མའི་རྣམ་པར་ཤེས་པ་སོ་སོར་སྣང་ངོ་།། ཇི་ལྟར་རྨི་ལམ་ན་མིག་ལ་སོགས་པའི་དབང་པོའི་ཤེས་པ་དང་། གཟུགས་ལ་སོགས་པའི་ཡུལ་མེད་པར་ཀུན་གཞི་རྣམ་པར་ཤེས ་པ་འབའ་ཞིག་ཡུལ་དང་། ཡུལ་ཅན་གྱི་དངོས་པོར་སྣང་ངོ་།། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་བ་ན་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི ་གཉིས་པ་ཡང་དག་པར་རིག་པ་ཉིད་གནས་སོ།། དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་ཐམས་ཅད་མཁྱེན་པའི་ཆོས་སྟོན་པ་འབྱུང་།། འཕགས་པ་ལངྐར་གཤེགས་པའི ་བཤད་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་ཡང་དག་པ་མ་ཡིན་པ་ཡོངསུ་རྟོག་པ་སྤྱད་པ་ལས་བསྡུ་བའི་ཚིགསུ་བཅད་པ་བཤད་པར་རྣམ་པར་ཤེས་པར་སྨྲ་བའི་དབུ་མར་གཏན་ལ་ཕབ་པ་ལྔ ་པའོ།། །། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གློས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་བཅོམ་ལྡན་འདས་ཀྱིས་སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱའོ།། ཞེས་དེ ་སྐད་དུ་གསུངས་ན་ཞེས་བྱ་བ་ལྔ་སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བ་ལ་ནོངས་པ་ཅིར་འགྱུར། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་གསུམ་པ་ཞེས་བྱ་བའི་དབང་དུ་ཆོས་ཐམས་ཅད་ཀྱི་རང་བཞིན ་མེད་པ་ཞེས་ཏེ། བརྟགས་པའི་རང་བཞིན་མེད་པའི་ཕྱིར་དངོས་པོ་མེད་དོ།། གཞན་གྱི་དབང་སྣ་ཚོག་སུ་སྐྱེ་བ་མེད་པའི་ཕྱིར་དངོས་པོ་མེད་དོ།། དོན་དམ་པའི་རང་བཞིན་མེད་པ་ནི་གཉིས་ཀྱི་རྣམ་པར་རང་བཞིན་མེད་པའི་ཕྱིར་ཏེ། དེ་དེ་ལྟ་བུར་དགོས ་པའོ།། གང་ཡང་བརྟགས་པའི་རང་བཞིན་དང་། གཞན་གྱི་དབང་ལྟ་བུར་གྲུབ་པའི་རང་བཞིན་མེད་དོ།། ཞེས་རྟོག་པ་དེ་ནི་ཆོས་ཀྱིས་སྣོད་པ་འབྱུང་བའི་ལས་སྒྲུབ་པར་བྱེད། དེ་ལྟར་ན་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ ་ལས་ཚིག་གི་དབང་པོས་གསུངས་པ། དངོས་པོ་མེད་པའི་རྣམ་པར་དེ་བཞིན་གཤེགས་པ་བལྟའོ་ཞེས་སོ།། དེར་ནི་སྒྲ་ཇི་བཞིན་པར། མེ་ཤམ་གྱི་བུ་དངོས་པོ་མེད་པ་ལྟ་བུར་དེ་བཞིན་གཤེགས་པར་བྱ་བ་མ་ཡིན་ནོ།། དད་པའི་དགེ་སློང་གི ་ནི་དང་པས་བྱིན་ལ་ལོངས་སྤྱོད་པར་མི་རིགས་སོ།། མ་དད་པས་ནི་རིགསོ་ཞེས་སོ།། དེར་དོན་ཁྱད་པར་དུ་བཤད་པར་བྱའི། སྒྲ་བཞིན་དུ་གཟུང་བར་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་དགོངས་པ་ནི་དུ་མ་ཡོད་དེ་ཤེས་རབ་དང་ཐབས་ལ་མཁས ་པས་སེམས་ཅན་གྱི་དོན་དུ་འབྱེད་པར་རྗེས་སུ་མཐུན་པ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་དང་མཐུན་པར་བཤད་པར་བྱའོ།། ཐེག་པ་ཆེན་པོ་ལ་དེ་ལས་ཁྱད་པར་ཏེ། གཞན་གྱི་དོན་དུ་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ། མི་དགེ་བ ་བཅུའི་ལས་ཀྱི་ལམ་ལ་ཞུགས་ཀྱང་ལྟུང་བ་མེད་ལ། བསོད་ནམས་མང་པོ་རབ་ཏུ་འཕེལ་བར་འགྱུར་རོ།། བྱང་ཆུབ་ཀྱི་སྤྱད་པ་རྣམ་པོ་སྣ་ཚོགས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དེས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ ་རྣམ་པ་སྣ་ཚོགས་ཏེ། དེ་སྟ་ནཱ་ཐམས་ཅད་དུ་གང་ན་བདག་དང་གཞན་གྱི་དོན་དུ་འགྱུར་བ་ཆོས་ཉིད་ཀྱི་རྗེསུ་འབྲང་ཞིང་། དང་ལྟ་བུར་བྱ་བ་ཤེས་པར་བྱའི་སྒྲ་ཇི་བཞིན་པའི་དྲིན་དུ་གཟུང་བསྟེ་ནི་མ་ཡིན་ནོ།། དེ་ལ་བློ་གྲོས་ཆེན་པོ་སྒྲ་གངན ་ན་འདི་ལྟ་སྟེ། ཚིག་དང་ཡི་གེར་ཕྲད་པའི་རྣམ་པར་རྟོག་པ་ཡིན་ཏེ། སོ་དང་འགྲམ་པ་དང་། རྐན་དང་ལྕེ་དང་མཆུ་སྦྱར་བ་ལས་བྱུང་བ་ཕན་ཚུན་སྨྲ་བོར་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་ལས་སྐྱེས་པ་ནི་སྒྲ་ཞེས་བྱའོ།། ཞེས་པ་ལ་ཡི ་གེ་བརྗོད་པ་ནི་སྔོན་གྱི་གོམས་པའི་མཐུ་ལས་ཀྱང་དེ་ལྷུར་བྱིས་པ་རྣམས་ལ་ཡང་འབྱུང་ངོ་།། ཇི་ལྟར་ལུང་སྟོན་པ་པ་རྣམས་སྨྲ་བ། ཐོག་མར་ནན་ཏན་གོམས་པས་ནི།། སྒྲ་ནི་གོང་དུ་རྒྱུ་བ་སྟེ།། སྒྲ་ཡི་གོམས་པ ་མེད་པར་ཡང་།། གནས་རྣམསུ་ནི་ཐོགས་པའོ།། བྱིས་པ་རྣམས་ལ་ཡང་སྔོན་གོམས་པའི་མཐུ་ཉིད་ལས་སྒྲ་དང་དོན་ཐ་དད་པའི་རྣམ་པར་རྟོག་པ་འབྱུང་ངོ་།། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབ་པར་མཛད་པ། ཐོག་མ་མེད་པའི་བག་ཆགས ་ལས།། རྣམ་རྟོག་བྱུང་ལ་ཡོད་གནས་པ།། སྒྲ་དོན་ཆོས་ནི་རྣམ་པ་གསུམ།། དངོས་དང་དངོས་མེད་གཉིས་ཀའི་གནས།། ཞེས་ཏེ། དེའི་ཕྱིར་སྒྲ་པ་རྣམས་འདི་སྐད་ཅེས་མཛར་ཏེ། སྒྲ་རྣམས་རྣམ་པར་རྟོག་ལས་བྱུང་།། རྣམ་རྟོག་རྣམས་ཀྱང་སྒྲ ་ལས་འབྱུང་ཞེས་ཏེ། དེས་ན་དེ་དག་གིས་ཕྱི་རོལ་གྱི་དོན་ལ་བག་ཙམ་ཡང་རེག་པ་མེད་དོ།། རང་གི་བློ་ལ་ཡོད་པའི་རྣམ་པར་རྟོག་པ་དོན་གྱི་རྗེ་སུ་མཐུན་པར་བརྗོད་པར་བྱ་བའི་དོན་ཆུད་པར་བྱེད་དོ་ཞེས་པ་སྟེ། བློ་ཡིས་སྔར་ནི་རྣམ་རྟག་སྟེ། ཁ་ཅིག ་དོན་དུ་གཟུད་པར་བྱས།། ནན་ཏན་རྣམས་ནི་ལྡོག་པ་དང་།། ཚིག་གིས་དེ་ནི་རྗེ་སུ་འཛིན་ཞེས་སོ།། སངས་རྒྱས་པ་རྣམས་ཀྱི་ཁྱད་པ་ནི།། སྣང་བ་དང་རྣམ་པར་རྟོག་པའི་དོན་གཅིག་ཏུ་བྱས་ཏེ། རབ་རིབ་ཅན་གྱི་གཉིས་ཀྱིས་ཟླ་བ་གཉིས་སུ་ནོར་བའི ་ཚུལ་དུ་དེ་ལ་གདོན་མི་ཟ་བར་འཇུག་པའི་ཕྱིར་དེས་ན་དོན་དམ་པར་སྒྲ་དང་དོན་གཉིས་སྒྲ་ཚངས་པར་སྨྲ་བ་ལྟ་བུར་ཐ་དད་པ་མེད་དེ། སྒྲ་དོན་ཐ་དད་པ་མ་ཡིན་ཀྱང་ཐ་སྙད་དུ་བྱེད་པ་ཐ་དད་དོ།། གང་ན་སྒྲ་དང་དོན་དག་དེ་ཁོ་ན་ཉིད་གཉིས་པ་དེ ་མཉམ་པར་གནས་པའོ།། བར་ཏི་ཀ་བྱེད་པས་ཀྱང་སྒྲུབ་པར་བྱེད་པ། སྦྱོར་ཞིང་ཐ་དད་མེད་པ་ནི།། དོན་དམ་དོན་ནི་བདག་ཉིད་ཀྱིས།། གཟུགས་ནི་གཅིག་དང་དུམ་པར།། དེ་ནི་བློ་ཡིས་འཁྲུལ་པའོ་ཞེསོ།། ཐམས་ཅད་མཁྱེན་པས་སྣང་བ་ཐ་དད་པའི་ཕྱིར་སྒྲ་དང ་དོན་ཐ་དད་པར་སྟོན་པ། དེ་ལ་བློ་གྲོས་ཆེན་པོ་དོན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་པུ་དབེན་པར་སོང་ནས་ཐོས་པ་དང་། བསྡམ་པ་དང་། བསྒོམ་པའི་རབ་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་རང་གི་བློས ་བག་ཆགས་ཀྱི་གནས་རབ་ཏུ་གྱུར་པ་སྔོན་དུ་འགྲོ་བ་སོ་སོར་རང་གིས་རིག་པ། འཕགས་པའི་སྤྱོད་ཡུལ་ས་དང་། སའི་གནས་གཞན་གྱི་བྱེ་བྲག་ཏུ་དོན་གྱི་མཚན་ཉིད་འཇུག་པ་རབ་ཏུ་ཐོབ་ན་དོན་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དབང་པོའི་དབྱངས ་ཐོབ་པའི་ཤེས་རབ་ཀྱིས་དོན་ཐམས་ཅ་ལ་མི་རྟག་པ་དང་། བདག་མེད་པ་དང་མི་མཛེས་པ་དང་། སྟོང་པའི་རྣམ་པར་འཇུག་པར་བྱེད་དོ།། སེམས་པ་ཡང་གང་ཡོད་པ་དེ་སྐད་ཅིག་པ་དང་། ཐམས་ཅད་སྟོང་པ་དང་བདག་མེད་པ་སྟེ། ཐལ་མོའི་སྒྲ་དང་རྨི་ལམ ་དང་མིག་འཕྲུལ་དང་། རབ་རིབ་དང་། མིག་ཡོར་དང་། གཟུགས་བརྙན་ལ་སོགས་པ་བཞིན་ཏེ། ཕུང་པོར་གནས་པ་མེད་པ་དང་། རྣམ་པར་མི་འཇིགས་པ་མེད་པའི་ཕྱིར་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད ་ཐམས་ཅད་ཀྱི་བྱེ་བྲག་རྟོགས་པར་བྱེད་དོ།། རྣམ་པར་གཤེགས་པ་ན་ཕྱི་རོལ་གྱི་ཕུང་པོར་གནས་པ་གང་ཡང་མེད་དེ། ཁང་པ་དང་སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ།། རྟག་པ་ནི་མ་སྐྱེས་པས་ན་རི་བོང་གི་རེ་ལ་སོགས་པ་བཞིན་དུ་དངོས་པོ ་མེད་དེ། དེས་ན་གང་རྣམ་པར་མི་འཇིག་པར་ཀུན་བརྟགས་པ་སྟོང་པ་ཉིད་དོ།། དེ་དེ་ལྟར་ཤེས་རབ་ཀྱིས་དཔྱད་པ་ན་རྟག་པ་དང་། བདག་དང་ཕྱི་རོལ་གྱི་དོན་མི་དམིགས་སོ།། གང་གི་ཚེ་གཅིག་པུ་དབེན་པར་སོང་ནས་འཛིན ་པ་དང་། གཟུང་བར་ཀུན་བརྟགས་པའི་དངོས་པོ་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པོ་མི་གཉིས་པར་ཡང་དག་པར་རིག་ཅིང་མྱོང་བའི་མཚན་ཉིད་ཀྱི་ལམ་མྱ་ངན་འདས་པའི་གྲོང་ཁྱེན་དུ་འགྲོ་བ ་མངོན་སུམ་གྱི་དོན་དུ་ཏིང་ངེ་འཛིན་གྱི་ཡུལ་ལོ།། རང་གི་བློས་ཞེས་པ་ནི་བདག་ཉིད་ཀྱིས་ཐོབ་ཀྱི་དབང་པོས་རབ་ཏུ་སྦྱིན་པ་ལ་སོགས་པས་ནི་མ་ཡིན་ཏེ། དེ་ལས་གཞན་པའི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པོ་མྱོང་བ་བཞིནོ།། ། ་ས་ཐ་དད་པར་ཕྱེ་བ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་འབྲས་བུའི་རིམ་པོའི་བྱེ་བྲག་རྣམས་ཏེ། གོང་ནས་གོང་དུ་བསོད་ནམས་དང་ཡེ་ཤེས ་ཚོགས་བདག་དང་གཞན་གྱི་དོན་དུ་བྱུང་བའི་ཁྱད་པར་གྱིས་ཐམས་ཅད་མཁྱེན་པ་རྣལ་འབྱོར་གྱི་དབང་པོ་མཆོག་ཏུ་ཡོང་སུ་དག་པའི་འདོད་ཆགས་དང་བྲལ་བ། གཟུགས་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་མེད་པའི་སེམས་ཅན་གྱི་རྒྱུད་ཀྱི་བསན ་པ་མཆོག་ཏུ་རངས་པ་བྱེད་པ་རྣམས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེར་འཁོར་བ་ཡོད་ཀྱི་བར་དུ་འཇུག་གོ།། ས་དང་པོ་ལ་འཇུག་པ་ཉིད་ཀྱིས་སེམས་ཅན་ལ་ཕན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་དགའ་བའི་སྦྱིན་པ་རྣམས་ཀྱིས་རབ་ཏུ་དགའ་བའི་ཏིང་ངེ། ་འཛིན་གྱི་ཁྱད་པར་ཐོབ་པར་འགྱུར་རོ།། དྲི་མ་མེད་པར་ནི་རྗེས་གཉིས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་ཞིང་སེམས་ཅན་རྣམས་ལ་མི་གནོད་པའི་ཕྱིར་མི་གཉིས་པའི་ཚུལ་ཁྲིམས་ཅན་རྣམས་སོ།། གསུམ་པོར་ནི་མཆོག་ཏུ་ཟད་མོའི་ཆོས ་ལ་བཟོད་ཅིང་སེམས་ཅན་རྣམས་ཀྱིས་ངན་དུ་སྨྲས་པའི་སྡུག་བསྔལ་ཡིད་ལ་འཇོག་པའི་རྣམ་པར་རྟོག་པ་དང་བྲལ་བ་རྣམས་སོ།། དེ་བཞིན་དུ་ས་གཞི་པོར་གོང་ནས་གོང་དུ་ཡེ་ཤེས་སྤྲོ་བ་ཡོངསུ་དག་པའི་རྩོན་འགྲུས་ཅན་རྣམས་སེམས་ཅན ་མཐའ་དག་གདོན་པའི་མཐུ་ཆེན་པོ་ཅན་རྣམས།། ས་ལྔར་ནི་སེམས་རྩེ་གཅིག་པར་བཏུལ་བའི་བསམ་གཏན་ལས་གཡོ་བ་མེད་པའི་བློ་ཅན་རྣམས་སོ།། དྲུག་པོར་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མཉམ་པར་བསྒྲུབ་པས་གཉིས་དང་ཐ་དད་པ ་ཆོས་དང་གང་ཟག་ལ་བདག་མེད་པ་ཟབ་མོའི་ཆོས་རྣམས་ལ་འཇུག་པ་རྣམས་སོ།། བདུན་པོར་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཆོག་ཏུ་རྫོགས་ཤིང་ཉན་ཐོས་དང་། རང་སངས་རྒྱས་དང་། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན ་རྟེན་རྣམས་ཁམས་གསུམ་གྱི་འདུད་ཆགས་དང་བྲལ་བ་རྣམས་སོ།། ས་བརྒྱུད་པོར་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་སྐྱེ་བ་དང་། གནས་པ་དང་འགོག་པ་ལ་སོགས་པ་གཞན་པ་དང་། གཞན་པ་མ་ཡིན་པར་བྱེད་པ་དང་། བྱེད་པ་པོར་བྲུ ་ཅིང་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་རྣམས་སོ།། ཇི་ལྟར་མདོ་སྡེ་འདིར་གསུངས་པ།། ས་བདུན་དག་ནི་སེམས་ཡིན་ཏེ།། སྣང་བ་མེད་པ་བརྒྱད་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ས་གཞན་ང་ཡི་རང་བཞིན་ནོ།། ་ཞེས་པ་སྟེ། གང་ནས་གདུན་དུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིནོ།། མི་སྐྱེ་བའི་མཚན་ཉིད་དེ་ནི་དངོས་པོ་དང་དངོས་པོ ་མེད་པའི་རྣམ་པར་རྟོག་པ་མེད་པའི་དབུ་མའི་ཡེ་ཤེསྟེ།། མི་གཡོ་བ་དཱར་ཡང་སངས་རྒྱས་སུ་ལུང་སྟོན་པའོ།། དགུར་ནི་བསམ་པ་དང་། བག་ལ་ཉལ་བ་ཤེས་ཤིང་སོ་སོ་ཡང་དག་རིག་པ་ཐོབ་པ་རྣམསོ།། བཅུར་ནི་གཞན་ཐམས་ཅད་ལ་ཕན་པའི ་ཕྱིར་ཐམས་ཅད་མཁྱེན་པ་ཁོ་ནའི་གོ་འཕང་འཐོབ་པའི་དོན་དུ་ཆོས་ཀྱིས་དབང་བསྐུར་བ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། བཞུགས་པའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་མཛད་དོ།། དེར་ཡང་ཉོན་མོངས་པ་མེད་པའི་མི་ཤེས་དེའི ་འོག་ཏུ་སྤང་ངོ་།། དརརྱ་སྲུབ་མོས་གཡོགས་གཡོགས་པ་བཞིན་དུ་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་ས་བཅུར་སྣང་ངོ་།། ཐམས་ཅད་མཁྱེན་པ་རྣམས་ལ་ནི་སྒྲིབ་པ་མེད་པས་ན་སངས་རྒྱས་ཀྱི་སའི་ཁྱད་པར་དེ་དེས་ན་ས་བཅུར་སོང་བའི ་ཉོན་མོངས་པ་མེད་པའི་མི་ཤེས་པ་མཉམ་པར་འཛེག་པ་མེད་པ་ལ་སོགས་པའི་མཚན་ཉིད་ཅན་བག་ཆགས་དང་ལྡན་པ་ཤེས་བྱའི་སྒྲིབ་པ་སྤང་བ་ནི་ས་དང་པོར་མཐོང་བའི་ལམ་ཐོབ་ནས་བསྒོམ་པའི་ལམ་གྱིས་སྦོམ་པོ་དང་བར་མ་དང་ཕྲ་མ ་དང་། དེ་ལས་ཕྲ་བ་དང་། ཡང་ཕྲར་གསེ་སྟེ་རིམ་པར་ཕྱེ་ཞིང་བག་ཆགས་དེ་སངས་རྒྱས་ཀྱི་ས་ལ་སྤོང་ངོ་།། ཐམས་ཅད་མཁྱེན་པོ་ཉིད་འབྲས་བུར་འཐོབ་པ་ནི་ས་བཅུར་རྒྱ་ཆེར་རོ།། སའི་ཕྱོགས་མདོ་སྡེ་འདིར་ཟུར་ཙམ་ཞིག་བསྙད་པའི་ཟླ་ལ་འོངས ་པ་ནི་བཤད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དོན་ལ་མཁས་པ་ཡིན་ནོ།། ཞེས་བྱའོ།། གཞན་ཡང་བློ་གྲོས་ཆེན་པོ་སྒྲའི་དོན་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་དང་དོན་དམ་དོན་དང་སྒྲར་ཡང་གཅིག་པ་ཡང་མ ་ཡིན། ཐ་དད་པ་ཡང་མ་ཡིན་པར། ཡང་དག་པར་རྗེ་སུ་ལྟ་སྟེ་ཞེས་པ་ནི། ཁ་ཅིག་སྒྲོ་དང་། དོན་གཞན་པའི་དོན་དུ་ཞུགས་པ་རྣམས་ཏེ། ཇི་ལྟར་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། གྲངས་ཅན་དང་། འཇིག་རྟེན་རྒྱང་པན་པ་རྣམ་སོ།། ཁ་ཅིག ་ནི་གཞན་པ་མ་ཡིན་པ་ཁོ་ནར་ཏེ། ཇི་ལྟར་ལུང་སྟོན་པ་དང་། སྒྲ་ཚངས་པར་སྨྲ་བ་པོ་རྣམས་ཏེ། སྒྲ་དང་དོན་ཐ་དད་པ་མ་ཡིན་པར་ཡང་ཐ་སྙད་དུ་ཐ་དད་པར་བྱེད་ཀྱང་སྒྲ་དང་དོན་དག་གི་ཁོ་ན་ཉིད་གཅིག་སྟེ། དེ་དག་མཉམ་པར་གནསོ།། ཀྵ་པ་ན་ཀ ་དང་། སྤྱོད་པ་ཅན་རྣམས་ནི། གཉིས་ཀུར་སྨྲ་བ་པ་རྣམས་སོ།། ཀྵ་པ་ནཱ་ཀའི་རྣམས་འགྱུར་བར་སྨྲ་བ་ལ་གཞན་པར་འགྱུར་བ་དང་། གཞན་པ་མ་ཡིན་པར་འགྱུར་བ་དང་། གཞན་པ་དང་གཞན་པ་མ་ཡིན་པར་འགྱུར་བ་སྟེ། ཁྱད་པར་གྱི་བདག ་ཉིད་དུ་གོཞེན་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་གཞན་པ་མ་ཡིན་པར་འགྱུར་བ་དང་། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་གཞན་པ་དང་། གཞན་པ་མ་ཡིན་པར་འགྱུར་བ་དང་། ཅིག་ཅར་སྨྲ་བར་མི་བྱ་བ་དང་། བདུན་དུ་འབྱེད་པའོ།། སྤྱོད ་པ་ཅན་གྱི་ཀུན་རྟོག་པ་ནི། དངོས་པོ་གཟུགས་ནི་དུ་མ་ལ།། འདོད་པའི་གཟུགསུ་བརྟག་པ་ནི།། ཅིག་ཅར་རིམ་གྱིས་འཇུག་པ་ཡིས།། ཚིག་གི་རྣམ་པ་གཞན་མེད་དོ།། ཇི་ལྟར་ཁ་དོག་འདྲེས་པ་ལ།། དངོས་པོ་རྣམས་ནི་སྣ་ཚོགས་ཕྱིར།། ་འདོད་པ་བཞིན་དུ་ཁ་དོག་འཛིན།། དེ་བཞིན་ཐ་དད་མི་དམིགས་སོ།། རབ་བྱུང་འདོད་ཆེན་ཁྱི་རྣམས་ཀྱང་།། བུད་མེད་ལུས་ནི་གཅིག་པོ་ལ།། མི་གཙང་མཛེས་པ་བཟའ་བྲོ་ཞེས།། རྣམ་པར་རྟོག་པ་གསུམ་རྣམས་སོ། ་ཞེས་པའོ།། མི་གཉིས་པར་སྨྲ་བ་རྣམས་ལ་ནི་དོན་དང་གཅིག་པར་རིགས་ཏེ། བསླང་པ་རྣམས་སྣ་ཚོགས་སྣང་བ་ཐ་དད་པ་ལས་སྒྲ་དང་དོན་ཡང་ཐ་དད་པར་རུང་བ་ནི་ཐ་དད་རབ་རི་བ་ཅན་གཉིས་ཀྱིས་ཟླ་བ་སྣ་ཚོགསུ་ནོར་བའི་ཚུལ་གྱིས་སོ།། ་རྣམ་པར་ཤེས་པར་སྨྲ་བ་རྣམས་ལ་ཡང་སྒྲ་དང་དོན་གྱི་སྣང་བ་ཐ་དད་པར་རུང་སྟེ། བརྟགས་པས་དེ་དག་ལ་གཞིན་པ་དང་གཞན་པ་མ་ཡིན་པའི་ཐ་སྙད་རིགས་ཏེ། སྣང་བ་སྣ་ཚོགས་ཀྱི་ཕྱིརརོ།། གང་དག་ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བ་དེ་དག་གི་རང ་བཞིན་གྱི་མཚན་ཉིད་ནི་སླར་མེད་དེ། གཞན་དུ་མེ་དང་འབྲེལ་བས་ནི།། བདག་ཚིགས་ཅེས་ནི་ཚོར་བ་སྟེ།། གཞན་དུ་ཚིག་པའི་སྒྲ་ཡིས་ནི།། སྒྲ་ཡི་དོན་ནི་ཤེས་པར་བྱེད།། དབང་པོ་ཡི་དོན་ནི་གཞན་དུ་ལ།། སྒྲ་ཡི་སྤྱོད་ཡུལ་གཞན་པ་སྟེ།། སྒྲ་ལས་མིག ་མེད་མཐོང་ཡང་ནི།། མངོན་སུམ་དུ་ནི་འགྱུར་བ་མད་ཞེས་སོ།། བརྗོད་པ་ཐམས་ཅད་ནི་འཇུག་པའི་མཚན་མ་རྣམས་ཀྱིས་བརྗོད་ཀྱི་རང་བཞིན་དུ་ནི་མ་ཡིན་ནོ།། ཇི་ལྟར་འབྲེལ་པ་བྱེད་པས་བསྒྲུབས་པ་སྒྲ་རྣམས་ནི་གསུམ་གྱི་ཕྱིར་འཇུག་སྟེ། ་རིགས་ཡོན་ཏན་དང་བྱེད་པའི་སྒྲ་རྣམས་ཡོད་དོ་ཞེས་ཏེ། བ་དཀར་མོ་འགྲོ་བ་ལྟ་བུའོ།། སྒྲ་རྣམས་འཇུག་པའི་མཚན་མ་བཞི་པ་སྟེ། མིང་གི་སྒྲ་རྣམས་ཡོད་པ་ནི་ཇི་ལྟར་འདི་ཐེ་དང་། ད་ཝིད་ཐར་མིང་དུ་བརྟགས་པའི་སྒྲ་རྣམས་ཏེ། ཉེ་བར་བརྟག ་པའི་རིས་སུ་འཇུག་པའི་རྒྱུའོ།། ལ་ལས་ནི་ཐོག་མ་དང་ཐ་མ་དང་དུས་དང་། ཡུལ་གྱི་རྗེས་སུ་སོང་བའི་ལྷ་སྦྱིན་ལ་སོགས་པ་འཇུག་པའི་རྒྱུར་རྟོག་པའོ།། གང་དག་ལ་ཡང་ཉི་མ་དང་། ཟླ་བ་དང་། ན་མཁའ་ལ་སོགས་པ་རྣམས་ལ་སྤྱི ་གཅིག་པ་མེད་པ་དེ་དག་ལ་ནི་རང་བཞིན་ལ་འཇུག་པའི་རྒྱུ་སྟེ། ཇི་ལྟར་འགྲེལ་པ་ལས་བྱུང་བའོ།། གང་ན་དངོས་པོ་ཐམས་ཅད་རང་གི་དངོས་པོར་འབྱུང་བས་ན་དེ་དག་གི་དངོས་པོ་སྟེ། དེ་བརྗོད་པ་ནི་ཁོ་ན་དང་རང་ཉིད་དུའོ།། ཟླ་བའི་ཟློ་བ ་ཁོ་ན་ནི་གང་སིམ་པར་བྱེད་པ་དང་། ཀུ་མུ་ད་རྣམས་རྒྱས་པར་བྱེད་པ་དེའོ།། ཉི་མའི་ཉི་མ་ཁོ་ན་ནི། གང་སྣང་བར་བྱེད་པ་དང་། པདྨོ་རྒྱས་པར་བྱེད་པའོ།། བ་ལང་ཁོ་ན་ནི་གང་རྩཝ་ཟ་བ་དང་། ཤིང་རྟ་འདྲེན་པའོ།། ན་མཁའི་དེ་ཁོ་ན་ནི་ན་མཁའ་ཁོ་ན་ཚིག ་འཁོར་བ་སྟེ། དེར་ཤིང་རྟ་ལ་སོགས་པ་ཕྲད་དང་བྲལ་བ་ཐ་དད་པར་ཀུན་བརྟགས་པ་སྟེ། ཡུལ་མང་པོ་ལ་གནས་པས་ན་མཁའ་རྗེ་སུ་སོང་བར་ཀུན་རྟོག་གོ།། དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་སྒྲ་རྣམས་དངོས་པོ་དང་། དངོས་པོ་མེད་པར་སྤྱིར ་སྒྲོ་འདོགས་པས་འཇུག། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། མིག་དཀར་བ་ལ་སོགས་པའི་ཁ་དོག་རྣམས་ཀྱི་ཁ་དོག་ཁོ་ན་ནི་གཅིག་དང་། དུ་མ་དང་གཟུགས་དང་། གཟུགས་མ་ཡིན་པ་ཡིད་ཆེས་པར་མི་བྱེད་དོ།། དེས་ན་སྤྱིར་བཀྲ་བོ་ལ ་བཀྲ་བ་ཁོ་ན་ནི་གཞན་པ་དང་གཞན་པ་མ་ཡིན་ཏེ། སྒྲོ་འདོགས་པ་འབའ་ཤིག་གིས་ཀུན་བརྟགས་པའོ།། དེ་བཞིན་དུ་གྲང་བ་དང་། དྲོ་བ་དང་རླན་པ་དང་། སྲ་བ་ལ་སོགས་པ་རྣམས་ཀྱི་གྲང་བ་ཁོ་ན་དང་། དྲོ་བ་ཁོ་ན་དང་། རླན་པ་ཁོ་ན་དང་། སྲ་བ་ཁ ་ནུའོ།། གྲལ་ཏེ་གཞན་པ་མ་ཡིན་ན་ནི་དེའི་ཚེ་གྲང་བ་དང་གྲང་བ་མ་ཡིན་པ་དང་། དྲོ་བ་དང་དྲོ་བ་མ་ཡིན་པ་དང་། རླན་པ་དང་། སྲ་བ་དག་ཀྱང་དེ་ལས་བཟློག་པར་འགྱུར་ན། གང་གཅིག་གི་གཟུགས་ཡིན་པ། ་དེ་གཉིས་པོར་མི་རིག་སོ།། ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་གཅིག་པོ་ལ་གཟུགས་དུ་མ་ཁོ་ནར་ཇི་ལྟར་ན་རུང་། གཟུགས་གཅིག་པ་ནི་གཅིག་པ་ཁོ་ནའོ།། ཞེས་དབང་པོས་སྨྲས་པ་མ་ཡིན་ཞེས་དེ་སྐད་ཅེས་ན་ནི་གང་གི་ཚེ་ན་དེ་ལྟར་གཟུགས ་དུ་མ་ཡང་གཅིག་པར་ཇི་ལྟར་རིགས་ཏེ། དེ་ལྟར་ན་འགྲོ་བ་ཐམས་ཅད་ཀྱང་གཟུགས་གཅིག་པར་འགྱུར་ཏེ། ཕྱུག་དབུལ་དང་། གྲོལ་བ་དང་། མ་གྲོལ་བ་ལ་སོགས་པའི་རིམ་པ་དམིགས་སུ་མེད་ལ། གྲང་བ་དང་། དྲོ་བ་དང་སྔོན་པོ་དང་། ་སེར་པོ་ལ་སོགས་པ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། དེས་ན་ཇི་ལྟར་གྲངས་ཅན་ལ་སོགས་པ་ཕྱི་རོལ་གྱི་དོན་དཀར་པོ་དྲང་། སྔོན་པོ་ལ་སོགས་པའི་རང་བཞིན་ནི་རང་བཞིན་དུ་མར་མི་རིགསོ།། ནོར་པ་ལ ་བལྟོས་ཏེ། དེའི་བདག་དང་། བདག་དང་། བདོག་གི་གང་ཡིན་པ་དང་། ནོར་པའི་གཟུགས་ཀྱང་ཇི་ལྟ་བུ་དེ་ཡིན་པ་དེ་མི་རུང་ངོ་།། དེ་སྡེ་ནོར་པ་སྣ་ཆོག་ཀྱི་ཕྱིར་དུ་མའི་རྣམ་པ་རྣམ་པར་ཤེས་པ་ལ་མད་ན་ནི་དེའི་ཚེ་རབ་རིབ་ལ་སོགས་པའི་ནོར་ལ ་བལྟོས་པས། ཚིག་གི་དོན་རྣམས་ཀྱི་བདག་ཉིད་མཐའ་མེད་པར་འབྱུང་བར་འགྱུར་རོ།། བར་ཏི་ཀ་ལས་དཔྱད་པ་ལྟར། དམིགས་པ་ཀུན་ཕྱི་རོལ་གྱི་ཡིན་ནོ།། ཞེས་སྤྱོད་པ་ཅན་གང་གིས་ཀུན་ཏུ་རྟོག་པ་ནི། མར་མེ་ལ་སོགས་སྔོན ་ད་མར་དུ།། རྨ་བྱའི་མདོངས་ནི་སྣང་བ་ལྟར།། མིག་འཕྲུལ་རྣམས་ཀྱི་དཀྱིལ་འཁོར་དུ།། ཀུན་ཏུ་མཐོང་བར་བྱེད་པའོ།། གང་གི་ཚེ་ཤེས་པར་བྱ་པ་གཅིག་ལ་གཟུགས་དུ་མ་མི་རུང་བ་དེའི་ཚེ་ཤེས་པ་རྣམ་པ་དང་བཅས་པ་ཁོ་ནའོ།། དེ་ལྟར་ཡང ་བློ་བློ་ནི་སྔོ་སོགས་གཟུགས་ཀྱི་ཕྱིར།། ཕྱི་རོལ་དོན་ན་ཅིས་ན་འབྲེལ།། བློ་ལ་སྔོ་སོགས་གཟུགས་མེད་ན།། དེ་ཡི་དེ་མྱོང་ཇི་ལྟ་བུ་ཞེས་པ་སྟེ། ན་མོ་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་དེ་ན་དེ་མ་གཏོགས་པར་ཕྱི་རོལ་གྱི་དོན་གང་ཡིན། འོན་ཏེ ་རྣམ་པར་ཤེས་པ་ལ་རྣམ་པ་མེད་པ་འདི་ནི་སྔོན་པོའི་མྱོང་བ་ཡིན་གྱི་སེར་པོའི་མ་ཡིན་ནོ་ཞེས་རྣམ་པ་མེད་པའི་ཤེས་པས་མྱོང་བའི་རྣམ་པ་མེད་པར་ཇི་ལྟར་ན་རུང་། བག་ཆགས་བློ་ལ་རྣམ་པ་མེད།། དོན་ནི་རྣམ་པར་བཅས་པ་སྟེ།། ཞེས་སྤྱོད ་པ་ཅན་རྣམས་དེ་སྐད་ཅེས་སྨྲས་པ་དེ་ལ་རབ་རིབ་ཅན་གྱི་རྣམ་པ་མང་པོ་སྣང་ན། ཅི་ཕྱིའི་དོན་དེ་སྙེད་དེ་ལྟར་ཡོད་དམ་དེ་ལྟར་ན་གཞན་གྱིས་ཅིའི་ཕྱིར་མི་འཛིན། དེས་ན་ནོར་པའི་མཐུས་རྣམ་པར་ཤེས་པར་སྨྲ་བ་ལ་རྣམ་པ་སྣ་ཚོགས་ཀྱི་རྣམ་པའོ།། ་རྣམ་པར་ཤེས་པ་སྣང་སྟེ།། སྣང་བ་ཐ་དད་པས། ཚད་མ་དང་གཞལ་བྱའི་ཐ་སྙད་དང་། སྒྲ་དང་དོན་ཐ་དད་པར་དེ་ལ་གླེང་བ་ཅི་འང་མེད་དོ།། ནམ་ཤོས་རབ་ཀྱིས་སྤྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ཏེ་མི་དམིགས་པ་དེ་ལ་བསམ་པ་མེད ་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ཉིད་གནས་སོ།། ཐུགས་རྗེའི་བག་ཚོགས་ཀྱིས་སད་དེ་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལས ་ཐམས་ཅད་མཁྱེན་པའི་སྒྲ་དང་དོན་གྱི་ཐ་སྙད་འབྱུང་བ་ནི་རྟོག་པ་དང་མོས་པ་དག་གིས་ནི། འཇིག་རྟེན་ལམ་དུ་གནས་པ་ན།། ཤེས་དང་སོ་སོར་བརྗོད་པ་ཡང་།། བྱིས་པ་དང་ནི་མཁས་པ་འདྲ།། དེའི་ཕྱིར་དེ་ལྟར་སྨྲའི ་དོན་གྱི་དབང་དུ་བྱས་ཏེ། དེས་སྨྲས་པ། གང་ཕྱིར་སྒྲ་ནི་རྗོད་པ་ཡིན།། གང་ཚེ་དོན་གང་ཡིད་ཆེས་བྱེད།། ད་ནི་སྒྲ་ཡི་དོན་དུ་སྨྲས།། དོན་གྱི་མཚན་ཉིད་གཞན་མེད།། བློ་གྲོས་ཆེན་པོ་གྲལ་ཏེ་སྒྲ་དང་དོན་དུ་ཐ་དད་ན་ནི་དོན་གསལ་བར་བྱེད་པའི་རྒྱུ་སྒྲ་མ ་ཡིན་པར་འགྱུར་ན། ནོར་རྫས་ལཱ་མར་མེ་བཞིན་དུ་དོན་དེ་ལ་སྒྲས་རྗེ་སུ་འཇུག་གོ།། འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྐྱེས་བུ་ལ་ལ་ཞིག་མར་མེ་ཐོགས་ནས་ཕྱོགས་འདི་ནང་གི་ནོར་འདི་ལྟ་བུ་འདི་ཡོད་དོ་ཞེས་ནོར་ལ་ལྟ་བ་ཞེས་པ་ནི་རྟགས་པ་ལ་བལྟོས་ཏེ། ་སྒྲ་ནི་གསལ་བར་བྱེད་པའི་རྒྱུ་ཡིན་གྱི། བྱེད་པའི་རྒྱུ་མ་ཡིན་པ་ནི་བ་དན་ལ་སོགས་པ་བཞིན་ནོ།། གང་གི་ཕྱིར་ཞེ་ན། སྒྲ་བརྗོད་པ་ལས་དོན་གང་ཡིད་ཆེས་པར་འགྱུར་བ་དེ་ཉིད་སྤྱི་འདྲེན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས ་པའོ།། དེ་བཞིན་དུ་བློ་གྲོས་ཆེན་པོ་ཚིག་ཏུ་རྣམ་པར་རྟོག་པའི་སྒྲའི་མར་མེས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ་སོ་སོར་རང་གིས་རིག་པའི་དོན་གྱི་ཡུལ་ལ་རྗེ་སུ་འཇུག་གོ་ཞེས་པ་ནི་དངོས་དང་དངོས་པོ ་མེད་པ་དང་། གཉིས་ཀ་ལ་གནས་པའི་སྒྲ་ཐམས་ཅད་ཉིད་ནི་མངོན་སུམ་དང་། མངོན་སུམ་མ་ཡིན་པའི་ཡུལ་ལ་སྤྱིར་སྒྲའི་དོན་དུ་སྒྲོ་བཏགས་ཏེ་གསལ་བར་བྱེད་པའི་རྒྱུ་བསྙད་པ་ཡིན་གྱི། བྱེད་པའི་རྒྱུ་ནི་མ་ཡིན་ཏེ། སྤྱིར་བརྟགས་པའི་དོན་ཉིད ་ལས་སྒྲ་རྣམས་འཇུག་པ་དང་རང་གི་མཚན་ཉིད་བསྐྲད་པར་བྱེད་དོ།། དེ་ལྟར་ན་དེ་དག་བརྟགས་པའི་ཐ་སྙད་ཀྱིས་གསལ་བར་བྱེད་ཀྱི། རང་བཞིན་གྱིས་སྒྲ་དང་དོན་དུ་འབྲེལ་བ་མེད་ཅིང་། རྒྱུ་དང་འབྲས་བུར་མ་ཡིན་པ་ནི་དེ་དག་མི་འབྲེལ་བའི ་དངོས་པོ་མ་ཡིན་པའི་ཕྱིར་རོ།། ཇི་ལྟར་སྨྲས་པ། སྒྲ་ནི་བརྗོད་པོར་གྱུར། དོན་ལ་ཐེ་ཚོམ་རབ་ཏུ་འབྱུང་། དེ་ལྟར་མངོན་སུམ་མཐོང་བ་དང་། མཚན་མ་ལས་ནི་ངེས་པར་འགྱུར་ཞེས་པ་སྟེ། ཇི་ལྟར་སྒྲའི་དོན་གྱི་རྣམ་པར་རྟོག་པ་ལ་རྗེ་སུ་དཔགས ་ཏེ། སྤྱི་ལས་ཁྱད་པར་གྱི་མཚན་ཉིད་གསལ་བར་བྱེད་པ་དེ་བཞིན་དུ་སྤྱིའི་དོན་སྤྱིར་ལས་ཀྱང་སྒྲ་དང་བྲལ་བ་རང་གི་མཚན་ཉིད་དུ་འགྲོ་བ། བསམ་པ་མེད་ཅིང་སྣང་བ་མེད་པ། དོན་དམ་པའི་བདེན་པ་མེ་གཉིས་པར་ཡང་དག་པར་རིག་པའི ་ཚུཆོས་ཉིད་ལ་བཙུན་གཙོའི་བྱང་ཆུབ་སེམས་དཔའ་བོཇུག་གོ་ཞེས་བྱའོ།། ཐམས་ཅད་མཁྱེན་པས་སྐུའི་དོན་མངོན་སུམ་དང་རྗེས་དཔག་པས་སྒྲུབ་པར་མཛད་པ། གཞན་ཡང་བློ་གྲོས་ཆེན་པོ་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན ་གྱིས་ཡོངསུ་མྱ་ངན་ལས་འོངས་པ་དང་། ཐེག་པ་གསུམ་ནི་ཐེག་པོ་གཅིག་པ་དང་། ཆོས་ལྔ་དང་སེམས་དང་། རང་བཞིན་ལ་སོགས་པ་ལ་སྒྲ་ཇི་བཞིན་དུ། མངོན་པར་ཆགས་པ་ལ་བརྟེན་ནས་མངོན་པར་ཆགས་པ་ཞེས་ཏེ། སྒྲ་ཇི་བཞིན ་པར་གཟུང་བར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པ་གསུང་ངོ་།། སྒྲ་དང་དོན་སྤྱིར་འཇུག་པ་ལ་ཡང་། རིགས་པ་དང་། ལུང་གིས་འགལ་བ་མེད་པར་འགའ་ཞིག་སྤྱད་པར་བྱའོ།། དེ་སྟེ་མ་སྐྱེས་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པའི ་རྣམས་ནི་མོ་གཤམ་གྱི་བུ་ལྟ་བུར་ཆོས་རྣམས་འཛིན་ན་ནི་དེའི་ཚེ་ཀུན་ནས་ཉོན་མོངས་པ། རྣམ་པར་བྱང་བ་རྣམ་པར་གཞག་པར་ཇི་ལྟར་ན་འགྱུར། དེས་ན་བཀྲི་བའི་དོན་རྣམས་ཀྱིས་ངེས་པའི་དོན་ཉིད་ཤེས་པར ་བྱའོ།། དེ་སྟེ་ཡང་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམ་པ་དེ་ལྟ་བུ་རྣམས་ལ་དོན་གྱི་བྱེ་བྲག་མེད་པར་འགྱུར་ན་ནི་དེའི་ཚེ་སེམས་ཅན་རྣམས་ལ་འཁོར་བ་དང་། མྱ་ངན་ལས་འདས་པ་མེད་དེ། ཆོས ་ནཽ་གང་། གང་གིས་སུ་ན། ཅིའི་ཕྱིར་ན་སྟོན། ཐེག་པ་གསུམ་ནི། ཐེག་པ་གཅིག་ཅེས་པ་དེར་ཡང་དགོངས་པའི་ཁྱད་པར་ཤེས་པར་བྱ་སྟེ། མནའ་བའི་རྒྱུར་ནི་མྱ་ངན་ལས་འདས་པར་ང་སྨྲ་ཞེས་དམ་པའི་ཆོས་པུཎྜ་རི་ཀ་ལས་སོ།། འདིར་ཡང ་དེ་དག་ཏིང་ངེ་འཛིན་མྱོས་པ་རྣམས། ཟག་པ་མེད་པའི་དབྱིབས་ན་གནས་ཞེས་པའོ།། དགོངས་པ་ངེས་པར་འགྲེལ་པ་ལས་ནི་གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་དག་ནི་སངས་རྒྱས་སུ་བྱ་བར་ནུསོ།། གང་དག་ཡང་ཞི་བ་ཕྱོགས་གཅིག་གི་འདོད ་ཆགས་དང་བྲལ་བ་ནི་ཞི་བ་ཉི་དུ་གནས་སོ།། དེ་དེ་ལྟར་ན་ངོམ་པའི་ཆོས་ཀྱི་བཀྲི་བ་དང་། ངེས་པའི་དོན་གྱི་བྱེ་བྲག་ཡོང་སུ་ཤེས་པའི་ཕྱིར་མཁས་པར་བྱའོ།། ཆོས་ལྔ་ནི་དེ་དག་མིང་ལ་སོགས་པ་རྣམས་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངསུ ་གྲུབ་པའི་ནང་དུ་གཏོག་སོ།། དེ་ལ་མིང་དང་། མཚན་མ་དང་། བརྟགས་པ་དང་། ཡང་དག་པའི་ཡེ་ཤེས་དང་།། དེ་བཞིན་ཉིད་འབྱེད་པ་ནི་ཆོས་ལྔ་ཞེས་བྱའོ།། དེ་ལ་མིང་ནི་ཀུན་བརྟགས་པར་བསྡུའོ།། མཚན་མ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ལུས་དང ་ལོངས་སྤྱོད་དང་། གནས་སུ་གསལ་བར་སྣང་བ་གཞན་གྱིས་དབང་ངོ་།། དེ་ཉིད་རྣམ་པར་རྟོགས་པ་སྟེ། དེས་ན་རྣམ་པར་རྟོག་པའི་དེར་བསྡུའོ།། ཁྱད་པ་དུ་ན་ཀུན་བརྟགས་པ་སྟེ། ཡང་བརྟགས་པ་ལ་སོགས་པའི་ཡུལ་མེད་པས་ན་ཡུལ་མེད་པའོ།། ་དམ་པའི་ཆོས་ཀྱི་ལུགས་ཀྱིས་བརྟགས་པ་དང་། ཀུན་རྟགས་པའི་ཁྱད་པར་དེའོ།། དབུས་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་ཡོངསུ་གྲུབ་པའི་མཚན་ཉིད་དུ་བྱམས་པས་གསུངས་པའོ།། དེའི་ཕྱིར་ཡང ་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཡོངསུ་གྲུབ་པར་བསྡུའོ།། འཕགས་པའི་བདེན་པར་ཆོས་ལྔ་བསྡུ་བ་ནི། ཀུན་ནས་ཉོན་མོངས་པ་རྣམས་ནི་སྡུག་བསྔལ་བ་དང་ཀུན་འབྱུང་དུའོ།། དག་པ་ནི་འགོག་པ་དང་ལམ་དུའོ།། དེ་དེ་ལྟར་སྒྲ་ཇི་བཞིན ་པ་ཙམ་དུ་དམ་པའི་ཆོས་ཀྱིས་དོན་གྱི་བྱེ་བྲག་མི་ཤེས་སོ།། དེས་ན་སྒྲ་ཇི་བཞིན་པའི་དོན་གཟུང་བར་མི་བྱའོ།། རིགས་པ་དང་ལུང་གིས་དམ་པའི་ཆོས་ཀྱི་དོན་ཇི་ལྟར་རུང་བ་དེ་ལྟར་དཔྱད་པར་བྱའོ།། ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་བསོད་ནམས་ཐོབ་པ ་ཞེས་ཟུང་གིས་མདོ་ལ་སོགས་པའི་མདོ་སྡེ་ལས་བྱུང་བ་དེར་ཡང་དོན་ཤེས་པར་བྱའོ།། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མཉམ་པ་ཉིད་དང་། ཆོས་ལ་མངོན་པར་དོད་ཅིང་མཉན་པ་ལ་སོགས་པས་སངས་རྒྱས་དང། ་མཉམ་པ་ཉིད་ཐོབ་པའི་ཕྱིར་བསོད་ནམས་ཐོབ་བོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ།། བྱང་ཆུབ་སེམས་དཔས་བསོད་ནམས་གང་། བསྐལ་པ་བྱེ་བར་བསགས་པ་ནི།། གཟུངས་སྔགས་འདི་ནི་འཆང་བ་ན།། ཟླ་གཅིག ་གིས་ནི་ཐམས་ཅད་གནོན་ཞེས་པ་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསམས་པའི་བསོད་ནམས་ནི་བསྒོམས་པའི་བསོད་ནམས་ཀྱིས་ཟིལ་གྱིས་གནོན་ཏོ།། སྦྱིན་པའི་བསོད་ནམས་སྔ་མ་དེ་ནི་སྒོམ་པའི་བརྒྱའི ་ཆར་མི་འཕོད་དོ།། ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་གཅོད་པ་ལ་སོགས་པར་དམ་པའི་ཆོས་སུ་ཀློགས་པ་དགོངས་པར་གསུངས་པར་བརྟག་གོ་འདིར་དམ་པའི་ཆོས་ཀྱི་འགྲེལ་བ་ལ་ངྐར་གཤེགས་པར་ཡང་བཅོམ་ལྡན་འདས་ཀྱིས་རང ་གི་དགོངས་པ་རབ་ཏུ་བསྟན་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་ང་ཡང་སངས་རྒྱས་དེ་ཉིད་དོ།། རང་གིས་ཡང་དག་པར་རིག་པའི་ཆོས་ཉིད་ཀྱི་དབང་དུ་མཛད་དེ་གསུངས་པ། མངོན་པར་སངས་རྒྱས་ནས་ཡོངསུ་མྱ་ངན་ལྔ ་འདས་ཀྱིས་བར་དུ་ཆོས་མ་བཤད་ཞེས།། དེ་བཞིན་དུ་བདུན་བརྒྱ་པ་ལས། དངོས་པོ་མེད་པའི་དེ་བཞིན་གཤེགས་པ་དང་། དངོས་པོ་མེད་པའི་དེ་བཞིན་ཉིད་ཅེས་ཏེ། དེར་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ལ་གློ་བུར་གྱི་གཉིས་ཀྱི་རྣམ ་པ་དང་བྲལ་བའི་ཕྱིར་དངོས་པོ་མེད་པའོ་ཞེས་དགོངས་པའོ།། རང་བཞིན་ནི་ཆོས་ལྔའི་གནས་ཏེ་ཆོས་ཀྱི་དབྱིངས་སོ།། རང་བཞིན་གྱིས་ཡོངསུ་མྱ་ངན་ལས་འདས་པ་ནི་ཐོག་མ་ནས་ཞི་བའོ།། མ་སྐྱེས་པ་དྲང་མ་འགགས་པ་ནི་ཆོས་དང་གང ་ཟག་ལ་བདག་མེད་པའི་སྐད་ཅིག་པ་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པ་བྱེད་པ་དང་བྱེད་པ་པོ་ལ་སོགས་པར་འབྲེལ་པར་ཀུན་བརྟགས་པ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་མི་རུང་ངོ་།། ཆོས་ལ་བདག་མེད་པ་ལ ་ཡང་འཛིན་པ་དང་གཟུང་བའི་རྣམ་པར་སྐྱེ་བ་མེད་དེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞི་ནོ།། བདག་དང་གཞན་གྱི་དངོས་པོར་སོ་སོར་སྣང་བར་འབྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཉིས་སུ་མེད་པ་ལ་ཡང་ཐ་དད་པ་མི་རྟོག་གོ།། ་བརྗོད་དུ་མེད་པའི་སྐད་གཅིག་པའི་རྒྱུད་ལོ་རང་གི་བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་སེམས་ཀྱང་མི་སྨྱན་ཡི་གེ་དང་སྒྲ་རྣམས་ལྟ་ཅི་སྨོས་ཏེ། ཐུགས་རྗེའི་བག་ཆགས་ཀྱི་སང་ནས་གཞེངས་ཏེ། དག་པ་འཇིག་རྟེན་པ་སྣང་བ ་དང་བཅས་པའི་ཏིང་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་རྣམས་ཀྱི་ཆོས་སྟོན་པ་འབྱུང་ངོ་།། ཞེས་ལན་དུ་མར་བཤད་པ་ཡིན་ནོ།། སྒྱུ་མ་སྣ་ཚོགས་མཐོང་བའི་རྣམ་པར་རྟོག་པ་ལྟ་བུར་སྒྲོ་འདོགས་པ་དང་སྐུར་པའི་ལྟ་བར་ལྟུང་བ་ཡིན་ཏེ། ་རྣམ་པ་གཞན་དུ་གནས་པ་ལ་རྣམ་པ་གཞན་དུ་སོ་སོར་རྣམ་པར་རྟོག་པ་ཞེས་པ་ནི་ཡོད་དོ་ཞེས་སྒྲོ་འདོགས་པ་དང་མེད་དོ་ཞེས་བསྐུར་བ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས ་མཐའ་གཉིས་རྣམ་པར་བཅད་པ་ནི་དབུ་མའི་ནན་ཏན་ཞེསོ།། ཇི་ལྟར་འདི་ཉིད་དུ་ཐམས་ཅད་ནི་རྟག་པ་དང་། མི་རྟག་པ་དང་། བྱས་པ་མ་བྱས་པ་མ་ཡིན། ཐམས་ཅད་ནི་ཐེར་ཟུག་པ་དང་། ཐོར་ཟུག་པ་མ་ཡིན་པའང་མ་ཡིན། ཐམས་ཅད་ནི་འདུས་བྱས ་དང་། འདུས་མ་བྱས་མ་ཡིན། ཐམས་ཅད་ནི་རྒྱུ་དང་འབྲས་བུ་མ་ཡིན། ཡོད་པ་དང་མེད་པ་མ་ཡིན། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་འང་མ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པར་བྲམ་ཟེ་འཇིག་རྟེན་རྒྱང་པན་པ་སུན་དབྱུང་བའི་ཕྱིར་གསུང ་པ་རང་གི་སེམས་སྣང་བ་ཙུམུ་ཁོང་དུ་མ་ཆུད་པའི་ཕྱིར་སྲིན་བུ་རྣམས་ཀྱིས་བདག་ཉིད་ཀྱིས་བདག་ཉིད་འཆིང་བ་བྱས་པ་བཞིན་དུ་ཕྱི་རོལ་གྱི་རྣམ་པར་རྟོག་པར་ལྟ་བའི་མུ་སྟེགས་བྱེད་རྣམས་གཉིས་ཀྱི་རྣམ་པར་ལྟུང ་བ་ཡིན་ནོ།། སེམས་ནི་སྒྱུ་མ་ལྟ་བུ་སྟེ། སྣང་བ་ཙམ་པ་ནི་ཕྱི་རོལ་གྱི་མང་པ་ལ་སྒྲོ་བོ་ཏགས་ཏེ་སྣང་བ་ཇི་བཞིན་པ་ལ་བྱིས་པ་རྣམས་རྣམ་པར་རྟོག་པ་ལྟར་ནི་མེད་དོ།། འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྒྱུ་མ་སྣ་ཚོགས་ནི་རྣམ་པ་གཞན་དུ་ལྟ་བ་ཡིན་ན་བྱིས ་པ་རྣམས་རྣམ་པ་གཞན་དང་སོ་སོར་རྣམ་པར་རྟོག་སྟེ། འཕགས་པ་རྣམས་ཀྱིས་ནི་མ་ཡིནོ་ཞེས་པ་ནི་རྟག་པ་དང་། བདག་དང་། འཛིན་པ་དང་། གཟུང་བ་དང་། བྱེད་པ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་པོ་དང་། རྒྱུ་དང་འབྲས་བུ་དང་། བྱས་པ ་དང་མ་བྱས་པ་དང་། རྟག་པ་དང་ཆད་པ་དང་། ཡོད་པ་དང་མེད་པ་དང་། གཉིས་ཀ་ལ་སོགས་པར་སྨྲ་བ་གཉིས་ཀྱི་རྣམ་པར་ཤེས་པ་ལ་བྱིས་པ་རྣམས་ཀྱིས་ཀུན་རྟོག་གི། བརྗོད་དུ་མེད་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང ་དག་པར་རིག་པ་ལ་ནི་འཕགས་པ་རྣམས་ཀྱིས་མི་རྟོག་གོ།། དེར་བདག་དང་གཞན་གྱི་དངོས་པོར་ཐ་དད་པར་སྣང་བའི་རྣམ་པར་ཤེས་པ་མེད་པའི་ཕྱིར་དེ་ལ་བརྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། མ་བྱས་པ་དང་། བྱེད་པ་དང་། བྱེད་པ་པོ་དང་། ་རྒྱུ་དང་འབྲས་བུ་ལ་སོགས་པར་བྱེད་པ་འམ། ཡོད་པ་དང་མེད་པ་དང་། གཉིས་ཀ་ལ་སོགས་པར་སྣང་བའི་རྣམ་པར་རྟོག་པ་མེད་དོ།། འོན་ཀྱང་ཐུགས་རྗེའི་བག་ཆགས་ཀྱིས་སད་ནས་དག་པ་འཇིག་རྟེན་གྱི་སྣང་བ་དང་། བཅས་པའི་ཏིང་འཛིན་གྱི ་ཐམས་ཅད་མཁྱེན་པས་རང་གི་མཚན་ཉིད་མི་གཉིས་པ་མཛུབ་བཙུགས་བཞིན་དུ་སྤྱིའི་རྣམ་པར་བསྙད་པར་མཛད་དོ།། དེ་བཞིན་དུ་ཡང་ཤེས་རབ་ཅན་རྣམས་ཤེས་རབ་ཀྱིས་དཔྱད་ཅིང་ཆོས་དང་གང་ཞིག་ལ་བདག་མེད་པར་མི་རྟག ་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པས་འཇུག་པ་ནི་རྨི་ལོམ་དང་སྤྲིན་ལས་གློག་འགྱུར་བ་བཞིན་ནོ།། སྤྱིའི་རྣམ་པར་བསྙད་པ་ལ་ཡང་གཉིས་ཀྱི་ཆ་སྟོང་པ་དང་། འགྲོ་བ་སྐད་ཅིག་པའོ་ཞེས་ཤེས་རབ་ཀྱིས ་ཁྱད་པར་གྱིས་རྗེསུ་འཇུག་གོ།། དགེ་སློང་ཁྱོད་མེད་པར་འགྱུར་བ་ལྟ་བུར་དེ་ཁོ་ན་ཉིད་བསྒོམས་ཤིག་ཅེས་ནས་དེས་ཀྱང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་ཕྱེ་སྟེ། གང་གིས་ལུས་ཀྱི་རྡུལ་ཕྲ་མོ་འདུས་པ ་སྐད་ཅིག་པ་ལ་དེ་བཞིན་དུ་བྱས་ནས་དེ་ལྟར་བདག་ཏུ་ཆགས་པ་ཉེ་བར་ཞི་སྟེ། དེས་རྟོགས་པར་འགྱུར་བ་ལྟ་བུའོ།། དེ་བཞིན་དུ་འགྲོ་བ་རྨི་ལམ་ལ་སོགས་པ་བཞིན་དུ་སྟོང་པ་སྟེ། སྐྱེས་པ་འམ་སྐྱེས་པ་མེད་པར་ཆོས་ལ་བདག་མེད་པ་རྟོག ་ཤིང་ཕྱི་རོལ་གྱི་ཕྱོགས་ཀྱི་ཚེ་ཐ་དད་པས་ཕྱེ་བ་ན་སྟོང་པར་མཐོང་སྟེ། རྟག་པ་དང་། བདག་དང་། བདག་གི་ལ་སོགས་པར་ཆགས་པ་ལྡོག་གོ།། ཇི་བཞིན་སྒྲ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་སྒྲ་ཐོས་ནས་ཕྱི་རོལ་གྱི་བར་ཀུན ་རྟོགས་པ་དང་། ལོ་ལས་རྟག་པ་དང་། བདག་པ་དང་། བདག་གིར་སྒྲོ་འདོགསོ།། དེ་ལྟར་ན་ཡང་ལོག་པའི་ཤེས་པ་ལས་འཁོར་བའི་སྡུག་བསྔལ་རྗེ་སུ་འབྲེལ་བར་འགྱུར་རོ།། ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཇི་བཞིན་དུ་ཕུང ་པོ་རྣམས་ལ་རྟག་པའི་བདག་སྒྲོ་འདོགས་པ་དེ་བཞིན་དུ་དེ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ།། ཕུང་པོ་རྣམས་གཞན་གྱི་དབང་དུ་གྱུར་པ་ནི་ནང་བློངས་པའི་མཐུ་ལས་རབ་རིབ ་དང་། མགོ་འཁོར་བ་དང་། བརྒྱལ་བའི་རྣམ་པ་ལྟ་བུར་གསལ་བ་དེར་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པས་སྒྲོ་འདོགས་སོ།། དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྟག་པ་དང་། བདག་དང་ཕྱི་རོལ་དང་བདེ་བ་དང་། གཙང་བར ་རྣམ་པར་སྒྲོ་བཏགས་ཏེ། ཇི་ལྟར་བྱིས་པས་རྣམས་བརྟགས་བཞིན།། དེ་དངོས་པོ་དང་དངོས་པོ་མེད་པ་དེ་བཞིན་ན་ནི་ཐམས་ཅད་ཀྱིས་ཡང་དག་པ་མཐོང་བ་ཡིན་ནོ།། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ནི ་གཟུགས་ལ་སོགས་པ་སྟེ། འཛིན་པ་དང་བཟུང་བའི་རྣམ་པས་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་དེ་དག་ལ་ཉོན་མོངས་པ་དང་། དག་པ་མེད་དེ་འཁྲུལ་པའི་རྣམ་པའི་ཕྱིར་ཏེ། རྨི་ལམ་དུ་ཀུན་ནས་ཉོན་མོངས་པ་དང་དག་པ་བཞིན་ནོ།། སོ་སོར་སྣང ་བ་ཙམ་དུ་དེ་དག་ནི་གཟུགས་བརྙན་ལ་སོགས་པ་བཞིན་ནོ།། མཐོང་བ་དང་མི་མཐོང་བ་ལས་དངོས་པོ་དང་དངོས་པོ་མེད་པའོ།། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་རབ་འབྱོར་ཐམས་ཅད་ནི་བཅིངས་པ་ཡང་མེད། ་བཀྲོལ་བ་ཡང་མེད་པ་སྟེ། བཏགས་པའི་བདག་དང་བདག་གིས་རྣམས་ཀྱིས་དངོས་པོ་མེད་པས་ན་འཆིང་བ་དང་བཀྲོལ་བ་མེད་དེ། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། གཞན་གྱི་དབང་རྣམས་ནི་སྐྱེ་བའི་རང་བཞིན་མེད་དེ། ་རང་བཞིན་གྱིས་རྨི་ལམ་གྱི་ཐར་པ་བཞིན་ནོ།། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་རྣམས་གློ་བུར་གྱི་གཉིས་ཀྱི་རྣམ་པར་སྟོང་པ་ཉིད་དོ།། དེ་དག་རིན་པོ་ཆེ་དང་གསེར་ལ་སོགས་པ་བཞིན་དུ་རང་བཞིན་གྱིས་དྲི་མ་དང་འབྲེལ་པ་ལས་རྣམ་པར ་དག་པར་འགྱུར་བ་ནི་མ་ཡིན།། དེས་ན་ཆོས་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་དག་པ་མེད་དོ་ཞེས་དགོངས་ནས། རབ་འབྱོར་ཆོས་ཐམས་ཅད་བཅིངས་པ་མེད་པ་དང་། བཀྲོལ་བ་མེད་པའོ་ཞེས་སོ།། འཕགས་པ་ལངྐར ་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་སྒྲ་ཇི་བཞིན་པའི་དོན་ལ་དགོངས་པ་སྤྱད་པ་དྲུག་གོ།། ། གཞན་ཡང་བློ་གྲོས་ཆེན་པོ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་ཁྱོད་ལ ་བཤད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལ། བློ་གྲོས་ཆེན་པོ་ཡེ་ཤེས་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་ལས་འདས་པའི་མཆོག་གོ།། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྐྱེས་ནས་འཇིག་པ་ནི་རྣམ་པར ་ཤེས་པའོ།། ཞེས་བྱ་བ་ནི་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བའོ།། སེ་གོལ་གྱི་སྒྲ་དང་གློག་ལ་སོགས་པ་ལྟ་བུ་ནི་འཇིག་པའི་ཡེ་ཤེས་སུ་བརྟག་གོ།། མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ་ཞེས་པོ་ནི་གང་སྐྱེ་བ་དང་འཇིག་པ ་རྣམ་པ་ཐ་དད་པར་སྣང་བའི་ཆོས་ཀྱི་རྣམ་པར་རྟོག་པ་མེད་ཅིང་སྐད་ཅིག་པ་དེ་ནི་འཇིག་རྟེན་ལས་འདས་པ་དང་། གང་གིས་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པ་དང་བྲལ་བར་མཐོང་བའི་ཕྱིར་རོ།། སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་ནི་འཇིག ་རྟེན་པས་རྣམ་པར་རྟོག་གོ།། ཡང་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་ལུང་སྟོན་པ་རྣམས་ཀྱི་སོ།། སངས་རྒྱས་པ་རྣམས་ཀྱི་ནི་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པ་མེད་པའི་རྟེན་ཅིང་འབྲེལ་དེ་འབྱུང་བ་སྟེ། ་ཇི་ལྟར། འདུས་བྱས་ཐམས་ཅད་སྐད་ཅིག་མ།། མི་བརྟན་བྱས་པ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དོ།། བྱེད་པ་པོར་ཡང་དེ་ཉིད་བརྗོད་ཅེས་ཏེ། དེས་ནི་ལྷག་པའི་སྐྱེ་བ་དང་། འཇིག་པ་མེད་པས་ན་མ་སྐྱེས་པ་མི་འཇིག་པར་ཆོས་དང་གང་ཟག་ལ ་བདག་མེད་པར་དགོངས་པ་སྟེ། མུ་སྟེགས་བྱེད་རྣམས་ཀྱི་ཉིད་མ་སྐྱེས་པ་མ་འཇིག་པ་ནི་མ་ཡིན་ནོ།། ཡེ་ཤེས་ནི་བདག་ལ་སོགས་པ་བཞིན་དུ་རྟག་པ་སྟེ། ཇི་ལྟར་སྐྱེས་བུའི་རང་བཞིན་ནོ་ཚོར་བ་ཅན་ནོ་ཞེས་གྲངས་ཅན་རྣམས་སོ།། འོ་ན་སྣང ་པ་ཅི་ཞིག་ཅེས་པ་དང་། འདི་བདག་སྟེ་རང་སྣང་ངོ་ཞེས་ཏེ། རང་ཉིད་ཡང་དག་པར་རིག་པའི་རང་བཞིན་ནོ།། ཞེས་རིག་སྔགས་འཛིན་པས་བསམ་པའོ།། དེར་ནི་སྒྲ་དང་དོན་ལ་བསླད་པའི་བདག་དང་གཞན་གྱི་གྲུབ་པའི་མཐར་སྨྲ་བ་རྣམས་ཀྱི་རྩོད་པ ་ཆེ་ཞིང་མང་ངོ་།། མ་སྐྱེས་པ་དང་འཇིག་པ་མེད་པའི་ཡེ་ཤེས་ལྔ་ཇི་ལྟར་ཁ་ཅིག་སྨྲ་བ། ཡང་དག་པར་ནི་འདུས་བྱས་སྟོང་།། རྒྱུ་བཞིན་རྐྱེན་ལས་བྱུང་བའི་ཕྱིར།། འདུས་མ་བྱས་ཀྱང་ཡང་དག་མིན།། ཡང་དག་མིན་པ་མཁས་མིན་བཞིན།། ཞེས་ཏེ། ་གང་སྐྱེ་བ་དང་འགག་པ་དེ་ནི་ཀུན་རྫོབ་བདེན་པའི་ཡེ་ཤེས་ཏེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞི་ནོ།། དོན་དམ་པའི་བདེན་པ་ནི་རང་བཞིན་མེད་པ་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མ་སྐྱེས་པ་དང་མ་འགག་པ་སྟེ། དེས་ན་སངས ་རྒྱུས་ཁོ་ན་ཡེ་ཤེས་ཀྱང་ཀུན་རྫོབ་ཀྱི་བདེན་པའོ།། དོན་དམ་པའི་བདེན་པ་ཅི་ཡིན་ཞེས་པ་ལ་ཅི་འང་མ་ཡིན་ཏེ། དངོས་པོ་མེད་པའི་རང་བཞིན་ཞེས་སོ།། ལ་ལ་ཡང་རང་གི་རྣམ་པར་རྟོག་པས་བསླད་དེ། མཱ་སྐྱེས་པ་དང་། མི་འཇིག་པ་ནི་སྒྲའི ་དོན་རྟག་པ་ཙམ་གྱིས་དེ་དག་རྩོད་དེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆུང་པ་ལ་འཁོར་བར་སྡུག་བསྔལ་ཚོར་བ་དང་། གྲོལ་བའི་དུས་ན་སྡུག་བསྔལ་མེད་པར་འགྱུར་བར་དགོངས་ན་དམ་པའི་ཆོས་མི་ཤེས་སོ།། དེ་ལྟར་ན ་ཡང་གནས་ཀྱི་རིམ་པར་དབྱེ་བ་ན། ཇི་ལྟར་ན་རྟག་པ་ཡིན། མ་སྐྱེས་པ་དང་མི་འཇིག་པ་གསུངསུ་ཟིན་ཀྱང་། སྐྱེ་བ་དང་བྱེད་པ་དང་བྱེད་པ་པོ་འབྲལ་བར་མངོན་པར་ཆགས་པ་གཞན་པ་དང་གཞན་པ་མ་ཡིན་པར་གསལ་བའི་ཕྱིར་ཏེ། དེ ་བཞིན་དུ་གང་ཟག་ལ་བདག་མེད་པ་ལ་ཡང་བརྗོད་དོ།། ཆོས་ལ་བདག་མེད་པ་ལ་ཡང་ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། དོན་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་གཞན་གྱི་དབང་ལ་སྐྱེ་བའི་རང་བཞིན་མེད་པ་སྟེ། རྣམ་པ་དེ་ལྟ་བུར ་མི་སྐྱེ་བ་ནི། རབ་རིབ་ལ་སོགས་པའི་ཤེས་པ་བཞིན་ནོ།། དོན་དམ་པའི་རང་བཞིན་མེད་པ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུང་པ་འཛིན་པ་དང་གཟུང་བའི་རྣམ་པས་སྟོང་པ་ཉིད་དོ།། དེ་ཡང་འདུས་བྱས་དང་། འདུས་མ་བྱས་པ་ཁོ་ནར་བརྟག ་པས་སྲིད་པ་དང་། ཐར་པའི་རྒྱུན་དུ་འབྱུང་བའི་བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་རིམ་པར་དབྱེ་བ་ན་སྐད་ཅིག་པ་ཉིད་དོ།། དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་དེས་ན་འདུས་མ་བྱས་པ་ཁོ་ནའི་རྒྱུན་ནི་དེ་བཞིན་གཤེགས་པ ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཉིད་ཡོངས་ཀྱིས་གནས་སོ།། དེས་ན་འདུས་བྱས་དང་འདུས་མ་བྱས་ཤེས་བྱ་བའི་ཚིག་འདི་ནི་སྟོན་པས་བཏགས་པའོ།། འདུས་བྱས་ཁོ་ན་འམ་འདུས་མ་བྱས་ཁོ་ན་པར་ཐ ་སྙད་དུ་བྱ་བ་དེ་དེ་ལྟར་བཀྲི་བའི་དོན་དུ་དགོངས་པའི་ཁྱད་པར་གང་དག་གིས་མི་ཤེས་པ་དེ་དག་མ་སྐྱེས་པ་དང་། མི་འཇིག་པ་རྟག་པར་རྟོག་གོ།། ཁ་ཅིག་གིས་ནི་རང་བཞིན་མེད་པ་སྟེ། ཁ་ཅིག་སྐད་ཅིག་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་དང་། དངོས ་པོ་མེད་པ་ནི་དོན་དམ་པའི་བདེན་པ་ཁོ་ན་ཞེའོ།། གང་གིས་སངས་རྒྱས་ཀྱིས་དངོས་པོར་ཡང་སྟོང་པར་ཀློག་གོ།། གཟུགས་ལ་སོགས་པའི་ཕུང་པོ་གཞན་གྱི་དབང་གི་རྣམ་པ་གཉིས་རྣམ་པས་སྟོང་པ་ཉིད་དེ། དེ་བསམ་པ་མེད་ཅིང་སྣང་བ་མེད་པ ་ཡང་དག་པར་རིག་པ་ལ་གནོད་པ་མེད་པའི་ཕྱིར་དྲོན་དམ་པའི་བདེན་པ་མེད་དོ།། ཇི་ལྟར་རྡོ་རྗེ་གཅོད་པ་ལས་བྱུང་བ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ།། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ནོ།། ་བཅོམ་ལྡན་འདས་མ་ལས་མཚན་མེད་ཅེས་པ་ནི་གཉིསུ་མེད་པར་ཡང་དག་པར་རིག་ཅིང་བརྗོད་དུ་མེད་པའོ།། ཆོས་དང་ཆོས་ཅན་དུ་འབྱེད་པར་ཇི་ཙམ་དུ་མཚན་ཉིད་དུ་ཀུན་རྟོག་པ་དེ་ཙམ་དུ་གཞན་པ་དང་གཞན་པ་མ་ཡིན་པར་མི་རུང་ངོ་།། གྲང་བ ་དང་དྲོ་བ་དང་། གཟུགས་དང་གཟུགས་མེད་པ་ལྔ་མི་རྟག་པ་ལ་སོགས་པ་རྣམས་ཀྱི་སྤྱིའི་ཡོན་ཏན་ལ་སོགས་པའི་ཆོས་ལྟ་བུར་ཀུན་བརྟོགས་པ། གལ་ཏེ་ཆོས་ཅན་དེ་དག་ལས་ཐ་དད་པར་གྱུར་དུ་ཟིན་ན་ནི་གྲང་བ་ལ་དྲོ་བ་དང་། གཟུགས་ཅན་གཟུན ་མེད་པ་དང་། རྟག་པ་ལ་སོགས་པའི་རང་བཞིན་དུ་ཕྱིན་ཅི་ལོག་པར་འགྱུར་རོ།། ཐ་མི་དད་པའི་ཕྱོགསུ་ནི་ཆོས་དང་། ཆོས་ཅན་དང་། མཚན་མའི་གཞི་དང་། མཚན་མ་ཐ་མི་དད་པར་འགྱུར་རོ།། འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྨི་ལམ ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ།། དེ་ལས་བཟློག་པ་ནི་དོན་དམ་པ་སྟེ། དེ་ཡང་འདུས་བྱས་སམ།། འདུས་མ་བྱས་པ་དཔྱད་པར་བྱ་སྟེ། གཉིས་ཀྱི་རྣམ་པའི་གཞན་གྱི་དབང་ནི་ཀུན་རྫོབ་ཤེས་པའོ།། དེ་དང་མཚན་ཉིད་མི་མཐུན་པ་ནི་ངེས ་པར་འཇུག་པའི་དབང་པོའི་ཤེས་པ་ཡང་དག་པར་རིག་པ་བཞི་ནོ།། ཅི་གཉིས་སུ་མེད་པར་གྲུབ་པའི་ཡེ་ཤེས་ནི་དོན་དམ་པའི་བདེན་པ་ཡིན་ནམ། ཡང་ན་ཅི་གཉིས་པ་དང་མི་གཉིས་པའི་འདུས་བྱས་ཀྱི་མཚན་ཉིད་དང་། མི་མཐུན་པ་མོ་གཤམ་གྱི་བུ ་དང་། རི་བོང་གི་ར་མེད་པའི་རང་བཞིན་དོན་དམ་པའི་བདེན་པ་ཡིན། མ་སྐྱེས་པ་དང་། མི་འཇིག་པ་ནི་དགོངས་པར་བཤད་པ་དང་བྲལ་ཏེ། སྐུ་ཇི་བཞིན་པ་ནི་དེའི་ཚེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བཛྲ་བར་མི་རུང་ངོ་།། བརྟག་པ་ལྟ་བུ་དང་། གཞན་གྱི་དབང ་བཞིན་དུ་གྲུབ་པ་ཡང་མེད་དོ་ཞེས་གང་སྨྲས་པ་དེ་ནི་དམ་པའི་ཆོས་ལ་སྡུག་བསྔལ་འབྱུང་བའི་ལས་སྒྲུབ་པར་བྱེད་དེ། དགོངས་པར་ངེས་པར་འབྲེལ་པ་ལས་ཐམས་ཅད་མཁྱེན་པའི་དགོངས་པའི་དོན་དེ་ཉིད་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་ཏེ་འབྱུང ་བ་ཐོག་མ་དང་ཐ་མའི་མཐར་སྟོང་ཞིང་དབུསུ་གཉིས་ཀྱི་རང་བཞིན་གྱི་སྟོང་པ་ཉིད་དོ།། སྐད་ཅིག་པ་གཅིག་ནི་ཐོག་མ་དང་། ཐ་མའི་མཐའི་སྐད་ཅིག་པ་དང་འབྲེལ་པ་མེད་དོ།། དེས་ན་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པ་དང་བྲལ་བ་སྔ་མའི ་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱའོ།། དེ་ལྟར་ཡང་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་སྐདད་ཅིག་པ་གཅིག་ལྔ་ཡོད་པ་མ་ཡིན་ཏེ། དེས་ན་སྐྱེ་བ་དང་། འགག་པ་མེད་པ ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ།། དེ་ལྷོར་ཡང་ཆོས་དང་གང་ཟག་ལ་བདག་མེད་པ་ཆོས་ཉིད་དང་མི་འགལ་ལོ།། ཆོསྲ་ལ་བདག་མེད་པ་ནི་གཉིས་ཀྱི་རྣམ་པས་མོ་སྐྱེས་པ་རྨི་ལམ་དང་མིག ་འཕྲུལ་ལ་སྩོགས་པ་བཞིན་ནོ།། གང་ཟག་ལ་བདག་མོད་པ་ཡང་དག་པ་ཡོད་པ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། གློག་དང་། འབབ་ཆུ་ལ་སོགས་པ་བཞིན་ནོ།། རྟག་པ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན ་དུ་དངོས་པོ་མེད་དོ།། གང་ཡང་སྐད་ཅིག་པ་མངོན་སུམ་པའོ་ཞེས་བརྗོད་པ་ཇི་ལྟར་ན་རུང་། ལས་ལྔས་སྐད་ཅིག་པ་དྲུག་དུ་གནས་ཞེས་དེར་རྟོག་པ་ནི་སེ་གོལ་གྱི་སྒྲའི་དུས་ན་སྐད་ཅིག་པ་དྲུག་ཅུ་རྩ་བཞི་འདའ་བ་ལྟ་བུའོ།། ཁ་ཅིག་སྨྲ་བ། རྨི་ལམ ་གྱི་དུས་ཡུན་ཐུང་ངུ་དེར་ཡང་ལོ་བརྒྱ་ལ་སོགས་པར་ཚོར་བ་མྱོང་བ་སྟེ། དེ་དེ་བཞིན་དུ་སྐད་ཅིག་གིས་དུས་ལ་ཆུད་པ་སོར་ངེས་པ་མེད་ཅིང་འཁོར་བར་སྣང་བའི་ཚད་ལ་དུས་གསུམ་གྱི་རྟོག་པ་མེད་དོ།། དེ་བས་ན་འཁོར་བ་མེད་པའི་ཕྱིར ་ཐར་པར་རྣམ་པར་རྟོག་པ་གང་ཡིད་ཆེས་པར་བྱེད་པ་ག་ལ་ཞིག་ཅེས་པ་ནི་རྒྱུད་ཐམས་ཅད་དང་འགལ་བར་སྨྲ་བའོ།། ཚད་མ་དང་ག། ཞལ་བར་བཞག་པ་ན་སྣང་བ་ཇི་བཞིན་པ་དང་རྗེས་སུ་མཐུན་པར་གཉིས་དང་མི་གཉིས་པོར་སླ ་པ་ལ་སོགས་པསཱ་དེ་ཁས་ལེན་ཏོ།། ཇི་ལྟར་སེ་གྲོལ་གྱི་སྒྲ་དང་གློག་ལ་སོགས་པ་རྣམས་ཀྱི་སྤྱད་ཅིག་པ་ཐོག་མ་དང་ཐ་མའི་དུས་དང་བྲལ་བ་ཤིན་ཏུ་མྱུར་བར་འཇིག་པ་མངོན་སུམ་པ་དེ་ཉིད་སྐད་ཅིག་པ་ཁོ་ནའོ།། གང་ཡང་གྲངས ་ཅན་དང་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱི་སྐད་སྡིག་པ་དྲུག་ཏུ་གནས་པར་ཀུན་རྟོག་པ་དེ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་ནི་མ་ཡིན་ནོ།། ཇི་ལྟར་གྲངས་ཅན་རྣམས་ཀྱི་སྐྱེ་བ་དང་ཡོད་པ་དང་འགྱུར་བ་དྲང་རྣམ་པར་འཕེལ་བ་དང་། ཟང ་པར་འགྱུར་བ་དང་། རྣམ་པར་འཇིག་ཅེས་པ་ནི་དངོས་པོའི་འགྱུར་བ་རྣམ་པ་དྲུག་ཅིག་ཅར་མི་འབྱུང་སྟེ། རྟོགས་པར་མི་བྱེད་པའི་ཕྱིར་རོ།། ནེ་ཡི་ཡ་ཡི་ཀ་ལ་སོགས་པའི་སྐད་ཅིག་པ་རྣམས་ཀྱང་སྐད་ཅིག་པའི་དུས་ལ་དེ་ལས་ཕྱི་མའི་སྐད་ཅིག ་ལ་གཞན་གྱི་དངོས་པོ་རྟོག་པར་མི་འགྱུར་བ་ནི་ཇི་ལྟར་ཡོད་པ་དང་འབྲེལ་པ་དང་། གནས་པའི་དུས་དང་། ཡོན་ཏན་གཞོན་འབྱུང་པོའི་དུས་དང་། དམིགས་པའི་དུས་དང་། རྣམ་པར་འཇིག་པའི་རྒྱུ་གཉེན་པའི་དུས་དང་། རྣམ་པ་རོ་འཇིག་པའོ།། ་དེ་དེ་ལྟར་རིམས་ཀྱིས་འབྱུང་བའི་སྐད་ཅིག་པ་རྣམས་དུས་གཅིག་ཏུ་འབྱུང་བ་མེད་དོ།། ཇི་ལྟར་ནི་ཤིན་ཏུ་མྱུར་དུ་འཇིག་པའི་རྣམ་པས་སྐད་ཅིག་པ་དྲུག་གི་བར་དུ་གནས་པར་རུང་། སྐད་ཅིག་པ་རྣམས་ཀྱིས་ཇི་ལྟར་ས་གོལ་གྱི་སྒྲའི་དུས་ལ ་སྐད་ཅིག་པ་དྲུག་ཅུ་རྩ་བཞི་འབྱུང་ཞེས་ཏེ། དེ་བཞིན་དུ་མཐེ་བོང་དང་། སོར་མོའི་ཡན་ལག་རིམས་ཀྱིས་རེག་ནས་ཕྲད་པའི་འོག་ཏུ་སྐྱེས་པའི་སྒྲ་ལ་སྐད་ཅིག་པར་ཐོས་སོ་ཞེས་པ་དེ་བཞིན་དུ་གྲུབ་པའི་མཐའ་ཐམས་ཅད་ལ་སྐད་ཅིག་པར་རབ་ཏུ ་གྲུབ་པའོ།། རྨི་ལམ་གྱི་དུས་ལྟར་རབ་བསླད་པ་ཡིས་འཁྲུགས་པའི་ཆུང་པ་ལ་དུས་ཡུན་ཐུང་ངུ་དང་རིང་པོར་ངེས་པ་མེད་དོ།། གང་ཡང་དོན་དམ་པའི་བདྲེན་པ་གཉི་སུ་མེད་པའི་སྐད་ཅིག་པ་ཡང་དག་པར་རིག་པ་དེ་ལ ་བདག་ཐ་དད་པར་འཛིན་པ་མེད་དོ།། འོན་ཀྱང་སྣང་བ་དང་བཅས་པ་ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་གྱི་ཡེ་ཤེས་ཀྱིས་སྐད་ཅིག་རེ་རེ་མྱོང་བ་ལྟ་བུར་ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པ་ཐ་དད་པ་དང་བྲལ་བའི་སྐད་ཅིག་པ་རྟོག་པས ་ན་འདོད་ཆགས་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དུས་གསུམ་གྱི་དོན་གང་ཡིན་པ་དོན་དེ་དབེན་པར་སྣང་བ་ནི་མིག་གི་ལིང་ཏོག་མེད་པ་ལྟ་བུའི་ཡེ་ཤེས་པ་ལའོ།། འདོད་ཆགས་ལ་སོགས་པས་འཁྲུགས་པ་ལ་ནི ་ཉེ་བར་གྱུར་ཀྱང་ཡེ་ཤེས་མི་འཇུག་གོ།། གང་གི་ཚེ་ན་འདོད་ཆགས་ལ་སོགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་ན་ཉོན་མོངས་པ་ཀུན་དང་བྲལ་བའི་ཡེ་ཤེས་ཀུན་ཏུ་འཇུག་གོ།། གཞན་ཡང་བློ་གྲོས་ཆེན་པོ་མཚན་མ་དང་མཚན་མ་མེད་པར་ལྷུང་བའི ་རྣམ་པར་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་སྣང་བའི་མཚན་ཉིད་ཀྱི་མཚན་མར་ལྟུང་བ་སྟེ། ཕྱི་རོལ་གྱི་དམིགས་པ་མེད་པར་ཡང་ནང་འཁྲུགས་པའི་མཐུ་ལུས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་པའི་རྣམ ་པའོ།། མཚན་མ་མེད་པར་ལྟུང་བ་ནི་གང་གི་ཚེ་ན་གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། རྡུལ་ཕྲན་ཆ་ནི་མེད་པ་སྟེ།། ཞེས་པར་ཤེས་རབ་ཀྱིས་དཔྱད་དེ་མཚན་མ་མི་དམིགས་པ་དེའི་ཚེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ ་ཡང་དག་པར་རིག་པ་ཉིད་གནས་སོ།། ཡོད་པ་དང་མེད་པར་ལྷུང་བ་དང་ཞེས་བྱ་བ་ལ་ཡོད་པ་དང་མེད་པ་ཅེས་བྱ་བ་ནི་བྱིས་པ་རྣམས་ཀྱི་ས་གཉིས་ཀྱི་རྣམ་པའི་ཤེས་པ་ལ་ཐ་དད་པའི་ཐ་སྙད་ཡོད་ཀྱི། དོན་དམ་པའི་བདེན་པ་མི་གཉིས་པའི་ཡེ་ཤེས་ལ་ནི ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སོ་སོ་ཐ་དད་པར་སྣང་བ་ན་མེད་དོ།། གཉིས་ཀྱི་རྣམ་པའི་ཤེས་པ་དེ་ཡོང་གཞོན་གྱི་དབང་ངོ་།། མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་ཞེས་པ་ནི་བསླད་པ་ནི་སྣ་ཚོགས་ཀྱི་མཚན་ཉིད་མཚན་མ་རྒྱུ་གང་ལ་ཡོད་པ་སྟེ ་རྣམ་པ་སྣ་ཚོགས་དེ་ལྟ་བུའི་གཟུགས་གང་ན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གང་སྣ་ཚོགས་པ་དེ་རྒྱུ་སྣ་ཚོགས་ལས་སྐྱེས་པ་སྟེ། དེ་ཚེན་དུ་མས་རི་མོ་བྱིས་པ་བཞིནོ།། འཁོར་བར་ཡང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐ་དད་པར་བྱ་བ་ནི་རྣམ་པར་ཤེས་པ ་སྣ་ཚོགས་པ་ཡིན་ཏེ། དེས་ན་སྐྱེ་བོ་རྣམས་ཀྱིས་ལས་དུ་མའི་རྒྱུ་སྐྱེས་པར་ཤེས་པའོ།། མཚན་མ་དང་མཚན་མ་མེད་པ་ལས?་ཤིན་ཏུ་འདས་པའི་མཚན་ཉིད་ནི་ཡེ་ཤེས་སོ།། ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི ་མཚན་མ་ལས་འདས་པའི་མཚན་ཉིད་ཅན་ནི་ཡེ་ཤེས་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་མཚན་མ་ཐམས་ཅད་ལས་འདས་པས་ན་དེར་ཡོད་པ་དང་། མེད་པ་དང་རྟག་པ་དང་མི་རྟག་པ་དང་། ་བདེ་བ་དང་སྡུག་བསྔལ་བ་དང་། བདག་དང་བདག་མེད་པ་དང་། མཛེས་པ་དང་མི་མཛེས་པ་ལ་སོགས་པར་ཐ་དད་པར་སྣང་བའི་རྣམ་པར་རྟོག་པའི་མཚན་མ་མེད་པའི་ཕྱིར་རོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས ་པ་ལས་དེ་ལྟ་བུ་རྣམ་པ་ཐམས་ཅད་སོ་སོར་སྣང་ངོ་ཞེས་སོ།། སོགས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ།། ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱི་རྣམ་པའོ།། གང་གི་ཚེ་ན་མཚན་མ་ཤེས་རབ་ཀྱིས་དཔྱད་དེ ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ། རྣམ་པར་མྱི་དམིགས་པ་དེའི་ཚེ་ན་བྲི་བའི་མཚན་ཉིད་བསྡམ་པ་མེད་ཅིང་སྣང་བ་མེད་པ་དོན་དམྦྷ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་གནས་སོ།། དེ་ལ་ཡེ་ཤེས་ནི་རྣམ་པ་གསུམ ་སྟེ། ཞེས་པ་གང་ཡང་དག་པར་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་སྟེ། དེ་ལ་རང་གི་མཚན་ཉིད་ནི་ཐུན་མོང་པ་མ་ཡིན་པའོ།། སྤྱིའི་ནི་སྤྱིར་རྗེ་སུ་སོང་ཞིང་རྣམ་པར་རྟོག་པའི་རྣམ་པར་བརྗོད་པར་བྱ་བའོ།། རང་དང་སྤྱིའི་མཚན་ཉིད ་རྟོག་པར་བྱེད་པ་དེ་ནི་ཐ་དད་ཀྱིས་ཤེས་པ་སྟེ། སྒྲ་དང་དོན་གྱི་རང་བཞིན་པ་གཞན་གསལ་བར་རྒྱ་ཆེར་ཤེས་པར་བྱའོ།། སྐྱེ་བ་དང་འཇིག་པ་རྟོགས་པར་བྱེད་པ་ནི་སྐད་ཅིག་གི་རྣམ་པར་ཤེས་པ་སྟེ། སེ་གོལ་གྱི་སྒྲའི་རྣམ་པར་ཤེས་བྱ ་བཞིན་ཏེ། ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པ་དང་བྲལ་བ་སྐད་ཅིག་པར་རྟོགས་པར་བྱེད་པའོ།། སྐྱེ་བ་མེད་པ་དང་འགོག་པ་མེད་པར་རྟོགས་པར་བྱེད་པོ་ནི་ཁྱད་པར་ཅན་རྣམས་དང་ལུང་སྟོན་པ་ལ་སོགས་པས་སྐད་ཅིག་པ་ལ་ཐོགས ་མ་དང་བར་མ་དང་ཐ་མའི་དུས་སུ་སྐྱེ་བ་དང་། གནས་པ་དང་འགོག་པ་ལ་སོགས་པའི་ཆོས་རྣམས་ཀུན་ཏུ་བརྟགས་པ་ནི་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པ་ལྷག་པར་དམིགསུ་མེད་དེ། འདུས་བྱས་ཐམས་ཅད་སྐད་ཅིག་པ།། མི ་བརྟན་བྱེད་པ་ག་ལེ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད་ཅེས་པ་སྟེ། དེ་དེ་ལྟར་གང་ཟག་ལ་བདག་མེད་པ་ལ་སྐྱེ་བ་དང་འགོག་པ་མེད་པར་རྟོག་པ་སྐད་ཅིག་མར་འཇིག་པའོ།། ཆོས་ལ་བདག་མེད་པ་ལ་ཡང ་གཉིས་ཀྱི་རྣམ་པ་སྐྱེ་བ་དང་འགོག་པ་མེད་དེ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ།། དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་གང་ཞེ་ན། ཡོད་དང་མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་མུ་སྟེགས་བྱེད་དང་བྱིས་པ་སོ་སོའི་སྐྱེ ་བོ་ཐམས་ཅད་ཀྱིའོ་ཞེས་པ་ནི་རྟག་པའི་བདག་ནི་ཡོད་ལྔ་གཟུགས་ནི་མེད་པ་སྟེ། བདག་གིས་སྐད་ཅིག་པ་ཡང་མྱོང་བ་ན་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཡོད་ཅེས་པ་དེ་ཡང་དག་པར་ཚོར་བར་དབྱེ་བ་ན་བདག་དང་ཚངས་པོ ་དང་དབང་པོ་ལ་སོགས་པ་མི་རྟག་པ་ཉིད་དོ།། རྨི་ལམ་དུ་ནི་གཟུགས་མེད་ལ་གཉིད་ཀྱི་མ་ལྡོག་པ་ན་ཡོད་ཅེས་པར་ཕྱོགསུ་མངོན་པར་ཆགས་པའོ།། དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ ་པ་ལ་མངོན་པར་ཆགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའོ།། ཞེས་པ་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པ་རྣམས་ཀྱི་ནི་རང་དང་སྤྱིའི་མཚན་ཉིད་དུ་མངོན་པར་ཚུགས་པའོ།། དེ་ལ་རང་གི་མཚན་ཉིད་ནི་སེ་ལ་སོགས ་པ་འབྱུང་བ་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་གཡོ་བའོ།། དེ་དག་གི་སྤྱིའི་མཚན་ཉིད་ནི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་མཛེས་པ་ལ་སོགས་པའོ།། ཕྱིའི་གཟུགས་མེད་པས་ན་སྲ་བ་ལ་སོགས་པའི་རང ་གི་མཚན་ཉིད་དང་། མཛེས་པ་དང་མི་མཛེས་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཀྱང་མེད་དེ། འདོད་ཆགས་དང་བྲལ་བས་འཁོར་བའི་སྡུག་བསྔལ་འབའ་ཞིག་དེ་དག་ལ་མེདདོ།། དེ་ལ་འཇིག་རྟེན་ལྔ ་འདས་པ་མཆོག་གི་ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་བྱ ་དམིགསུ་མེད་ཅིང་སྟོང་ནས་དེའི་ཚེ་བསམ་པོ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་གནས་སོ།། སྐྱེ་བ་མེད་པ་དང་འགོག་པ་མེད་པར་མཐོང་བ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ཞེས ་པ་ནི་སྐྱེ་བ་དང་འགོག་པ་ལ་སོགས་པའི་ཆོས་རྣམས་གཞན་གྱི་དབང་གི་སྐད་ཅིག་པ་ཡང་མི་སྣང་ན་གཉིས་མེད་པ་ལྟ་ཅི་སྨོས། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ནི་བརྗོད་དུ་མེད་པའི་མི་གཉིས་པ་སྟེ། དེ་བཞིན་གཤེགས་པའི་སྤྱི། ་སྤྱོད་ཡུལ་ཅན་ནི་ཆོས་ལ་བདག་མེད་པ་ཐུགས་སུ་ཆུད་པ་ལས་འབྱུང་ངོ་།། ཐམས་ཅད་མཁྱེན་པའི་མི་གཉིས་པ་སྔོན་གྱི་དེ་མ་ཐག་པའི་སྐད་ཅིག་པ་ནི་དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་འཛིན་ལ་སྣང་ངོ་།། གཉིད་ཀྱིས་མ ་ལོག་པའི་ཐ་སྙད་ལྟ་བུར་རྨི་ལམ་དང་འཁྲུལ་པ་ལ་སོགས་པར་སླུ་བ་མེད་པ་དེས་ཀྱང་རྒྱུད་གཞན་དུ་བརྟགས་པའི་རྒྱུ་ལས་སྐྱེས་པར་རིགསོ།། གཞན་དུ་ནི་དགོངས་པ་མེད་པར་རིག་སྔགས་འཛིན་པ་ལྟ་བུར་དེ་སྐད་སུ་ཞིག་གིས་སྟོན་པར ་འགྱུར། གསོལ་བ་དང་ལན་དུ་དགོངས་པ་རྒྱད་གཞན་མ་རྟོགས་པར་ནི་སྤྲུལ་པ་བསམ་པ་མེད་ཅིང་སེམས་ཅན་མ་ཡིན་པས་དྲིས་པའི་ལན་ཇི་ལྟར་ན་གློན།། གསོལ་བའི་ལན་ནོར་པ་མེད་པ་དེ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་བརྟགས་པ་བཟུང ་ནས་ལན་བཀའ་སྩལ་ཏེ། དེས་ན་བཞེངསུ་པ་རྗེ་སུ་དཔག་གོ།། དགོངས་པ་ངེས་པར་འགྲེལ་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཞེངས་པ་གསལ་བར་གསུངས་པའོ།། འོན་ཏེ་ཡང་རྒྱུད་གཞན་གྱི་དགོངས་པ་མེད་པར ་གསོལ་བའི་ལན་མ་ནོར་བར་འགྱུར་བ་ན་ནི་དེའི་ཚེ་རྒྱུད་གཞན་མེད་པར་གསོལ་བའི་ལན་མ་ནོར་བར་གྱུར་ཏེ། དེས་ཀྱང་རྒྱུད་གཞན་དུ་གྲུབ་པ་མི་འགྲུབ་པའི་སྐྱོན་དུ་འགྱུར་བས་ན་དེར་སྤྲུལ་པ་ལ་འགག་པ་མེད་དོ།། གཞན་ཡང་བློ་གྲོས་ཆེན་པོ་ཆགས་པ ་མེད་པའི་མཚན་ཉིད་ནི་ཡེ་ཤེས་སོ་ཞེས་པ་ནི་གང་ཡུལ་རྣམས་ཆགས་པ་མེད་པ་དེ་ནི་ཆགས་པ་མེད་པའི་མཚན་ཉིད་ཀྱི་མི་གཉིས་པའི་ཡེ་ཤེསོ།། ཡང་ན་དག་པ་འཇིག་རྟེན་པའི་ཏིང་འཛིན་ལ་བཞུགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས ་པར་བྱ་བའི་དཀྱིལ་འཁོར་མཐའ་དག་ལ་ཐོགས་པ་མེད་པའོ།། འདོད་ཆགས་ལ་སོགས་པའི་སྒྲིབ་པས་བསྒྲིབས་པ་ནི།། སྤྱོད་ཡུལ་ལ་སོ་སོར་ཆད་པ་མེད་ཀྱང་ཉེ་བར་གྱུར་པ་ལ་ཡང་ཡོངས་སུ་གསལ་བར་མི་འཇུག་གོ།། ཡུལ་དང་དུས་ལ ་སོགས་པའི་བྱེ་བྲག་གིས་ལ་ལ་དཔག་ཚད་གཅིག་དང་། ལ་ལ་དཔག་ཚད་གཉིས་ལ་སོགས་པར་ཁ་ཅིག་ལ་ཅུང་ཟད་ཅིག་དེ་ལྟར་མངོན་སུམ་དུ་འགྱུར་རོ།། དབང་པོ་ལས་འདས་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དེ། སྔགས་དང་མིག་རྩི་གྲུབ་པ ་རྣམས་ཀྱིས་རེ་ལྡེ་དང་། རྩིག་པ་ལ་སོགས་པས་པར་བཅད་ཀྱང་མཐོང་ངོ་།། པྲ་སེ་ན་བྱས་པས་དུས་གསུམ་གྱི་ཚིག་གི་དོན་ཐམས་ཅད་སྨྱུང་ངོ་།། དེས་ན་བྲག་ཆགས་དང་བཅས་པའི་འདོད་ཆགས་ལྔ་སོགས ་པ་ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མིག་གི་ལིང་ཏོག་དང་བྲལ་བ་བཞིན་ཤེས་པར་བྱ་བ་དཀྱིལ་འཁོར་ཐམས་ཅད་དུ་ཆགས་པ་མེད་པར་འཇུག་གོ།། ཡུལ་སྣ་ཚོགས་ལ་ཆགས་པའི་མཚན་ཉིད་ནི་རྣམ ་པར་ཤེས་པའོ་ཞེས་པ་ནི་གཞན་གྱི་དབང་དུ་དགོངས་པའོ།། དེ་ཡང་རྣམ་པ་གཉིས་ཏེ་རྣལ་འབྱོར་པ་རྣམས་ཀྱི་ནི་ཐུགས་རྗེའི་བག་ཆགས་སད་ནས་རྫོགས་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་སྣ་ཚོགས་པ་སྣང་ངོ་།། འཁོར་བ ་པ་རྣམས་ཀྱི་ནི་མ་རིགས་པ་དང་ལས་རྣམ་པ་སྣ་ཚོགས་སྨིན་པའི་མཐུ་ལས་ལྷ་དང་མི་ལ་སོགས་པར་སྣང་ངོ་།། གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་བྱ་བ་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ།། ཞེས་པ་ནི་མ་རིགས ་པ་དང་། སྲེད་པ་དང་ལེན་པ་གསུམ་འདུས་ཏེ་བྱ་བ་སྐྱེ་བ་ནི་འཁོར་བའི་མཚན་ཉིད་ཀྱི་རྣམ་པར་ཤེས་པའོ།། མི་ལྡན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཡེ་ཤེ་སོ།། ཞེས་པ་ནི་གྲོལ་བ་གཉིས་སུ་མེད་པར་དགོངས་པར་བརྟགོ།། ཐོབ་པ་མེད་པའི ་མཚན་ཉིད་ནི་ཡེ་ཤེས་ཏེ་ཞེས་པ་ནི། གང་གིས་རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་རང་བཞིན་ལ་ལྷག་པར་ཅུང་ཟད་ཀྱང་ཐོབ་པར་བྱེད་པ་མེད་དེ། གང་ཤེས་པར་བྱ་བ་འབའ་ཞིག་གོ་ཞེས་དེ་ལྟར་དགོངས་པའོ།། བདག་གི་སོ་སོ ་རང་གི་འཕགས་པའི་ཡེ་ཤེས་ཀྱི་ས་རྟོགས་པའི་སྤྱོད་ཡུལ་ཞེས་པ་ནི་འཕགས་པ་རྣམས་ཀྱི་རང་གིས་ཡང་དག་པར་རིག་པ་ཙམ་སྟེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་དངོས་པོ་དང་དངོས ་པོ་མེད་པར་རྣམ་པར་མི་རྟོག་པའོ།། མི་འཇུག་མི་འབྱུང་བའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ནོ་ཞེས་པ་ནི་བྱེད་པ་དང་བྱེད་པ་པོ་འབྲེལ་པ་མེད་དེ། དངོས་པོ་ཐམས་ཅད་བྱེད་པ་མེད་པ་སྟེ། དེ་བས་ན་འཕགས་པ་རྣམས་ཀྱི་ས་ཡེ་ཤེས་འབྱུང་བ་ནི། གང ་ནས་ཀྱང་མི་འོང་ལ་འགག་པ་ན་ཡང་ཚོགསུ་མི་འགྱུར་ཏེ། དེས་ན་མོ་འཇུག་མི་འབྱུང་སྟེ། བྱེད་པ་མེད་པའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ཏེ། ཐོག་མ་དང་མཐའ་མོའི་མཐའ་སྟོང་ཞིང་བར་དུ་རང་བཞིན་གཉིས་ཀྱིས་སྟོང་པ་མི་གཉིས་པའི་ཡ ་ཤེས་ཏེ། གཟུགས་བརྙནྡ་དང་འདྲ་བ་སྟོན་གྱི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ།། སྒྲའི་དོན་ལ་དོན་རྣམ་པ་དུ་མ་ཡོད་པས་ན་ཁྱད་པར་དུ་དགོངས་པའི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་ཚད་མ ་ཁོང་དུ་ཆུད་པ་དང་བཟུང་པོའི་ཕྱིར་ཐམས་ཅད་མཁྱེན་པས་བསྡུ་བའི་ཚིགསསུ་བཅད་པ་རྣམས་ཀྱིས་ཆུད་པར་མཛད་པ། སེམས་ཀྱིས་སུ་ནི་ལས་རྣམས་སོགས།། ཡེ་ཤེས་ཀྱིས་ནི་སོགས་དང་བྲལ།། ཤེས་རབ་ཀྱིས་ཀྱང་སྣང་མེད་པ།། ཤེས་པ་ནི ་སེམས་ཀྱིས་བསམས་ཏེ། ལོས་གང་དགེ་བ་དང་། མི་དགེ་བ་བྱེད་པ་དེའི་འབྲས་བུ་ཡོད་དོ།། དུས་ཕྱིས་ནས་འབྱུང་བའི་ཡེ་ཤེས་ཀྱིས་རྣམ་པ་ཐ་དད་པའི་རྣམ་པ་སྣ་ཚོགས་པ་དང་བྲལ་བས་དེའི་འབྲས་བུ་ཡོངསུ་མི་རྫོག་སོ།། བདག་དང་གཞན ་གྱི་རྒྱུད་ཀྱི་དབང་ལས་བློང་ཞིང་མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་རྣམ་པར་ཤེས་པ ་ལ་སོ་སོར་སྣང་བ་གང་གི་ཚེ་ན་ཤེས་རབ་ཀྱིས་སྤྱད་དེ། ཤེས་པར་བྱ་བ་གཞིགས་པ་ནི་མི་དམིགས་པ་དེའི་ཚེ་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཉིད་གནསོ།། དེས་ན་ཐུགས་རྗེའི་བག་ཆགས་ཀྱིས་གླེངས་ཏེ། སྣ་ཚོགས ་ཀྱི་རྣམ་པའི་ཡེ་ཤེས་རྣལ་འབྱོར་པ་རྣམས་ཀྱིས་འཐོབ་པ་ནི་གཞན་གྱི་དོན་དུ་རྫོགས་ལོངས་སྤྱོད་པ་དང་སྤྲུལ་པ་ལ་སོགས་པའི་སྐུའི་མཚན་ཉིད་སྣང་བའོ།། དག་པ་འཇིག་རྟེན་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། ཐམས་ཅད་མཁྱེན་པ ་སྣང་བ་དང་བཅས་པ་ནི་ཕན་པོ་ཐམས་ཅད་མཛད་པར་སྤྱོད་པར་རྟག་གོ།། སེམས་ནི་ཡུལ་དང་འབྲེལ་པ་སྟེ།། རྟོག་པ་ལ་ནི་ཡེ་ཤེས་འཇུག། སྣང་བ་མེད་པའི་བྱེ་བྲག་ལ།། ཤེས་རབ་ཡང་དག་རབ་ཏུ་འཇུག། ཅེས་པ་ལ། སེམས་ནི་ལུས་དང་ལོ ་སྤྱོད་དང་།། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ།། ཞེས་འདི་ཉིད་དུ་གསུངས་པ་སྟེ། དེས་ན་དེ་ཡུལ་དང་འབྲེལ་ཏོ།། རྟོག་པ་ལ་ནི་ཤེས་པ་འཇུག་ཅེས་པ་ནི་འཇུག་པའི་རྣམ་པར་ཤེས་པའི་ནང་ནས་ཡིད་ཀྱི་རྣམ་པར་ཤེས་པའོ།། ་གོང་གི་ཚེ་ན་ཡང་དཔྱད་ཅིང་ཡུལ་མི་དམིགས་པ་དེའི་ཚེ་སྣང་བ་མེད་ཅིང་། བསམ་པ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་བྱེ་བྲག་ལ་ཤེས་རབ་རབ་ཏུ་འཇུག་གོ།། ཡུལ་མེད་པས་ན་བསམ་པ་མེད་པའི་ཕྱིར་གནས་ཀྱི་རྣམ་པ་དང་བྲལ ་བབའི་ཡང་དག་པར་རིག་པ་ལ་གནས་སོ།། སེམས་དང་ཡིད་དང་རྣམ་ཤེས་དང་ཞེས་པ་ནི། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ།། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི་རྣམ་པར་ཤེས་ཞེས་བྱ་ཞེས་པ་སྟེ། གཞན་གྱི ་དབང་ཡུལ་དང་། ཡུལ་ཅན་གྱི་དངོས་པོ་གསལ་བའི་རྣམ་པར་ཤེས་པའོ།། རྟོག་པ་ནི་རྟོག་པ་དང་། བདག་དྲང་ཕྱི་རོལ་གྱི་རྫས་ལ་སོགས་པའི་ཡུལ་གྱི་འདུ་ཤེས་ཙམ་པ་སྟེ། བརྟགས་པ་ལ་ནི་ཡུལ་མེད་དེ། གཞན་གྱི་དབང་ལའོ།། ཉན ་ལས་ནི་ཁྱད་པར་དུ་ནི་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཉིད་ཐོབ་པ་སྟེ། གྲུབ་པ་མི་གཉིས་པའི་ཆོས་ཉིད་ཐོབ་པའི་བར་དུའོ།། ཞི་དང་བཟོད་པའི་ཁྱད་པར་ལ།། དེ་བཞིན་གཤེགས་ཀྱི་ཡེ་ཤེས་དགེ། བྱེ་བྲག་དོན་དུ་དེ་སྐྱེ ་སྟེ།། ཀུན་ཏུ་རྒྱུ་བ་རྣམ་པར་སྤངས་ཞེས་པ་ལ། ཞི་བ་དང་བཟོད་པའི་ཁྱད་པར་ནི་ས་གོང་ནས་གོང་དུ་རྟོགས་པའི་ཁྱད་པར་རོ།། དེ་བཞིན་གཤེགས་ཀྱི་ཞེས་པ་ནི་ཡེ་ཤེས་ཏེ། ས་བཅུའི་དབང་པོ་རྣམས་ཀྱི་ཉོན་མོངས་པ་མེད་པའི་མི་ཤེས་པ་སྤང ་བར་བྱ་བ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་སྤངས་པའི་ཕྱིརརོ།། དེ་ཡང་མཉམ་པར་མི་འཇོག་པའི་མཚན་ཉིད་ཅན་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ལ་ཀུན་ཏུ་རྒྱུའོ།། ་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་ཐམས་ཅད་མཁྱེན་པ་ཉིད་ནི་ཁྱད་པར་ཏེ། དེར་ཡང་སྐྱོན་དུ་ཀུན་ཏུ་རྒྱུ་བ་མེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་པ་དང་ལྡན་པའི་ཕྱིར་རོ།། ངའི་ཤེས་རབ་རྣམ་གསུམ་སྟེ། ཞེས་བྱ་བ་ལ ་སོགས་པ་ནི་ཐོས་པ་དང་སེམས་པ་དང་སྒོམ་པའི་ཕྱིར་ཏེ། ཆོས་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་འགྲེལ་པ་སྟེ། འཐོབ་པའོ།། ཐེག་པ་གཉིས་དང་མི་ལྡན་ཞིང་ཞེས་པ་ནི་ཉན་ཐོ། ས་དང་། རང་སངས་རྒྱས་ཀྱི ་ཐེག་པ་དང་མི་ལྡན་པ་རྣམསོ།། ཤེས་རབ་སྣང་བ་རྣམ་པར་སྤུངས་ཞེས་པ་ནི་བཙུན་གཙོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་གི་ཆ་ཤེས་རབ་ཀྱིས་དཔྱད་ཅིང་ཕྱི་རོལ་གྱི་རྡུལ་ཕྲ་མོ་དང་། ཡན་ལག ་ཅན་གྱི་རྫས་ཚོགས་ཀྱི་ཆ་ཐ་དད་པར་ཕྱེ་སྟེ། མི་དམིག། ས་པ་དེའི་ཚེ་སྣང་བ་དང་བཅས་པ་སྤངས་པར་འགྱུར་རོ།། དངོས་པོ་ཡོད་པར་ཆགས་པས་ནི་ཞེས་པ་ནི་ཕྱི་རོལ་གྱི་དོན་མངོན་པར་ཆགས་པས་ཉན་ཐོས་རྣམས་ཀྱི་འབྱུང་བར ་འགྱུར་རོ།། སེམས་ཙམ་ལ་ནི་འཇུག་པས་ན།། བདེ་གཤེ་གས་ཤེས་རབ་དྲི་མ་མེད་ཅེས་པ་ནི་གང་གི་ཚེ་ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་དང་རྡུལ་ཕྲ་མོ་ལས་ཀུན་བརྟགས་པ་དཔྱད་ཅིང་ཕྱོགས་ཀྱི་ཆར་འབྱེད་པས་ཕྱེ་བ་ན་མི་དམིགས ་པ་དེའི་ཚེ་རྨི་ལམ་དང་། མིག་འཕྲུལ་དང་། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་གཟུགས་ལྟ་བུར་འགྲོ་བ་སེམས་ཙམ་དུ་རྟོགས་པར་འགྱུར་རོ།། དེ་ཡང་ཤེས་རབ་ཀྱི་ས་མྱི་དམིགས་ཤིང་ཐོས་པ་དང་། སེམས་པ་ནི་བསྒོམས ་རབ་ཏུ་དགའ་བ་ལ་སོགས་པའི་ས་ནས་བརྩམས་ནས་དེ་བཞིན་གཤེགས་པའི་ས་དྲི་མ་མེད་པའི་བར་དུས་ཆོས་དང་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་པས་ཏིང་ངེ་འཛིན་ཐོབ་སྟེ། མཆོག་གི་ཡང་མཆོག་ཏུ་བྱེད་པར་ཕྱེ་བས་ཁྱད ་པར་ཐོབ་བོ།། འཕགས་པ་ཡངྠ་རཱ་གཤེགས་པའི་ལེའུ་གསུམ་གྱི་བཤད་པ་ལས་ཡེ་ཤེས་ཀྱི་ཁྱད་པར་དཔྱད་པ་བདུན་པའོ།། གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་འགྱུར་བར་བྱ་བ་རྣམས་ཀྱི་འགྱུར་བར། ་ལྔ་བ་རྣམ་པ་དགྲ་ཡོད་དེ། འདི་ལྟ་སྟེ། དབྱིབས་འགྱུར་བཞིས་བྱ་བ་ལ་སོགས་པ་སྟེ། གྲངས་ཅནོ་རྣམས་ནཱི་གནས་ལས་གཞན་དུ་འགྱུར་བའོ།། སྤྱོད་པཱ་ནཱནཱ་ནཱམྦྷ་ས་ནཱི་ཊ་ད་པ་དང་། ཐ་དད་པ་མེད་པར་འགྱུར་བའོ།། དྷཱུ་པ་ན་ཀཱནཱས ་ཀྱིས་ནི་བདུན་དུ་འབྱེད་པར་འགྱུར་བ་སྟེ། དཽ་དེ་ལྟར་ན་གྲངས་ཀྱིས་འབྱུང་བ་རྣམ་པ་དགུའོ།། དཔེ་གསེར་ནི་འགྱུར་བར་སྨྲ་བ་ཐམས་ཅད་ལ་མཚུངས་སོ།། གསེར་ནི་རྟག་པ་ཞེས་ཏེ། གདུ་བུ་དང་། དཔུང་རྒྱན་དང་། སྨེན་ཏོག་དང་། གཡུང ་དྲུང་དང་། མགུལ་འཁོར་ལ་སོགས་པའི་དབྱིབས་ཀྱི་རྒྱུན་དུ་ཐ་དད་པར་དབྱེ་བ་ན་ཡང་དེ་ཉིད་རྒྱུན་དུ་འབྱུང་ཞེས་ཏེ། ཐམས་ཅད་མཁྱེན་པས་ཀྱང་དེ་བཞིན་དུ་སྔ་མའི་ཕྱོགསུ་གསུངསྨྲ་པ་ལ་སྐད་ཅིག་ཏུ་འཇིག་པ་ནི་ཕྱི་མའི་ཕྱོགས་ཏེ ་གང་ཡོད་པ་དེ་ཐམས་ཅད་སེ་གོལཱ་གྱི་སྒྲ་དང་། འབབ་ཆུ་ལ་སོགས་པ་བཞིན་དུ་སྐད་ཅིག་པའོ།། རྟག་པ་ནི་མུ་སྐྱེས་པས་ན་མོ་གཤམ་གྱི་བུལ་ཙ་པ་བཞིན་དུ་མེད་དོ།། འོན་ཏེ་གདུ་བུའི་རང་བཞིན་གྱི་གསེར་དངོས་པོ་གཅིག་པའི་ཕྱིར ་རྟག་པ་པོ་ཞེན་ནི་སྤེན་ཏོག་ལ་སོགས་པའི་དངོས་པོར་མི་རུང་ངོ་།། སྔ་མའི་རང་བཞིན་ཞིག་ལ་དེ་བཞིན་དུ་ཕྱི་མའི་དངོས་པོར་འབྱུང་གསེར་ཞེས་བྱ་བ་ཇི་ལྟར་ནི་རྟག་པ་ཡིན། གང་ཡང་སེར་པོའི་རྣམ་པར་རྒྱུན་ཏུ་འབྱུང་བ་ནི་དེར་འདྲ ་བའི་སྐད་ཅིག་པ་གཞན་འབྱུང་བ་སྟེ། འབབ་ཆུ་ལྟ་བུ་སྐྲ་དང་ས་ལྔ་སོགས་པ་བཅད་ནས་ཡང་སྐྱེས་པ་ལྟ་བུར་སོ་སོར་ཤེས་པ་ཡང་འཇུག་པ་ཡིན་གྱི་རྟག་པས་ནི་མ་ཡིན་ནོ།། དབྱིབས་འགྱུར་བ་ནི་ཐམས་ཅད ་མཁྱེན་པ་བདག་ཉིད་ཀྱིས་གདུ་བུ་དང་སྤེན་ཏོག་ལ་སོགས་པའི་དཔེས་བཤད་དོ།། ལྷག་པ་ནི་འོ་མ་དང་ཆང་ལ་སོགས་པའི་དཔེས་དེ་ཉིད་ཀྱི་ནང་དུ་གཏོགས་པར་མཛད་པའོ།། དེ་ལ་ད་ལྟར་གྱི་དུས་ཀྱི་མུ་སྟེགོས་པ་རྣམས་འདི་ཇི་ལྟ་བུར་འཇུག ་པ་དེ་ལྟར་བཤད་པར་བྱའོ།། གང་དག་གི་བློ་ཡང་ནུབ་པར་གྱུར་པ་དེ་དག་གི་ཡང་བརྟག་ཅིང་བཤད་པར་བྱ་སྟེ། སྒྲའི་དོན་ནི་དོན་དུ་མ་ཡིན་པ་ནི། ཐམས་ཅད་མཁྱེན་པ་ཉིད་དེར་མཁྱེན་ཏོ།། ཁ་ཅིག་ནི་རྒྱུ་ལ་རྟོག་ཅེས་པ་ནི་ཚངས་པ་དང་དབང་པོ ་ལ་སོགས་པ་རྣམས་ལས་ས་དང་ཆུ་ལ་སོགས་པའི་གཟུགས་འགྱུར་བ་ནི་གཞན་པ་དང་གཞན་པ་མ་ཡིན་པར་རྣམ་པར་སྤངས་པའོ།། མཚན་ཉིད་ནི་མཚན་མ་སྟེ། དེ་བཞིན་དུ་འགྱུར་བས་ན་འགྱུརརོ།། རྒྱུ་ནི་བྱེད་པ་སྟེ་འབྲས་བུ་འབྱུང་བའི ་ཚེ་དེ་གཞན་འགྱུར་བའོ།། སྦྱོར་བས་ན་སྦྱོར་བ་སྟེ། མང་པོ་འདུས་པ་ནི་སྦྱོར་བྱའོ།། དེ་ལྟ་བུར་གྱུར་པས་དྲི་དང་སྦྱོར་བ་བཞིན་དུ་འགྱུར་བའོ།། ལྟ་བ་ནི་མཐོང་བ་སྟེ། རྒྱུའི་ཚོགས་པ་དེ་བཞིན་དུ་ཆུད་པ་འབྱུང་བར་འགྱུར་བ་སྟེ། གྲངས་ཅན ་དང་། རིག་སྔགས་འཛིན་པོའི་མཐར་སྨྲ་བ་ལ་སོགས་པ་བཞིན་ནོ།། ཡུལ་སྣ་ཚོགས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ལྟ་བར་བྱེད་པའི་ཆུད་པ་ལ་སྐྱེས་བུས་མཐོང་བ་ཙམ་ནི་ལྟ་བ་འགྱུར་བའོ།། སྐྱེ་བ་འགྱུར་བ་ནི་སྣང་བ་དང ་མི་སྣང་བར་འབྱེད་པས་ཡོད་པ་སྐྱོ་བར་འགྱུ་རོ་ཞེས་གྲངས་ཅན་རྣམ་སོ།། ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་སྣང་བ་དང་། མི་སྣང་བར་འགྱུར་ཞེས་པ་ནི་ཀྵ་པ་ན་ཀ་རྣམ་སོ།། ཐ་དད་པ་དང་། ཐ་དད་པ་མ་ཡིན། ་པཱུར་སྟི་བར་འགྱུར་ཞེས་པ་ནི། སྤྱོད་པ་ཅན་རྣམས་སོ།། དེ་ལ་གྲངས་ཅན་རྣམས་ཀྱི་ནི་མེད་པནྟི་མི་སྐྱེ་མེད་པ་ནི་འགག་པར་མི་འགྱུར་ཏེ། གནས་པའི་ཆོས་ཆོས་གཞིན་དུ་རྟོག་པ་སྟེ། ཆོས་གཞན་དུ་འབྱུང་ཞེས་པ་ནི་འགྱུར་བྱའོ།། ཀྵ་པཱ་ན་ཀེ་རྣམ ་ཀྱི་ནི་སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ན་ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པར་དང་མེད་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བ ་མི་བྱའོ།། ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ཡང་སྤྱི་བདག་ཉིད་དུ་སྨྲ་བར་མི་བྱའོ།། སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་། མེད་པར་འགྱུར་བ་ཡང་ཡུལ་དང་། དུས་དང་རིམ་པ་དང་རྣམ་པ་ལ་བལྟོས་ཏེ་ཅིག་ཆར་སྨྲ་བར ་མི་བྱའོ།། སྤྱོད་པ་ཅན་རྣམས་ཀྱི་ནི། ཇི་ལྟར་ཁ་དོག་འདྲེས་པ་ལ།། འདོད་པ་བཞིན་དུ་ཁ་དོག་འཛིན།། དེ་བཞིན་དངོས་པོ་སྣ་ཚོགས་ཕྱིར།། ཐ་དད་ཐ་དད་མིན་དམིགས་པའོ།། ཞེས་པ་ནི་སྣ་ཚོགས་པ་ཅིག་པར་མྱི་རང་སྟེ། དེ་བཞིན་དུ་ཡང་བདག ་གི་གཟུགས་དང་གཞན་གྱི་གཟུགས་སུ་དབེན་པ་མེད་པའི་ཕྱིར་གཅིག་པ་དང་དུ་མར་ཡིད་ཆེས་པར་མི་སྲིད་དོ་ཞེས་རྩོད་པ་འདི་ནི་ལན་དུ་མར་སུན་ཕྱུང་བའོ།། དངོས་པོ་འགྱུར་བ་ཞེས་པ་ལ་དངོས་པོ་ན་ཡོད་པ་སྟེ། དེའི་འགྱུར་བ་ལུང་སྟོན ་པ་རྣམས་ཀྱིས་རྟོག་པ་ནི་དེའི་དངོས་པོ་ཁོ་ན་དང་ཉིད་ཅེས་ཏེ། དེ་ཡངས་མ་འཚིག་དོན་དང་། ཁམས་ཀྱི་དོན་དུ་སྨྲ་བ་སྟེ། ཇི་ལྟར་ཧཱ་རི་འཐོར་བ་ལས་བྱུང་བ་ད་ཡོད་དེ་ནི་ཆེ་བ་དང་།། བདག་ཉིད་ཁོ་ན་ཉིད ་སོགས་སྨྲས་ཞེས་པའོ།། རྐྱེན་སྣང་བར་བྱེད་པར་འགྱུར་བ་ནི་ཇི་ལྟར་ཤིང་གཙུགས་པ་ལས་མེ་དང་། ཏིལ་རྣམས་ལས་མར་དང་། ཁྲོན་པ་ལས་ཆུའི་བྱ་བ་སྣང་བར་བྱེད་པའི་འགྱུར་བ་ནི་ཇི་ལྟར་སྦྲུལ་གྱིས་ཟོས་པ་དང་། འདུས་པས་ཉམས ་པཱ་ལ་སྔགས་དང་། སྨན་ལ་སོགས་པས་སྲོག་ཆགས་སྣང་བར་བྱེད་ཅིང་། དབུགས་འབྱིན་པ་ལ་སོགས་པར་བྱེད་པར་འགྱུར་བའོ།། དེ་དག་དེ་ལྟར་ཐོག་མ་དང་། ཐ་མའི་རིམ་པར་ཐ་དད་པར་ཕྱེ་བའི་སྐད་ཅིག་པ་རྣམ་རྒྱུ་རྣམ་པ་སྣ་ཚོགས ་ཀྱིས་འབྱུང་བས་ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་རྣམ་པ་ཐ་དད་པ་རྣམས་ལ་བསླད་པ་རྣམས་ཀྱིས་གཅིག་པར་ཀུན་རྟོག་གོ།། མུ་སྟེགས་བྱེད་དག་གིས་ཞེས་པ་ནི་རྣམ་པ་སྣ་ཚོགསུ་སྤྲུལ་པའི་སྒྲའི་དོན་དུ་མར་སྦྱོར་བ་ལ ་སོགས་པ་སྟེ། ཇི་ལྟར་གཉེན་དེས་རྣམ་པར་དག་པའི་ཚིག་འདྲི་སྟེ། གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚིག་ཅེས་བྱ་བ་ལ་སོགས་པའོ།། ཆོས་ཐམས་ཅད་སྟོང་པའོ་ཞེས་པ་ལ། ཁ་ཅིག་གིས་ནི་མི་རྟག་པར་ཁོང་དུ་ཆུད་པོར་བྱེད་པའོ།། ་གཞན་གྱིས་ནི་གཉིས་ཀྱི་རྣམ་པ་དང་བྲལ་བར་རོ།། དེ་བས་ན་འདི་སྐད་དུ་གསུངས་པ། འཇིག་རྟེན་ཕན་པར་དབྱངསོ་གཅིག་ཁྱོད་ཀྱི་ལས།། མོས་པ་སྣ་ཚོགས་ལས་ནི་དབྱངས་འབྱུང་སྟེ་ཞེས་པའོ།། ཐམས་ཅད་མཁྱེན་པས་བསྡུ་བའི། ་ཚིགས་སུ་བཅད་པས་དོན་དམ་པའི་དེ་ཁོ་ན་ཉིད་སྟོན་པར་མཛད་པ། འབྱུང་དང་དངོས་དང་དབང་པོ་ལ།། དུས་དང་དབྱིབས་དང་འགྱུར་བ་དང་།། སྲིད་པ་བར་མ་བསྡུ་བ་ཡང་།། གང་རྟོག་དེ་དག་མི་མཁས་སོ།། འཇིག་རྟེན་རྟེན་ཅིང་འདྲེ། ་འབྱུང་བར།། རྒྱལ་བ་རྣམ་པར་མི་རྟོག་སྟེ།། འོན་ཀྱང་འཇིག་རྟེན་འདི་དག་ནི།། རྐྱེན་ཉིད་དྲི་ཟའི་གྲོང་ཁྱེར་བཞིན་ཞེས་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་ཇི་བཞིན་དུ་གཞན་གྱི་དབང་གི་རང་བཞིན་མེད་པ་དེ་བཞིན་དུ ་འཛིན་པ་དང་། གཟུང་བའི་རྣམ་པ་འབྱུང་བར་མི་རུང་བ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པས་སོ་སོར་སྣང་བ་བཞིན་ནོ།། ཡང་དག་པར་རིག་པ་སོ་སོར་སྣང་བ་ཙམ་གྱིས་ཕྱིར། དེ་ལ་ཕྱི་རོལ་གྱི་རྣམ་པར་འབྱུང་བ་མེད་དོ།། ་གལ་ཏེ་གཉིས་ཀྱིས་རྣམ་པ་གཞོན་ནུའི་བུ་སྐྱེས་པ་དང་། འཆི་བ་བཞིན་དུ་མ་སྐྱེས་ན་ནི་དེའི་ཚེ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་འབྲས་བུར་སྣང་ཅི་གོང་ན་སྡེ་གོང་དུ་རྒྱུ་དང་འབྲས་བུའི་དངོས་པོས་ཚོགས་ཡོངསུ་སློངས་ཞིང ་ཇི་ལྟར་ན་འཚང་རྒྱ་ཞེས་པ་དེ་ན་རྟག་པ་གཞན་ཞེས་བྱ་བ་སྟེ། སྐྱེས་བུ་ཆེན་པོའི་སྐུ་ལ་སོགས་པའི་མཚན་ཉིད་དུ་སྣང་བ་སངས་རྒྱས་ཁོ་ན་ཡིན་ཀྱང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དེ་ཡང་མ་སྐྱེས་པ་སྟེ། དེ་ཇི་ལྟར ་ཞེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བས་ན་སྐྱེ་བ་ལ་སོགས་པའི་ཆོས་རྣམས་སྐད་ཅིག་པོ་གང་ལ་ཡང་ཐ་དད་པ་མེད་དེ། སྔ་མའི་གོང་དུ་འབའ་ཞིག་པ་ནི་རང་བཞིན་བརྗོད་དུ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ལ་སྣང་བ་མེད་པ་དོན་དམ་པའི ་བདེན་པ་མི་གཉིས་པའི་སྐད་ཅིག་པ་ཡང་དག་པར་རིག་པ་རྒྱུན་དུ་འབྱུང་ཡང་། རིག་པར་བྱ་བ་དང་། རིག་པའི་དངོས་པོར་གཉིས་ཀྱི་རྣམ་པར་མྱོང་བ་མེད་དོ།། སེམས་རང་བཞིན་བདག་ལྔ་དོན་དམ་པའི ་བདེན་པར་རྒྱུ་བ་མེད་ན་ཡི་གེ་དང་སྒྲ་རྣམསུ་ཡང་ཅི་སྨོས་ཏེ། དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལོ་བཞུགས་པ་ན་ཆོས་སྟོན་པར་འབྱུང་ངོ་།། རང་གི་རྣམ་པར་རྟོག་པ་གོམས་པ་འཇུག་ཅེས་བྱ་བ་ནི་རང་གི་རྣམ་པར ་རྟོག་པ་ལ་གོམས་པས་འཇུག་གི་ཞེས་ཐམས་ཅད་མཁྱེན་པས་གསུངས་པ་ལ་ཚིག་སྦྱོར་བར་བྱ་སྟེ། ལན་དུ་མར་བཤང་པར་བྱའོ།། མུ་སྟེགས་བྱེད་དག་གིས་འགྱུར་བ་རེ་རེར་རྣམ་པར་བརྟགས་ཏེ། ཡོད་པ་དང་མེད་པ་ནི་གྲང་ཡང་མི་འགྱུར། ་རོ་ཞེས་བྱ་བ་ནི་ཡོད་པ་འགྱུར་བར་མི་རིགས་ཏེ་ཡོད་པའི་ཕྱིར་རོ།། མེད་པ་ཡང་དངོས་པོ་མི་ནུས་པའི་ཕྱིར་ཏེ། སྔ་མའི་བཞིན་དུ་བཤད་དོ།། རང་གི་སེམས་སྣང་བ་མ་རྟོགས་པར་ཕྱི་རོལ་གྱི་དངོས་པོ་རྣམས་རྨི་ལམ་བཞིན་ཏེ། ཕྱི་རོལ་གྱི ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཚ་ཐ་དད་པར་བྱ་བ་ན་ཁང་པ་དང་། སྡེ་དང་། ནག་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ།། གཉིས་ཀྱི་རྣམ་པར་ཤེས་པ་ལ་རྒྱུ་དང་། འབྲས་བུ་དོང་རྟག་པ་དང་མི་རྟག་པ་ལ་སོགས་པར་འགྱུར་བ་ཡོངས ་སུ་རྟོག་ན་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་རྣམས་མ་སྐྱེས་པས་འཛིན་པ་དང་གཟུང་བའི་དངོས་པོར་རྟག་པ་དང་མི་རྟག་པའི་རྣམ་པར་རྟོག་པ་དེར་མི་རུང་ངོ་།། གཉིསུ་མེད་པའི་སྐད་ཅིག་པའི་རྒྱུན་བརྗོད ་དུ་མེད་པ་ཡང་ཡེ་ཤེས་ཡང་དག་པར་རིག་པ་ཙམ་གྱི་ཕྱིར་དེར་སྐད་ཅིག་པ་རེ་རེར་རྣམ་པར་རྟོག་པ་མེད་དོ།། དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལས་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚོགས་བཤད་པ་འབྱུང ་ཞེས་དེ་སྐད་དུ་བཤད་པའོ།། དེས་ན་འཇིག་རྟེན་རྒྱང་ཕུན་ལ་སོགས་པ་གང་དག་སྨྲ་བ་རྣམས་ཀྱིས་འབྱུང་བ་དང་། དཔུང་པོ་ལ་སོགས་པ་རྣམས་ཀྱི་འགྱུར་བ་རྟོག་པ་དེ་དག་ལ་ཡོང་སྲིད་པ་བར་མར་འགྲོ་བའི་ཆོས་གང་ཡང་འཇུག་པ ་འམ་ལྡོག་པ་མེད་དེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པར་སྣང་བ་བཞིན་དུ་ཡང་དག་པར་རིག་པ་ཙམ་གྱི་ཕྱིར་རོ།། རྣམ་པ་དེ་ལྟ་བུར་འགྲོ་བར་སྣང་བ་ནི་སུ་ཡང་འགྲོ་བ་མེད་ལ། འོང་བ་ཡང་མེད་དེ་ཆུད་པ་སྟོང་པའི་ཕྱིར་རྨི་ལམ ་ལྟར་འཁྲོར་བའི་རིམ་པ་སྣང་བ་འབའ་ཞིག་གོ། ཕྱི་རོལ་གྱི་དོན་མེད་པས་ན་འགྲོ་བ་ཡང་མེད་དེ། ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་འབྱུང་བ། སྲིད་པའི་འགྲོ་ཀུན་རྨི་ལམ་མཚུངས།། སུ་ཡང་སྐྱེ་མེད་འཆི་བ་མེད།། ལས་རྣམས་བྱས ་ཀྱང་འཇིག་མི་འགྱུར།། གནག་དཀར་འབྲས་སྨིན་འཁོར་བ་ནའོ།། ཞེས་པ་སྟེ། འཕགས་པ་ལངྐ་ར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་འགྱུར་བ་དཔྱད་པ་བརྒྱད་པའོ།། ་བློགྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་སྒྲ་ཇི་བཞིན་དུ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་ཚད་མེད་དེ།། ཞེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་མཚན་ཉིད་མཚན་མ་སྟེ། ཐ་སྙད ་པ་རྣམས་ཀྱིས་ཆོས་དང་ཆོས་ཅན་གྱི་དངོས་པོར་རྟོག་གོ།། རྐྱེན་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ཞེས་པ་ལ་རྐྱེན་ནི་ཆུང་པ་སྟེ། ཇི་ལྟ་བུར་ཡིད་ཆེས་པ་དེ་ལྟ་བུར་ཡོད་དོ་ཞེས་ཏེ། ཁྭ་ཅིག་གིས་མཐོང ་བ་ནི་མི་འཐད་པ་མ་ཡིན་ནོ།། ཞེས་སོ།། ཡང་ན་བྱེད་པ་སྟེ། འདིས་འདི་ཡོད་དོ་ཞེས་བྱེད་པ་དང་བྱེད་པ་པོ་ལ་མངོན་པར་ཆགས་པའོ།། དངོས་པོ་དང་དངོས་པོ་མེད་པར་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་གཉིད་ཀྱིས་མ་ལོག ་པའི་དུས་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡོད་ལ། རྨི་ལམ་གྱི་དུས་ན་མང་ངོ་ཞེས་བྱ་བའི་རྣམ་པར་རྟོག་པ་མངོན་པར་ཆགས་པའོ།། སྐྱེ་བ་དང་མི་སྐྱེ་བར་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་འཁོར་བའི ་དངོས་པོ་ནི་སྐྱེ་ལ། ཚངས་པ་དང་དབང་པོ་ལ་སོགས་པ་མི་སྐྱེའོ་ཞེས་མུ་སྟེགས་ཅན་རྣམ་པར་རྟོག་གོ། བདེ་བར་གཤེགས་པ་པ་རྣམས་ཀྱི་ཡང་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་སྐྱེ་ལ། དོན་དམ་པའི་བདེན་པས་མི་སྐྱེ་ཞེས་མོད་ཀྱི ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐྱེ་བ་ལ་སོགས་པ་བཞིན་ལུང་ནོད་པ་པ་ལ་སོགས་པས་ཀུན་བརྟགས་པ་མི་རུང་སྟེ། དེས་ན་མི་འབྱུང་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ་ཞེས་ཐམས་ཅད་མཁྱེན་པས་དངོས་པའི་དོན་ཏོ།། འགོག་པ་མེད ་པ་ལ་མངོན་པར་ཆགས་པ་སོ་སོར་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ནི་འགོག་པ་ལ་སོགས་པ་ཡང་སྐད་ཅིག་མ་རྟོགས་པར་ཡོད་པ་མ་ཡིན་ནོ།། རྟག་པ་ནི་མེ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། མེད་པ་སྟེ ་ལོག་པ་ལ་མངོན་པར་ཆགས་ནས་མུ་སྟེགས་ཅན་རྣམས་ཀྱི་རྟག་པར་རྣམ་པར་རྟོག་པའོ།། ཐེག་པ་དང་ཐེག་པ་མྱ་ཡིན་པ་ལ་མངོན་པར་ཆགས་པ་སོ་སོར་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ནི་མུ་སྟེགས་བྱེད་རྣམས་ཀྱི་བརྟུལ ་ཞུགས་དང་། བསམ་གཏན་ལ་སོགས་པ་ཐར་པའི་ཕྱིར་འདི་ནི་ཐེག་པའོ།། འདི་ནི་ཐེག་པ་མ་ཡིནོ་ཞེས་རྣམ་པ་མང་པོར་རྟོག་གོ།། འདུས་བྱས་དང་འདུས་མ་བྱས་པར་སོ་སོར་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར ་བ་ནི་གཞན་གྱི་དབང་སྐད་ཅིག་པའི་རྒྱུན་གྱི་རང་བཞིནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལྟ་བུར་འགྲོ་བ་འདི་ནི་འདུས་བྱསོ།། ལ་ལྔས་ནི་གྲུབ་པ་ཡང་དོག་པར་རིག་པ་མེད་ཅིང་སྐད་ཅིག་པ་མ་ཡིན་པར་འདུས་མ་བྱས་པར་ཡོངསུ ་རྟོག་གོ།། ལ་ལས་ནི་དངོས་པོ་མེད་པའི་གཟུགས་འདུས་མ་བྱས་པའོ་ཞེས་དོན་དམ་པའི་བདེན་པར་རྟོག་སྟེ། དེ་འདི་ནི་རྟག་པོའང་མ་ཡིན་ལ་དངོས་པོ་མེད་པ་ཡང་མ་ཡིན་ནོ།། ཇི་ལྟར་དགོངས་པ་ངེས་པའི་དོན་གྱི་མདོ་སྡེ་དགོངས་པ་ངེས ་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བའི་ཚིག་དེ་ནི་སྟོན་པས་བརྟགས་པའོ་ཞེས་པ་སྟེ། འདུས་བྱས་པ་འམ་འདུས་མ་བྱས་པར་ཐ་སྙད་དོ།། དབང་པོ་ལ་སོགས་པ་སུས་ཀྱང་དེ་མ་བྱས་པས་ན་དེས ་ན་འདས་མ་བྱས་པ་སྟེ། ཆོས་ཀྱི་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ། ཡང་དག་པར་རིག་པའི་ཆོས་ཉིད་ཡོངས་ཀྱིས་གནས་པ་དེ་ནི་སྐད་ཅིག་པའི་རྒྱུན་དུ་འདུས་བྱས་པ། བརྗོད་དུ་མེད་པའི་མི་གཉིས་པའི་ཡེ་ཤེས ་ཀྱི་རང་བཞིན་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཆོས་ཉིད་དུ་མཚམས་སྦྱོར་བའོ།། ས་དང་སའི་རང་གི་མཚན་ཉིད་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནཱ་རྣམ ་འབྱོར་པ་རྣམས་ལ་རང་གི་མཚན་ཉིད་ཐ་དད་པས་ས་ཐ་དད་པའི་ཕྱིར་བདག་དང་གཞན་གྱི་དོན་དུ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་འབྱུང་བར་འགྱུར་རོ།། རང་གི་རྣམ་པར་རྟོག་པ ་མངོན་པར་རྟོགས་པའི་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ནི་སེམས་ཅན་རྣམས་ཀྱི་རྟོག་པ་སྣ་ཚོགས་ཇི་བཞིན་པ་དེ་བཞིན་དུ་སྒྲའི་དོན་རྣམས་ཀྱི་དོན་དུ་མཚམས་སྦྱོར་བའོ།། ཡོད་པ་དང་མེད་པའི་མཚམས་སྦྱོར་བ་ནི་ཅུང་ཟད་ཅིག ་འགའ་ཞིག་ལ་ཡོད་པ་དང་། དེ་ཅུང་ཟད་ཅིག་མེད་པ་ཞེས་ཏེ། ཇི་ལྟར་སྣ་བུ་པོ་རྣམས་ལ་གཉིས་པ་དང་མི་གཉིས་པར་བྱེད་པར་ཡོད་པ་འམ་མེད་པ་ཞེས་བྱ་བ་ཡང་དག་པ་ཉིད་དོ།། ཇི་ལྟར་གཉིས་སུ་སྨྲ་བ་པོ་རྣམས་ལ་རྨི་ལམ་གྱི་དུས ་ན་ནི་གཟུགས་མེད་པ། གཉིད་ཀྱིས་མ་ལོག་པའི་དུས་ན་ནི་ཡོད་དོ་ཞེས་སོ།། མི་གཉིས་པ་སྨྲ་བ་རྣམས་ལྔ་ཆུད་པ་ནི་ཡོད། ཆུད་པར་བྱ་བ་ནི་མེད་དོ་ཞེས་འདི་ནི་ཡོད། འདི་ནི་མིང་དོ་ཞེས་སྨྲ་བ་པོ་རྣམས་ཀྱི་རྣམ་པར་རྟོག་པ་རྣམ་པ་མང ་པོ་བྱིས་པ་རྣམས་ལ་ཡང་ཡོད་པ་དང་། མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་མཚམས་སྦྱོར་བའི་མཐའ་སྙད་དོ།། གཉིས་སུ་སྨྲ་བའི་རྣལ་འབྱོར་པ་རྣམས་ཀྱང་ཕྱི་རོལ་གྱི་གཟུགས་ལ་སོགས་པ་མི་རྟག་པ་དང་། སྡུག་བསྔལ ་བ་དང་། མི་མཛེས་པའི་ཡུལ་ཡོད་དོ་ཞེས་མངོན་པར་ཆགས་པའོ།། དེའི་ཆུད་པ་ཀུན་ཏུ་འཁྲུགས་ནས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་གཟུགས་ལ་སོགས་པ་སྣ་ཚོགས་ཐ་དད་པ་རྣམས་སོ་སོར་སྣང་ངོ་།། ་ནམ་ཤེས་རབ་ཀྱིས་དཔྱད་དེ། སྡོམ་པ་དང་། ཕྲ་མོ་རྣམ་པར་གཞིག་ཅིང་མི་དམིགས་པ་དྲི་ནི་མི་གཉིས་པར་སྨྲ་བ་རྣམས་ཀྱིས་གཉིས་ཀྱི་རྣམ་པ་སྟོང་པར་ཆུད་ཅིང་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་བསམ་པ་མེད་ཅིང ་སྣང་བ་མེད་པ། དེན་དམ་པའི་བདེན་པ་ཡང་དག་པར་རིག་པ་གནས་སོ།། ཁ་ཅིག་གིས་ནི་སྐྱེས་པས་ན་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་རང་བཞིན་དུ་དེ་མེད་དོ་ཞེས་སྨྲ་བ་སྟེ། སྣ་ཚོགས་ཀྱི་རྣམ་པ་ལ་ནི་རྨི་ལམ་ལ་སོགས་པའི ་ཤེས་པ་ལྟ་བུ་ནི་གཅིག་པར་མི་རླིག་སོ།། མི་གཉིས་པ་ལ་ནི་གནོད་པ་མེད་པས་ན་རང་བཞིན་གཅིག་ཅིང་ཡང་དག་པར་རིག་པ་འགྲུབ་པ་དོན་དམ་པའི་བདེན་པའོ་ཞེས་བཤད་པར་བྱ་བ་མང་པོ་ལ་ནི་ལན་དུ་མར་བསྟན་པ་ཡིན།། ་ཐེག་པ་གསུམ་དང་། ཐེག་པ་གཅིག་ཏུ་མཚམས་སྦྱོར་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་མི་མཛེས་པའི་རང་བཞིན་རྣམ་པར་ཤེས་ནས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྲལ་ནས་ཀྱང་འཁོར་བར་རྒྱུན་འབྲེལ་པའི་ལས ་མི་བྱེད་དོ།། དྲི་ན་ཞི་བ་ཕྱོགས་གཅིག་ཏུ་འདོད་ཆག་སྔོ་དང་བྲལ་བར་གནས་ཏེ། དེ་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་སུ་གདགས་སོ།། སྙིང་རྗེའི་བག་ཆགས་ཀྱིས་སད་དེ། བག་ཆགས་དང་བཅས་པ་ཉོན་མོངས ་པ་མེད་པའི་མི་ཤེས་པའི་མཉམ་པར་མི་འཇོག་པ་ལ་སོགས་པ་ཉེས་པ་སྤངས་ཏེ། ཕན་པ་ཐམས་ཅད་སྤྱོད་པ་ཐམས་ཅད་མཁྱེན་ཅིང་སངས་རྒྱས་ཉིད་ནི་ཐེག་པ་གསུམ་མོ།། དེ་དེ་ལྟར་མཚམས་སྦྱོར ་བ་ཐ་དད་པ་ནི་མཐའ་མེད་པ་སྟེ། སེམས་ཅན་གྱི་བསམ་པའི་སྒྲའི་དོན་དུའོ།། འཕགས་པ་འཇམ་དཔལ་གྱིས་བསྟན་པ། ཆོས་ཐམས་ཅད་མི་འཇུག་པར་བཤད་པ་ལས་ཀློག་པ་ནི་སངས་རྒྱས་ཀྱི་ཆོས་ལ་མོས་པ་མེད་པའི་འདོད་ཆགས ་དང་བྲལ་བ་འཆི་བའི་དུས་ན་སེམས་ཅན་དམྱལ་བར་སྐྱེ་བ་མཐོང་ངོ་ཞེས་པ་དང་། བཟོད་པ་ཐོབ་ན་ངན་སོང་འགྲོ་བ་མེད་ཅེས་ན། དེ་ཇི་ལྟ་བུར་འགྱུར། དེར་ནི་མཚམས་སྦྱོར་བར་དགོངས་པའི་དོན་བརྟག་སྟེ། ཕྱི་རོལ་པ་འདོད་པའི་འདོད་ཆགས ་དང་བྲལ་བ་ཆོས་དྲུང་གང་ཟག་ལ་བདག་པ་མེད་པ་ལ་མོས་པ་མེད་པ་རྣམས་ལ་དེ་སྐད་དུ་གསུང་སོ།། གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་དག་ནི་འཇམ་དཔལ་སངས་རྒྱས་སུ་གཟུང་བར་ནུ་སོ།། ཆོས་བཅུ་པ་ལས། དེ་བཞིན་གཤེགས ་པ་ལ་ཕན་པའི་རིགས་ཀྱི་བུ་ལྷ་སྦྱིན་རྣམ་པར་ཐར་པ་ཐོབ་པས་སྤྲུལ་པ་སྟོན་པ་དང་། གང་དེ་བཞིན་གཤེགས་པ་ལ་གནོད་པ་དེའི་འགྲོ་བ་དེ་ལྟ་བུའོ་ཞེས་སྨྲ་བར་བྱེད་དོ།། ཞི་བ་ཕྱོགས་གཅིག་ཀྱི་འདོད་ཆགས་དང་བྲལ་བ་གནས་སོ ་ཞེས་བྱ་བ་དེས་ན་མདོ་སྡེ་རྣམསུ་མཚོམས་སྦྱོར་བ་ཐ་དད་པ་མཐའ་མེད་དེ། ཇི་ལྟར་གཙུག་ཏོར་གྱི་སྔགས་ཀྱིས་ཡུངས་ཀར་ལ་སོགས་པ་ལ་སྔགས་བཏབ་སྟེ། ཤི་བའི་ལུས་ལ་གཏོར་ན་མཐོ་རིས་སུ་སྐྱེའོ་ཞེས་དེར་དེའི་སྨོན་ལམ་གྱི་བསོད་ནམ ་སུ་བཏབ་པ་སྟེ། སྔགས་བརྗོད་པས་ལྷའི་ཡོན་ཏན་རྗེ་སུ་དྲན་པའི་བསོད་ནམས་ཏེ། ཡོན་ཏན་འབྱུང་བར་འགྱུར་བས་ཐམས་ཅད་དུ་སྡིག་པ་ཟད་པར་འགྱུར་རོ།། དེ་དེ་ལྟར་དམ་པའི་ཆོས་ཀྱི་མཚམས་སྦྱོར་བ་མཐའ་མེད་དོ།། བྱིས་པ་སོ་སོ ་སྐྱེ་བོ་རྣམས་མཚམས་སྦྱོར་བ་དེ་དག་ལ་མཚམས་སྦྱར་ནས་དངོས་པོ་དང་། དངོས་པོ་མེད་པར་མཚམས་སྦྱོར་བའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་ཞེན་པས་སོ་སོར་རྣམ་པར་རྟོག་ཅིང་། དར་གྱི་སྲིན་བུ་བཞིན་དུ་རང་གི་རྣམ་པར་རྟོག་པའི ་ལྟོལྟ་བ་མཚམས་སྦྱོར་བ་འདོད་པའི་ཕྱིར་རང་གི་རྣམ་པར་རྟོག་པའི་ལྟ་བ་མཚམས་སྦྱོར་བའི་སྐུད་པས་བདག་དང་གཞན་ལ་ཡོངསུ་འཁྲིའོ་ཞེས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། མཉམ་པར་འཇོག་པའི་མ་རིག་པས་རྟག་པ་དང་། ་བདག་དང་གཅིག་དང་དུ་མ་དང་། ཕྱི་རོལ་གྱི་བར་རྣམ་པ་སྣ་ཚོགས་སུ་མངོན་པར་ཞེན་པའི་རང་གི་ལས་ཀྱི་སྐུད་པས་དར་གྱི་སྲིན་བུ་བཞིན་དུ་དཀྲིས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དངོས་པོ་དང་། དངོས་པོ་མེད་པར་མངོན་པར་ཆགས་པས་ཞེན ་ཅིང་རྟག་པ་དང་བདག་དང་བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པས་སྡུག་བསྔལ་མྱོང་བ་ཡིན་ནོ།། གང་གི་ཚེ་ན་ཡང་ཤེས་རབ་ཀྱིས་དཔྱད་དེ། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པར་ཤེས་པ་དེའི་ཚེ་དབེན་པ་མཐོང་བས་སྡུག་བསྔལ ་ལྡོག་གོ་ཞེས་ཐམས་ཅད་མཁྱེན་པས་སྟོན་པར་མཛད་པས་ནོ།། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་རབ་ཏུ་དབེན་པར་མཐོང་བས་འདི་ལ་མཚམས་སྦྱོར་བ་དང་། མཚམས་སྦྱོར་བའི་མཚན་ཉིད་གང་ཡང་མེང་ངོ་།། བློ་གྲོས་ཆེན་པོ་རྣམ་པར་རྟོག ་པ་མི་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དབེན་པར་ལྟ་ཞིང་གནས་སོ།། ཞེས་པ་སྟེ། རང་བཞིན་གྱིས་གསལ་བའི་ཆུད་པའི་ཆོས་ཐམས་ཅད་ལ་འཛིན་པ་དང་། གཟུང་བའི ་རྣམ་པར་དབེན་པར་མཐོང་བའི་ཕྱིར་རིན་པོ་ཆེ་དང་། གསེར་ལ་སོགས་པ་དབེན་པ་བཞིན་དུ་གློ་བུར་གྱི་ཉེས་པ་ཡོངསུ་ཟད་ནས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཁོ་ན་སྟེ། དེས ་ང་ཆུབ་སེམས་དཔའ་རྣམས་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་མཐོང་བར་འགྱུར་རོ།། གཞན་ཡང་བློ་གྲོས་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པ་རང་གི་སེམས་སྣང་བའི ་མཚོན་ཉིད་ཁོང་དུ་ཆུད་ཅིང་། སྣང་བ་མེད་པ་རང་གི་སེམས་ཙམ་གྱི་རྗེ་སུ་འབྲང་བ་དང་། ཡོད་པ་དང་མེད་པའི་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་རབ་ཏུ་དབེན་པར་མཐོང་བས་ཆོས་ཐམས་ཅད་ལ་མཚམས་སྦྱར་བ་ཡང ་མེད་མཚམས་སྦྱོར་བའི་མཚན་ཉིད་ཀྱང་མེད་དོ།། བློ་གྲོས་ཆེན་པོ་འདི་ལ་གང་ཡང་འཆིང་བ་ཡང་མེད་འགྲོལ་བ་ཡང་མེད་དེ། གཞན་དུ་ན་ལོག་པར་ལྷུང་བའི་བློས་བཅིངས་པ་དང་། ཐར་པར་ཤེས་སོ་ཞེས་པ་ནི་ཕྱི་རོལ་གྱི་དངོས་པོ་དངོས་པོ ་མེད་ཅེས་བྱ་བ་འམ། ལན་མང་པོར་བསྟན་པ་ཡིན་ཏེ། མདོ་སྡེ་གཞན་དག་ལས་ནི་ཕུང་པོར་མི་གནས་པ་དང་། རྣམ་པར་མི་འཇིགས་པ་མེད་པའི་ཕྱིར་ཞེས་བྱ་བའོ།། དམ་པའི་ཆོས་ཐམས་ཅད་ཀྱི་འགྲེལ་པར་བཤད་པ་ནི། གཟུར་ནི་རྡུལ་ཕྲན་གཞིན་ན ་ནི་ཚྭ་ནི་མེད་པ་སྟེ། ཞེས་སོ།། ཇི་ལྟར་ཁྱད་པར་ཅན་ལ་སོགས་པས་ཡན་ལག་ཅན་གྱི་རྫས་ཀུན་བརྟགས་པ། བཅོས་པ་དང་མ་བཅོས་པ་དང་། བསྐུལ་བ་དང་བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པར་ཐ་དད་པར་དབྱེ་བ་ན་གཅིག་པར ་མི་རུང་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ།། ཉན་ཐོས་ཀྱི་ཐེག་པས་རྡུལ་ཕྲ་མོ་རྣམས་ལས་ཆ་མེད་པར་ཀུན་བརྟགས་པ་དང་། བླ་འོག་ཏུ་ཆགས་པར་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ།། གང་གི་ཚེ ་ན་ཡང་དེ་ལྟར་རང་གི་སེམས་ཙམ་ཁོང་དུ་མ་ཆུད་པའི་ཕྱིར་འཁོར་བ་ནི་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་ཐ་དད་པའི་རྣམ་པར་སོ་སོར་སྣང་བ་སྟེ། ནམ་ཤེས་རབ་ཀྱིས་དཔྱད་དེ་མི་དམིགས་པ་དེའི་ཚེ་ན་མཚམས་སྦྱོར ་བ་དང་། མཚམས་མི་སྦྱོར་བ་གང་ཡང་མེད་དོ།། སྣང་བ་མེད་པའི་ཡེ་ཤེས་ལ་འཆིང་བ་ཡང་མེད། འགྲོལ་བ་ཡང་མེད་དོ།། ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ལས་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འཆིང་བ་དང་འགྲོལ་བ་སོ་སོར་སྣང་བའི ་རྣམ་པར་རྟོག་པ་རབ་ཏུ་འབྱུང་ངོ་།། བསམ་པ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་བརྗོད་དུ་མེད་པ་རང་གི་རིག་པའི་མཚན་ཉིད་ཀྱི་རྒྱུན་ལ་ནི་རྣམ་པར་རྟོག་པ་མེད་ན་ཤེས་པར་བྱ་བའི་རྣམ་པ་འཛིན་པར་འགྱུར ་བ་ལྟ་ག་ལ་ཞིག། དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་ཐམས་ཅད་མཁྱེན་པའི་ཆོས་སྟོན་པ་ཡང་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པ་ལས་མཚམས་སྦྱོར་བ ་མི་དམིགས་པའི་ཕྱིར་རོ་ཞེས་པ་ནི་གཉིས་ཀ་ཡང་ཡོད་པར་དུས་མཚུངས་པའི་ཕྱིར་ཡུལ་དང་ཡུལ་ཅན་གྱི་དངོས་པོར་མེད་པ་དང་། ཕན་པ་དང་ཕན་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་མི་དམིགས་པ་སྟེ། ་དེས་ན་ཡོད་པ་མི་དམིགས་སོ།། མེད་པ་ཡང་ཅི་ལ་མི་དམིགས་ཏེ་ཡུལ་མེད་པའི་ཕྱིར་རོ།། སྔ་མའི་འོག་ཏུ་ཤེས་པ་འབའ་ཤིག་སྟེ། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་ཐ་དད་པའི་རྣམ་པ་ལ་དམིགས་པ་ཡིན་གྱིས ་དེར་ཕྱི་རོལ་གྱི་དོན་ཡོད་པ་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པོས་དགོངས་པའི་དོན་དུ་རྗེ་སུ་དཔགོ། ཡོད་པ་དང་མེད་པའི་སྐད་ཅིག་པ་མི་དམིགས་པས་ན་རྟག་པ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་མི་རུང་བ་ནི་བདེ ་བླག་སྟེ། རང་བཞིན་ལ་ཁྱད་པར་དུ་བྱ་བ་མེད་པའི་ཕྱིརརོ།། སྐྱེ་བའི་ཡུལ་འབྱུང་བ་དང་། འཛིན་པའི་ལྟ་བ་པོ་དག་གི་ཁྱད་པར་ཡུལ་འཛིན་པ་སྟེ། འབྱུང་བ་མེད་དོ།། དེས་ན་སྐད་ཅིག་པ་ཡོད་པ་དང་། སྐད་ཅིག་པ་མ་ཡིན་པ་མེད་པ་ལས ་ཀྱང་མི་དམིགས་སོ།། གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་སྦྱོར་བ་རྣམ་པ་གསུམ་མོ།། དེ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡིན་ཏེ། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་སྲིད་པ་ཅན་གྱི་སྲེད་པ་དང ་ཞེས་པ་ནི་འདོད་ཆགས་དེ་ཉིད་ཀྱི་ནང་དུ་གཏོགས་པར་གསུངས་པ་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་ཏེ། སྲེད་པ་དང་འདོད་ཆགས་གཉིས་ཀ་ཡང་ཆགས་པའི་མཚན་ཉིད་ཀྱི་ཕྱིར་རོ།། གཏི་མུག་ཐོག་མར་བྱས་ནས་འདོད་ཆ ་དང་ཞེ་སྡང་འབྱུང་སྟེ། རྨོངས་པ་མེད་ན་གཞན་དུ་མི་སྐྱེའོ་ཞེས་བྱ་བའི་ཕྱིར་རོ།། རྟག་པ་དང་བདག་ཏུ་ཆགས་ཤིང་བསླད་པ་ནི་གཏི་མུག་གོ། དེ་དག་ལས་འགྲོ་བ་རྣམས་ཀྱི་མཚམས་སྦྱོར་བ་འབྱུང་ངོ་།། འདོད་ཆགས་ལ་སོགས་པའི་ཉོན ་མོངས་པས་མཚམས་སྦྱོར་བ་ལས་འགྲོ་བ་ལྔར་མཚམས་སྦྱོར་བར་འགྱུརརོ།། ཉོན་མོངས་པ་རྣམས་ཀྱིས་མཚམས་སྦྱོར་བ་ཆད་ནས་ནི་སྲིད་པའི་མཚམས་སྦྱོར་བ་མེད་པར་འགྱུར་རོ།། གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་ཞེས ་བྱ་བ་ལ་སོགས་པ་ནི་མ་རིག་པ་དྲང་། སྲེད་པ་དང་། ལེན་པ་དང་གསུམ་འདུས་པ་ལས་སྲིད་པའི་མཚམས་སྦྱོར་བར་འགྱུ་རོ།། མ་རིག་པ་ལ་སོགས་པ་ལྡོག་པོ་ནི་སྐྱིད་པ་ཡང་ལྡེག་གོ།། བཙུན་གཙོ་འཕགས་པ་བྱམས་པའི་ལུགས་ནི་རྣམ ་པར་ཐར་པ་གསུམ་མཐོང་བའི་ཕྱིར་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་ལྡན་པ་ནས་མཚམས་སྦྱོར་བ་ཐམས་ཅད་ལྡོག་གོ་ཞེསོ།། འཛིན་ཅིང་འཆང་བ་དང་། བདེ་བར་ཁོང་དུ་ཆུད་པའི་དོན་དུ་བསྡུ ་བའི་ཚིགས་བཅད་ཀྱི་དོན་གསུངས་པ། ཡང་དགྲ་མ་ཡིན་ཡོངས་རྟོག་ནི།། མཚམས་སྦྱོར་མཚན་ཉིད་ཅེས་བྱ་སྟེ།། དེ་ནི་ཡང་དག་ཡོངས་ཤེས་ན།། མཚམས་སྦྱོར་བ་ཡི་དྲ་བ་འཆང་། ཞེས་པ་ནི་བཙུན་གཙོ་འཕགས་པ་བྱམས་པས་དབུས ་དང་མཐའ་རྣམ་པར་འབྱེད་པར་བཤད་པ་འདིར་རིག་པར་བྱ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ནི།། སེམས་དང་སེམས་བྱུང་ཁམས་གསུམ་པ།། ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ་ན་གཉིས་པོ་ཡོད་མ་ཡིན།། སྟོང་པ་ཉིད་ནི་དེ་ན་ཡོད།། དེ་ན་ཡང་ནི་དེ ་ཡོད་དོ་ཞེས་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་ལ་གཉིས་ཀྱི་རྣམ་པའོ།། འོ་ན་སྟོང་པ་ཉིད་མེད་ཅེས་པ་དང་། དེས་ན་གཉིས་ཀྱིས་རྣམ་པ་དང་དཔྲལ་བ་ཉིད་ཡིད་དོ།། ཇི་ལྟར་སེམས་ཅན་ཐམ། ་ཅད་ཀྱི་མི་ཤེས་ཞེས་པ་དང་། གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་དེ་ལྟ་ཡང་མཉམ་པར་མི་འཇོག་པ་མ་རིག་པའི་ཐོག་མ་མེད་པའི་བག་ཆགས་ཀྱིས་གཡེངས་པའི་ཡང་དག་མ་ཡིན་ཀུན་རྟོག་ཡང་།། འཛིན་པ་དང་བཟུང་བའི་རྣམ་པར་རྟོག ་པ་ཞེས་བྱ་བའི་དོན་ཏོ།། དེ་ཇི་ལྟར་ན་སྤོང་བར་འགྱུར་ཞེས་པ་དང་། དེ་ནི་ཡང་དག་ཡོངས་ཤེས་དང་། མཚམས་སྦྱོར་བ་ཡི་དྲ་བ་འཆང་། ཞེས་ཐམས་ཅད་མཁྱེན་པས་གསུངས་པའོ།། ཡང་དག་ཅེས་བྱ་བ་དེ་ཅི་ཞིག་ཞེ་ན། བཙུན་གཙོ་འཕགས ་པ་བྱམས་པས་བཤད་པ་ལྟ་བུ་སྟེ། དམིགས་པ་ལ་ནི་གནས་ནས་སུ།། མི་དམིགས་པ་ནི་རབ་ཏུ་སྐྱེ་ཞེས་པའོ།། ཐམས་ཅད་མཁྱེན་པས་ཀྱང་འདིར་སྟོན་པར་མཛད་པ། ཕྱིའི་དངོས་པོ་གསལ་ནས་སུ།། ཤེས་པ་ཙམ་ལ་འཇུག་པ་ནི།། ་འདི་ནི་དབུ་མའི་ནན་ཏན་དུ།། དཱ་དང་གཞན་གྱིས་བསྟན་པའོ་ཞེས་སོ།། བཙུན་གཙོ་འཕགས་པ་བྱམས་པས་བཤད་པ་ནི་འཕགས་པ་ལཱངྐར་གཤེགས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་ལུགསོ།། དངོས་པོར་ཤེས་པའི་སྐུ ་འཛིན་པས།། ཇི་ལྟར་དར་གྱི་སྲིན་བུ་བཞིན།། བྱིས་པ་མཚམས་སྦྱོར་མི་མཁས་པ།། རང་གི་རྣམ་པར་རྟོག་པས་འཆིང་ཞེས་པ་ནི་རང་གི་སེམས་མཉམ་པར་མི་འཇོག་པའི་མ་རིག་པས། རྟག་པ་དང་བདག་དང་བདེ་བ་དང་གཙང་བའི ་བོའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱིས་བྱིས་པ་རྣམས་སྲིད་པར་འཆིང་བར་འགྱུར་རོ།། མི་རྟག་པ་དང་སྡུག་བསྔལ་བ་དང་མི་གཙང་བ་དང་། སྟོང་པ་ཡོངསུ་ཤེས་པས་འགྲོ་བ་ལོ།། ཡང་བློ་གྲོས་ཆེན་པོ ་གསོལ་པ། གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རྣམ་པར་རྟོག་པ་གང་དང་གང་གིས་དངོས་པོ་གང་དང་གང་རྣམ་པར་བརྟགས་པ་དེ་དག་ནི་ཀུན་བརྟགས་པ་ཉིད་དེ། དེ་དག་ལ་ཡང་རང་བཞིན་མེད་དོ།། ཞེས་བཀའ་སྩལ་པ ་བཅོམ་ལྡན་འདས་དེ་གལ་ཏེ་ཀུན་བརྟགས་པ་ཉིད་ལེགས་ཏེ། དངོས་པོའི་རང་བཞིན་གྱི་མཚན་ཉིད་མི་རིག་ན་བཅོམ་ལྡན་འདས་དེ་སྐད་དུ་བཀའ་སྩལ་པ། ཆོས་ཐམས་ཅད་ཀུན་ཏུ་རྟགས་པའི་རང་བཞིན་དུ་གྱུར་པས་ཀུན་ནས ་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ཡང་མ་མཆིས་པར་འགྱུརརོ་ཞེས་པ་ནི་སྒྲ་དང་དོན་དུ་སྒྲོ་བཏགས་པའི་རྣམ་པར་དོན་དམ་པའི་རྟོག་པ་སྟེ། ཞེས་བློ་གྲོས་ཆེན་པོས་གསོལ་པར་ཐུགས་དོགས་ནས་ལན་དུ་གསུངས ་པཱནྡེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་དེ་བཞིན་ཏེ། ཇི་ལྟར་སྨྲས་པ་བཞིན།། བློ་གྲོས་ཆེན་པོ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དངོས་པོའི་རང་བཞིན་རྣམ་པར་བརྟགས་པ་དེ་ལྟ་བུ་ནི་མེ་ཡིན།། ་དེ་ནི་ཀུན་ཏུ་བརྟགས་པ་ཉིད་དེ། བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་གྱི་མཚན་ཉིད་མི་རིག་གོ་ཞེས་པ་སྟེ། བྱིས་པ་རྣམས་ཀྱི་ཇི་ལྟར་རྣམ་པར་རྟོག་པ་དེ་ལྟར་དོན་དམ་པ་དེ་ཁོ་ན་ཉིད་མ་ཡིན་ནོ།། བློ་གྲོས་ཆེན་པོ་འོན་ཀྱང་འཕགས ་པ་རྣམས་ཀྱིས་དངོས་པོའི་རང་བཞིན་ཇི་ལྟར་རྟོག་པ་ཞེས་པ་སྟེ། ཇི་ལྟར་ན་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཡིན་ཏེ། དོན་དམ་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡང་དག་པར ་རིག་པའི་རང་བཞིན་ནོ།། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རང་བཞིན་དེ་དེ་བཞིན་དུ་འཕགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མྱོང་ངོ་།། དག་པ་འཇིག་རྟེན་པའི་ཏིང ་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་ཞུགས་པ་ན་བརྗེད་དུ་མེད་པ་སྐད་ཅིག་པའི་རྒྱུན་དུ་འབྱུང་བ་ནི་བྱིས་པ་རྣམས་རྟག་པ་དང་བདག་དང་བདེ་བ་དང་གཙང་བའི་དངོས་པོར་ཇི་ལྟར་ཕྱིན་ཅི་ལོག་པ་དེ་གསལ་བའི་ཕྱིར་དེས་ན་སྟོན ་ཏོ།། འཕགས་པ་རྣམས་ལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་སྟོན་པ་སྟེ་དེས་ན་བྱིས་པའི་ཤེས་པ་ལས་འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་ཁྱད་པར་ཡོད་དོ།། གང་གིས་ཚུན་ཤེས་རབ་ཀྱིས་དཔྱད ་དངོས་པོ་ཆུད་པ་སྟེ། དེ་ལྟར་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའོ།། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དངོས་པོ་དང་དངོས་པོ་མེད་པར་མཉམ་པ་ཁོ་ན་ནི་རང་བཞིན་དུ་ཀློག་པའོ།། འཕགས་པ ་ལངྒར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་མཚམས་སྦྱོར་བའི་ལེའུ་དགུ་པའོ།། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་གལ་ཏེ་འཕགས་པ་རྣམས ་ཀྱིས་འཕྲུལ་དང་ཤའི་མིག་གི་མ་ལགས་ཀྱིས། འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བ་དང་། འཕགས་པའི་ཤེས་རབ་ཀྱི་མིག་གིས་དངོས་པོའི་ངོ་བོ་ཉིད་རྟོགས་པ་ཞེས་བྱ་བ་རྒྱ་ཆེར་ཏེ། དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ ་རྣམས་ཀྱི་རྣམ་པར་རྟོག་པ་དང་ལྡོག་པར་འགྱུར་ཞེས་པ་དེར་ཅི་དགོས་ཤེས་ན། འཕགས་པ་བློ་གྲོས་ཆེན་པོས་གསུངས་པའི་དོན་ཇི་བཞིན་པ་ལས་བརྟག་ན་འཕགས་པ་དང་བྱིས་པའི་ཤེས་པ་གཉིས་ཀ་ཡང་རང་གི་ཡུལ་དུ་ཞུགས ་པཱས་ནཱ་བྱིས་པའི་ཤེས་པ་ཇི་ལྟར་ན་རྣམ་པར་ལྡོག་པར་འགྱུར་ཞེས་གླེངས་པའོ།། འཕགས་པའི་ངོ་བོའི་དངོས་པོ་ཁྱོད་དུ་མ་ཆུད་པའི་ཕྱིར་ཞེས་པ་ནི་འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་ཁོང་དུ་མ་ཆུད་པའོ།། འཕྲུལ་གྱི་མིག ་གིས་ནི་ལྷ་དང་དེ་ལས་གཞན་པས་ནི་ཤའི་མིག་གིས་ནཱི། དེ་དག་གི་ནི་ཁང་དུ་མི་ཆུད་དོ།། བཅོམ་ལྡན་འདས་དེ་དག་ནི་ཕྱིན་ཅི་ལོག་ཀྱང་མོ་ལགས་ཕྱིན་ཅི་མ་ལྡོག་པ་ཡང་མ་ལགསོ།། ཞེས་པ་ནི་རང་གི་ཡུལ་རྟོགས་པའི་ཕྱིར།། ཅིའི་སླད། ་དུ་ཞེ་ན། འདི་ལྟ་སྟེ། འཕགས་པའི་དངོས་པོའི་ངོ་བོ་ཉིད་རང་བཞིན་ཁོང་དུ་ཆུད་པའི་སླད་དུའོ་ཞེས་པ་སྟེ། རང་གིས་རྟོགས་པ་ནི་དེ་དག་གི་ཚད་མའོ།། གཞན་གྱིས་རྟོགས་པ་ནི་ཚད་མར་གྱུར་པ་མ་ཡིན་ཏེ། མངོན་པར་ཤེས་པ་མེད་པའི ་ཕྱིར་རོ།། ཡོད་པ་དང་མེད་པའི་མཚན་ཉིད་ལས་ལྡོག་པ་རུ་མཐོང་བའི་སླད་དུའོ།། ཞེས་པ་ནི་དངོས་པོ་དང་དངོས་པོ་མ་ཡིན་པ་དག་གཞན་བཙལ་བའི་སྒྲ་དང་དོན་ནི་སྤྱིར་རྣམ་པར་རྟོག་པའི་དོན་དུ་སྒྲོ་བཏག། ་ཏེ། ཕན་ཚུན་དུ་ནི་ལྡོག་པ་ཉིད་དོ།། ཇི་ལྟ་བར་ཏི་ཀ་ལས་འབྱུང་བ། སྒྲོ་བཏགས་ཆ་ནི་ཇི་སྙེད་པ།། དེ་གསལ་ཕྱིར་ནི་གདོན་མི་ཟ།། དེ་སྙེད་དེ་ལྟར་སྒྲ་རྣམས་ཀྱང་།། དེ་བས་དེ་དག་ཐ་དད་ཡུལ།། ཐོག་མ་མེད་པའི་བག་ཆགས་ལས།། རྣམ་པར ་རྟོག་བྱུང་ལཱ་ནསྭ་པེ།། སྒྲ་དོན་རྣམ་པ་གསུམ་གྱི་ཆོས།། དངོས་དང་དངོས་མེད་གཉིས་ཀའི་གནས་ཞེས་པའོ།། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱི་དངོས་པོ་ཇི་ལྟར་རྣམ་པར་བརྟག་པ་རང་གི་མཚན་ཉིད་ཀྱི་ཡུལ་ལ་སྤྱོད་ཡུལ་མ ་ལྤགས་པའི་ཕྱིར་དེ་བཞིན་དུ་མི་འགྱུར་རོ།། བཅོམ་ལྡན་འདས་དེ་དག་གི་དངོས་པོའི་རང་བཞིན་གྱི་མཚན་ཉིད་དེ་ཡང་རྒྱུ་མ་བསྟན་པས་ཀུན་བརྟགས་པའི་རང་བཞིན་ཉིད་སྣང་ངོ་ཞེས་པ་ནི་རྣམ་པར་རྟོག་པ་ལ་སྒྲའི་དོན་སྤྱིའི་རྣམ་པའི ་ཕྱིར་རང་གི་མཚོན་ཉིད་ཡུལ་མོ་ཡིན་ནོ།། དེ་ཡིད་ཆེ་སྡེ་པའི་རྒྱུ་དང་རྒྱུ་མ་ཡིན་པ་མ་བསྟན་པ་སྟེ། སྤྱིའི་དོན་གྱི་སྒྲའི་རྒྱུ་བསྟན་པ་མཆིས་ལ། བརྗོད་དུ་མེད་པའི་རང་གི་མཚན་ཉིད་ཀྱི་སྐད་ཅིག་གི་རྒྱུན་ལ་བསྟན་པ་མ་མཆིས་སོ།། དེ་ལྟར་འཕགས ་པ་རྣམས་ལ་ཡང་རྣམ་པར་རྟོག་པ་མི་འབྱུང་ངོ་།། ཇི་ལྟར་ཞེ་ན། འཕགས་པ་རྣམས་ལ་སྒྲ་དང་དོན་ལ་སྤྱིར་སྒྲོ་འདོགས་པ་དང་། བྱིས་པ་རྣམས་ལ་ཡང་མ་ལ་སོགས་པ་རང་གིས་མྱོང་བ་ལ་སྒྲ་དང་དོན་ལ་སྤྱིའི་ཐ་སྙད་དོ།། དངོས་པོའི་མཚན ་ཉིད་ལ་ལྟ་བར་ལྟུང་བས་ཞེས་པ་ནི་བྱིས་པ་རྣམས་ལ་སྒྲ་དང་དོན་སྤྱིར་འདུག་པ་ཡང་དངོས་པོར་སྒྲོ་གཏགས་ཏེ། ལྟ་བར་ལྷུང་བ་འཕགས་པ་རྣམས་ལ་ཡང་དེ་བཞིན་ནོ།། བྱིས་པ་རྣམས་ལ་ཡང་རང་གི་ཡུལ་ལ་དངོས་པོར་རྣམ་པར་བརྟག ་ཏེ་སྒྲོ་འདོགས་པས་ན་སུའི་དངོས་པོ་ཡིན་པ་མ་ངེས་པས་ཐུག་པ་མ་མཆིས་པར་འགྱུརརོ།། ཞེས་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ལ་ཐམས་ཅད་མཁྱེན་པས་ཀྱང་ལན་དུ་བཀའ་སྩལ་པ། ངས་དངོས་པོའི་རང་བཞིན་བསྟན་པ་ནི་མ ་བྱས་མོད་ཀྱི་ཞེས་པ་སྟེ། འཛིན་པ་དང་། གཟུང་བ་དང་རྗོད་པ་དང་བརྗོད་པ་པོ་དང་བྱེད་པ་དང་བྱེད་པ་པོ་དང་། སྐྱེད་པ་དང་། བསྐྱེད་པ་ལ་སོགས་པའི་ཆོས་སུ་སྒྲོ་བཏགས་པས་ནི་མ་ཡིན་ནོ།། འོན་ཀྱང་དབེན་པ་བསྟན་པ་ཉིད་དངོས་པོ་དང ་དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་ཡང་དག་པར་རིག་པའི་ངོ་བོ་ཉིད། རང་བཞིན་གྱིས་འོད་གསོལ་བའི་ཆུད་པའོ།། དེ་བཞིན་དུ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ལ་སྐྲག་པའི་སེམས་ཅན་རྣམས་ལ་བཤད་ཅིང ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྟོང་པར་བྱེད་དོ།། དེས་ནི་མི་གཉིས་པའི་ཆོས་ཉིད་གཞོལ་བར་འགྱུར་བ་སྟེ་བསྡུས་པའི་དོན་ཏོ།། ཡན་ལག་གི་དོན་ནི་མདོར་བཤད་པར་བྱ་སྟེ། བརྟགས་པ ་དང་། རང་གི་མཚན་ཉིད་རང་བཞིན་གཞག་པ་དག། གཞན་པ་དག་གི་སྤྱོད་ཡུལ་དུ་འགྱུར་རོ་ཞེས་དེ་སྐད་དུ་བློ་གྲོས་ཆེན་པོས་གླེངས་པ། བཅོམ་ལྡན་འདས་སོ་སོར་རྣམ་པར་རྟོག་པའི་མཚན་ཉིད་ཀྱང་གཞན་ལ། དངོས་པོའི་རང་བཞིན་གྱི ་མཚན་ཉིད་ཀྱང་གཞན་ཏེ། རྣམ་པར་རྟོག་པའི་དོན་གྱི་མཚན་ཉིད་ནི་སྤྱིའི་རྣམ་པའོ།། དངོས་པོའི་རང་བཞིན་གྱིས་རང་གི་མཚན་ཉིད་ནི་འབྲས་བུའི་སྐད་ཅིག་པ་བསྐྱེད་ནུས་པའོ།། བཅོམ་ལྡན་འདས་རྣམ་པར་རྟོག ་པ་དང་། རང་བཞིན་གྱི་མཚན་ཉིད་ཀྱི་རྒྱུ་མི་མཐུན་པ་ཞེས་པ་ནི་རྣམ་པར་རྟོག་པའི་རྒྱུ་ནི་སྒྲོ་བཏགས་པའི་རྣམ་པ་དང་། རང་གི་མཚན་ཉིད་ཀྱི་ཤེས་པའི་རྒྱུ་ནི་གསལ་བའི་དོན་རྣམ་པར་མི་རྟོག་པའི་ཕྱིར་ཏེ། དེས་ན་དེའི་དམ་པའི་རང་བཞིན་རྣམས ་བརྗོད་དུ་མེད་པ་སྟེ། ཇི་ལྟ་བར་ཏཱི་ཀ་ལས་བྱུང་བ། སྦྱོར་བ་དང་ནི་ཐ་དད་མེད།། དོན་དམ་དེ་ནི་བདག་ཉིད་ཀྱིས།། གཟུགས་ནི་གཅིག་དང་དུ་མ་ཞེས།། དེ་ནི་བློ་ཡི་འཁྲུལ་པའོ།། དེ་བཞིན་དུ་གཞན་དག་གིས་སྨྲས་པ། གཞན་ནི་དབང་པོ་དོན་ཉིད་ལ། ་གཞན་ནི་སྒྲ་ཡི་སྤྱོད་ཡུལ་ཏེ།། མིག་མེད་སྒྲ་ལས་མཐོང་གྱུར་ཀྱང་།། མངོན་སུམ་དུ་ནི་མཐོང་བ་མེད།། གཞན་དུ་མ་དང་འབྲེལ་པས་ནི།། བདག་ཚིག་ཅེས་ནི་སེམས་པ་སྟེ།། གཞན་པར་ཚིག་པའི་སྒྲ་ཡིས་ནི།། ཚིག་པའི་དོན་ནི་ཤེས་པར་བྱ་ཞེས་པ ་དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་ཡུལ་དང་ཡུལ་ཅན་གྱི་རང་བཞིན་དེ་དག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་དུ་བརྟགས་ན་ཇི་ལྟར་དེ་བཞིན་དུ་མི་འགྱུར་ཞེས་པ་སྟེ། དེ་དག་ཕན་ཚུན་དུ་རྣམ་པར་ལྡོག ་པའི་ཕྱིར་ཇི་ལྟར་ན་དེ་བཞིན་དུ་མི་འགྱུར། འདི་ལྟར་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པ་བཟློག་པའི་སླད་དུ་དངོས་པོའི་རང་བཞིན་ལ་མངོན་པར་ཆགས་པ་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་མངོན་པར་ཆགས་པས་ཡོད་པར ་དགོད་དམ། འཕགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དངོས་པོ་བསྟན་པས་རབ་ཏུ་དབེན་པའི་ཆོས་བསྟན་པ་མ་མཆིས་པར་བགྱིའམ་ཞེས་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ལས་དགོངས་པ་འདི་ལྟ་བུར་བརྟགས་ཏེ། ཇི་ལྟར་འཕགས་པ ་རྣམས་ཀྱི་རང་བཞིན་འཕགས་པའི་ཡེ་ཤེས་ཀྱི་རྟོགས་པར་བྱེད་པ་དེ་ལྟར་བྱིས་པ་རྣམས་ཀྱིས་བརྟགས་པའི་རང་བཞིན་མ་ལགས་ཏེ། དེ་ལྟར་ན་ཕན་ཚུན་དུ་མི་མཐུན་པའི་རང་བཞིན་གྱིས་གསལ་བར་གསུངས་པའོ།། རང་བཞིན་བསྟན་ཕྲ ་རྣམ་པར་རྟོག་པ་མེད་པ་ཁོ་ན་ལྟ་བ་དགོད་དམ་བགྱི་འམ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་རང་བཞིན་བསྟན་པས་དབེན་པའི་དངོས་པོ་མ་མཆིས་པར་སྟོན་པར་མཛད་དམ་ཞེས་དེ་སྐད་དུ་དོགས་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། བློ་གྲོས་ཆེན་པོ་དབེན་པའི་ཆོས་བསྟན་པ་མེད་པར་བྱ་བ་ཡང་མ་ཡིན། ཡོད་པར་ལྟ་བ་དགོད་པ་ཡང་མ་ཡིན་གྱི་ཞེས་པ་སྟེ། འཛིན་པ་དང་གཟུང་བ་ལས་དབེན་པས་ན་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་རང་བཞིན་གྱིས་འོད ་གསལ་བ་རྣམ་པར་མི་རྟོག་པ་ཆུད་པའི་དངོས་པོ་བསྟན་པར་བྱ་བའོ།། ཡོད་ལྟར་ལྟ་བ་དགོད་པ་ཡང་མ་ཡིན་པ་ནི། ཇི་ལྟར་བྱིས་པ་རྣམ་རྟོག་པ།། དེ་ལྟར་དངོས་པོ་ཡོད་པ་མིན།། ཞེས་པ་སྟེ། རྟག་པ་དང་། བདག་དང་། ཕྱི་རོལ་གྱི་སྦོམ་པོ་ལ ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་འཕགས་པ་རྣམས་ལ་ནི་མ་ཡིན་གྱི། རང་བཞིན་བསྟན་པས་དབེན་པའི་ཆོས་བསྟན་པར་བྱའོ།། ཐོག་མ་མེད་པའི་དུས་ནས་ལོག་པའི་བག་ཆགས་ཀྱིས་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར ་ཆགས་པའི་བྱིས་པ་རྣམས་ལ་ནི་འཕགས་པ་རྣམས་ཀྱིས་བདེན་པའི་ཆོས་བསྟན་པ་དངོས་པོས་དེ་དག་གི་སྐྲག་པ་བསལ་བར་བྱའི་བྱིས་པ་རྣམས་ལ་ཡོད་པ་དང་། མེད་པའི་ལྟ་བ་དགོད་པ་ནི་མ་ཡིན་ཏེ། དངོས ་པོཔོ་དང་། དངོས་པོ་མེད་པ་ལས་དབེན་པའི་ཕྱིར་འཕགས་པའི་རང་བཞིན་གྱིས་ཆོས་བསྟན་པ་ནི་གཉིས་སུ་མེད་པས་བརྗོད་དུ་མེད་པའི་ཡང་དག་པར་རིག་པ་ལ་གཉིས་ཀྱི་རྣམ་པ་ལས་དབེན་པར་བསྟན་པར་བྱའོ།། བྱས་པ་རྣམས་ན་གཉིས ་ཀྱུ་རྣམ་པ་ལས་དབེན་པར་བསྟན་པར་བྱའོ།། བྱིས་པ་རྣམས་ནི་གཉིས་ཀྱི་རྣམ་པ་ལས་དངོས་པོར་མངོན་པར་ཆགས་པ་སྟེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ཀྱི་གཟུགས་དང་། གཟུགས་བརྙན་བཞིན་དུའོ།། གཉིསུ་མེད་པ་ལ ་ནི་དེ་དག་དངོས་པོ་མེད་པར་མངོན་པར་ཆགས་པ་སྟེ། རྨི་ལམ་གྱི་དུས་ན་ནི་གཟུགས་མེད། གཉིད་ཀྱིས་མ་ལོག་པའི་དུས་ན་ནི་གཟུགས་ཡོད་དོ་ཞེས་ཁ་ཅིག་ལྟ་བ་དེ་དག་ལ་འཕགས་པའི་ཆུད་པ་དག་པ་རང་བཞིན་དུ་བསྟན་པས་སྐད ་ཅིག་པར་མི་འགྱུ་རོ།། ཐམས་ཅད་སྟོང་ངོ་ཞེས་ན་ནི་སྐྲག་གོ།། ཐམས་ཅད་སྟོང་ངོ་ཞེས་ན་ནི་དངོས་པོ་ལ་ཆགས་པ་སྟེ། དེ་བས་ན་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་དང་བྲལ་བའི་དོན་དམ་པ་བསྟན་པར་བྱའོ།། དེ་ལྟར་ན་བློ་གྲོས་ཆེན ་པོ་སེམས་ཅན་རྣམས་འཇུག་པར་འགྱུར་རོ།། དེ་བཞིན་དུ་ཡང་དབུས་མཐའ་རྣམ་པར་འབྱེད་པ་ལས་ཀློག་པ། སྟོང་པ་མ་ཡིན་མི་སྟོང་མིན།། དེ་བས་ཐམས་ཅད་བཤད་པར་བྱ།། ཡོད་དང་མེད་དང་ཡོད་པོ་ཡང་།། དེ་ནི་དབུ་མའི་ནན་ཏན ་ཏེ་ཞེས་པ་ལ་ཡོད་པ་ནི་རྣམ་པར་རིག་པ་ཙམ་ཉིད་དོ།། མེད་པ་ནི་ཕྱི་རོལ་གྱི་དོན་ནོ།། ཡོད་པ་ཡང་ཞེས་པ་ནི་གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་ཀྱིས་སྟོང་པ་ཉིད་དེ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ནན་ཏན་ནོ།། ངས་དངོས་པོའི་རང་བཞིན་དུ་བསྟན ་པ་ནི་མ་བྱས་མོད་ཀྱི་ཞེས་པ་ནི་ཡང་དག་པར་རིག་པའི་སྐད་ཅིག་པའི་རྒྱན་གྱི་རང་བཞིན་བརྗོད་དུ་མེད་པས་ན་ཇི་ལྟར་ན་སྟོན་ཞེ་ན། དག་པ་འཛག་རྟེན་པ་སྣང་བ་དང་བཅས་པའི་ཏིང་འཛིན་ལས་ཐམས་ཅད་མཁྱེན་པའི་སྒྲའི་རྣམ་པར་བཤད ་པ་དེ་ལྟ་བུར་སྟོན་ཏོ།། ནོར་པ་ལ་མཚན་མ་མེད་པར་མཐོང་བས་ཞེས་བྱ་བ་ནི་སྦོམ་པོ་དང་ཕྲ་མོར་སྣང་བ་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་ན་མེད་དེ། སྟོང་པ་ལ་སོགས་པའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆུད་པ་ནི་དངོས ་པོའི་རང་བཞིན་དུ་ཆུད་པ་ནི་དངོས་པོའི་རང་བཞིན་རྣམས་ལ་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་ཤེསོ།། གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་མི་བྱའོ་ཞེས ་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཆགས་པའི་སེམས་ཅནི་རྣམས་ཀྱི་སྐྲག་པ་ཡོངསུ་སྤང་བའི་ཕྱིར་འཕགས་པའི་ཡེ་ཤེས་ཀྱི་དངོས་པོས་བསྟན་པས་མཛད་པ་ནི ་གཉིས་མེད་པའི་དངོས་པོས་ནི་སྟོང་པའི་མཚན་ཉིད་ཅེས་ཞེས་པར་རོ།། ཇི་ལྟར་ལངྐར་གསུངས་པ་དང་། དགོངས་པ་ངེས་པར་འགྲོལ་པའི་ཚུལ་དང་། བཙུན་གཙོ་འཕགས་པ་བྱམས་པས་གསུངས་པའི་དོན་དེ་ལྟ་བུར་འབྲེལ་པར་བཙུན ་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་དཔག་པ་ཁྱབ་པའི་ཚུལ་གྱིས་སྦྱར་བར་བྱའོ།། ཚུལ་དང་འབྲེལ་པར་བསྟན་པ་གསུང་བ་ནི་གཉིས་ཀྱིས་ཆར་གང་སྣང་བ་དེ་ནི་རྨི་ལམ་དང་། མིག་འཕྲུལ ་དང་། རབ་རིབ་ཀྱི་གཟུགས་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་སྐྱེས་པ་དང་། སྐད་ཅིག་པ་དང་། བདག་མེད་པ་དང་། མི་གཙང་བའོ་ཞེས་དངོས་པོ་བསྟན་པར་བྱའོ།། དེ་བཞིན་དུ་གང་ཡོད་པ་དེ་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། ་འབབ་ཆུ་ལ་སོགས་པ་བཞིན་ནོ།། འགྲོ་བ་གིཉིས་ཀྱི་ཆར་སྣང་བ་ཡང་ཡོད་པ་དང་། བྱས་པ་དང་། སྐྱེས་པའོ།། དེས་ན་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་སྔར་དམ་བཅའ་བོར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། བསྒྲུབ ་པར་བྱ་བ་དང་། སྒྲུབ་པའི་ཆོས་སྤྱིར་ཁྱབ་པར་འབྲེལ་པའི་ཚུལ་གྱིས་ཕྱོགས་ཀྱི་ཆོས་བསྡུ་བར་བྱས་པ་རྒྱུས་སྒྲུབ་པར་འགྲུབ་པར་འགྱུརརོ།། དེའི་ཕྱིར་ན་ཅེས་ནུ་ཐོག་མར་དམ་བཅའ་བར་བྱ། རབ་ཏུ་བྱ་བར་བསྟན་པ་ཉིད་ལས་རྟོགས་པར ་འགྱུར་བ་ནི་འདི་ཅི་རྟག་གམ་མི་རྟོག་ཅེས་རྩོ་དྲ་པ་བརྩམས་པ་ན་གང་སྨྲ་བར་བྱ་བ་གང་བྱས་པ་དེ་ན་མི་རྟག་པ་སྟེ། བུམ་པ་ལྟ་བུ་སྟེ། སྒྲ་ཡང་བྱས་པའོ།། རང་བཞིན་གྱི་ཆོས་དང་དེ་ལྟར་འབྲེལ་པའི་ཕྱིར་བྱིས་པ་མི་རྟག་པ་དང་ཐ་མི་དད་པར ་ཆུད་པར་བྱེད་དོ།། དེ་བཞིན་དུ་མི་དམིགས་པའི་ཚུལ་ལ་ཡང་གང་དམིགས་པའི་ཚུལ་ཉིད་ཐོབ་པ་ལས་མི་དམིགས་པས་ན་དེ་འདི་ན་མེད་དེ་རི་བོང་གི་མགོ་ལ་རྭ་བཞིན་དུ་འདིར་བུམ་པ་མི་དམིགས་པ་སྟེ། དེ་ཡོད་ན་ནི་ཕྱོགས་ཀྱི་རང་བཞིན ་དབེན་པར་དམིགས་པར་མི་འགྱུར་བ་ཞིག་ན། ཇི་ལྟར་བ་བཞིན་དུ་གཞན་ལ་བསལ་བས་མི་དམིགས་པར་སྦྱོར་བའོ།། འབྲས་བུའི་རྒྱུ་ཡང་གང་ན་དུད་པ་ཡོད་པ་དེ་ན་མེ་སྟེ་ཚང་བང་ན་ལྟ་བུ་སྟེ། འདིར་ཡང་དུད་པ་ཡོད་དེ་འབྲས་བུ་ནི་རྒྱུ་ལ་རག ་ལུས་པའི་རང་བཞིན་པས་ན་འབྲེལ་པ་ལས་མི་འགྱུརརོ།། དེས་ན་དམ་བཅའ་བར་བྱེད་པ་ཡང་འདིར་མེ་ཡོད་དོ་ཞེས་རྟོགས་པར་བྱེད་དོ།། རྒྱུ་གསུམ་དང་འབྲེལ་པས་སྒྲུབ་པ་འགྲུབ་པས་ན་དམ་བཅའ་བར་མི་བྱའོ།། གལ་ཏེ་ཡང་ཆོས ་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་བྱ་ན་སྐྱོན་ཅིར་འགྱུར་ཞེས་ཐམས་ཅད་མཁྱེན་པས་ཀྱང་དེ་སྐད་དུ་དོགས་ནས་བཀའ་སྩལ་པ། དམ་བཅའ་བ་ཡང་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུ་བའི་ཕྱིར་རོ།། དེའི་རྒྱུས་འཇུག་པའི་མཚན་ཉིད་ཀྱི ་ཕྱིར་ཞེས་པ་ནི་དམ་བཅའ་བ་དེ་ལས་རྒྱུའི་མཚན་ཉིད་འཇུག་པར་འགྱུར་ཏེ། དེ་མེད་ན་ནི་རྒྱུ་ཡང་མེད་པར་འགྱུར་རོ་ཞེས་གཞན་གྱིས་བསམས་པའོ།། དམ་བཅས་པ་དེ་མ་སྐྱེས་པ་ན་ཞེས་པ་ནི་དམ་ཐོག་མར་བྱ་སྟེ། གང་བརྩད་པ་དེ་ནི་ཉམས་པར ་འགྱུར་རོ།། ཇི་ལྟར་ཞེ་ན། དམ་བཅའ་བར་ཡང་མ་སྐྱེས་པའི་ཕྱིར་ཏེ། སྒྲུབ་པ་གཞན་གྱིས་བསྒྲུབ་དགོས་པས་དེ་བས་ན་ཕྱོགས་མ་ཡིན་པ་ནས་ལོག་སྟེ། ཕྱོགས་དང་བཅས་པར་སྒྲུབ་པ་གང་སྤྱིར་བསྒྲུབ་པ་དང་མི་འབྲལ་བར་ཁྱབ་པར་འབྲེལ ་པའི་ཚུལ་རབ་ཏུ་གྲུབ་པ་དེ་དེ་ལྟ་བུར་སྦྱར་བར་བྱའོ།། དམ་བཙོའ་བས་ཀྱང་སྐྱོན་མང་པོ་ཐོབ་པ་ར་བྱེད་པ། བསྒྲུབ་པ་དང་སྒྲུབ་པ་སྤྱིར་ཁྱབ་པའི་ཚུལ་དུ་ནི་ཡོན་ཏན་མང་པོར་འགྱུར་བ་སྟེ། གཉིས་ཀྱིས་རྣམ་པ་རྣམས་རྨི་ལམ་ལ་སོགས་པ་བཞིན ་དུ་སྐྱེའོ་ཞེས་རང་གི་དངོས་པོ་བསྣུན་པའི་ཕྱིར་སྐྲག་པར་མི་འགྱུར་རོ།། གཞན་གྱི་དབང་གིས་རྣམ་པ་སྣ་ཚོགས་ནི་རྨི་ལམ་ལ་སོགས་པ་བཞིན་དུ་མ་སྐྱེས་སོ་ཞེས་ཚད་མར་ཁྱབ་པའི་ཚུལ་གྱིས་དོན་གཅིག་པ ་ཉིད་ཡང་དངོས་པོ་མེད་པར་བསྟན་པས་སྐྲག་པར་འགྱུར་ཏེ། ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ། བརྟག་པ་ཡི་ནི་རང་བཞིན་གྱི་ས།། དངོས་པོ་ཐམས་ཅད་མ་སྐྱེས་ཏེ། གཞན་དབོང་ལ་ནི་བརྟེན་ནས་སུ།། མི་རྣམས་རྣམ་པར་རྟོག་པ་སྐྱེ། ་རྣམ་པར་རྟོག་པས་རྣམ་སྤངས་ཏེ།། གང་ཚེ་གཞན་དབང་དག་པ་ནི།། གྲུབ་པ་དེ་བཞིན་ཉིད་ཅེས་སྨྲས།། མདོ་སྡེ་མདོ་སྡེར་ངས་བཤད་དོ།། ཇི་ལྟར་དངོས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ ་སྟེ། མཚན་ཉིད་རང་བཞིན་མེད་པ་དང་། སྐྱེ་བྱ་རང་བཞིན་མེད་པ་དང་། དྲིན་དམ་པ་རང་བཞིན་མེད་པའོ།། དེ་ལེ་མཚན་ཉིད་རང་བཞིན་མེད་པ་ནི་མཚན་ཉིད་གང་དག་གིས་རྟག་པ་དང་། བདག་དང་། སྦོམ་པོ་དང་ཕྲ་མོ་དང་། ཕྱི་རོལ་གྱི ་རྡུལ་དུ་རྟོག་པའི་མཚན་ཉིད་དེ་དག་གིས་དངོས་པོའི་རང་བཞིན་དུ་མ་སྐྱེས་པའོ།། སྐྱེ་བ་རང་བཞིན་མེད་པ་ནི་གཞན་གྱི་དབང་གིས་རྣམ་པ་སྔོན་པོ་དང་། སེར་པོ་ལ་སོགས་པ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྐྱེ་བོའི་རང ་གཞིན་མེད་པའོ།། དོན་དམ་པ་རང་བཞིན་མེད་པ་ནི་གྲུབ་པ་སྟེ། གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དོ།། དེ་དེ་ལྟར་ལངྐར་གཤེགས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཚུལ་བཤད་པ་ལ་འོགལ་བར་མི ་འགྱུར་རོ།། གང་དག་ཡང་བརྟགས་པ་དང་། གཞན་གྱི་དབང་བཞིན་དུ་གྲུབ་པ་ཡང་མེད་དོ།། ཞེས་རྣམ་པར་རྟོག་པ་དེ་དག་གིས་ཆོས་ཀྱིས་གནོད་པ་བསྐྱེད་པའི་ལས་སྒྲུབ་པར་བྱེད་དོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལུས་ཀློག ་ཡོད་པ་དང་། མེད་པ་ལས་མ་སྐྱེས་སོ་ཞེས་བྱ་བ་ནི་ཡོད་པ་ཐང་ཅིག་སྐྱེ་བར་མི་རུང་སྟེ། ཡོད་པའི་བའི་ཕྱིར་དེ་ལ་བྱ་བ་ཅི་ཞིག་ཡོད། མེད་པ་ཡང་མི་རུང་སྟེ་དེ་ལོ་བྱ་བ་ཡང་ཅི་ཡོད་དེ། མོད་པའི་དངོས་པོ་མེད་ཅེས་པས་ན་ཅི་ཡང་མི་བྱེད་དེ། ་བྱེད་པ་དགག་པར་བྱེད་པར་གྱུར་པ་ཉིད། ཛཱི་ལྷོར་སཱ་ལུ་ལྡང་པའི་མདོ་སྡེ་ལས་འབྱུང་བ་བདག་གིས་མ་བྱས། ཀཞན་གྱིསེཾ་ས་བྱས། གཉིས་ཀྱང་རྟེན་ཅིང་འབྲེལ་སྟེ་འབྱུང་བ་མ་བྱས་ཞེས་པའོ།། བདག་གིས་ནི་རྒྱུ་མེད་པར་མི་རུང་བས་སོ།། གཞན་གྱིས་ཀྱང ་བྱེད་པ་དང་བྱེད་པ་པི་དང་འབྲེལ་པས་ཀྱང་མི་རུང་།། ཇི་ལྟར་ལུང་སྟོན་པ་པ་རྣམས་རྟོག་པར་བྱེད་པ་པ་ནི་རང་དབང་ཅན་ནོ།། བྱེད་པ་པོས་འདོད་པའི་མཆོག་ནི་ལས་སོ།། བསྒྲུབ་པར་བྱ་བའི་མཆོག་ནི་བྱེད་པ་སྟེ། ཞེས་བྱ་བ་ལ་སོགས་པའོ།། ་དེ་ནས་འདྲི་བྱེད་པ་པོ་དང་། ལས་དང་བྱེད་པ་དང་བྱས་པ་མངོན་པར་འབྲེལ་པར་མི་རུང་ངོ་།། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པོ་མེད་དེ། སུ་གང་དང་ཡང་མི་འབྲེལ་ཏོ།། ཡོན་ཏན་མི་འཕོ་བ་ནི་ལྷན ་ཅིག་ཏུ་མི་གནས་པ་དང་། རྒྱུ་དང་འབྲོས་བུའི་རང་བཞིན་མི་འདྲ་བའི་ཕྱིརརོ།། རང་བཞིན་ལས་ཀྱང་མ་ཡིན་ཏེ། སྣང་བ་དང་མི་སྣང་བ་དག་མཚན་ཉིད་ཐ་དད་པའི་ཕྱིར་ཤིང་དང་ཐལ་བ་ལ་སོགས་པ་བཞིན་ཏེ། གཅིག་པ་ཁོ་ན་མ་ཡིན། ་དབང་པོ་ལས་ཀྱང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ཏེ། དག་པས་ནི་གཞན་གྱི་མྱ་ངན་གྱི་སྡུག་བསྔལ་ཅི་ནུས་བྱེད། མུ་དག་པ་ནི་དེའི་མི་ཤེས་པ་ཡང་སུས་བྱས། དེ་བཞིན་དུ་ཚངས་པ་ལ་སོགས་པར་མི ་གཉིས་པར་སྨྲ་བ་རྣམས་ལ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་ནོ།། རྟག་པ་ལས་ཀྱང་མ་ཡིན་ཐོས་པ་ནི་རྟག་པ་མ་སྐྱེས་པ་སྟེ། མུ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད ་པའོ། ཅིག་ཆེར་དང་རིམ་གྱིས་དོན་བྱེད་པར་འགལ་བས་ན་རྟག་པ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མི་སྲིད་དོ།། ཆད་པ་ལས་ཀྱང་མ་ཡིན་ཞེས་པ་ནི་རྒྱུ་མེད་པ་ལས་མ་ཡིན་ནོ།། དྲན་པོ་བཞིན་ཕ་སྟེ་སྔོན་མྱོང་བའི་རྒྱུ་ལས་བྱུང་ལ ་རྒྱུད་ལ་བལྟོས་ཏེ་སྐྱེས་མ་ཐག་པའི་དགའ་བ་དང་། འཇིག་པ་དང་། མྱ་ངན་རྟོགས་པའི་ཕྱིར་སྔོན་གྱི་གས་པ་རྗེས་སུ་དཔག་གོ།། བླང་བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་སྒྲུབ་པར་གདོན་མི ་བ་སྔར་ཡོད་པའི་ཕྱིར་བྱིས་པ་ལ་ཡང་ཡུལ་རྣམསུ་བདེ་བ་དང་། སྡུག་བསྔལ་སྒྲུབ་ཅིང་དགྲའ་བ་དང་། མི་དགའ་བ་ལ་སོགས་པ་འབྱུང་ངོ་།། དེ་དེ་ལྟར་ན་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་ཅེས་བྱ་བའི་རྟེན་ཅིང་འབྲེལ་པ་སྟེ། སྐྱེ་བ་ལ ་སོགས་པ་གཞན་ལྷག་མ་ནི་མི་རུང་ངོ་།། དེས་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་འབྱུང་བ་མ་ཡིན་ནོ་ཞེས་ལན་མང་པོར་བཤད་པ་ཡིན་ནོ།། དེ་དེ་ལྟར་མི་འབྱུང་བ་འདྲ་བའི་སྐད་ཅིག་པ་གཞན་འབྱུང་བ་ལ་འཁྲུལ་པའི་མཚན་མའི་རྣམ་པ་སྐྱོ་བ་ལ ་སོགས་པར་བརྟགས་པའོ།། རྟག་པ་དང་གཅིག་པར་སྒྲོ་འདོགས་པའི་གནས་ཐ་དད་པར་བརྟགས་ཏེ། བྱེད་པ་དང་བྱེད་པ་པོ་འབྲེལ་པར་ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོར་སྒྲོ་བཏགས་ནས་གཞན་གྱི་དབང་གི་གཉིས་རྣམ་པ་ལ་རབ་ཏུ། ་འཇུག་པ། བུམ་པ་དང་། སྣམ་བུ་ལ་སོགས་པར་བརྟགས་ཤིང་བརྟགས་པ་རྣམས་ནི་ཁང་པ་དང་། སྡེ་དང་ན་གོས་ཚལ་ལ་སོགས་པ་བཞིན་དུ་རྣམ་པར་ཕྱེ་བ་ནུ་དབེན་པ་ཉིད།། དེ་བཞིན་དུ་གཉིས་ཀྱི་རྣམ་པས་སྟོང་པ་རང་བཞིན་གྱིས་འོད་གས། ་བ་དོན་དམ་པའི་བདེན་པ་གཉི་སུ་མེད་པའི་ཆུད་པས་དངོས་པོར་བསྟན་པར་བྱ་སྟེ། བསམ་པ་མེད་ཅིང་སྣང་བ་མེད་པ་དངོས་པོ་དང་དངོས་པོ་མེད་པས་རྣམ་པར་མི་རྟོག་ཅིང་བརྗོད་དུ་མེད་པ་སྐད་ཅིག་པའི་རྒྱུན་ཡང་དག་པར་རིག་པའི་རང་བཞིན ་ཡང་དག་པ་ཇི་བཞིན་པ་ཏིང་ངེ་འཛིན་ལ་བཞུགས་པ་རྣམས་ཀྱིས་མཁྱེན་པོ་ནི་དེ་ལས་གཞན་པའི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་ནོ།། དེར་ནི་དངོས་པོ་དང་དངོས་པོ་མེད་པར ་བསྟན་པ་དང་། སྐྱེ་བ་དང་། དམ་འཆའ་བ་དང་། ཡན་ལག་ལ་སོགས་པ་དང་། ཚད་མ་དང་གཞལ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་དེ། འོན་ཀྱང་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དག་པ་འཇིག་རྟེན་པའི་ཡེ་ཤེས་ཐམས་ཅད་མཁྱེན ་པ་བཞུགས་པ་ནི་སྤྱིའི་རྣམ་པར་སྨྲའི་དོན་སྟོན་ཏོ།། དེ་ལ་ཡན་ལག་ཅེས་བྱ་བ་ནི་དམ་འཆའ་བ་དང་། རྒྱུ་དང་། དཔེ་དང་། སྒྲུབ་པ་དང་། བསྡུ་བར་བྱེད་པར་ནོ་ཡི་ཡ་ཡི་ཀ་ལ་སོགས་པས་བཏགས་པའོ།། དེ་ལ་སྒྲུབ་པར་སྨོས་པ་ནི་དམ་འཆའ ་པའོ།། དཔེ་དང་མཐུན་པའི་ཆོས་ཀྱིས་བསྒྲུབ་པ་སྒྲུབ་པ་ནི་རྒྱུའོ།། སྒྲུབ་པའི་ཆོས་དང་མཐུན་པས་དེའི་ཆོས་སུ་འགྱུར་བ་ནི་དཔེའོ།། ཇི་ལྟར་སྒྲ་ནི་མི་རྟག་པ་སྟེ། བྱས་པའི་ཕྱིར་བུམ་པ་བཞིན་དུ་སྟེ། སྒྲ་ཡང་བྱས ་སོ་ཞེས་བྱ་བ་ནི་བསྲུན་པའོ།། དེ་བས་ན་མི་རྟག་པའོ་ཞེས་བྱ་བ་ནི་སྡུད་པའོ།། ནེ་ཡཾ་ཡ་ཡི་ཀ་རྣམས་ཀྱི་ཐོག་མར་མངོན་སུམ་དུ་བྱས་ནས་རྗེསུ་དཔག་པ་རྣམ་པ་གསུམ་སྟེ། སྔ་མ་ལྟ་བུ་དང་། ལྷག་མ་ལྟ་བུ་དང་། སྤྱིར་མཐོང་བ་ཞེས་སོ།། དྲི་ལོ་སྣ ་མ་ལྟ་བུ་ནརྀ་གྲང་ན་རྒྱུས་འབྲས་བུ་རྗེ་སུ་དཔག་པ་སྟེ། སྤྲིན་བྱུང་བས་ཆར་པ་འབབ་པར་འགྱུར་ཞེས་པའོ།། ལྷག་མ་ལྟ་བུ་ནི་གོང་ན་འབྲས་བུས་རྒྱུའི་རྗེ་སུ་དཔག་པ་སྟེ། དུད་པས་མེ་ལྟ་བུར་རོ།། སྤྱིར་རྗེ་སུ་དཔག་པོ་ནི་ཇི་ལྟར་བྱས་པའི་ཕྱིར་མི ་རྟག་པའི་ཕྱིར་ཞེས་བྱ་བའོ།། སངས་རྒྱས་པ་རྣམས་ཀྱིས་ནི་རང་བཞིན་གསུམ་པའི་རྒྱུ་སྟེ། དཔག་བྱ་དེ་ནས་དེ་མཚུངས་ལ།། དངོས་ཡོད་མེད་པའང་མེད་པར་ངེས། ཞེས་པ་སྟེ། དེ་ལ་རྗེསུ་དཔག་པར་བྱ་བ་ནི་ཤེས་པར་འདོད་པ་ཁྱད་པར་གྱི ་ཆོས་ཅན་ནོ།། བསྒྲུབ་པའི་ཆོས་དང་སྦྱོར་དོན་མཚུངས་པ་ནི་ཕྱོགས་དང་བཅས་པའོ།། གང་ན་བསྒྲུབ་པ་ཆོས་སུ་མི་འཇུག་པ་དེ་ནི་མི་མཐུན་པའི་ཕྱོགས་ཏེ། དེས་ན་བདག་ཉིད་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཡན་ལག་གསུམ་གྱི་རྗེསུ་དཔག ་པའོ།། གཞན་གྱི་དོན་དུ་ཡང་གཞན་གྱིས་ཁོང་དུ་མ་ཆུད་པ་ལ་རང་བཞིན་དང་འབྲས་བུ་འབྱུང་བར་འབྲེལ་པར་ཁྱབ་པའི་ཚུལ་དེ་ལ་སྒྲར་བརྗོད་ཅིང་སྨྲ་བས་ཁོང་དུ་ཆུད་པར་བྱ་བའོ།། དེ་ལྟར་ན་འབྲེལ་པ་ཁྱབ་པའི་ཚུལ་གྱིས་སྨྲ་བར་བྱ་བ ་ལྷ། གང་ན་སྒྲུབ་པ་འདི་ཡོད་པ་དེ་བསྒྲུབ་པར་བྱ་བ་དེ་དང་དངོས་པ་མྱི་བྲལ་བ་སྟེ། ཇི་ལྟར་བུམ་པ་ལ་སོགས་པ་ལ་བྱས་པ་ཡོད་པར་མི་རྟག་པ་ཁོ་ནའི་དངོས་པོ་དྲང་མི་འབྲལ་བའོ།། ཚྭང་བང་ལ་སོགས་པར་ཡང་དུད་པ་ནི་སྡེའི་དངོས་པོ་དང ་མི་འབྲལ་བ་དེ་བཞིན་དུ་སྨྲ་འདི་ལ་བྱས་པ་དང་། རི་དང་རི་བྲེག་ལ་སོགས་པ་ལ་དུད་པའོ།། དེ་ལྟར་མི་དམིགས་པ་ཡང་རི་བོང་གི་མགོ་ལ་རྭ་བཞིན་དུ་ས་གཞི་བུམ་པས་དབེན་པའི་དངོས་པོ་དང་མི་འབྲལ་བ་སྟེ། དེ་བཞིན་དུ་ཐམས་ཅད ་མཁྱེན་པས་ཡན་ལག་བསྟན་པ་ལོ་རྒྱུ་གསུམ་དང་འབྲེལ་པར་དགོངས་པ་རྗེ་སུ་དཔག་གོ། གང་གི་ཚེ་ན་ཡང་དམ་འཆའ་བ་མ་སྐྱེས་པ་དེའི་ཚེ་ན་བདག་ཉིད་ཀྱི་དངོས་པོ་མེད་པའི་ཕྱིར་ཕྱི་མའི་ཡན་ལག་དང་འབྲེལ་པ་མི་རུང་སྟེ། དམ་འཆའ།། ་བ་སོགས་པའི་ཡན་ལག་དུ་སྨྲ་བ་རྣམས་ལ་ཉེས་པ་དེ་ཡོད་དོ།། མི་ཤེས་པ་གང་དག་གིས་དྲམ་འཆའ་བར་བྱེད་པ་དེ་དག་གྲི་མ་སྐྱེས་པས་ན་དེའི་ཕྱིར་ན་མི་བྱའོ།། བསྒྲུབ་པར་བྱ་བའི་དངོས་པོ་མེད་པས་ན་ཡན་ལག་རྣམས་ཀྱི་ཕན་ཚུན ་དུ་རྒྱུའི་མཚན་ཉིད་མི་འདྲ་བ་སྟེ། ཡན་ལག་རྣམས་བལྟོས་པ་དང་བཅས་པས་བྱས་པའི་ཕྱིར་རོ།། སྣང་བ་དང་མི་སྣང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་བཞིན་སྣང་བར་ཕྱི་རོལ་གྱི་མཚན་ཉིད་དུ་སྦོམ་པོ་ཡན་ལག་ཅན་གྱི་རྫས ་གཅིག་རྡུལ་ཕྲ་མོ་ལས་བརྩམས་པར་ཇི་ལྟར་ཀུན་རྟོག་པ་དེ་ལྟར་རྣམ་པར་ཕྱེ་བོན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་པ་སྟོང་པར་འགྱུ་རོ།། ཆ་མེད་པའི་རྡུལ་ཕྲ་མོ་རྣམས་ཀྱང ་བླ་འོག་ཏུ་གནས་པར་མི་རུང་སྟེ། སེམས་དང་སེམས་ལས་འབྱུང་བ་བཞིན་ནོ་ཞེས་ལན་དུ་མར་བསྒྲུབས་པའོ་དེ་བས་ན་ནང་འཁྲུགས་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ ་བཞིན་དུ་ལྟ་བ་དང་། གློ་སླུ་བར་བྱེད་པའི་སྔོན་པོ་ལ་སོགས་པའི་གཟུགས་སོ་སོར་སྣང་ངོ་།། ནམ་ཤེས་རབ་ཀྱིས་དཔྱད་དོ་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ན་མི་དམིགས་པ་དེ་ནས་བསམ་པ་མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག ་པ་གཉིས་ལས་དབེན་པ་ཉིད་གནས་སོ།། ཐུགས་རྗེའི་བག་ཆགས་ཀྱིས་གླེངས་ནས་ཐམས་ཅད་མཁྱེན་པ་སྣང་བ་དོང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་ཞེས་ལྡན་མང་པོས་བཤད་པ་ཡིན་ནོ།། དེ་ནས ་ཐམས་ཅད་མཁྱེན་པས་ཚིག་གི་དོན་མཐའ་དག་སྟོན་པ་ཡང་བརྗོད་དུ་མེད་པའི་འཇིག་རྟེན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་ཀྱི་རྒྱུད་སྐད་ཅིག་རང་བཞིན་སྤྱིའི་རྣམ་པར་སྟོན་ཏོ།། རང་བཞིན་གྱིས་འོད་གསལ་བ་མི་གཉིས་པ ་གཉིས་སུ་མེད་པའི་རྣམ་པ་ལ་ཡང་རྣམ་པ་དང་བཅས་པ་དང་། མཚན་མ་དང་བཅས་པ་དང་། གླེང་བ་དང་བཅས་པར་དུས་གསུམ་ཡིད་ཆེས་པར་སྟོན་པར་མཛད་པ་ནི་པྲ་སེན་ལས་འབྱུང་བའི་དུས་གསུམ་གྱི་ཚིག་གི་དོན་དུ་ཡིད་ཆེས་པར ་བྱེད་པ་བཞིན་ནོ།། ཐམས་ཅད་མཁྱེན་པས་ཚིག་གི་དོན་ཐམས་ཅད་ཐུགསུ་ཆུད་ཅིང་ཡིད་ཆེས་པར་སྟོན་པ་ནི་ལན་དུ་མར་བསྟན་པ་ཡིན་ཏེ། དེས་ན་གཉིས་པ་དང་མི་གཉིས་པའི་ཆོས་སྟོན་པ་ཐམས་ཅད་མཁྱེན་པ་ལ་རིགས་སོ།། བསྡུ་བའི ་ཚིགསུ་བཅད་པ་བཤད་པ།། རང་བཞིན་མེད་ཅིང་རྣམ་རིག་མེད།། དངོས་པོ་མེད་ཅིང་ཀུན་གཞི་མེད།། འདི་དག་རོ་བཞིན་བྱིས་པ་ཡི།། ལོག་པའི་རྟོག་པ་ཅན་གྱིས་བརྟགས། ཞེས་པ་སྟེ་གཟུང་བའི་རང་བཞིན་གྱིས་དངོས་པོ ་མེད་པའི་ཕྱིར་རྣམ་པར་རིག་པ་ཡང་དངོས་པོ་མེད་དོ།། ཕུང་པོར་གནས་པ་མེད་པ་དང་།། རྣམ་པར་མི་འཇིགས་པ་མེད་པའི་ཕྱིར་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ན་སྟོང་པ་ཉིད་དེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལས་འབྱུང་བ་ཕྱི་རོལ་གྱི་ཕུང་པོར་གནས་པ་མེད་པ་དང་རྟག་པ་དང་། བདག་ལ་སོགས་པ་འཛིན་པའི་དངོས་པོ་མི་འཇོག་པ་ཡང་མེད་དོ།། དེ་ལ་འདི་སྙམ་དུ་འགྱུར་ཏེ། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན ་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ།། ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཀུན་གཞི་མེད་ཞེས་པ་སྟེ། རྨི་ལམ་གྱི་དུས་ན་ཡིང་ལུས་དང་། ལོངས། ་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གཅིག་སོ་སོར་སྣང་སྟེ། བསླབ་པ་རྣམ་པ་སྣ་ཚོགས་ཡོངསུ་སྨིན་པའི་མཐུ་ལས་སྣ་ཚོགས་ཐ་དད་པའི་རྣམ་པའི་རྣམ་པར་ཤེས་པ་སོ་སོར་སྣང་ངོ་།། རྨི་ལམ་གྱི་དུས་ན་ཡང ་མམོཚོ་ལ་སོགས་པ་ལི་ཁྲུས་ལ་སོགས་པས་སླུ་བ་མེད་པའི་ཕྱིར་ཚད་མར་ངེས་སོ།། མྱ་ངམ་གྱི་སྨིག་རྒྱུ་ལ་སོགས་པའི་ཆུས་བསླུ་བར་བྱེད་པར་ངེས་པའི་ཕྱིར་ཚད་མ་མ་ཡིན་ནོ།། དེ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་བསླུ། ་བ་དང་བསླུ་བ་མེད་པར་གདོན་མི་ཟ་བས་གཉིས་པ་དང་མི་གཉིས་པར་སྒྲུ་བ་ཐ་དད་པ་རྣམས་ལ་སྣང་བ་ཙམ་ལ་གཞལ་བུ་དང་ཚད་མར་རྣམ་པར་བརླག་བྱ་དེར་མཚུངས་སོ།། ཕྱི་རོལ་གྱི་དོན་ཀྱང་མེད་དེ། མི ་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་འཛིན་པ་དང་གཟུང་བའི་རྣམ་པ་དག་མ་སྐྱེས་པ་དང་། སྟོང་པ་ཉིད་དང་། རླུང་བཞིན་མེད་པ་ཉིད་དོ།། དེས་ན་ལུས་དང་། ལོངས་སྤྱོད་དང་། ས་ལ་སོགས ་པ་སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་དཔྱང་དེ་གཞིགས་ནས་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གང་གི་ཚེ་མོ་དམིགས་པ་དེའི་ཚེ་ཕྱི་རོལ་གྱི་ལུས་ལ་སོགས་པ་རང་བཞིན་གྱི་བྱིས་པ་ལོག་པརོ་རྟོག་པ་བླུན་པ་རྣམས ་ཀྱིས་ཀུ་བརྟགས་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ།། ཆོས་རྣམས་ཐམས་ཅད་མ་སྐྱེས་པར།། མུ་སྟེགས་ཀུན་ལ་བསྒྲགས་པའི་ཕྱིར།། དངོས་པོ་རྐྱེན་དང་ལྡན་པ་ནི།། སུ་ལའང་སྐྱེས་པ་ཡོད་མེད།། དངོས་པོ་ཐམས ་ཅད་མ་སྐྱེས་པར།། དམ་འཆའ་བ་ལ་མི་རྟག་སྟེ། ཞེས་པ་ནི་སྐྱེ་བ་ལ་སོགས་པའི་ཆོས་གུད་ན་ཡོད་པ་མ་ཡིན་ཏེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་གཉིས་པོ་མེད་དེ། དེས་ན་དངོས་པོ་རྐྱེན་དང་ལྡན་པ་ཡོད་པ་མ་ཡིན་ཏེ། ་ཇི་ལྟར་ལུང་སྟོན་པ་པ་རྣམས་རྟོགས་པར་བྱེད་པ། བྱེད་པ་པོ་ན་རིང་དབང་ཅན་དང་། བྱེད་པར་འདོད་པའི་མཆོག་ནི་ལས་དང་། སྒྲུབ་པར་བྱེད་པའི་གཙོ་བོ་ནི་བྱེད་པ་པོ་ཞེས་པ་དེ་ལྟར་བུར་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། བྱ་བ ་བྱེད་པ་པོ་གང་མངོན་པར་འབྲེལ་ཏེ་སྐྱེ་བ་མེད་དོ།། དེས་ན་མུ་སྟེགས་ཐམས་ཅད་ལ་བསྒྲག་པའི་ཕྱིར་ཆོས་ཐམས་ཅང་མ་སྐྱེས་པ་སྟེ། མུ་སྟེགས་བྱེད་རྣམས་ཐམས་ཅད་ནི་རྟག་པ་དང་བདག་ཏུ་སྨྲ་བའོ།། སངས་རྒྱས་པ་རྣམས་ནི་བདག ་མེད་པར་སྨྲ་བ་སྟེ། དེའི་ཕྱིར་དེ་དག་གི་འདུ་བྱེད་ཐམས་ཅད་སྐད་ཅིག་མ། མི་བརྟན་བྱེད་པ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡོད་དེ་བརྗོད་དོ།། གཞན་གྱི་དབང་གི་སྣང་བའི་ཆོས་རྣམས་ལ་ཡང་རྨི་ལམ་དང་། མིག ་འཕྲུལ་དང་། རབ་རིབ་ལ་སོགས་པ་བཞིན་དུ་སྐྱེ་བའི་རང་བཞིན་མེད་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་བདག་དང་། རྟག་པ་ལ་སྩོགས་པ་བརྟགས་པ་རྣམས་མི་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མ་སྐྱེས་པ ་ན་མི་སྐྱེའོ།། དོན་དམ་པ་མི་གཉིས་པ་ཡང་དག་པར་རིག་པ་སྐད་ཅིག་མའི་རྒྱུན་ཀྱང་བརྗོད་དུ་མེད་པའི་ཕྱིར་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་དོ་ཞེས་པ་འབའ་ཤིག་གོ།། བརྟགས་པའི་སྐྱེ་བ་ལ་སོགས་པ་ལྷག་པ་རྣམས་ཆོས ་དང་གང་ཟག་ལ་བདག་མེད་པ་གཉིས་ལ་ཡང་ཡོད་པ་མ་ཡིན་ནོ།། གང་གིས་སྐད་ཅིག་པ་རྣམས་རྐྱེན་དོང་ལྡན་པ་མ་ཡིན་པ་དེས་ན་ཆོས་ཐམས་ཅད་མ་སྐྱེས་པ་སྟེ་སྐད་ཅིག་མ་གང་ལ་རྒྱུའི་སྐྲོད་ཅིག་པ་ཡོད་པ་དེ་ལ་འབྲས་བུའི་སྐད ་ཅིག་པ་མེད་དེ། དེས་ན་དངོས་པོ་རྣམས་རྐྱེན་དང་མི་ལྡན་པ་ནི་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ།། ཆོས་ཐམས་ཅད་སྐྱེ་བ་མེད་པར་དམ་འཆའ་བའི་མི་རྟག་ཅེས་བྱ་བ་ལ་སོགས་པ་ཅིའི་སླད་དུ་ཞེས་བྱ་བ་དང་། དེའི་ཕྱིར་གསུང ་པ། རྒྱུ་དེ་དང་ནི་ལྡན་པའི་ཕྱིར།། འགྲུབ་བློ་དེ་ཉམས་དེ་དག་འགྱུར།། ཞེས་པ་སྟེ། རྒྱུ་དེ་དང་ནི་ལྡན་པའི་ཕྱིར་ཞེས་བྱ་བ་ནི་དམ་འཆའ་བའི་རྒྱུ་དང་ངོ་།། འགྲུབ་བློ་དེ་ཉམས་དེ་དག་འགྱུར། ཞེས་པ་ནི་ཆོས ་ཐམས་ཅད་ཀྱི་ནང་དུ་འདུ་བའི་ཕྱིར་དམ་འཆའ་བ་མ་སྐྱེས་པའོ།། དམ་འཆའ་བ་ལ་སོགས་པ་བསྒྲུབ་པ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་ཡང་མི་འགྲུབ་བོ།། འོན་ཏེ་དམ་འཆའ་བ་ན་སྐྱེས་ན་ནི་དེས་ཆོས་ཐམས་ཅད ་ཀྱང་སྐྱེས་པའོ།། དེའི་ཕྱིར་སྔར་བཤད་པའི་ཚུལ་གྱིས་རྨི་ལམ་ལ་སོགས་པར་དངོས་པོ་བསྟན་པར་བྱའོ།། སྟོང་པ་དང་རང་བཞིན་མེད་པ་ལ་སོགས་པར་དམ་འཆའ་བར་མི་བྱ་སྟེ། འོན་ཀྱང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། ་གཟུགས་བརྙན་ལ་སོགས་པ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་དང་། རང་བཞིན་མེད་པར་ཕྱི་རོལ་གྱི་གཟུགསོ་ཞེས་སྨྲ་བར་བྱའོ།། འཇིག་རྟེན་པའི་ཆུད་པ་ཐམས་ཅད་གཟུང་བ་དང་འཛིན་པའི་རང་བཞིན་བསླད་པ་ལས་འབྱུང་བར ་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱི་སྒྲུབ་པར་མཛད་པ། ཇི་ལྟར་ལོག་པ་སྒྲས་བཤད་འཛིངས།། སྐྱེ་བོ་རབ་རིབ་ཅན་གྱིས་མཐོང་།། དེ་བཞིན་དངོས་པོར་རྣམ་རྟོག་འདྲི།། ལོག་པར་བྱིས་པས་རྣམ་པར་བརྟགས། ཞེས་པ་སྟེ། བདག་དང་གཞན ་གྱི་རྒྱུད་ཀྱི་དབང་ལས་སྐྱེསམཉམ་པར་མི་འཇོག་ཅིང་ནང་ཐོང་བ་མགོ་འཁོར་བ་དང་བརྒྱལ་བ་དང་། རབ་རིབ་ལ་སོགས་པ་ལྟ་བུར་འཛིན་པ་དང་གཟུང་བའི་དངོས་པོ་ལ་གདོན་མི་ཟ་ཞིང་། དེར་ནོར་པ་རྣམས་ལ་དངོས་པོར་འཛིན་ཏོ།། ་ཇི་ལྟར་ན་ཡང་བྱིས་པ་རྣམས་ཀྱི་དངོས་པོ་ཇི་ལྟ་བུར་མཐོང་བ་དེ་ལྟ་བུ་མེད་ཅེས་པ་དང་། ཐམས་ཅད་མཁྱེན་པས་རིགས་པ་གཞན་སྒྲུབ་པར་མཛད་པ། སྲིད་པ་གསུམ་ནི་བཏགས་པ་ཙམ།། དངོས་པོའི་རང་བཞིན་ཡོད་མེད་དེ།། བཏགས ་པའི་དངོས་པོའི་རང་བཞིན་དུ།། རྟོག་པ་ཅན་རྣམས་རྟོག་པར་འགྱུར།། ཞེས་ཏེ། གཅིག་པུ་དང་། སྦོམ་པོ་དང་། ཆེན་པོ་དང་། ཚད་ཅན་དང་། ཡངས་པ་དང་། ཟླུམ་པ་ལ་སོགས་པ་ལུས་དང་། བུམ་དང་། སྣམ་པུ་ལ་སོགས་པའི་རྫས་སུ་ཁྱད་པར ་ཅན་ལ་སོགས་པ་རྟོག་པ་ཅན་རྣམས་རྟོག་གོ། དེ་ལྟ་བུའི་རྣམ་པ་ཅན་བཙོས་པ་དང་། མ་བཅོས་པ་དང་། བསྐུལ་པ་དང་། མ་བསྐུལ་བ་དང་། བསྒྲིབ་པ་དང་། མ་བསྒྲིབས་པ་ལ་སོགས་པར་རྣམ་པར་ཕྱེ་བ་དང་། ཡན་ལག་ལས་འདུས ་ཤིང་བརྟགས་པས་རྣམ་པ་ཐ་དད་པ་ཕྱོགས་ཀྱི་ཆ་ཐ་དད་པས་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཟུགས་གཙུག་པར་མྱི་རིགསོ།། ཕྲ་མོའི་གཟུགས་དང་། རོ་དང་། དྲི་དང་། རེག་པ་ལུས་པ་ལ་སྣུམ་བུ ་དང་བུམ་པ་ལ་སོགས་པར་གདགས་པོར་བྱ་ན། གཟུགས་ལ་སོགས་པའི་རྡུལ་ཕྲ་མོ་རྣམས་ཀྱང་ཕྱོགས་ཀྱི་ཆ་ཐ་དད་པས་དབྱེ་བ་ན་སྟོང་པ་ཉིད་དེ། དངོས་པོའི་རང་བཞིན་ཡོད་མེད་དོ།། གང་ལ་འཛིན་པ་དང་གཟུང་བའི་དངོས་པོ་དེ ་ལྟ་བུའི་རྣམ་པ་ཅན་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ།། དེ་བཞིན་དུ་སྒྲུབ་པར་མཛད་པ། མཚན་དང་དངོས་པོ་རྣམ་རིག་དང་།། ཡིད་ཀྱི་རྣམ་པར་གཡོས་པ་ལས།། ང་ཡི་སྲས་རྣམས་འདས་ན་ནི།། དེ་དག་རྣམ ་པར་མི་རྟོག་སྤྱོད།། སྨིག་རྒྱུ་བ་ལ་ཇི་ལྟ་བུར།། ཆུ་མེད་པ་ལ་ཆུར་འཛིན་པ།། སྣང་ལ་བྱིས་པ་དེ་བཞིན་ཏེ།། འཕགས་པ་རྣམས་ནི་ཁྱད་པར་ལྡན་ཞེས་པ་སྟེ། དེ་ལ་མཚན་ནི་གཟུགས་ལ་སོགས་པ་སྟེ། དེར ་རྣམ་པར་རིག་པའོ།། དེ་ལས་དེ་མ་ཐག་ཏུ་ཡོད་ཀྱི་རྣམ་པར་གཡོས་པ་སྟེ། སྦོམ་པོ་དང་ཕྲ་མོ་ལ་སོགས་པར་རྣམ་པར་བརྟགས་པའོ།། གང་གི་ཤེས་རབ་ཀྱིས་དཔྱད་དེ་རྣམ་པར་གཞིགས་ནས་མི་དམིགས་པ་དེའི་ཚེ་མཚན་མ་ཐམས་ཅད་ལ་སྟེ། ་འདས་ནས་རྣམ་པར་མ་རྟོག་པར་སྤྱོད་ཙྪེངྒེ་གནས་སོ།། ཇི་ལྟར་ན་གཟུགས་ལ་སོགས་པ་མེད་པར་ཡང་དེ་དག་ལ་མངོན་པར་ཆགས་པར་འགྱུར་ཞེས་ཐུགས་དོགས་ནུས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཆུ་མེད་པ་ལ་ཆུར་འཛིན་པ ་དེ་བཞིན་དུ་ནིང་བློངས་ནང་སྣང་བ་ལྔ་ཕྱི་རོལ་གྱི་བར་མངོན་པར་ཆགས་པའོ།། སྣང་བ་ཙམྦ་ལ་དག་པ་དང་མ་དག་པར་རྣམ་པར་ཤེས་པའི་ཕྱིར་འཕགས་པ་དང་བྱིས་པ་རྣམས་ལ་དེ་བོཞིན་ཏེ། འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་མི་རྟག ་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་རོ།། བྱིས་པ་རྣམས་ཀྱིས་ནི་རྟག་པ་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པར་རོ།། ཁྱད་པར་དང་ལྡན་པ་ནི་བྱིས་པའི་ཤེས་པ་ལས་འཕགས་པ་རྣམས་ཀྱིས ་རྣམ་པར་ཐར་པ་གསུམ་གྱི་ཡེ་ཤེས་དག་པ་ཁྱད་པར་ཅན་ནོ།། ཐམས་ཅད་མཁྱེན་པས་དེ་སྐད་དུ་གསངས་པ།། འཕགས་པའི་མཐོང་བདོག་པ་སྟེ།། རྣམ་པར་ཐར་པ་གསུམ་ལེས་སྐྱེས།། སྐྱེ་དང་འཇིག་ལས་རྣམ་གྲོལ་བ།། སྣ ་མེད་རབ་ཏུ་སྤྱོད་རྣམས་ཀྱིས། ཞེས་པ་སྟེ། འཕགས་པ་དང་བྱིས་པ་གཉིས་ཀྱི་མཐོང་བ་ན་དག་པ་དང་མ་དག་པའོ།། འཕགས་པ་རྣམས་ཀྱི་ནི་རྣམ་པར་ཐར་པ་གསུམ་ལས་འབྱུང་ངོ་།། བྱིས་པ་རྣམས་ཀྱི་ནི་ནང་བློང་བ་མཉམ་པར་མི ་འཇོག་པའི་མི་རིག་པ་དང་། ལས་རྣམ་པར་སྨིན་པ་ལུས་སྐྱེས་པ་སྟེ། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་འཁོར་བར་སྣང་བ་སྣ་ཚོགས་ཀྱི་རྣམ་པའི་ཤེས་པའོ།། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་ཅིང་ཤེས་པར་བྱ ་བ་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་སྟེ་མི་དམིགས་པ་དེའི་ཚེ་ན་གཉིས་ཀྱེ་རྣམ་པའི་དངོས་པོ་དང་། དངོས་པོ་མེད་པ་ཐམས་ཅད་དང་། རྟག་པ་དང་། གཅིག་པུ་དང་། བདག་དང་། ལས་དང་། བྱེད་པ་དང་། བྱེད་པ་པོར་མངོན་པར་འབྲེལ་པའི ་སྐྱེ་བ་དང་འཇིག་པ་ལ་སོགས་པ་མཚན་ཉིད་ལས་ཐ་དད་པའི་ཆོས་རྣམས་མ་དམིགས་པའི་ཕྱིར་འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིསུ་མེད་པ་ཡང་དག་པར་རིག་པ ་རང་བཞིན་གྱིས་འོད་གསལ་བ་གནས་སོ།། ཇི་ལྟར་བཙུན་གཙོ་འཕགས་པ་བྱམས་པས་དགོངས་པ་བྱེད་པ་ལས་འབྱུང་བ། དེ་སྟེ་ཉོན་མོངས་དེ་མ་གྱུར།། ཝཾསྣ་ཅན་ཐམས་ཅད་གྲོལ་བར་འགྱུར།། དེ་སྟེ་རྣམ་དག་དེ་མཱི་འགྱུར།། འབྱུ་བྱ ་འབྲས་བུ་མེད་པར་འགྱུར།། ཉོན་མོངས་པ་དང་རྣམ་དག་པ།། དྲིར་བཅོས་དྲི་མ་མེད་པའང་དེའོ།། ཆུ་ཁམས་གསེར་དང་ན་མཁའ་རྣམས།། དག་པ་བཞིན་དུ་དག་པའོ་ཞེས་པ་སྟེ། གང་གི་ཚེ་ན་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ ་ནི་སྟོང་པར་མཐོང་བས་མཚན་མར་མི་འཛིན་པ་དང་། སེམས་ཀྱིས་མི་སྨོན་པ་སྟེ། རྣམ་པར་ཐར་པ་གསུམ་གོང་ནས་གོང་དུ་སྣང་བ་མེད་པར་དཔྱོད་པའི་འཕགས་པ་དེ་དག་གི་མི་གཉིས་པའི ་ཡེ་ཤེས་དེས་ན་དཔུང་མཐའ་རྣམ་པར་འབྱེད་པ་ལས་བཤད་པ། ཆུའི་ཁམས་དང་། གསེར་དང་། ན་མཁའི་ཁམས་ལྟ་བུར་དག་པའོ།། ཇི་ལྟར་ན་ཡང་འཕགས་པ་རྣམས་ཀྱི་ཆུད་པའི་རང་བཞིན་སྣང་བ་ཐམས་ཅད་ལས་གྲོལ ་བ་ལགས་ཞེས་ཐམས་ཅད་མཁྱེན་པས་དེ་སྐད་དུ་ཐུགས་དོགས་ནས་བཀའ་སྩལ་པ། དངོས་པོ་རྣམས་ནི་སྣང་མེད་དེ། རྣལ་འབྱོར་ཅན་ལ་མེད་པའང་མེད།། དངོས་དང་དངོས་མེད་མཉམ་པས་ནི།། འཕགས་པ་རྣམས་ཀྱི་འབྲས ་བུ་སྐྱེ་ཞེས་པ་སྟེ། དེ་ལ་སྣང་བ་མེད་པ་ནི་དངོས་པོ་ཐམས་ཅད་ཀྱི་དོན་དམ་པ་སྟེ། འཛིན་པ་དང་གཟུང་བའི་སྣང་བ་དང་བྲལ་བའོ།། དེ་ཇི་ལྟར་ན་རྟོགས་པར་འགྱུར་ཞེས་པ་དང་། ཐམས་ཅད་མཁྱེན་པས་སྟོན་ཏེ། དེ་ནི་ཡང་དག ་པར་རིག་པས་རྟོགས་པར་བྱ་སྟེ། དེ་ལྟ་བུའི་རྣམ་པ་ཅན་ནི་རྣལ་འབྱོར་ཅན་ནི་དངོས་པོའོ།། ཇི་ལྟར་ཞེ་ན། དེར་རྟོགས་པ་ཅན་ཏེ་ངེས་པར་འཇུག་པའི་དབང་པོའི་ཤེས་པས་མྱོང་བ་བཞིན་ནོ།། དགོངས་པ་ལ་བལྟོས་ཏེ་སེམས ་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་རབ་ཏུ་འབྱུང་ངོ་།། ངེས་པར་འཇུག་པའི་དབང་པོའི་ཤེས་པ་རྣམས་ནི་ཡུད་ཙམ་དུས་གནས་སོ།། བསམ་པ་མེད་ཅིང་སྣང་བ་མེད་པར་ཡང་དག་པར་རིག་པ་ནི་ཡུན་རིང་པོར་རོ།། ་དབུགས་ཐུབ་པ་ནི་ཡང་དག་པར་རིག་པ་ཙམ་གནས་སོ།། འཕགས་པ་རྣམས་ཀྱི་རྣམ་པ་དེ་ལྟ་བུའི་འབྲས་བུ་དངོས་དང་། དངོས་པོ་མེད་པར་མཉམ་པས་སྐྱེ་བ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང ་བ་དངོས་པས་མངོན་པར་རྟོགས་པ་མ་ཡིན་ལ་དངོས་པོ་མེད་པས་ཀྱ་ང་མ་ཡིན་ཏེ། ཇི་ལྟར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་མཉམ་པས་སོ།། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་སྦྱངས་པའི་ཕྱིརརོ་ཞེས་བྱ་བ་དེའི ་བཤད་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་རིག་པར་བྱའོ།། ཇི་ལྟར་ཡང་མདོ་སྡེ་འདིར་གསུངས་པ།། མཚན་ཉིད་དང་ནི་བྱ་བ་དང་།། དངོས་པོར་མྱ་ངན་ང་མི་འདའ།། རྣམ་རྟོག་རྣམ་ཤེས་བཟློག་པ་ན།། དྷོ་ནི་མྱ་ངན་འདས་པ ་ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངསོ།། དེ་བས་མེད་པར་ཤེས་མི་བྱ།། ཡོད་པར་ཡང་ནི་མི་བརྟག་གོ།། དངོས་པོ་དང་དངོས་པོ་མེད་པོ་མཉམ་ཞིང་རྣམ་པར་མི་རྟོག་པ་ནི་དབུ་མཱའི་ཏིང་ངེ་འཛིན་ཏོ།། ཇི་ལྟར་ན ་དངོས་པོ་མེད་པས་དངོས་པོ་རྣམས་མཉམ་པ་ཉིད་དུ་མེད་ཅེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཇི་ལྟར་དངོས་མེད་དངོས་པོ་རྣམས།། མཉམ་པ་ཉིད་དུ་ཇི་ལྟར་བྱེད།། ཕྱི་དང་ནང་གི་གཡོ་བ་རྣམས།། ་ནམ་ཞིག་སེམས་ཀྱིས་མི་ཤེས་ན་ཞེས་པ་སྟེ། ནམ་ཞིག་སེམས་ཀྱིས་འཛིན་པ་དང་། གཟུང་བའི་དངོས་པོར་མི་ཤེས་པ་དེ་ན་རང་བཞིན་གྱིས་འོད་གསལ་བའི་མི་གཉིས་པ་རྣམ་པར་ཆུད་པ་རྣམས་ཀྱིས་གཉིས་ཀྱི་རྣམ་པའི་དངོས ་པོ་མཉམ་པ་ཉིད་དུ་འགྱུར་རོ།། ཕྱི་ནང་གི་གཡོ་བ་རྣམས་ཤེས་བྱ་བ་ལ་སོགས་པ་ནི་སྐད་ཅིག་པ་ཡང་དག་པར་རིག་པ་གཉིས་པ་ལ་འཛིན་པའི་བདག་ཉིད་ཀྱིས་ཕྱི་རོལ་གྱི་གཟུང་བར་རྣམ་པར་མི་རྟོག་པར ་རྣམ་པ་དེ་ལྟ་བུའི་དོན་དམ་པའི་བདེན་པ་གཉིས་སུ་མེད་པོའི་ཡང་དག་པར་རིག་པའི་རང་བཞིན་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་སེམས་ཀྱང་མི་རྒྱུན་ཡི་གེ་དང་སྒྲ་ལྟ་ཅི་སྨོས། དེས་ན་ཡང་དག་པར་རིག་པ་གཉིས་ཀྱི ་དངོས་པོ་མེད་པ་འཇིག་པར་མི་བྱེད་དོ།། དེ་བཞིན་དུ་ཡང་བཙུན་གཙོ་འཕགས་པ་བྱམས་པས་གསུངས་པ། གཉིས་ཀྱི་དངོས་པོ་མེད་པ་ཡི།། དངོས་པོ་སྟོང་པའི་མཚན་ཉིད་དོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ།། གཉིས ་ཀྱི་རྣམ་པས་དོན་དམ་པ་ལ་རང་བཞིན་མེད་པའོ།། རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་སྟོང་པ་ཉིད་དུ་འདིར་སྨྲས་པ་ཡིན་ནོ།། འཕགས་པ་ལངྐར་གཤེགས་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ ་པ་ལས་མངོན་སུམ་དང་རྗེས་དཔག་པ་དཔྱང་པའི་ལེའུ་ཕྲན་བཅུའོ།། ། བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ནམ་དམིགས་པར་བྱ་བའི་དོན་ཤེས་པས་མི་དམིགས་པ་དེ་ནི ་རྣམ་པར་རིག་པའི་གཟུང་བ་མེད་པས་འཛིན་པ་ཡང་འཛིན་པ་མེད་པ་ཡིན་ནོ།། དེ་འཛིན་པ་མེད་པས་རྣམ་པར་རྟོག་པ་ཞེས་བསྒྲགས་པའི་རྣམ་པར་ཤེས་པ་ཡང་མི་འཇུག་གོ་ཞེས་གསུངས་ན་ཞེས་བྱ་བ་ནི་འཕགས་པ་བྱམས་པས ་བཤད་པ་ལྟ་བུ་སྟེ། དོན་དང་སེམས་ཅན་བདག་རྣམ་རིག། སྣང་བ་རབ་ཏུ་སྐྱེ་བ་ནི།། རྣམ་པར་རིག་པའོ་དེའི་དོན་མེད།། དེ་མེད་པས་ན་དེ་ཡང་མེད།། ཅེས་བྱ་བ་འདི་ནི་ཐམས་ཅད་མཁྱེན་པའི་ཕྱོགས་སུ་གནས་པ་སྟེ། དམིགས་བྱ་དམིགས། ་དང་བྲལ་བར་ནི།། གང་ཚེ་འདུས་བྱས་མཐོང་བ་ནི།། མཉམ་ཉིད་སེམས་སུ་མཐོང་བ་ནི།། དེ་ཚེ་འཇིག་པར་མི་བྱེད་དོ་ཞེས་པར་རོ།། ནམ་སྦོམ་པོ་དང་ཕྲ་མོ་རྣམ་པར་དཔྱད་དེ་རྣམ་པར་ཕྱེ་བོ་ན།། ཁང་པ་དང་སྡེ་དང་ནགས་ཚལ་ལ་སོགས་པ ་བཞིན་དུ་མེད་དེ་སྟོང་པ་ཉིད་དོ།། ཆ་མེད་པ་རྣམས་ཀྱང་བླ་འོག་གི་ཚོགས་སུ་མི་རུང་སྟེ། སེམས་དང་སེམས་ལས་འབྱུང་བ་བཞིན་ནོ།། ཀུན་མཁྱེན་དམ་ཆོས་འཛིན་པ་འགྲེལ་པ་ནི།། བདག་མེད་གྲུབ་མཐའ་ཚུལ་ནི་རྒྱས་པ་ལ།། ངས་གང་དེ ་ཡི་རྣམ་དཔྱད་འདིར་བྱས་པ།། གང་ན་སྔ་མའི་ཀླུས་པོས་གཉེན་རྣམས་ཀྱིས།། འགྲེལ་པ་མ་བྱས་བདག་གིས་བྱས་ནས་ནི།། ཚད་མ་ལུང་དང་རིགས་པ་སྦྱར་ནས་སུ།། འོན་ཀྱང་འདིར་ནི་ལེགས་བཤད་པ་ཡིན་ཅི།། ལོག་པའི་སྨོན་ལམ་ཉིད ་ནི་བཏབ་པའོ་ཞེས་པའོ།། ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱིས་རྡུལ་ཕྲ་མོ་ལ་ཆ་མེད་པར་ཁོས་ལེན་པ་དེ་དག་ནི་ཕྱོགས་ཀྱིས་ཐ་དད་པར་དབྱེ་བ་ན་གཅིག་པར་མི་རིགས་སོ།། དེས་ན་ཕྱི་རོལ་གྱི་གཟུང་བའི་དངོས་པོ་མེད་པའི་ཕྱིར། འཛིན ་པའི་རྣམ་པར་འཛིན་པའི་དངོས་པོ་ཡང་མེད་དོ།། ནམ་ཤེས་རབ་ཀྱིས་དཔྱད་དེ། ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་མི་དམིགས་པ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་དངོས་པོ་དང་དངོས་པོ་མེད་པའི ་པའི་མཉམ་པ་ཉིད་ཡང་དག་པར་རིག་པ་གནས་སོ།། དེས་ནི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་ལྟ་བུའི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི ་བདྲེན་པ་མི་གཉིས་པར་ཡང་དག་པར་རིག་པ་བརྗོད་དུ་མེད་པ་ལ་འཇིག་པར་མི་བྱེད་དོ།། བློངས་པའི་མཐུ་ཉིད་ཀྱིས་ལུས་ལ་སེམས་ཅན་དུ་ངེས་སོ།། སེམས་ཀྱི་རྒྱུད་ལ་རྟག་པ་དང་། གཅིག་ཕུ་དང་། བདག་ཏུ་འཛིན་ཏོ།། མིག་ལ་སོགས། ་པའི་རྣམ་པར་ཤེས་པ་ལ་བྱེད་པའི་ལས་སུ་རྣམ་པར་རྟོག་སྟེ། སེམས་ཅན་ལ་སོགས་པའི་ཚོགས་ཀྱི་དོན་ཐམས་ཅད་གཟུང་བའི་དངོས་པོ་མ་ཡིན་པའི་ཕྱིར་ཤེས་པ་མི་འཇུག་གོ།། དེ་ལ་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ནི ་ཤེས་པའི་ཤེས་པར་བྱ་བ་ཇི་ལྟ་བུར་ན་ཡོངསུ་མི་ཤེས་ཅི་རང་དང་སྤྱིའི་མཚན་ཉིད་ཡོངསུ་མི་ཤེས་སམ། ཅི་གཞན་གྱིས་ཟིལ་དུ་བརླག་གམ། ཅི་བསྒྲིབས་པས་སམ། ཅི་རིང་བས་སམ། ཅི་ཧ་ཅང་ཉེ་བས་སམ། ཕྲ་བའི་དངོས་པོས་སམ ་ཅིའི་དབང་པོ་དང་མི་ལྗོན་པས་སམ། ཅི་ཡིད་བསྐྲད་པས་སམ། དེ་དེ་བཞིན་དུ་འདུས་པའི་ཕྱིར་རམ། གྲངས་ཅན་ལ་སོགས་པས་རྒོལ་བའི་ཐེ་ཚོམ་དུ་བློ་གྲོས་ཆེན་པོས་ཐམས་ཅད་མཁྱེན་པ་ལ་གསོལ་པ། རང་དང་སྤྱིའི་མཚན་ཉིད ་ཁོང་དུ་མ་ཆུད་པ་ནི་དགོས་པ་ལས་ཀྱང་འབྱུང་།། དེ་ལ་ཐམས་ཅད་མཁྱེན་པའི་ཕྱིར་མའི་ཕྱོགས་ནི་ངས་དེ་ལ་དགོངས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་ཤེས་རབ་ཀྱིས་དཔྱད་དེ་དམིགས་པར་བྱ་བའི་དོན་ཤེས་པས་མི་དམིགས ་པ་དོན་རྣམ་པར་རིག་པ་ཙམ་དུ་གཞག་པ་ཡིན་ནོ།། ཞེས་བཤད་ཀྱི་ཡོངསུ་མི་ཤེས་པ་ཙམ་ལས་ནི་མ་ཡིན་ནོ།། གཉིད་ལོག་པ་དང་། སྨོས་པ་དང་། མྱོས་པ་དང་། བླུན་པ་དང་། ལོང་བ་དང་། ལྐུག་པ་དང་། བྱིས་པ་དང་། གླེན་པ་དང ་བསྒྲིབས་པ་དང་། ཟིལ་དུ་བརླག་པ་དང་། རབ་རིབ་དང་། ཡོངསུ་མི་གསལ་བ་དང་། བསླང་པ་དང་། ལོག་པའི་རྣམ་པ་སྣ་ཚོགས་ཤེས་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་རྣམ་པར་བཞག་པར་བཤད་པ་མ་ཡིན་ནོ།། དེར་གཞན་པ ་དང་། གཞན་པ་མ་ཡིན་པ་དང་། རང་དང་སྤྱིའི་མཚན་ཉིད་ཐ་དད་པ་དང་། རང་དང་སྨྲ་བ་ཐ་མི་དད་པར་སྨྲ་བའི་རྣམས་ནི་འཁྲུལ་པ་སྟེ། ཇི་ལྟར་ནི་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱིས་སྤྱི་ནི་ཐ་དད་པར་རྟོག་གོ།། གྲངས་ཅན ་རྣམས་ཀྱིས་ནི་ཐ་མི་དད་པར་རོ།། ཀྵ་པ་ན་ཀ་དང་སྤྱོད་པ་ཅན་རྣམས་ནི་རང་དང་སྤྱིའི་མཚན་ཉིད་ལ་ཐ་དད་པ་དང་། ཐ་མི་དང་པ་དང་། གཞན་པ་དང་། གཞན་པ་མ་ཡིན་པའི་རང་བཞིན་དུ་རྟོག་གོ། སྒྲ་པ་རྣམས་ནི་བདག་གིས་ཤེས ་པ་ཡོད་པར་རོ།། ཚངས་པར་སྨྲ་བ་རྣམས་ནི་གཉིས་སུ་མེད་པར་རྟོག་གོ།། ཞི་བ་པོ་རྣམས་ནི་འཇིག་རྟེན་ནི་ཞི་བ་པའི་མཐུ་ཅན་དུ་རྟོག་གོ།། གཏོགས་འདོད་པ་རྣམས་ནི་གཏོགས་འདོད་ཀྱི་བར་རོ།། གཉིསུ་སྨྲ་བ་པོ་དེ་དག་གི་ཤེས་པ་ནི ་ཕྱི་རོལ་དོན་དུ་བསླད་པའི་རྣམ་པའོ།། མི་གཉིས་པར་སྨྲ་བ་རྣམས་ནི་འཇིག་རྟེན་མཐའ་དག་གི་ཆུད་པ་རྣམས་ལ་རྟག་པ་དང་། གཅིག་པུ་པར་སྒྲོ་འདོགས་སོ།། སངས་རྒྱས་པ་རྣམས་ཀྱི་ཁྱད་པར་ནི་སེམས་ཅན་རྣམས་ཀྱི་ཆུད་པ ་སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་མང་བ་སྟེ། འཁོར་བ་དང་། ཐར་པའི་རིམ་པས་ནོར་པ་དང་། ནོར་པ་མེད་པ་རྣམས་སོ།། ནམ་ནང་འཁྲུགས་ཏེ་མགོ་འཁོར་བ་དང་། བརྒྱལ་བའི་གཟུགས་དང་། རབ་རིབ ་ཀྱི་རང་བཞིན་ལྟར་མཐུན་མོང་དུ་སྐྱེས་པའོ།། ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་ཀུན་པརྟགས་པ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་རྣམ་པར་ཕྱེ་བ་ན་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དྲོན་དམ་པའི་བདེན ་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་རྒྱུད་ཡང་དག་པར་རིག་ཅིང་བརྗོད་དུ་མེད་པ་གཉིས་ཀྱི་རྣམ་པར་མ་སྐྱེས་ཀྱང་རྣམ་པར་རྟོག་པ་བྱེད་དོ།། དེར་ནི་རྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། ཕྱི་རོལ་དང་། ནང་དང་། འཛིན་པ་དང ་གཟུང་བ་དང་། བྱེད་པ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། བསྐྱེད་པ་པོ་དང་། བརྗོད་པ་དང་། བརྗོད་པ་ལ་སོགས་པ་གཉིས་ཀྱི་རྣམ་པོའི་ཐ་སྙད་ཐམས་ཅད་ཉིད་མི་སྣང་ངོ་།། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས ་ལ་རྟག་པ་དང་། གཅིག་པུ་དང་། བདག་དང་། ཕྱི་རོལ་གྱི་སྦོམ་པོ་ལ་སོགས་པར་དོན་ཐམས་ཅད་དུ་རྣམ་པར་རྟོག་པ་ནི་སྣང་ངོ་།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པར་རྣར ་རྟོག་པ་རྣམས་ཕྱི་རོལ་གྱི་དངོས་པོ་གཉིས་ཀྱི་མེད་པ་ལ་འཇུག་གོ།། དེས་ན་རྟག་པ་དང་། མི་རྟག་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་ལ་སོགས་པར་རྣམ་པར་རྟོག་པ་རྣམས་དོན་དམ་པ་མི་གཉིས་པ་ལ་ཐ་དད་པའི་རྣམ ་པར་མི་སྣང་ངོ་།། གཞན་གྱི་དབང་ཡང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་སྐྱེ་བའི་རང་བཞིན་མེད་པའི་ཕྱིར་འཛིན་པ་དང་གཟུང་བའི་དངོས་པོར་མ་སྐྱེས་སོ།། དེ་ནི་རྟག་པ་ཡང་མ ་ཡིན། མི་རྟག་པ་ཡང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་པ་ཡང་མ་ཡིན། སྐྱེས་པ་ཡང་མ་ཡིན། མ་སྐྱེས་པ་ཡང་མ་ཡིན་ཏེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ ་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་གོ་ཞེས་པ་སྟེ། སྒྱུ་མིའི་གཟུགས་ལྟར་འདུས་བྱས་སུ་དཔྱད་པ་འམ། འདུས་མ་བྱས་སུ་ཡང་རུང་སྟེ། དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་རྣམས ་བྱུང་ཡང་རླུང་མ་བྱུང་ཡང་རུང་སྟེ་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་ཡིན་ནོ།། དེས་ན་འདུས་བྱས་སྐད་ཅིག་མའི་རྒྱུན་འབྱུང་བ་ཡང་། དམིགས་བྱ་དམིགས་དང ་བྲལ་བར་ནི།། གང་ཚེ་འདུས་བྱས་མཐོང་བ་ན།། མཉམ་པ་ཉིད་ཀྱི་སེམས་མཐོང་བ།། དེ་ཚེ་འཇིག་པར་མི་བྱེད་དོ།། དེ་བས་ནས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེསྔ་སོ་ཞེས་དེ་སྐད་དུ་གསུངས་པའོ།། གཞན་པ་དང་གཞན་པའི་རྣམ་པར་རྟོག་པ་རྣམས ་ཀྱིས་སྨྲ་བ་པོ་རྣམས་ཀྱི་ཡེ་ཤེས་མང་སྟེ། དེ་དག་ལ་ནི་ཁོ་ན་ཉིད་ཀྱི་ཡེ་ཤེས་མེད་དོ།། ནམ་ཤེས་རབ་ཀྱིས་དཔྱད་དེ་ཅི་ཡང་མི་དམིགས་པ་དེ་ནི་ངེས་རྣམ་པར་རིག་གོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པའི་དོན་ཏོ།། ཡོད་པ ་དད་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་ཡོད་པ་དང་། མེད་པའི་ཡང་གཟུང་བའི་དངོས་པོར་མེད་པའི་ཕྱིར་ཤེས་པས་ཤིན་ཏུ་མི་དམིག་ས་ཏེ། ཤེས་པ་དང་ཤེས་པར་བྱ་བ་དུས་མཉམ་པ་ན ་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར། དུསོ་ཐ་དད་པ་ན་ཡང་འབྲེལ་པ་མེད་པས་གང་གི་ཚེ་ན་གཅིག་ཡོད་པ་དེའི་ཚེ་ན་གཅིག་ཡོད་པ་དེའི་ཚེ་ན་གཉིས་མེད་ན་འཛིན་པ་དང་གཟུང་པོའི་དངོས་པོ་སུ་ཡི ་ཡིན། དེས་ན་སྐྱེད་པ་དང་། སྐྱེད་པའི་དངོས་པོར་མི་རུང་ངོ་།། ཤེས་པ་དང་། ཤེས་པར་བྱ་བ་དག་གཟུང་བ་དང་འཛིན་པའི་དངོས་པོར་མི་རྟོག་པས་ན་གཟུང་བ་དང་འཛིན་པ་མ་ཡིན་ནོ།། གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ ་སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་སྟེ། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་མཐོང་ཞིང་མི་དམིགས་པ་དེའི་ཚེ་སྟོང་པ་ཉིད་ལ་མཚན་མར་མི་འཛིན་ཏེ། མཚན་པ་མ་མེད་པས ་སེམས་ཀྱིས་མི་སྨོན་ཏེ། དེ་དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་ལ་སྙོམས་པར་འཇུག་གོ། དེ་བཞིན་དུ་ཡང་ཆོས་དང་གང་ཟག་ལ་བདག་མེད་པའི་ཏིང་ངེ་འཛིན་ཐོབ་པས་རྟག་པ་དང་། བདག་དང་། བདག་གིར་ཆགས་པ་མེད ་པའི་ཕྱིར་འཇུངས་པ་སྤངས་ཏེ། དེ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འཇུག་གོ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཆོག་གིས་རབ་ཏུ་དགའ་བའི་ས་ཐོབ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་དག་པསྟེ། ་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལས་གནས་སོ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་གྱུར་པ་དང་འོད་བྱེད་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ལ་བཟོད་ཅིང་ཆོས་མངོན་པར་རྟོགས་པའི་མངོན ་པར་ཤེས་པ་ལ་རབ་ཏུ་འཇུག་གོ།། འོད་འཕྲོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་དག་སྟེ། ཆོས་མངོན་པར་རྟོགས་པའི་སྤྲོ་བ་ལ་རབ་ཏུ་འཇུག་གོ།། ཤིན་ཏུ་དཀའ་རྒྱལ་དུ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཉོན ་མོངས་པ་ཡོངསུ་ཟད་པར་བྱ་བའི་དོན་དུ་བསམ་གཏན་ལ་སྙོམས་པར་འཇུག་གོ། མངོན་དུ་སོང་བར་ནཱ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་ཕྱེ་ནས་ནམ་མི་དམིགས་པ་དེ་ན་ཟབ་མོའི་ཆོས་ལ་འཇུག་པས ་རྟེན་ཅིང་འབྲེལ་ཏེ་འབྱུང་པོ་ལ་ལུགས་དང་ལུགས་མ་ཡིན་པར་འཇུག་གོ།། རིང་དུ་སོང་བར་ནི་དེ་བཞིན་དུ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ལ་སྙོམས ་པར་འཇུག་ཅིང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱེད་དོ།། མི་གཡོ་བར་ནི་གཞན་གྱི་དོན་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱེད་ཅིང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་མཐའ་མའི་མཐར ་སྟོང་ཞིང་བར་དུ་གཉིས་ཀྱི་རང་བཞིན་གྱིས་སྟོང་པ་རྨི་ལམ་དང་། མིག་འཕྲུལ་ལྟ་བུར་གཉིས་ཀྱི་རྣམ་པར་སྐྱེ་བ་ནི་བྱེད་པ་དང་། བྱེད་པ་པོ་དང་མངོན་པར་འབྲེལ་པ་མེད་ཅིང་སྔ་མའི་འོག་ཏུ་གཉིས་སུ་མེད་པའི་སྐད་ཅིག་མ་རྒྱུན་དངོས ་པོ་དང་། དངོས་པོ་མེད་པ་རྣམ་པར་མི་རྟོག་ཅིང་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་ལ་འཇུག། ཐུགས་རྗེའི་བག་ཆགས་ཀྱིས་སད་དེ་སྣང ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་ཆོས་སྟོན་ཏོ།། ལེགས་པའི་བློ་གྲོས་ལ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་། སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པས་སེམས་ཅན་གྱི་བསམ་པ་དང་། བག་ལ་ཉལ ་བཤེས་ནས་ཆོས་སྟོན་ཅིང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱེད་དོ།། ཆོས་ཀྱི་སྤྲིན་དུ་ནི་ཆོས་མ་ལུས་པར་རྟོགས་པ་སྟེ། ཆུ་ཆེན་པོའི་སྤྲིན་ལྟ་བུར་སངས་རྒྱས་ཀྱི་ཆོས་བདུད་རྩིའི་ཆར་པས་འཇིག་རྟེན་སིམ་པར་བྱེད ་པ་ཐམས་ཅད་མཁྱེན་པས་དབང་བསྐུར་ཞིང་ངར་ལ་སྲབ་མོས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་མཐའ་དག་ཤེས་ཏེ། ཉོན་མོངས་པ་མེད་པའི་མི་ཤྲཱི་བའི་བག་ཆགས་མཉམ་པར་འཇོག་པ་མེད་པ་ས་བཅུའི་བར་བྱས་པ་སྤངས ་པར་གྱུར་ཏེ། ཐམས་ཅད་མཁྱེན་པར་འགྱུརརོ།། མཐོང་བའི་ལམ་ནི་ཆོས་དང་གང་ཟག་ལ་བདོག་མེད་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རབ་ཏུ་དགའ་བའི་སར་སྐྱེ་སྟེ། འཇུངས་པ་ལ་སོགས་པའི་ཉོན་མོངས་པ་སྤངས་ཤིང་སྦྱིན་པ ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པས་ན་ཉན་ཐོས་རྣམས་ལས་ཁྱད་པར་དུ་ཕྱེ་བ་རྣམས་སོ།། ཚུལ་ནི་རྣམ་པ་གཉིས་སོ་ཞེས་བྱ་བ་ལ་སོགས་པ་ལ་བསྟན་པའི་ཚུལ་ནི་སྣང་བ་ཙམ་གྱིས་གཉིས་ཀྱི་རྣམ ་པའི་ཡེ་ཤེས་ཏེ། སྦྱིན་པ་ལ་སོགས་པའི་ཚོགས་དང་། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་སྐུ་དང་། སོ་སོར་སྣང་བ་མཚན་ཉིད་ཀྱི་ཆོ་འཕྲུལ་དང་། དབྱངས་ཀྱི་དཀྱིལ་འཁོར་དང་། བདག་དང་གཞན་གྱི་དྲོན་དུ་འབྱེད་པའི་ས་ཁྱད ་པར་ཐ་དད་པའི་ཐབས་སྣ་ཚོགས་དང་། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ ་གཉིས་ཀྱི་རྣམ་པར་སྣང་བ་ནི་བསྟན་པའི་ཚུལོ།། གྲུབ་པའི་མཐའ་སོ་སོར་གཞག་པའི་ཚུལ་ནི་ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ནས་མི་དམིགས་པ་དེ་ནས་བསམ་པ་མེད་ཅིང་སྣང་བ ་མེད་པ་དོན་དམ་པའི་བདེན་པ་གཉིསུ་མེད་པའི་བྱང་ཆུབ་རང་བཞིན་གྱིས་འོད་གསལ་བ་རྣལ་འབྱོར་པ་རྣམས་ལ་གནསོ།། སྣང་བ་དྲོང་བཅས་པའི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ན་སྤྱིའི་རྣམ་པར་དེའི་ཆོས་སྟོན ་པ་འབྱུང་ངོ་།། བདེ་བར་འཛིན་ཅིང་ཆུད་པར་བྱ་བའི་དོན་དུ་ཐམས་ཅད་མཁྱེན་པའི་བསྡུ་བའི་ཚོགསུཾ་བཅད་པ། ང་ཡི་ཚུལ་ནི་རྣམ་གཉིས་ཏེ། གྲུབ་པའི་མཐའ་དང་བསྟན་པའོ།། བྱིས་པ་རྣམས་ལ་བརྗོད་པ་བཤང་།། རྣལ་འབྱོར་ཅན་ལ ་གྲུབ་མཐའོ།། འཇུག་པའི་རིམ་གྱིས་ཐམས་ཅད་མཁྱེན་པས་ཆོས་སྟོན་པ་ནི་གཉིས་དང་། མི་གཉིས་པའོ།། གཅིག་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པའི་ཕྱོགས་དང་བྲལ་བ་ཞེས་པ་ནི་མུ་སྟེགས་ཅན་གཉིས ་དང་། མི་གཉིས་པར་སྨྲ་བ་རྣམས་ཀྱིས་ཚངས་པ་དང་། དབང་པོ་ལ་སོགས་པ་གཅིག་པ་ཀུན་རྟོགས་པར་བྱེད་པ་ནི་ཇི་ལྟར་རིག་སྔགས་འཛིན་པའི་མཐར་སྨྲ་བས། འདི་ཐམས་ཅད་ཚངས་པ་ཞི་བ ་ཡིན་པས་ན་བསྟན་པར་བྱའོ་ཞེས་པ་དེ་དག་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། གཞན་དག་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱིས ་འཛིན་པ་དང་གཟུང་བ་ཐ་དད་པས་གཉི་གར་འདོད་དེ། དེ་དག་གི་དེ་ཁོ་ན་ཉིད་ཉི་ཤུ་ལྔ་དང་། ཚིག་གི་དོན་བཅུ་དྲུག་དང་། དྲུག་ཡོད་དོ།། གཉིས་ཀ་ནི་ཀྵ་པ་ན་ཀ་དང་སྤྱོད་པ་ཅན་རྣམས་ཐ་དད་པ་དང་མི་དད་པར་རྟོག་པར་བྱེད་དེ། ཕྱི་རོལ ་གྱི་དོན་གྱི་དངོས་པོ་མེད་པའི་ཕྱིར་གཉིས་ཀྱི་རྣམ་པའི་ཤེས་པ་ཤེས་པ་ཐམས་ཅད་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་མ་སྐྱེས་པ་སྟེ། དེས་ན་གཉིས་ཀ་དང་། གཉིས་ཀ་མ ་ཡིན་པ་དང་། སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལ་རྣམ་པར་བརྟག་གོ། སེམས་ཅན་གང་དག་ལ་བསླད་པ་ཡོད་པ་དེ་དག་ཐམས་ཅད་འཇིག་རྟེན་རྒྱང ་པན་པར་སྨྲ་བར་ལྷུང་ངོ་།། འཇིག་རྟེན་རྒྱང་ཕན་པ་ནི་ཤེས་པ་ཕྱིན་ཅི་ལོག་པ་སྟེ། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྡུག་བསྔལ་བ་དང་། སྟོང་པ་རྣམས་ལ་མ་རིག་པའི་མཐུས་སེམས་ཅན་རྣམས་རྟག་པ་དང་། ་བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཡོངསུ་ཤེས་སོ།། དེས་ན་མུ་སྟེགས་བྱེད་རྟག་པ་དང་། གཅིག་པ་དང་། བདག་དང་། ཕྱི་རོལ་དང་། གཉིས་པ་ལ་སོགས་པར་སྨྲ་བ་རྣམས་ཀྱིས་ནི་འཇིག་རྟེན་རྒྱང་ཕན་པའི་ལོག་པའི ་ཤེས་པ་ཐམས་ཅད་སྟོན་ཏོ།། དེའི་ཕྱིར་དེ་དག་པ་ལ་འཕགས་པ་བློ་གྲོས་ཆེན་པོས་གློངས་པ། བཅོམ་ལྡན་འདས་ཀྱང་འཇིག་རྟེན་རྒྱང་པན་ཉིད་སྟོན་ཏམ་ཞེས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བློ་གྲོས་ཆེན་པོ་ང་ནི་འཇིག ་རྟེན་རྒྱང་ཕན་མི་འཆད་དེ། ཇི་ལྟར་ཞེ་ན། འདུ་བ་དང་ཟད་པ་མ་ཡིན་གྱི་ཞེས་པ་སྟེ། གཉིས་ཀྱི་རྣམ་པའི་ཤེས་པ་ལ་བྱེད་པ་དང་། བྱེད་པ་པོ་འབྲེལ་པར་རྟོགས་པས་འདུ་བ་དང་ཟད་པའི་རྣམ་པར་རྟོག་པ་དང་། སྐྱེ་བ་དང་། གནས་པ་དང ་འགོག་པ་ལ་སོགས་པའི་ཆོས་གཞན་པ་རྣམ་པར་རྟོག་པར་འགྱུར་གྱི། སྐད་ཅིག་མིའི་རྒྱུན་གྱི་མི་གཉིས་པ་བརྗོད་དུ་མེད་པ་ཡང་དག་པར་རིག་པ་ལ་ལུང་སྟོན་པ་ལ་སོགས་པས་བརྟགས་པའི་སྐྱེ་བ་དང་། འཇིག་པ་ལ་སོགས་པའི ་ཆོས་ལྷག་པ་རྣམས་མེད་དོ།། དེ་བས་བྱེད་པ་དང་། བྱེད་པ་པོ་དང་། མངོན་པར་འགྲེལ་པ་དང་། བྲལ་བ་བྱེད་པ་མེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མི་འབྱུང་བ་སྟེ། སྔ་མའི་འོག་ཏུ་འདི་ཡོད་ཅེས་བྱ་བ་འབའ་ཞིག། རྒྱུ་དང་འབྲས་བུ་ཞེས ་བྱ་བ་ནི་བཏགས་པའི་ཆོས་སོ།། མུ་སྟེགས་བྱེད་རྣམས་ཀྱི་རྟག་པ་དང་ན་རྒྱུ་མེད་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པ། ཚངས་པ་དང་དབང་པོ་ལ་སོགས་པ་རྟག་ཅི་གཅིག་པ་རྣམས་རྒྱུ་མ་ཡིན་ཏེ། མོ་གཤམ་གྱི ་བུ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར་རོ།། དངོས་པོ་མེད་པའི་ཡང་རྟག་པ་དང་། གཅིག་པ་མི་རུང་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ།། གཅིག་ལ་དུ་མར་མི་རིགས་ཏེ། གཟུགས་ཅན་དང ་གཟུགས་མེད་པ་དང་། གྲང་བ་དང་། མེ་ལ་སོགས་པ་བཞིན་ནོ།། གཉིས་གར་ཡང་སྨྲ་བར་མི་རུང་སྟེ། ཕྱི་རོལ་གྱི་དོན་མེད་པས་འཛིན་པ་མེད་པ་སྟེ། དེས་ན་ཚད་མ་དང་གཞལ་བྱ་ལ་སོགས་པའི་ཚིག་གི་དོན་རྣམས་ཀྱི་བསླུ་བ་དང་། ་བསླུ་བ་མེད་པར་ངེས་པར་རྣམ་པར་གཞག་པ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ།། ཕྱི་རོལ་གྱི་འབྱུང་བའི་ཚིག་རྣམསུ་རྟག་པར་ཡང་ཤེས་པ་སོ་སོར་སྣང་བ་ལས་མ་གཏོགས་པར་དངོས་པོ་མེད་པའི ་ཕྱིར་འཇིག་རྟེན་རྒྱུད་ཕན་པ་སྨྲ་བ་མི་རུང་ངོ་།། ས་དང་། ཆུ་དང་། མེ་དང་། རླུང་ནི་ཡང་དག་པ་ཡིན་ཏེ། དེ་དག་ལས་ཚེར་བ་འབྱུང་ངོ་ཞེས་བྱ་བ་ནི་མི་རུང་ངོ་།། འབྱུང་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན། ཁང་པ་དང་། སྡེ་དང ་ནུགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ།། ཀྵ་པ་ན་ཀ་དང་། སྤྱོད་པ་པ་རྣམས་ཀྱི་ཐ་དད་པ་དང་། ཕ་དད་པ་མ་ཡིན་པར་སྨྲ་བར་ཡང་མི་རུང་སྟེ། རང་བཞིན་གཅིག་ལ་རང་བཞིན་གཉིས་སུ་མེད་པའི་ཕྱིར་ཡོད་པར་གྱུར་པ་དང་། ་མེད་པར་གྱུར་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དག་རང་གཞན་འགལ་ཏེ། དེས་ན་ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་པ་དང་། སྨྲ་བར་མི་བྱ་བ་དེ་དག་ཀྱང་མི་རུང་ངོ་།། དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པར་གཉིས་ཀར ་འགལ་བ་གཅིག་ཏུ་སྨྲ་བར་མི་བྱ་བའི་རང་བཞིན་ཡང་མི་རུངོ་།། ཐེག་པ་ཆེན་པོ་ལ་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བའི་དོན་དམ་པ་ཇི་ལྟ་བུ་ཞེ་ན། དེ་ལ་བྱིས་པས་དངོས་པོ་དང་། དངོས་པོར་བརྟགས་པའི་རྣམ ་པར་རྟོག་པ་སྤངས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་དོན་དམ་པ་རྟོགས་ནས་དེ་བཞིན་དུ་ཐམས་ཅད་མཁྱེན་པས་གཉིསུ་མེད་པར་སྤྱིའི་རྣམ་པར་སྟོན་པར་མཛད་དོ།། དེའི་ཕྱིར་འདི་སྐད་དུ་བཀའ་སྩལ་པ། བློ་གྲོས་ཆེན་པོ ་ང་ནི་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་ནང་དུ་གཏོགས་པར་མི་འཆད་དེ་ཞེས་པའོ།། ཇི་ལྟར་ན་ཡང་བདེ་བར་གཤེགས་པའི་བློའི་ཁྱད་པར་བྱ་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ ་སྩལ་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པ་ལ་མ་ཆགས་ཤིང་རང་གི་སེམས་སྣང་བ་ཙམ་ལ་གནས་པ་དང་། འཇུག་པ་རྣམ་པ་གཉིས་སུ་མེད་པར་རྣམ་པར་རྟོག་པ་མི་འཇུག་པ་དང་མཚན ་མའི་སྤྱོད་པ་ཡུལ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་མི་འཇུག་གོ་ཞེས་པ་སྟེ། དེས་ན་མུ་སྟེགས་བྱེད་གཉིས་པ་དང་། མི་གཉིས་པར་སྨྲ་བ་རྣམས་ལས་ཐམས་ཅད་མཁྱེན་པས ་རང་གི་བློའི་ཁྱད་པར་གསུངས་པའོ།། ཕྱི་རོལ་གྱི་དངོས་པོ་མེད་པས་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། ཀྵ་པ་ན་ཀ་དང་། སྤྱོད་པོ་ཅན་དང་། འཇིག་རྟེན་རྒྱང་ཕན་པའི་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ལས་བདེ་བས ་གཤེགས་པའི་བློ་ཁྱད་པར་དུ་ཕྱེ་བའོ།། ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཚྭ་ཐ་དད་པས་དབྱེ་བ་ན་ཁང་པ་དང་སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་ཏེ། དེས་ན་ཕྱི་རོལ་གྱི་དོན ་མེད་དོ།། གང་གི་ཚེ་ན་དམིགས་པར་བྱ་བ་དེ་མི་དམིགས་པ་དེའི་ཚེ་རང་གི་སེམས་ནོར་པ་ལས་གྲོལ་བྲིས་མི་གཉིས་པའི་སྐད་ཙོག་མའི་རྒྱུན་ཡང་དག་པར་ཁོང་དུ་ཆུད་པར་འགྱུར་གྱིས། སེམས་ཅན་ཐམས་ཅད་ཀྱི་རུང་བཞིན་ལ ་རྟག་པ་དང་། གཅིག་པ་དང་། བདག་དེ་དག་གི་ངོ་བོ་ཉིད་ཁོང་དུ་ཆུད་པས་ནི་མ་ཡིན་ནོ།། དེའི་ཕྱིར་མི་གཉིས་པར་སྨྲ་བ་རྣམས་ཀྱི་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་ལ ་རྟག་པ་ནི་མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པའོ།། བདེ་བར་གཤེག་པ་པ་རྣམས་ཀྱི་སྐད་ཅིག་མའི་རྒྱུན་དུ་འབྱུང་བ་ཆུད་པ་རྣམས་ནི་མང་སྟེ། དག་པའི་དུས་ན་དངོས་པོ་དང་དངོས་པོ་མེདོ་པའམ ་མི་རྟོག་ཅིང་བསམ་པ་མེད་པ་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་ཆུང་པ་རྣམས་འགྱུར་རོ།། དེས་ནཱ་མུ་སྟེགས་བྱེད་པ་རྣམས་ཀྱྀ་ཝཱ་རི་རྟག་པ་དང་མི་གཅིག་པར་མི་རུང་ངོ་།། སངས་རྒྱས་པའི་ཆུད་པ་རྣམས་ཀྱི་ཁྱད་པར ་ནི་འཁོར་བའི་དུས་སུ་སྡུག་བསྔལ་བ་དང་པ་དྲི་མས་བྱེ་བ་ཡིན།། རྒོལ་བའི་དུས་ནི་སྡིག་བསྔལ་ནི་ལས་གྲོལ་ཞིང་རི་ཛིན་པ་འི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་སུ་འགྱུར་རོ།། དེ་བཞིན་དུ་ཡང་གནས་ཐ་དད་པར་བྱེ་བ་ན་གོང་དང ་ཐལ་བ་ལ་སོགས་པ་བཞིན་དུ་གཅིག་པར་མི་རུང་ངོ་།། དེས་ན་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྣང་བ་མེད་པའི་རྣམ་པར་ཐར་པའི་སྣང་བ་མེད་པའི་སྐུ་ལ་ཞུགས་པ་གཞན་གྱི་དོན ་དུ་ཐམས་ཅད་མཁྱེན་པ་ལ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པར་འགྱུར་རོ།། འཕགས་པ་ལངྒར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པི་ལས་གྲུབ་པའི་མཐར་འཇུག་པའི་ལྷའུ་ཐུན་བཱཿ ་གཅིག་པའོ།། །། ངས་མངོན་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་ལས་དུས་གཅིག་ན་འཇིག་རྟེན་རྒྱུ་ཕན་པས་གསོལ་པ་སྟེ། ཀྱེ་གཽ་ཏ་མ་ཐམས་ཅད་ནི་བྱས་པའོ།། བློ་གྲོས ་ཆེན་པོ་ངས་དེ་ལ་འདི་སྐད་ཅེས་བྱསོ།། ཀྱེ་བྲམ་ཟེ་གལ་ཏེ་ཐམས་ཅད་བྱས་ཤེས་ནུ། འདི་ནི་འཇིག་རྟེན་རྒྱང་ཕྲན་དང་པོའོ།། དེར་ཐམས་ཅད་མཁྱེན་པའི་དགོངས་པ་ཅིར་བརྟག་ཅེ་ན། འཇིག་རྟེན་དུ་བྱ་བ་དང་། བྱེད་པ་ལ་མངོན་པར ་འབྲེལ་ཏེ། ཡེ་ཤེས་བྱས་པ་དང་། དེ་ལས་འབྱུང་ཞིང་རྟག་པ་ལས་འབྱུང་བའོ།། ཆོས་རྣམས་ནི་སུས་ཀྱང་མི་བྱེད་དེ། སྔ་མའོ་འོག་ཏུ་འདི་ཡོད་པས་འདི་ཡོད་དོ།། ཞེས་བྱ་བ་འབའ་ཞིག་སྟེ། དེ་ཆོས་སུ་བརྟགས་པའོ།། རྒྱུ་མེད་ཅིང ་མ་བྱས་པའི་རྟག་པ་ནི་མི་རུང་སྟེ། དངོས་པོ་མེད་པས་ན་རི་བང་གིར་བཞིན་ནོ།། དེ་བཞིན་དུ་མི་རྟག་པ་ལ་སོགས་པའི་ཆས་རྣམས་སྐད་ཅིག་པ་ལ་ཐ་དད་པར་མི་རུང་སྟེ། ཇི་ལྟར་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ ་འ་བྱུ་རྣམ་གྶ།། མཱུ་ཀུན་དྷཱ་བྷཱུ་གྶ་ནྟུ། ཀཱ་བྷཱུ་དྷཱ་ཧྨཱ་ཐཱ་དུ།། རྒྱུ་ཀཱ་དྲུག་དྲུང།། གྶ་། ཨཱ་ཥྨ་ངྠ་གྶ་ང་སས ་འདའ་ཞིག་སྟེ།། དངོས་པོ་ལ་དེ་རྣམ་རྟོག་འགྱུར།། ཚུལ་ནི་དངོས་པོ་རྗེས་ཐོགས་ཕྱིར་ཞེས་བྱ།། དེས་ནི་སྤྱོད་ཅིག་པཱ་ལ་སྐྱེ་བ་དང་། འགོག་པ་ལ་སོགས་པ་གཞན་དག་ཡོད་པར་མི་རིགས་ཏེ། དེའི་ཕྱིར་མྦྷ་སྟུག་སྒྲ་རྒྱན་གྱིས་ཐམས་ཅད ་བརྟག་པ་དང་། གཅིག་པ་དང་། གཉིས་ཀ་དྲང་། གཉིས་ཀ་མ་ཡིན་པ་ཞེས་པར་རྣམ་པར་རྟོག་པ་རྣམས་ནི་མི་རུང་སྟེ། དེ་ལྟ་བུ་ནི་སྔ་ནྡེ་གསྔལ་བའོ།། ཐཾད་བསྐྱེད་པ་སྐྱེད་པ་མ་ཡིན་ཞེས་པ་ནི་བརྗོད་དུ་མེད་པའི་སྐད་ཅིག་པ་ལ་སྐྱེད་པ་ལ ་སོགས་པའི་ལྷག་པ་མི་རིགས་ཏེ། དེ་དེ་བཞིན་དུ་བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་དང་། བདག་དང་། བདག་མ་ཡིན་པ་དང་། སྐད་ཙོག་པ་ད་ག་སྐད་ཅིག་པ་མ་ཡིན་པ་ལ་སོགས་པ་སོགས་པ་སོ་སོར་སྣང་བའི ་རྣམ་པར་རྟོག་པ་ནི་གནས་ངན་ལེན་པའི་བག་ཆགས་ཡོངསུ་སྨིན་པ་ལས་སྐྱེས་པའི་གཉིས་ཀྱི་རྣམ་པའི་ཤེས་པ་ལས་རབ་ཏུ་འཇུག་ནི།། གཉིས་སུ་མེད་པའི་སྐད་གི་གི་རྒྱུན་བརྗོད་དུ་མེད་པའི་ཡང་དག་པར་རིག་པ་ལ་ནི་མ་ཡིན་ནི།། རང ་ག་མཚན་ཉིད་རང་གིས་ཡང་དག་པར་རིག་པ་དེར་ནི་སྐད་ཅིག་གི་རྣམ་པར་རྟོག་པ་ནི་མི་འབྱུང་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱི་ས་སྒྲུབ་པར་བྱེད་པ། བདེ་བ་ལ་སོགས་པའི་བདག་ཉིད་ནི།། གཞན་དུ་མི་རྟེན་འབྲེལ་མི་ནུས།། དེ་ཕྱིར་དེ ་དག་རང་རིག་ནི།། མངོན་པར་བརྗོད་དང་འབྲེལ་པ་མེད་ཅེས་པ་སྟེ། དེས་ན་རང་གི་མཚན་ཉིད་སྐད་ཊཱིག་མཱའི་རྒྱུན་རྣམ་པར་མི་རྟོག་པ་སྤྱང་དག་པར་རིགྶ་པ་ནི་བསྟན་མི་ནུས་ཏེ། སྤྱིའི་རྣམ་པར་བརྟགས་པའི་ངནན་ཐོག་མ་དང་བནའི ་མཐར་སོང་བ་མངོན་དུ་བྱ་སྟེ། སྐད་ཅིག་པ་ལ་སྩོགས་པའི་སྒྲ་ཡང་འཇུག་གི་རང་གི་མཚན་ཉིད་ཀྱི་སྐད་ཅིག་པ་མ་ཡིན་ནོ།། དེས་ན་འཇིག་རྟེན་རྒྱུད་ཕན་གྱི་ཐམས་ཅད་སྐད་ཅིག་པ་དང་། ཐམས་ཅད་མཁྱེན་པ་མ་ཡིན་པ་དེར་བདེ་བར ་གཤེགས་པ་དང་བདེ་བར་གཤེགས་པ་པ་མ་ཡིན་པ་མང་པོ་རྣམས་ནོར་པར་ཞུགས་པ་སྟེ། གཟུགས་བརྙན་ལ་སོགས་པ་བཞིན་དུ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པས་ན་སྐད་ཅིག་མར་འཛག་པའི་དངོས་པོ་མེད་དོ།། ཞེས་པ་ལ ་ཇི་ལྟ་བུར་སོ་སྔོར་སྣང་བ་ལ་དེ་ལྟར་སྐད་ཅིག་པ་རྣམས་ཏེ་སྲེ་གོལ་གྱི་སྒྲ་བཞིན་དུ་སྔ་མཱ་དང་ཕྱི་མའི་དུས་གནས་ཐ་དད་པ་བྲལ་བ་ཡིནྡ་ཏེ། སྣ་ཚོགས་པ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཅིག་མི་རིགས་ཏེ། ་དེ་ལ་གཉིས་ཀྱི་རྣམ་པས་གནོད་པའི་ཕྱིརརོ།། དངོས་པོ་གཅིག་པ་ལ་མི་གནོད་པའི་ཕྱིར་ཇི་ལྟར་ན་གྲུབ་པའི་རང་བཞིན་མེད། དེར་གཉིས་ཀྱི་རྣམ་པའི་སྟོང་པ་ཉིད་ཡང་དགེ་བར་རིག་པ་མངོན་སུམ་གྱི་ཚད་མའོ།། གང་མི་གཉིས་པ་དེ་ནི ་རྟག་པ་ཞེས་མུ་སྟེགས་ཅན་ལ་ལས་དེ་ལྟར་རྟོག་པ་དེ་ཡང་མི་རུང་སྟེ། འཁོར་བའི་དུས་ན་ཆུད་པ་རྒྱུན་དུ་སྡུག་བསྔལ་དུ་མས་ཐ་དད་པས་ཕྱེ་བ་ཇི་ལྟར་ན་རྟག་པ་ཡིན། དག་པའི་དུས་ན་ཡང་སྡུག་བསྔལ་ལས་གྲོལ་ཏེ་གནས་གཞན ་པ་སྟེ། དེ་ལྟར་ན་ཡང་ཤིང་དང་ཐལ་བུ་ལ་སོགས་པ་བཙྪིནྡྲ་དྷཱ། རིམ་པར་ཕྱེ་བ་ན་ཛཱ་ལྟར་ནཱ་གཅིག་པཱ་ར་དྷཱ། ལཱུ་ལས་ནཱི་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་གཉིས་ཀང་བ་ཉིད་དུ་རྟོག་པར་བྱེད་པ། ་གྲང་བ་དང་མེ་ལ་སོགས་པ་བཞིན་དུ་རང་བཞིན་གཅིག་ལ་དངོས་པོ་གཉིས་ཞེས་པ་དེ་ནི་མི་རིགས་སོ།། གཞན་དག་གིས་ནི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་པ་ཡང་མ་ཡིན། སྐད་ཅིག་པ་མ་ཡིན་པ་ཡང་མ་ཡིན་ཞེས་པ་དེ་འདི་ཡང་མི་རིགས ་ཏེ། དངོས་པོ་ལ་ནི་སྐད་ཅིག་པ་མེད་དེ། དེའི་རང་བཞིན་རྟག་པ་ཉིད་ནི་གཉིས་ཀྱི་དངོས་པོ་མེད་པའི་ཕྱིར་རང་བཞིན་གཅིག་པ་ཉིད་དོ།། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལྟ་བུའི་འདུས་བྱས་དང་། འདུས་མ་བྱས་དང་། རྟག་པ་དྲང ་མི་རྟག་པ་དང་། སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་དང་། སྐད་ཅིག་པ་མ་ཡིན་པ་མ་ཡིན་པ་དང་། སྐད་ཅིག་པ་མ་ཡིན་པ་ཡང་མ་ཡིན་པ་རྣམ་པ་དེ་ལྟ་བུ་ནི་རྨི་ལམ་དང་། རྨི་ལམ་མ་ཡིན་པར་དངོས་པོ་ཐ་དད་པར་མྱོང་བའི་རང་བཞིན ་མེད་པ་སྟེ། གང་དེ་ལྟ་བས་ན་མ་རིག་པས་བློངས་ཏེ། འཁོར་བའི་དུས་ཀྱི་ཤེས་པ་ཐམས་ཅད་ནི་བདེན་པ་མ་ཡིན་པ་ཉིད་དོ།། གང་ཤེས་རབ་ཀྱིས་དཔྱང་དེ་གཉིས་ཀྱི་རྣམ་པས་སྟོང་པར་མཐོང་བ་དེ་ནི་བསམ་དུ་མེད་ཅིང་སྟོང་བ་མེད་པ་དོན་ངན་པའི། ་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ།། དེ་ཡང་སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པ་ཁོ་ན་གང་གིས་ངེས་པར་འགྱུར། མངོན་སུམ་དུ་མྱོང་བས་སོ།། ཐམས་ཅད་མཁྱེན་པས་ཐམས་ཅད་སྐད་ཅིག་པར་ཅི་ཡི་ན་ཞལ་གྱིས་མི ་བཞེས། མ་དགོངས་པའི་ཕྱིར་རོ།། དགོངས་པ་ཐ་དད་པས་མིགས་ལ་སོགས་པའི་ཤེས་པ་ནི་སྲིད་པ་གཞན་དུ་སྐད་ཅིག་མའི་མཚན་མས་སྦྱོར་བ་མེད་དོ།། སེམས་ནི་སྐད་ཅིག་པའི་རྒྱུད་ཀྱི་རྒྱུན་དུ་སྲིད་པ་གཞན་དུ་མཚམས་སྦྱོར་བར ་བྱེད་དོ།། སེ་གོལ་གྱི་སྒྲ་སྐད་ཅིག་པ་ལ་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མྱེད་དོ།། དེས་ན་ཐམས་ཅད་སྐད་ཅིག་པར་ཐམས་ཅད་མཁྱེན་པོས་དགོངས་པའི་དོན་དུ་མི་རྟག་གོ། དགོངས་པ་ངེས་པར་འགྲེལ་པའི་ཚུལ་གྱིས་འདུས ་བྱས་དང་། འདུས་མ་བྱས་པ་ལྟ་བུ་སྟེ། ཆོས་ཉིད་ཡེ་གནས་པ་དེ་ནི་དབང་པོ་ལ་སོགས་པ་སུས་ཀྱང་མི་བྱེད་དེ། འདུས་མ་བྱས་པ་ཡང་མ་ཡིན་པ་ནི་སྐད་ཅིག་པའི་རྒྱུད་དུ་འདས་བྱསོ།། དེ་ལྟར་ན་ཐམས་ཅད་རྟག་པ་དང་། མི་རྟག་པ་ལ་སོགས ་པར་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ།། ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་སྒྲོ་བཏགས་པའི་དོན་ཐམས་ཅད་ཀྱི་ཐོ་སྙང་འཇུག་གི་མི་གཉིས་པའི་སྐད་ཅིག་པ་རྣམ་པར་མི་རྟོག་པ་ལ་ནི་མ ་ཡིན་ནོ།། དེར་སྤྱིའི་རྣམ་པ་ཐམས་ཅད་མཁྱེན་པའི་སྒྲའི་དོན་གྱི་ཐ་སྙད་ཀྱང་འཇུག་གོ།། དེ་བཞིན་དུ་སྒྲུབ་པར་མཛད་པ། ཀྱེ་བྲམ་ཟེ་ང་ནི་ཐོག་མ་མེད་པའི་དུས་ནས་སྤྲོསྡེ་པར་རྣམ་པར་རྟོག་པའི་བག་ཆགས་གནས་ངན་ལེན་གྱི་རྒྱུ་ལུས ་སྲིད་པ་གསུམ་སྐྱེས་པས་སྟོན་ཏེ། བྲམ་ཟེ་ང་ནི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་རྣམ་པར་རྟོག་པ་འབྱུང་གི། ཕྱི་རོལ་གྱི་དངོས་པོ་དམིགས་པ་ལས་ནི་མ་ཡིན་ནོ་ཞེས་པ་སྟེ། ཤེས་པའི་རྣམ་པ་མ་གཏོགས་པར་ཕྱི་རོལ ་ན། ངམ་ལ་དམིགས་པ་མ་དང་། ངསྐ་ན་ན། དཱུདྨག་དང་གཞན་རྨྱང་ཀྱ་དང་ལུས་སྡུག་མཱ་མད་པ་མ་སྨྲས་པ་མ་ས་པ་གླི་ན་། ན་མ་ག་མ་པནྡྷ་རྒྱུ་དང ་མཉྫུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་གྲོལ་བསྣང་སྟེ། དེར་ནི་རང་གི་རྣམ་པ་ལ་སེམས་ཅན་རྣམས་ཀྱི་བསྙད་དོ།། རྟག་པ་དང་། གཅིག་པ་དང་། བདག་དང་། བདུག་ཧཱུ~ཾ་ཧཱུ~ཾ ་གཉི་ག་དང་གཉི་ག་མ་ཡིན་པ་དང་། བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་དང་། སྐད་ཅིག་པ་དང་། སྐད་པ་ཅིག་པ་མ་ཡིན་པ་དང་། སྐྱེས་པ་དང་། མ་སྐྱེས་པ་ལ་སོགས་པའི་རྣམ་པ་རྟོག་པ་རྣམས་གཉིས་ཀྱི་རྣམ ་པའི་ཤེས་པ་ལ་རབ་ཏུ་འཇུག་གོ།། ནམ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་དོན་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན་མི་དམིགས་ཏེ། དེས་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིགས ་པ་སྟེ། རྣམ་པར་མི་རྟོག་པུ་སྐད་ཅིག་པའི་རྒྱུན་དུ་འབྱུང་ཡོང་རང་གི་མཚན་ཉིད་སྨྲ་བར་མི་ནུས་ཏེ་དེར་སྒྲའི་དོན་མི་འབྱུང་སྟེ། དེ་ལས་གཞན་པ་ཐ་སྙད་པ་རྣམས་ཀྱིས་ངེས་པར་འཇུག་པ་རང་གིས་རིག་པ་དབང་པོའི་ཤེས་པ་བཞིན།། ་འོན་ཀྱང་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་ལ་སྦྱོར་སྒྲ་བཏགས་པའི་ཐ་སྙད་དོ།། གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སཾ་གོལ་གྱི་སྒྲ་དང་། གློག་ལ་སོགས་པ་བཞིན་དུ་ཐོག་མ་དང་བ་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བའི་སྐད ་ཅིག་པའི་ཕྱིར་རོ།། མི་གཉིས་པའི་སྐད་ཅིག་པ་ཇི་ལྟར་ན་རྟོག་པར་འགྱུར། ཐམས་ཅད་མཁྱེན་པས་ཡང་དག་པར་ཐུགས་སུ་ཆུད་པ་ཡང་དེ་ལས་གཞན་པའི་ཐ་སྙད་པ་རྣམས་ཀྱིས་ཇི་ལྟར་ན་རྟོགས་པར་འགྱུར། རྣལ་འབྱོར་པ ་རྣམས་ཀྱིས་རང་གིས་ཡང་དག་པར་རིག་པ་ཡང་དག་པར་རྟོགས་པའི་སྐད་ཅིག་པའི་རྒྱུན་ནཱི་སྣང་བ་དང་བཅས་པ་དང་། སྣང་བ་མྱེད་པའི་ཏིང་འཛིན་དུ་འབྱེད་པས་ན་ཀུན་གྱིས་རྟོག་པར་མི་འགྱུར་རོ།། འཁོར་བ་པ་རྣམས་ཀྱི་སྐད་ཅིག ་པ་ཇི་ལྟར་ན་རྣམ་པར་གདོན་མི་ཟ་བར་སོ་སོར་སྣང་། དེ་དག་ལ་རྨི་ལམ་དང་རྨི་ལམ་མ་ཡིན་པའི་དུས་ཀྱི་སོ་སོར་ངེས་པ་མེད་པའི་ཕྱིརརོ།། ཇི་ལྟར་སེ་གོལ་ལ་སོགས་པའི་སྒྲ་ཙམ་གྱི་རྨི་ལམ་ལ་ཟླ་བ་དང་། ལོ་ལ་སོགས་པ་ཀུན་ཏུ་ཚོར ་བ་དེ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་ཡིན་ན་འཁོར་བའི་དུས་ན་སྐད་ཅིག་པ་ལ་སོགས་པའི་དུས་སོ་སོར་ཇི་ལྟར་ན་ངོས་གང་གིས་ཚེ་ནུ་ཐུང་བ་དང་རིང་བ་ལ་སོགས་པའི་སྐད་ཅིག་པ་ལ་སོགས་པའི་དུས་སུ་སྔོ་སོར་ངེས་པ ་མེད་ན་དེའི་ཚེ་དགུ་པ་གཉིས་སུ་མེད་པའི་སྐད་ཅིག་པའི་རྒྱུན་ལ་ཇི་ལྟར་ན་ཡང་རྗེ་སུ་དཔག་པར་འགྱུ་རོ། ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་རང་བཞིན་ཐ་དད་པའི་ཕྱིར་དག་པ་དང་མ་དག་པའི་རང་བཞིན་དང་རིམ་པ་ཡང ་གཅིག་པར་མི་རིགས་ཏེ། དེས་ན་བདེ་བར་གཤེགས་པ་པོ་རྣམས་ཀྱི་སྐད་ཅིག་མར་འཇིག་པར་ངེས་པ་འདི་ནི་རྨི་ལམ་དང་། མིག་འཕྲུལ་ལྟ་བུའི་མ་རིག་པས་བླངས་པའི་སྣང་བ་མ་གཏོགས་པར་རོ།། གཉིས་སུ་མེད་པ་དག་པ་དང ་མ་དག་པ་ལ་སོགས་པས་དེ་ཐ་དད་པར་དབྱེ་བ་ན་ཚངས་པ་དང་དབང་པོ་མི་གཉིས་པ་ལ་སོགས་པའི་རྟོག་པ་ལྟ་བུར་རྟག་ཅིང་གཅིག་པ་མ་ཡིན་ཏེ། དེས་ན་མུ་སྟེགས་བྱེད་པ་ལས་བདེ་བར་གཤེགས་པའི ་བློ་གྲོས་གཞན་པའོ།། ཕྱི་རོལ་གྱི་དོན་དུ་སྨྲ་བའི་ཁྱད་པར་ཅན་ལ་སོགས་པའི་མུ་སྟེགས་བྱེད་པ་བདག་དང་། དབང་པོ་དང་།། ཡིད་དང་དོན་དུ་ཕྲད་པ་ལས་ཤེས་པ་སྐྱེའོ་ཞེས་རྟོག་པར་བྱེད་པ།། ཕྱི་རོལ་གྱི་དོན་མེད་པས་ཐེག་པ་ཆེན་པོ་ལ།། ་ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ།། ནཱམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ་ཞེས་པ་སྟེ། ཇི་ལྟར་རྨི་ལམ་གྱི་དུས་ན་རྣམ་པ་སྣ་ཚུགས་བསྐྲད་པའི་བག་ཆགས་ཡོངསུ་སྨིན་པའི ་མཐུ་ལས་ཕྱི་རོལ་གྱི་དོན་མེད་པར་ཡང་རྣམ་པར་ཤེས་པ་གཅིག་པུ་ཉིད་ལུས་དང་ལོངས་སྤྱོད་དང་གནས་སུ་སོ་སོར་སྣང་ངོ་།། དེའི་ཕྱིར་ཐམས་ཅད་མཁྱེན་པས་སྒྲུབ་པ་མཛད་པ་ལྟ་བུ་དེའི་མ་ཡིན་ནོ།། ཀྱེ་བྲམ་ཟེ་ང་ནི་རྒྱུར་སྨྲ་བ་ཡང་མ་ཡིན ་རྒྱུ་མེད་པར་སྤྲོ་བ་ཡང་མ་ཡིན། གཞན་དུ་ནི་རྣམ་པར་རྟོག་པ་ཉིད་གཟུང་བ་དང་འཛིན་པའི་དངོས་པོར་རབ་ཏུ་བཞག་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བར་བསྟན་ཏོ་ཞེས་པོ་སྟེ། རྒྱུར་སྨྲ་བ་རྣམས་ལ་ནི་ཕྱི་རོལ་གྱི་དོན་རྒྱུ་མ་ཡིན་ཏེ། སྦོམ་པོ་དྲུང ་མི་རྣམ་པར་ཕྱེ་བ་ན་མེད་པའི་ཕྱི་རོ།། ཇི་ལྟར་མུ་སྟེགས་བྱེད་རྣམས་ཀྱི་བདག་དང་། དབང་པོ་དང་། ཡིད་དང་དོན་ཕྲད་པ་ལས་ཤེས་པ་སྐྱེས་པ་དེ་ལྟར་མུ་སྟེགས་ཅན་གྱིས་བརྟགས་པ་ཡིད་དང་དབང་པོ་ནི་སངས་རྒྱས་པ་རྣམས་ཀྱི་མ ་ཡིན་གྱི། བསླད་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་སྣ་ཚོགས་ཐ་དད་པའི་རྣམ་པར་ཤེས་པ་སྣང་ངོ་།། དེའི་རྒྱུ་ལས་ཡང་བྱེད་པ་དང་བྱེད་པ་པོ་མངོན་པར་འབྲེལ་པའི་བྱ་བ་མེད་དེ། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས ་བྱ་བ་འབའ་ཞིག་གོ། རྣམ་པར་རྟོག་པ་ཉིད་ཅེས་པ་ནི་སྤྱིར་དོན་དུ་སྒྲོ་བཏགས་པར་བཞག་ནས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟོན་པ་སྟེ། གཉིས་ཀྱི་རྣམ་པའི་ཤེས་པ་འཛིན་པ་དང་གཟུང་བའི་དངོས་པོ་སྟོན་གྱི།། གཉིས་སུ་མེད་ཅིང་བརྗོད ་དུ་མེད་པས་མུ་ཡིན་པ་ནི་དེར་དངོས་པོ་མེད་པའི་རྣམ་པར་རྟོག་པས་མེད་པའི་ཕྱིར་རོ།། བསམ་པ་མེད་ཅིང་སྣང་བ་མེད་པ་མི་གཉིས་པར་ཡང་དག་པར་རིག་པའི་སྐད་ཅིག་པ་རྣམས་མངོན་སུམ་གྱིས་མྱོང་དུ་ཟིན་ཀྱང་དེ་ལྟ་བུར་རྣམ་པར ་རྟརྟོག་པའི་སྒྲའི་དོན་དུ་ཐ་སྙད་མེད་དོ།། དེས་ན་རྣམ་པར་རྟོག་པ་ཉིད་བཟུང་བ་དང་འཛིན་པའི་དངོས་པོ་བེན་གི་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་ཏོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་པོ་། ཁྱོད་ལྟ་བུ་དང་གཞན་དག་གིས ་མི་རིག་གོ་ཞེས་པ་ནི་སྐྱེད་པ་ལ་སོགས་པའི་ཆོས་དང་བྲལ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ།། བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་ཏེ་འབྱུང་བ.རུ་མི་རིགས་པ་ནི་ནམ་སྐད་ཅིག་པ་གཅིག་ཡོད་པ་དེ་ན་གཉིས་པོ་ནི་མེད་དོ།། ་དངོས་པོ་དང་དངོས་པོ་མེད་པ་དག་འབྲེལ་པ་མེད་པའི་ཕྱིར་དེ་ལས་གཞིག། གང་ཟག་ལ་བདག་མེད་པ་ལ་ནི། འདུ་བྱེད་ཐམས་ཅད་སྐད་ཅིག་མ།། མི་བརྟེན་བྱེད་པ་ག་ལ་ཞིག། གང་འབྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ ་ཉིད་བརྗོད་ཅེས་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་ཀློག་པ་ལྟ་བུའོ།། ཤིན་ཏུ་རྒྱུས་པ་ཆོས་ལ་བདག་མེད་པར་ཡང་གཉིས་ཀྱི་རྣམ་པ་རྣམས་ཀྱི་སྐྱེ་བའི་རང་བཞིན་མྱེད་དེ་རྨྱི ་ལཱམ་དང་མིག་འཕྲུལ་ལ་སོགས་པ་བཞིནོ།། རྣམ་པ་དེ་ལྟ་བུའི་གཞན་གྱི་དབང་ལ་སྐྱེ་བ་ཡང་མེད་མི་སྐྱེ་བ་ཡང་མེད། བྱས་པ་ཡོང་མ་ཡིན་མ་བྱས་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། དངོས་པོ་མ ་ཡིན་དངོས་པོ་མེད་པ་ཡང་མ་ཡིན། སྐད་ཅིག་པ་མ་ཡིན་སྐད་ཅིག་པ་མ་ཡིན་པ་ཁོ་ན་ཡང་མ་ཡིན་ནོ།། འཇིག་རྟེན་རྒྱུ་ང་ཕན་པས་རྣམ་པ་དེ་ལྟ་བུ་ཁྭས་བླངས་པའི་ཕྱི་རོལ་གྱི་དོན་མེད་དོ།། མུ་སྟེགས་བྱེད་ཐམས་ཅད་ཀྱིས་རུང ་དང་སྤྱི་མཚན་ཉིད་རྣམ་པར་བཏགས་པ་ནི་སེམས་ཀྱི་སྣང་བ་མ་གཏོགས་པར་བྱེད་དོ།། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་རྒྱུད་ཡང་དག་པར་རིག་པའི་མཚན་ཉིད་ཁྱོད ་ལྟ་བུ་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་ཤིང་། འཇིག་རྟེན་རྒྱུང་ཕན་པར་སྨྲ་བོར་གནས་པར་མི་རིག་གོ།། དེས་ནི་ས་དང་། རྒྱུ་དང་། མེ་དང་། རླུང་རྣམས་དེ་ཁོ་ན་ཉིད་དོ་ཞེས་ལ། དེ་དག་ལས་ཚོར་བའི་རྣམ་པར་ཤེས་པ་ནཻ་རཱ་རོ ་བའི་མཐུ་བཞིན་ལ། སྲོག་ནི་ཆུའི་ཆུ་བུར་བཞིན་ཏེ། དེ་འདུས་པ་ལས་ལུས་དང་། དབང་པོ་དང་བློར་འདུ་ཤེས་སོ།། འབྱུང་བ་སྣ་ཚོགས་ཐ་དད་པའི་ཕྱིར་འགྲོ་བ་ཡང་སྣ་ཚོགས་པ་སྟེ། རྨ་བྱའི་མདོངས་ཀྱི་རིམ་བཞིན་ནོ་ཞེས་འཇིག ་རྟེན་རྒྱང་ཕན་པའི་མདོ་ལས་ཞིབ་པ་རྣམས་ལ་ཕྱི་རོལ་གྱི་དོན་མེད་པར་འབྱུང་བ་རྣམས་དང་། དེ་ལ་དྲག་པ་ལས་ཚོར་བ་འབྱུང་བ་ཡང་མེད་དོ།། ཡེ་ཤེས་ཀྱི་གོང་མའི་ཁྱད་པར་གང་དང་གང་ཡིན་པ་དེ་དང་དེ་ནི་ཐོས་པ་དང་སེམས ་པ་ལ་སོགས་པ་ཐོག་མར་བྱས་པ་ལས་བྱུང་བ་རྣམས་ཏེ། སློབ་དཔོན་གྱི་མཁས་པའི་ཁྱད་པར་བཞིན་ནོ།། སྐྱེས་མ་ཐག་པ་རྣམས་ཀྱང་ཤེས་རབ་དང་། དགའ་བ་དང་། འཇིགས་པ་དང་། མྱ་ངན་དང་། མི་དགའ་བ་ལ་སོགས་པས ་བདེ་བ་དང་། སྡུག་བསྔལ་ལོ་སོ་ཌ་པ་སྒྲུབ་པ་མཐོང་ངོ་།། དེས་ན་སྔོན་གྱི་གོམས་པ་རྗེས་སུ་དཔག་གོ།། འགྲོ་པོ་རྣམ་པ་སྣ་ཚོགས་ནི་གཞན་དུ་མི་འཐད་པས་ན་རྒྱུའི་ཁྱད་པར་རྗེ་སུ་དཔག་གོ།། འབྱུང་བ་ལས་ནི་འབྲས་བུ་ཐམས་ཅད་མཐུན ་པར་འགྱུར་ལ། བྱུང་བའི་ཁྱད་པར་ཡང་སུས་བྱེད། གང་གིས་དེ་དག་ཁྱད་པར་དུ་བྱེད་པ་དེ་དག་དགེ་བ་དང་། མི་དགེ་བའི་ལས་སུ་གཏོགས་སོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པར་བརྟགོ། ཁྱེད་ལྟ་བུས་མི་རིག་གོ་ཞེས་པ་དང ་མུ་སྟེགས་བྱེད་གཞན་དག་གིས་མི་རིག་གོ་ཞེས་པ་ནི་བདག་ཏུ་མངོན་པོར་ཆགས་པར་ལྟུང་བའི་རྒྱུད་ཅན་གྱི་ཕྱིར་རོ།། དེ་ལ་ལ་ལ་ནི་རྟག་པ་དང་གཅིག་པའི་རྟག་ཏུ་མངོན་པར་ཆགས་པ་ཉིདདུ་དེ། ཧཱུ~ཾ་ལྟར་ཞི་བ་པ་དང་། རིག་སྔགས ་པའི་མཐར་སྨྲ་བ་རྣམས་སོ།། དེ་དག་ལ་འཁོར་བ་དང་ཐར་པའི་དུས་ན་སྡུག་བསྔལ་དང་། སྡུག་བསྔལ་མེད་པ་ལ་སོགས་པ་ཐ་དད་པས་ཕྱེ་བའི་ཕྱིར་བདག་ཅི་ལྟར་ན་རྟག། ཚངས་པ་དང་། དབང་པོ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། གྲངས་ཅན་ལ་སོགས་པ་རྣམས་ཀྱི་སྐྱེས་བུ་ཡང་མང་སྟེ། གང་གི་ཚེ་ཡུལ་ཀུན་ཏུ་རིག་པ་ན་བདེ་བ་དང་། སྡུག ་བསྔལ་ལ་སོགས་པར་འབྱེད་པས་ཕྱེ་བ་དེ་ནི་སྐྱེས་བུ་རྟག་པར་ཡང་མི་རུང་སྟེ། དེས་ན་བདེ་བར་གཤེགས་པའི་ཚུལ་འཁོར་བ་དང་། ཐར་པར་རྣམ་པར་གནས་པ་མུ་སྟེགས་བྱེད་པ་རྣམས་ཀྱིས་མི་རིག་གོ།། མྱ་ངན་ལས་འདས་པ་ནི་ཇི ་ལྟར་བདུན་བརྒྱ་པ་ལས་འབྱུང་བ། མྱ་ངན་ལས་འདས་པ་དེ་ཉིད་དེ། འདི་ལྟ་སྟེ། བསམ་པ་མེད་པ་ཉིད་དོ་ཞེས་པ་སྟེ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ནི་ཐར་པའོ།། མྱ་ངན་ལས་འདས་པ་དང་། ནམ་མཁའ་དང ་སཾ་སོར་མོ་བརྟོགས་པ་སྟེ། འགོག་པོ་རྣམས་ཀྱི་གསུམ་པ་ཉིད་རྣམ་པར་མི་རྟོག་ན་འདུས་བྱས་དང་། འདུས་མ་བྱས་པ་ལྟ་ཅི་སྨོས། དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་ཏེ། དངོས་པོ་དང་དངོས་པོ་མེད་པ་མཉམ་པ ་ཉིད་ཀྱིས་རྟོགས་པར་འགྱུ་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ།། ཀྱེ་གཽ་ཏ་མ་སྲིད་པ་གསུམ་པོ་འདི་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་ལས་བྱུང་ངམ། དེ་སྟེ་རྒྱུ་མེད ་པས། ཀྱེ་བྲམ་ཟེ་འདི་གཉིས་ཀ་ཡང་འཇིག་རྟེན་རྒྱང་ཕན་པའོ་ཞེས་པ་གཉིས་ཀ་ཡང་ཇི་ལྟར་ན་འཇིག་རྟེན་རྒྱང་ཕན་ཡིན་ཞིང་དེར་ཐམས་ཅད་མཁྱེན་པའི་དགོངས་པ་ཅི་ཞིག། ཇི་བཞིན་དུ་རྒྱུའི་ལས་བྱེད་པ་པོ་དང་འབྲེལ་པར་ཀུན་དུ་རྟོག། ་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ལས་མེད་པས་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་བྱུང་བ་མེད་དོ།། རྒྱུ་མེད་པ་ལས་ཀྱང་མ་ཡིན་ཏེ། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མིན་ཞིང ་རྒྱུ་མེད་མིན་ཞེས་པ་སྟེ། འོན་ཀྱང་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་ཆོས་སུ་བཏགས་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་འབྱུང་བ་མེད་དེ་སྐྱེ་བ་ལ་སོགས་པའི་ཆོས་སྐད་ཅིག་པ་ལས་གུད་ན་མེད་དོ།། བརྗོད་དུ་མེད་ཅིང ་གཉིསུ་མེད་པའི་སྐད་ཅིག་པའི་རྒྱུ་ལ་ཡང་རྣམ་པར་རྟོག་པ་མི་འཇུག་གོ།། འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་གཉིས་ཀྱི་རྣམ་པ་ལ་ཆོས་སུ་བཏགས་པའི་རྣམ་པར་རྟོག་པར་བྱའོ།། དངོས་པོ་ཐམས་ཅད་རང་དང ་སྤྱིའི་མཚན་ཉིད་དུ་ལྟུང་བའོ་ཞེས་པ་ནི་འཇིག་རྟེན་རྒྱུང་པན་གྱིས་རྒོལ་བ་སྟེ། ཐམས་ཅད་མཁྱེན་པས་སྤོང་བ་རང་དང་སྤྱིའི་མཚན་ཉིད་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་ཕྱི་རོལ་དང་། ནང་གི་དྲོ་བ་དང་། གྲང་བ་དང་། རྟག་པ་དང་། ་མོ་རྟག་པའི་དངོས་པོར་རྣམ་པར་བརྟག་གོ།། དེས་ན་ནོར་པར་སྒྲོ་བཏགས་པའི་རྣམ་པར་ཐམས་ཅད་ལ་རང་དང་སྤྱིའི་མཚན་ཉིད་དུ་བཤད་དོ།། ཇི་ལྟར་དབུ་མ་ལས། མཚོན་བྱ་མཚན་ཉིད་གལ་ཏེ་གཞན། མཚན་ལ་མཚན་ཉིད་མེད ་པར་འགྱུར།། གཅིག་ན་དེ་གཉིས་མི་འགྲུབ་སྟེ།། ཐ་དད་ན་ཡང་གཞན་དུ་མེད་ཅེས་པའོ།། དེ་ལྟར་ན་རང་དང་སྤྱིའི་མཚན་ཉིད་མེད་པ་ལ་རྣམ་པར་རྟོག་པས་དེའི་ཕྱིར་འཇིག་རྟེན་རྒྱང་པན་ལ་ཁྱབ་པའི་ཚུལ་ཐམས་ཅད་མཁྱེན་པས ་གསུངས་པ། བྲམ་ཟེ་ཇི་ཙམ་དུ་ཡིད་ལས་རྣམ་པར་གཡོས་པ་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་ཤིང་རྣམ་པར་རྟོག་པ་ཙམ་དུ་འཇིག་རྟེན་རྒྱང་པན་ནོ་ཞེས་པ་སྟེ། ཇི་ཙམ་དུ་ཕྱི་རོལ་གྱི་དོན་དུ ་མངོན་པར་ཆགས་ཤིང་འཛིན་པ་དང་གཟུང་བའི་རྣམ་པར་རྟོག་པ་སོ་སོར་སྣང་བའི་ཤེས་པ་ནི་ལོག་པའི་ཤེས་པའོ།། ཡིད་ལས་རྣམ་པར་གཡོས་པ་ནི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་དེ་ཙམ་དུ་ཐམས་ཅད་འཇིག་རྟེན ་རྒྱང་ཕན་པའོ།། གང་ཡང་དོན་དམ་པ་བདེན་པའི་ཡེ་ཤེས་དེ་ནི་བསམ་པ་མ་ད་ཅིང་སྣང་བ་མེད་པ་མི་གཉིས་པའི་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་སྟེ། དེར་ནི་གཉིས་ཀྱི་རྣམ་པར་རྟོག ་པའི་རྣམ་པ་ཐམས་ཅད་མི་འཇུག་གོ།། གྲུབ་པའི་མཐའ་ནི་བདྲེ་བར་གཤེགས་པའི་ཡིན་ཏེ། མུ་སྟེགས་བྱེད་ཐམས་ཅད་ལ་ལ་མ་གཏོགས་པར་རྣམ་པར་བཞག་གོ།། སྐད་ཅིག་པའི་རྒྱུན་དུ་འབྱུང་བས་ན་མུ་སྟེགས་བྱེད་པའི་རྟག ་པ་ལ་སོགས་པ་དང་མཐུན་པའི་ཆོས་མ་ཡིན་ནོ།། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་འཇིག་རྟེན་རྒྱང་ཕན་གྱི་འབྱུང་བའི་རྒྱུ་ལས་ལོག་ཅིང་རིགས་པར་ཞུགས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པ་ལས་སྐྱེས ་པ་དང་། ཤེས་རབ་ལ་སོགས་པའི་ཚོགས་ལ་གོམས་པ་ལས་སྐྱེས་པའི་སེམས་ཏེ། དེས་ན་འཇིག་རྟེན་རྒྱང་ཕན་དགོག་པར་སྒྲུབ་པ་རྗེསུ་དཔག་གོ།། ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ནས་གཉིས་སུ ་མེད་པ་ནི་དམིག་སུ་ཟིན་ཀྱང་། འོན་ཀྱང་བསམ་པ་མེད་ཅིང་སྣང་བ་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་རྒྱུན་ཡང་དག་པར་རིག་པ་ནི་དེ་ལས་གཞན་པ་ངེས་པར་འཇུག་པ་དབང་པོའི་ཤེས་པས་ཡང་དག་པར་རིག་པ་བཞིན་དུ ་མངོན་སུམ་མོ།། གྲུབ་པའི་མཐའ་འདི་ནི་མུ་སྟེགས་ཅན་རྣམས་ཀྱིས་མ་ཡིན་ལ་འཇིག་རྟེན་རྒྱང་པན་ལ་གྲགས་པ་ཡང་མ་ཡིན་ནོ།། གྲུབ་པ་འདི་ཡང་སྟོན་ཏོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པ་རྒྱ་ཆེར་བསྟན་པ་མདོར་རིག་པར་བྱའོ།། ་ཕྱི་རོལ་གྱི་འབྱུང་བར་སྒྲོ་འདོགས་པས་རྣམ་པར་རྟོག་པར་འབྱུང་ངོ་།། རྣམ་ཤེས་རབ་ཀྱིས་དཔྱད་པ་དེ་ན་མི་དམིགས་ཤིང་རྣམ་པར་རྟོག་པ་ལྡོག་སྟེ། རང་གི་མཚན་ཉིད་དུ་འདུག་གོ།། ཆུད་པ་འཁྲུགས་པ་ནི་དེ་འཁྲུག་གོ།། ཤེས་རབ་ཀྱིས ་དཔྱད་པས་ནོར་པ་ལྡོག་གོ། ཆུད་པ་གནས་པ་ལས་བྱུང་བ་ན་གཞན་གྱི་དབང་ལ་རྟེན་པ་གཉིས་ཀྱི་རྣམ་པའི་རྣམ་པར་རྟོག་པ་འཇུག་གོ།། མཚན་མི་དམྱིགས་པ་ན་རང་གི་གནས་སུ་ཆུད་པ་ཙམ་དུ་འདུག། དེ་ནི་ཐམས་ཅད་མཁྱེན ་པ་ཉིད་ཀྱིས་གསལ་བ་བཤད་པའོ།། ཟང་ཟིང་སྡུད་པ་ནི་སྲེད་པ་སྡུད་པ་སྟེ་སྡུག་བསྔལ་གྱི་དོན་ཏོ།། སྡུག་བསྔལ་ཡོངསུ་ཟད་པ་ནི་དག་པའི་ཆོས་ཀྱིས་ཐོབ་པར་བྱེད་དོ།། དེས་ན་འཇིག་རྟེན་རྒྱང་པན་གྱི་སྨྲ་བ་ཡོངསུ་སྤོང་ཞིང་དགའ་བའི ་ཆོས་ཐོབ་པར་བརྩོན་པར་བྱའོ་ཞེས་པའོ།། འཕགས་པ་ལངྐར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་འཇིག་རྟེན་རྒྱང་པན་དཔྱད་པའི་ལེའུ་བཅུ་གཉིས་པའོ།། ། ་དེ་ལ་བློ་གྲོས་ཆེན་པོས་ཆོས་བསྡུད་པ་གང་ཞེ་ན། འདི་ལྟ་སྟེ་རང་གི་སེམས་ཀྱི་ཆོས་བདག་མེད་པ་གཉིས་ཁོང་དུ་ཆུད་པ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ་བདག་མེད་པ་གཉིས་ནི་ཆོས་དང་གང་ཟག་ལ ་བདག་མེད་པའོ།། ཇི་ལྟར་མདོ་སྡེ་འདི་ཉིད་ལས་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པར་ཕུང་པོར་གནས་པའི་སྦོམ་པོ་རྣམས་ཕྱེ་ཞིང་། བཅོས་པ་དང་། མ་བཙོས་པ་དང་། བསྐུལ་བ་དང ་མ་བསྒྲུབ་པ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པར་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་བ་ནི་ཁང་པ་དང་། སྡེ་དང་། ནགས་ཚུལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ།། ཆ་མེད་པའི་རྡུལ་ཕྲ་མོ་རྣམས་ནི་བླ་འོག་ཏུ་ཆག ་པར་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་པར་ལན་དུ་མར་བཤད་པའོ།། གང་ཟག་ལ་བདག་མེད་པར་ཡང་གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་འབབ་ཆུ་ལ་སོགས་པ་བཞིན་ནོ།། སྨྲ་བ་གཞན ་དག་གིས་རྟག་པའི་བདག་དང་། ཚངས་པ་དང་། དབང་པོ་དང་། རྡུལ་དང་། གཙོ་བོ་ལ་སོགས་པ་ཡོད་པར་ཁས་ལེན་ཏོ།། དེ་དག་གི་བློ་དང་རྣམ་པར་རྟོག་པས་དངོས་པོ་བླངས་པ་མེད་དེ། རྟག་པ་ནི་མེད་པ་སྟེ། མ་སྐྱེས་པའི་ཕྱིར་མོ་ག ་གྱི་བུ་ལ་སོགས་པ་བཞིན་ནོ།། རིམ་དང་ཅིག་ཆར་གྱིས་དོན་གྱི་བྱ་བ་འགལ་བའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའོ།། དེ་ལྟར་གང་ཟག་ལ་བདག་མེད་པ་ཡོངསུ་ཤེས་ཤིང་ཤེས་རབ་ཀྱིས་དཔྱད་དེ། རྟག ་པ་དང་། བདག་དང་། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། བྱ་བ་དང་། གཟུང་བ་དང་། འཛིན་པ་ལ་དང་སོགས་པའི་རྣམ་པར་རྟོག་པ་མི་འཇུག་གོ།། ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཕུང་པོར་མི ་གནས་པ་དང་། རྣམ་པར་འཇིག་པའི་ཕྱིར་ནང་དང་ཕྱི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་བདག་དང་བདག་གིར་ཆགས་པ་མེད་པའི་ཕྱིར་འཇུངས་པ་སྤངས་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས ་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱི་སའི་ཁྱད་པར་གོང་ནས་གོང་དུ་ཡུལ་ལ་དབང་ཞིང་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་གོ།། ཇི་ལྟར་ན་དབང་ཐོབ་ཅེས་པ་དང་། ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་དབང་བསྐུར་བ་རྟོགས་པ་དང་ཐུགས་པ་མེད་པའི་གནས་ཡོངསུ་གཟུང་བ་དང་། ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པས་དབང་བྱེད་པ་ནི་ཆོས་ཞེས་བྱའོ་ཞེས་པ་སྟེ། ས་བཅུ་ཐ་དད་པས ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཀྱི་གོང་མའི་ཡང་གོང་མྱུར་བསོད་ནམས་དྲང་ཡེ་ཤེས་ཀྱི་ཚོགས་སུ་སྦྱོར་བ་མཆོག་ཏུ་དབང་དུ་གྱུར་པས་དབང་དང་གཞན་གྱི་དོན་དུ་ནུས་པའི་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པ་ཉིད ་ཐོབ་ཅིང་སེམས་ཅན་ལ་ཕན་པར་འཇུག་པར་འགྱུར་རོ།། དེ་ལ་སྡོམ་པ་གཉིས་པ་དང་པ་སྤྱོད་པ་ལས་འོངས་ཏེ། རབ་ཏུ་དགའ་བའི་ས་ལ་ཏིང་ངེ་འཛིན་ཐོབ་ནས་དབང་ཐོབ་པ་ནི་འཁོར་བ་ལས་ལོག་པ་ཡིན། དེ་བཞིན་གཤེགས་པ ་རིགས་སུ་སྐྱེས་པ་ཡིན། མང་དུ་ཐོས་ཤིང་འཇིག་པ་མེད་པ་ཡིན། དེ་འཁོར་གྱི་ནང་དུ་སྤ་བཀོང་བ་མེད་པ་ཡིན། དེ་ཀུན་ཏུ་འཚོ་བས་འཇིགས་པ་མེད་པ་ཡིན། སངས་རྒྱས་བརྒྱ་ནི་མཐོང་། ཞིང་བརྒྱ་ནི་བསྐྱོང ་ལུས་བརྒྱ་ནི་སྟོན། གཉིས་ཀྱི་འཁོར་ལོས་སྒྱུར་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་དུ་སེམས་ཅན་རྣམས་དགོད་པར་བྱེད། སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པ་ནི་ཟས་འདོད་པ་ལ་ནི་ཟས་སྦྱིན་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྒྱ ་ཆེར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཚེ་བར་འགྱུར་རོ།། དྲི་མ་མེད་པར་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པས་འཛིན་པ་དང་གཟུང་བ་གཉིས་ཀྱི་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་གཉི་སུ་མེད་པའི་ཚུལ ་ཁྲིམས་ཀྱི་ཏིང་ངེ་འཛིན་ལ་གནས་པ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུརརོ།། འོད་བྱེད་དུ་མངོན་པར་ཤེས་པ་དང་། བཟོད་པ་ཐོབ་པས་འོད་དང་ལྡན་པའི་ཕྱིར་སྣང་བར་འགྱུརརོ།། འོད་འཕྲོར་འཇིག་རྟེན་པ་དང་། འཇིག་རྟེན ་ལས་འདས་པའི་ཆོས་རྣམས་རྟོགས་པར་སྤྲོ་བིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ།། ཤིན་ཏུ་དཀའ་རྒྱལ་དུ་རྒྱལ་བར་དཀའ་བའི་ཉོན་མོངས་པ་ལས་རྒྱལ་ཏཱཾ་སོམཱས་རྩཝ་གཅིག་ཏུ་མཉམ་པར་འཇོག་པས་བསམ་གཏན་གྱི ་རོལ་ཏུ་ཕྱིན་པ་ཤས་ཆེའོ།། མངོན་པར་དུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་མཐུན་པ་དང་། མི་མཐུན་པར་འཇུག་པར་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ།། རིང་དུ་སོང་བར་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་འདུན ་རྟོགས་པའི་ཕྱིར་དུ་སྤོང་བ་སྟེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཡང་སྙིང་རྗེས་གཞན་གྱི་དོན་ཐབས་ཀྱིས་བྱེད་དེ། དེར་ནི་ཐུབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ།། མི་གཡོ་བར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཤེས་རབ་ཀྱིས ་དཔྱད་པའི་སྟོང་པ་ཉིད་གཉིས་སུ་མེད་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་ལས་ལྡང་ཞིང་། དག་པའི་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་འཛིན་སོ་སོ་རོ་ལྟ་བའི་ཡེ་ཤེས་ཀྱིས་འཇིག་རྟེན་སྣང་བར་བྱེད་ཅིང་གཞན་གྱི་དོན་དུ་སྨོན་ལས ་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་ཆེ་བར་འགྱུར་རོ།། ལེགས་པར་བློ་གྲོས་སུ་ནི་སོ་སོ་ཡང་དག་པར་རིག་པའི་ཏིང་འཛིན་ཐོབ་པས་བསམ་པ་དང་བག་ལ་ཉལ་བ་ཐམས་ཅད་ཤེས་ཤིང་ཆོས་སྨྲ་བ་པའི་ཆོས་བསྟན་པ་རབ་ཏུ་འབྱུང་སྟེ། དེའི ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་ཆེ་བར་འགྱུར་རོ།། ཆོས་ཀྱི་སྤྲིན་དུ་ནི་ཆོས་མཐའ་དག་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་རྣམས་ཀྱིས་དབང་བསྐུར་ཏེ། དེའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ།། ས་བཅུར་སྤངས་པར ་བྱ་བ་ཉོན་མོངས་པའི་མི་ཤེས་པའི་མ་ཤེས་པ་བག་ཆགས་དང་བཅས་པ་དེས་སྤོང་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ།། དེ་ལྟར་ན་ཡང་དེ་ཆོས་ཐམས་ཅད་ལ་དབང་བྱེད་ཅིང་རྣལ་འབྱོར་ཐམས་ཅད་ཀྱི་དབང་པོ་སངས་རྒྱས ་ཉིད་དུ་འགྱུར་རོ།། ལྷུན་གྱིས་གྲུབ་པ་མེད་པ་ནི་ས་བདུན་གྱི་བར་དུ་སྟེ། ས་བརྒྱད་ཀྱི་དབང་པོ་རྣམས་ཀྱི་ནི་ལྷུན་གྱིས་གྲུབ་པའོ།། ས་དང་པོའི་དབ་པོ་རྣམས་ཀྱིས་ཡེ་ཤེས་ལ་དབང་བྱེད་མོད་ཀྱི་འོན་ཀྱང་ཐམས་ཅད་མཁྱེན་པའི་དུས་སུ་རྫོགས ་པར་འགྱུརརོ།། ཚེའི་དབང་དང་། ཡོ་བྱད་ཀྱི་དབང་དང་། ལས་ཀྱི་དབང་དང་། ཐོབ་པས་ན་འཁོར་བ་ལས་ལོག་པ་ཡིན། དེ་ཀུན་ཏུ་འཚོ་བ་ལས་འཇིགས་པ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན ་ས་དང་པོ་ནས་བརྩམས་ཏེ་དབང་བྱེད་པ་ཡིན་ནོ།། ཇི་ལྟར་གསུངས་པ། ཚེ་ལས་ཡོ་བྱད་མོས་པ་དང་།། སྨོན་ལམ་རྫུ་འཕྲུལ་སྐྱེ་དབང་དང་།། ཆོས་སེམས་དེ་བཞིན་ཤས་ཆེན་དང་།། དབང་བཅུ་འདི་དག་དབང་པོས་ཐོབ་ཅེས་པ་སྟེ། དེས་ན། ་དབང་བྱེད་པར་འགྱུར་རོ།། ས་བཅུ་ཐ་དད་པ་ཕྱེ་བ་ན་ཐམས་ཅད་མཁྱེན་པ་ཁོ་ན་ཐོབ་པར་བྱེད་དེ་ཞེས་འཕགས་པ་ས་བཅུ་པ་དང་འདྲ་བར་ཐམས་ཅད་མཁྱེན་པས་འདིར་བསྐད་པའོ།། ལྟ་བ་ཐམས་ཅད་ལ་སྤྲོས་པ་ལ་རྣམ་པར་རྟོག་པའི ་དངོས་པོ་མཐའ་གཉི་སུ་ལྷུང་བར་བྱེད་པས་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པར་ལྟ་བའི་རྣམ་པར་རྟོག་པ་སྟེ། རྡུལ་ཕྲ་མོའི་རང་བཞིན་ཡོད་པ་རྟག་པའི་གཟུགས་དང་། སྦོམ་པོ་ཡན་ལག་གི་རྫས་ནི་བྱེད་པ་དང་ལྡན་པས་ན་ཡོན ་ཏན་དང་ལྡན་པ་དང་། འདུ་བའི་རྒྱུའོ་བར་དུ་རྫས་ཡོད་ལ་རྨི་ལམ་གྱི་དུས་ན་མེད་དོ་ཞེས་སོ།། ཤེས་རབ་ཀྱིས་དཔྱད་ནས་གང་གི་ཚེ་ན་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ། མི་དམིགས་པ་དེའི་ཚེ་ལྟ་བའི་སྤྲོས་པོ་ལ་རྣམ་པར་རྟོག་པ་སྤོང ་མུ་སྟེགས་བྱེད་སྨྲ་བ་ནི་བྱིས་པ་རྣམས་ཕལ་ཆེར་རྟག་པ་དང་། ཆང་པ་དང་། མཐའ་གཉིས་སུ་ལྟུང་བར་བྱེད་དེ་མཁས་པ་རྣམས་ནི་མ་ཡིན་ནོ།། རྒྱུ་མེད་པར་སྨྲ་བ་ཡོངསུ་བཟུང་བས་རྣམ་པར་ལྟ་བར་འགྱུ་རོ་ཞེས་པ་ནི་ཇི་ལྟར་ཁྱད་པར་ཅན ་ལ་སོགས་པ་ཡོད་ལ། རྒྱུ་དང་མི་ལྡན་པ་ནི་རྟག་པའོ་ཞེས་ཀུན་རྟོག་པར་བྱེད་དེ། མཐོང་བ་དང་། རེག་པ་པ་ལས་དོན་གཅིག་འཛིན་པས་ན་བདག་ཡོད་དོ་ཞེས་སོ།། རྒྱུ་ཞིག་པར་རྒྱུའི་དངོས་པོ་མེད་པའི་ཕྱིར་ཆད་པར་ལྟ་བར་འགྱུར་ཏེ། ་ཞེས་པ་ནི་རྒྱུ་འཇིག་པའི་ཕྱིར་སྐད་ཅིག་པའི་གཉིས་པོ་ལ་འབྲས་བུའི་དངོས་པོ་མེད་པས་སྐད་ཅིག་པ་སྔ་མ་རྒྱུ་མ་ཡིན་ནོ།། དེ་ལྟར་ན་མུ་སྟེགས་ཅན་རྣམས་ཆད་པར་ལྟ་བར་འགྱུར་རོ།། དྲན་པ་དང་ཤེས་པ་ལ་སོགས་པ་སྐད་ཅིག་མར ་འཇིག་པ་ལི་མི་རུང་ངོ་ཞེས་པར་རྒོལ་བ་ལ་ཐམས་ཅད་མཁྱེན་པས་ཀྱང་གནས་པའི་ཕྱོགས་སུ་གསུངས་པ་སྐྱེ་བ་དང་། གནས་པ་དང་། འཇིག་པར་མི་མཐོང་བས་ཆོས་ཤེས་དེ་སྐད་དུ་བྱའོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི ་དགོངས་པ་ནི་འདི་ཡིན་ཏེ། གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གྲོལ་གྱི་སྒྲ་དང་། འབབ་ཆུ་ལ་སོགས་པ་བཞིན་ནོ།། རྟག་པ་ནི་མ་སྐྱེས་པས་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ།། རིམ་དང་ཅིག་ཆེར་དུ་དོན ་བྱེད་པ་དང་འགལ་བའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེ་།། དེའི་ཕྱིར་དྲན་པ་དང་། ཤེས་པ་དང་། འཆིང་བ་དང་། གྲོལ་བ་དང་། བདེ་བ་ལ་སོགས་པ་སྐད་ཅིག་མར་འཇིག་པ་ལ་ནི་རུང་གི་རྟག་ཅིང་མི་འགྱུར་བ་ལ་ནི། ་གྲོ་ཡིན་ནོ།། ལུང་སྟོན་པ་ལ་སོགས་པས་སྐྱེ་བ་དང་། གནས་པ་དང་། འཇིག་པ་ལ་སོགས་པ་ཐ་དད་པར་བྱེད་པ་དང་། བྱེད་པ་པོར་མངོན་པར་འབྲེལ་པར་ཀུན་རྟོག་པ་དེ་དག་མི་རུང་སྟེ། འོན་ཀྱང་དེ་ཉིད་མ་བྱུང་བ་ལས་བྱུང་བ་དང ་བྱུང་བ་ལས་ཕྱིར་མེད་པར་འགྱུར་ཏེ། དེས་ན་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ཆོས་བརྟགས་པ་ཡིན་གྱི་དོན་དམ་པའི་ཡོད་པ་ནི་མ་ཡིན་ནོ།། ཇི་ལྟར་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ ་འདུ་བྱེད་ཐམས་ཅད་སྐད་ཅིག་མ།། མི་བརྟན་བྱེད་པ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད་ཅེས་པ་སྟེ། དེས་ན་བདག་མེད་པ་གཉིས་ཀ་ལ་ཡང་སྐད་ཅིག་མར་འཇིག་པ་ཡོད་ཅེས་ཐམས་ཅད་མཁྱེན་པས ་དགོངས་པའོ།། འཕགས་པ་ལངྒར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་ཆོས་དཔྱད་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆུན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་གང་མུ་སྟེགས་བྱེད་ཐམས་ཅད་རྣམ་པར་རྟོག་པ་མྱ་ས་ཀྲ་སློབ་མྱ་ན་ལས ་ཞེས་བགྱི་བ་དེ་གང་གི་ཚོགས་ལེགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མུ་སྟེགས་བྱེད་པ་ཁ་ཅིག་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད ་རྣམས་འགོག་པ་དང་། ཡུལ་ལ་འདོད་ཆགས་དང་བྲལ་བ་དང་། རྟོག་པ་དང་ཆོས་མི་མཐུན་པ་མཐོང་བསོ་སེམས་དང་སེམས་ལས་བྱུང་བ་མང་པོ་མི་འབྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཡུལ་རྗེསུ་དྲན་པ་ནི་མརོ་མེ་དང་། ་ས་བོན་དང་། རླུང་བཞིན་དུ་རྒྱུ་ཟད་པས་རྣམ་པར་རྟོག་པ་མི་འཇུག་པར་བརྗོད་དོ།། དེའི་ཕྱིར་དེ་དག་ལ་མྱ་ངན་ལས་འདས་པར་གྱུར་མོད་ཀྱིས་བློ་གྲོས་ཆེན་པོ་འཇིག་པར་ལྟ་བས་མྱ་ངན་ལས་མི་འདའོ་ཞེས་བྱ་བ་ནི་ཕུང་པོ་དང་། ་ཁམས་དང་། སྐྱེ་མཆེད་ལ་སོགས་པའི་དཔེ་མར་མེ་ལ་སོགས་པས་ཡུལ་རྣམས་སྐད་ཅིག་མར་འཇིག་པ་རྣམ་པར་ཤེས་པ་ནས། འཇིག་པའི་ལྟ་བ་གང་གིས་མྱ་ངན་ལས་འདས་པར་རྟོག་པ་དེ་དག་ལ་འགྲོ་བ་ཐམས་ཅད་ཀྱི ་ཐེར་ཟུག་ཏུ་སྔ་མོའི་སྐད་ཅིག་པའི་འོག་ཏུ་མྱ་ངན་ལས་འདས་པ་ཉིད་དོ།། དེའི་ཕྱིར་འཇིག་པར་མཐོང་བས་མྱ་ངན་ལས་འདས་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ།། ཉན་ཐོས་རྣམས་དང་། དགེ་སློང་སྐྱ་བོ ་ཆོས་བསམ་པ་ཅན་ཞེས་བྱ་བ་རྣམས་ཕུང་པོ་འཇིག་པར་བལྟའོ།། ཐེག་པ་ཆེན་པོ་ལ་ནི་ཕྱི་རོལ་གྱི་དོན་གྱི་ངོངོས་པོ་མེད་པས་འཛིན་པ་དང་། གཟུང་བའི་དངོས་པོ་མེད་པའི་ཕྱིར་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ།། ་ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྟག་པར་ཀུན་ཏུ་མྱི་མཐོང་ངོ་།། མི་རྟག་པ་ཡང་མ་ཡིན་ཞེས་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན། དགེ་བ་ཡང་མ་ཡིན་མི་དགེ་བ་ཡང་མ་ཡིན་ཞེས་བྱ་བ། ་ལ་སོགས་པ་སྨོས་པ་རྒྱ་ཆེར་རོ།། གཞན་དོག་ནི་ཡུལ་གྱིས་གནས་སོང་ན་ཐར་པའོ་ཞེས་བརྗོད་པ་ནི་ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་ཐར་པར་འགྲོའོ།། ཁ་ཅིག་གིས་རླུང་གིས་ཀླད་པ་བརྟོལ་ཏེ་ཞི་བའི་གནས་སུ་འགྲོན ་ཞེས་རྟོག་གོ།། གང་ན་གནས་སུ་འགྲོ་བ་དེ་ན་སྐྱེ་བ་སྟེ། སྐྱེ་བ་གཞན་དུ་འགྲོ་བ་ཉིད་ཀྱི་མྱ་དྲན་ལས་འདས་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ཟད་ན་ཐར་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། དེ་བས ་ན་ཉོན་མོངས་འདོད་སོགས་བསྐྱོས་པ་ཡི།། སེམས་ཉིད་འཁོར་བ་ཡིན་པའི་ཕྱིར།། དེ་ཉིད་དེ་ལས་གྲོལ་བ་ནི།། སྲིད་པའི་མཐར་ཕྱིན་ཞེས་པར་བརྗོད་ཅེས་པ་ནི་ཡང་མུ་སྟེགས་བྱེད་པ་ཁ་ཅིག་ནི་བློའི་རིག་པར་བྱ་བ་མཐོང་བ་རྣམས་པར ་གཞིགས་པས་ཐར་པར་བརྗོད་དོ།། ཤེས་པ་ལ་བློའི་རིག་པར་བྱ་བ་ཞིག་པར་མཐོང་བས་ཐར་པ་ཞེས་བྱ་བ་ནི་མི་རྟག་པ་ཤེས་ནསོ་སྐྱོ་བ་ཐོབ་པའོ།། དེ་ནི་ཉོན་མོངས་པ་ཟད་པར་བྱ་བ་ཐབས་མི་ཤེས་ཏེ། གལ་ཏེ་རྟོག་པ་དང་། བདག་ཏུ་ཆགས ་པས་འཁོར་བའི་སྡུག་བསྔལ་འབྱུང་བ་བདག་མེད་པ་ཤེས་ན་ལྡོག་གོ་ཞེ་ན་ནི་དེའི་ཚེ་ན་ཐར་པའི་ཐབསུ་འགྱུར་ན་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བཀག་སྟེ་འཁོད་ཅིང་ཇི་ལྟར་ཤེས་རབ་ཀྱི་ཐབས་རྣམས་ཀྱི་ཆགས་པ་ལོག་སྟེ། ཇི་ལྟར་གྲོལ ་དེ་ལྟ་བུར་སྐད་ཅིག་མར་འཇིག་པ་མི་ཤེས་སོ།། ཁ་ཅིག་ནི་རྣམ་པར་རྟོག་པ་མི་འཇུག་ཅིང་རྟག་པ་དང་། མི་རྟག་པར་མཐོང་བས་ཞེས་པ་ནི་རྒྱུད་ཀྱི་རྒྱུན་དུ་གནས་པའི་རྣམ་པར་ཤེས་པ་ལ་བདག་ཏུ་སྒྲོ་བཏགས་ཏེ། རྟག་པ་དང་བདག་ལ་སོགས ་པའི་རྫ་སུ་བརྟགས་ནས། བློ་དང་སྒྲ་དང་མི་རྣམས་མི་རྟོག་གོ།། ཞེས་རྣམ་པར་རྟོག་པ་བཟློག་ཅིང་དེའི་ཡོན་ཏན་བློ་ལ་སོགས་པ་སྐྱེ་བ་རྣམས་བཀག་སྟེ་རྣམ་པར་རྟོག་གོ།། ཁ་ཅིག་ནི་མཚན་མར་རྣམ་པར་རྟོག་པ་མང་བ་ནི་སྡུག་བསྔལ ་སྐྱེ་བ་ཐོབ་པར་བྱེད་པའོ་སྙམ་ནས། རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པ་དག་མཚན་མས་འཇིགས་ཤིང་སྐྲག་སྟེ་མཚན་མ་མཐོང་བས་བདེ་བ་འདོད་པའི་ཕྱིར་མྱ་ངན་ལས་འདས་པའི་བློར་གྱུར་ཏེ་ཞེས་པ་ནི་འདུ་ཤེས ་ནོ་མཚན་མར་འཛིན་པའི་བདག་ཉིད་དེ། འདུ་ཤེས་སྨན་དང་། འདུ་ཤེས་ཟུག་རྔུའོ་སྙམ་ནས་དེ་ལྟ་བུར་འདུ་ཤེས་མེད་པ་ཅན་ཡིན་ནོ།། རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པ་ནི་ལུས་དང་ལོངས་སྤྱོད་གནས་སྣང་བ།། ་ཀུན་གཞིན་ཀུན་ཏུ་འབྱུང་བ་སྟེ། ཞེས་པ་ཤེས་རབ་ཀྱིས་དཔྱད་པས་ལྡོག་པ་མི་ཤེས་ནས། བདག་རྟག་པ་ནི་མཆོག་ཏུ་དགའ་བའི་གནས་ཀྱི་ངན་མྱ་ངན་ལས་འདས་པར་རིག་སྔགས་འཛིན་པའི་མཐར་སྨྲ་བ་རྣམས་རྟོགོ། གང་ན་བདེ ་བའི་ཀུན་ཏུ་ཚོར་བ་ཡོད་པ་དེ་ན་སྐྱེ་བ་གཞན་གྱི་གནས་ཏེ། ཇི་ལྟར་མྱ་དྲན་ལས་འདས་པ་ཡིན་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། ཡང་ཁ་ཅིག་ནི་ནང་དང་ཕྱིའི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་ཅིང ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོ་མི་འཛག་སྟེ། མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ཞི་བཱ་པ་དང་། གཏོགས་འདོད་པ་དང་། ཚངས་པ་ལ་སོགས་པར་སྨྲ་བ་པོ་རྣམས་ཀྱིས་དངོས་པོ་རྣམས་སྤྱིའི་དང ་ཁྱད་པར་དུ་ལྡན་པ་ཀུན་ཏུ་རྟོག་གོ། ཇི་ལྟར་ཐམས་ཅད་འདི་ནི་ཞི་བ་དག་སྟེ། ཞི་བ་ཉིད་ལས་རབ་ཏུ་བྱུང་།། འབྱུང་པོ་ཀུན་ལ་ཞི་བ་སྟེ།། གང་ཞི་དེ་ནི་བདག་ཉིད་ཉོ།། ཇི་ལྟར་ཤིང་ལ་མེ་ཡོད་དང་།། ཆུ་ནི་ས་ལ་ཡོད་པ་དེ།། ཇི་ལྟར་འབྱུང ་པོ་ཐམས་ཅད་ལ།། ཞི་བ་དག་པ་རྣམ་པར་གནས།། བསྟན་པ་བྱིན་འགྲོ་དེ་བཞིན་དུ།། གང་སར་ཅུང་ཟད་ཡོད་པ་ནི།། ཐམས་ཅད་དེ་ནི་དབང་མཆོག་གིས།། བདག་ཉིད་ཁྱབ་སྟེ་གནས་པའོ།། གཏོགས ་འདོད་ཀྱིས་ཀྱང་སྨྲས་པ་པ།། འབྱུང་པོ་ཀུན་ལ་བདག་གནས་པར།། བདག་ལ་འབྱུང་པོ་ཐམས་ཅད་དོ།། བདག་ལྡན་དེ་ལྟར་སུས་རིག་པ།། ཀུན་ཏུ་མཉམ་པར་མཐོང་བའོ།། ཚངས་པར་སྨྲ་བ་བྷ་དྲ་ཧ་རི་ལ་སོགས་པས་སྒྲུབ་པར་བྱེད་པ ་དེ་ཕྱིར་ང་རོད་ས་གནས་པ།། སྣང་བའི་གྲོང་ནི་འགྱུར་བ་མེད།། ཆེད་དང་ལྡན་པའི་སྤྲིན་རྣམས་ནི།། རླུང་ལས་སྐྱེ་བ་བཞིན་དུའོ།། སོ་སོར་ཚིག་དོན་དེ་དག་དང་།། ཁམས་ཀྱི་དོན་ཀྱང་སྨྲ་བ་སྟེ།། དེ་ཡོད་དང་ནི་དེ་ཆེ་བ།། བདག་ཉིད་ཁོ་ན་ཉིད ་རྣམསྣ་སྨྲས་ཞེས་པ་སྟེ། དེ་དེ་ལྟར་མི་གཉིས་པར་སྨྲ་བ་རྣམས་ཀྱི་སྤྱི་དང་ཁྱད་པར་དུ་བརྟགས་པ་རྣམ་པ་ཐམས་ཅད་ཀྱིས་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ།། ཀྵ་པ་ན་ཀ་དང་། སྤྱོད་པ ་ཅན་གྱིས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བརྟག་པ་ཡོད་པ་མ་ཡིན་ཏེ། བདག་དང་གཞན་གྱིས་རང་བཞིན་གཉིས་གཅིག་པར་གཅིག་པུ་ལ་རང་བཞིན་མི་སྲིད་པའི་ཕྱིར་གཟུགས་ཅན་དང་། གཟུགས་མྱེད་པ་དང་། གྲོང་བད། ་མེ་ལ་སོགས་པ་རྣམས་གཅིག་པའི་སྐྱོན་དུ་འགྱུར་བའི་སྟེང་དུ་ཕན་ཚུན་གྱི་འབྲས་བུ་མེད་པར་ཡང་འགྱུར་རོ།། དེས་ན་རང་དང་སྤྱིའི་མཚན་ཉིད་ཡོང་སུ་ཤེས་པས་ཐར་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། ཁ་ཅོག ་ནི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྟེས་བུ་དང་། གང་ཟག་དང་། ཆོས་ཐམས་ཅད་མི་འཇིགས་པས་མུ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ཐོས་པ་ལས་ཏེ། གལ་ཏེ་བདག་ལྟ་བར་བྱས་ན་ཤེས་པར་བྱ་བ ་དང་། གདོན་མི་ཟ་བར་བསྟན་པར་བྱའོ།། འོན་ཏེ་སྐྱེ་དགུ་མི་འདོད་ན་སྐྱེ་དགུས་ཅི་བྱ། གང་དག་ལ་འཇིག་རྟེན་འདི་མེད་ཅིང་འཇིག་རྟེན་གྱི་མི་རྟག་པ་ཉིད་ཤེས་ནས་བདག་གི་རྣལ་འབྱོར་དུ་གནས་པ་དེ་དག་ལ་ནི་ཇི་ཙམ་དུ་བདག་ཏུ ་ཆགས་པ་ཡོད་པ་དེ་ཙམ་དུ་ཐར་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། བདག་དང་སེམས་ཅན་ལ་སོགས་པ་མིང་ནི་རྣམ་གྲངས་ཀྱི་སྒྲ་བཅུ་གཉིས་ཏེ། མུ་སྟེགས་བྱེད་ཀྱིས་ཐར་པར་ཀུན་བརྟགས་པ་དེ་དག་རྟག ་ལ་སོགས་པ་གཞན་ནི་མི་རྟག་པའོ།། ཞེས་ཏེ། དེས་ན་བདག་ཏུ་མངོན་པར་ཆགས་པའི་ཕྱིར་དེ་དག་ཐར་པར་མི་འགྱུརརོ།། ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་དག་བདག་གིས་འདུ་ཤེས་ལ་ནི་གནས།། དེ་དག་སྡུག་བསྔལ་ལ་ནི ་རབ་ཏུ་གནས།། གང་ན་སྡུག་བསྔལ་ལ་ནི་མིན་པ་ཡི།། བདག་མེད་པའི་ནི་བདག་མི་ཤེས་སོ་ཞེས་པའོ།། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་མི་མཁས་པའི་བློ་ཅན་ཁ་ཅིག་ནི་རང་བཞིན་དང་སྐྱེས་བུའི་བྱེ་བྲག་མཐོང་བ་དང་། ཡོན་ཏན་འགྱུར་བ ་བྱེད་པ་པོའི་ཕྱིར་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱིས་ཡུལ་ལས་ཤིན་ཏུ་སྐྱེ་སྟེ། རྟག་པར་བདག་ཏུ་སྦྱོར་ཞིང་རང་གི་ཡོན་ཏན་བློ་ལ་སོགས་པ་ཁས་བླངས་པར་སྔར་སྨྲས་པ་རྣམས ་ཡོངས་སུ་སྤང་བའི་ཕྱིར་ཐར་པའོ་ཞེས་སོ།། གྲངས་ཅན་རྣམས་ནི་མི་མཁས་པའི་བློ་ཅན་དུ་ཐམས་ཅད་མཁྱེན་པས་གསུངས་པ་སྟེ། སྒྲ་ལ་སོགས་པར་དམིགས་པའི་ཡོན་ཏན་སྐྱེས་བུས་བྱེ་བྲག ་ཏུ་མཐོང་བ་སྟེ། གཙོ་ན་སྐྱེས་བུའི་དོན་ཡིན་པར་རྟོག་གོ། ཚོར་བ་ཅན་གྱི་གཟུགས་ལ་སོགས་པའི་ཡུལ་གྱི་ཁྱད་པར་ཡོངསུ་ཤེས་པར་གྱུར་དུ་ཟིན་ཀྱང་རེ་ལྡེ་དང་རྩིག་པོའི་ཁྱད་པར་བཞིན་ཏེ། བདག་ཏུ་ཆགས་པ་མ་ལོག་པའི་བར་དུ ་དོ་ཙམ་གྱིས་ཐར་པར་འགྱུར་རམ། བསམ་པ་མེད་པའི་ཡོན་ཏན་རྣམས་བྱེད་པ་པོ་ཡིན་གྱི་བསམ་པ་ཡོད་པ་ནི་བྱེད་པ་པོ་མ་ཡིན་ནོ་ཞེས་པ་ན་མི་མཁས་པའི་བློ་ཅན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། རང་བཞིན་དང་། བདེ་བ་དང ་སྡུག་བསྔལ་དང་། གཏི་མུག་གི་མཚན་ཉིད་དུ་ཡོན་ཏན་གསུམ་གྱི་བདག་ཉིད་དང་། སྐྱེས་བུའི་ལོངས་སྤྱོད་དང་། ཡུལ་གྱི་ངོ་བོ་ཉིད་དོ།། བློས་རྟོགས་པའི་དོན་ནི་སྐྱེས་བུས་ཚོར་བ་ཞེས་གྲངས་ཅན་རྣམས་ཀྱིས་རྟོག་གོ།། དེའི་ཚེ་ན་ཡང་སྤྲུལ ་གདོན་མ་ཟ་བར་ཡོངསུ་བཅད་པ་ནི་བསམ་པ་དང་བཅས་པ་ལ་ནི་རིགས་པས་ན་བློ་དང་སྐྱེས་བུ་ཇི་ལྟར་ནོ་ཐ་དད་པར་རུང་ཞེས་བྱ་བར་ཏི་ཀ་ལས་ཞིག་ཏུ་རྩོད་དེ།། ཁ་ཅིག་ནི་བསོད་ནམས་མ་ཡིན་པ་ཡོངསུ་ཟད་པས་ཞེས་པ་ནི་ཇི་ལྟར་རིག་སྟ ་ཀྱི་བུམ་ཏ་ཀའི་རྒྱུད་ལས། རྣལ་འབྱོར་གྱི་ནི་གཙུབ་གཏན་གཙུབ་ཤིང་ནི་ཤེས་བསྲེགས་པ་མཐའ་མེད་པ་བསང་སྡིག་བཞིན་ཏེ་ཞེས་བྱ་བ་ལ་སོགས་པའོ།། ཇི་ལྟར་བ་ཛ་ས་ན་ཡ་ཀ་ལས་འབྱུང་བ་རིག་སྨྲ་ནི་རིག་སུ་མ་མམམཆོད་སྦྱིན་ནི་མཛ་སྦྱིས་མི ་མཱ་ནི་མ་མ་ཡིན་ནོ་ཞེས་བྱ་བ་དེས་རྐུ་བ་མི་རྐུ་བར་འགྱུར་རོ།། གདོལ་བུ་ནི་གདོལ་བུ་མ་ཡི་ནོ།། སྨེ་ཤ་ཙ་ནི་སླེ་ཤ་ཅན་མ་ཡིན། བྲམ་ཟེ་ནི་བྲམ་ཟེ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ལ་ཀོ་པཱ་གཱ་བི་སུ་མི་མཐོང་བར་དེ་འ་ནར་ཡིས་མི་བཉྩི་མནྡེ་པ་ནི་བདག་ཏུ་ཆགས་པ་ལོག་པ་ན ་སྡིག་པ་ཡོངསུ་ཟད་པར་འགྱུར་རོ།། ཞི་བ་ལ་རྟག་པ་ནི། བཅོམ་ལྡན་འདས་ཀྱིས་འབྱུང་ཅིག་གིས།། བསོད་ནམས་སྡིག་པ་ཟད་པར་བྱེད།། འབྱུང་དང་འདྲ་བའི་ཐར་པ་མེད།། ཡི་གེ་ཕྱི་མོ་མཚུངས་རིག་མེད།། གལ་ཏེ་བདག་ཏུ་ཆགས་པ་མེད་པ ་མ་ཡིན་པར་རབ་ཏུ་བྱུང་བས་སྡིག་པ་ལྡོག་པར་འགྱུར་ན་ནི་ལྷས་རྗེསུ་བཟུང་བ་ཙམ་དུ་བཞག་གི། འདོད་ཆགས་དང་མ་བྲལ་བར་ནི་ཐར་པར་མི་རུང་ངོ་།། ཁ་ཅིག་ནི་ཉོན་མོངས་པ་ཟད་པར་ཤེས་པས་ཞེས་པ་ནི་ཤེས་རབ་ཀྱིས་དཔྱད་པ ་མེད་པར་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟད་དུ་ཟིན་ཀྱང་བདག་ཏུ་ཆགས་པས་ན་ཕྱི་རོལ་གྱི་རྣམས་ལ་ཐར་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས ་པའོ།། དེ་བོས་ན་སྒྱིད་ལ་ཆགས་མེད་བསམ་གཏན་པ།། སྐྱིད་པའི་ཐོག་མར་ཕྱིན་པ་ཡང་།། ང་རྒྱལ་ལྕགས་ཀྱུས་དྲངས་ནས་སུ།། སེམས་ཅན་དམྱལ་བར་ཡང་ལྷུང་ངོ་།། ཁ་གཅིག་ནི་འཇིག་རྟེན་རྣམས་ནི་དབང་པོས་རང་དབྱུང ་དུ་བྱས་པར་མཐོང་བས་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི། བདག་གི་སྡུག་བསྔལ་བདེ་བ་ལ།། སྐྱེ་བོ་མི་ཤེས་དབང་བྱར་མེད།། མྱ་ངན་སོང་འམ་ནི་མཐོ་རིས་སུ།། དབང་པོས་བསྐྱོད་པ་གཞིན་དུ་འགྲོ། དེ་སྟེ་དབང་པོའི ་ཚིག་བརྩན་སྟེ།། མཐོ་རིས་དང་ཐར་པ་ལ་སོགས་པ་འགྱུར་ན་ནི་དེའི་ཚེ་དབང་པོ་དེ་འདོད་ཆགས་དང་བྲལ་བའི་ཕྱིར་ཐམས་ཅད་ཉིད་ཅིས་ན་ཐར་པར་མི་འགྲོ། འོན་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་ནི། ་དེ་ལ་ཡང་ཉོན་མོངས་པ་དང་མི་ཤེས་པའི་སྡུག་བསྔལ་སུས། དེའི་ཕྱིར་དབང་པོས་འཇིག་རྟེན་ལ་བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་བྱེད་པ་མེད་དོ།། ཡོངས་སུ་དག་པ་ཞིག་ན་ནི་ཐལ་བས་སྐུད་པ་དང་། རལ་པ་འཕྱང་བ་དང་། ལྟ ་ལྷབ་ལྷུབ་སྣ་ཚོགས་པའི་གར་དང་། གླུ་ལ་སོགས་པས་དབང་པོ་མགུ་སྟེ། ཅིས་ན་ཐར་པར་ཁྲིད། དེས་ན་རྟག་པ་དང་བདག་ཏུ་ཆགས་པའི་སྲེད་པ་དང་མ་བྲལ་བ་ནི་མི་རུང་གི་འདོད་ཆགས་དང་བྲལ་བ་ལ་ཐར་པར་རུང་ངོ་།། ཁོ་ཅིག་ནི་འཇིག ་རྟེན་གྱི་འབྱུང་བ་འདི་ནི་གཅིག་གིས་གཅིག་ཞུགས་པ་སྟེ། རྒྱུ་ལས་མ་ཡིན་ནོ་ཞེས་དེ་ལ་རྒྱུ་ལ་མངོན་པར་ཆགས་པ་བཞིན་དུ་གཏི་མུག་པས་ཁོང་དུ་མི་ཆུད་དེ་དེ་ཁོང་དུ་མ་ཆུད་པས་མྱ་ངན་ལས་འདས་པ་ནི་མེད་པར་རྟོག་གོ་ཞེས་པ་ནི ་སྐྱེ་བོ་རྣམས་ཀྱིས་ལས་ཀྱི་མཚན་མ་དང་སྐྱེ་བའི་མཚན་མ་ཡང་རྒྱུ། རྒྱུ་གང་མེད་པས་ཐུར་པར་འགྱུར་བ་དེ་ཁོང་དུ་མི་ཆུད་དོ།། བདག་ལ་ཆགས་པ་ཡོད་ན་ལས་བྱེད་དོ།། བདག་མེད་པར་ཤེས་པས་མི་བྱེད་དོ།། བདག་ཏུ་ཆགས་པ་ཡོད་ན ་ནི་ཇི་ལྟར་ན་ལས་བྱེད་པར་མི་འགྱུ་རོ།། ལོས་སུ་སྨྲ་བ་པོ་རྣམས་ཀྱིས་བདག་ལས་ཀྱི་སྒྲིབ་པ་ལས་འགྲོ་བར་འགྱུ་རོ་ཞེས་དེ་ཅིས་ན་བརྗོད་ཇི་ལྟར་ལས་ཀྱི་རྒྱུས་སྐྱེ་བ་སྟེ། ལས་མི་བྱེད་ན་སྐྱེ་བར་མི་འགྱུ་རོ་ཞེས་སོ།། མྱ་ངན་ལས་འདས ་པའི་རྩ་བའི་རྒྱུ་ནི་བདག་མེད་པར་རིག་པར་བྱའོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པར་བརྟག་གོ།། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཁ་ཅིག་ནི་བདེན་པའི་ལམ་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ཇི་ལྟར་ནེ་ཡི་ཡ ་ཡི་ཀས་རྟོག་པ་སྟེ། སྡུག་བསྔལ་འབྱུང་བའི་ཉེས་པ་ནི་ལོག་པའི་ཤེས་པ་རྣམས་ཀྱིས་ཏེ། ཡང་ནས་ཡང་དུ་ལྷུང་བར་བྱེད་དོ།། དེ་ལྟར་མཚན་མར་སྦྱོར་བ་མེད་ན་ཐར་པའོ་ཞེས།། ལས་འབྱུང་ན་སྐྱེ་བ་དང་། རྒ་བ་དང་། རྒུད་པ་དང་། འཆི ་སྡུག་བསྔལ་ལོ།། ལས་ཀྱང་འདོད་ཆགས་ལ་སོགས་པས་བྱེད་དོ།། འདོད་ཆགས་ལ་སོགས་པ་ནི་ལོག་པའི་ཤེས་པ་ལས་འབྱུང་ངོ་།། མི་རྟག་པ་དང་།། སྡུག་བསྔལ་བ་དང་། མི་མཛེས་པ་ཡོངས་སུ་ཤེས་པས་ལོག་པའི་ཤེས་པ་སྦྱང་ངོ་།། ་ཞེས་སོ།། དེ་ལྟ་བུར་བདེན་པའི་ཤེས་པ་ཐམས་ཅད་མཁྱེན་པས་དགོངས་པ་སྟེ། འོན་ཀྱང་དེ་དག་ལ་བདག་མེད་པའི་ཡེ་ཤེས་མེད་པས་དེ་བཞིན་དུ་བདག་ཏུ་ཆགས་པའི་ཕྱིར་ལས་དང་སྐྱེ་བ་ཇི་ལྟར་ན་ལྡོག་པར་འགྱུར། ཁ་ཅིག་ནི་ཡོན ་ཏན་དང་། ཡོན་ཏན་ཅན་མངོན་པར་ཁོང་དུ་ཆུད་ཅིང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པས་མཐོང་བས།། མྱ་ངན་ལས་འདས་པའི་བློར་འགྱུར་རོ་ཞེས་པ་ནི་ཁྱད་པར་ཅན་རྣམས་ཀྱི་བདག་གི་ཡོན་ཏན་དགུ་རྩ་བ་ནས ་བཅད་ན་ཡོན་ཏན་ཅན་བདག་མཐར་རོ་ཞེས་རྟོག་གོ།། མི་གཉིས་པར་སྨྲ་བ་རྣམས་གཅིག་པའི་ཕྱིར་ཚངས་པ་དང་དབང་པོ་ལ་སོགས་པའི་ཆུད་པ་མཚུངས་པས་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་རྣམས་ཡོན་ཏན་གཅིག་པ ་ཧཱུཾ། ཡོངསུ་སྦྱངས་རྒྱུ་བར་བའོ་ཞེས་སོ།། ཇི་ལྟར་གཏོགསས་འདོད་ཀྱིས་སྨྲས་པ། ལྷ་ཡི་འདི་ནི་ཡོན་ཏན་ཅན།། ང་ཡི་སྒྱུ་མ་བརྒལ་དགའ་བར།། དེ་ལྟར་ངལ་སུ་རྟོགས་འགྱུར།། དེ་དག་སྒྱུ་མ་འདི་ལས་བརྒལ ་ཞེས་སོ།། དེ་བཞིན་དུ་དབང་པོའི་སྒྱུ་མཱ་ནི་བྱེད་པའི་མཐུ་སྟེ་སྐྱེས་བུ་དང་། བུད་མེད་ཀྱི་ཉི་ཤུ་རྩ་བཞིའི་ཐ་དད་པས་ཕྱེ་བ་ནི་འཆིང་བར་འཇུག་གོ།། ཤེས་པའི་མཐུས་ཐར་པའོ།། གཉིས་ཀར་སྨྲ་བ་ནི་གཉིས་སྨྲ་བའོ།། གཉིས་ཀའི་མ་ཡིན་པར ་སྨྲ་བ་ནི་གཉིས་ཀ་དང་གཉིས་ཀ་མ་ཡིན་པོར་སྨྲ་བ་ཀྵ་པ་ན་ཀོ་སྟེ། བདག་དང་བྱེད་པ་པོ་དང་། ཕྱི་རོལ་ཏུ་ལྟ་བར་སྨྲ་བ་དེ་དག་ལ་བདག་ཏུ་ཆགས་པ་ཡོད་ཀྱི། བདག་མེད་པའི་ཡེ་ཤེས་མེད་པས་ན་འཁོར་བ་ཇི་ལྟར་ན་ཡོངས་སུ་ཟད་པར ་འགྱུར། ཁ་ཅིག་ནི་རང་བཞིན་ལས་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་རྐྱོང་པན་གྱི་ཕྱོགས་ཉིད་བརྟག་སྟེ། ཇི་ལྟ་བ་བཞིན་དུ་དངོས་པོ་འདི་དང་། རང་བཞིན་ལས་འབྱུང་བ་དེ་བཞིན་དུ་རྣམ་པུར་འཇིག་པ་ནི་ཐར་པ་བྲོ་ཞེས་སོ།། ་དེནི་སྐྱེས་མ་ཐག་པ་ལ་དགའ་བ་དང་། འཇིགས་པ་དང་། མྱ་ངན་ཀུན་རྟོགས་པས་སྔོན་གྱི་གོམས་པ་རྔ་སུ་དཔག་གོ།། སྲེད་པ་དང་བཅས་པ་ཉིད་ནི་སྐྱེ་བ་དང་། འདོད་ཆགས་པ་དང་བྲལ་བ་ནི་མི་སྐྱེ་བར་མཐོང་བའི་ཕྱིར་དེས་ན་སྲེད ་པ་ཡོངསུ་ཟད་ན་ཐར་པར་དགོངས་པའི་དོན་དུ་བརྟག་གོ།། གཞན་དུ་སྐྱེ་བ་རྗེ་སུ་དཔག་པ་ནི་ལན་དུ་མར་བཤད་པ་ཡིན་ནོ།། ཁ་ཅིག་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཁོང་དུ་ཆུད་པས་ཞེས་པ་ན་གྲངས་ཅན་རྣམས་ཏེ། ཁ་ཅིག་ནི་དབང་པོར་འདོ ་པ་སྟེ། ཁ་ཅིག་ནི་དབང་པོ་མི་འདོད་དེ་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་སྟེང་དུ་དབང་པོ་སྟེ། བྱེད་པ་དང་བཅས་པ་དང་། བྱེད་པ་མེད་པ་ནི་མྱ་ངན་ལས་འདས་པའི་རྒྱུར་རྟོག་གོ།། ཁོ་ན་ཤེས་པ་ཉི་ཤུ་ལྔ།། གནས་ནི་གང་དང་གར་ཡང་རུང་།། མགོ ་བྲེགས་རལ་པ་ཕུད་པུ་ཅན།། གྲོལ་བ་དེར་ནི་གདོན་མི་ཟ་ཞེས་པ་ནི་སྦྱོར་རོ།། དབང་པོར་མི་སླུ་བ་རྣམས་ནི་རང་བཞིན་དང་སྐྱེས་བུའི་བྱེ་བྲག་ཤེས་པས་ཐར་པ་ཞེས་མཛེར་ཏོ།། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྷ་ལ་སེམས་པ་ནི་སྐྱེས་བུའི་ངོ་བོ་ཉིད ་སེམས་སྟོབས་དང་། རྡུལ་དང་མུན་པ་མཉམ་པའི་དུས་ན་གཙོ་བོ་གཙྪ་ལས་ཆེན་པོ་སྟེ། དོན་བྷྱོའི་རྣམགྱུང་སོ།། ཆེན་པོ་ལས་ང་རྒྱལ་ལོ།། ང་རྒྱལ་ལས་སྒྲ་ལ་སོགས་པའི་ཡུལ་དེ་ཙམ་ལྟའོ།། དེ་ཙམ་ལྔ་ལྔས་འབྱུང་བ་ལྔ་དང་། བློ ་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། ཡིད་དེ་གྲངས་ཅན་གྱི་ལོ་རྒྱུ་སོ།། ཁྱད་པར་ཅན་གྱི་བྱེ་བྲག་ནི་བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། ཞེ་སྡང་དང་། ནན་ཏན་དང་། ཆོས་དང་ཆོས་མ་ཡིན་པ་དང་། འདུ་བྱེད་རྣམས ་བདག་གི་ཡོན་ཏན་དགུ་ཟད་ནས་ཐར་པའོ།། གྲངས་ཅནྡ་རྣམས་ཀྱི་ནི་ཡོནྡ་ཏན་དང་སྐྱེས་བུའི་ཁྱད་པར་མཐོང་བས་སོ།། ཁ་ཅིག་ནི་སྐྱེ་དགུ་སྐྱོང་བ་དང་། ཡོན་ཏན་དྲུག་བསྟན་པ་འཛིན་པས་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི ་བདག་གི་དོན་སྤངས་ལ། གཞན་གྱི་དོན་དུ་བསམ་པ་དག་ཅིང་སྙིང་རྗེ་ཅན་གྱི་སྐྱེ་དགུ་སྦྱོང་བས་ཡོན་ཏན་དྲུག་བསྟན་པ་འཛིན་པའི་ཕྱིར་ཐར་པ་ཞྭ་སྟེ་སྡུག་བསྔལ་ཟད་པར་བརྟགས་པའོ།། ཡོན་ཏན་དྲུག་ནི་འམཛལ་དུ་མ་དང་། འཐབ་པ་དང་། ་ཆ་བ་དང་། འཁོད་པ་དང་། རྟེན་པ་དང་། རྣམ་པ་གཉིས་ཀྱི་དངོས་པོ་ཆོས་ཀྱི་ཚུལ་གྱིས་ཅིས་ན་ཚེ་གཞན་ལས་ཐར་ཞེས་ཐམས་ཅད་མཁྱེན་པའི་སྒྲའི་དོན་ལས་དགོངས་པའི་དོན་དུ་བརྟག་གོ།། ཁ་ཅིག ་ནི་བྱེད་པ་པོ་དུས་དུ་ཡིན་པར་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་དུས་ཀྱི་མཐུ་ལས་སྐྱེས་པ་དེ་ལྟར་དུས་གཞན་དུ་ཐར་པ་ཞེས་ཏེ་འབྲས་བུ་འབྱུང་བ་ཉིད་ཐར་པའོ།། ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ། སྲོག་དང ་སྲོག་མིན་དབུགས་བསྙམས་ནས།། སྣ་ཡི་ནང་དུ་རྒྱོ་བར་བྱེད།། དབང་པོ་ཡིད་དང་བློ་ཡང་བསྡམསོ།། ཐུབ་པའི་ཐར་པར་གནས་པའོ་ཞེས་སོ།། ལྷ་ཆེན་པོས་ཀྱང་སྨྲས་པ། རྣམ་པར་སྙམ་པའི་ཚུལ་གྱིས་ནི།། ཞགས་པ་སུས་ནི ་ཆོད་མི་འགྱུར་ཞེས་བྱ་བ་ལ་སོགས་པའོ།། བདག་ཏུ་ཆགས་པའི་འདོད་ཆགས་དང་འབྲལ་བ་ལ། ལས་དང་སྐྱེ་བ་ལས་ཐར་པར་རུང་ངོ་།། བློ་གྲོས་ཆེན་པོས་ཁ་ཅིག་ནི་སྲིད་པས་སོ་ཞེས་པ་ནི་ཇི་ལྟར་མཆོད་སྦྱིན་གྱིས་མཆོད་པར ་གྱུར་པས་དེ་དག་གོ།། གང་འདིར་རྟག་དང་ལྡན་པའི་ཡོན་ནི་མཐོ་རིས་སུ་མཐོའོ།། གོས་སྦྱིན་པ་ནི་ཉི་མ་དང་ལྷན་ཅིག་པའོ།། གསེར་དངུལ་སྦྱིན་པ་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཟ་ཞིང་དེ་ཚེ་མེད་པའོ།། ཁ་ཅིག་ནི་སྲིད་པ་མེད་པས་སོ་ཞེས ་པ་ནི་ཁྲུས་དང་སྦྱིན་སྲེག་ལ་སོགས་པར་ཐར་པར་རྟོག་གོ། གངྒཱ་ཆུ་དང་དེ་བཞིན་མཆོ་།། གངྒཱ་རྒྱ་མཚོ་འདྲེས་པར་ནི།། ཁྲུས་བྱེད་དོ་དག་མཐོ་རིས་འགྲོ། ཤི་བ་དེ་དག་ཡང་སྲིད་མེད། ཅེས་པ་ལ་བདག་ཏུ་ཆགས་པ་ནི་ལས ་ལས་དང་སྐྱེ་བའི་རྒྱུ་སྟེ། དེ་ལ་མ་ཆགས་པ་ནི་ཐར་པར་རུང་ངོ་།། ཡིད་ལྟ་དཔའ་བོར་གནས་ཤིང་ནི།། རྣལ་འབྱོར་བརྩོན་པའི་འགྲོ་བ་གང་།། གྲདྷཱ་ཡ་མུན་འདྲེས་པ་ལཱ། སྲོག་འདོར་དེ་ཡི་འགྲོ་བ་དེ།། ནམ་ཞིག་དུས་ཀྱི་རྣམ་གྲངས་ཀྱིས།། ་ཝ་ར་ཎཱ་སི་རོ་གལ་ཏེ་འགྲོ། རྡོ་བྷས་རྐང་པ་གཉིས་བཙག་སྟེ།། དེ་ཉིད་དུ་ནོ་འཆི་བར་བྱ།། བྲམ་ཟེ་གསོད་ལ་སོགས་པ་མི།། དེར་བཀྲུས་ནཱས་ནི་རྣམ་པར་འགྲོལ།། སྲིན་མ་ཕྱེ་མཱ་ལེབ་རྣམས་ཀྱང་།། ཤྲཱི་བ་གྲོལ་བར་གདོན་མི་ཟ་ཞེས ་པ་སྟེ། དེ་དེ་ལྟ་བུར་འཁྲུ་བས་སྲིད་པ་སྲིད་པ་མེད་བུ་རྟོག་གོ།། སྔགས་ཀྱིས་ཀྱང་མཐོ་རིས་དང་སྡེ་དང་བྲལ་བའི་གནས་ཏེ་ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ། ང་ཡི་རྗེསུ་དྲན་པས་ནཱི།། བྲམ་ཟེ་བསད་པའི་སྡིག་བྱེད་ནས།། ལུས་ནི་བོར ་ནས་རབ་འགྲོ་བ།། དྭེ་ནི་འགྲོ་བའི་མཆོག་ཏུ་འགྲོ་ཞེས་གཏོགས་འདོད་ཀྱིས་མཐོ་རིས་དང་ཐར་པ་དང་སྐྱིད་པ་མེད་པར་བརྟགས་པར་བརྟག་གོ།། ལྷ་ཆེན་པོས་ཀྱང་སྨྲས་པ། འཆི་བའི་དུས་ནི་བྱུང་བ་ན།། རིག་སྔགས་ཆེན་པོ་གཅིག ་ལ་སོགས།། མིས་ནི་ཡིད་ལ་བསམས་གྱུར་ན།། ལུས་ཞིག་ནས་ནི་ཞི་བ་དང་།། ལྷན་ཅིག་སྦྱོར་འགྲོ་གདོན་མི་ཟ།། དགུ་བདག་ལ་སོགས་སྔགས་ཆེན་པོ་ཞེས་པ་སྟེ། དེའི་ཕྱིར་ཡང་སྨྲས་པ། འཇིག་རྟེན་རྒྱུ་དང་མི་རྒྱུ་བ།། ཆང་བཏུང ་ལ་སོགས་སྐྱོན་རྣམས་ཀྱིས།། མི་རིགས་པར་ནི་བྱས་ན་ཡང་།། ཡང་དག་རིག་ཉིད་མི་གོས།། ཚངས་སྤྱོད་སྩོགས་པས་ལུས་ལ་ནི།། གདུང་བར་ཅི་ཕྱིར་བྱ་ཞིག་གུ། ཡོངས་ཤེས་པས་ནི་དེ་དག་གྲོལ།། དེ་དག་ལ་ནི་གཟིར་འགྱུར་མེད། ་དེས་ནཱ་སྲིད་པ་སྐྱིད་པ་མེད་པ་ཡོངས་སུ་ཤེས་པ་ནི་ཐམས་ཅད་མཁྱེན་པའི་སྒྱུ་མའི་ཕྱོགས་སུ་དགོངས་པའོ།། སྔགས་དང་ཁྲུས་ལ་སོགས་པས་གལ་ཏེ་སྐྱེད་པ་དང་འདོད་ཆགས་ལ་སོགས་པའི ་ཉོན་མོངས་པར་རྣམ་པར་ལྡོག་ན་ནི་དེའི་ཚེ་སྡིག་པ་ཡོངས་སུ་ཟད་དེ་ཐར་པར་ཡང་རུང་ངོ་།། དེས་ནོ་དེར་ཞི་བ་རྣམས་ཀྱིས་སྨྲས་པ། སྲིད་ཞིའི་རྒྱུས་ནི་གྲོལ་བའི་ཕྱིར།། ཤེས་པ་མེད་ཅིང་སྦོམ་པའང་མེད།། དེས་ན་ལྐུག་ལ་སོགས ་པ་རྣམས།། དེར་ཞུགས་བསྐལ་པར་བརྗོད་པའོ།། སྔགས་ཀྱི་རྣལ་འབྱོར་ལ་སོགས་པ་གྲུབ་པ་རྣམས་ལ་ནི་སྲིད་པ་དང་མྱ་ངན་ལ་སྐུ་འདས་པའི་ཁྱད་པར་མེད་པ་ཡང་ཐམས་ཅད་མཁྱེན་པའི་སྔ་མའི་ཕྱོགསུ་དགོངས་པའོ།། ཇི་ལྟར ་པ་ཏིན་ཛ་ལིས་སྨྲས་པ་ལས་འབྱུང་བ། སྨནྡེ་དང་ནོར་བུ་དང་། སྔགས་དང་། ཏིང་ངེ་འཛིན་ལས་ཚེ་གཅིག་གིས་དྲངོས་གྲུབ་སྐྱེའོ།། ཁ་ཅིག་ནི་ཚེ་གཉིས་པོ་ཉིད་ལ་དངོས་གྲུབ་སྟེ། གོམས་པར་སྤྲོ་བའི་དྲང་སོང་ནི་ཐམས་ཅད་ཤེས་པར ་འགྱུར་རོ་ཞེས་ཐོས་པའོ།། དེར་དེ་ལྟ་བུ་ལ་ནི་རྩོད་པ་མེད་དེ་བདེ་བར་གཤེགས་པ་རྣམས་ལ་ནི་བདག་མེད་པའི་ཁྱད་པར་གྱི་ཕྱིར་རོ།། རྗེའུའི་ཁ་ཟས་ཀྱིས་ཁ་ཅིག་དང་། འབྲས་བུ་དང་། མེ་ཏོག་དང་། རྩ་བ་དང་། སྨན་ལ་སོགས་པས ་དངོས་གྲུབ་དུ་བརྗོད་དོ།། དེ་བཞིན་དུ་སྨན་ར་ས་ཡ་ན་ལུས་བསྟེན་པའི་དངོས་གྲུབ་ཏུ་གྱུར་པ་ཡང་རུང་། འཁོར་བ་ནི་བདག་ཏུ་ཆགས་པ་དང་། ལས་ཀྱི་རྒྱུ་ལས་ཏེ་མི་ཤེས་པ་ཡོངསུ་ཟད་པ་དང་། སྐད་ཅིག་མར་འཇིག་པའི་ཤེས་རང ་ཀྱིས་རུངངོ་།། ནོར་བུས་ནི་ནང་མེད་པ་དང་། ཅུང་ཟད་ཅིག་ཞི་བར་བྱེད་པར་འགྱུར་བ་ནི་སྔགས་དང་དུག་སྨན་ལ་སོགས་པས་ཀྱང་དུག་དང་། འདྲེ་ཤ་ཟ་ལ་སོགས་པས་གསལ་བར་ཡང་རུང་ན། ཚེའི་བདག་ཏུ་ཆགས་པ་དང་། ལས་ཀྱི་རྒྱུ་ལས ་འབྱུང་བ་བདག་མེད་པར་ཤེས་པས་ལྡོག་གོ།། ཏིང་འཛིན་ལས་སྐྱེས་པའི་དངོས་གྲུབ་རྣམས་ནི་དེ་བཞིན་དུ་ལུས་ཡང་བའི་ཕྱིར་འཇིག་རྟེན་ལ་སོགས་པའི་དངོས་གྲུབ་མངོན་པར་ཤེས་པ་ལྔ་པ་ཏནྟ་ཛ་ལའི་རྣལ་འབྱོར་སྡོམ་པ་དང་། ངེས ་པ་དང་། སྟན་པ་དང་། སྲོག་གི་འབད་པ་དང་། ཕྱིས་བསྒྲུབ་པ་དང་།། བསམ་གཏན་དང་། འཛིན་པ་དང་། ཏིང་འཛིན་དང་། ཡན་ལག་བརྒྱད་ཀྱིས་འགྲུབ་པ་ཡོད་པར་ཡང་རུང་། ཨ་གསྟ་དང་མཆོད་སྦྱིན་ཤུན་པགས་དང་།། སྟོན་པའི་ཡན་ལག ་དྲུག་གི་རྣལ་འབྱོར་ནི།། སྲོག་འབད་དེ་བཞིན་བསམ་གཏན་དང་།། ཕྱིས་སྒྲུབ་དེ་ནས་འཛིན་པ་དང་།། རྟོག་གེའི་ཏིང་འཛིན་དེ་བཞིན་དུ།། ཡན་ལག་དྲུག་ལ་རྣལ་འབྱོར་བརྗོད།། དྲང་སྲོང་སན་ཀའི་རྣལ་འབྱོར་ནི།། འཛུམས་པ་ཕྱེ་བ་དེ ་བཞིན་དུ།། ཐལ་མོ་ཙམ་ནི་རྣམས་ཞེས་བྱ།། དེ་བཞིན་བཅུ་གཉིས་ཙམ་པོ་ནི།། སྒྲོག་འབད་པར་མི་མངོན་བརྗོད་བྱ།། སྲོག་འབད་བཅུ་གཉིས་འཛིན་པ་སྟེ།། འཛིན་པ་གཉིས་ལའང་རྣལ་འབྱོར་ཡིན།། དེ་ལྷོར་རྣལ་འབྱོར་ལྡན་པ་ལ།། ་དབང་ཕྱུག་རབ་ཏུ་འགྲུབ་པར་འགྱུར།། བདག་གི་མཆོག་གི་གཟི་བརྗིད་ཀྱིས།། དེས་ནི་འབར་བར་མཐོང་བའོ་ཞེས་པ་དེ་བཞིན་དུ་གསལ་ཞིང་སྣང་བར་འགྱུར་བ་ཡང་རུང་སྟེ། རླུང་བཀག་པོ་ན་མེ་སྐྱེད་པར་བྱེད་དོ།། རྣམ་པ་དྲུག་གི་རྣལ ་འབྱོར་གྱིས་ཀྱང་རྫ་མ་ཅན་གྱི་རྣལ་འབྱོར་ལ་གནས་པ་ན་ལྟོར་སོན་པའི་རླུང་ཡང་སྤྱི་བོར་གནས་ཤིང་ཡང་དག་པའི་ལུས་གོང་དུ་ཁྲིད་པར་བྱེད་དོ།། དེ་ལྟ་བུའི་མངོན་པར་ཤེས་པ་ཡོད་པ་ཡང་རུང ་ན་བདྲག་ཏུ་ཆགས་པའི་རྒྱུ་ལས་ལས་དང་ཚེ་རྣམ་པར་མི་ལྡོག་པ་སྔ་མ་བཞིན་ནོ།། ལུས་ཡང་བའི་ཕྱིར་ན་མཁར་འཕགས་ཤིང་འབར་བ་དང་། རིང་བ་ལ་སོགས་པ་ཡོངས་སུ་ཤེས་པས་མ་ཡིན།། བཀྲ་ཤིས་དང་། བཀྲ་ཤིས ་མ་ཡིན་པ་དང་། འོ་མ་དང་ཟས་ལ་སོགས་པ་རྣམས་ལ་ཡང་ཐར་པ་མེད་པ་ཇི་ལྟར་ཞེ་ན། ཤེས་རབ་ཀྱིས་དཔྱད་པར་སྐྱོ་བར་གྱུར་པ་ལ་ཐར་པའོ།། ཁ་ཅིག་ནི་སྲིད་པ་དང་། མྱ་ངན་ལས་འདས་པ་བྱེ་བྲག་མེད་པར་མཐོང་བ་ཞེས་པ ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ཉིད་དེ། སློབ་དཔོན་ཀླུས་བོས་ཀྱིས་དབུ་མ་མྱ་ངན་འདས་པར་བཤད་པ་ནི། མྱ་ངན་འདས་པའི་མཐའ་གང་ཡིན།། འཁོར་བའི་མཐའ་ཡང་གང་ཡིན་པ།། དེ་གཉིས་པར་ན་ཅུང་ཟད་ཀྱང་།། ཤིན་ཏུ། ་ཕྲ་མོ་ཡོད་པ་མིན་ཞེས་པ་སྟེ། ནམ་ཤེས་རབ་ཀྱིས་དམིགས་པར་བྱ་བ་མི་དམིགས་པ་དེ་ན་འཁོར་བ་དང་ཁྱད་པོར་མི་མཐོང་ངོ་།། བློ་གྲོས་ཆེན་པོ་ཐམས་ཅད་མཁྱེན་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་དེ་ལ་འདི་སྐད་ཅེས ་བྱ་སྟེ། རང་གི་སེམས་སྣང་བ་ཙམ་ཇི་བཞིན་པ་ཁོང་དུ་ཆུད་པའི་རང་གི་སེམས་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་ངན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་གཟུགས་ལྟ་བུ་ལ་མངོན་པར་ཆགས་པར་མི་བྱའོ།། ་མཐའ་བཞིར་གཉིས་དང་། མི་གཉིས་པར་སྨྲས་པ་རྣམས་ཀྱི་སྟེ། གཅིག་པ་དང་། ཐ་དད་པ་དང་། གཉིས་མ་ཡིན་པ་བཤད་པར་བྱའོ།། ཚངས་པ་དང་། དབང་པོ་ལ་སོགས་པར་སྨྲ་བ་རྣམས་ལ་གང་ཟག་དང་ཆོས་ལ་བདག་མེད་པ ་ཡང་དག་པ་ཇི་ལྟ་བུ་ཡོངསུ་ཤེས་པ་མ་གཏོགས་པར་རྟག་ཅིང་གཅིག་པས་མི་རུང་སྟེ། རྟག་པ་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་ལྟོར་མེད་དེ། གཅིག་པ་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག ་པའི་སྐྱོན་དུ་འགྱུར་རོ།། ཕ་རོལ་གྱི་དོན་གཞན་པར་ཡང་མི་རུང་སྟེ། རྣམ་པར་ཕྱེ་བ་ནི་ཁང་པ་དང་སྡེ་ལ་སོགས་པ་བཞིན་དུ་སྟོང་པ་ཁོ་ནའོ།། ཕྱི་རོལ་གྱི་རྟག་ཅིང་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ལ་ཡང་གཉིས་ཀཱ་དང་། གཉིས་ཀ་མ་ཡིན་པ ་དང་། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཡང་མི་རུང་སྟེ་སྔར་བཤད་པའོ།། རང་གི་སེམས་སྣང་བར་རྣམ་པར་རྟོག་པའི་མཐའ་གཉིས་སུ་མ་ལྷུང་བ་ཞེས་བྱ་བ་ནི་རྨི་ལམ་ཡིན་པའི་དུས་སྔ་མ་ནི་ཡོད། རྨི་ལམ་གྱི་དུས་ན་ནི་མེད་དོ། ་ཞེས་པར་མཐའ་གཉི་སུ་ལྟུང་བ་མེད་དོ།། ཇི་ལྟར་ན་ཡང་མཐའ་གཉིསུ་ལྷུང་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། གཟུང་བ་དང་འཛིན་པ་མི་དམིགས་པའི་ཕྱིར་རོ།། ཤེས་རབ་ཀྱིས་གཞིགས ་པ་ན་དམིགསུ་མེད་པའི་རྣལ་འབྱོར་རོ།། ཚང་མ་ཐད་ཀྱིས་གྲུབ་པ་འི་མངོན་སུམ་པ་ཨུ་དཔག་བཱི་ཚད་མས་རྡུལ་ཕྲ་མོ་ལ་སོགས་པའི་ཕྱིར་དོན་གྱི་དངོས་པོ་མེད་པར་རབ་ཏུ་གྲུབ་པ་སྟེ། གཉིས་ཀྱི་རྣམ་པའི་ཤེས་པས་མགོ་འཁོར་བ་དང་། བརྒྱ་ལ ་བ་ལ་སོགས་པའི་ཤེས་པ་བཞིན་དུ་རྣམ་པར་བསླུ་བའི་ཕྱིར་དེས་ན་མཉམ་པར་མི་འཇོག་པས་དཀྲུགས་པའི་གཉིས་ཀྱི་རྣམ་པའི་ཆུད་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མི་ཤེས་སོ།། དེ ་བསལ་བ་དང་ཞེས་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ལོག་པའི་ཤེས་པ་གསལ་ན་སོ་སོར་བདག་གིས་རིགས་པར་བྱ་བ་ཁོ་ན་ཉིད་དུ་འགྱུར། བདག་མེད་པ་གཉིས་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་གང་ཟག་དང་ཆོས་ལ་བདག ་མེད་པ་གཉིས་ཡོངསུ་ཤེས་པས་སོ།། ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པ་ནི་གཟུགས་ལ་སོགས་པ་རྣམ་པོར་གཞིགས་པ་ནི་སྟོང་པ་ཉིད་ཀྱིས་ཤེས་སོ།། གང་ཟག་ལ་བདག་མེད་པ་ནི་གང་ཡོད་པ་དེ་ཐམས་ཅད་སྐད་ཅིག ་པ་སྟེ། སེ་གོལ་གྱི་སྒྲ་དང་། འབབ་ཆུ་ལ་སྩོགས་པ་བཞིན་ནོ།། ཉོན་མོངས་པ་གཉིས་རྣམ་པར་ལོག་པ་དང་། སྒྲིབ་པ་གཉིས་རྣམ་པར་དག་པ་དང་། ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པ་གཉིས་ཁོང་དུ་ཆུད་པས་ཉན ་མོངས་པ་དང་ཤེས་བྱའི་སྒྲིབ་པ་འདག་གོ།། དེ་ལྟར་ན་སྒྲིབ་པ་གཉིས་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུ་རོ།། ས་ས་གོང་ནས་གོང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འཕེལ་བ་ནི་སངས་རྒྱུས་ཁོ་ན ་ལས་ཀྱི་སྒྲིབ་པ་ནི་སོ་དང་པོ་ཉིད་དུ་ལག་གོ།། ཉིན་མོངས་པའི་སྒྲིབ་པ་ལག་པ་ན་དེའི་མཐོང་བའི་ལམ་སྐྱོ་ནིང་ཤེས་བྱའི་སྒྲིབ་པ་བསྲེགས་པར་འགྱུརརོ།། ས་བཅུས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་མིངནས་པ་ཞེས་རྒྱ ་སྒྲིབ་པ་མཉམ་པར་མི་འཇོག་པ་ལ་སོགས་པའི་མཚན་ཉིད་པ་ནི་བསྒོམ་པའི་ལམ་དུ་སྤོང་ངོ་།། དེས་ན་མི་ཤེས་པ་མ་ལུས་པར་སྤངས་ཏེ་སའི་རིམ་པས་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་བདག་དང་གཞན་ལ་ཕན་འདོགས ་པར་ནུས་པ་མིག་གི་ལིང་ཏོག་དང་བྲལ་བ་བཞིན་དུ་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་གོ།། སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་བཞིན་དུ་དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས ་པ་ཡིད་ཀྱི་སྣང་བ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པ་དེ་ཉིད་མྱ་ངན་ལས་འདས་པའོ།། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ།། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། གང་གིས་ཡུལ་རྣམས་འཛིན་པ་ནི།། དེ་ནི ་རྣམ་པར་ཤེས་ཞེས་བྱ་ཞེས་པ་ལ་ལུས་དང་། ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ལོག་པ་ནི་མ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ།། ངར་སེམས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པ་ནི་མཉམ ་པྲ་ཉིད་ཀྱི་ཡེ་ཤེས་སུ་བརྗོད་དོ།། མྱིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པར་ལོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བསྟན་ཏོ།། དེ་དག་དང་འབྲེལ་བའི་དེ་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འཕོས་པ་ནི་བྱ་བ་ནན་ཏན་གྱི ་ཡེ་ཤེས་སུ་སངས་རྒྱས་ཀྱི་ས་ལ་སོགས་པའི་མདོ་སྡེ་ལས་བརྗོད་དོ།། དེ་ལྟར་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ཡོངས་སུ་ཤེས་པས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ།། དེ་ལྟར་གཞན ་པ་དང་། གཞན་བདག་ཅེས་བྱ་བ་ལ་སོགས་པ་ནི་བ་ལང་གི་བརྟུལ་ཞུགས་དང་། རྒྱུ་བྱའི་བརྟུལ་ཞུགས་དང་། ཐལ་བའི་གནས་སུ་འཁོད་པ་དང་། ཆུ་སྨན་དང་མེ་ལྷའི་བརྟུལ་ཞུགས་དང་། གྲང་བ་དང ་དྲོ་བ་དང་། ཚེར་མ་ལ་ཉལ་བ་ལ་སོཿ། ས་པའི་བརྟུལ་ཞུགས་དང་། བཀྵིས་དང་། བཀྲ་ཤིས་མ་ཡིན་པ་དང་། འོ་མོ་དང་། འོ་མ་མ་ཡིན་པ་ལ་སོགས་པ་དང་། ཆུ་དང་། རླུང་དང་། ཏིལ་དང་། འབྲས་དང་། རྒུད་དང་། འབྲས་བུ་དང ་མེ་ཏོག་དང་། རྩ་བའི་ཟས་ལ་སོགས་པ་བརྟུལ་ཞུགས་ཀྱིས་གང་དག་གིས་ཐར་པར་རྣམ་པར་རྟོག་གོ།། ཁྲུས་དང་། སྦྱིན་སྲེག་དང་། ཐལ་བས་བསྐུས་པ་དང་། རལ་པ་ལ་སོགས་པ་འཆང་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས ་བསྙེམས་པས་འཁོར་བར་འཇུག་གོ།། ཤེས་རབ་ཀྱིས་དཔྱད་པ་དང་། མི་ལྡོག་པར་ལྡོག་པའི་རྒྱུ་མངོན་པར་མི་ཤེས་པའི་ཕྱིར་དེ་དག་ལ་ཐར་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྡོ་རྗེ་ཕྲེང་བ་ལས་སེམས་ཅན་དམྱལ་བར་ལྟུང་བར་ཀློའོ།། ་དེ་དག་རང་ཡང་ཞིག་ལ་ལོག་པའི་ལྟ་བས་གཞན་དག་ཀྱང་ཞིག་པར་བྱེད་དོ།། བཀྲིས་དང་། བ་ལང་གི་ལྕི་བ་དང་། གཅིན་དོང་། ཚད་མ་དང་། ཤ་ལུ་ག་དང་། བིལ་པའི་འབྲས་བུ་ལ་སོགས་པར་ཐར་པ་རྟོག་གོ།། གལ་ཏེ་ཆེས་ལ་བད ་མེད་པར་ཡོངས་སུ་ཤེས་པས་དེ་དག་གི་བདག་ཏུ་ཆགས་པ་ལྡོག་ན་ནི་ཐར་པར་རུང་ངོ་།། བློ་གྲོས་ཆེན་པོ་དེ་དག་ཐམས་ཅད་ནི་མཐའ་གཉི་སུ་ལྷུང་བའི་བསམ་པས་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་འཛིནི་ཡོང་འདི་ནི་མེད་ཅེས ་དངོས་པོ་དང་དངོས་པོ་མེད་པའི་མཐའ་གཉིས་རྟོག་པས་རྣམ་པར་རྟོག་པ་ལས་སྤྱོད་དེ།། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་མི་རྟོག་པའི་ཐར་པ་ནི་མི་ཤེས་སོ།། ཇི་ལྟར་བདུན་བརྒྱུ་པ་ལས་འབྱུང་བ། འདི་ཉིད་མྱ་ངན་ལས་འདས ་པ་སྟེ་གང་འདི་བསྡམ་པ་མེད་པ་ཉིད་དོ།། ཐམས་ཅད་མཁྱེན་པས་དེ་ཉིད་བསྒྲུབ་པར་མཛད་པ་ཇི་ཙམ་དུ་ཡིད་ཀྱིས་འགྲོ་ཞིང་གཡོ་བ་དེ་ཙམ་དུ་གང་ལ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་པ་སྟེ། གང་ན་འགྲོ་བ་དང་འོང་བ་ཡོད་པ་དེ ་ན་སྐྱེ་བ་དང་། འཆི་བ་ཡིན་ན། ཇི་ལྟར་ན་མྱ་ངན་ལས་འདས་པར་རྟོག་གོ།། འདི་ལ་གང་ན་ཡང་འཇུག་པ་ཡང་མེད། ལྡོག་པ་ཡང་མེད་དོ་ཞེས་པ་ནི་སུ་གང་དུ་སྐྱེ་བ་དེ་ཉིད་དུ་འཕགས་པས་ན་སུ་ཡང་ཡུལ་གཞན་དུ་འམ་དུས་གཞན ་དུ་འཇུག་པ་མེད་དོ།། རྟག་པའི་བདག་དང་སེམས་ཅན་ལ་སོགས་པ་བརྟགས་པ་གང་ཡང་འཇུག་པ་ཡང་མེད་པ་ལྡོག་པ་ཡང་མེད་པ་ནི་རྟག་པའི་རང་བཞིན་གཞན་མེད་པའི་ཕྱིར་རོ།། དེས་ན་རྟག་པ་དང་བདག་ཏུ་སྨྲ་བ་རྣམས་ལ་ཐར ་པར་མི་རུང་ངོ་།། བདག་ཏུ་ཆགས་པས་དེ་དག་ལྟ་འཁོར་བའི་སྡུག་བསྔལ་འབྱུང་ངོ་།། ཐར་པ་དང་མྱ་ངན་ལས་འདས་པའི་ཡང་བདག་ཏུ་ཆགས་པ་ཉིད་ལས་འདོད་པས་བདག་ཏུ་ཆགས་པ་ཇི་ལྟར་ན་ལྡོག་པར་འགྱུར། བདག་མེད ་པར་སྨྲ་བ་རྣམས་བདག་ཏུ་ཆགས་པས་མི་དམིགས་པའི་ཕྱིར་ཤེས་རབ་ཀྱིས་མྱ་ངན་ལས་འདའོ།། ཇི་ལྟར་དབུ་མ་ལས། མྱ་ངན་ལས་འདས་པ་རྣམ་རྟོག་མེད།། གང་ན་འཁོར་བ་བསལ་མེད་པ།། གང་དེར་འཁོར་བ་བཞེད་པ་དང་། ་མྱ་ངན་འདས་པར་རྣམ་རྟོག་མེད་ཅེས་པ་སྟེ། དེས་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཐར་པས་ཐམས་ཅད་མཁྱེན་པས་དགྲངས་པར་བརྟག། འཕགས་པ་ལ་ངྐར་གཤེགས་པའི ་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྒྱུར་བའི་ལེའུ་གསུམ་པ་ལས་ཐར་པར་དཔྱང་བའི་ལེའུ་བཅུ་བཞི་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་གཞན་རྣམས་ཞེས་བྱ་བ་ལ་སོགས་པའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་བྱས་པ་འམ། མ་བྱས་པའམ། རྒྱུ་ལྡུམ། འབྲས་བུ་འམ། མཚན་ཉིད་དམ། མཚན་ཉིད་ཀྱི་གཞི་འམ། རྗོད་པ་འམ། བརྗོད་པརརཱ་བྱ་བའམ། བློ་འམ། རིགས་པར་བྱ་བའམ་དེ་ལྟ་བུ་ལ་སོགས་པའི་ཚིག་ངེས་པའི་སྦྲང་ན་གཅིག་གམ་ཐ་ད ་དམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་བྱས་པ་ཡིན་ན་ནི་མི་རྟོག་པར་འགྱུར་ཏེ། མི་རྟག་པའི་ཕྱིར་འབྲས་བུའོ།། ཅོག་ཀྱང་དེ་བཞིན་གཤེགས་པར་འགྱུར་བས་ན་ཞེས་པའོ།། ་ཐམས་ཅད་མཁྱེན་པས་ཅིར་དགོངས་ཞེ་ན། འཛིན་པ་དང་གཟུང་བ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་ནོར་ཏེ། བྱ་བ་དང་བྱེད་པར་འབྲེལ་པའི་རྒྱུ་དང་འབྲས་བུ་ཀུན་རྟོག་གོ།། ངེས་པའི་ཚིག་གི་རྣམ་པར་རྟོག་པས་ན་བྱ་བའི་ཕྱིར་ན་འབྲས་བུའོ།། ་བྱེད་པའི་ཕྱིར་ན་རྒྱུ་སྟེ། དེ་དག་ཀྱང་གང་གི་ཚེ་ན་སྐད་ཅིག་པ་གཉིས་ཀ་མེད་དེ། དེས་ན་སུས་ཀྱང་ཅི་ཡང་མི་བྱེད་དེ། སྔ་མའི་འོག་ཏུ་འདི་ཡོད་པས་ན་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་པས་ན་ཆོས་སུ་བཏགས་པ་ནི། འདུ་བྱེད་ཐམས་ཅད ་སྐད་ཅིག་པོ།། མི་བརྟན་བྱེད་པ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ།། བྱེད་པ་པོར་ཡང་དེ་ཉིད་བརྗོད། ཅེས་པར་བྱ་བ་དང་བྱེད་པ་པོར་མངོན་པར་འབྲེལ་པས་དེ་བཞིན་གཤེགས་པ་མ་བྱས་སོ།། གཉིས་ཀྱི་རྣམ་པ་ཅན་ཡང་མ་ཡིན་ཏེ། རྨི ་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་འབྲས་བུ་གཞན་ཐམས་ཅད་དང་མཚུངས་པའི་ཕྱིརརོ།། ཇི་ལྟར་ཞེ་ནོ།། ཡོངསུ་གྲུབ་པ་མི་གཉིས་པའི་སྐད་ཅིག་པ་དེ་མ་ཐག་པ་ལ་འདི་ཡོད་ན་འདི་ཡོད་ཅེས་བརྗོད་དུ་མེད་པའི་རང་མཚན་ཉིད་ལ ་རྒྱུ་དང་འབྲས་བུ་བྱས་པ་ལ་སོགས་པའི་ཐ་སྙད་མཱི་འབྱུང་ཡང་དེར་སྤྱིའི་རྣམ་པར་སྒྲོ་བཏགས་ཏེ་ཆོསུ་གདགས་པར་བྱའོ།། དེ་ལྟ་བུར་བྱས་པ་བསྟན་ཏོ།། མ་བྱས་པའི་རྟག་པ་མི་སྲིད་པའི་ཕྱིར་ཏེ། སྔ་མའི་སྐད་ཅིག་མའི་འོག་ཏུ་ཕྱི་མ་མི་འབྱུང ་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་མ་བྱས་པ་མ་ཡིན་ནོ།། རྗོད་པ་དང་། བརྗོད་པར་བྱ་བ་དང་། རིག་པར་བྱ་བ་ལ་སོགས་པའི་ཐ་དད་གཉིས་ཀྱི་རྣམ་པར་ཤེས་པ་ལས་འབྱུང་གི།། བསམ་པ ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་ས་དད་པའི་རྣམ་པའི་སྐད་མེད་དོ།། དེས་ན་གཞན་པ་དང་གཞན་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཐ་སྐད་པ་རྣམས་ཀྱིས་ཕན་ཚུན་དུ་ཅི་ལྟོས་ཏེ། ཡོད་པར ་མེད་པ་དང་། འདས་པ་དང་། མ་འོངས་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀུན་ཏུ་བརྟག་པ་སྟེ། སྤྲོས་པ་ཐམས་ཅད་ལྔས་འདས་པ་བརྗོད་དུ་མེད་པའི ་བཞིན་གཤེགས་པ་ལ་མི་འཇུག་གོ།། ཇི་ལྟར་དབུ་མ་ལས། སྤོས་ལས་འདས་པ་མི་གཉིས་པ།། གང་དག་སངས་རྒྱས་སྤྲོས་པར་བྱེད།། སྤོས་ཉམས་གླེན་པ་དེ་དག་གིས།། དེ་བཞིན་གཤེགས་པ་མི་མཐོང་ངོ་ཞེས་པ་སྟེ། དེས་ན་དེ་བཞིན ་གཤེགས་པའི་རྣམ་པར་རྟོག་པ་མཐའ་དག་ལས་གྲོལ་བའོ།། མཚན་མའི་གཞི་དང་མཚན་མ་དང་། ཆོས་དང་ཆོས་ཅན་གྱི་ཐ་སྙད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བརྗོད་དུ་མེད་པར་བསྟན་མི་ནུས་པའི་ཕྱིརརོ།། ཇི་ལྟར་དབུ་མ་ལས ་མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚེན་ལ་མཚན་ཉིད་མེད་པར་འགྱུར།། གཅིག་ན་དེ་གཉིས་མི་འགྲུབ་སྟེ།། ཐ་དད་ན་ཡང་གཞན་དུ་མེད།། ཆོས་དང་ཆོས་ཅན་རྣམས་ཀྱི་གལ་ཏེ་མེ་ལས་ཚ་བའི་མཚན་ཉིད་ཐ་དད་པ་ཡིན་ན་མེ་ལ་ཚ་བ ་མེད་པར་འགྱུར་རོ།། གཅིག་ན་མཚན་མའི་གཞི་ཡང་མེད་ལ་མཚན་ཉིད་ཀྱང་མེད་དོ།། དེ་དེ་བཞིན་དུ་ཆོས་དང་ཆོས་ཅན་རྣམས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བསམ་པ་ན་སྟོང་པ་ཉིད་དེ།། བརྗོད་དུ་མེད་པའི་རང་བཞིན་ཉིད་ཀྱང་སྨྲ་བར་མི ་ནུས་པའི་ཕྱིར་ཏེ། ཆོས་དང་བྲལ་བའི་ཆོས་ཅན་བརྗོད་དུ་མེད་ལ། ཆོས་ཅན་ལས་ཐ་དད་པའི་ཆོས་རྣམས་ཀྱི་དངོས་པོ་ཡང་མེད་དོ།། གཞིའི་ཁྱད་པར་གྱི་ཆོས་ཤིག་གིས་སྤྱིར་སྒྲོ་བཏགས་ཏེ་ཐ་སྙད་དུ་འཇུག།། འོན་ཏེ་དེ་དེ་ལྟར་ཆོས་ཅན་རྣམས་ཀྱི ་ཀྱི་གཟུགས་དང་གཟུགས་ཅན་གྱི་མཚན་ཉིད་ཐ་དད་པར་གྱུར་དུ་ཟིན་ན་ནི་གཟུགས་ཅན་ནི་གཟུགས་མེད་པ་དང་གཟུགས་མེད་པ་གཟུགས་ཅན་གྱི་སྐྱོན་དུ་འགྱུར་རོ།། དེ་དག་གཅིག་ན་ནི་མཚན་མ་ཉིད་དུ་མི་རུང་ངོ་།། ཐ་དད་ན་ཡང་མཚན ་ཉིད་ཀྱི་མཚན་ཉིད་གཞན་ཡང་བཙལ་དགོས་སོ།། དེ་དེ་ལྟར་ཆོས་དང་ཆོས་ཅན་གྱི་ཐ་སྙད་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བསམ་པ་ན་ཡང་རང་བཞིན་གཉིས་ཀྱིས་སྟོང་པ་ཉིད་དེ། ཆོས་དང་ཆོས་ཅན་དེ་དག་ཐ་དད་པར་དམིགས་སུ། ་མེད་པའི་ཕྱིར་རོ།། ཆོས་མ་རྟོགས་པར་ཆོས་ཅན་གྱི་རང་བཞིན་ནི་བསྟན་མི་ནུས་ཏེ་དེ་བརྗོད་དུ་མེད་དོ།། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་སྒྲ་ཐམས་ཅད་ཀྱི་དེ་དག་གི་སྤྱིར་བཏགས་པའི་དོན་དུ་སྒྲོ་བཏགས་ཏེ ་འཇུག་གོ་ཞེས་ལྡན་མང་པོར་བཤད་པ་དེའི་ཕྱིར་མི་གཉིས་པའི་མཚན་ཉིད་བརྗོད་དུ་མེད་པའི་ཡོངསུ་གྲུབ་པའི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཡོངསུ་དག་པ་ནི་དེ་བཞིན་གཤེགས་པའོ་དྲི་ནི་འབྲས་བུ་མ་ཡིན། རྒྱུ་ཡང་མ་ཡིན། ་མཚན་མའི་གཞི་ཡང་མ་ཡིན། མཚན་མ་ཡང་མ་ཡིན། བརྗོད་པ་ཡང་མ་ཡིན། བརྗོད་པར་བྱ་བ་ཡང་མ་ཡིན། བྱས་པ་ཡང་མ་ཡིན། མ་བྱས་པ་ཡང་མ་ཡིན། བློ་ཡང་མ་ཡིན། རིག་པར་བྱ་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་གཞན་པ་དང ་གཞན་པ་མ་ཡིན་པར་ཕན་ཚུན་དུ་བལྟོས་པའི་གཉིས་ཀྱི་རྣམ་པའི་ཐ་སྙད་ལས་འདས་ཤིང་དེ་བཞིན་གཤེགས་པ་ནི་ཡོད་པ་དང་མེད་པར་སྤྲོ་བ་མེད་དོ།། གཉིས་ཀ་ཡང་ཉེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་བྱས་པ་ཞིག་ན་ནི། ་དེའི་ཚེ་མི་རྟག་པ་ཁོ་ན་སྟེ། དེ་ལས་གཞན་པའི་འཁོར་བའི་འབྲས་བུ་འཁྲུལ་ལོ་ཅོག་དང་འདྲའོ།། དེ་བཞིན་གཤེགས་པ་ཡོངསུ་གྲུབ་པ་ཡང་གཞན་གྱི་དབང་གཉིས་ཀྱི་རྣམ་པ་དང་འདྲེས་པའི ་འབྲས་བུ་བཞིན་དུ་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལ་སོགས་པ་འབྲས་བུའི་སྣང་བ་ལས་གྲོལ་བར་མི་འགྱུ་རོ།། གཉིས་ཀྱི་རྣམ་པར་ཤེས་པ་གཞན་གྱི་དབང་མ་རིག་པ་མཉམ་པར་མི་འཇོག་པ་དང་། ལས་ཀྱི་མཐུ་ལས་འབྱུང་བ་ལ་འདིས།། ་བྱེད་དོ་ཞེས་མ་རིག་པས་བློངས་པའི་འཁོར་བ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའོ།། དེས་ན་བྱ་བ་དང་འབྲེལ་ཏེ་ཡོངས་སུ་དག་པའི་ཆུད་པ་མ་བྱས་པས་ན་བྱས་པའི་སྒྲ་ལ་སོགས་པས་སྔ་མའི་སྐད་ཅིག་གི་འོག་ཏུ་བརྗོད་དུ་མེད་པ ་བསྟུན་མི་ནུས་སོ།། གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན་གཉིས་པ་མེད་པས་སུས་ཀྱང་ཅི་ཡིད་བྱས་པ་མེད་དེ། དེས་ན་མ་བྱས་པ་སྟེ་སྔ་མའི་སྤྱོད་ཅིག་པའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བར་ཆོས་བཏགས་པའོ།། རི་བོང ་གི་རཾ་དང་མི་གཤམ་གྱི་བུ་ལ་སོགས་པ་དེ་དག་དམིགསུ་མེད་པའི་བདག་ཉིད་ཀྱི་ཕྱིར་དེ་ཡང་མེད་དེ། དེ་བཞིན་གཤེགས་པའི་དངོས་པོ་དངོས་པོ་མེདོ་ཞེས་པའི་སྐྱོན་དེར་མི་འགྱུར་རོ།། མ་བྱས་པའི་ཕྱིར་རྟག་པ་སྟེ་ཚིག་ཙམ་དུ ་ཡོད་པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་ཉིད་དེ་རྒྱ་དང་འབྲས་བུ་ལ་སོགས་པའི་ཐ་སྙད་གཉིས་ཀྱི་རྣམ་པ་གཞན་གྱི་དབང་ལ་འཇུག་གི། གང་གཉི་སུ་མེད་པ་དེ་ནི་རྒྱུ་དང་འབྲས་བུར་བསྟན་དུ་མེད་དེ་གཉིས་ཀྱི་རྣམ་པ་མེད་དོ།། ། ་ཡོད་པ་མ་ཡིན་ཏེ་མེད་པའི་ཕྱིར་མཐའ་བཞིའི་ཕྱི་རོལ་པ་སྟེ། ཡོད་པ་དང་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་བཞིའི་ཐ་སྙད་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ལས་འཇུག་གི་གཉིས་སུ་མེད་པ་ལ་ནི་མ་ཡིན།། ། ་དེ་དེ་བཞིན་དུ་བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པ་ཐམས་ཅད་ནི་ཐ་སྙད་ཉིད་དེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིསུ་མེད་པར་ཡང་དག་པར་རིག་པ་ལ་རབ་ཏུ་མི་འཇུག་གོ།། ་དེ་ལ་འདི་སྙམ་དུ་གྱུར་ཏེ་ཆོས་ཐམས་ཅད་བདག་མེད་ཅེས་ཐམས་ཅད་ཐམས་ཅད་མཁྱེན་པའི་སེངྒེའི་སྒྲ་ནི་བྱས་པའི་ཕྱིར་མི་རྟག་པ་དེ་ནི་བདག་མེད་པ་ན་ཇི་ལྟར་རྒྱུ་དང་འབྲས་བུ་ལ་སོགས་པ་སྐྱེད་ཅིག་པ་རྣམས་ལ་དེ་ལྟར་ཚིག་དེ་ངག ་ཐམས་ཅད་ཀྱིས་མི་བརྗོད་ཅེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་ལན་དུ་གསུངས་པར་རྟག་པ་ནི། བློ་གྲོས་ཆེན་པོ་གང་ཡང་ང་སྣ་ཆོས་ཐམས་ཅད་བདག་མེད་ཅེས་བཤད་པ་དེའི་དོན་ཡང་ཁོང་དུ་ཆུད་པར་གྱིས་ཤིག ་བློ་གྲོས་ཆེན་པོ་བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་དེ། རྟ་དང་བ་ལོང་བཞིན་དུ་ཆོས་ཐམས་ཅད་ནི་བདག་གི་དངོས་པོར་ཡོད་དེ་གཞན་གྱི་དངོས་པོར་ནི་མེད་དོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པས་དངོས་པོ་ཐམས་ཅད་ཀྱི་གཞན ་གསལ་བར་གསུངས་པའོ།། གང་གཅིག་གི་རང་བཞིན་མ་ཡིན་པ་གཞན་མ་ཡིན་ཏེ། དཀར་པོ་དང་། དམར་པོ་དང་། གྲང་བ་དང་། དྲོ་བ་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་སོ་སོར ་སྣང་བ་སྣ་ཚོགས་ཐ་དད་པའི་ཕྱིར་དངོས་པོ་ཐམས་ཅད་གཅིག་ལས་གཅིག་རྣམ་པར་ལོགས་པའོ།། དེས་ན་བདག་མེད་པ་ཕན་ཚུན་དུ་མེད་པས་བདག་མེད་པར་ཐམས་ཅད་མཁྱེན་པས་དགོངས་པའོ།། ་རང་བཞིན་མེད་པ་རྣམས་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་མ་ཡིན་པའི་བདག་ཉིད་དུ་མེད་པ་ཉིད་མ་ཡིན།། བློ་གྲོས་ཆེན་པོ་བ་ལང་གི་རྭ་གཡས་པ་ལས་གཡོན་པ་གཞན། གཡོན་པོ་ལས་གཡས་པ་གཞན་པ ་བཞིན་ཏེ། དེ་བཞིན་གཤེགས་པ་ཡང་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་དང་ཐ་དད་པ་ཡང་མ་ཡིན་ནོ་ཞེས་པ་དང་། གཉིས་ཀ་ཡང་སྐྱོན་ཏེ་ཕུང་པོའི་མཚན་ཉིད་དང་མི་མཐུན་ནི་ན་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད ་པར་འགྱུར་རོ།། ཕུང་པོའི་མཚན་ཉིད་དུ་ཡང་བྱས་པའི་ཕྱིར་མི་རྟག་པ་སྟེ། དེ་ལས་གཞན་པའི་གཞན་གྱི་དབང་འཁོར་བའི་འབྲས་བུ་བཞིན་ནོ།། སྐྱོན་དེ་གཉིས་སྤངས་པའི་དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་འོད་གསལ་བ་མི་གཉིས ་པའི་ཆུད་པའོ།། གཉིས་ཀྱི་རྣམ་པ་རྣམས་ནོ་གཅིག་ལ་གཅིག་བལྟོས་པའི་རྒྱུ་དང་འབྲས་བུ་སྟེ། འདུས་བྱས་དང་། འདུས་མ་བྱས་དང་། རྟག་པ་དང་། མི་རྟག་པ་དང་། འཛིན་པ་དང་། གཟུང་བ་དང་། མཚན་མའི་གཞི་དང་། མཚན་མ ་དང་། བདག་དང་བཅས་པ་དང་། བདག་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་སོ་སོར་སྣང་བའི་སྒྲ ་དང་དོན་རྣམས་ཕན་ཚུན་དུ་ལྟོས་ཏེ་འཇུག་གོ།། གཉིསུ་མེད་ཅིང་བརྗོད་དུ་མེད་པ་ལ་ནི་རྒྱུ་དང་འབྲས་བུ་ལ་སོགས་པ་རྣམ་པར་རྟོག་པ་མི་འཇུག་སྟེ། མི་གཉིས་པར་ཡང་དག་པར་རིག་པ་ནི་སྣང་བ་མེད་པ་ཁོ་ནའི་ཕྱིར་དེར་གཟུགས་ལ ་སོགས་པའི་ཕུང་པོ་རྣམས་ཀྱི་སོ་སོར་སྣང་བ་མེད་དོ།། གང་གིས་མཉམ་པར་མི་འཇོག་པའི་མ་རིག་པ་དང་ལས་ལས་སྐྱེས་པའི་གཞན་གྱི་དབང་འཁོར་བ་མཐའ་དག་ཏུ་གཟུགས་ལ་སོགས་པའི་ཕུང་པོར་རྒྱུ་དང་འབྲས་བུ་ལ་སོགས ་པ་གཉིས་ཀྱི་རྣམ་པར་སྣང་བ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མི་རྟག་པ་ལྟ་བུར་འགྱུར་ཡང་རྟག་པ་ཉིད་དེ། གློ་བུར་གྱི་གཉིས་ཀྱི་རྣམ་པའི་ཉེས་པ་སྤུངས་པའི་ཕྱིར་རོ།། གསེར་ལ་སོགས་པ་དྲི་མ་དང་བྲལ་བཞིན་དུ་སྐད་ཅིག་མའི་རྒྱུན ་བརྟན་ཞིང་རང་གི་འོད་གསལ་བའི་ཆུད་པ་ནི་དེ་བཞིན་གཤེགས་པའོ།། དེ་ནི་འཛིན་པ་དང་གཟུང་བ་གཉིས་ཀྱི་རྣམ་པས་སྟོང་པ་སྟེ། ཆོས་ཀྱི་ཆོས་ཉིད་དེ་ནི་ཡེ་གནས་ཤིང་དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་དེའི་ཕྱིར་འདུས་མ ་བྱས་པའོ།། སྐད་ཅིག་པ་ལ་ནཱི་སྐྱེ་བ་དང་།། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་གཞན་མེད་དེ། དེ་སྔ་ན་དེ་བཞིན་ག་བྱེ་བ་སྐྱེ་བ་མེད་མི་རྐོ། ད་པ་དང་། དག་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྐད་ཅིག་མའི་རྒྱུ་བསྟན་པའོ།། སྔ་མའི་འོག ་ཏུ་འདི་ཡོད་པས་འདི་ཡོད་དོ་ཞེས་ཆོས་སུ་བཏགས་པའོ།། ཇི་ལྟར་གཉིས་ཀྱི་རྣམ་པ་ལ་ཐ་སྙད་འཇུག་པ་དེ་བཞིན་དུ་གཉིས་སུ་མེད་པའི་སྐད་ཅིག་མིའི་རྒྱུན་ཡང་དག་པར་རིག་པ་བསམ་པ་མེད་ཅིང་སྣང་བ་མེད་པ་ལ་ནི་མ་ཡིན་ནོ།། རང ་བཞིན་གྱི་བརྗོད་དུ་མེད་ཅིང་དངོས་པོ་དང་དངོས་པོ་མེད་པར་རྣར་མི་རྟོག་པ་རྣམས་ཀྱི་ན་རྟོག་པ་སུང་པའི་ཕྱིར་སངས་རྒྱས་ཉིད་དུ་འགྱུར་རོ།། ཐམས་ཅད་མཁྱེན་པའི་སྣང་བ་དང་བཅད་པའི་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་ཆོས ་སྟོན་པ་འབྱུང་ངོ་།། ཞེས་ལན་དུ་མར་བཤད་པ་ཡིན་ནོ།། ཇི་ལྟར་དབུ་མ་ལས། གཞན་དང་གཞན་ལ་བསྟན་ནས་གཞན།། གཞོན་པ་དེ་ཡང་ཡོད་མིན་པས།། གཞན་དངོས་མེད་ཕྱིར་གཞན་མིན་མེད།། ཡོད་པ་རྣམས་ཀྱང་མ་ཡིན་ནོ་ཞེས་པ་སྟེ། ་དེས་ན་སྒྲ་དང་དོན་དུ་རྣམ་པར་བརྟགས་པ་དེ་དག་དོན་དམ་པ་ལ་མེད་དོ།། དེས་ན་དེར་ཆད་པ་དང་རྟག་པའི་ལྟེ་བར་གཏོགས་པར་སྨྲས་པར་འགྱུར་བ་ནི་གླང་གཉིས་ཀྱི་རྣམ་པ་དང་བྲལ་བ་དེནི་དངོས་པོ་མ་ཡིན་ཏེ། རི་བོང་གི་ར་དང་། ན་མཁའི ་པདྨོ་དང་། མོ་གཤམ་གྱི་བུ་ལ་སོགས་པ་བཞི་ནོ་ཞེས་སོ།། ཁ་ཅིག་གིས་ཀུན་རྟོག་པ་ནི་གང་གཉིས་ཀྱི་རྣམ་པ་ནོར་བའི་སྐད་ཅིག་པ་དེ་མེད་སྟེ། གང་མི་གཉིས་པ་དེ་ནི་མི་འགྱུར་བས་ན་རྟོག་གོ་ཞེས་གཉིས་སུ་སྨྲ་བ་དེ་བསལ་བའི་ཕྱིར་སྲིད ་པ་དང་ཐར་པའི་དུས་ན་སྡུག་བསྔལ་དང་། སྡུག་བསྔལ་མེད་པ་ལ་སོགས་པ་ཐ་དད་པར་ཕྱེ་བའི་ཆུད་པ་ལ་དངོས་པོ་མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན་ཏེ་གསེར་དྲི་མ་དང་བྲལ་བ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར ་རྟོག་པ་མེད་པའི་ངོག་པོ་སྒྲིབ་མེད་ཅིང་འགོག་པ་མེད་པའི་མཚན་ཉིད་ཀྱི་སངས་རྒྱས་ཁོ་ནའོ།། སྐྱེ་བ་དང་། འགོག་པ་ལ་སོགས་པ་ལུང་སྟོན་པ་ལ་སོགས་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་བརྟགས་པ་ནི་རྣམ་པ་གཉིས་ཀ་ལ་ཡང་མ། ་དེ་གཞན་གཞན་གྱི་དབང་རྣམ་པར་མི་རྟོག་པའི་གནས་སྐད་ཅིག་མའི་རྒྱུ་ལ་ཡང་མེད་ན་བརྗོད་དུ་མེད་པའི་ཡོངསུ་གྲུབ་པ་ལྟ་ལ་ཡང་ཅི་སྨོས་ཏེ་གནས་འདི་ནི་མེད་དོ།། གལ་ཏེ་རྣམ་གྲངས་ཀྱི་སྒྲ་འདི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དེའི ་ཚེ་ཆོས་ཐམས་ཅད་མ་སྐྱེས་སོ་ཞེས་སྨོསུ་མི་རུང་བར་འཕགས་པ་བློ་གྲོས་ཆེན་པོས་དེ་བཞིན་གཤེགས་པ་ནི་དངོས་པོ་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ།། ཐམས་ཅད་མཁྱེན་པའི་དགོངས་པ་ཅི་ཞེ་ན། གང་ཡོངསུ་གྲུབ་པའི ་དངོས་པོ་ཡོད་དེ། མོ་གཤམ་གྱི་བུ་ལ་སོགས་པའི་མཚན་ཉིད་མ་སྐྱེས་པ་ལྟ་བུར་རྣམ་པ་གཉིས་མེད་པ་ཁོ་ན་མ་ཡིན་ནོ།། གཞན་གྱི་དབང་ཡང་རྨི་ལོམ་དང་མིག་འཕྲུལ་དང་། རབ་རིབ་སྣང་བ་དང་། གཟུགས་བརྙན་ལ་སོགས་པ་ལྟར ་སྣ་ཚོགས་ཐ་དད་པའི་རྣམ་པ་སྐྱེ་བའི་རང་བཞིན་མེད་པ་སྟེ། དེའི་ཕྱིར་རང་བཞིན་གྱི་འོད་གསལ་བ་ཡོངསུ་དག་པ་གཉིསུ་མེད་པའི་ཆུད་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་གཅིག་པོ་ལ་གནོད་པ་མི་སྲིད་པའི་ཕྱིར།། བདུན་བརྒྱ་པ་ལས ་ཀྱང་དངོས་པོ་ཞེས་འབྱུང་ངོ་།། དེ་བཞིན་གཤེགས་པ་ཇི་ལྟར་ན་དངོས་པོ་ཞེ་ན། དེར་གསུངས་པའི་དགོངས་པ་ངེས་པར་འགྲེལ་པ་ལས་རིག་པར་བྱ་སྟེ། དོན་དམ་པ་ལ་ནི་གཉིས་ཀྱི་རྣམ་པའི་དངོས་པོ་མེད་དོ་ཞེས་ཏེ་དེས་ན་དོན་དམ་པ ་རང་བཞིན་མེད་པའི་སྟོང་པ་ནི་དེ་བཞིན་གཤེགས་པའོ།། བཙུན་གཙོ་འཕགས་པ་བྱམས་པའི་བཤད་པ་ནི་འདིར་གསལ་བ་སྟེ། གཉིས་ཀྱི་དངོས་པོ་མེད་པ་ཡི།། དངོས་པོ་སྟོང་པའི་མཚན་ཉིད་དོ་ཞེས་པའོ།། ས་དང་པོའི་དབང་པོའི ་དབུ་མ་ལས་ཀྱང་།། དོན་དམ་དོན་ནི་གསལ་བ་སྟེ།། རྣམ་རྟོག་མེད་ཅིང་སྣང་བ་མེད།། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ།། འཇིག་རྟེན་མགོན་པོ་སངས་རྒྱས་ཀྱིས།། འདི་ནི་བསྟན་པ་བདུད་རྩིའོ།། གླང་དག ་དངོས་པོ་ཡོད་མཐོང་དང་། མེད་པར་མཐོང་བ་བློ་ཆུང་རྣམས།། ལྟ་བྱི་ཉེར་ཞེ་ནི་བ་ནི།། དེ་དག་གིས་ནི་མྱི་མཐིང་ངོ་།། སྟོང་པ་ཞེས་པར་སྠཱ་མི་བྷཱ།། མི་སྟོང་ཞེས་པར་འགྱུར་བ་ཡང་།། གཉིས་དང་མི་གཉིས་ཞེས་པར་ཡང་།། རྣམ་བཞི་ནི་ལག ་ལ་ཞིག། དེ་དེ་ལྟར་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟག་པས་བརྒྱད་དུ་དབུ་མའི་ཏིང་ངེ་འཛིན་ཏེ། དེ་ལ་སྐྱེ་བ་དང་འགོག་པ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐའ་སྟོང་ཞིང་དབུས་སུ་རང་བཞིན ་ཉིད་ཀྱིས་སྟོང་པ་ལ་སོ་སོར་མི་སྣང་ངོ་།། ཤེས་པ་འབའ་ཞིག་ལམ་ཟད་དེ་ཤེས་པར་བྱ་བ་ཡང་ངོ་།། ཇི་ལྟར་ཕྱིའི་དངོས་པོ་བསལ་ནསུ།། ཤེས་པ་ཙམ་ལྔ་འཇུག་པས་ནི།། དེ་ནི་དབུ་མའི་ནན་ཏན་ཏེ།། ང་དང་གཞན་གྱིས་བསྟན་པའོ།། ་དེ་ནི་ས་བདུན་གྱི་དབང་བྲོ་རྣམས་ཀྱི་རྣམ་པར་ཤེས་པའི་ཏིང་འཛིན་ཏོ།། དབུ་མའི་ཏིང་འཛིན་ཀྱང་། དངོས་མེདོ་དངོས་པོ་མེད་པ་མིན།། ཡོད་དང་མེད་པ་མི་དམིགས་པ།། དེ་ནི་དབུ་མིའི་ནན་ཏན་ཏེ།། ང་དང་གཞན་གྱིས་བསྟན་པའོ།། རྣམ་པར ་ཤེས་པ་དང་དབུ་མའི་ཏིང་འཛིན་དུ་འབྱེད་པ་ནི། ས་བདུན་དག་ནི་སེམས་ཡིན་ཏེ།། སྣང་བ་མེད་པ་བརྒྱད་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ས་གཞན་ང་ཡི་རང་བཞིན་ནོ་ཞེས་པ་སྟེ། གང་ན་སྐྱེ་བ་མེད་པའི་མཚན་ཉིད་དེ་ནི་ས་བདུན ་དུ་ཕྱིན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། དག་པ་འཇིག་རྟེན་པ་ཐམས་ཅད་མཁྱེན་པའི་སྣང་བང་མས་པའི་ཏིང་འཛིན་གྱི་ཁྱད་པར་དང་ལྡན་པ་ཡིད་ཀྱི་སྐུར་རྣལ་འབྱོར་གྱི་དབང ་པོ་ཐམས་ཅད་མཁྱེན་པ་བཞུགས་པ་ན་སེམས་ཅན་རྣམས་མོས་པ་བཞིན་དུ་ཆོས་སྟོན་པ་འབྱུང་ངོ་།། རྣམ་པ་ཇི་བཞིན་དུ་སྤྲུལ་པས་ཆོས་སྟོན་པར་མཛད་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པས་སྟོན་པར་མཛད་པ་ནི་དེ་བཞིན་དུ་བློ་གྲོས ་ཆེན་པོ་ང་ཡང་མི་མཛོད་ཀྱི་འཇིག་རྟེན་གྱི་ཁམས་ན། མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་དུ་བྱིས་པ་རྣམས་ཀྱི་རྣ་ལམ་དུ་གྲག་སྟེ། དེ་དག་གིས་ང་བརྗོད་ཀྱང་འདི་དག་ནི་དེ་བཞིན་གཤེགས་པའི་མིང་གི་རྣམ་གྲངསུ་མི་ཤེས་སོ།། ་དེ་ལ་བློ་གྲོས་ཆེན་པོ་ཁ་ཅིག་ནི་ང་ལ་དེ་བཞིན་གཤེགས་པར་ཤེས་སོ།། ལ་ལས་ནི་རང་བྱུང་བར། དེ་བཞིན་དུ་ལ་ལས་ནི་འདྲེན་པ་དང་། རྣམ་པར་འདྲེན་པ་དང་། ཡོངསུ་འདྲེན་པ་དང་། སངས་རྒྱས་དང་། ཁྱུ་མཆོག་དང་། ཚངས་པ་དང ་འཇུག་སེལ་དང་། དབང་ཕྱུག་དང་། གཙོ་བོ་དང་། སེར་སྐྱ་དང་། ཡང་དག་མུ་དང་། མི་གདོན་མུ་ཁྱུད་དང་། ཉི་མ་དང་། ཟླ་བ་དང་། རྩེ་བ་པོ་དང་། རྣམ་པར་མདོར་བ་དང་། ནེ་ཙ་དང་། དབང་པོ་དང་། སྟོབས་ཅན་དང་། ཆུ་བདག་ཏུ་རབ་ཏུ་ཤེས་ས ་ཞེས་པ་གང་ཆེ་བདག་ཐམས་ཅད་གང་དག་གིས་གཟུང་བའི་སེམས་ཅན་དེ་དག་ལ་དེ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་འདུལ་བ་ཆེན་པོས་འདུལ་བར་མཛད་དོ།། ངའི་སྤྲུལ་པའི་འཁོ་ལོ་ནམ་ཀྱི་རྣམ་གྲངས་ཐ་དད་པ་མཐའ་མེད་པ་རྣམས་ནི་ཕྱོགས ་བཅུར་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ཁྱོན་རྣམས་སུ་ཡང་རབ་ཏུ་འཇུག། དེས་ན་རྣམ་གྲངས་རྣམས་ཀྱིས་གཅིག་པོ་ལ་ཡང་མང་པོ་སྟེ། ཇི་ལྟར་ལག་པ། བྱེད་པ། སྤྱོད་པ་ཞེས་སོ།། སྣང་བ་ཐ་དད ་པས་ཀྱང་ཆུ་ལ་ཟླ་བ་མང་བ་ལྟ་བུ་དང་། སྒྱུ་མ་རྣམ་པ་སྣ་ཚོགས་ཀྱིས་སྤྲུལ་པའི་སྐྱེས་བུ་ལྟ་བུ་སྟེ། རྣམ་པ་དེ་ལྟ་བུའི་ཚངས་པ་རྫུ་འཕྲུལ་གྱི་ཚེ་སྒྲ་ཡོད་པ་ནི་རང་། གྲུབ་པ་གཉིསུ་མེད་པའི་མཚན་ཉིད་ལ་ནི་སྣ་ཚོགས་མོད་དེ། དེ་བཞིན་དུ་ཐམས་ཅད ་མཁྱེན་པ་དོན་དམ་པའི་ཚུལ་སྟོན་པ་གཞན་ལ་ལས་ནི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། བདེན་པ་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། མྱ་ངན་ལས་འདས་པ་དང་། རྟག་པ་དང་། ་མཉམ་པ་ཉིད་དང་། གཉི་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཉིསུ་མེད་པ་དང་། མི་སྐྱེ་བ་དང་འགོག་པ་མེད་པ་ལ་སོགས་པ་ནི་མུ་སྟེགས་རྣམས་ཀྱི་རྟག་པ་དང་། གཅིག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་པར་བརྟགས།། ་བར་ཆགས་པའོ།། བདེ་བར་གཤེགས་པ་ཁ་ཅིག་ལ་ཡང་དེ་དངོས་པོ་མེད་པའི་ཡུལ་ཏེ། དེའི་ཕྱིར་ཇི་ལྟར་མང་དུ་ཐོས་པ་རྣམས་ལས་དམིགས་པའི་དོན་གྱི་ཁྱད་པར་འདི་ཐམས་ཅད་མཁྱེན་པས་གསུངས་པའི་དོན་གྱི་རྗེ་སུ་འབྲང་བར་བྱའི ་ཡི་གེའི་ཕྱིར་འབྲང་བར་མི་བྱའོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པས་བསྔགས་པའི་མང་དུ་ཐོས་པ་རྣམས་ཀྱིས་ནི་དོན་རྟོགས་པར་ཡང་ནུས་པ་སྟེ། དེ་དག་ནི་རྗེ་སུ་དཔག་པས་ཐམས་ཅད་ཤེས་སོ།། ཇི་ལྟར་ལུང་སྟོན་པ་རྣམས་ཀྱིས་སྐྱེ་བ་དང་གནས ་པ་དང་། འགོག་པ་ལ་སོགས་པའི་ཆོས་བྱ་བ་དང་། བྱེད་པ་པོར་འབྲེལ་པར་ཀུན་བརྟགས་པའི་རྣམ་པ་ནི་དེ་ལྟར་ཐ་དད་པར་མི་རུང་སྟེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་མེད་དེ། སྐྱེ་བ་དང་གནས་པ ་དང་། འགོག་པ་ལ་སོགས་པ་སུས་གང་ཞིག་བྱ། དེ་ལྟར་འདུ་བྱེད་ཐམས་ཅད་སྐད་ཅིག་མ།། མི་བརྟན་བྱེད་པ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ། བྱེད་པ་པོར་ཡང་དེ་ཉིད་བརྗོད་ཅེས་པར་དེ་དེ་ལྟར་སྐྱེ་བ་ལ་སོགས་པོ་གང་ཟག་བདག ་མེད་པ་ལ་མི་རུང་ངོ་།། ཆོས་ལ་བདག་མེད་པ་ཡང་མེད་དེ་གཉིས་ཀྱི་རྣམ་པ་གླང་ཡིན་པ་དེ་དག་ནི་སྐྱེ་བའི་རང་བཞིན་མེད་དེ། རྨི་ལམ་དང་མིག་འཕྲུལ་དང་། རབ་རིབ་ཀྱི་རྣམ་པ་དང་། གཟུགས་བརྙན་ལོ་སོགས་པ་ལྟ་བུ་སྟེ། བསམ་པ ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉི་སུ་མེད་པར་ཡང་དག་པར་རིག་པ་བཞིན་ནོ།། སྐད་ཅིག་མའི་རྒྱུ་ཡང་དག་པར་རིག་པ་ཡང་བརྗོད་དུ་མེད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་མེད ་པས་འཛིན་པ་དང་། གཟུང་བ་དང་། བྱ་བ་དང་། བྱེད་པ་དང་། སྐྱེད་པ་དང་། བསྐྱོད་པ་དང་། རྗོད་པ་དང་། བརྗོད་པར་བྱ་བ་དང་། མཚན་མའི་གནས་དང་། མཚན་མ་དང་། གཞན་དང་། གཞན་པའི་གཉིས་ཀྱི་རྣམ་པ་དང་། གཉིས་ཀྱི་རྣམ་པའི ་སྙད་ཐམས་ཅད་དེར་ལྡོག་གོ།། ཡི་གེ་མེད་པ་ནི་དོན་དམ་པ་སྟེ། རྣམ་པར་མི་རྟོག་པ་ཐམས་ཅད་མཁྱེན་པས་དགོངས་པོ་སྟེ། དེ་ལས་གཞན་པའི་ངེས་པར་འཇུག་པ་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་ནོ།། ་སྐད་ཅིག་མའི་རྒྱུན་འབྱུང་ཞིང་རྣམ་པར་རྟོག་པ་མེད་པར་མངོན་སུམ་དུ་མྱོང་ཡང་རྣམ་པ་དེ་ལྟ་བུ་བསྟན་མི་ནུས་པའི་ཕྱིར་དེར་སེམས་ཉིད་ཀྱང་གཉིས་ཀྱི་རྣམ་པར་མི་འཇུག་ན་ཡི་གེ་དང་། སྒྲ་ལྟ་ཇི་སྨོས། སྣང་བ་དང ་བཅས་པའི་ཏིང་འཛིན་ལ་ཞུགས་པ་ན་ཐམས་ཅད་མཁྱེན་པའི་ཆོས་སྟོན་པ་ཡང་འབྱུང་ངོ་ཞེས་ལན་དུ་མར་བཤད་པའོ།། ཁྱད་པར་ཅན་ལ་སོགས་པ་རྣམས་ཀྱིས་ས་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། དུས་དང་། ཕྱོགས་དང་། བདག ་དང་། ཡིད་དང་། རྫས་དགུ་ལྟ་བུར་ཕྱི་རོལ་གྱི་དངོས་པོ་ལ་སོགས་པར་ཀུན་ཏུ་བརྟགས་པའི་རྟག་པའི་རྫས་དགུ་ལ་མུ་སྟེགས་བྱེད་པས་མ་སྐྱེས་པ་འགགས་པར་ཀུན་དུ་བརྟགས་པའི་རྟོག་གོ་ཞེས་བློ་གྲོས་ཆེན་པོས་གླེངས་པའི་ལན་དུ་ཁྱད་པར་དེ་ཉིད ་དུ་གསུང་བར་མཛད་དོ།། དེ་ལ་ཕྱི་རོལ་དང་ནང་གྲི་རྣམས་ལ་འཛིན་པ་དང་གཟུང་བའི་དངོས་པོར་ཀུན་བརྟགས་པའི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ཕྱིར་རྟག་པ་དང་། བདག་ཏུ་ཆགས་པའི་ལས་དང་། འདུ་བའི་མཐུ ་ལས་འཁོར་བའི་སྡུག་བསྔལ་འབྱུང་ངོ་།། དེའི་ཕྱིར་ཕུང་པོ་རྣམས་མི་ཟད་དེ། ཐམས་ཅད་མཁྱེན་པ་མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་རོ་སྟོན་པ་རིམ་གྱིས་གཟུད་པའི་ཕྱིར་རོ།། ཟབ་མོའི་ཆོས་ལ་མོས་པ ་རྣམས་ལ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་།། སྨོན་པ་མེད་པའི་རྣམ་པར་ཐར་པ་སྟོན་པ་སྟེ། མཉམ་པར་མི་འཇོག་པའི་བག་ཆགས་ཉོན་མོངས་པ་མེད་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་ནུས་པའི་རྣམ ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པར་འགྱུར་རོ།། རབ་རིབ་ཀྱི་རྣམ་པ་ལྟ་བུར་ནོར་ཅིང་སོ་སོར་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་ངེས་པའི་སེམས་ཅན་རྣམས་གཟུང་བའི་རིམ་གྱིས་དེས་ན་སྟོན་པའི་དོན་གཉིས་སོ།། ཡོངསུ་གྲུབ་པའི་མི་གཉིས་པའི་སྐད ་ཅིག་མ་རྣམས་ནི་བརྗོད་དུ་མེད་པའི་ཕྱིར་བདག་དང་བདག་མེད་པ་དང་། བྱ་བ་དང་། བྱེད་པ་དང་། བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་ཤིན་ཏུ་མེད་དེ། འཛུབ་མོའི་རྩེ་མོ་ཅན་འབའ་ཞིག་གིས་རབ་ཀྱིས ་མཚན་ཉིད་ཡི་གེ་མེད་པའི་ཐ་སྙད་ལ་དེ་ལྟར་ཡི་གེ་མེད་པར་ཡི་གེར་བྱ་སྟེ། སྤྱིར་སྒྲོ་བཏགས་ནས་མོས་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྟན་པ ་བརྗོད་པས་གཟུང་ངོ་།། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་མེད་དེ། ཆོས་ཐམས་ཅད་བྱེད་པ་མེད་པས་སུ་ཀྱང་ནི་ཡང་མི་བྱེད་དེ། དེ་མ་ཐག་ཏུ་འདི་ཡོད་དོ་ཞེས་ཆོ་སུ་བརྟགས་པའི་ཕྱིར་ཐམས་ནད་མཁྱེན་པས་འདི་སྐད ་དུ་སྒྲུབ་པར་མཛད་པ། རྒྱུ་འབྲས་ལྟ་བ་ལོག་པ་ཡིས།། བདག་རླག་གཞན་ཡང་རླག་པར་བྱེད་ཅེས་བྱ་བ་ལ་སོགས་པ་དང་། རྒྱུ་མེད་སྨྲ་བས་བརྩད་བྱ་སྟེ།། མ་སྐྱེས་པ་ཡང་རབ་ཏུ་སྒྲུབ།། སྐྱེ་བ་མེད་པར་རབ་བསྒྲུབ་ན།། ངའི་ཚུལ་གྱི་ནི་མི་འཇིག་གོ་ཞེས་བྱ་བ ་ལ་སོགས་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་འབྱུང་བ་མེད་ཅེས་ལན་དུ་མར་བཤད་པ་ཡིན་ནོ།། སྐྱེ་བ་ལ་སོགས་པའི་ཆོས་ནི་བདག་མེད་པ་གཉིས་ལ་ཡང་མི་རུང་སྟེ། སྐད་ཅིག་པ་ལ་སོགས་པའི་ཆོས་གཞན་མེད་དོ།། གཞན་གྱི་དབང་གིས ་གཉིས་ཀྱི་རྣམ་པ་རྣམས་ལ་ཡང་སྐྱེ་བའི་རང་བཞིན་མེད་པ་ཉིད། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ།། དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་སྐད་ཅིག་མྱའི་རྒྱུན་རྣམས ་བརྗོད་དུ་མེད་པའི་ཕྱིར་དེར་རྟག་པ་དང་། བདག་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་ངོ་།། གཉིས་ཀྱི་རྣམ་པ་ཤེས་པ་ལ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཐ་སྙད་ཐམས་ཅད་ཉིད་འབྱུང་ངོ་།། ཇི་ལྟར་འདིར ་གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་སྟེ།། ཡོད་པའང་མེད་པའི་ཟླས་དྲངས་སོ།། དེ་བས་མེད་པར་ཤེས་མི་བྱ།། ཡོད་པར་ཡང་ནི་མི་རྟག་གོ་ཞེས་པ་སྟེ། རྟོག་པས་སྒྲོ་བཏགས་སྟེ་མ་གྲུབ་པ་བཏགས་ནས་བ་ལང་གི་རྭ་ནི། ་ཡོད། རི་བོང་གླི་ར་མེད་པ་དང་། རྨི་ལམ་མ་ཡིན་པ་ན་ནི་ཡོད། རྨི་ལམ་ན་ནི་མེད་ཅེས་པ་དེ་དེ་ལྟར་གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པར་ཤེས་རབ་ཀྱིས་དཔྱད་པས་བ་ལང་གི་རྭ་ལྟ་བུ ་ཉིད་མེད་ན་རི་བོང་གི་ར་ལྟ་ག་ལ་ཞིག་སྟེ། དེ་དེ་ལྟར་ན། བདག་དང་བདག་མེད་ཕྱོགས་བསླད་ཅིང་།། སྒྲ་ཙམ་ལ་ནི་འཇུག་པ་དག། ཅེས་པ་སྟེ། རྒྱུ་དང་འབྲས་བུའི་དངོས་པོར་རྣམ་པར་རྟོག་གོ།། ཐམས་ཅད་མཁྱེན་པས་གང་དག་གི་བདག ་མེད་པ་དེ་དག་གི་རང་བཞིན་མེད་པའོ་ཞེས་དེ་ལྟར་ཆུད་པར་མི་བྱ་བར་ཆོས་དང་གང་ཟག་ལ་བདག་མེད་པར་ཁྱད་པར་དུ་བསྟན་པའོ།། ཕན་ཚུན་དུ་རྣམ་པར་ལྡོག་པའི་བདག་ཉིད་པ་རྣམས་ཏེ། དེ་བཞིན་དུ་ནི་གཞན་སྤངས་པའི་མཚན་ཉིད ་པ་རྣམས་དུས་ན་བདག་མེད་པའི་རང་གི་མཚན་ཉིད་ལ་མུ་སྩོགས་བྱེད་པས་རྟག་པ་དང་བདག་དང་། ཕྱི་རོལ་གྱི་རྫས་ལ་སོགས་པར་རྟོག་པ་དེ་ལྟ་བུ་མེད་ན་དུ་ལ་བལྟོས་ཏེ་བདག་དང་། བདག་མེད་པ་དང་། རྟག་པ་དང་། མི་རྟག་པ ་དང་། སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་དང་། ཕྱི་རོལ་གྱི་དང་། ཕྱི་རོལ་གྱི་མ་ཡིན་པའི་རྫས་ལ་སོགས་པར་ཅིས་ན་རྟོག། གཞན་གྱི་དབང་གཉིས་ཀྱི་རྣམ་པར་གང་སྣང་བ་དེ་དག་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིག ་ཏུ་སྣང་བ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་རྣམ་པ་དེས་མ་སྐྱེས་པས་ན་དངོས་པོ་མེད་པ་རྣམསོ།། རྟག་པ་དང་། བདག་དང་། ཕྱི་རོལ་གྱི་རྫས་ལ་སོགས་པའི་རང་བཞིན་མེད་པའི་ཕྱིར་མ་སྐྱེས་པས་ན་དངོས་པོ་མེད་དོ།། ་ཡོངསུ་གྲུབ་པ་རྣམས་ཀྱི་ཡང་གཉིས་ཀྱི་རྣམ་པར་སྟོང་པ་ཉིད་དེ་བསམ་པ་མེད་པ་དང་སྣང་བ་མེད་པའོ།། མུ་སྟེགས་བྱེད་རྣམས་ཀྱི་ནི་རྟག་པ་དང་། བདག་དང་ཕྱི་རོལ་གྱི་བར་སྒྲོ་བཏགས་པོའོ།། སངས་རྒྱས་རྣམས་ཀྱི་ནི་འདི ་བྱེད་ཐམས་ཅད་སྐད་ཅིག་པའོ།། གཞན་གྱི་དབང་གི་གང་ཡིན་པ་དེ་དག་ཀྱང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་སྟེ། ལུང་སྟོན་པ་པོ་རྣམས་ཀྱི་ས་སྐྱེ་བོ་དང་། འགོག་པ་ལ་སོགས་པ་བྱེད་པ་དང་བྱེད་པ་པོར་མངོན་པར ་འགྲེལ་པར་བརྟགས་པ་གཞན་དག་མེད་དོ།། ཤེས་རབ་ཀྱིས་དཔྱད་པས་འཛིན་པ་དང་། གཟུང་བ་ཡང་མི་དམིགས་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་མེད་པ་ཡང་དག་པར་རིག་སྐད་ཅིག་མའི་རྒྱུན་བརྗོད ་མེད་པའི་ཕྱིར་སྐྱེ་བ་ལ་སོགས་པར་གུཉྫན་ཀུན་ཏུ་བརྟགས་པ་ལྟ་ཞིག་གི་སྐབས་ག་ལ་ཡོད་དེ་མེད་དོ།། ཆོས་ཐམས་ཅད་ལ་ཡི་གེ་མེད་པ་ནི་རང་གི་མཚན་ཉིད་རྣམས་ལ་ཡི་གེ་མེད་པ་སྟེ། དེའི་ཕྱིར་ན་དེ་ཁོ་ན ་ཉིད་རྣམ་པར་མི་རྟོག། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་མི་རྟོག་པ་ལ་སོགས་པའི་དོན་དམ་པ་ལ་ནི་མུ་སྟེགས་བྱེད་རྣམས་དངོས་པོར་སྒྲོ་བཏགས་པས། བློ་གློས་ཆེན་པོ་ང་ཡི་ཆོས་ནི་ཡོད་པ་དང་མེད་པའི་ཕྱོགས་ཀྱི་རྣམ་པར་རྟོག ་པ་དང་བྲལ་བས་དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱི་སྐྱེ་བ་མེད་པ་དང་། འགོག་པ་མེད་པར་སྨྲ་བ་དང་མཚུངས་པ་མ་ཡིན་ནོ།། ཐམས་ཅད་མཁྱེན་པས་ཉན་ཐོས་དང་མུ་སྟེགས་བྱེད་སྨྲ་བ་ལས་ཐེག་པ་ཆེན་པོ་ཁྱད་པར་ཅན་ཞེས་ཏེ། གཉིས ་ཀ་དང་མི་གཉིས་པའི་ཆོས་སྟོན་པས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གསུངས་པའོ།། རང་གི་རྣམ་པ་བརྒྱལ་བ་ལ་སོགས་པ་ལྟ་བུ་ན་མ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་གཞིགས་ནས་མི ་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོགས་པ་ཉིད་གནས་སོ།། དེ་ལ་བྱེད་པ་དང་། བྱེད་པ་པོ་དང་། བརྗོད་པ་དང་། ་བརྗོད་པ་པོ་དང་། འཛིན་པ་དང་། གཟུང་བ་དང་། རྟག་པ་དང་། མི་རྟག་པ་དང་། བདག་དང་། བདག་མེད་པ་དང་། སེམས་ཅན་དུ་བརྟགས་པ་ཐམས་ཅད་དང་། འདུ་བའི་རྣམ་པར་རྟོག་པ་ཕྱི་ནང་གི་རྐྱེན་གྱི་འབྲེལ་པ་གཞན་གྱི་དབང་གི་རྣམ་པ་ལ། ་སྣང་ངོ་།། འབྲེལ་པ་འབྲེལ་པ་ཞེས་བྱ་བ་ནི་ཀུན་འདུ་བ་ལ་ཐམས་ཅད་མཁྱེན་པས་དགོངས་པ་སྟེ། སེམས་འཁྲུགས་ནས་ཇི་ཙམ་དུ་འཁོར་བར་སྣང་བ་དེ་ཙམ་དུ་མཉམ་པར་མི་འཇོག་པའི་མཚན་ཉིད་ཅན་གྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད།། ་ལ་སོགས་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ། དེ་ནི་རྟག་པ་དང་། བདག་ཏུ་ཚོགས་པའི་མ་རིག་པ་དང་། ལས་དང་ལེན་པ་ལས་སྲིད་པ་སྟེ། དེས་ན་ཕན་ཚུན་གྱི་འབྲེལ་པ་ནི་ནང་གི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ།། ཕྱི་རོལ་གྱི་འབྱུང་བ་ལས ་གྱུར་པའི་ཚོགས་ཀྱི་ནི་འཇིམ་པའི་གོང་བུ་དང་། འཁོར་ལོ་ལ་སོགས་པ་འབྱུང་བའི་རྟེན་ལ་བལྟོས་ཏེ་འབྱུང་ངོ་།། དེ་ལྟར་ན་བྱས་པ་ནི་མི་རྟག་པ་སྟེ། མིག་ཡོར་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ།། ཇི་ལྟར་དབུ་མ ་ལས། རྨི་ལམ་བཞིན་དང་སྒྱུ་མ་བཞིན།། དེ་བཞིན་དྲི་ཟའི་གྲོང་ཁྱེར་ཏེ།། དེ་བཞིན་སྐྱེ་དང་དེ་བཞིན་གནས།། དེ་བཞིན་འཇིག་པར་བརྗོད་པའོ་ཞེས་འབྱུང་བ་སྟེ། ཇི་ལྟར་ལུང་སྟོན་པ་ལས་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས ་པའི་ཆོས་ཀུན་བརྟགས་པ་ནི་སྐད་ཅིག་པ་མ་གཏོགས་པར་མིད་དེ། དེས་ན་ཇི་ལྟར་མུ་སྟེགས་ཅན་རྣམས་ཀྱིས་ཆོས་དང་། ཆོས་ཅན་ལྟ་བུར་མི་རྟག་པ་ནི་ཐ་དདཱ་པ་ཡང་མ་ཡིན། ཐ་དད་པ་མ་ཡིན་ནོ།། གལ་ཏེ་མི་རྟག་པ་ཐ་དད་ནཱ་ནི་མི ་རྟག་པ་མེད་པའི་ཕྱིར་དེའི་ཚེ་ན་ཚིག་གི་དོན་རྟག་པར་འགྱུར་རོ།། རྟག་པ་ཡང་མི་རྟག་པར་འགྱུར་རོ།། དེ་ལྟ་བས་ན་མི་རྟག་པ་ནི་གཞན་པ་ཡང་མ་ཡིན། གཞན་པ་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་དབུ་མ་ལས། གལ་ཏེ་སྐྱེ་བ་སྔར་ཡོད་ལ ་རྒྱུ་དང་འཚོ་བ་ཕྱི་ནས་ནོ།། སྒྱུ་བ་རྒ་བ་འཚོ་བ་མེད།། སྐྱེས་པ་འཚོ་བར་ཡང་མི་འགྱུར།། གང་ན་དེ་དག་ཐོག་མ་དྲང་ཐ་མ་ལྡན་ཅོག་དང་གཽ་རཱི་མ་དུ་མི་འཇུག་ན། སྐྱེ་བ་དང་ནི་རྒ་བ་དདྨ་ཡང་།། ཆོས ་ཀུན་ལ་ནི་འཆི་བ་ཅི།། དངོས་པོ་ཀུན་ལ་རྣམ་རྟོག་བྱེད།། སྐྱོ་དང་འཆི་བ་མ་གཏོགས་པ།། དངོས་པོ་གང་ཞིག་ཡོད་པར་འགྱུར་ཞེས་པ་སྟེ། ཇི་ལྟར་ལུང་སྟོན་པ་ལྔ་སོགས་པས་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས ་པའི་ཆོས་རྣམས་བརྟགས་པ་དང་། ཇི་ལྟར་ཁྱད་པར་ཅན་གྱི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པར་རྣམ་པར་བརྟགས་པ་ནི་རིམ་དང་། ཅིག་ཆར་དུ་མི་རུང་ངོ་།། ནམ་རིམ་དུ་འགྱུར་པ་དེའི་ཚེ། སྐྱེ་བ་ནི་རྒ་བ་དང་འཆི། ་བ་དང་བྲལ་བའོ།། གནས་པ་དང་། རྒ་བ་དང་། འཚོ་བ་རྣམས་ཀྱང་སྐྱོ་བ་དང་བྲལ་ཏེ། རྒྱུ་མེད་པ་ལས་སྐྱེ་བར་འགྱུར་རོ།། སྔར་དངོས་པོ་མེད་པ་དང་ཞིག་ནས་དངོས་པོ་མེད་པ་ལ་སོགས་པར་ནི་ཡཱི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། ་གླགྲངས་ཅན་དང་། སྤྱོད་པ་ཅན་དང་། ཀྵ་པཱ་ནྱཱ་ཀ་གང་དག་གིས་ཀློན་རྟོག་པ་གལ་ཏེ་དེ་དག་དངོས་པོ་ལས་ཐ་དད་པ་མ་ཡིན་ན་ནི་དེའི་ཚེ་དངོས་པོ་དང་དངོས་པོ་མེད་པར་དེ་ལྟར་འབྲེལ་པར་མི་རུང་སྟེ། གཉིས་ཀ་ཡང་དངོས་པོ ་ཕྱིར་སུ་གང་གི་ཁྱད་པར་དུ་འགྱུར། དེའི་ཕྱིར་དངོས་པོ་བདག་ཉིད་ཀྱིས་རྒྱུས་དེ་ལྟར་འབྱུང་བ་དང་འཇིག་པ་སྟེ། གང་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ཀྱི་ཆ་དང་བྲལ་བའི་སྐད་ཅིག་པ་གཞན་ཉིད་དུ་ཡང་མི་གཉིས་པ་གྲངས་ཅན ་རྣམས་ཀྱིས་དེ་སྐད་ཅིག་པ་དྲུག་ཏུ་གནས་པའི་རྟོག་པ་ལྟ་བུར་ཡང་མི་རུང་ངོ་།། དྲུག་ནི་སྐྱེ་བ་དང་། ཡོད་པ་དང་། འགྱུར་པ་དང་། རྣམ་པར་འཕེལ་བ་དང་། ཟད་པ་དང་། འཇིག་གོ་ཞེས་དངོས་པོའི་འགྱུར་བ་དྲུག་གོ།། སྐད་ཅིག་པ་གཅིག ་ཡང་སྐད་ཅིག་པ་དྲུག་ཏུ་གནས་པར་འགྱུར་བས་ན་རིམ་དང་ཅིག་ཆར་མི་རུང་ངོ་།། དེ་བཞིན་དུ་ནེ་ཡི་ཡ་ཡི་ཀ་དང་ཁྱད་པར་ཅན་ལ་སོགས་པས་བརྟགས་པའི་སྐད་ཅིག་པ་དྲུག་རྣམས་རེ་རེ་ཡང་སྐད་ཅིག་པ་དྲུག་དྲུག་ཏུ་གནས་པར་འགྱུར ་བ་ནི་ཡོད་པར་འབྲེལ་པའི་དུས་དང་། གྲནས་པའི་དུས་དང་། ཡོན་ཏན་གོང་མ་འབྱུང་བའི་དུས་དང་། དམིགས་པའི་དུས་དང་། རྣམ་པར་འཇིག་པའི་རྒྱུ་བསྙེན་པའི་དུས་དང་། རྣམ་པར་འཇིག་པའི་དུས་ཏེ། ཡོད་པ་དང་འབྲེལ་པ་ལ ་སོགས་པར་རྟོག་པའི་དུས་སྔ་མ་ལ་ཕྱི་མའི་ཁྱད་པར་མི་སྲིད་དོ།། དེ་དག་ལ་ཡང་དྲི་བཞིན་དུ་སྐྱོན་མི་ལྡོག་པས་བློ་དང་སྒྲ་དང་། གློག་ལ་སོགས་པ་ཤིན་ཏུ་མྱུར་བར་རྣམ་པར་འཇིག་པ་ཡང་མེད་པར་འགྱུར་རོ།། དེས་ན་སྐད་ཅིག ་པ་ལ་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་ལྷག་པ་མེད་དོ།། ཇི་ལྟར་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ།། མི་བརྟན་བྱེད་པ་ག་ལ་ཞིག། གང་བྱུང་བྱེད་པ་དེ་ཉིད་དེ། བྱེད་པ ་པོར་ཡོང་དེ་ཉིད་བརྗོད་ཅེས་པར་བྱ་བ་དང་། བྱེད་པ་པོར་འབྲེལ་ཏེ་སྐྱེ་བར་མི་རུང་སྟེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན། སྐད་ཅིག་པ་གཉིས་པོ་མེད་དེ། སྔ་མའི་འོག་ཏུ་འདི་ཡོད་ཅེས་བྱ་བ་འབའ་ཞིག་སྟེ་ཆོ་སུ་བརྟགས ་པའོ།། གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྟོག་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་ལ་ཡང་དེ་ལྟ་བུ་ཡོད་དོ།། ཁ་ཅིག་གིས་ནི་མངོན ་སུམ་དང་རྗེ་སུ་དཔག་པ་དེར་ཡང་སྐད་ཅིག་མར་འཇིག་པ་གདོན་མི་ཟ་བར་བྱེད་དེ། ཇི་ལྟར་སེ་གོལ་གྱི་སྒྲ་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བ་དང་། སྒྲ་དང་རྩ་ལ་སོགས་པ་བཅང་ནས་ཡང་སྐྱེས་པ་དང ་ཀྲ་བ་དང་རྫ་མ་ལ་སོགས་པ་ཡང་མཆོག་ཏུ་བསྙེངས་པ་ལ་སོགས་པས་ཐོག་མ་དང་ཐ་མའི་དུས་ཐ་དད་པ་དང་། མེ་ཏོག་ལ་སོགས་པ་རྣམས་རྣམ་པར་འཇིག་པར་རྗེསུ་དཔག་པ་ནི་ཇི་ལྟར་དེ་དག་སྐད་ཅིག་ཡུད་ཙམ་ཐང ་ཅིག་གིས་འཇིག་པས་སོ།། གཞན་གྱི་དབང་ལ་བརྙིངས་པ་དང་། ཆེར་བ་རྙིངས་པ་ལ་སོགས་པར་ཐམས་ཅད་མཁྱེན་པའི་མངོན་སུམ་དང་རྗེ་སུ་དཔག་པ་དག་གིས་སྐད་ཅིག་མར་འཇིག་པ་གདོན་མ་ཟེའོ།། བསམ་པ་མེད་ཅིང ་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་སྐད་ཅིག་མའི་རྒྱུན་ཡང་དག་པར་རིག་པ་བརྗོད་དུ་མེད་པ་ནི་ཡོངས་སུ་གྲུབ་པར་ཡང་མངོན་སུམ་སྟེ། དེ་དེ་ལྟར་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས ་པའི་ཆོས་རྟག་པར་བརྟགས་པ་རྣམས་གཞན་གྱི་དབང་དང་ཡོངསུ་གྲུབ་པ་རྣམས་ལ་མི་སྲིད་དོ།། ཇི་ལྟར་འདིར་གསུངས་པ། བརྟགས་པ་ཡི་ནི་རང་བཞིན་གྱིས།། དངོས་པོ་ཐམས་ཅད་མ་སྐྱེས་ཏེ།། གཞན་དབང་ལ་ནི ་བརྟེན་ནས་སུ།། མི་རྣམས་རྣམ་པར་རྟོག་པ་སྐྱེ།། གང་ཚེ་གཞན་དབང་རྣམ་རྟོག་གིས།། རྣམ་པར་སྤངས་ཏེ་དག་པ་ན།། གྲུབ་པ་དེ་བཞིན་ཉིད་པར་སྨྲས།། མདོ་སྡེ་མདོ་སྡེར་ངས་བཤད་དོ།། རྟག་པ་དང་། བདག་དང་ཕྱི་རོལ་གྱི་རྫས ་ལ་སོགས་བརྟགས་པ་རྣམས་ཀྱིས་དངོས་པོ་མེད་པའི་ཕྱིར་གཞན་གྱི་དབང་སྣ་ཚོགས་ཐ་དད་པའི་རྣམ་པར་མ་སྐྱེས་པ་སྟེ། རྣམ་པ་དེས་སྐྱེས་པའི་རང་བཞིན་མེད་པས་གཅིག་པུ་ལ་དུ་མར་མི་རིགས་པ་དང་། རྣམ་པ་དུ་མ་ལ་ཡང ་གཅིག་པོར་མི་རུང་ངོ་།། ཇི་ལྟར་སློབ་དཔོན་དྷརྨྨ་ཀཱིརྟིས་སྒྲུབ་པར་བྱེད་པ། གང་གིས་དངོས་པོ་བརྟག་བྱ་བ།། ཡང་དག་པར་ནི་གཟུགས་དེ་མེད།། གོང་ཕྱིར་གཅིག་དང་དུ་མར་ཡང་།། དེ་དག་གཟུགས་ནི་མེད་པའོ།། གཞན་དུ་དངོས་པོ ་གཅིག་པོ་ལ།། སྣ་ཚོགས་གཟུགས་ནི་སྣང་བའི་ཕྱིར།། རྣམ་པ་ཇི་ལྟར་བདེན་པར་འགྱུར།། དེས་ན་གཅིག་ཀྱང་འགྲིབ་པའི་ཕྱིར།། གཞན་ལ་གཞན་དུ་འགྲིབ་པ་ཡང་།། དབྱེར་མེད་མ་ཡིན་གཟུགས་མཐོང་ཕྱིར།། རང་བཞིན་ཐ་དང་མི ་མཐོང་བས།། བློས་ནི་ཐ་དད་མི་རྟོགས་སོ།། འོ་ན་བློ་ནི་དེ་གཅིག་ལ།། ཇི་ལྟར་སྣ་ཚོགས་སྣང་བར་བྱེད།། འདི་ནི་དངོས་པོ་མཐུ་ལོས་བྱུང་།། མཁས་པ་གང་དག་གསུངས་པ་སྷོ།། ཇི་ལྟར་ཇི་བཞིན་དོན་བསམས་པ།། དེ་བཞིན་དེ་བཞིན་བདེན ་པར་འགྱུར།། གང་གི་དོན་རྣམས་བདག་ཉིད་ཀྱིས།། མོས་ན་དེར་ནི་བདག་ཅི་རྟོགས་ཞེས་པ་སྟེ།། དེ་དེ་ལྟར་གཞན་གྱི་དབང་གཅིག་པོ་ལ་དུ་མར་མི་རིགསོ།། ཡོངསུ་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་བསམ་པ་མེད་ཅིང་སྣང་བ་མེད་པ ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པས་སངས་རྒྱས་ཁོ་ན་ཉིད་དངོས་པོ་དང་དངོས་པོ་མེད་པ་ཉིད་རྣམ་པར་མི་རྟོག་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར ་རྣམ་པར་ཐར་པའི་སྒོ་སྣང་བ་མེད་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་དོན་དམ་པ་ལ་བཞུགས་པ་དང་། དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་མེད་པ་ལ་ཐམས་ཅད་མཁྱེན་པ་བཞུགས་ཏེ། མོས ་པ་ཐ་དད་པ་ལ་གནས་པ་རྣམས་ལ་གཉིས་པ་དང་མི་གཉིས་ཆོས་གཟུང་བའི་ཚུལ་གྱི་སྟོན་ཏོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས ་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཆོས་གཉིས་ཀྱི་རྣམ་པ་ཅན་སེམས་དཀྲུགས་པའི་མཉམ་པར་མི་འཇོག་པའི་མ་རིག་པ་ལ་སྐྱེས་པའི་སེམས་ཅན་རྣམས་ལ་འཁོར་བའི་དུས་དང་ཐར་པའི་རིམ་པར་སྣང་བའི་ཚུལ་དང་། ས་དང་། ་ཕ་རོལ་ཏུ་ཕྱིན་པ་ཐ་དད་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་རྣམས་ཀྱི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་མཚན་མས་བརྒྱན་པོའི་སྐུ་ལ་སོགས་པར་སྣང་བས་སེམས་ཅན་མགུ་བར ་བྱ་བའི་ཕྱིར་དང་། ཤེས་རབ་དང་ཐབས་ལ་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཇི་ལྟར་རྟག་པ་དང་། བདག་ཏུ་ཆགས་པ་དང་། ལས་ཀྱི་རྒྱུ་ལས་སྐྱེ་བ་དང་། འཆི་བ་འཁོར་བའི་སྡུག་བསྔལ་ལྡོག་པ་དེ་ལྟར་ཆོས་སྟོན་ཏོ།། འདོད་ཆགས ་དང་བྲལ་བ་རྣམས་ལྔ་ནི་མི་རྟག་པ་དང་། སྡུག་བསྔལ་པ་དང་། མི་མཛེས་པ་བསྒོམ་པར་ཆོས་ཟབ་མོ་ལ་མོས་པ་ཁ་ཅིག་ལ་ནི་སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་དཔྱད་དེ་རྣམ་པར་གཞིགས་པ་དང་། གཟུགས་ནི་རྡུལ་ཕྲན་གཞིགས ་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པར་གང་གི་ཚེ་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་བརྗོད་དུ་མེད་པ་ལ་གླནས་སྷོ།། དེས་ན་ཐུགས་རྗེའི ་བག་ཆགས་ཀྱིས་གཞན་གྱི་དོན་དུ་སད་ངོ་།། ས་དང་ཕ་རོལ་ཏུ་ཕྱིན་པ་གོང་ནས་གོང་མའི་ཚོགས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྣལ་འབྱོར་ལ་གོམས་པས་གཉིས་པ་དང་མི་གཉིས་པའི་ཏིང་འཛིན་ཐོབ་པར་འགྱུརརོ།། ། ་དེས་ན་ཆོས་དང་གང་ཟག་དང་བདག་མེད་པ་ཡོངསུ་ཤེས་པ་ནི་དོན་གྱི་རྗེ་སུ་འབྲེང་བ་ལ་འགྱུར་གྱི་ཡི་གེའི་རྗེས་སུ་འབྲང་བ་ལ་ནི་མ་ཡིན་ཏེ། ཇི་ལྟར་ཐམས་ཅད་མཁྱེན་པས་མང་དུ་ཐོས་པ་རྣམས་ལས་དོན་རྙེད་དོ་ཞེས་གསུངས་པའོ།། ་འཕགས་པ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོ་སྦྱར་བའི་ལེའུ་གསུམ་པ་ལས་སངས་རྒྱས་ཀྱི་ཆོས་དཔྱད་པའི་འོག་ཏུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་མི་རྟག་པ་ལ་སོགས་པའི་ཆོས་ཐོར་བུར་དཔྱད་པ་བཅོ ་ལྔ་པའོ།། །། ཐམས་ཅད་མཁྱེན་པས་རྒྱུ་དང་འབྲས་བུའི་དངོས་པོར་དགོངས་པའི་བསྡུ་བའི་དོན་ནི་འདི་ཡིན་ཏེ། རྒྱུ་དང་འདུས་པ་ལས་ནང་དང་ཕྱིར་འབྲས་བུའི་རང་བཞིན་གྱི་ཚོགས་སྣང་ངོ་།། དེ་ནི་མིག་དང ་གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་རྒྱུ་འདུས་པའི་མཐུ་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉེ་བར་སྐྱེའོ།། དེ་ལ་རྒྱུ་འབྱེད་པས་འབྲས་བུ་ཡང་འབྱེད་པ་སྟེ། དེ་མཱ་ཐག་པའི་རྐྱེན ་གྱིས་ཆུད་པའི་རང་བཞིན་ནོ།། ཡུལ་གྱིས་ནི་དེའི་འདྲ་བར་རོ།། དབང་པོ་ལས་ནི་ཡུལ་སོ་སོར་ངེས་པ་སྟེ། ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱིས་དེ་ལྟ་བུར་ཡུལ་དང་ཡུལ་ཅན་གྱི་དངོས་པོར་ཀུན་ཏུ་རྟོག་གོ།། ཚོགས་ཀྱི་རང་བཞིན་གྱི ་རྣམ་པར་ཤེས་པ་དེ་ལྟ་བུ་ས་ཡང་ཁབ་པ་དང་། སྡེ་དང་། ནགས་ཚུལ་ལ་སོགས་པ་བཞིན་དུ་རྣམ་པ་དུ་མའི་ཕྱིར་སྟོང་པ་ཉིད་དོ།། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ཡུལ་ཡང་འདུས་པའི་ཕྱིར་ཁང་པ་ལ་སོགས་པ ་བཞིན་དུ་སྟོང་པ་ཉིད་དོ།། བྱུང་བ་རྣམས་ཆ་དང་མི་འབྲལ་བའི་ཕྱིར་ཐ་དད་པའི་དངོས་པོར་དང་དངོས་པོར་མེད་དེ། དེ་ལས་བྱུང་བའི་གཟུགས་རྣམས་ཀྱང་རང་དབང་དུ་ཐ་དད་པ་མེད་དོ།། དེས་ན་ཡུལ་དང་ཡུལ་ཅན་གྱི་དངོས ་པོ་དེ་ནི་སྣང་བའི་ཆོ་གས་ཏེ་དོན་དམ་པར་ན་མེད་དོ།། རྨི་ལམ་གྱི་དུས་ན་ཡང་དེར་གཟུགས་ལ་སོགས་པའི་ཡུལ་དང་། དབང་པོ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་མེད་པ་དེ་བཞིན་དུ་སྣང་བ་སྟེ་བསླང་པ་སྣ་ཚོགས་ཀྱི ་བག་ཆགས་ཡོངསུ་སྨིན་པའི་མཐུ་ལས་རྣམ་པར་ཤེས་པ་གཅིག་པུ་ཉིད་རྣམ་པ་སྣ་ཚོགས་ཐ་དད་པར་སྣང་གི། དེར་བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པའི་རྒྱུ་དང་འབྲས་བུའི་དངོས་པོ་མེད་དོ།། དེས་ན་འབྱུང་བ་མེད ་མེད་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སོ་སོར་སྣང་ངོ་།། ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་སྟེ་མི་དམིགས་པ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ ་གཉིསུ་མེད་པའི་སྐད་ཅིག་མ་ཡང་དག་པར་རིག་པ་སྟེ་བརྗོད་དུ་མེད་པའི་ཕྱིར་ངོར་དེ་མ་ཐག་པ་ཙམ་གྱིས་འདི་ཡོད་ན་འདི་ཡོད་དོ་ཞེས་ཆོསུ་བཏགས་པ་བསྟན་མི་ནུ་སོ།། ཐམས་ཅད་མཁྱེན་པའི་སྒྲ་དང་དོན་གྱི་ཐ་སྙད་ཀྱང་སྤྱི ་རྣམ་པར་འཇུག་གོ།། འགོག་པ་ལ་སྙོམས་པར་འཇུག་པ་ལས་ལངས་པ་བཞིན་དུ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་།། ཐུགས་རྗེའི་བག་ཆགས་ཀྱིས་སད་དོ་སྟོང་པ་ཉིད་དང་། མཚན་མོ། ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ལས་ཐམས་ཅད་མཁྱེན་པ་བཞེངས་པ་ན་སེམས་ཅན་གྱི་བསམ་པའི་དགོས་པ་མ་ལུས་པར་འབྱུང་སྟེ་དེ་ལྟར་ན་ཆོས་སྟོན་པ་ལ་བར་ཆད་མེད་དོ།། སྣང་བ་དང་བཅས་པ་དང ་སྣང་བ་མེད་པའི་ཏིང་འཛིན་ཐ་དད་པ་ལ་སྙོམས་པར་འཇུག་ཅིང་བཞེངས་པ་ན་ཆོས་སྟོན་པ་སྣ་ཚོགས་དང་། གསོལ་བའི་ལན་ཀྱང་དགོངས་པ། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེར་སྦྱར་རོ།། ་དེ་བཞིན་དུ་གཡོ་བ་མེ་པའི་སར་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ཐམས་ཅད་མཁྱེན་པ་རྣམས་ཀྱི་སོ་སོར་སད་པར་བྱ་བ་དང་། སྣང་བ་དང་བཅས་པའི་ཏིང་འཛིན་ལ་འཇུག་པ་ན་སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ ་ཏེ་འབྱུང་བ་མི་འབྱུང་བར་རྣམ་པར་ལྟ་ཞིང་ཆོས་སྟོན་ཏོ།། སྦོམ་པོ་དང་ཕྲ་མོར་སོ་སོར་སྣང་བའི་རྣམ་པར་ཐར་དད་པས་ཕུང་པོ་དང་། ཁམས་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི ་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་གཉིས་ཀྱི་རྣམ་པའི་ཆོས་སྟོན་ཏོ།། བསོད་ནམས་དང་ཏིང་ངེ་འཛིན་ལས་བྱུང་བ་གཟུགས་སུ་སྣང་ཞིང་སྒྱུ་མ་དང་འདྲ་བ་དང་། གཉིས་ཀྱི་རྣམ་པ་ཐམས་ཅད་ཀྱིས ་སྟོང་ཞིང་གཉིསུ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་དག་པའི་སངས་རྒྱས་ཉིད་ཀྱང་འཁོར་བའི་རྣལ་འབྱོར་དུ་སྟོན་ཏོ།། འཕགས་པ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྒྱུར་བའི་ལེའུ ་གསུམ་པ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དཔྱད་པ་བཅུ་དྲུག་པའོ།། །། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཐམས་ཅད་ཀྱིས་རྣམ་པ་བརྒྱད་དུ་རྣམ་པར་བརྟགས་ཏེ་ངས་ནི་མ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ ་ནི་མི་རྟག་པ་དང་འབྲེལ་ཏོ།། རྣམ་པ་བརྒྱད་གང་ཞེ་ན། དེ་ལ་བློ་གྲོས་ཆེན་པོ་ལ་ལ་ནི་རབ་ཏུ་རྩོམ་པ་ལས་རྣམ་པར་ལྡོག་པ་མི་རྟག་པ་ཉིད་ཅེས་ཟེར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་རྩོམ་པ་ཞེས་བྱ་བ་ནི་སྐྱེ་བ་ཡིན་ཏེ་ཞེས་པ་ནི་མུ་སྟེགས ་བྱེད་པ་རྣམས་ཀྱིས་རྟག་པ་རྣམས་ཀྱིས་འབྲས་བུ་སྐྱེད་པར་རྩོམ་པ་སྟེ། དེ་བཞིན་དུ་བྱེད་པ་ནི་མི་རྟག་གོ་ཞེས་རྟོག་པ་སྟེ། དེ་དག་རིམ་གྱིས་དངོས་པོར་སྐྱེས་པ་རྣམས་ཀྱང་སྐྱེས་རྣམས་པ་མེད་པར་རྣམ་པར་རྟོག་གོ།། ཁ་ཅིག་དབྱིབས་རྣམ ་པར་ལྡོག་པ་མི་རྟག་པ་ཉིད་ཅེས་ཟེར་རོ།། ཞེས་པ་ནི་ཇི་ལྟར་རྫས་སུ་རྩོམ་པའི་ཡན་ལག་ཏུ་སྦྱོར་བ་ལ་སྦྱོར་བ་དང་ལྡན་པ་གཞིགས་ནས་གློ་བུར་དུ་འོངས་ཏེ་གནོད་པ་འགལ་བ་ལས་བྱུང་ནས་གང་གི་ཚེ་ཡན་ལག་རྣམ་པའི་ཆར་ཕྱེ་བ་དེའི ་ཚེ། བུམ་པ་ལ་སོགས་པའི་རྫས་དབྱིབས་ལ་སོགས་པས་འཇིག་པར་བྱེད་པ་དེ་ལྟ་བུ་ནི་ཡོན་ལག་ཅོན་གྱི་རྫས་ཀྱི་དབྱིབས་ནི་འཇིག་པ་སྟེ། རྫུ་འཕྲུལ་མོ་ནི་མ་ཡིན་ནོ་ཞེས་སོ།། ཁ་ཅིག་ནི་གཟུགས་ཉིད་མི་རྟག་པ་ཞེའོ་ཞེས་བྱ་བ་ནི་ཇི ་ལྟར་མེ་ལྕེ་དང་གློག་ལ་སོགས་པའི་གཟུགས་མི་རྟག་པའོ།། ཁ་ཅིག་ནི་གཟུགས་འགྱུར་བའི་བྱེ་བྲག་གཞན་མི་རྟག་པ་ཉིད་ཡིན་ཏེ། ཆོས་ཐམས་ཅད་པར་ཆད་མེད་པར་རྒྱུན་དུ་རང་གི་ངང་གིས་འཇིག་པར་འགྲོལ་འོ་མ་ལས་ཞོར་འགྱུར། ་བའི་བྱེ་བྲག་ཐ་དད་པ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་མི་མཐོང་བ་ཞིག་པ་མི་རྟག་པ་ཉིད་འཇུག་ཅེས་ཞེས་བྱ་བ་ལ། སྔ་མ་ནི་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་གྱི་ལྟ་བ་ཐམས་ཅད་མཁྱེན་པར་དགོངས་པར་བརྟག་གོ།། འདི་ནི་གྲངས ་ཅན་གྱི་ལྟ་བ་སྟེ། ཇི་ལྟར་བ་ཏན་ཛ་ལའི་འབྲེལ་པ་ལས་ཡོན་ཏན་འཇུག་པ་ནི་མི་བརྟན་པ་སྟེ། ཡོན་ཏན་འདི་དག་བདག་ལ་ཡུད་ཙམ་དུ་ཡང་མི་གནས་སོ་ཞེས་སོ།། ཐམས་ཅད་མཁྱེན་པས་ཀྱང་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་མི ་གཞིག་པ་ནི་མི་རྟག་པའོ་ཞེས་གསུངས་སོ།། རང་གི་ངང་གིས་འབྱུང་བ་ནི་འོ་མ་ལས་ཞོ་དང་ངར་བ་ལ་སོགས་པ་འགྱུར་བའི་དངོས་པོ་འབྱུང་བ་ནི་སྔོན་གྱི་གཟུགས་ཡོང་སུ་སྤངས་ཏེ་ཆོས་གཞན་སྐྱེའོ་ཞེས་སོ།། ཁ་ཅིག་ནི་དངོས་པོ་མི་རྟག ་པར་རྟོག་གོ་ཞེས་བྱ་བ་ནི་དངོས་པོ་སྔ་མ་མེད་ཅིང་གྱོ་མོ་དང་སོལ་བ་ལ་སོགས་པའི་དངོས་པོ་ཀུན་ཏུ་རྟོག་གོ།། ཁ་ཅིག་ནི་དངོས་པོའི་དངོས་པོ་མེད་པ་མི་རྟག་པར་རྟོག་གོ་ཞེས་པ་ནི་ཇི་ལྟར་ཀྵ་པ་ན་ཀ་དང་སྤྱོད ་པ་ཅན་ལྟ་བུ་སྟེ། རྟག་པར་འགྱུར་བ་དང་མི་རྟག་པར་འགྱུར་བ་དང་། རྟག་པ་དང་མི་རྟག་པར་འགྱུར་བ་དང་། རྟག་པར་འགྱུར་བར་ཡང་སྨྲ་བར་མི་བྱ་བ་དྲང་། མི་རྟག་པར་འགྱུར་བར་ཡང་སྨྲ་བར་མི་བྱ་བ་དང་། རྟག་དང་མི་རྟག་པར་འགྱུར ་བར་ཡང་སྨྲ་བར་མི་བྱ་བ་དང་། རཱིམ་བྱ་དང་རྣམ་པ་ལ་བལྟོས་ཏེ་ཐམས་ཅད་ཐམས་ཅད་དུ་སྨྲ་བར་མི་བྱ་བ་དང་བདུན་དུ་བྱེད་པའོ།། སྤྱོད་པ་ཅན་རྣམས་ནི་སྤྱི་དང་ཁྱད་པར་དྲི་ཐཱ་དད་པཱ་དང་ཐ་དྭད་པ་མོ་ཡིན་པ་སྟེ། དངོས་པོ་གཟུགས་ནི་གཎྜཱི ་པོ་ལ།། བརྟགས་ཏེ་གཟུགས་ནི་འདོད་པ་བཞིན།། རིམ་དང་ཅིག་ཅར་འཇུག་པ་ཡིས།། ཚིག་གིས་རྣམ་པ་གཞན་མེད་དོ།། ཇི་ལྟར་ཁཱ་དོག་འདྲེས་པ་ལ།། འདོད་པ་བཞིན་དུ་ཁ་དོག་འཛིན།། དེ་བཞིན་དངོས་པོ་སྣ་ཚོགས་ཕྱིར།། ཐ་དང་ཐ་དད་མི ་དམིགས་པའོ།། ཇི་ལྟར་སུ་ཞིག་གཅིག་ཤེས་ནས།། ཡང་དག་ཡང་བར་ཤེས་པ་ནི།། དུས་ཀྱིས་ཐ་དད་མི་འབྱེད་པ།། དེ་བཞིན་སྒྲ་ཡང་མི་འབྱེད་དོ།། གོམས་པས་ཇི་ལྟར་གཅིག་པོ་ནི།། ཐ་དད་ཡུལ་དུ་འགྲོར་ཟིན་ཀྱང་། ཐ་དད་ཡུལ་གྱིས་མི ་འབྱེད་པ།། དེ་བཞིན་སྒྲ་ལ་འབྱེད་པ་མེད།། ཅེས་པ་ཆོས་ཅན་རྣམས་ནི་རྟག་པ་ལ་ཆོས་རྣམས་ནི་ཐ་དད་པ་དང་ཐ་དད་པ་མེད་པར་མི་རྟག་པ་ཉིད་དེ། ཉམ་ཆུང་བ་དང་། ཉམ་ཆེ་བའི་ལྷས་སྦྱིན་ཡང་དེ་འདི་ཉིད་དོ།། ཡི་གེ་ཡང་རིང་པོ་དང་ཐུང་ངུ་དེ ་ཉིད་དེ། གཞན་གྱི་རག་གིས་མི་རྟག་པ་ཉིད་དང་གིས་ནི་མི་རྟག་པ་ཉིད་ཅེས་ཏེ། སྤྱོད་པ་ཅན་གྱི་ལོ་རྒྱུས་ལ་ནི་ཐ་དད་པ་མེད་པའོ།། གཟུགས་འགྱུར་བ་མི་རྟག་པ་ཉིད་ནི་སྨྲ་བ་པོ་ཐམས་ཅད་ལ་མཚུངས་ཏེ་བུམ་པ་མེ་དང་ཕྲད་པ་ན་སྔོ་བ།། ་ནི་ལྡོག་དམར་བ་ནི་སྐྱེ་བའོ།། སྐྱེ་བ་མི་རྟག་པ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་དེའི་ཚེ་ལ་སོགས་པའི་རྫས་རྟག་པ་དེ་དག་ལས་གཞན་པ་མ་ཡིན་ཏེ། རྡུལ་ཕྲ་མོ་ལ་སོགས་པའི་སྔ་མའི་རྣམ་པ་བཞིན་དུ་ཕྱི་མའི་རང ་བཞིན་སྐྱེ་བ་སྟེ། ཕྲད་པའི་དུས་དང་འབྲལ་བའི་དུས་སུ་ཡང་རང་བཞིན་གཞན་སྐྱེ་བ་ནི་དེ་དག་གི་དེ་ལྟ་བུར་མི་རྟག་པ་ཉིད་དེ། ཕྲད་པ་དང་བྲལ་བར་ཐ་དད་པར་འབྱེད་པ་ན་བྱེད་པ་མེད་པ་རྣམས་ཀྱི་བྱེད་པ་སྐྱེ་བ་ན་དེ་བཞིན་དུ་གཡོ་བ་མེད་པའི ་མཚན་ཉིད་རྣམས་ཡུལ་གཞན་དུ་འཕོ་བའི་ཁྱད་པར་གྱི་བདག་ཉིད་ཐོབ་བོ།། གཡོས་པ་དང་གཡོས་པ་མེད་པ་ལ་སོགས་པ་ཐ་དད་པའི་དུས་ཀྱི་མཚན་ཉིད་དང་ལྗོན་པ་རྣམས་ལ་གཅིག་པར་མི་རིགས་ཏེ། ཤིང་དང་ཐལ་བར་ལ་སོགས་པ་དང་། ་འོ་མ་དང་ཞེ་དང་མུར་སར་ལ་སོགས་པ་བཞིན་ནོ།། དེས་ན་ཐོག་མ་དང་ཐ་མཱའི་རང་བཞིན་གྱིས་ཁྱད་པར་ཐ་དད་པར་བྱེད་ན་རིམ་པ་དང་། ཡུལ་དང་དུས་ཐ་དད་པར་ཕྱེ་བའི་ཁྱད་པར་གྱི་སྐྱེ་བ་དེ་དག་རང་བཞིན་གྱི་ཁྱད་པར་གྱིས་སྐད་ཅིག་པ་ཐོབ ་པར་ཡིད་ཆེས་སོ།། རྡུལ་གཉིས་ལ་སོགས་པའི་རིམ་པས་རྡུལ་ཕྲ་མོའི་རྣམས་སྔར་ཕྲད་པར་འབྱུང་ལ་རྣམ་པོར་འཇིག་པ་ཡ་རྡུལ་གསུམ་ལ་སོགས་རིམ་གྱིས་ཡིན་ཏེ། དེ་ལྟར་ན་སྐྱེ་བ་མི་རྟག་པ་ཉིད་དོ།། དེ་དག་ལ་ནམ་རྡུལ་ཕྲ་མོའི ་ཐར་ཐུག་པར་ཡན་ལག་དང་བྲལ་བར་འགྱུར་བ་དེ་ནི་སྐྱེ་བ་མེད་པའི་མི་རྟག་པ་ཉིད་དུ་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ།། དེ་བཞིན་དུ་ཡང་ས་ལ་སོགས་པའི་རྡུལ་ཕྲ་མོ་རྣམས་རྟག་པ་ཉིད ་ན་སུ་མི་རྟག་པར་འགྱུར། རྡུལ་ཕྲ་མོ་མ་གཏོགས་པར་སྦོམ་པོའི་རྫས་མེད་པའི་ཕྱིར་རོ།། བཙོས་པ་དང་མ་བཙོས་པ་དང་། བསྐུལ་བ་དང་། མ་བསྐུལ་བ་དང་བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པར་ཕྱེ་བ་དང་། ཕྱོགས་ཀྱི་ཆ ་ཐ་དད་པར་ཕྱེ་བ་ན་ཁང་པ་དང་སྟེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ།། ནེ་ཡཱི་ཡ་ཡི་ཀ་དང་ཁྱད་པར་ཅན་ལ་སོགས་པ་རྣམས་ཀྱི་བྱེད་པ་དང་ལྡན་པའི་དུས་པའི་རྡུལ་ཕྲ་མོ་རྣམས་ཀྱང་ཆ་ཐ་དད་པར་ཕྱེ་བ་ན་རྟག་པ་མེད ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། གྲངས་ཅན་དང་ཀྵ་པ་ན་ཀ་ལ་སོགས་པ་རྣམས་ལ་ནི་མེད་པ་མི་སྐྱེ་ལ་མེད་པ་མི་འགག་པ་སྟེ། ཡན་ལག་ཅན་དང་། ཡོན་ཏན་དང་ལས་རྣམས་སྔར་མེད་པའི་སྐྱེ་བ་དང་འཇིག་པ་མེད་དོ་ཞེས་ན་སུའི ་མི་རྟག་པ་ཉིད་ཡིན་ཏོ།། དེ་དེ་ལྟར་ན་མུ་སྟེགས་བྱེད་ཐམས་ཅད་ཀྱི་མི་རྟག་པ་ཉིད་ནི་སྐད་ཅིག་མར་འཇིག་པ་མ་གཏོགས་པས་རྫ་ས་དང་ཡོན་ཏན་དང་ལུས་དང་སྤྱི་དང་ཁྱད་པར་ལ་སོགས་པ་རྣམས་ཀྱི་ནི་མི་རུང་སྟེ། ཡོད་པ་དང་མེད་པ་ལྔས ་སྐྱེ་བ་མེད་པའི་ཕྱིར་རོ།། དངོས་པོ་མི་རྟག་པའི་ཕྱིར་མི་རྟག་པ་ཐ་དད་པར་མི་རུང་སྟེ། དངོས་པོ་གཞན་སྐྱེ་བ་ན་སྔ་མའི་དངོས་པོ་ཅིའི་ཕྱིར་ན་རྣམ་པར་འཇིག་པར་འགྱུར་འོན་ཏེ་རང་ཉིད་མི་ལྡོག་ན་གནས་པ་ཅན་གྱི་སུས་ཀྱང་རྣམ་པར་གཤིག ་པར་མི་བྱེད་པའི་ཕྱིར་རོ།། དངོས་པོ་མེད་པའི་མཚན་ཉིད་ཀྱི་ཡང་མི་རྟག་པ་ཉིད་དུ་བྱ་མི་ནུས་ཏེ། དངོས་པོ་མེད་པ་བྱེད་པས་ན་བྱེད་པ་ཉིད་དག་པར་བྱས་པར་གྱུར་པར་རྟོགས་སོ།། དེའི་ཕྱིར་རིམ་པ་དང་དབྱིབས་དང་ཡོན་ཏན་དང་ལྔ ་དང་སྤྱི་དང་ཁྱད་པོར་དང་། ཆོས་གཞན་དུ་སྐྱེ་བའི་མི་རྟག་པ་ཉིད་ནི་སྐད་ཅིག་མར་འཇོག་པ་མ་གཏོགས་པར་མི་རུང་ངོ་། ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ།། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་གཉིས་ཀྱི་རྣམ་པ་ལ་རྒྱུ་དང་འབྲས་བུའི ་དྲངོས་པོ་དང་། བྱ་བ་དང་བྱེད་པ་པོར་མངོན་པར་འབྲེལ་པ་ཀུན་བརྟགས་པ་ཐམས་ཅད་མི་རུང་སྟེ་ཐོག་མ་མེད་པའི་སེམས་དེ་བཞིན་ཉིད་མ་ཡིན་པའི་བག་ཆགས་ཡོངསུ་སྨིན་པའི་མཐུ་ལས་རྨི་ལམ་དང་མིག་འཕྲུལ་དང་རབ་རིབ ་ཀྱི་རྣམ་པ་དང་གཟུགས་བརྙན་ལ་སོགས་པ་བཞིན་དུ་བྱིས་པ་རྣམས་ལ་གཉིས་ཀྱི་རྣམ་པའི་འཁོར་པ་སོ་སོར་སྣང་ངོ་།། དེ་ལ་གཞན་གྱི་དབང་གི་ཤེས་པ་ལ་སྐྱེ་བ་དང་། གནས་པ་དང་འགོག་པ་ལ་སོགས་པའི་ཆོས་གང་རྟོགས་པ་དེ་དག ་ནི་མི་རུང་སྟེ། སྔ་མ་དང་ཕྱི་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བ་སྐད་ཅིག་པ་སྣང་བ་མངོན་སུམ་ཉིད་ཀྱི་ཕྱིརརོ།། དེར་སྐད་ཅིག་པ་དྲུག་ཏུ་གནས་པ་འམ། སྐད་ཅིག་པ་དྲུག་ཅུ་རྩ་བཞིར་གནས་པ་ཡང་རུང་སྟེ་མི་རྟོག་སོ་ཇི་ལྟར་སེ་གོལ ་གྱི་སྒྲ་ལ་དེར་མངོན་སུམ་ཉིད་ཚང་མའོ།། རིམ་དུ་སྣང་བ་མེད་པའི་ཕྱིར་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་ལ་བྱ་བ་དང་བྱེད་པ་པོ་ལ་སོགས་པར་འགྲེལ་པར་ཀུན་བརྟགས་པ་རྣམས་སྐད་ཅིག་མ་གཏོགས ་པར་དངོས་པོ་གཞན་མེད་དོ།། ཇི་ལྟར་དགེ་འདུན་ཆེན་པོ་རྣམས་ཀྱིས་ཀློག་པ་དང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ།། མི་བརྟན་བྱེད་པ་ག་ལ་ཞིག། གང་འབྱུང་བྱེད་པ་ཉིད་དེ།། བྱེད་པ་པོར་ཡང ་དེ་ཉིད་བརྗོད་ཅེསོ།། རྡུལ་ཕྲ་མོ་རྣམས་དབང་པོ་ལས་འདས་པའི་ཕྱིར་ཕྱི་རོལ་གྱི་དོན་མེད་པས་དེ་འཕོ་བའི་དུས་ལ་སྐད་ཅིག་པ་དྲུག་མ་ཉིད་ཀྱི་སྐད་ཅིག་པ་མི་དུ་གྲུབ་པ་གཉིས་ཀྱི་རྣམ་པ་དང་བྲལ་བའི་ཆུད་པ་དེར་ཡང་སྐད་ཅིག་མའི་རྒྱུན་ཡང ་དག་པར་རིག་པ་སྟེ། དེར་རྗོད་དུ་མེད་པ་སྐྱེ་བ་དང་། གནས་དང་། འགོག་པ་ལ་སོགས་པའི་རྣམ་པར་རྟོག་པ་དེར་མི་འབྱུང་ངོ་།། ནམ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པས་ཕྱེ་སྟེ་ཤེས་པར་བྱ་བ་མི་དམིགས ་པ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ། དོན་དམ་པའི་བདེན་པ་གཉིསུ་མེད་པ་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ཉིད་གནས་སོ།། དེ་ཡང་སྔ་མ་དང་ཕྱི་མའི་དུས་ཀྱི་སྡུག་བསྔལ་དང ་དེ་ཡང་སྔ་མ་དང་ཕྱི་མའི་དུས་ཀྱི་སྡུག་བསྔལ་དང་། སྡུག་བསྔལ་མེད་པ་ལ་སོགས་པ་ཐ་དད་པ་དང་། སྲིད་པ་དང་ཐར་པ་ཐ་དད་པས་འབྱེད་པ་ན་སྐད་ཅིག་མའི་རྒྱུན་འབྱུང་བ་བརྟན་ཏེ། གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ ་སྣང་བ་མེད་པའི་ཏིང་འཛིན་དུ་གནས་པ་སྟེ། མིག་ལ་སོགས་པའི་ཡུལ་དང་བྲལ་ཞིང་། སྐད་ཅིག་པ་གཞན་དུ་གསེར་ལ་སོགས་པ་བཞིན་དུ་མཚམས་སྦྱོར་བར་བྱེད་པ་ཉིད་དེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལག ་མཐིལ་གྱི་སྒྲ་ལ་སོགས་པ་ལྟ་བུར་ནི་མ་ཡིན་ནོ།། དེའི་ཕྱིར་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྟག་པ་དང་བདག་དང་བྱེད་པ་པོ་དང་ཚངས་པ་དང་། དབང་པོ་ལ་སོགས་པའི་དབང་པོ་དང་ལོངས་སྤྱོད་པ་པོ་ཇི་ལྟ་བུ་ཡིན་པ་དེ་ལྟ ་བུ་བྱེད་པ་དང་། ལོངས་སྤྱོད་པ་པོ་དང་དབང་པོ་ནི་སེམསྡེ་ཉིད་དེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་བས་ན་ཆུད་པའི་ངོ་བོ་ཉིད་ནི་བདེ་བར་གཤེགས་པ་དང་། གཏོགས་འདོང་དང་། ལྷ་ཆེན་པོ་དང་ཚད ་པ་དང་། རྣལ་འབྱོར་གྱི་དབང་པོ་ལ་སོགས་པའི་རང་བཞིན་དག་པ་ཡིན་ཏེ། སྤྱི་དང་ཁྱད་པར་དུ་བརྟག་ན་མེ་བཞིན་ནོ།། དེས་ན། ཆུད་པ་བྱེད་པའི་སྦྱིན་པ་ཞི་སྲིད་པ།། ཡུལ་ཕྱད་སྤྱད་པོ་དེ་དབང་སྣ་ཚོགས་ཏེ།། བདེ་བར་གཤེགས ་འཕྲོག་འཕྲོག་ཅན་ཚངས་རྣལ་འབྱོར་དབང་།། དེ་ལས་ཐ་དད་ས་ཆུ་མེ་རླུང་གིས།། བཙེམས་པའི་འཇིག་རྟེན་ལུས་ནི་མ་ཡིན་ཏེ།། སྦོམ་པོ་ཕྱོགས་ཀྱི་ཆས་ནི་སྟོང་པ་སྟེ།། ན་མཁའ་ལས་ནི་སྐྱེས་པའི་མེ་ཏོག་བཞིན།། མ་སྐྱེས་པ་ནི ་རྟག་ཏུ་ཡོད་པ་མིན།། འཕགས་པ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་མི་རྟག་པ་ཉིད་དཔྱད་པ་བཅུ་བདུན་པའོ།། །། ཤྭ་ཐང་སྟེ་མཐར ་ཕྱིན་པའི་རྒྱ་མཚོ་ལྟ་བུའི་ལེའུ་གསུམ་པ་རྫོགས་སོ།། །། རིན་ཆེན་འབྱུང་གནས་རྒྱལ་མཐར་ཕྱིན་མཐོང་ནས།། བརྒྱ་ལ་དགའ་ཡུན་རིང་ནན་ཏན་དབུགས་ཕྱིན་ཐོབ།། དེད་དཔོན་བཞིན་དུ་བདག་གིས ་དགའ་ས་རྙེད།། མདོ་སྡེ་དོན་ནི་བདག་དང་གཞན་གྱི་བློ།། རྒྱས་ཤིང་སྨྲ་བ་དུ་མས་བརྗོད་པ་ལ།། ཐུགས་རྗེ་ཡིས་ནི་གཞན་ལ་ཕན་མཛད་པ།། རབ་འབྱམས་མཆོད་བྱེད་དཔལ་བཟང་དེ་ལྟར་རོ།། དེས་ན་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འགོག་པའི་གོ་རིམ་གྱིས་མཚམས་སྦྱོར་བའི་མཚན་ཉིད་ལ་མཁས་པ་གང་གིས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ། ་ཐམས་ཅད་མཁྱེན་པའི་ལན་ནི་བློ་གྲོས་ཆེན་པོ་ས་དྲུག་ནས་གཟུང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་འགོག་པ་ལ་སྙོམས་པར་འཇུག་པ་སྟེ་ཞེས་པའོ།། ས་དྲུག་ཏུ་རྟེན ་ཅིང་འབྲེལ་ཏེ་འབྱུང་བ་སོ་སོར་རྟོག་ཅིང་མ་རིག་པ་ལ་སོགས་པ་འགོག་པར་སྙོམས་པར་འཇུག་པ་ན་འཁོར་ལས་སྐྱོ་ནས་རབ་ཏུ་ཞི་བའི་བདེ་བ་ལ་གནས་པར་འགྱུར་རོ།། བདུན་པ་ནི་སེམས་སྐད་ཅིག་ལ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཚད་མ་ཉིད་གསལ་བས་སྙོམས་པར་འཇུག་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་དཔྱད་པས་དངོས་པོ་རྣམས་ཀྱི་མཚན་མའི་གནས་དང་མཚན་མའི་དངོས་པོ་མི་རུང་སྟེ། ་ཇི་ལྟར་དབུ་མ་ལས། མཚོན་བྱ་མཚན་ཉིད་གལ་ཏེ་གཞན།། མཚན་ལ་མཚན་ཉིད་མེད་པར་འགྱུར།། གཅིག་ན་དེ་གཉིས་མི་གྲུབ་སྟེ།། ཐ་དད་ན་ཡང་གཞན་དུ་མེད་ཅེས་པའོ།། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས ་ལས་འབྱུང་བ།། རྟག་པའི་མཚན་ཉིད་ནི་གཟུགས་ཏེ་དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མ་ཡིན་ཏེ། ཅིའི་སླད་དུ་ཞེས་པ་དང་ཐམས་ཅད་མཁྱེན་པས་རྒྱུ་གཞན་གསུངས་པ། དེ་དག་གིས་འགོག་པ་ལ་སྙོམས་པར་འཇུག ་པ་ནི་མངོན་པར་འདུ་བྱེད་པ་ཅན་གཟུང་བ་འཛིན་པའི་མཚན་ཉིད་དུ་ལྟུང་བའོ།། རྒྱུ་གཉིས་ཀྱིས་མ་འཕགས་པ་ཉན་ཐོས་རྣམས་ཀྱི་འགོག་པ་ལོ་སྙོམས་པར་འཇུག་པ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དུ་ལྷུང་སྟེ། ཕྱི ་རོལ་གྱི་མཚན་ཉིད་དུ་མངོན་པར་ཆགས་པ་དང་། སྙོམས་པར་འཇུག་པ་ལས་ལྡང་བའི་དུས་ན་ཕྱི་རོལ་གྱི་མཚན་མ་འཛིན་པའི་ཕྱིར་རོ།། བཙུན་གཙོའི་བྱང་ཆུབ་སེམས་དཔའི་ཁྱད་པར་ནི་ཤེས་རབ་ཀྱིས་དཔྱད་པས་འཛིན ་པ་དང་གཟུང་བའི་མཚན་མ་མྱ་མཐོང་སྟེ། དེ་ལྟར་ན་དེ་དག་ལ་ཡང་ནན་ཏན་མེད་པར་བསྡམ་པ་མེད་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་སེམས་སྐད་ཅིག་སེམས་སྐད་ཅིག་ལ་ཡོད་མོད་ཀྱི་སེམས་ཅན་གྱི་དོན་དུ་སྣང་བ་དང ་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག། ཅིས་ན་དུས་ཐམས་ཅད་དུ་སྣང་བ་མེད་པ་ཉིད་དུ་སྙོམས་པར་མི་འཇུག་ཅེས་དེ་སྐད་དུ་ཐུགས་དོགས་ནས་བཀའ་སྩལ་པ། དེ་བས་ན་དེ་དག་ནི་ཆོས་ཐམས་ཅད་བྱེ་བྲག་མེད་པའི ་མཚན་ཉིད་ཐོབ་པར་འགྱུ་རོ་ཞེས་པ་སྟེ། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་དུས་ཐམས་ཅད་དུ་གནས་ནཱ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ཐ་དད་པར་ཕྱེ་བས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་དང་། སེམ ་ཅན་གྱི་དོན་དུ་སྣང་བ་དང་བཅས་པའི་ཏིངེ་འཛིན་གྱི་ཁྱད་པར་རྣམས་མེད་པར་སངས་རྒྱས་སུ་འགྱུ་རོ།། སྣ་ཚོགས་ཀྱི་མཚན་ཉིད་མེད་པར་ཐོབ་པར་འགྱུར་ཞེས་པ་ནི་སྣོང་བ་མེད་པའི་ཏིང་ངེ་འཛིན་ཏེ། ཤེས་རབ་ཀྱིས་དཔྱད་དེ་ཤེས་པར ་བྱ་བ་སྦོམ་པ་ཕྲ་མོ་མི་སེམས་ཤིང་མི་དམིགས་སོ།། དགེ་བ་དང་། མི་དགེ་བའི་རང་གི་མཚན་ཉིད་ཁོང་དུ་ཆུད་པས་ཞེས་པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ཏེ་སྤངས་པར་བྱ་བ་ཡོངསུ་ཤེས་ནས་ས་གོང་ནས་གོང་མའི་ཁྱད ་པར་རྣམས་ཀྱིས་སྙོམས་པར་འཇུག་པ་ཡིན་ནོ།། ས་བཅུས་སྤང་བར་བྱ་བ་ཉོན་མོངས་པ་མེད་པའི་མི་ཤེས་པ་བག་ཆགས་དང་བཅས་པ་མཉམ་པར་མི་འཇོག་པའི་མཚན་ཉིད་ཅན་དང་། ཤེས་རབ་ཀྱི་དཔྱད་དེ་ཉོན་མོངས་པ་དང ་ལྔས་ཀྱི་སྒྲིབ་པ་སྦྱང་བར་བྱ་བ་ཆོས་དང་གྲང་ཟག་ལ་བདག་མེད་པ་ཡོངསུ་ཤེས་པས་སྤོང་ངོ་།། བདག་ཏུ་ཆགས་པ་མེད་པའི་ཕྱིར་འཇུངས་པ་རྣམ་པར་ལྡོག་གྲོ། གཟུང་བ་ཐམས་ཅད་ཡོངསུ་སྤངས་པས་སེམས་ཅན་ཐམས་ཅད ་སྙིང་རྗེས་རྗེསུ་ཡོངསུ་གཟུང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་ཀྱི་ཆོ་གསོ།། གཉིས་ཀྱིས་རྣམ་པར་རྟོག་པ་མེད་པའི་ཕྱིར་མི་གཉིས་པའི་ཚུལ་ཁྲིམས་རྣམ་པར་དག་པའོ།། དེ་དེ་བཞིན་དུ་གཉིསུ་མེད་པའི་ཏིང ་འཛིན་ཐོབ་པས་འཁྲུགས་པ་མེད་པའི་ཕྱིར་བཟོད་པའོ།། མི་གཉིས་པའི་རྣལ་འབྱོར་ལ་བརྩོན་པའི་ཕྱིར་བརྩོན་འགྲུས་སོ།། གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་ནི་བསམ་གཏན་ནོ།། ཤེས ་རབ་ཀྱི་དཔྱད་དེ་འཛིན་པ་དང་གཟུང་བའི་མཚོན་མ་ལ་མི་དམྱིགས་ཤིང་བསམ་པ་མེད་པ་དང་། སྣང་པོ་མེད་ཅིང་མི་གཉིས་པའི་ཆོ་སྣ་ཉིད་ནི་ཤེས་རབ་བོ།། བདུན་དུ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོ་ས་སུམ་ཅུ་རྩ་བདུན་ཁོང་དུ ་ཆུད་པས་ཀྱང་སྙིང་རྗེ་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་གྱི་དོན་བྱེད་དོ།། བརྒྱད་དུ་སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བར་རྟོགས་ཤིང་། བྱེད་པ་དང་བྱེད་པ་པོ་དང ་འཛིན་པ་དང་གཟུང་བ་དང་བྲལ་བ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཐམས་ཅད་མཁྱེན་པ་རྣམས་ཀྱིས་ཕྱིར་སད་པར་མཛད་པ་སྣང་བ་དང་བཅས ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་འཇིག་རྟེན་ཐམས་ཅད་ལ་དམིགས་ཏེ་གཞན་གྱི་དོན་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱེད་དོ།། དགུར་ནི་ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སོ་སོ ་ཡང་དག་པར་རིག་པའི་ཏིང་ངེ་འཛིན་ཐོབ་པར་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་བ་ཤེས་པའི་ཕྱིར་ཆོས་སྟོན་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་བྱེད།། བརྒྱར་ནི་སྣང་བ་དང་བཅས་པ་དང་སྣང་བ ་ཏིངངེ་འཛིན་ལ་སྙོམས་པར་འཇུག་པ་ཐམས་ཅད་རྙེད་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡོངས་སུ་རྫོགས་པར་བྱེད་དོ།། དེས་ན་ཐམས་ཅད་མཁྱེན་པའི་ཆོས་ཐམས་ཅད་དུ་དབང་བསྐུར་བར་དབང་བསྐུར་བ་དང་། རྣལ་འབྱོར་གྱི་དབང་པོ་རྣམས་ཀྱི་ཆོས་ཐམས་ཅད་ལ་སྙོམས་པོར་འཇུག་པར་འགྱུར་རོ།། ་སཱ་དང་པོ་དང་ས་དྲུག་ལ་ནི་ཁྲིམས་གསུམ་པ་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་སྟེ་ཞེས་པ་ནི་ཁམས་གསུམ་མཐོང་བ་སྟེ། དེ་ལ་སེམས་ནི་ཀུན་གཞི་རྣམ་ཤེས་ཏེ།། ངར་སེམས་ཉིད་ནི་ཡིད་ཡིན་ནོ།། གང ་གིས་ཡུལ་རྣམས་འཛིན་པ་ནི།། དྲི་ནི་རྣམ་པར་ཤེས་ཞེས་བྱ་ཞེས་པས་ན་ཁམས་གསུམ་སེམས་ཙམ་དུ་མཐོང་བ་སྟེ། ཕྱི་རོལ་གྱི་དོན་མེད་པར་སེམས་ཉིད་བསླང་པའི་མཐུ་ལས་གཉིས་ཀྱི་རྣམ་པར་སྣང་ངོ་།། ཁམས་གསུམ ་པ་བདག་དང་བདག་གི་མེད་པ་ནི་གཉི་སུ་སྨྲ་བ་རྣམས་ཀྱི་བོདག་ཏུ་རྣམ་པར་རྟོག་པའི་རྟག་པའི་སྐྱེས་བུ་མང་ངོ་།། མི་གཉིས་པར་སྨྲ་བ་ཚངས་པ་དང་། དབང་པོ་ལ་སོགས་པ་སྐྱེས་བུ་གཅིག་ཏུ་རྣམ་པར་བརྟགས་པ་དེ་ལྟ་བུ་ནི ་སེམས་ཅན་མང་པོའི་སེམས་ཀྱི་རྒྱུད་མ་གཏོགས་པར་མི་རུང་ངོ་།། རྟག་པ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་དོ།། གཉིས་སུ་མེད་པར་སྨྲ་བ་རྣམས་ལ་ནི་གྲོལ་བ་དང་། མ་གྲོལ་བ་དང་ཕྱུག་པ་དང ་དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུ་རོ་ཞེས་ལན་དུ་མར་བཤད་པའོ།། ཆོས་དང་གང་ཟག་ལ་བདག་མེད་པ་ཡོངསུ་ཤེས་ནས་སྐུ་དང་པོ་དང་དྲུག་ཏུ་གཉིས་སུ་མེད་པའི་སེམས་ཀྱི་སྐད་ཅིག་གི་ཏིང་ངེ་འཛིན་ལ ་སྙོམས་པར་འཇུག་གོ། ཇི་ལྟར་འདིར་གསུངས་པ། ས་བདུན་དག་ནི་སེམས་ཡིན་ཏེ།། སྣང་བ་མེད་པ་བརྒྱད་པའོ།། ས་གཉིས་དག་ནི་གནས་ཡིན་ཏེ།། ས་གཞན་ང་ཡི་རང་བཞིན་ནོ་ཞེས་པའོ།། དངོས་པོ་དང་དངོས་པོ་མེད་པར་རྣམ ་པར་མི་རྟོགས་པ་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ནི་ས་བརྒྱད་དུ་སྙོམས་པར་འཇུག་པ་སྟེ། ཇི་ལྟར་འདིར་གསུངས་པ།། དངོས་མེད་དངོས་པོ་མེད་ཀྱང་མིན།། ཡོད་དང་མེད་པར་མི་དམིགས་པ།། འདི་ནི། ་དབུ་མའི་ནན་ཏན་དུ།། ང་དང་གཞན་གྱིས་བཤད་པའོ་ཞེས་པ་འདི་ནི་དབུ་མའི་ཏིང་ངེ་འཛིན་ཏོ།། རྣམ་པར་ཤེས་པའི་ཏིང་ངེ་འཛིན་ནི་ཇི་ལྟར་འདིར་གསུངས་པ། ཕྱིའི་དངོ་པོ་བསལ་ན་སུ།། ཤེས་པ་ཙམ་དུ་འཇུག་པ་སྟེ།། འདི་ནི་དབུ ་མིའི་ནན་ཏན་དུ།། ང་དང་གཞན་གྱིས་བསྟན་པའོ་ཞེས་བྱ་བ་སྟེ་དེ་ལྟར་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་རྣམ་པར་རྟོག་པ་ནི་ས་བརྒྱད་དུ་དངོས་པོ་དང་དངོས་པོ་མེད་པ་ལ་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་དབུ ་མའི་ཏིང་ངེ་འཛིན་ནི་ལྡོག་གོ།། ཇི་ལྟར་ལེའུ་འདིར་གསུངས་པ། བཅུ་པོ་པ་ནི་དང་པོ་ཡིན།། དང་པོ་པ་ནི་བརྒྱད་པོ་ཡིན།། དགུ་པོ་ཡང་ནི་བདུན་པ་སྟེ།། བདུན་པོ་པ་ཡང་བརྒྱད་པོ་ཡིན།། གཉིས་པོ་པ་ནི་གསུམ་པོ་ཡིན།། བཞི་པོ་པ ་ནི་ལྔ་པོ་ཡིན།། གསུམ་པོ་ཡང་ནི་དྲུག་ཡིན་ཏེ།། སྣང་བ་མེད་ལ་རིམ་ཅི་ཡོད་ཅེས་ཏེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་དང་པོར་ཡང་ཡོད་པས་ན་སྣང་བ་མེད་པའི་ཏིང་ངེ་འཛིན་ཏེ། འཛིན ་པ་དང་གཟུང་བར་སྣང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སེམས་ཙམ་ཡོད་པར་མངོན་པར་ཆགས་པ་ནི་ས་བརྒྱད་པ་ན་ལྡོག་གོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ།། གལ་ཏེ་ཏིང་ངེ་འཛིན་གྱི་ཁྱད་པར་གཉིས ་ད་པ་རྟོགས་པ་མེད་ན་ནི་གཞན་དུ་ཇི་ལྟར་ན་ས་བརྒྱད་ཀྱི་དབང་པོ་རྣམས་ཀྱི་སྣང་བ་མེད་པའི་ཏིང་འཛིན་དུ་འགྱུར། ས་བརྒྱད་དུ་ནི་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཁོ་ནས་ཁྱད་པར་ཏེ། དེར་དངོས་པོ་དང་དངོས་པོ་མེད ་པར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སྣང་བ་མེད་པའི་གཉིས་སུ་མེད་པའི་སེམས་ཁོང་དུ་ཆུད་ཀྱང་ས་བདུན་པོའི་དབང་པོ་རྣམས་ལ་ཡང་རྣམ་པར་ཤེས་པ་ཡོད་པར་མངོན་པར་ཆགས་པ་ཕྲའོ་ཞེས་ཐམས་ཅད་མཁྱེན་པའི ་དགོངས་པ་སྒྲའི་རྗེས་སུ་དཔག་གི། སྣང་བ་མེད་པ་ལ་རིམ་ཅི་ཡོད་ཅེས་བྱ་བ་ནི་ས་བཅུ་རྣམས་ལ་སྣང་བ་མེད་པ་སྟེ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོག་པས་ས་དང་པོའི་དབང་པོ་རྣམས་ལ་ཡང་ཕྱི་རོལ་གྱི་དོན་མེད་པའི་སྟོང་པ ་ཉིད་ཡོད་དོ།། ཡོངསུ་ཤེས་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་མཉམ་པར་རྟོགས་པའི་ཕྱིར་ས་བདུན་གྱི་དབང་པོ་རྣམས་ཀྱི་བར་དུ་ཡང་གཉིས་མི་སྣང་བའི་སེམས་རྟོགས་པའི་ཏིང་འཛིན་ཏོ།། བརྒྱད་པའི་དབང་པོ་རྣམས་ཀྱི་ཁྱད་པར་ནི་དངོས ་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་སྣང་བ་མེད་ཏིང་ངེ་འཛིན་ཏོ།། འོན་ཏེ་དེ་ལྟར་ན་ནི་ཇི་བཞིན་དུ་ས་བཅུ་རྣམས་ཀྱི་སྣང་བ་མེད་པའི་རིས་མེད་པ་དེ་བཞིན་དུ་ལྷག་པའི་ཏིང་ངེ་འཛིན་དུ་ཕྱེ་བ་མེད་པས་སངས་རྒྱས་ཀྱི་སའི་རིམས ་ཀྱང་ག་ལས་འགྱུར། དེ་ནི་དེར་ཐམས་ཅད་མཁྱེན་པས་སྔ་མོ་ཉིད་དུ་སྤངས་པ་སྟེ། དབང་མཆོག་ཆེན་པོའི་གནས་ཀྱི་མཆོག། འོག་མིན་གནམ་དུ་རྣམ་པར་མཛེས།། དེར་ནི་ཐེག་པ་རྣམས་སྟོན་པ།། ས་གཞན་ང་ཡི་རང་བཞིན་ས ་ཞེས་རྒྱ་ཆེར་རོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐ་དེད་པས་ཕྱེ་བ་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་སའི་ཁྱད་པར་དུ་གྱུར་ཏོ།། དེ་བཞིན་དུ་ཡང་སྒྲིབ་པ་ཐམས་ཅད་ལ་ཕན་འདོགས་ནུས་པའི་ཐམས་ཅད་མཁྱེན་པར་འགྱུར་རོ།། ་ས་བཅུའི་དབང་པོ་རྣམས་ལ་ནི་དར་ལ་སླ་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་སྣང་བ་སྟེ། ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྣམས་ཀྱི་ཁྱད་པར་ནི་སྒྲིབ་པོ་མེད་པས་གསལ ་བའོ།། དེ་ཡི་འོད་ཟེར་སྣ་ཚོགས་པ།། ཡིད་འོང་ཞི་བ་རབ་ཏུ་འབྱུང་།། དེ་དག་སློང་གསུམ་སྤྲུལ་པར་བྱེད།། སྲིད་པ་གསུམ་པོ་ཁ་ཅིག་སྤྲུལ།། ཁ་ཅིག་སྔ་ནས་སྤུལྤ་པཱ་སྟེ། དེར་ནི་ཐེག་པ་རྣམས་སྟོན་པ།། དྭེ་ནི་ང་ཡི་རང་བཞིན་ས་ཞེས་བྱ ་བ་ལ་སོགས་པ་མདོ་སྡེ་འདིར་རྒྱ་ཆེར་ཏེ། དེ་ལྟ་བུ་དེར་ཡང་དབང་པོ་ལ་སོགས་པས་བྱས་པའི་ཉེས་པ་ཇི་ལྟར་མི་འགྱུར། དེ་ལྟ་བུ་རྣམས་པ་ནི་ཆོ་འཕྲུལ་ཡོན་གྱི་སེམས་ཅན་རྣམས་ལ་སྔར་མེད་པའི་སྤྲུལ་པ་མ་ཡིན་ཏེ། སེམས ་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི་དེ་བཞིན་གཤེགས་པ་བླང་བ་ཡང་རུང་མ་བྱུང་ཡཨཱ་རྱ་སྟེ་ཆོས་ཉིད་དེ་ནི་ཡེ་ནས་གནས་པའོ།། རང་བཞིན་གྱིས་འོད་གསལ་བའི་ཆུང ་པའི་གློ་བུར་གཉིས་ཀྱི་རྣམ་པ་བསྐྲད་པ་སྤང་བར་བྱ་བ་འབའ་ཞིག་སྟེ། ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐུ་དད་པར་བྱ་སྟེ་སེམས་ཅན་རྣམས་ཀྱི་དམིགས་པ་དེ་ན་བསམ་པ ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པའི་མི་གཉིས་པར་ཡང་དག་པར་རིག་པ་སྐད་ཅིག་པའི་རྒྱུན་གྱི་རིང་བཞིན་དུ་ཆུད་པ་མང་པོ་བརྟན་པའི་ངོ་བོ་ཉིད་གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ་དྲི་མ་མེད་པ ་རྣམསོ་རྣ་ཁྱེར་པ་རྣམས་རྣ་ལྷོར་གོམྦ་པར་བྱེད་པ་ན་སོ་སོར་བདག་གིས་རིག་པའི་ཁྱད་པར་དུ་འགྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། མེ་གཅིག་གིས་ཁེབས་པའི་ཤིང་གིས་མེ་ལྕེ་རྣམས་རིང་པོ ་དྲང་ཐུང་ངུ་ལ་སོགས་པའི་ཁྱད་པར་བཞིན་འགྱུར་རོ།། དེས་ན་རྟག་པ་དང་བདག་དང་། གཅིག་པོ་དང་བྱེད་པ་པོར་སྨྲ་བ་རྣམས་ལས་ཁྱད་པར་རོ།། རྟག་པ་དང་ཚངས་པ་དང་། དབང་པོ་ལ་སོགས་པ་རྣམས་ན་མ་སྐྱེས་པའི ་ཕྱིར་བྱེད་པ་པོར་མི་རིགས་ཏེ། མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། གཅིག་པོར་ནི་གྲོལ་བ་དང་། མ་གྲོལ་བ་དང་ཕྱུག་པ་དང་། དབུལ་བ་ལ་སོགས་པ་ཐ་དད་པ་མེད་པའི་སྐྱོན་ནོ།། འདོད་ཆགས་དང ་བྲལ་བས་ནི་ཇི་ལྟར་ན་གཞན་གྱི་སྡུག་བསྔལ་བྱེད། ཡང་ན་རྩེད་མོ་ལ་མོས་པར་འགྱུར་བའམ། འདོད་ཆགས་དང་བྲལ་བ་ཞིག་ན་ནི་དེའི་མི་ཤེས་པ་ཡང་སུས་བྱས། དེས་ན་ཇི་ཙམ་དུ་སེམས་མཉམ་པར་འཇོག་པར ་བྱེད་པ་དེ་ཙམ་དུ་མ་རིག་པའི་གདོན་གྱི་མཐའ་ལས་རྟག་པ་དང་བདག་གིར་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་སེམས་ཅན་རྣམས་ལ་སྣང་ངོ་།། གང་གི་ཚེ་དགེ་བའི་གཤེས ་གཉེན་ལས་ཆོས་ཐོས་ནས་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དྲང་ཕྲ་མོ་རྣམ་པར་གཞིག་པ་ན་མི་དམིགས་པ་དེའི་ཚེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་གནས།། སྙིང་རྗེའི་བག ་ཆགས་ཀྱིས་སྣང་ན་གཞན་གྱི་དོན་དུ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ།། ཇི་ལྟར་ས་བརྒྱད་དུ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་སད་པར་བྱ་བ་སྟེ། གང་དག་ལ་སྙིང་རྗེའི་ས་བོན་མེད་པ་དེ་དག ་ལྡན་སྣང་བ་མེད་པའི་སེམས་ཉིད་མྱ་ངན་ལས་འདས་པ་སྟེ། ཇི་ལྟར་འཕགས་པ་ཉན་ཐོས་རྣམས་ལ་གསུངས་པ། དེ་དག་ཏིང་འཛིན་མྱོས་པས་མྱོས། ཟག་པ་མེད་པའི་དབྱིངས་ན་འཁོད་ཅེས་པའོ།། སྐད་ཅིག་པའི་སེམས ་ཀྱི་རྒྱུན་འབྲེལ་པ་ནི་བརྟན་ཞིང་ཟད་པ་མེད་པར་ཐམས་ཅད་མཁྱེན་པས་དགོངས་པ་ཡིན་གྱི། ཡང་ཇི་ལྟར་ས་གོལ་གྱི་སྒྲ་དང་གློག་ལ་སོགས་པ་རྣམས་ལ་འདྲ་བའི་སྐད་ཅིག་པ་གཞན་ཕྱིར་མཚམ་སྦྱོར་བ་མེད་པ་ལྟར་སེམས ་ཀྱི་སྐུད་ཅིག་པ་མ་ཡིན་ནོ།། ཐམས་ཅད་མཁྱེན་པས་ནི་སྐད་ཅིག་མའི་རྒྱུན་ལ་སེམས་རྟག་པའོ།། ཞེས་དགོངས་ཀྱི། མུ་སྟེགས་བྱེད་ཀྱི་རྟག་པ་དང་གཅིག་པ་དང་གཉིས་སུ་མེད་པ་ལ་ནི་མ་ཡིནོ།། ་དེས་ན་སངས་རྒྱས་པ་རྣམས་ཀྱིས་ནི་རྟག་པ་དང་ཆད་པ་དང་བྲལ་བ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་མཐའ་གཉིས་རྣམ་པར་སྤང་བ་གཉིས་སུ་མེད་པའི་སེམས་ལ་དགོངས་པ་སྟེ། ཇི་ལྟར་དགོངས ་པ་ངེས་པར་འགྲེལ་པ་ལས་རིགས་ཀྱི་བུ་འདུས་བྱས་དང་འདུས་མ་བྱས་ཤེས་བྱ་བ་འདི་ནི་སྟོན་པས་བཏགས་པའི་ཚིག་གོ་ཞེས་པ་སྟེ། འདུས་བྱས་དང་འདུས་མ་བྱས་མ་ཡིན་པར་དཔྱད་པའོ།། བློ་གྲོས་ཆེན་པོ་ས་བརྒྱད ་པ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་གང་གིས་ཡོངསུ་མྱ་ངན་ལས་མི་འདྲའ་བར་ཏིང་ངེ་འཛིན་གྱི་སངས་རྒྱས ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་བདེན་པ་དེ་ལུས་རྣམ་པར་འཛིན་ཏོ་ཞེས་པ་ནི་གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་སྔོན་གྱི་སྨོན་ལམ་དང་སྙིང་རྗེའི་ས་བོན་ཡོད་པས་སོ།། དེའི་ཕྱིར་ཐམས་ཅད་མཁྱེན་པ་རྣམས་ཀྱིས ་རབ་ཏུ་སད་པར་མཛད་དོ།། གཞན་དུ་ནི་སེམས་ཅན་གྱི་བྱ་བ་ཡང་རྒྱུན་ཆད་པར་འགྱུར་ཞིང་འཚང་རྒྱ་བའི་ཕྱིར་ནན་ཏན་མི་བྱེད་པ་ཉིད་དུ་འགྱུར་རོ།། གལ་ཏེ་ཕྱིར་སད་པར་མི་མཛད་ན་དེའི་ཚེ་དེ་བཞིན་གཤེགས་པའི ་རིགས་ཀྱི་གདུང་ཡང་ཆད་པར་འགྱུརརོ།། འཕགས་པ་ཉན་ཐོས་གང་དག་ལ་སྙིང་རྗེའི་ས་བྱོན་ཡོད་པ་ཡང་རབ་ཏུ་སད་པ་ན་སངས་རྒྱས་སུ་བསྒྱུར་ནུས་ཀྱི་ཞི་བ་ཕྱོགས་གཅིག་གི་འདོད་ཆགས་དང་བྲལ་བ་རྣམས་ནི་མ ་ཡིན་ནོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། ཚིག་གི་དབང་པོས་ཡོངསུ་གསོལ་པ། ཐམས་ཅད་མཁྱེན་པས་གསུངས་པ། བྱང་ཆུབ་སེམས་དཔའི་ས་བརྒྱད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སངས ་རྒྱས་ཀྱི་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡང་སྟོན་ཏེ། དེའི་ཕྱིར། དེ་དག་ཡོངསུ་མྱ་ངན་མི་འདྲའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཏིང་འཛིན་གྱི་བདེ་བས་ཕྲོགས་པར་འགྱུར་ཏེ། དེ་བས་ན་དེ་དག་ནི་མྱ་ངན་ལས་འདྲ་བའི ་བློར་འགྱུར་རོ།། ཇི་ལྟར་བདུན་བརྒྱ་བ་ལས་འདི་ཉིད་མྱ་ངན་ལས་འདས་པ་སྟེ། གང་འདི་བསམ་པ་མེད་པ་ཉིད་ཅེས་པའོ།། རྣམ་པར་རྟོག་པ་ཟད་ནས་བྱང་ཆུབ་སེམས་དཔའི་ས་བརྒྱད་དུ་མི་སྐྱེ་བ་ལ་བཟོད་པར་འགྱུརརོ།། ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་ནི་ཟད་པ་མེད་དེ་ཤེས་རབ་ཀྱིས་ཉོན་མོངས་པ་ཟད་པ་ནི་དེ་དག་གི་ཐར་པ་སྟེ་གསེར་དྲི་མ་དང་བྲལ་བ་བཞི་ནོ།། བློ་གྲོས་ཆེན་པོས་ས་བདུན་དུ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་རང་དང་སྤྱིའི་མཚན་ཉིད་མི་ཤེས་ཤིང་སའི་གོ་རིམ་དང་མཚམས་སྦྱར་བ་ལ་མི་མཁས་པས་མུ་སྟེགས་བྱེད་ཀྱི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་ཐར་པ་འདོད་པ་རྣམས་ཀྱིས་སེམས ་བཀག་སྟེ་འཁོད་ཀྱི། དེ་དག་ལ་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ནི་མེད་དོ།། དེར་ཁྱད་པར་ནི་ཆོས་དང་དོན་དང་ངེས་ཚིག་དང་། སྤོབས་པ་སོ་སོར་ཡང་དག་པར་རིག ་པ་རབ་ཏུ་ཐོབ་པས་ཆོས་རབ་ཏུ་ཤེསོ།། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཁོང་དུ་ཆུད་པས་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡོངསུ་བརྟགས་པས་འདོད་ཆགས་དང་བྲལ་བ་ལ་གན ་པ་དང་། འགོག་པ་ལ་གནས་པ་དང་། འདུ་འཛིས་གྱུར་པར་ལུས་དྲན་པ་ཉེ་བར་བཞག་པ་སྒོམ་པ་བྱེད་དེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་ཡང་སྦྱར་རོ།། སྤྱིའི་མཚན་ཉིད་ནི་སྐད་ཅིག་པ་ལ་སོགས་པའོ།། རང་གི་མཚན ་ཉིད་ནི་ལུས་འདི་ལ་སྐྲ་དང་སོ་ལ་སོགས་པ་ཡོད་དེ། དེ་ལ་རྡུལ་ཕྲ་མའི་ཚོགས་ལ་མི་མཛེས་པར་བསྒོམ་མོ།། དེ་བཞིན་དུ་གཟུགས་ནི་རྡུལ་ཕྲན་གཞོགས་པ་ནི།། རྡུལ་ཕྲན་ཆ་ནི་མེད་པ་སྟེ་ཞེས་པར་གང་ཟག་ལ་བདག་མེད ་པར་སྔར་བྱས་ཏེ་ཆོས་ལ་བདག་མེད་པར་འཇུག་གོ།། དེ་ལྟར་བསྟན་པ་ཡང་སྣང་བ་མེད་པ་སྟེ་ས་རྣམས་ཀྱི་གོ་རིམ་པར་ཁོང་དུ་ཆུད་པར་མི་འགྱུར་རོ།། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་གནས་པ་ན་གཞན་ལ་ཕན་པའི་སྦྱིན ་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་བྱུང་བ་རྣམས་ཀྱིས་ས་བཅུའི་དབང་པོ་སྒྲིབ་པ་མ་ལུས་པར་སྤངས་ཏེ། ཕན་པ་ཐམས་ཅད་སྤྱོད་པའི་ཐམས་ཅད་མཁྱེན་ཅིང་སངས ་རྒྱས་ཉིད་དུ་འགྱུར་རོ།། དེས་ནུས་རྣམས་ཀྱི་གོ་རིམ་བརྟན་པར་བྱའི། དོན་དམ་པ་ནི་འདི་ལ་གང་ཡང་འཇུག་པའམ་ལྡོག་པ་མེད་དོ།། སྣང་བ་མེད་ལ་རིམ་ཅི་ཡོད་ཅེས་བྱ་བ་སྟེ། དེའི་ཕྱིར་ཤེས་རབ་དང་སྙིང་རྗེ་དང་གཞན ་ལ་ཕན་པའི་བསོད་ནམས་ཀྱི་ཁྱད་པར་ཚོགས་ས་དང་ཕ་རོལ་ཏུ་ཕྱིན་པའི་རིམ་པ་ཡོང་སུ་རྫོགས་པ་རྣམས་དང་འཁོར་བ་མཐའ་དག་ཤེགམས་ཀྱིས་མི་ཤེས་པ་དང་སྡུག་བསྔལ་ཡོངསུ་ཟད་དེ། བདག་དང་གཞན་ལ ་ཕན་པའི་རྣལ་འབྱོར་ཤིན་ཏུ་རྣམ་པར་དག་པ་ན་བདག་དང་གཞན་ལ་ཕན་འདོགས་ནུས་པའི་ཐམས་ཅད་མཁྱེན་པ་ཉིད་རྣལ་འབྱོར་གྱི་དབང་པོ་ཁོ་ན་སངས་རྒྱས་ཀྱིས་ངོ་བོ་ཉིད་དུ་འགྱུརརོ།། མུ་སྟེགས་བྱེད་རྣམས་ཀྱི་བྱ་བ ་ནི་རྣལ་འབྱོར་ཞེས་བྱ་བ་ཤེས་རབ་དང་། ཐབས་དང་ཉོན་མོངས་པ་ཟད་པ་དང་བྲལ་བ་སྟེ། ཇི་སྲིད་སྙིང་དུ་ཟད་འགྱུར་བ།། དེ་སྲིད་ཡིད་ནི་དགག་པར་བྱ།། དེ་ནི་བསམ་གཏན་ཡེ་ཤེས་ཏེ།། ལྷག་མ་གཞན་ནི་གཞུང་རྒྱས་པའོ།། ་ཡིད་ནི་རྒོད་ཅིང་མི་བརྟན་པའོ།། གང་ཕྱིར་གང་ཕྱིར་འབྱུང་བ་ནི།། དེ་ཕྱིར་དེ་ཕྱིར་སྡོམ་པ་ན།། དེ་ཚེ་བདག་ཉིད་དབང་དུ་འགྱུར།། སྤྲོ་བ་བཟུང་བའི་བློ་ཡོས་ནི།། ཁད་ཀྱིས་ཁད་ཀྱིས་སྤུངས་ནས་སུ།། ཡིད་ནི་བདག་ལས་གནས ་བྱས་ཏེ། ཅུང་ཟད་བསམ་པར་ཡང་མི་བྱ་ཞེས་སོ།། སངས་རྒྱས་པ་རྣམས་ཀྱི་གཉིས་སུ་མེད་པའི་རྣལ་འབྱོར་གྱི་ཁྱད་པར་ནི་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པ་ཕྱེ་བ་ན།། གང་གི་ཚེ ་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་ཡང་དག་པར་རིག་པ་རང་ཉིད་ཀྱིས་གནས་ཏེ། སྐད་ཅིག་མའི་རྒྱུན་བརྗོད་དུ་མེད་པར་རང་གིས་རིག་པ་མངོན་སུམ་དུ་བྱའོ།། སྣང་བ་དང་བཅས ་པའི་ཏིང་འཛིན་ལ་ཞུགས་པའི་རྣལ་འབྱོར་གྱི་དབང་པོ་ཆོས་སྟོན་པ་འབྱུང་།། ཇི་ལྟར་ཐམས་ཅད་མཁྱེན་པའི་སྔར་སྨྲས་པ། དབང་ཕྱུག་ཆེན་པོའི་གནས་ཀྱི་མཆོག། འོག་མྱིན་ཤིན་ཏུ་རྣམ་པར་མཛེས།། དིར་ནི་ཐེག་པ་རྣམ ་སྟོན་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་རོ།། འཕགས་པ་ལངྒ་ར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་མངོན་པར་རྟོགས་པའི་ལེའུ་བཞི་པ་སྟེ་རྫོགས་སོ།། ། ་དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ལ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ལྡན་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རྟོག་གླམྱ། དེ་སྟེ་མི་རྟག་གམ་ནཱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྤེལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེ་པ་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་གཉིས་ཀར་ཡང་ཉེས ་པར་འགྱུར་བའི་ཕྱིར་རོ།། བློ་གྲོས་ཆེན་པོ་གཉི་གར་ཡང་ཉེས་པར་འགྱུར་བ་ནི་རྟག་ཏུ་ཟིན་ན་རྒྱུར་འགྱུརརོ།། བློ་ཀྲོམ་པོ་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྒྱུ་རྣམས་ནི་མ་བྱས་པ་རྟག་པ་སྟེ་ཞེས་པ་ནི་ཚངས་པ་དང་དབང ་པོ་རྒྱུ་རྣམས་ནི་མ་བྱས་པར་སྨྲ་ལ། རྟག་པ་ལ་སོགས་པར་ཡང་ཀུན་རྟོག་པར་བྱའོ།། དེ་དག་གི་མ་བྱས་པའི་རྒྱུ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་དོ།། དེ་ལྟར་དེ་བཞིན་གཤེགས་པ་རྟག་པར་མི་རུང་།། ་མི་རྟག་པ་ཡང་མ་ཡིན་ཏེ། ཕུང་པོའི་མཚན་ཉིད་ཐམས་ཅད་བྱས་པས་མི་རྟག་པོ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མི་རྟག་པར་འགྱུར་རོ།། དེ་བཞིན་གཤེགས་པ་ནི་རྟག་པའི་ཕྱིར་གསེར་ལྟ་བུར་མངོན་པར་རྟོགས ་པའི་ཡེ་ཤེས་ཡོངསུ་མི་ཟད་དེ། དེ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྟག་པའི་རྣམ་གྲངས་ཡོད་དོ།། སེམས་ཀྱི་གཉིས་ཀྱི་རྣམ་པ་ནི་རྨི་ལམ་དང་། མིག་འཕྲུལ་དྲང་རབ་རིབ་དང་གཟུགས་བརྙན་ལ་སོགས་པ་བཞིན ་དུ་བསྐྲད་པའི་མཐུ་ལས་བྱུང་བའོ།། དེས་ན་མཉམ་པར་མི་འཇོག་པའི་མ་རིག་པ་དང་ལས་ཀྱི་མཐུ་ལས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་སྣ་ཚོགས་པ་བཞིན་དུ་སྣ་ཚོགས་ཐ་དད་པའི་རྣམ་པའི་ཤེས་པ་འཁོར་བ ་སྣང་ངོ་།། ནམ་ཤེས་རབ་ཀྱིས་དཔྱད་དེ་ཕ་རོལ་གྱི་རྣམ་པར་ཕྱེ་བ་ན་མི་དམིགས་པ་དེ་ན་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་དོན་དང་བྲལ་བའི་སེམས་ཀྱི་སྐད་ཅིག་པའི་རྒྱུན་ཙམ་གཉིསུ་མེད་པ་བསམ་པ་མེད་ཅིང་སྣང་བ ་མེད་པ་དོན་དམ་པའི་བདེན་པ་རྟོག་པ་གནསོ།། སྐད་ཅིག་མའི་རྒྱུན་རྟག་པས་རྟག་གི། ཡང་མུ་སྟེགས་བྱེད་པས་བདག་དང་ཚངས་པ་དང་དབང་པོ་དང་རྡུལ་ཕྲ་མོའི་རྫས་ལ་སོགས་པར་ཀུན་ཏུ་བརྟགས་པར་ནི་མ་ཡིན།། ་ཀུན་བརྟགས་པར་མི་རུང་བ་ནི་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ།། ཕྱི་རོལ་གྱི་རྫས་ཀྱང་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་ཁང་པ་དང་། སྡེ་དང་ནགས་ཚལ ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དེ། དེས་ན་མུ་སྟེགས་བྱེད་ཀྱི་རྟག་པ་ནི་རང་བཞིན་གཅིག་པ་རྟག་པའི་ཕྱིརརོ།། དེ་བཞིན་གཤེགས་པ་མི་རྟག་པ་ཡང་མ་ཡིན་ཏེ། བྱས་པ་ཐམས་ཅད་མི་རྟག་པ་སྟེ། ཕུང་པོ་ལ་སོགས་པའི་མཚན ་ཉིད་སེ་གོལ་གྱི་སྒྲ་བཞིན་ནོ།། གཟུགས་ལ་སྩོགས་པའི་བུམ་པ་དང་རྩིག་པ་ལ་སོགས་པ་ལྟ་བུ་སྐད་ཅིག་པ་གཞན་དང་། མཚམས་སྦྱོར་བ་མེད་པའི་ཕྱིརརོ།། གཞན་གྱི་དབང་ནི་རྨི་ལམ་དང་། མི་འཕྲུལ་ལ་སོགས་པ་གཞིན་དུ ་འཛིན་པ་དང་། གཟུང་བར་སྣང་བའི་མཚན་ཉིད་ཅན་ཏེ། སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་དང་བྲལ་བ་སྔ་མའི་སྐོད་ཅིག་གི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བརྟགས་པའི་ཆོས་ཡིན་གྱི། ལུང་བསྟན ་པ་ལ་སོགས་པས་བྱེད་པ་དང་། བྱེད་པ་པོར་མངོན་པར་འབྲེལ་ཏེ། སྐྱེ་བ་ཀུན་བརྟགས་པ་ལྟ་བུར་ནི་མི་རུང་ངོ་།། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པོ་མེད་པས་སུས་ཀྱང་མི་བསྐྱེད་དོ།། སྐྱེ་བ་ན ་ཡང་སྐྱེད་པ་གཞན་མེད་དོ།། ཆོས་ཐམས་ཅད་མི་བྱེད་ཅིང་བྱེད་པ་དང་། བྱེད་པ་པོ་དང་བྲལ་བ་དང་། དུས་ཆུད་པས་རྣམས་དུས་ཐམས་ཅད་དུ་སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་དེ་བཞིན་གཤེགས་པ་དང་མ་སྐྱེས་པ་དང་མོ་གཉིས ་པའི་རླུང་བཞིན་པ་རྣམས་ནི་དབང་པོ་ལ་སོགས་པ་སུས་ཀྱང་མི་བྱེད་དོ།། དེས་ན་འདུས་བྱས་དང་འདུས་མ་བྱས་སུ་བརྟགས་པའི་སེམས་ཀྱི་ཆོས་ཉིད་དེ་ནི་ཡེ་གནས་པ་སྟེ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི ་སྙིང་པོ་ཅན་ཏེ་ཞེས་བྱ་བས་ནུ་རང་བཞིན་གྱིས་འོད་གསལ་བའི་ཆུང་པ་རྣམས་ནི་དྲག་པ་དང་མ་དག་པ་ཡང་མ་ཡིན་ནོ།། རང་བཞིན་གྱིས་ཡོངསུ་དག་པ་དེ་དག་བསླང་པས་ཉེ་བར་སྐྱེས་པའི་གཉིས་ཀྱི་རྣམ་པ་གློ་བུར་གྱི་ཉེས ་པ་སྤངས་པས་དེ་དོག་གསེར་ལྟ་བུ་སྟེ། དེའི་ཕྱིར་རྟག་པའི་རྣམ་གྲངས་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྣམས་རིན་པོ་ཚ་གསེར་ལ་སོགས་པ་བཞིན་ནོ།། ཇི་ལྟར་ས་དང་པོའི་དབང་པོ་སྣང་བ་དང་བཅས་པ་དང་སྣང་བ་མེད ་པའི་ཏིང་ངེ་འཛིན་ལ་གནས་ཤིང་བསོད་ནམས་ཀྱི་ཚགས་ཡོངསུ་དྲག་པས་ལུས་ལ་སོགས་པའི་མཚན་ཉིད་སོ་སོ་སྣང་བའི་རྣམས་ཀྱི་སེམས་ཀྱི་སྐད་ཅིག་ལ་གཉིས་ཀྱི་རྣམ་པ་སོ་སོར་སྣང་ངོ་།། དེ་ལྟར་སྣང་བ་མེད་ཅིང་མི་གཉིས ་པའི་ཡོངསུ་གྲུབ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ལ་གཉིས་ཀྱི་རྣམ་པ་སོ་སོར་མི་སྣང་ངོ་།། འཛིན་པ་དང་གཟུང་པོ་དང་བརྗོད་པ་དང་བརྗོད་པར་བྱ་བ་དང་བྱ་བ་དང་བྱེད་པ་དང་བྱེད་པ་པོ་དང་། རྟག་པ་དང་མི་རྟག་པ་ཕན་ཚུན ་དུ་བལྟོས་པ་གཉིས་ཀྱི་རྣམ་པའི་ཐ་སྙད་ཐམས་ཅད་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་བརྗོ་དུ་མེད་པ་ལས་ལྡོག་པ་སྟེ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར ་རྟོག་པ་མེད་པའི་ཕྱིརརོ།། དེས་ན་ཕན་ཚུན་དུ་བལྟོས་པའི་དངོས་པོ་དང་དངོས་པོ་མ་ཡིན་པ་དང་། གཉི་ག་དང་གཉི་ག་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པས་གཉིས་ལ་བལྟོས་པའི་ཡོད་པ ་དང་། མེད་པ་དང་རྟག་པ་དང་མི་རྟག་པ་དང་དགེ་བ་དྲུང་མི་དགེ་བ་དང་། བདག་དང་བདག་མེད་པར་གྱུར་པ་ན་གཅིག་པ་དང་། དུ་མ་ལ་སོགས་པར་སྨྲ་བས་བརྟགས་པ་དེ་ལྟ་བུ་ཐམས་ཅད་ནི་བསམ་པ་མེད་ཅིང་སྣང་བ་མེད་པ ་དོན་དམ་པའི་བདེན་པ་གཉི་སུ་མེད་པར་ཡང་དག་པར་རིག་པ། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་མི་རྟོག་པ་ལས་ལྡོག་གོ།། སྐད་ཅིག་གི་རྣམ་པར་རྟོག་པ་མེད་མོད་ཀྱི། འོན་ཀྱང་སྐད་ཅིག་པུ་སྟེ། སྔ་མ་དང་ཕྱི་མིའི་དུས་ཀྱི་རིམ ་པྲཱ་ཐ་དད་པས་ཕྱེ་བ་ན་འཁོར་བ་དང་མྱ་ངན་ལས་འདའ་བ་སྡུག་བསྔལ་དང་ཐར་པས་ཕྱེ་བ་ལ་གཅིག་པར་མི་རུང་ངོ་།། སྐྱེ་བ་ཡང་མེད་དེ། བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པ་མེད་པ་པའི་ཕྱི་རོ།། རྣལ་འབྱོར་རྣམས་ཀྱི་སེམས ་ཀྱི་ཡུང་དགྲ་པར་རིག་པ་སྔ་མྦྷ་འོག་ཏུ་སྐད་ཅིག་པ་སྐད་ཅིག་པར་བྱེད་པ་སྟེ། དེའི་ཕྱིར་སྐྱོ་བ་དང་འགོག་པའི་ཆོ་སུ་བཏགས་པ་སྐད་ཅིག་མར་འཇིག་པ་ལ་རིམ་གྱིས་འབྱུང་བའི་དངོས་པོ་མེད་པའི་ཕྱིར་རི་བོང་གི་ར་ལ་སོགས་པ་བཞིན ་དུ་མི་སྐྱེ་བ་ནི་སྟོང་པ་ཉིད་མ་ཡིན་ནོ།། དེས་ནི་མུ་སྟེགས་ཀྱིས་བཏགས་པའི་རྟག་པས་སྤྲོ་བར་འགྱུར་རོ།། ཇི་ལྟར་ལ་ལ་འཁྲུལ་ཏོ་ཞི་བ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་པ་དང་། གཏོགས་འདོད་ལ་སོགས་པའི་ལྟ་བར་ལྟུང ་ནས་བདག་ལ་སོགས་པ་བཞིན་དུ་སེམས་ཀྱང་རྟག་གོ་ཞེས་བཅབ་པ་ལ་སོགས་པ་ཐོས་པ་ཤིན་ཏུ་ཉུང་བ་རྣམས་རྟགོ། ཁ་ཅིག་ནི་མི་སྐྱེ་བ་ལ་ཆད་པར་སྨྲ་བར་ལྷུང་བས་སེམས་རི་བོང་གི་རྭ་ལྟ་བུར་ཡོངསུ་རྟོག་ཅིང་རྨི་ལམ ་དང་། མིག་འཕྲུལ་ལ་སོགས་པ་གཞན་གྱི་དབང་ལྟ་བུར་ཡོངས་སུ་གྲུབ་པ་ཡང་རྟོག་གོ།། དེས་ན་སེམས་ཀྱི་རྒྱུད་རྣམས་ཀྱི་རྣམ་གྲངས་རྟོག་པ་ཉིད་དེ། གསེར་ལ་སྩོགས་པ་བཞིན་དུ་རྣམ་པར་དག་པ་རྣམས་ཟད་པ་མེད་ཅིང ་སངས་རྒྱས་ཁོ་ནའོ།། འཕགས་པ་ལངྒར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་རྟག་པ་དང་མི་རྟག་པའི་དཔྱད་པ་ལེའུ་ལྔ་པ་སྟེ་རྫོགས་སོ།། བའོ།། དེ་ནས་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱིས་ཕུང་པོ་དང་། ཁམས་སྐྱེ་མཆེད་རྣམས་འཇུག་པ་དང་། ལྡོགས་པ་བདེ་བར་གཤེགས་པས་བདག་ལ་བཤད་དུ ་གསོལ། བདག་མ་མཆིས་ན་གང་ཞིག་འཇུག་པ་འམ་ལྡོག་པར་འགྱུར་ན་བྱིས་པ་རྣམས་ནི་འཇུག་པ་དང་། ལྡོག་པ་ལ་གནས་པས་སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་པའི་ཕྱིར། མྱ་ངན་ལས་འདས་པ་རབ་ཏུ་མི་ཤེསོ་ཞེས ་བྱ་བ་ནི་གྲངས་ཅན་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་སྨྲ་བའི་མུ་སྟེགས་ཅན་རྣམས་ཀྱིས་ཇི་ལྟར་ཧ་ཅང་མགྱོགས་པའི་ལུས་ནི་འཁོར་བར་འཇུག་གོ།། རང་བཞིན་དང་སྐྱེས་བུའི་ཁྱད་པར་ཤེས་པས་ལྡོག་གོ་ཞེས་རྟོག་གོ། ཕྱི་རོལ་གྱི ་དངོས་པོ་མེད་པར་བདག་ཡོད་པས་ཇི་ལྟར་ན་འཇུག་པར་འགྱུར། རང་བཞིན་དང་སྐྱེས་བུ་ཐ་དད་པར་ཤེས་པས་ཀྱང་ཇི་ལྟར་ལྡོག་པར་འགྱུར། རེ་ལྡེ་དང་རྩིག་པ་ལ་སོགས་པ་ཐ་དད་པར་ཤེས་པ་བཞིན་ཏེ།། ་དེས་ན་མུ་སྟེགས་བྱེད་པ་རྣམས་ལ་སྡུག་བསྔལ་ཟད་པ་ཁོང་དུ་ཆུད་པ་མེད་པའི་ཕྱིར་ཇི་ལྟར་ན་མྱ་ངན་ལས་འདའ་ཞེས་གཞན་གྱི་སེམས་ཤེས་པ་ལ་བལྟོས་ཏེ། འཕགས་པ་བློ་གྲོས་ཆེན་པོས་ཐམས་ཅད་མཁྱེན་པ་ལ་གསོལ ་བར་བརྟག། དེའི་ཕྱིར་འཁོར་བ་དེར་སྡུག་བསྔལ་ཇི་བཞིན་པ་དང་དེ་ཇི་ལྟར་ལྡོག་པོར་འགྱུར་བ་དེ་ལྟར་ཐམས་ཅད་མཁྱེན་པས་གསུང་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཞེས་བྱ་བ་ལ་སྩོགས་པའོ། ་བློ་གྲོས་ཆེན་པོ་དྲི་བཞིན་གཤེགས་པའི་སྙིང་པོ་དགེ་བ་དང་མི་དགེ་བའི་རྒྱུར་འགྱུར་བ་སྐྱེ་བ་དང་འགྲོ་བ་ཐམས་ཅད་བྱེད་པར་འཇུག་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ ་སྟེ། སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་བདག་དང་གཞན་གྱི་རྒྱུན་གྱི་དབང་དང་དམ་པ་དང་། དམ་པ་མ་ཡིན་པའི་ཆོས་སྟོན་པས་དགེ་བོ་དང་། མི་དོག་པའི་འདུ་བྱེད་ཀྱིས་བཏབ་པ་ཉམ་ང་བའི་འགྲོ་བར་འཇུག་གོ།། གར་མཁན་བཞོན་པ། ་ནི་གཟུགས་སྣ་ཚོགསུ་སྣང་བ་སྟེ། རྨི་ལམ་དང་མིག་འཕྲུལ་དང་རབ་རིབ་ཀྱི་རྣམ་པ་དང་གཟུགས་བརྙན་ལ་སོགས་པ་བཞིན་ནོ།། བདག་དང་བདག་གི་སྤངས་པ་ཞེས་བྱ་བ་ནི་རྟག་པ་དང་བདག་ཏུ་མངོན་པར་ཆགས་པའི་མུ་སྟེགས ་བྱེད་རྣམས་ཀྱི་རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱིས་བུ་ལ་སོགས་པ་བཞིན་དུ་མེད་དོ།། རིམ་དང་ཅིག་ཅར་གྱིས་དོན་བྱེད་པ་དང་འགལ་བའི་ཕྱིར་རི་བོང་གི་ར་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ།། བལྟོས་པའི་མེ་རྒྱུ་མེད ་པོ་དང་གཞན་གྱིས་བསྟང་བའི་བྱེ་བྲག་མེད་པའི་ཕྱིར་ཅིས་ན་རིམ་གྱིས་བྱེད་པར་འགྱུར། གང་བྱེད་པར་འགྱུར་བ་ཡང་དེ་ཐོག་མ་ཉིད་དུ་ཅིས་ན་མོ་བྱས། ཅིག་ཅརུ་ཡང་དེའི་དོན་གྱི་བྱ་བ་བྱེད་པར་མི་རིགས་ཏེ། དུས་གསུམ་གྱི་དངོས ་པོ་ཐང་ཅིག་ཏུ་བྱས་པར་མི་དམིགས་པའི་ཕྱིར་རོ།། བྱས་ནས་ཀྱང་ཡང་བྱེད་པ་མེད་པའི་ཕྱིར་བྱེད་པ་དང་བཅས་པ་དང་བྱེད་པ་མེད་པ་དག་ངོ་བོ་ཉིད་གཅིག་པར་མི་རིགས་ཏེ། གང་དང་གང་དག་རིམ་པ་ཐ་དད་པའི་མཚན་ཉིད་དང་ལྡན ་པ་དེ་དག་གཅིག་པ་མ་ཡིན་ཏེ། ཤིང་དང་ཐལ་བ་ལ་སོགས་པའི་རིམ་པ་ཐ་དད་པ་དང་། མཚན་ཉིད་དང་ལྡན་པ་ལྟ་བུའོ།། དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱི་བདག་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐ་དད་པར་ཕྱེ་བ་ནི་དེ་དག་གི ་རྟག་པར་མི་རིགས་ཏེ་དེས་ན་རྗེ་སུ་དྲན་པ་དང་། ཤེས་པ་དང་འཆིང་བ་དང་། ཐར་པ་དང་། བདེ་བ་ལ་སོགས་པ་སྐད་ཅིག་ཏུ་འཇིག་པ་ལ་རུང་གྲི་རྟག་ཅིང་མི་འགྱུར་བ་ལ་མ་ཡིན་ཏེ། རྟོག་པའི་རྒྱུན་དུ་བདག་མེད་པརོ་རྩོད་པ་ཞི་བའོ།། ་གང་དག་ཚངས་པ་དང་དབང་པོ་ལ་སོགས་པ་ལ་ཅིག་པར་ཡང་བདག་རྣམས་གཉིས་སུ་མེད་པར་ཀུན་རྟོག་པ་སྟེ། དེ་ལྟར་ན་འདི་ཐམས་ཅད་ནི་ཚངས་པའོ་ཞེས་པ་དང་ཐམས་ཅད་འདི་ནི་ཞི་བདག་སྟེ། ཞི་བ་ལས་ནི་རབ་ཏུ་འབྱུང་། ་འབྱུང་པོ་ཀུན་ལ་ཞི་བ་ཡོད།། ཞི་བ་གང་ཡིན་དེང་ཉིད་ཅེསོ།། གཏོགས་འདོད་ཀྱིས་ཀྱང་སྨྲས་པ།། བདག་ནི་འབྱུང་པོ་ཀུན་ལ་གནས།། འབྱུང་པོ་ཀུན་ཀྱང་བདག་ལ་ཏེ།། བདག་ལྡན་དེ་ལྟར་སུས་རིག་པ།། ་ཀུན་ཏུ་མཉམ་པར་མཐོང་བའོ། ཞེས་དེ་སྐད་ཅེས་པ་དེ་དག་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་དབུལ་བ་ལ་སྔོགས་པ་གཅིག་པའི་གླགསསོ།། སྤྱི་དང་ཁྱད་པར་དུ་བརྟགས་པས་དེ་བཞིན་གཤེགས་པའི་སྙིང་པོ་བཞིན་དུ་གལ ་ཏེ་དེ་དག་ཀྱང་དེ་སྐད་དུ་འཆང་ན་ནི་དེའི་ཚེ་བཤད་པ་ཐ་དད་པར་མི་འགྱུར་རོ།། སེམས་ཅན་མང་པོའི་སེམས་ཀྱི་རྒྱུན་སྐད་ཅིག་པ་རྣམས་ཀྱང་མེ་བཞིན་དུ་གཉིས་སུ་མེད་པ་སྟེ། དེ་བཞིན་དུ་ཚ་བ་དང་རབ་ཏུ་སྣང་བ་ལ་སོགས་པའི་ཆོས ་དང་མཐུན་པས་གཅིག་པའོ།། གསལ་བ་ཐ་དད་པས་ཀྱང་ཐ་དད་པ་སྟེ་རྩ་དང་ལོ་མ་དང་སེང་ལྡེང་ལ་སོགས་པའི་མེ་བཞིན་ནོ།། དེ་དག་གི་ནི་ཇི་ལྟར་ཐོས་པ་ལས་བྱུང་བ་མའི་མཱཾ་སྟག་ཕྲ་མོ་ཡར་བ་བཞིན་དུ་འབྱུང་བ་དེ་དག་ལས ་རྣམ་པར་ཤེས་པ་སྟུག་པོ་འབྱུང་སྟེ། དེ་དག་ཉིད་ཀྱི་རྗེས་རྣམ་པར་འཇིག་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ལྷ་ཆེན་པོས་སྨྲས་པ། ཇི་ལྟར་ཤིང་ལ་མེ་གནས་དང་།། ས་ཡི་ནང་དུ་ཆུ་ཡོད་པ།། དེ་ལྟར་ཐམས་ཅད་ལུས་རྣམས ་ཞི་བ་དག་པ་རྣམ་པར་གནས་ཞེས་པ་སྟེ། དེ་ནི་ཆུད་པའི་བདག་ཉིད་ལ་བརྟགས་པའོ།། སྔགས་ཀྱི་བདག་དང་སེམས་པ་ཅན།། སྐྱེས་བུ་རྣམ་པ་གཉིས་ཞེས་བྱ།། སྔགས་ལས་འདས་དང་སྔགས་ཉིད་དང་།། དབང་ཕྱུག་ཚོགས ་ལ་རྣམ་གཉིས་སོ།། གཏོགས་འདོད་ཀྱིས་ཀྱང་སྨྲས་པ། ཤེས་པ་འདི་ལ་ཉེ་བརྟན་ཏེ།། ང་ཡི་ཆོས་མཐུན་ཕྱིན་པ་རྣམས།། མཐོ་རིས་སུ་ཡང་མི་སྐྱེ་ཞིང་།། རབ་ཏུ་འཇིག་ནུ་གོང་མི་འགྱུར།། བྷ་དྲ་ཧ་རིས་ཀྱང་རིག་སྔགས་ཀྱི ་མཐའ་དང་འཐུན་པར་སྨྲས་པ། དེ་ཡི་ཚོར་བ་གཅིག་པོ་ཡང་།། རྣམ་པ་མང་པོ་རབ་ཏུ་འབེད།། འཇིག་པ་འབྱུང་བའི་མེ་མདག་ནི།། ཆུ་ཡི་ཕུང་པོར་ཆུ་བཞིན་དུ།། དེ་ཕྱིར་ད་རོད་རིགས་གནས་པ།། གསལ་བའི་གྲོང་ནི་མི་འགྱུར་བྱ།། ་སྤྲིན་རྣམས་ཆར་དང་ལྡན་པ་ནི།། རླུང་ལས་འབྱུང་བ་བཞིན་དུའོ།། གསུམ་གྱི་གཟུགས་སུ་དེ་སྣང་བ།། མུར་སྨྲ་ཐ་དད་རྣམས་ལ་ནི།། མཆོག་ནི་ཡོངས་སུ་འགྱུར་བ་སྟེ།། ལྟ་བ་ཐ་དད་ཀྱིས་ནི་བཅིངས།། ཞི་ཞིང་རིགས་བདག་ཚངས ་པ་སྟེ། དེ་ལས་བྱུང་བའི་མ་རིག་པ།། དེས་ནི་སྲིན་པོ་བཞིན་དུ་མིང་།། གང་སྨྲ་མི་ནུས་པ་རྣམས་སོ།། ཇི་ལྟར་ན་མཁའ་རྣམ་པར་དག། རབ་རིབ་འཕྲུལ་པའི་སྐྱེས་བུ་ཡིས།། རི་མོ་རྣམ་པ་སྣ་ཚོགས་ཀྱིས།། ཀུན་ཏུ་གང་བ་སེམས ་པའོ།། དེ་ལྟར་ཚངས་པ་བདུད་རྩི་འདི།། འགྱུར་བ་མེད་པ་མ་རིག་པས།། རྙོག་པ་ལྟ་བུར་བྱས་པས་ན།། ཐ་དང་གཟུགས་སུ་སྣང་བ་སྟེ་ཞེས་བྱ་བ་ཚངས་པའི་རྒྱུད་དུ་ཞི་བོ།། དེ་དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པའི ་བདག་དང་བྲལ་བ། བདག་དང་གཞན་གྱི་རྒྱུད་དང་མཉམ་པར་མི་འཇོག་པའི་མ་རིག་པ་དང་ལས་རྣམ་པར་སྨིན་པའི་མཐུ་ལས་འཁོར་བ་སྣ་ཚོགས་ཐ་དད་པའི་རྣམ་པ་སྣང་ངོ་།། བདག་གི་ཡང་ཕྱི་རོལ་གྱི་དོན་གང་ཡང་མེད།། ། ་ཁྱད་པར་ཅན་ལ་སོགས་པས་བརྟག་པ་སའི་རྫས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུརརོ།། དེས་ན་གཉིས ་ཀྱི་རྣམ་པ་དང་བྲལ་ཞིང་སྐད་ཅིག་གོ་རྒྱུན་འབྱུང་བའི་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་དེ་ཁོང་དུ་མ་ཆུད་བ་གསུམ་འདུས་པའི་རྐྱེན་གྱི་བྱ་བ་དང་ལྡན་པར་འཇུག་ན་ཞེས་བྱ་བ་ལ་སོགས་པའོ།། ་དེ་ལ་གསུམ་འདུས་པ་ནི་མ་རིག་པ་དང་། སྲེད་པ་དང་ལས་གསུམ་འདུས་པ་དང་ལྡན་པའི་འཁོར་བ་འཇུག་ཞེས་ཐམས་ཅད་མཁྱེན་པས་དགོངས་པས་དོན་དུ་རྟག། རྒྱུ་ལ་མངོན་པར་ཆགས་ཤིང་ཞེན་པའི་མུ་སྟེགས་ཅན ་རྣམས་ཀྱིས་ནི་ཁོང་དུ་མ་ཆུང་ངོ་ཞེས་བྱ་བ་ནི་རྟག་པ་དང་། དེ་དག་དང་ཚངས་པ་དང་དབང་པོ་ལ་སོགས་པ་རྣམས་རྒྱུར་ཡོངསུ་རྟོགས་པ་སྟེ། རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། གཅིག་པ་ཡང ་གྲོལ་བ་དང་། མ་གྲོལ་བ་དང་ཕྱུག་པ་དང་། དབུལ་བ་ལ་སོགས་པ་ཐ་དད་པ་མེད་པའི་སྐྱེན་ཏེ་སྔར་བཤད་པ་བཞིན་ནོ།། འདོད་ཆགས་དང་བྲལ་བ་ཞིག་ན་ནི་གཞན་གྱི་སྡུག་བསྔལ་ཅིས་ན་བྱེད་པར་འགྱུར། རྩེད་མོ་ཡང་དེ་ལ ་ཇི་ལྟར་ན་ཡོད་འདོད་ཆགས་དང་མ་བྲལ་བ་ཞིག་ན་ནི་མ་ཤེས་པ་སུས་བྱས། དེའི་ཕྱིར། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་རྣམ་པ་མང་པོས་བསྒོས་པ་ཀུན་གཞི་རྣམ་པར་ཤེས་པ་ཞེས ་བསྒྲགས་པ། མ་རིག་པའི་གནས་ལས་སྐྱེས་པའི་རྣམ་པར་ཤེས་པ་བདུན་ཞེས་བྱ་བ་ལ་སོགས་པ་སྟེ། བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་རྣམ་པ་སྣ་ཚོགས་སུ་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་ཏུ་རྒྱ་མཚོ ་ཆེན་པོའི་རླབས་བཞིན་ཏུ་རྟག་ཏུ་ལུས་ཀྱི་རྒྱུན་མྱི་འཆད་པ། མི་རྟག་པའི་ཉེས་པ་དང་བྲལ་བ། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ། ཤིན་ཏུ་རང་བཞིན་གྱིས་ཡོངསུ་དག་པའི་རྣམ་པར་ཤེས་པ་གཅིག་ཏུ་ཉིད་འཇུག་པ་སྟེ ་ཇི་ལྟར་རྨི་ལམ་གྱི་དུས་ན་དེར་གཟུགས་ལ་སོགས་པའི་ཡུལ་དང་མིག་ལ་སོགས་པའི་ཤེས་པ་མེད་པར་ཡང་ཡུལ་དང་། ཡུལ་ཅན་གྱི་དངོས་པོ་སྣ་ཚོགས་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྣང་བ་དེ་ལྟ་བུ་གཉིད་ཀྱིས ་མ་ལོག་པའི་དུས་ན་ཡང་མ་རིག་པ་ཡོངསུ་སྦྱིན་པའི་མཐུ་ལས། ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ་ཞེས་པར་འདིར། ་བཅོམ་ལྡན་འདས་ཀྱིས་གསུངས་པའོ།། ཕྱི་རོལ་གྱི་གཟུགས་དམིགས་པ་མེད་དོ་ཞེས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན།། རྡུལ་ཕྲན་ཆ་ནི་མེད་པ་སྟེ།། འོ་ན་དམིགས ་པ་འདིས་ཅི་ཞིག་ཅེས་པ་དང་། ཕྱིའི་དངོས་པོ་མེད་པར་ཡང་། སེམས་ནི་རྣམ་པ་གཉིས་སུ་སྣང་ཞེས་པ་སྟེ། ནམ་ཤེས་རབ་ཀྱིས་དཔྱར་དེ་སྦོམ་པོ་དང་ཕྲ་མོའི་ཆ་ཐ་དད་པར་ཕྱེ་བ་ན་ཁང་པ་དང་སྡེ་དང་ནགས་ཚལ་ལ་སོགས་པ ་བཞིན་དུ་སྟོང་པར་མཐོང་བ་དེ་ན་ཀུན་གཞི་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་ལྡོག་པར་གྱུར་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཀྱི་རྒྱུད་གཉིས་སུ་མེད་པ་གསེར་ལྟར་དྲི་མ་དང་བྲལ ་འབའ་ཞིག་ལ་འཁོར་བ་གནས་པར་འགྱུར་རོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་འཇིག་པ་རྣམས་ནི་སྐད་ཅིག་པ་དག་སྟེ། སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བར་མི་བྱེད་པས་སེམས་ཉིད་ལ་སྲིད་པ་དང་ཐར ་པའི་དུས་སུ་འཇུག་པ་ཡོད་དོ།། རྣམ་པར་ཤེས་པ་བདུན་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས་པའི་ཡིད་རྟག་ཏུ་དར་བྱེད་པར་འཇུག་པ་དང་བདུན་ནོ།། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན། ་བདུན་པོ་རྣམས་ཀྱི་སྣང་བ་མེད་དོ།། དེ་དག་གི་ཡུལ་མེད་པས་མཱ་རིག་པ་ཡོངས་སུ་སྨིན་པའི་མཐུ་འབའ་ཞིག་ལུས་མགོ་འཁོར་བ་དང་། བརྒྱ་ལྔ་བ་ལ་སོགས་པ་བཞིན་དུ་འཁོར་བར་སྣ་ཚོགས་ཐ་དད་པའི་རྣམ་པའི་རྣམ ་པར་ཤེས་པ་སྣང་ངོ་།། དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་ཆུའི་རིམ་པའི་ཁྱད་པར་དུ་རླབས་ཐ་དད་པ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་འགྱུར་བའི་རིམ་པའི་ཁྱད་པར་དུ་རྣམ་པར་ཤེས་པ་བདུན་དང་ཡུལ་རྣམས་འབྱུང་ངོ་།། ་མི་རྟག་པའི་ཉེས་པ་དང་བྲལ་བ་ནི་བརྟན་པའོ།། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ་ནི་སྐད་ཅིག་རྒྱུན་དུ་འབྱུང་བའི་ཀུན་གཞིན་རྣམ་པར་ཤེས་པ་ཞེས་བསྒྲགས་པ་གློ་བུར་གྱི་གཉིས་ཀྱི་དྲི་མ་ཐམས་ཅད་དང་བྲལ་ཏེ་གསེར་ལྟ། ་བུར་དྷི་མ་མེད་པར་རང་བཞིན་ཡོངསུ་དག་པ་སྟེ་ལན་དུ་མར་བཤད་པའོ།། བདུན་པོ་སྐད་ཅིག་པ་ཡིན་ཏེ། ཡང་དག་པ་མ་ཡིན་པར་ཡོངསུ་རྟོག་པའི་རྒྱུ་ལས་སྐྱེས་པ་དབྱིབས་ཀྱི་བྱད་དང་བྱེ་བ་ག་ལ་དམིགས་པ་ཞེས་བྱ ་བ་ནི་ཇི་ལྟར་བཙུན་གཙོ་འཕགས་པ་བྱམས་པས་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པ་བཤད་པ་སྟེ། ཡང་དྲག་མ་ཡིན་ཀུན་རྟོག་ཅིང་།། སེམས་དྲང་སེམས་བྱུང་ཁམས་གསུམ་པ།། དེ་ནི་དོན་མཐོང་རྣམ་པར་ཤེས།། ་དེ་ཡི་ཁྱད་པར་སེམས་ལས་འབྱུང་ཞེས་པའོ།། བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་འཁྲུགས་ཏེ་མཉམ་པར་མི་འཇོག་པའི་མ་རིག་པ་ཡོངསུ་སྨིན་པ་དང་། རྟོག་པ་དང་བདག་དང་བདག་གིར་ཆགས་པ་དང་། འདོད་ཆགས ་དང་ཞོ་སྡང་ལ་སོགས་པ་ཉོན་མོངས་པའི་སེམས་ལས་བྱུང་བའི་རྣམས་ལས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་རྒྱུ་རྣམས་ཀྱི་ཁམས་གསུམ་པར་སྣང་བ་སྐྱེད་པར་བྱེད་དོ།། རྨི་ལམ་དང་མགོ་འཁོར་བ་དང་། བརྒྱལ ་བྱ་ལ་སོགས་པ་བཞིན་དུ་དེར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རང་གི་སྣང་བ་ཉིད་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འཇུགོ། དེ་དག་གི་ཕྱི་རོལ་གྱི་དམིགས་པ་མེད་པའི་ཕྱིར་ཡང་དག་པ་མ་ཡིན་པར་ཡོངས ་རྟོག་པས་བསྐྱེད་པའི་ཡུལ་ལ་དམིགས་པ་རྣམས་སོ།། མིང་དང་མཚན་མ་ལ་མངོན་པར་ཆགས་ཤིང་ཞེན་པ་ནི་ཡང་དག་པ་མ་ཡིན་པར་ཡོངསུ་རྟོག་པས་སྒྲ་དང་དོན་བརྗོད་པའི་རྣམ་པར་བསྐྱེད་པའོ།། མིང་ནི་གཟུགས་ལ ་སོགས་པ་བརྗོད་པར་བྱའོ།། དེ་ལ་མཚན་མ་ནི་མཛེས་པ་དང་། མ་མཛེས་པ་དང་བུད་མེད་དང་སྐྱེས་པ་ལ་སོགས་པའི་མཚན་ཉིད་དོ།། མངོན་པར་ཆགས་པའི་རྒྱུ་ནི་རླུང་གི་སེམས་སྡུད་པའི་གཟུགས ་དང་མཚན་ཉིད་ཁོང་དུ་ཆུད་པ་སྟེ། རང་གི་སེམས་སྣང་བའི་གཟུགས་རབ་རིབ་ཅན་དང་རྨི་ལམ་དང་མིག་འཕྲུལ་ལ་སོགས་པའི་ཤེས་པ་བཞིན་དུ་ཁོང་དུ་ཆུད་པར་བྱེད་དོ།། བདེ་བ་དང་སྡུག་བསྔལ་མི་མྱོང་བར་ཞེས་པ་ནི་འཁོར་བའི ་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་ཏེ། མིག་ལ་སོགས་པའི་ཤེས་པ་རྣམས་སྐད་ཅིག་པ་ཁོ་ནའི་ཕྱིར་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མེང་ངོ་།། དེས་ན་ཐོར་པའི་རྒྱུ་མ་ཡིན་པར་དགོངས་པའོ།། དེའི་ཕྱིར་འདི་བཞིན་དུ ་སེམས་སྐད་ཅིག་པ་གཞན་དུ་ཁོང་དུ་ཉིང་མཚམས་སྦྱོར་བས་འཁོར་བར་འཁོར་བ་ན་རང་གིས་བྱས་པའི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་དེས་མྱོང་ངོ་།། མིག་ལ་སོགས་པའི་ཤེས་པ་རྣམས་སྐད་ཅིག་པས་ན་སྲིད་པ་གཞན་དུ ་བདེ་བ་དང་སྡུག་བསྔལ་མི་མྱོང་ངོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ།། མཐོང་བའི་ཆོས་ལ་ཚོར་བའི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་མྱོང་བ་རྣམས་ཞེས་པ་ནི་ཞིང་དང་བསམ་པའི་བྱེ་བྲག་ལས་ཤེས་པ ་རྣམས་ནི་མཐོང་བའི་ཆོས་ལ་ཚོར་བའི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་རོ།། དེ་བས་ན་གང་དག་འགོག་པ་མྱ་ངན་མེད་དེ།། བྱམས་པ་དགྲ་བཅོམ་འབྲས་བུ་ལངས།། ཕན་གནོད་དེ་དག་ལ་བྱས་པའོ།། འབྲས་བུ་མོ་ལ་མྱོང ་བར་འགྱུར་ཞེས་བྱ་མོད་ཀྱི་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ནི་ལུས་རྣམ་པར་ཞིག་པ་ན་དབང་པོའི་ཤེས་པ་དེ་དག་ལ་སྐད་ཅིག་པ་གཞན་དུ་ཉིང་གི་མཚམས་སྦྱོར་བ་མེད་དོ།། སྐྱེས་ནས་ཚོར་བའི་ལས་གང་གིས་རྒྱུད ་ཆད་པ་ལས་ཡང་ལུས་དང་དབང་པོ་རྣམས་གཞན་ཉིད་འབྱུང་བར་འགྱུར་རོ།། སེམས་ནི་སྐད་ཅིག་གི་རྒྱུན་དུ་འབྱུང་ཞིང་རྒྱུད་དང་འབྲས་བུའི་དུས་སུ་ཆད་པ་མེད་པས་བདེ་བོ་དང་སྡུག་བསྔལ་ལ་སོགས་པ་མྱོང་ངོ་།། སྐད་ཅིག་མ ་རྒྱུན་དུ་རབྱུང་བས་ན་རྟག་པའི་བདག་ཏུ་སྨྲ་བ་རྣམ་པར་སྤངས་སོ།། ཇི་ལྟར་སེ་གོལ་གྱི་སྒྲ་དང་གློག་ལ་སོགས་པའི་སྐད་ཅིག་པ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་སྐད་ཅིག་པ་དེ་ལྟར་དེའི་ཆང་པ་མ་ཡིན་ཏེ། ་དེས་ན་རྟག་པ་དང་ཆད་པར་སྨྲ་བ་མུ་སྟེགས་བྱེད་དང་ཉན་ཐོས་ཀྱིས་བསླད་པའི་སྐུར་པ་ཐམས་ཅད་དང་བྲལ་ཞིང་སེམས་ཅན་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་དག་པའོ།། གཉིསུ་མེད་པ་དེ་ལ་སྤྱི་དང་ཁྱད་པར་དུ་བརྟགས ་པན་གཅིག་དང་དུ་མྲའི་ཁྱད་པར་རོ།། མིག་ལ་སོགས་པའི་ཤེས་པ་རྣམས་ནི་བདེ་བ་དང་སྡུག་བསྔལ་མི་མྱོང་བ་སྟེ། དེ་དགེ་སྐད་ཅིག་པ་གཞན་དུ་ཉིང་གི་མཚམས་མི་སྦྱོར་བའི་ཕྱིར་ཐར་པའི་རྒྱུ་མ་ཡིན།། དེའི་ཕྱིར་དེ་ལྟར་ན་སེམས ་ཉིད་སྲིད་པ་དང་ཐར་པའི་རྒྱུ་ཡིན་ཏེ། དེས་བཏབ་པའི་ལས་རྣམ་པ་ལྔ་དངོས་དང་བརྒྱུད་པས་རྣམ་པར་སྨིན་པར་འགྱུར་རོ།། གདོན་མི་ཟ་བར་ཚོར་བ་ནི་མཚམས་མེད་པའོ།། བསྒོམ་པ་དྲག་པོས་ཁྱད་པར་གྱི་ཞིང་དུ་དགེ་བ་དང་མི་དགེ་བ ་བྱས་པའི་མཐོང་བའི་ཆོས་ལ་ཚོར་བའོ།། ཚོར་བར་ངེས་པ་མེད་པ་དང་། སྐྱེས་ནས་ཚོར་བ་དང་རྣམ་གྲངས་གཞན་དུ་ཚོར་བ་ནི་དེ་ལས་གཞན་པ་སྡེ་དེ་ཐམས་ཅད་སེམས་ཀྱི་རྒྱུད་ཀྱི་བག ་ཆགས་ལ་གནསོ།། ཐར་པར་ཡང་ཤེས་རབ་ཀྱིས་མངོན་པར་འདུ་བྱེད་ཅིང་ཡོན་ཏན་གྱི་ཁྱད་པར་དང་ཉོན་མོངས་པ་ཟད་པ་ཡང་སེམས་ཉིད་ལ་ཡོད་དོ།། མིང་དང་མཚན་མ་དང་ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་བསྐྱེད ་ཅིང་སྐྱེད་པར་བྱེད་པ་དེའི་རྒྱུ་ལ་དམིགས་པའོ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་མཛེས་པ་དང་མི་མཛེས་པའི་མཚན་མ་ལ་མངོན་པར་ཆགས་པའི་ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་གང་ཡུལ་དུ་སྣང་བ་བསྐྱེད་པ ་དེར་དམིགས་པ་རྣམས་ཏེ། སྔོན་གྱི་བག་ཆགས་ཡོངསུ་སྨིན་པས་བཏབ་པ་རྣམས་ལ་དགོངས་པར་བརྟག་གོ།། ཟིན་པའི་དབང་པོ་ཞེས་བྱ་བ་དེ་དག་ཡོངས་སུ་ཟད་ཅིང་འགགས་ནས་དེ་མ་ཐག་ཏུ་མི་སྐྱེ་ཞིང་ཞེས་བྱ་བ་ནི་ཁམས ་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་སེམས་དང་ཡུལ་རྣམ་པར་རྟོག་པར་སྣང་བ་བཀག་སྟེ་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ནོ།། གཞན་དག་ནི་རང་གི་བློའི་རྣམ་པར་རྟོག་པའི་བདེ་བ་དང་སྡུག་བསྔལ ་མི་མྱོང་བ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་བསམ་གཏན་བཞི་དང་བདེ་བ་དང་རྣམ་པར་ཐར་པ་ལ་མི་མཁས་པའི་རྣལ་འབྱོར་ཅན་རྣམས་ནི་རྣམ་པར་ཐར་པའི་བློར ་འགྱུར་རོ་ཞེས་བྱ་བ་ནི་གཞན་དག་ཀྱང་ཐར་པའི་བློར་འགྱུར་རོ་ཞེས་པ་དང་འབྲེལ་ཏོ།། རང་གི་བློས་རྣམ་པར་བརྟགས་ཏེ་བདེ་བ་དང་། སྡུག་བསྔལ་མྱོང་བའི་འདུ་ཤེས་འགོག་པ་ཉིད་ཐར་པའི་བློར་འགྱུར་རོ།། བསམ ་གཏན་བཞི་དང་། བདེ་བ་དང་རྣམ་པར་ཐར་པ་ལ་མི་མཁས་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད་རྣམས་ཀྱིར་བརྟགས་པ་སྟེ། དེ་དག་ཇི་ལྟར་རྣམ་པར་རྟོག་ཅེ་ན། ཇི་སྲིད་སྙིང་དུ་ཟད་འགྱུར་བ།། དེ་སྲིད་ཡིད་ནི་དགག ་པར་བྱ།། དེ་ནི་བསམ་གཏན་ཤེས་པ་སྟེ།། ལྷག་པ་གཞན་ནི་གཞུང་རྒྱས་པའོ།། བསམ་གཏན་བཞི་དང་། འཕགས་པའི་བདྲེན་པ་བཞི་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ ་མེད་པའོ།། དེ་ལ་བརྒྱད་ནི་ཇི་ལྟར་ཆོས་མངོན་པ་དང་། ཇི་ལྟར་སྡོང་པོ་རྒྱན་ལ་སོགས་པར་རྒྱ་ཆེར་རིག་པར་བྱའོ།། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ། ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་མི་གྱུར ་ནུ་འཇུག་པའི་རྣམ་པར་ཤེས་པ་བདུན་རྣམས་འགྲག་པ་མེད།། དེ་ཅིའི་ཕྱིར་ཞེ་ན། དེ་རྒྱུ་དང་དེ་ལ་དམིགས་པས་འོགས་པའི་ཕྱིར་དང་ཞེས་པ་ནི་རྣམ་པར་ཤེས་པ་བདུན་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ལས་བྱུང ་ཞིང་དེ་ལ་དམིགས་པར་ཡང་འཇུག་པ་སྟེ། ཇི་ལྟར་ལུས་དང་ལོངས་སྤྱོད་གནས་སྣང་བ།། ཀུན་གཞིན་ཀུན་ཏུ་འབྱུང་བ་སྟེ།། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། རྒྱ་མཚོ་རླབས་རྣམས་བཞིན་དུའོ་ཞེས་བྱ་བར་ལན ་མང་པོར་བཤད་པའོ།། དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་སྟེ། འཁོར་བའི་དུས་སུ་གློ་བུར་གྱི་གཉིས་ཀྱི་རྣམ་པར་སོ་སོར་སྣང་ངོ་།། དེར་ཉན་ཐོས ་དྲང་མུ་སྟེགས་བྱེད་རྣམས་རྟག་པ་དང་བདག་དང་ཕྱི་རོལ་གྱི་དོན་དུ་མངོན་པར་ཆགས་པ་སྟེ། དེ་བཞིན་དུ་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ། ཉན་ཐོས་དང་རླུང་སངས་རྒྱས་དང་མུ་སྟེགས་ཅན་གྱི་རྣ་ལྷོར་ལྷ་རྣོར་པ་ཐ~ཾང ་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཞེས་སོ།། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་པ་དང་གཅིག་པ་དྲིང་དུ་མ་དང་བདག་ཏུ་སྨྲ་བའི་མུ་སྟེགས་ཅན་གྱི་རྣལ་འབྱོར་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་ཤེས་པའི། ་ཡུལ་མ་ཡིན།། དེ་ནི་འདུས་བྱས་དང་འདུས་མ་བྱས་པར་རྟག་པ་ན་སྐད་ཅིག་པའི་རྒྱུན་རྟགས་པས་རྣམ་གྲང་སུ་རྟག་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི། ་ནི་སྟོན་པས། བརྟགས་པའི་ཚིག་གོ་ཞེས་འབྱུང། ཨ་ས་མ་ནཅང་རུང་སྟེ་ནམ་འདུས་བྱིས་པ་དེ་ན་ནི་སྐད་ཅིག་པའོ་ནམ་རྟག་པར་བསམ་སྟེ་འདུས་མ་བྱས་པ་དེ་ན་སྐད་ཅིག་པ་མོ་ཡིན་ཏེ། དེ་དེ་ལྟར་སྐད་ཅིག་ཏུ་འ ་པ་ཡོད་ན་གཞན་གྱི་དབང་དང་ཡོངསུ་གྲུབ་པའི་དུས་ན་བསམས་པས་འདུས་བྱས་དང་འདུས་མ་བྱས་སུ་འགྱུ་རོ།། གལ་ཏེ་ཡང་སྐད་ཅིག་ཏུ་འཇིག་པ་མེད་དུ་ཟིན་ན་ནི་དེའི་ཚེ་བདེ་བར་གཤེགས་པས་རྟོགས་པ་དང་མུ་སྟེགས ་བྱེད་པར་ཁྱད་པར་ཅི་ཡོད་ཁ་ཅིག་གིས་ནི་ཇི་ལྟར་རྟག་པཥྚི་དངོས་པོ་མེད་པ་དེ་ལྟར་སྐད་ཅིག་གི་དངོས་པོ་མེད་ཅེས་ཏེ། ཇི་ལྟར་དཀོན་མཆོག་ཕྲེང་བ་ལས། སྐད་ཅིག་གི་སྐྱེ་བ་དང་གནས་པ་དང་། རྒ་བ་དང་མི་རྟག་པའི་མཚན ་ཉིད་རིམ་གྱི་ཆོས་དང་ལྡན་པ་ན་དེ་ལྟ་བུར་སྐད་ཅིག་པ་འགྲིའོ་ཞེས་འཕགས་པ་ཀླུ་བོས་ཀྱིས་གླེངས་པ་ནི། སྐད་ཅིག་ལ་ནི་མཐའ་ཡོད་པས།། ཐོག་མར་བར་ཡང་རྟོག་པར་གྱིས།། དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར།། སྐད ་ཅིག་མི་གནས་འཇིག་རྟེན་ལ།། ཐོག་མ་བར་དང་ཐ་མ་ཡི།། ཆ་རྣམས་ལ་ཡང་རྟོག་པ་ར་གྱིས།། ཐོག་མ་བར་དང་མཐའ་ཡོད་ཀྱི།། འདུས་ལ་གཅིག་པ་མེད་པའོ་ཞེས་སོ།། དེ་དེ་ལྟར་གྲངས་ཅན་དང་ནེ་ཡཾ་ཡ་ཡི་ཀཱ་ལ་སོགས་པའི ་སྐད་ཅིག་པ་དྲུག་ཏུ་ཡང་མི་རུང་བར་གླེང་ངོ་།། གང་དག་ཡང་ཐོག་མུ་དང་ཐ་མའི་དུས་ཀྱི་རིམ་པར་ཕྱེ་བ་དྲང་བྲལ་བའི་སྐད་ཅིག་ཏུ་ཇི་ལྟར་སེ་གྲོལ་གྱི་སྒྲ་ལ་སོགས་པ་ལྟར་ཆུད་པར་བྱེད་པ་དེ་ལྟར་ཆུད་པར་བྱེད་པ་དེ་ལྟར་ནི་གླེང ་བའི་རྣམ་པར་རྟོག་པ་འདྲི་མི་འཇུག་གོ།། ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པར་རྣམ་པར་ཕྱེ་བ་དང་བྲལ་བའི་སྐད་ཅིག་པ་རྣམས་ནི་མངོན་སུམ་གྱི་ཕྱིརརོ།། འདུས་མ་བྱས་པར་བརྟགས་པའི་རྟག་པསྲ་ནཱི་རང་བཞིན་གྱིས་འོད་གསལ ་བ་ཡང་དག་པར་རིག་པའི་ཆོས་ཉིད་དེ་ནི་ཡེ་གནས་སོ།། སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོར་བརྟགས་པ་དབང་པོ་ལ་སོགས་པ་སུས་ཀྱང་མི་བྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད ་གསལ་ཞིང་མི་གཉིས་པ་སྟེ་རྣམ་པ་དེ་ལྟ་བ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། སྔ་མ་དང་ཕྱི་མའི་དུས་ཀྱི་རིམ་པ་ཐ་དད་པ་དང་བྲལ་བ་སྐད་ཅིག་མའི་རྒྱུན་མྱོང་བ་ཐོག་མ་དང་བར་དང་ཐ་མའི་སྐད ་ཅིག་པའི་ཡན་ལག་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བའོ།། ཇི་ལྟར་དབུ་མ་ལས་འབྱུང་བ། གལ་ཏེ་སྐྱེ་བ་སྔར་ཡོད་ལ།། རྒ་བ་འཆི་བ་ཕྱི་ནས་ནི།། སྐྱེ་ལ་རྒ་དང་འཆི་མེདདོ།། སྐྱེས་ཀྱང་འཆི་བ་མེད་པར་འགྱུར་ཞེས་པ་སྟེ། ་ང་ན་དེ་དག་ཐོག་དང་མཐར།། ལྷན་ཅིག་རིམ་དུ་མི་འཇུག་ན།། སྐྱེ་དང་འཆི་བའི་ཆོས་རྣམས་ཀྱི།། དངོས་པོ་ཀུན་ལ་ཐམས་ཅད་དུ།། སྐྱེ་བ་ཅི་ཞིག་སྤྲོ་བར་བྱེད།། རྒ་བ་འཆི་བ་དེ་ཅི་ཞིག། རྒ་དང་འཆི་བ་མེད་པར་ནི།། དངོས་པོ་གང ་ཞིག་ཡོད་པར་འགྱུར་ཞེས་སོ།། གལ་ཏེ་སྐད་ཅིག་ཏུ་འཇིག་པར་མི་འགྱུར་ན་ཆོས་དང་གང་ཟག་ལ་བདག་མེད་པར་ཇི་ལྟར་ན་རྣམ་པར་བཞག་གོ།། འོན་ཏེ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་གཞན་གྱི་དབང་གི་གཉིས ་ཀྱི་རྣམ་པའི་སྐད་ཅིག་མ་རྣམས་ཀྱི་དངོས་པོ་མེད་ན་ནི་ཡོངསུ་གྲུབ་པའི་སྐད་ཅིག་པ་རྣམས་ལ་གནོད་པའི་ཕྱིར་ཇི་ལྟར་དངོསྡེ་པོ་མེད། དོན་དམ་པ་རང་བཞིན་མེད་པ་ཉིད་ནི་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། བསམ་པ་མེད་ཅིང་སྣང ་བ་མེད་པ་མཆོག་ཏུ་དག་ཅིང་གཉིསུ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པར་མྱོང་བ་དངོས་པོ་མེད་པ་མ་ཡིན་ཏེ། དེས་ན་གང་ཤེས་པར་བྱ་བ་དང་ཤེས་པ་དང་། དངོས་པོའི་ཕྱིར་བརྟགས་པ་ལྟ་བུ་དང་། གཞན་གྱི་དཔེ། ་བཞིན་དུ་ཡོངསུ་གྲུབ་པ་ཞེས་བྱ་བ་ལ་ཡང་ཡིད་ཆེས་པ་མེད་ཅེས་པ་ནི་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བའི་ཚུལ་གྱི་ཆོས་ཀྱིས་གནོད་པ་འབྱུང་བའི་ལས་སྒྲུབ་པར་བྱེད་དོ།། རྨི་ལམ་བཞིན་དུ་གང་ཟག་ལ་བདག ་མེད་པར་རྟོགས་པ་ལ་སོགས་པ་ནི་འཛིན་པ་དང་གཟུང་བ་ལ་མངོན་པར་ཆགས་ཏེ། ཉན་ཐོས་རྣམས་གང་ཟག་ལ་བདག་མེད་པ་རྟོགས་པར་བྱེད་པའི་ཕྱིརོ།། རྨི་ལམ་བཞིན་དུ་དེ་དག་གི་ཡེ་ཤེས་གཉིས་ཀྱི་རྣམ་པ་ཅན་ཏེ་གཉིས ་སུ་མེད་པ་ཉིད་ནི་མ་ཡིན་ནོ།། སེམས་བསླང་པསྲ་ན་དེའི་ཕྱིར་དེ་དག་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པ་མེདོ།། ཆོས་ལ་བདག་མེད་པོ་ཡོངསུ་ཤེས་ནས་གཉིས་ཀྱི་རྣམ་པའི་ཤེས་པ་ལུས་དང་ལོངས་སྤྱོད་དང་གནས།། ་སུ་སྣང་བ་རབ་ཏུ་གྱུར་པ་ན་ཤེས་རབ་ཀྱི་ཀུན་གཞི་ནི་མེ་ལོང་ལྟ་བུར་ཇི་ལྟ་བ་དེ་བཞིན་དུ་ཤེས་པ་ཤེས་པར་རྣམ་པར་དག་ཅིང་གཉིསུ་མེད་པ་ན་མིག་ལ་སོགས་པའི་འཇུག་པའི་རྣམ་པར་ཤེས་པ་རྣམས་སྣང་བ་མེད་ཅིང་གཉིསུ ་མེད་པའི་ཚུལ་གྱིས་རབ་ཏུ་ལོག་པར་གྱུར་པ་རྣམས་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དུ་ཐམས་ཅད་མཁྱེན་པ་ལ་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ལྔ་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་རོ།། ཉོན་མོངས ་པའི་ཡིད་རབ་ཏུ་གྱུར་པ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ།། འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ནང་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བརྗོད་དོ།། དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་ལོག་པས ་བདུན་རྣམས་ཀྱང་ལོག་པར་འགྱུར་ཏེ། ཉོན་མོངས་པ་དང་ཉོན་མོངས་པ་བདུན་རྣམས་ཀྱིས་དེའི་རྒྱུ་དང་དེ་ལ་དམིགས་པའི་ཕྱིརརོ།། གང་གིས་ཆོས་དང་གང་ཟག་ལ་བདག་མེད་པ་ཡང་དག་པ་ཇི་ལྟ ་བ་ཡོངསུ་ཤེས་ནས་ཆོས་ལྔ་ཡོངསུ་ཤེས་ཏེ་ཆོས་ལྔ་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་གཉིས་སུ་མེད་པའི་ཡེ་ཤེས་ལ་དོན་དམ་པའི་བདྲེན་པ་འབའ་ཞིག་ཏུ་འགྱུར་རོ།། ཆོས་ལྔ་པོ་བཤད་ཟིན་མོད་ཀྱི། གཞུང་བཤད་པའི་ཆེད ་དུ་བྱས་ཏེ། ཡང་སྦྱར་བར་བྱ་བ་ལ་མིང་དང་མཚན་མ་དང་། རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ།། ཉན་ཐོས་རྣམས་ནི་གཉིས་ཀྱི་རྣམ་པ་ཡོངསུ་གཟུང་ནས་རྨི་ལམ་བཞིན་དུ་གང་ཟག་ལ་བདག་མེད་པ་ཡོངས་སུ ་ཤེས་སོ།། ཕྱི་རོལ་གྱི་དོན་དུ་སྨྲ་བ་དེ་དག་ལ་འཛིན་པ་དང་གཟུང་བ་ལ་མངོན་པར་ཆགས་པ་ལྟ་བུར་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་འགྱུ་རོ།། དེས་ན་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ནི་ཤེས་བྱའི་སྒྲིབ་པ་ལྡོག་གོ། ་གང་ཟ་ག་ལ་བདག་མེད་པ་ཡོངསུ་ཤེས་པས་ནི་ཉོན་མོངས་པའི་སྒྲིབ་པ་ལྡོག་གོ།། དེ་བཞིན་དུ་ཡང་དག་དང་བདག་གིར་ཆགས་པ་ལོག་པ་ན་ལས་ཀྱི་སྒྲིབ་པ་ལྡོག་སྟེ། དེ་ལྟར་ན་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ ་འཛིན་ཡོངས་སུ་ཤེས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་ཤིང་ཕན་པས་ཐམས་ཅད་སྤྱོད་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར།། རབ་ཏུ་དག་པའི་ས་ལི་གང་ཟག་དང་ཆོས ་ལ་བདག་མེད་པ་ཁོང་དུ་ཆུད་ནས་བདག་དང་བདག་གིར་མངོན་པར་ཆགས་པའི་དངོས་པོ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འཇུངས་པ་ཡོང་སུ་སྤངས་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར ་འགྱུརརོ།། དྲི་མ་མེད་པར་ནི་གཉིས་ཀྱི་དྲི་མ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། འོད་བྱེད་དུ་ནི་གཉིས་ཀྱིས་འཁྲུགས་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། འོད་འཕྲོར ་ནི་གཉིས་སུ་མེད་པའི་ཆོས་ལ་ཤེས་རབ་ཀྱིས་དཔྱོད་པར་སྤྲོ་བའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཤིན་ཏུ་དཀའ་རྒྱལ་དུ་ནི་རྒྱལ་བར་དཀའ་བའི་ཉོན་མོངས་པ་རྣམས་ལས་རྒྱལ་བར་བྱེད་དོ།། གང་ཟག་དང་ཆོས ་ལ་བདག་མེད་པ་ཁོང་དུ་ཆུད་པའི་ཕྱིར་བསམ་གཏོན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཚོ་བར་འགྱུར་རོ།། མངོན་པར་ནི་མཐུན་པ་དང་མི་མཐུན་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་ཟབ་མོ་ཤོས་རབ་ཀྱིས་དཔྱད་པའི་ཕྱིར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འགྱུར་རོ།། རིང་དུ་སོང་བར་ནི་འཕགས་པའི་བདེན་པ་བཞི་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟོགས་ཤིང་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཤེས་རབ་དང་སྙིང་རྗེ་ལྡན ་པའི་ཕྱིར་གཞན་གྱི་དོན་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་རོ།། མི་གཡོ་བར་ནི་འཛིན་པ་དང་། གཟུང་བ་དང་བྱ་བ་དང་བྱེད་པ་དང་། བརྗོད་པ་དང་། རྗོད་པ་དང་བྲལ་ཞིང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག ་པའི་སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྟོག་པར་བྱེད་ཅིང་གཉིས་ཀྱི་རྣམ་པས་སྟོང་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་ཐམས་ཅད་མཁྱེན་པ་རྣམས་ཀྱིས་གཞན་གྱི་དོན་དུ་འགོག ་པ་ལ་སྙོམས་པར་འཇུག་པ་ལྟ་བུ་ལས་སངས་པར་མཛད་དེ། སྨོན་ལམ་གྱི་རྗེ་སུ་དྲན་པའི་ཕྱིར་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ལེགས་པའི་བློ་གྲོས་སུ་ནི་ཆོས་དང་དོན་དང་། ངེས་ཚིག ་དང་སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཞི་ཐོབ་པས་སེམས་ཅན་མཐའ་དག་གི་བསམ་པ་དང་བག་ལ་ཉལ་བ་ཤེས་ཤིང་ཆོས་སྨྲ་བ་པོ་སྟོབས་དང་ལྡན་པའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པར་འགྱུརརོ།། ་ཆོས་ཀྱི་སྤྲིན་དུ་ནི་ས་བཅུ་པོར་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་མི་ཤེས་པ་སྤངས་པས་དར་ལས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་སྣང་ངོ་།། ཐམས་ཅད་མཁྱེན་པ་ལ་ནི་སྒྲིབ་པ་མེད་པ ་ཉིད་དེ་ཁྱད་པར་རོ།། ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་མི་ཤེས་པའི་རྒྱུད་ཐམས་ཅད་རྩ་བ་ནས་ཕྱུང་བ་མཆོག་ཏུ་ཡོངས་སུ་དག་ཅིང་འདོད་ཆགས་དང་བྲལ་བ་ཤེས་བྱིའི་སྒྲིབ་པ་སྤངས་པ། ཐམས་ཅད་མཁྱེན་པའི་ཡེ ་ཤེས་ཀྱི་རྣལ་འབྱོར་གྱི་དབང་པོ་གཟུགས་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པའི་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་གཞལ་དུ་མེད་པ ་རྒྱུརྒྱ་དང་འབྲས་བུས་རྒྱས་པ་རྣམས་ཀྱི་སའོ།། དེར་ཐམས་ཅད་མཁྱེན་པ་རྣམས་བཞུགས་ནས་ས་བཅུའི་རྒྱལ་ཚབ་ཀྱི་དབང་པོ་རྣམས་ལ་ཆོས་ཀྱི་སྤྲིན་གྱི་དབང་སྐུར་བར་མཛད་དེ། དེར་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག ་ཏུ་འགྱུར་རོ།། ཆོས་ལྔ་དང་བདག་མེད་པ་ཡོངསུ་ཤེས་ནས་དེ་ལྟར་སའི་གོ་རིམ་དུ་མཚམས་སྦྱོར་བ་ནི་འཕགས་པ་ས་བཅུ་པར་རྒྱས་པར་བཤད་པའོ།། ཆོས་ལྔ་པཱ་ནི་ལན་མང་པོར་བཤད་པས་ན་ད་ནི་དེ་དག་ལ་བདག ་མེད་པར་བཤད་པར་བྱ་སྟེ། མིང་དྲང་མཚན་མ་དང་རྟོག་པ་རྣམས་ནི་གཉིས་ཀྱི་རྣམ་པའི་ཕྱིར་རྨི་ལམ་དང་མྱིག་འཕྲུལ་ལ་སོགས་པ་བཞིན་དུ་མ་སྐྱེས་པ་སྟེ། དེ་དག་ནི་བརྟགས་པ་དང་གཞན་གྱི་དབང་དུ་བསྡུའོ།། ཡང ་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་གྲུབ་པར་བསྡུའོ།། མདོར་བསྡུས་ནཱ་ནཱི་ཀུན་ནས་ཉོན་མོངས་པ་དང་ཡོངསུ་དག་པའི་ཆོས་ཐམས་ཅད་ནི་བརྟགས་པ་དང་། གཞན་གྱི་དབང་དང་ཡོངསུ་གྲུབ་པའི་ནང་དུ་གཏོགས་སོ།། དེ་དག་དབྱེ ་ན་ནི་ཆོས་ལྔ་ཡོངསུ་གཟུང་བ་སྟེ། མིང་དང་མཚན་མ་དང་རྟོག་པའོ།། ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་སྣང་བ་དང་བཅས་པ་ལ་ཡེ་ཤེས་འཇུག་ཅིང་སྒྲོ་འདོགས་པ་ནི་མཚན་མའོ།། རྣམ་པ་དེ་ལྟ་བུ་གཟུགས་ལ ་མཛེས་པ་དང་མི་མཛེས་པར་རྟོག་པ་ནི་ཆོས་ལྔའི་ནང་དུ་གཏོགས་པའི་རྣམ་པར་རྟོག་པའི་ཁྱད་པར་རོ།། གསུམ་གྱི་ནང་དུ་གཏོགས་པའི་བརྟགས་པ་ནི་རྟག་པ་དང་བདག་དང་རྡུལ་ཕྲ་མོའི་རྫས་ལ་སོགས་པ་རྣམ་པར་རྟོག་པའི ་ཡུལ་མེད་དེ། མོ་ག་ཤམྦྷ་གྱི་བུ་ལ་སོགས་པ་རྣམ་པར་རྟོག་པ་བཞིན་ནོ།། སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་རྩམ་གྱི་ཡུལ་གྱི་དྲི་གཉིས་ཀྱི་ཁྱད་པར་ཕྱེ་བའོ།། ཡང་དག་པའི་ཡེ་ཤེས ་ནི་ཤེས་རབ་ཀྱི་དཔྱད་དེ། ཡང་དག་པར་ལྟ་བ་ལ་སོགས་པར་ལམ་གྱི་མཚན་ཉིད་དོ།། དེ་བཞིན་ཉིད་ནི་གཉིས་ཀྱི་རྣམ་པའི་བསྲེ་ད་པི་འགོག་པའི་མཚན་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤོས་གྲུབ་པའོ།། ཐམས་ཅད་མཁྱེན ་པ་ཉིད་ཀྱིས་ནི་རབ་ཏུ་ཕྱེ་སྟེ་བཤད་པར་མཛད་བཙུན་གཙོ་འཕགས་པ་བྱམས་པས་དབུས་མཐའ་རྣམ་པར་འབྱེད་པ་ལས་ནི་རབ་ཏུ་ཕྱེ་བ་བསྡུས་ཏེ་འཆད་པའོ།། ཐམས་ཅད་མཁྱེན་པས་ཞིབ་ཏུ་འཆད་པ་ནི་ཇི་ལྟར་སྔ་མིའི་ལོའུ ་ལས་འབྱུང་བ། ཀུན་ཏུ་བརྟགས་པ་རྣམ་བཅུ་སྟེ། གཞན་གྱི་དབང་ནི་རྣམ་པ་དྲུག། གྲུབ་པ་ལ་ནི་དབྱེ་བ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། གཟུགས་ནི་དབང་པོ་ལྔ་རྣམས་དོན་ཞེས་པར་རྣམ་པ་བཅུར་དགོངས་པའི་དོན་དུ་རྟག་གོ།། ་མིག་ལ་སོགས་པའི་ཤེས་པ་དྲུག་ནི་གཞན་གྱི་དབང་རྣམ་པ་དྲུག་གོ།། གྲུབ་པ་དབྱེར་མེད་པ་ནི་བསམ་པ་མེད་པ། སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་འཛིན་པ་དང་། གཟུང་བ་དང་། ་བྱ་བ་དང་། བྱེད་པ་དང་། སྐྱེད་པ་དང་། བསྐྱེད་པ་དང་། རྗོད་པ་དང་། བརྗོད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་གཉིས་སུ་རྣམ་པར་རྟོག་པ་མེད་པའི་ཕྱིར།། གཉི་སུ་མེད་པའི་ལ་ནི་རིག་པར་བྱ་བ་དང་། རིག་པའི་དངོས ་པོར་བདག་ཉིད་དུ་ཡང་མི་རྟོགས་ན། དབྱེ་བའི་རྣམ་པ་གང་ཞིག་འཛིན་པ་དང་། གཟུང་བའི་རྣམ་པ་དེ་ལ་གཉིས་ཀྱི་རྣམ་པར་འགྱུར་བའི་འབྱེད་པ་འཇུག་པ་ལྟ་ཞིག་ཅི་སྨོས་ཏེ། དེ་ལྟ་བུར་ཆོས་ལྔ་དང་བདག་མེད་པ་ཡོད ་སུ་ཤེས་པ་དང་། ས་བཅུ་རྟོག་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་གཉིས་སུ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ།། དེ་སྔ་ན་འཁོར་བ་པ་རྣམས་ཀྱི་ཀུན་གཞི ་རྣམ་པར་ཤེས་པ་འཇུག་པ་དང་། རྣལ་འབྱོར་པ་རྣམས་ཀྱི་གཉིས་ཀྱི་རྣམ་པ་ལྡོག་པ་སྟེ། དབང་ཐོབ་པ་ན་ཉོན་མོངས་པ་གཉིས་ཀྱི་རྣམ་པ་ལྡོག་གོ།། འཕགས་པ་ལངྒར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟུང ་པོ་ས་སྦྱར་བའི་ལེའུ་དྲུག་ལས་དེ་བཞིན་གཤེགས་པའི་སྙིང་པོ་དཔྱད་པའི་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གློས་ཆེན་པོས ་གསོལ་བ་བཏབ་པ་ལྔ། བདག་མེད་པ་གཉིས་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། མིང་དང་མཚན་མ་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ ་བཞིན་ཉིད་དེ།། དེ་བཞིན་གཤེགས་པ་བདག་གི་སོ་སོ་རང་གིས་རིག་པ་ལ་འཇུག་པ་དང་། དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་གང་དག་གིས་མིང་དུ་བརྗོད་ཅིང་འདི་ནི་གླང་པོ་དང་། རྟག་དང་ཤིང་རྟ་དང་། རྐང་ཐང་དང་། སྐྱེས་པ ་དང་། བུད་མེད་ལ་སོགས་པ་ཡིན་ཏེ། དེ་དེ་བཞིན་གྱི་འདི་ནི་གཞན་དུ་མ་ཡིན་ནོ་ཞེས་མཚན་མ་གསྩལ་བར་བྱེད་པ་དེ་ནི་རྣམ་པར་རྟགས་པའོ།། ཟློ་གས་ནནྡ་པོ་སྲུང་དག་ད་མ་ཤས་ནྀ་གང་གི་མཽང། ་མཚན་མ་མི་དམིགས་ཤིང་ཕན་ཚུན་གློ་བུར་དུ་བྱུང་བའི་ཕྱིར་རྣམ་པར་ཤེས་པ་མི་འཇུག་པ་རྟག་པ་མེད་པ་དང་ཆད་པ་མེད་པའི་ཕྱིར་མུ་སྟེགས་བྱེད་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་མི་བྱེད་པས་ཡང་དག་པའི་ཡེ ་ཤེས་ཞེས་བྱའོ།། གཞན་ཡང་བློ་གློ་ཆེན་པོ་ཡང་དག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དྲཔའི་སེམས་དཔའ་ཆེན་པོ་མིང་དངོས་པོར་མི་བྱེད་མཚོན་མ་དངོས་པོར་མི་བྱེད་དོ།། སྒྲོ་འདོགས་པ་དང་སྒྱུར་བའི་མཐོའི་གཉིས་སུ་དྲན་པར ་ལྟ་བ་རྣམ་པར་སྤངས་པ་མིང་དང་མཚན་མའི་དོན་མི་འཇུག་པར་ཤེས་པོ་དེ་ལྟ་བུ་ནི་དེ་བཞིན་ཉིད་འདི་ཡིན་པར་བཤད་དོ།། བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྣང་བ་མེད་པའི ་རྟོགས་པའི་སྤྱོད་ཡུལ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་འཐོབ་སྟེ། དེས་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དོང་ངན་སོང་གི་འགྲོ་བ་ཐམས་ཅད་རྣམ་པར་ལོག་པ་ཡིན་ཏེ་ཞེས ་བྱ་བ་ནི་སེམས་མཉམ་པར་མི་འཇོག་པའི་མ་རིག་པས་གཡེངས་ཏེ། གང་གིས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་མིང་དུ་བརྗོད་པ་སྟེ། དེ་ནི་མིང་དུ་འཛིན་པའོ།། གཟུགས་སྔོན་པོ་ལ་སོག ་པར་འཛིན་པ་ནི་དེའི་འཁྲུལ་པའི་མཚན་མའོ།། གང་གིས་བུད་མེད་དང་སྐྱེས་པ་ལ་སོགས་པ་མཛེས་པ་དྲང་མི་མཛེས་པའི་མཚན་མ་འཛིན་པ་ནི་རྣམ་པར་རྟོག་གོ།། དེ་ལྟར་འཁྲུལ་པའི་སེམས་རྣམ་པ་སྣ་ཚོགས་ཀྱིས ་རྣམ་པར་སྒྲོ་བཏགས་པའི་གཉིས་ཀྱི་རྣམ་པའི་གཞན་དཔུང་ལ་ཡང་མིང་དང་། མཚན་མ་དང་རྣམ་པར་རྟོག་པའི་ཆོས་སུ་འབྱེད་པ་རྣམས་ནི་འཁོར་བ་ལ་ཡོད་དོ།། ཡང་དག་པའི་ཡེ་ཤེས་དེ་ནི་གང་གི་ཚེ་ནི་ག་ཤེས་རབ་ཀྱིས་དཔྱད ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དེ་བཞིན་ཉིད་ལ་གནས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་སྟེ་ཞེས་པ་ནི་ཆོས་ལ་བདག་མེད་པ་འདི་ཡོངསུ ་ཤེས་པའི་ཕྱིར་ཞེས་བྱ་བ་སྟེ་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས་གསལ་བར་བཤད་པའོ།། དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་ལས་རྣམ་པར་ལོག་པ ་ཡིན་ཏེ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྣམས་རྟག་པ་དང་། གཅིག་པ་དྲང་བདག་དང་བདག་གི་དང་། ཕྱི་རོལ་གྱི་དྲན་ལ་མངོན་པར་ཆགས་པས་ཆོས་དང་གང་ཟག་ལ་བདག་མེད་པར་ཐར་པའི་རྒྱུ་མི་ཤེས་ཏེ་རྟག་པའི་བདག་ཏུ་ཆགས ་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པས་སྲེད་པའི་མེར་ཕྱེ་བ་མ་ལེབ་བཞིན་དུ་ལྟུང་ངོ་།། ཇི་ལྟར་རྡོ་རྗེ་ཕྲེང་བ་ལས་གསུངས་པ་གྲང་བ་དང་། ཚ་བ་དང་། ཐལ་བ་དང་། དྲི་མི་འཛིན་པ་ལ་སོགས་པར་ཐར་པ་ལ ་ནོར་པས་ལྟ་བས་གཞན་དག་ཀྱང་ལོག་པའི་ཤེས་པ་ལ་སྦྱོར་བར་བྱེད་པའོ།། ཡུང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གསུམ་པོ་ཆོས་ལྔའི་ནང་དུ་འདུས་སམ། འོན་ཏེ ་རང་གི་མཚན་ཉིད་དུ་གྲུབ་པ་འམ་ཅི་ལག་སྲ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གློས་ཆེན་པོ་འདི་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་བདག་མེད་པ་གཉིས་ཀྱང་འདུས།། དེ་ལྟ་མིང་དྲུང ་མཚན་མ་ནི་ཡོངསུ་བརྟགས་པའི་མཚན་ཉིད་དུ་ཤེས་པར་བྱའོ།། གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་ཞུགས་པའི་རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཞེས་བསྒྲགས་པ་ཉི་མ་དང་འོད་ཟེར་ལྷན་ཅིག་བཞིན ་དུ་དུས་གཅིག་ཏུ་བྱུང་བ་སྣ་ཚོགས་ཀྱི་མཚན་ཉིད་རང་གི་རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ནི་བློ་གྲོས་ཆེན་པོ་གཞན་གྱི་དབང་ཞེས་བྱའོ།། བློ་གྲོས་ཆེན་པོ་ཡང་དགེ་བའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིག ་པའི་ཕྱིར་རང་བཞིན་ཡོངསུ་གྲུབ་པར་ཤེས་པར་བྱའོ་ཞེས་བྱ་བ་ལ། མཚན་ནི་དབྱིབས་ཏེ། བུད་མེད་དང་སྐྱེས་པ་ལ་སོགས་པའི་གཟུགས་སོ།། དེ་ལྟ་མི་ནི་གདྲེས་པ་ཞེས་སམ་གོ་ཆ་ཞེས་བྱ་བ་ལ་སོགས་པས་སོ།། དེ་ལ་རྣམ ་པར་རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་འདུས་པའི་གཞན་གྱི་དབང་སྟེ། རྒྱུ་དང་རྐྱེན་གྱིས་བྱས་པ་ནི་སྔར་བཤད་པ་ལྟ་བུ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཅིང་།། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་པར་རོ།། ་གསུམ་གྱི་ནང་དུ་གཏོག་སྡུ་པ་བརྟགས་པ་ནི་ཡུལ་མེད་པ་སྟེ། ཇི་ལྟར་གསུངས་པ། བརྟགས་པ་ཡི་ནི་རང་བཞིན་གྱིས།། དངོས་པོ་ཐམས་ཅང་མ་སྐྱེས་སྟེ།། གཞན་དབྱུང་ལ་ནི་བརྟེན་ནས།། མི་རྣམས་རྣམ་པར་རྟོག་པ་སྐྱེ།། གང ་ཚེ་གཞན་དབང་རྣམ་རྟོག་གི། རྣམ་པར་སྤངས་ཏེ་དག་པ་ནི།། གྲུབ་པ་དེ་བཞིན་ཉིད་ཅེས་བྱ།། མདོ་སྡེ་མདོ་སྡེར་ངས་བསྟུན་ཏོ།། ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་ཡོངསུ་གྲུབ་པའི་རང་བཞིན་མི་འཇིག་པ་ཞེས་པ་ནི་ནམ ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་མི་དམིགས་པ་དེ་ན་ཡང་དག་པའི་ཡེ་ཤེས་ཀྱིས་མིང་དང་མཚན་མ་དང་། རྣམ་པར་རྟོག་པ་རྣམས་ཀྱིས་རྗེསུ་མི་དམིགས་པའི་ཕྱིར་དེ་བཞིན་ཉིད་ལ་གནས་པ་སྟེ། ་ཡོངསུ་གྲུབ་པའི་རང་བཞིན་བརྟན་པ་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བཞིན་དུ་གློ་བུར་གྱི་རྣམ་པ་དང་བྲལ་བ་མི་གཉིས་པ་དུས་ཐམས་ཅད་དུ་གནས་སོ།། མིག་ལ་སོགས་པའི་རྣམ་པར ་ཤེས་པ་བདུན་ནི་སྐད་ཅིག་པ་རྣམས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་སྐད་ཅིག་པ་འབྲེལ་པའི་རྟོག་པས་རྟགས་པ་སྟེ། གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ་ཡོངསུ་གྲུབ་པའི་རང་བཞིན ་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ།། ཇི་ལྟར་མི་འཇིག་པའི་ཕྱིར་ཞེ་ན། དུས་ཐམས་ཅད་ཀྱི་ཕྱིར་ཏེ། འཁོར་བའི་དུས་སུ། ལུས་དང་ལོངས་སྤྱོད་གནས་སྣང་བ། ཀུན་གཞི་ཀུན་དུ་འབྱུང་བ་སྟེ། རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ།། ། ་རྒྱ་མཚོ་རླབས་རྣམས་བཞིན་དུའོ་ཞེས་བྱ་བཨཱརྱ་ལྡན་དུ་མར་བཤད་པ་ཡིན་ཏེ། མཉམ་པར་མི་འཇོག་པའི་མ་རིག་པས་བདག་དང་བདག་གིར་ཆགས་ཕྲས་འཁོར་བར་འཇུག་གོ། བདག་དང་བདག་གིར ་འཛིན་པ་རྣམས་གཉིས་ཞི་བས་བདག་མེད་པ་གཉིས་སྐྱེའོ།། བློ་གྲོས་ཆེན་པོ་ཆོས་ལྔ་པོ་འདི་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ས་རྣམས་པར་དབྱེ་བའི་མཚམས་སྦྱར་བ་དང་ཞེས་བྱ་བ་ནི་བསོད་ནམས་དང ་ཡེ་ཤེས་ཀྱི་ཚོགས་ཀྱི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་སའི་མཚམས་སྦྱོར་བར་བཤད་དོ།། ཐེག་པ་ཆེན་པོར་བསྡུས་པའི་ཚིགས་བཅུད་ནི།། ཆོས་ལྔ་དྲུག་དང་རང་བཞིན་དང་།། རྣམ་ཤེས ་བརྒྱད་པོ་ཉིད་དག་དང་།། བླངག་མེད་རྣམ་པ་གཉིས་པོར་ནི།། ཐེག་ཚན་ཐམས་ཅད་འདུས་པ་ཡིན་ཞེས་བྱ་བ་ལས། ཆོས་ལྔ་ནི་མདོ་སྡེ་བརྩམས་ལུས་ལན་དུ་མར་བཤད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐམས་ཅད་མཁྱེན་པས་མཚན ་མ་དང་། གཟུགས་དང་དབྱིབས་སུ་བསྟན་པ་དེ་ལྟར་བཤད་པར་སྦྱར་བར་བྱ་སྟེ། བསྐྲད་པའི་མཐུས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་བ་སྟེ། དེ་ལ་མིང་ནི་གྲངས་པ་དང་གོ་ཆ་ཞེས་བྱ་བའོ།། གང་གྲིས་ཡི་གེ ་དང་། ཚིག་དང་བརྗོད་པའི་མཚན་ཉིད་རྗོད་ཅིང་སེམས་དང་སེམས་ལས་བྱུང་བའི་ཚོགས་དེ་ནི་རྣམ་པར་རྟོག་པའོ།། ཤེས་རབ་ཀྱིས་དཔྱོད་པའི་ཡང་དག་པའི་ཡེ་ཤེས་ཀྱི་གང་གི་ཚེ་སྦོམ་པོ་དང་ཕྲ་མོའི་མཚན་མ་མི་དམིགས ་པ་དེའི་ཚེ། མིང་དང་རྣམ་པར་རྟོག་པ་མི་འཇུག་ཅིང་གཉིས་ཀྱི་རྣམ་པར་བསླབ་པ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་པ་ཉིད་ཡོངསུ་གྲུབ་པ་གསེར་ལ་སོགས་པ་བཞིན་རྟག་པར་གནས་སོ།། རང་བཞིན ་ནི་ཆོས་ཀྱི་དབྱིངས་ཏེ། སྙིང་པ་དང་ཐར་པའི་གནས་དེ་བཞིན་གཤེགས་པའི་སྙིང་པོའོ།། རྣམ་གྲངས་སུ་ཀུན་གཞི་ཞེས་བྱ་བ་སྟེ། དེ་གཏོགས་པར་རྣམ་པར་ཤེས་པ་བརྒྱད་པོ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ་ཉོན་མོངས་པོ་ཅན་གྱི་ཡིད་དང་བདུན་ནོ།། བདག་མེད་པ་གཉིས་ནི་ཆོས་ལ་བདག་མེད་པ་དང་། གང་ཟག་ལྷ་བདག་མེད་པའོ།། ཆོས་ལ་བདག་མེད་པ་ནི་གཟུགས་ལ་སོགས་པའི་ཆོས་ཀྱི་དངོས་པོ་མེད་པའི་ཕྱིར་གཉིས ་སུ་མེད་པའི་ཡེ་ཤེས་སོ།། གང་ཟག་ལ་བྱུངག་མེད་པ་ནི་གང་སྐད་ཅིག་པ་ཡིན་པ་དེ་ཐམས་ཅངྒེ་སེ་ས་གྲོལ་གྱི་སྒྱུ་དང་འབབ་རྒྱུ་ལྟ་སྩོགས་པ་ལྟ་བུར་བདག་དང་གང་ཟག་ལ་སོགས་པར་བརྟགས་པའི་རྟག་པ་མེད།། ་མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ཏེ། རྟག་པ་ནི་རིམ་པ་དང་། ཅིག་ཆར་གྱིས་དོན་བྱེད་པར་འགྲེལ་བའི་ཕྱི་རི་བོང་གི་ར་ལ་སོགས་དུ་དངོས་པོ་མེད་དོ།། དེས་ན་སྐད་ཅིག་པ་མ་ཡིན་པ་ཅི་འདུ་མེད།། ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེ་གོལ་གྱི་སྒྲ་ལ་སོགས་པ་མ་གཏོགས་པར་གསེར་ལ་སོགས་པ་བཞིན་དུ་སྐད་ཅིག་མ་གཞན་དུ་མཚམས་སྦྱོར་བས་རྟག་པར་དགོངས་པའོ།། ཐམས་ཅད་མཁྱེན་པས་དགོངས ་པ་ངེས་པར་འགྲེལ་པའི་ངེས་པའི་དོན་གྱི་ཚུལ་དུ་གསུངས་པ་ནི། མིང་དང་མཚན་མ་ཀུན་རྟོག་པ།། རང་བཞིན་གཉིས་ཀྱི་མཚན་ཉིད་དེ།། ཡང་དག་ཡེ་ཤེས་དེ་བཞིན་ཉིད།། ཡོངས་སུ་གྲུབ ་པའི་མཚན་ཉིད་དོ་ཞེས་པ་སྟེ། གསུམ་གྱི་ནང་དུ་ལྔ་བསྡུ་བ་ནི་མིང་དང་། མཚན་མ་དང་། ཀུན་ཏུ་རྟོག་པ་རྣམས་བརྟགས་པ་དང་། གཞན་གྱི་དབང་རང་བཞིན་གཉིས་ཀྱི་མཚན་ཉིད་དོ།། ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད ་ནི་ཡོངསུ་གྲུབ་པའི་མཚན་ཉིད་དེ། ཡོངས་སུ་གྲུབ་པའི་ཕྱིར་གཉིསུ་མེད་པའི་ཡེ་ཤེས་ཀྱི་རང་བཞིནོ།། འཕགས་པ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ཆོས་ལྔ་དཔྱད ་པའི་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། གང་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས ་བསྟན་པ་བརྗོད་པ་ལས་དེ་བཞིན་གཤེགས་པ་འདས་པ་དང་མ་བྱོན་པ་དང་། ད་ལྟར་གྱི་གངྒཱའི་ཀླུང་གི་བྱེ་མ་རྙེད་དོ་ཞེས་གསུངས་ནཱ་ཞེས་བྱ་བ་ལ་སོགས་པ་ལ། བློ་གྲོས་ཆེན་པོས་ཅིར་དགྲོངས་ཞེ་ན། བྱེ་མའི་རྣམས་ལ་ནི་ཚད ་ཡོད་ཀྱི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཚད་མེད་དོ་ཞེས་དེ་ལྟར་བུར་གསོལ་བ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱ་སྟེ་ཞེས།། སྤྱི་བུང་བའི་སེམས་ཅན ་རྣམས་ལྔ་དེ་བཞིན་གཤེགས་པ་འཐོབ་པར་བྱ་བ་སླ་བའི་ཕྱིར་དཔེ་ཙམ་དུ་མང་པོ་བཞག་པར་གསུང་ངོ་།། ཨུ་དུམྦ་རའི་མེ་ཏོག་གི་དཔེས་ནི་རབ་ཏུ་དྲང་བ་རྣམས་ལ་ཐོབ་དཀའ་བར་གསུང་ངོ་།། དེས་ན་སྒྲ་ཇི་བཞིན་དུ་གཟུང ་བར་བྱ་སྟེ། དོན་གྱི་རྗེསུ་འབྲང་བར་བྱའི་ཡི་གེའི་རྗེསུ་འབྲང་བར་མི་བྱ་ཞེསོ།། སེམས་ཅན་གྱིས་བསམ་པ་དུ་མ་ལ་ཐབས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པས་བཤད་པའི་ཆོས་རྣམས་ནི་དགོངས་པའི ་དོན་ཐོ་དད་པ་དུ་མར་འཇུག་གོ།། དེའི་ཕྱིར་མཁས་པ་རྣམས་ཀྱི་དམ་པའི་ཆོས་ཇི་ལྟ་བུར་རིགས་པ་དེ་ལྟ་བུར་གཟུང་བར་བྱའོ།། གངྒཱའི་ཀླུང་གི་བྱེ་མའི་ཆོས་དང་མཐུན་པོར་ཐམས་ཅད་མཁྱེན་པས་སྒྲའི་དོན་དུ་མ་སྟོན་པར ་མཛད་པ་ནི་སངས་རྒྱས་རྣམས་མུང་བ་དང་། དག་པ་དང་མི་ཟད་པ་དང་། འཁྲུག་པ་མེད་པ་དང་། གཙང་བ་ཁོ་ན་ཏེ། དེ་ལྟར་ནི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་ཚིགཽ་གི་དབང་པོ་རྣམས་ཀྱི་དོན་དུ་མའི ་སྒྲ་རྣམས་འབྱུང་གི། དྲོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་གཉིས་སུ་མེད་ཅིང་བསམ་པ་མེད་ཅིང་། སྣང་བ་མེད་ཅིང་། ཡང་དག་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་པར་ནི་མ་ཡིན་ཏེ། དེར ་གཉིས་ཀྱི་རྣམ་པའི་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་མི་འཇུག་གོ། སྣང་བ་མེད་ཅིང་གཉིསུ་མེད་པ་དེ་ཁོ་ཉིད་དེར་དེ་བཞིན་གཤེགས་པ་རྣམས་ཀྱི་གངྒཱའི་བྱེ་མའི་ཁྱད་པར་དུ་སྣང་བ་དཔེར་འཇོག་པར་མིཛད་དོ།། འོན་ཀྱང ་བྱིས་པ་རྣམས་ལ་བྱེ་མ་ལ་སོགས་པའི་དཔེ་རྣམས་གསུང་ངོ་།། དེ་བཞིན་གཤེགས་པའི་སྙིང་པོ་སྤྱི་དང་ཁྱད་པར་དུ་དགོངས་པ་ན་མེ་ལྟ་བུར་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ ་སྙིང་པོ་ཅན་ཞེས་བཞག་གོ།། གཉིས་ཀྱི་རྣམ་པ་ལ་ནི་འབྱེད་པའི་ཐ་སྙད་ཡོད་ཀྱི་བརྗོད་དུ་མེད་པས་ན་སྐད་ཅིག་མའི་རྒྱུན་རྣམས་ལ་ནི་མེད་དོ།། དེའི་ཕྱིར་དེ་ལྟར་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་སྤངས་པས་གངྒཱའི་བྱེ་མ ་དང་འདྲ་བར་རྣམ་པར་རྟོག་པ་མེད་པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དངོས་པོ་དང་དངོས་པོ་མེད་པ། མཉམ་པས་མངོན་པར་རྟོགས་པ་ཞེས་པའོ།། དྲི་མ་དང་བྲལ་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི ་མུག་གི་དྲི་མ་མེད་པའི་ཕྱིརརོ།། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་བཤད་པ་ནི་ཆོས་མངོན་པ་ལས་རྒྱས་པར་རིག་པར་བྱའོ།། གནས་དང་གནས་མ་ཡིན་པའི་སྟོབས་ནི་ཐམས་ཅད་མཁྱེན་པ་རྣམས་ཀྱི་བླང་བ་དང་དོར་བའི ་ཡེ་ཤེས་སོ།། འཆི་འཕོ་དང་སྐྱེ་བ་ཤེས་པའི་སྟོབས་ནི་དུས་གསུམ་གྱི་ཡེ་ཤེས་ཀྱི་སྟོབས་ཏེ་ཞེས་བྱ་བ་ལ་སོགས་པའོ།། མཛའ་བ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་ཅན་དང་། ཉན་ཐོས་ཀྱི་སྐྱེ་བོ་རྣམས་ལ་བྱམས་པ ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་གསུངས་པའི་ཕྱིར་ཡེ་ཤེས་མཉམ་པ་ཉིད་དོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་སའི་རྡུལ་རྣམས་མེའི་ཁམས་དང་འབྲེལ་ཡང་མི་ཚིག་པ་བཞིན་དུ་ཆོས་ཀྱི ་སྐུ་མི་འཇིག་གོ།། དེ་བཞིན་གཤེགས་པའི་འོད་ཟེར་སྣང་བཟང་མེད་བྱ་ཞེས་བྱ་བ་ནི་མཐའ་མེད་པའི་འཇིག་རྟེན་གྱི་ཁམསུ་སྤྲུལྔ་པ་སྤྲོས་པ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་པའི་ཕྱིར་རོ།། སྲིད་པ་ཐམས་ཅད་དུ་འཇུག་པའི་རྒྱུ ་ཆད་པ་ཡིན་པས་ན་འཁོར་བར་འཇུག་པ་ཡང་མེད་ལྡོག་པ་ཡང་མེད་དོ་ཞེས་བྱ་བ་ནི་རྟག་པ་དང་བདག་ཏུ་ཆགས་པ་དང་། ལས་ཀྱི་མཐུ་ལས་སྲིད་པར་འཇུག་པར་འགྱུར། བདག་མེད་པར་འགྱུར་བདག་མེད་པ་གཉིས་ཡོངསུ ་ཤེས་པས་དེ་བཞིན་གཤེགས་པ་སྲིད་པར་འཇུག་པ་ནི་ཆད་དོ།། འོ་ན་ལྡོག་པར་ཅིས་ན་མི་འགྱུར། ཐུགས་རྗེ་སེམས་ཅན་གྱི་དྲོན་དུ་བཞུགས་བའི་ཕྱིར་རོ།། ཆོས་ནི་ལུས་མེད་དེ། ལུས་དང་ལྡན་པ་ལ་འཇིག་པ་ཡོད་ཀྱི་ལུས ་དང་མི་ལྡན་པ་ལ་ནི་མ་ཡིན་ནོ་ཞེས་པ་ནི་རྣམ་པ་དེ་ལྟ་བུའི་གཉིས་སུ་མེད་པའི་ཆུང་པ་ལ་དངོས་པོ་མེད་པའི་ཕྱིརརོ།། ཆོས་ཀྱི་དབྱིངས་ཀྱི་རང་གི་ངང་གི་སྨོན་ལམ་གྱི་བདེན་པ་མི་འདོར་རོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་སེམས་ཅན་མཐའ་དག་ལ་ཕན་པའི་སྨོན་ལམ་གྱི་བདེ་བ་ནི་ཆོས་ཉིད་ཐོག་མར་ཡོངསུ་མཁྱེན་པས་ཐུགས་རྗེ་ལོས་བྱུང་བ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའི་ཆོས་རྣམས་ལ ་སེམས་ཅན་རྣམས་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པས་སྡུག་བསྔལ་མྱོང་བ་དེ་དག་ལ་བདག་ཅག་གིས་ཡང་དག་པའི་ཡེ་ཤེས་རབ་ཏུ་ཆུད་པར་བྱའོ་ཞེས་བྱང་སེམས་སེམས ་པའི་ཚེ་ན། གང་སྨོན་ལམ་བཏབ་པ་དེ་ཉིད་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྱུང་ངོ་།། དག་པའི་དངོས་པོར་གྱུར་ལ་བདག་ཏུ་ཆགས་པ་དང་། འཇུངས་པ་དང་། གཞན་ལ་གནོད་པ་དང་། འདོད་ཆེན་དང ་ཁྲོ་བ་དང་། གཏི་མུག་དང་། གཡོ་དང་། སྒྱུ་དང་། ལེ་ལོའི་སྐྱོན་དང་བྲལ་བའི་དམ་པ་རྣམས་ལ་ནི་གཞན་ལ་ཕན་པ་མ་གཏོགས་པ་བྱ་བ་གཞན་ཅི་ཡོད། བདག་ཏུ་ཆགས་པ་རྣམས་ལ་ནི་བདག་གི་དོན་དུ་ཡོད་ཀྱི། གང་ལ་བདག་ཏུ ་ཆགས་པ་མེད་པ་དེ་ལ་གཞན་གྱི་དོན་ལོགས་པའི་ཆོས་ཉིད་དུས་ཀུན་ཏུ་རྣམ་པར་གནས་སོ།། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པ་སྤངས་པའི་ཕྱིར་ཡོངས་སུ ་མྱ་ངན་ལས་འདས་པའོ།། གཞན་ལ་ཕན་པ་མཛད་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ།། སེམས་ཅན་ཐམས་ཅད་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་མ་འདས་པ་དེ་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས ་ཐུགས་རྗེ་ཆེན་པོས་བཞུགས་སོ།། ཆོས་བསྟན་པ་ཐམས་ཅད་ཀྱང་མྱ་ངན་ལས་འདས་པ་འབབ་པའི་རྒྱུན་དུ་མཐུན་པར་འཇུག་པ་སྟེ་ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྟོན་པས་གང་ཟག་ལ་བདག ་མེད་པའི་མྱ་ངན་ལས་འདས་པའི་རྗེསུ་མཐུན་ནོ།། ཆོས་ལ་བདག་མེད་པོས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ཏེ། ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡོངསུ་མྱ་ངན་ལས་འདས་པའི་སངས་རྒྱས་ཁོ་ནའོ།། ་བློ་གློས་ཆེན་པོ་གང་གི་སེམས་སྣང་བའི་ཕྱི་རོལ་གྱི་དོན་ཡོངས་སུ་ཤེས་པས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་རྣམ་པར་རྟོགས་པའི་བག་ཆགས་ཀྱི་རྒྱུ་རྣམ་པར་ལོག་ཅིང་རང་གི་གནས་ཤིན་ཏུ་གྱུར་པའི་ཐར ་པ་ཡིན་ཏེ། བློ་གྲོས་ཆེན་པོ་འཇིག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་། བདག་དང་། གཙང་བ་དང་། བདེ་བའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤངས་ན་ཐར་བར་འགྱུར་ཏེ། ལོག་པའི་རྣམ་པར་རྟོག་པའི་རང་གི ་གནས་ཤིན་ཏུ་རབ་ཏུ་གྱུར་པ་ནི་ཐར་པ་ཡིན་གྱི། སེམས་འཇིག་པར་འགྱུར་བ་ནི་ཐར་པ་མ་ཡིན་ཏེ། གསེར་གྱི་དྲི་མ་མེད་པ་བཞིན་དུ་ཉོན་མོངས་པ་དང་བྲལ་ན་ཐར་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། ་འཁོར་བའི་ཐོག་མ་དང་། ཐུ་མའི་མཐའ་ནི་རྣམ་པར་རྟོག་པའི་ཁྱད་པར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ནི་ཁྱད་པར་དང་བྲལ་བའོ།། དེར་ནི་ཐོག་དང་། ཐ་མའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་ལ་འཇིག་པ་དང་སྐྱེ་བའི་རྣམ་པར་རྟོག ་པ་མེད་དོ།། སྐད་ཅིག་པའི་རྒྱུན་རྟག་པ་ཉིད་མྱོང་དུ་ཟིན་ཡང་བརྗོད་དུ་མེད་པའི་ཕྱིར་སྣང་བ་དང་བཅས་པའི་ཏིང་འཛིན་ལ་བཞུགས་པ་རྣམས་ཀྱི་ཆོས་བསྟན་པ་འབྱུང་ངོ་ཞེས་ལན་གྲངས་མང་པོར་བཤད་པའོ།། འཕགས་པ་ལང ་ཀར་གཤེགས་པའི་བཤད་པོ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པོ་ལས་གངྒཱའི་བྱེ་མ་དང་འདྲ་བར་དེ་བཞིན་གཤེགས་པ་དཔྱད་པའི་གསུམ་པའོ།། །། འཕགས་པ་བློ་གྲོས་ཆེན ་པོས་གསོལ་པ་ལ་ཅི་དགོངས་ཞེ་ན། ཁ་ཅིག་ནི་སྐད་ཅིག་པ་གཞན་དུ་ཕྱིར་མཚམས་སྦྱོར་བ་མེད་དེ། སེ་གོལ་གྱི་སྒྲ་ལ་སོགས་པ་ལྟ་བུར་དེ་དག་གསལ་བར་སྐད་ཅིག་པའོ།། མིག་ལ་སོཌ་པའི་རྣ ་ཤེས་པ་རྣམ་སྐད་སྡིག་པ་ཡིད་ཆེས་ན་གང་དག་ཡང་རི་ལ་སོགས་པ་གཟུང་བ་སྣང་བ་རྣམས་སྐད་ཅིག་པ་གཞོན་འདྲ་བའི་སེམས་སྐྱེད་པར་བྱེད་པ་དེ་དགྲ་ཐ་དང་མེད་ན་ཇི་ལྟར་སྐད་ཅིག་པར་རྟོག་པར་འགྱུར་སྐད་ཅིག་པ་དང་སྐུད་ཅིག ་པ་མ་ཡིན་པའི་ཐ་སྙད་ཇི་ལྟར་འཇུག་ཅེས་དེ་སྐད་བསྟན་པ་ཀུན་གཞི་དང་འཇུག་པའི་རྣམ་པར་ཤེས་པ་ལས་དགོངས་ཏེ། དེར་ཐམས་ཅད་མཁྱེན་པའི་ལན་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས ་ཆེན་པོ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཛག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཁོ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་ཟག ་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟིན་པ་དང་། མཱ་ཟིན་པ་རྣམས་ཡིན་ཏེ། བློ་གྲོས་ཆེན་པོ་མདོར་ན་ལེན་པའི་ཕུང་པོ་ལྔ་སྙེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་སེམས་དང་། ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་རྒྱས་པའི་སྐྱེ་བོ་རྣམས་ཀྱིས་དགེ་བ་དང་། མི་དགེ་བར་ཡོངསུ་བརྟག་སོ།། ཏིང་ངེ་འཛིན་གྱི་བདེ་བ་དང་། སྙོམས་པར་འཇུག་པ་རྣམས་ནི་ཞེས་བྱ་བ་འདོད་ཆགས་ལ་སོགས་པའི་ཉོན ་མོངས་པ་རྣམས་ནི་ཟག་པ་སྟེ། དེ་དག་ལཱུ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་རྣམ་མཱཾ་པར་གྲོལ་བྱས་ནཱ་ཟག་པ་མེད་པ་སྟེ། དགེ་བའི་ཆོས་རྣམས་ནི་ཐམས་ཅད་མཁྱེན་པས་གསལ་བར་བཤད་པའོ།། སེམས ་དང་ཡིད་དང་། ཡིད་ཀྱི་རྣམ་པརླ་ཤེས་པའི་བག་ཚོགས་རྟག་པའི་བྱིས་པ་རྣམས་ཀྱིས་མཐོ་རིས་དང་། ངན་སོང་གི་རྒྱུ་དགེ་བ་དང་དགེ་བ་བཅུ་སེམས་ཅན་ལ་ཕན་པ་དང་། གནོད་པའི་མཚན་ཉིད་ཅན་ལ་དགེ་བ་དང་མི་དགེ་བའི ་བག་ཆགས་ཡོངས་སུ་སྨིན་པའི་མཐུས་ཡོངསུ་བརྟགས་སོ།། རྨི་ལམ་བཟང་པོ་དང་རྨི་ལམ་ངན་པ་མཐོང་བ་ལྟ་བུར་བདེ་བོ་དང་། སྡུག་བསྔལ་རྣམ་པར་སྨིན་པར་སྣང་བས་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་སོ་སོར་སྣང་ངོ་།། ་དེ་ལ་སྐད་ཅིག་མའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་བདུན་རྣམས་འབྱུང་ངོ་།། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་བགྲི་པ་མེད་པའི་བག་ཆགས་ཀྱིས་བསྒོས་པས་སྐད་ཅིག་པ་མ ་ཡིན་ཏེ། སྐད་ཅིག་པ་གཞན་དུ་ཕྱིར་མཚམས་སྦྱོར་བས་རྟག་པ་དང་། ཆད་པ་དང་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་འབྱུང་ངོ་།། མུ་སྟེགས་ཅན་དང་། ཉན་ཐོས་ཀྱི་རྟག་པ་དང་། མི་རྟག་པར་བརྟགས་པར་རྣམ་པར་བཅད་པའི ་ཕྱིར་དེ་སྐད་ཅིག་པ་མ་ཡིན་པར་དགོངས་པའོ།། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལ། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་འདི་ནི་སྟོན་པས་བརྟགས་པའི་ཚིག་གོ་ཞེས་འབྱུང་སྟེ། དབང་པོ་ལ ་སོགས་པ་སུས་ཀྱང་མ་བྱས་པས་ན་འདུས་མ་བྱས་པའོ།། སྐད་ཅིག་མའི་རྒྱུན་དུ་འབྲེལ་པའི་ཕྱིར་འདུས་ཏེ་ལན་དུ་མར་བ་ཤད་པའོ།། ཟག་པ་དང་བཅས་པའི་བག་ཆགས་ཡོངསུ་སྨིན་པའི་ཕྱིར ་རྣམ་པར་ཤེས་པ་བདུན་ནི་སྐད་ཅིག་པ་རྣམས་སོ།། མིག་ལྔ་སོགས་པའི་རྣམ་པར་ཤེས་པ་ལྔ། མུ་སྟེགས་ཅན་རྣམས་ཀྱིས་རྗེསུ་དཔག་པ་སྟེ། རང་གི་སེམས་སྣང་བྱ་མ་རྟོགས་པའི་ཕྱིར་ཏེ། འགྲག་པ་ན་ཡིད་ཀྱི་རྣམ་པར ་ཤེས་པ་ཁ་དོག་དང་། ང་རོང་དང་། དབྱིབསུ་ཉེ་བར་སྐྱེ་བ་ནི་དགེ་བ་དང་། མི་དགེ་བའི་བུག་ཆགས་འགགས་པར་མ་གྱུར་གྱི་བར་དུའོ།། ནམ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་མི་དམིགས་པ་དེ་ན་ཀུནྡུ་གཞི་རྣམ ་པར་ཤེས་པ་ཤིན་ཏུ་གྱུར་ཏེ། འདོད་ཆགས་ལ་སོགས་པའི་མཚན་མ་གཟུགས་མཛེས་པ་དང་། མི་མཛེས་པ་ལ་སོགས་པ་མི་དམིགས་ཏེ། དེའི་ཚེ་ཟག་པ་མེད་ཅིང་རྟག་པའི་བག་ཆགས་ཀྱིས་བསྒོས་པ་མི་འགྱུར་པར ་འགྲུབ་པས་གྲུབ་པའི་ཕྱིར་མི་ལྡོག་གོ།། རྡོ་རྗེ་དང་གསེར་ལ་སོགས་པ་ལྟ་བུར་རྟག་པ་སྟེ། ལོག་པའི་རྣམ་པར་རྟོག་པ་སྦྱངས་པས་བསྐལ་པར་བཞག་ཀྱང་ཟད་པ་མེད་པ་ལྟ་བུ་སྟེ། རྟག་པ་དང་བདགཱ་དང་གཅོད་བའི་དངོས་པོ་ཕྱིན་ཅི་ལམ ་པ་རྣམས་ཀྱིས་དེའི་ཕྱིར་ཡང་ཉོན་མོངས་པར་མི་འགྱུརརོ།། མི་རྟག་པ་དང་བ་ངག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་ཆོས་རྣམ་པར་རྟོག་པས་ཆོས་ཡོང་སུ་དག་པའི་རྗེསུ་འབྲང་བའི་ཐུགས་རྗེ་སྟེ། ་ལྟར་ན་ཆོས་སྟོན་པ་ཡང་སྟོན་པ་ཡང་འབྱུང་ངོ་།། དེས་ན་ཉོན་མོངས་པའི་རྣམ་པར་རྟོག་པ་ནི་སྤང་གི། དགེ་བ་ནི་མ་ཡིན་ཏེ། དེའི་ཕྱིར་སྟོན་པ་དེ་ལ་ཉོན་མོངས་པ་ཀུན་ཏུ་རྟོག་པ་མེད་དེ། སྒྲིབ་པ་ཟད་པས་འགྲོ་བ་ལ་ཕན་པ་དང ་རྗེ་སུ་མཐུན་པའི་དགེ་འདུན་པ་སུསྲ་དགག། ཇི་ལྟར་མདོ་སྡེ་འདིར་གསུངས་པ།། མཚན་ཉིད་དང་ནི་བྱ་བ་དང་། དངོས་པོར་མྱ་ངན་ང་མི་འདའ།། རྣམ་རྟོག་རྣམ་ཤེས་བཟློག་པ་ན།། དྷ་ནི་མྱ་ངན་འདས་པའོ་ཞེས་པ་སྟེ། དེར་ནི། ་ཐམས་ཅད་མཁྱེན་པས་ལོག་པའི་རྣམ་པར་རྟོག་པ་སྤོང་བར་དགོངས་པ་སྟེ། གཞན་དུ་ནི་གསོལ་བའི་ལན་དུ་ཆོས་སྟོན་པ་ཇི་ལྟར་ན་འབྱུང་། འཕགས་པ་ལངྒར་གཤེགས་པའི་བཤུད་པ་ཡེ་ཤེས་དཔལ་བཟང་པོས ་སྦྱར་བའི་ལེའུ་དྲུག་པ་ལས་སྐད་ཅིག་མར་འཇིག་པ་དཔྱད་པ་བཞི་པའོ།། །། ཡང་བློ་གྲོས་ཆེན་པོས་གསོལ་པ། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས ་རྫོགས་པར་བྱས་ནཱ་སངས་རྒྱས་ཐོབ་པར་འགྱུ་རོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བ་དེར་ཐམས་ཅད་མཁྱེན་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཁྱད་པར་རྒྱས་པར་གསུངས་པ་སྟེ། བདག་དང་བདག་གིར་མངོན་པར་ཆགས ་འབྲས་བུ་རེ་བ་ནི་འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ།། འཇིག་རྟེན་ལས་འདས་པ་ནི་ཕྱི་རོལ་ཏུ་མངོན་པར་ཚོགས་ཏེ་འབྲས་བུ་རེ་བར་ཞུགས་པ་ན། འཕགས་པ་ཉན་ཐོས་རྣམས་ཀྱིའོ།། ་བློ་གྲོས་ཆེན་པོ་འཇིག་རྟེན་ལས་འདས་པའི་མཆོག་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྣ་ཆོག ་ཀྱི་བགྲ་ཆགས་ལས་སྐྱེས་པའི་རང་གི་སེམས་སྣང་བའི་རྣམ་པར་རྟོག་པས་རྟག་པ་དང་། མི་རྟག་པ་དང་། མཛེས་པ་དང་། མི་མཛེས་པ་ལ་སོགས་པར་འཛིན་པ་སྟེ། ཤེས་རབ་ཀྱིས་གཞིགས་པ་ན་ཕྱི་རོལ་གྱི་དོན་མི་མཐོང་ངོ་།། ་དེའི་ཕྱིར་དེ་ལྟར་རང་གི་སེམས་གཟུགསུ་སྣང་བ་ལ་མཚན་ཉིད་རྣམས་ཀྱི་སྲ་བ་དང་གཤེར་བ་ལ་སོགས་པའི་མཚན་ཉིད་དུ་ན་དེ་ལྟར་མངོན་པར་ཆགས་པའི་འབྱུང་བ་ཆེན་པོ་རྣམས་ལ་མངོན་པར་ཆགས་པར་མི་བྱེད་དོ།། དེ་ལྟར་ཕྱི ་དོན་དུ་མངོན་པར་ཆགས་པ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འགྱུར་རོ།། སེམས་ཅན་རྣམས་ཀྱི་སྣང་བའི་ཚུལ་ཇི་ལྟར་བ་བཞིན་དུ་དེ་དག་ལས་ཕན་པ་དང་བ ་བར་འབྱུང་ངོ་།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་དང་། ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་རྣམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བར་ཆོས་དང་གང་ཟག་ལ་བདག ་མེད་པ་རྟོགས་ཤིང་ཕྱི་རོལ་གྱི་དོན་དུ་མངོན་པར་ཆགས་པ་མེད་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཡང་ཐོབ་པར་འགྱུརརོ།། ཆོས་དང་གང་ཟག་ལ་བདག་མེད་པར ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། ཇི་ལྟར་ཐམས་ཅད་མཁྱེན་པས་སྐད་ཅིག་འཇིག་ཅིང་ཐོག་མ་དང་ཐ་མའི་མཐའ་སྟོང་པ་རང་བཞིན་གཉིས་ཀྱིས་ཀྱང་སྟོང་ཞིང་བྱ་བ་དང་བྱེད་པ་པོ་དང་འབྲེལ་ཏོ།། སྐྱེ་བ་དང་། སྐྱེད་པ་དང་། སྐྱེ་བ་དང་། ་གནས་པ་དང་། འགོག་པ་ལ་སོགས་པ་ལྷག་པའི་ཆོས་དང་བྲལ་བ་མི་གཉིས་པ་སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་བརྗོད་དུ་མེད་པར་གསུངས་པའོ།། སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པར་རྟག་ན་དགོངས་པ་ངེས་པར་འབྲེལ ་པ་ལས། ཇི་ལྟར་འདུས་བྱས་དང་། འདུས་མ་བྱས་པར་འབྱུང་བ་དེ་ལས་འདིར་ཡང་དགོངས་པ་ཡོངསུ་ཤེས་པར་བྱ་སྟེ། གཞན་དུ་ན་ཆོས་ཉིད་དང་འགལ་བར་འགྱུར་རོ།། དེའི་ཕྱིར་དགོངས་པ་བཤད་པར་བྱ་སྟེ། སྟོང་པ་མི་རྟག ་སྐད་ཅིག་པར།། འདུས་བྱས་ལ་ནི་བྱིས་པ་རྟོག། འབབ་ཆུ་མོར་མེ་ས་བོན་དཔེས།། སྐད་པའི་དོན་དུ་རྟོག་ཅེས་པ་སྟེ། འབབ་ཆུ་དང་ས་བོན་ལ་སོགས་པ་གཉིས་ཀྱི་རྣམ་པ་ཅན་ནི་སྐྱེ་བ་ན་མེད་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས ་བྱ་བཞིན་དུ་གཞན་གྱི་དབོང་ནི་རྣམ་པ་སྣ་ཚོགས་ནོར་བྱའི་རྣམ་པ་རྣམས་ནི་མེད་པས་ན་དེར་བྱིས་པ་རྣམས་ཀྱིས་སྐད་ཅིག་པ་དང་། སྐད་ཅིག་བླ་མ་ཡིན་པར་ཅི་ཞིག་རྣམ་པར་རྟོག་ཅེས་ཐམས་ཅད་མཁྱེན་པས་དགོངས་པའི ་དོན་དུ་བརྟག་གོ།། འོན་ཏེ་གཞན་གྱི་དབང་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་རྣམས་ལ་སྐྱེ་བ་མེད་ནོ་ཡོངསུ་གྲུབ་པ་གཞན་ལ་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ན་ཇི་ལྟར་ན་ཡོད་པར་འགྱུར་ཞེས་དེ་སྐད་དུ་ཐུགས་དོགས་ནས ་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། བྱེད་པ་མེད་ཅིང་སྐད་ཅིག་པ།། དབེན་པ་མེད་པ་སྤངས་པ་དང་།། ཆོས་རྣམས་སྐྱེ་བ་མེད་པ་ནི།། སྐད་ཅིག་དོན་དུ་ངས་བཤད་དོ་ཞེས་བྱ་བ་ནི་ཡོངསུ་གྲུབ་པ་ལ ་ཐམས་ཅད་མཁྱེན་པས་དོན་དམ་པར་སྐད་ཅིག་ཏུ་འཇིག་པ་འགྲུབ་པ་སྟེ། གཉིས་སུ་མེད་པའི་ཡང་དག་པར་རིག་པ་དེ་ལ་གནོད་པ་མེད་ཅིང་རང་བཞིན་གཅིག་པའི་ཕྱིར་ན་ཡོད་དོ།། ཆོས་ཐམས་ཅད་ལ་མི་བྱེད་པ་མེད་དེ། བྱེད ་པཔ་གང་གིས་ཀྱང་སུ་ཡང་མི་བྱེད་དེ། ནམ་སྐད་ཅིག་པ་གཅིག་པ་དེ་ནི་སྐད་ཅིག་པ་གཉིས་པོ་མེང་ན་སུ་ཞིག་བྱ་བ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པར་འབྱུང་། ཇི་ལྟར་ལོང་སྟོན་པ་པོ་རྣམས་ཀྱིས་བྱེད་པ་པོ་ནི་རང་དབང་ཅན་དང ་བྱ་བ་འདོད་པའི་གཙོ་བོ་ནི་ལུས་དང་། སྒྲུབ་པའི་མཆོག་ནི་བྱ་བ་ལ་སོགས་པར་རྟོགས་པ་ནི་རྒྱུན་རྟག་པར་བརྟགས་ཏེ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འདིས་བྱེད་དོ་ཞེས་ནི་རིག་སོ།། གང་ཡང་བྱ་བ་དང་བྱེད་པ་པོ་གཉིས་ལས ་དདོབེན་ཞིང་མི་གཉིས་པ་དེ་ནི་བྱ་བ་དང་བྱེད་པ་པོར་འབྱེད་པ་དང་བྲལ་བས་ན་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་རིམ་གྱིས་ཆོས་རྣམས་སྐད་ཅིག་པ་ལ་མེད་དོ།། བདག་མེད་པ་གཉིས་ལ་ཡང་མེད་དེ། ལན་དུ ་མར་སྒྲུབ་པའོ།། དེས་ན་ཆོས་རྣམས་སྐྱེ་བ་མེད་པ་ནི་སྐད་ཅིག་པའི་དོན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ།། རྟེན་ཅིང་འབྲེལ་ཏེ་བྱུང་བ་ནི།། བྱུང་བ་མེད་ཅེས་སེངྒའི་སྒྲ།། དེ་ཉིད་སྒྲུབ་པར་མཛད་པས་ན།། སྐྱེས་མ ་ཐག་ཏུ་འཇིག་པར་ནི། ཁྱིས་པ་རྣམས་ལ་ང་མི་འཆང།། དངོས་པོ་རྣམས་ནི་རྣམ་རྟོག་པ།། བར་ཆད་མེད་པར་འགྲོ་བར་གཡོ་ཞེས་པ་སྟེ། སྐྱེས་མ་ཐག་ཏུ་ཇིག་པའི་སྐད་ཅིག་པ་གཅིག་གི་རིམ་ཐམས་ཅད་མཁྱེན་པ་རྣམས ་ཀྱིས་བྱིས་པ་རྣམས་ལ་མི་འཆད་དོ།། ཇི་ལྟར་ཞེ་ན། སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པའི་ཆོས་རྣམས་ནི་རྒྱུན་དུ་ཞུགས་གནས་པ་ལ་འཆང་དོ་ཞེས་དགོངས་པའི་དོན་དུ་བརྟག་གོ།། སེམས་ནི་འབྱུང་བར་བྱེད ་པ་ཡི། རྒྱུ་ནི་མ་རིག་དེ་ཡིན་ཏེ།། ཇི་སྲིད་གཟུགས་དག་མི་ཤེས་པ།། དེ་སྲིད་བར་དུ་དེ་གནས་ཅི་ཞེས་བྱ་བ་ནི་འདིས་འདི་བྱེད་དོ་ཞེས་བྱེད་པ་དང་བྱེད་པ་པོར་འབྲེལ་ཏེ་དངོས་པོ་རྣམས་ཀྱིས་རིམ་འགྲོ་བ་ན་རྣམ་པར་རྟོགས་ས ་གཡོ་བ་དེ་ནི་སེམས་ཅན་རྣམས་ཀྱི་མ་རིག་པ་སྟེ། བྱེད་པ་པོ་རང་དབང་ཅན་གྱིས་གནས་པའི་ལས་བྱུང་ངོ་ཞེས་བྱེད་པ་དང་། བྱེད་པ་པོར་རྟོག་པ་སྟེ། དེ་ལྟ་བུར་རྟག་པ་དང་། བདག་དང་། བྱེད་པ་པོ་ལ་མངོན་པར་ཆགས་པའི་ཕྱིར། ་འཁོར་བར་གདག་སོ།། སྐད་ཅིག་ཏུ་འཇིག་པ་ཡོངསུ་ཤེས་པས་ནི་བདག་ཏུ་ཆགས་པ་མྱེད་པར་འགྱུར། བདག་ཏུ་ཆགས་པ་མེད་ན་ལྗོངས་སྤྱོད་ཀྱི་དོན་དུ་ལས་མི་བྱེད་དོ།། སྐེམྦྷས་རྣམས་རྣམ་པ་སྣ་ཚོགས་བསྐྲད་པས ་བ་དང་། སྡུག་བསྔལ་དུ་འབྱེད་པས་དབྱེ་བ་ན་སྐད་ཅིག་ཏུ་འཇིག་པ་མངོན་སུམ་དུ་གྲུབ་བོ།། དེར་གླེངས་པ། གལ་ཏེ་ཐམས་ཅད་སྐད་ཅིག་ཏུ་འཇོག་ན་དུས་གཞན་དུ་ངོ་ཉིད་འདི་ཡིན་ནོ་ཞེས་པར་ཇི་ལྟར་ན་འགྱུར། དེ་ནི་འདྲ་བའི ་སྐད་ཅིག་པ་གཞན་འབྱུང་བའི་ཕྱིར་ཤེས་པ་འཇུག་སྟེ། སྒྲ་དང་རྩ་ལ་སོགས་པ་བཅད་ནས་སྐྱེ་བ་ལྟ་བུ་ཡིན་གྱི་སྒྲ་ལ་སོགས་པ་བཞིན་དུ་འདྲ་བའི་སྐད་ཅིག་པ་གཞན་མཚམས་སྦྱོར་བ་མེད་པར ་ཐམས་ཅད་སྐད་ཅིག་པ་མ་ཡིན་ནོ།། དེ་བཞིན་དུ་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ལ་དགོངས་ཏེ་ཐམས་ཅད་མཁྱེན་པས་མཚམས་སྦྱོར་གནས་སྟོན་པར་མཛད་པ། རྣལ་འབྱོར་ཅན་གྱི་སྙོམས་འཇུག་དང་།། གསེར་དང ་རྒྱལ་བའི་རིང་བསྲེལ་དང་།། འོད་སྣང་གནས་ཀྱི་གཞལ་མེད་ཁང་།། འཇིག་རྟེན་རྒྱ་ཡིས་འཇིག་པ་མེད་ཅེས་པ་སྟེ། རྒྱས་བཏབ་པ་སྐད་ཅིག་མིའི་རྒྱན་དུ་བསྐལ་པར་འཁོར་བར་ཡང་གནས་ཏེ། ཇི་ལྟར་གསེར་དང་། བདེ་བར ་གཤེགས་པའི་རླུང་བསྲེལྔ་དང་། རྡོ་རྗེ་རིན་པོ་ཆེ་དང་། འོད་སྣང་བའི་གཞལ་མེད་ཁང་དང་། འགོག་པ་ལ་སྙོམས་པར་འཇུག་པའི་ལུས་ལ་སོགས་པ་བསྐལ་པའི་གནས་བརྟན་ནོ།། ཁ་ཙག་ནི་སྐད་ཅིག་པ་གཞན་དུ་སྟོད ་པ་མེད་པར་སྤྱད་ཅིག་པ་དེ་ཉིད་ལ་སེ་གོལ་གྱི་སྒྲ་ལ་སོགས་པ་ལྟ་བུར་རྣམ་པར་འཇིག་གོ། གནས་པ་རྣམས་དང་ཐོབ་པའི་ཆོས།། སངས་རྒྱས་ཡེ་ཤེས་ཕུན་སུམ་ཚོགས།། དགེ་སློང་ཉིད་དང་ཤེས་ཐོབ་རྣམས།། སྐད་ཅིག་མར ་ནི་ཇི་ལྟར་མཐོང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་རྒྱུན་རྟག་པས་རྟག་པ་ཉིད་དུ་དགོངས་པའོ།། གལ་ཏེ་དེ་དག་རྣམས་ཀྱང་སྐད་ཅིག་པ་གཅིག་ཏུ་གནསུ་ཟིན་ན་ནི་དེའི་ཚེ་འདོད་ཆགས་བྲལ་བ་ནི་འདོད་ཆགས་དང་མ་བྲལ་བ། ་ན་དང་། ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཁོ་ན་དང་དགེ་སློང་ནི་དགེ་སློང་མ་ཡིན་པ་ཁོ་ནའི་གླགསུ་འགྱུརརོ།། གལ་ཏེ་འདྲ་བའི་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མེད་པར་འགྱུར་ན་ནི་དེས་ན་སྐད ་ཅིག་པའི་རྒྱུན་ཆད་པར་འགྱུར་རོ།། དེའི་ཕྱིར་དགོངས་པས་སྐད་ཅིག་པ་ཁོ་ན་མ་ཡིན་ལྔ། མུ་སྟེགས་བྱེད་པའི་རྒྱུ་ལྟ་བུར་རྟགས་པའི་དངོས་པོར་ཡང་མ་ཡིན་ནོ།། དྲི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ།། སྒྱུ ་མ་དྲི་ཟའི་གྲོང་ལ་སོགས།། གཟུགས་རྣམས་ཇི་ལྟར་སྐད་ཅིག་པ།། འབྱུང་བ་མ་ཡིན་གཟུགས་རྣམས་དང་།། འབྱུང་བ་དེ་དག་གང་དུ་སོང་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས ་སུ་སྣང་བ་རྣམས་དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་དང་། རྨི་ལམ་ལ་སོགས་པ་སྣང་བ་བཞིན་དུ་གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་མ་སྐྱེས་པས་ན་དེར་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ནར་ཅི་ཡོད། སྔར ་བཤིད་པ་བྱིནི་ན་རིག་པར་བྱའོ།། དེ་དེ་ལྟར་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་པས་རྟག་པ་དང་། བདག་དང་ཕྱི་རོལ་གྱི་དོན་དུ་མངོན་པར་ཆགས་པ་མེད་པའི་ཕྱིར་མུ་སྟེགས་བྱེད་དང་། ཉན་ཐོས་རྣམས་ལས ་ལྷག་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་པའི་ས་རབ་ཏུ་དགའ་བ་འཐོབ། བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་དམ་པ་ལ། རྣལ་འབྱོར་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད ་དང་ཉན་ཐོས་ཀྱི་རྣལ་འབྱོར་ལ་མཆོག་ཆོས་དང་གང་ཟགས་ལ་བདག་མེད་པ་རྟོགས་པའི་ཕྱིར་སའི་དབང་པོ་རྣམས་རྣལ་འབྱོར་དམ་པ་ལ་རྣལ་འབྱོར་པ་ཡིན་ནོ།། གང་དམིགས་པ་དེ་ཉིད་ལ་རྣམ་པར ་རྟོག་པ་མི་འཇུག་པར་སྒོམ་པ་དེ་ནི་ཚུལ་ཁྲིམས་ཏོ།། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ཀྱི་དངོས་པོ་མེད་པས་མཛེས་པ་དང་། མི་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འཇུག་པའི་ངང་ཚུལ་དུ་བྱེད་དེ ་ནམ་ཤེས་རབ་ཀྱིས་དཔྱད་དེ་ནས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞོགས་ཏེ་མི་དམིགས་པ་དེ་ན། གཉིསུ་མེད་པ་ཡོངསུ་ཤེས་པ་དེ་ཚུལ་ཁྲིམས་ཡིན་ཏེ། དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་གཟུང་བ་དང་འཛིན ་པ་ཡོངསུ་ཤེས་ནས་རྣམ་པར་རྟོག་པ་དེ་མྱི་འཇུག་པར་བཟོད་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་འཛིན་པ་དང་། གཟུང་བའི་གཉིས་ཀྱི་རྣམ་པར་སྟོང་པ་ཉིད་རྣམ་པར་ཡོངསུ་ཤེས་ནས་རྣམ་པར་རྟོག་པ་མི་འཇུག ་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་གང་གིས་ནམ་གྱི་ཆ་སྟོང་དང་། ནམ་གྱི་ཆ་སྨད་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་མཐུན་པར་མཐོང་བས་རྣམ་པར་རྟོག་པ་ལྡོག་པའི་ཕྱིར། དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ ་ཏུ་ཕྱིན་པའོ་ཞེས་པ་ནི་ནམ་ཤེས་རབ་ཀྱིས་དཔྱོད་པའི་བརྩོན་འགྲུས་ཀྱིས་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ཏེ། མི་དམིགས་པ་དེ་ན་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་གང་རྣམ་པར་རྟོག་པ་བཟློག་པའི་ཕྱིར་མུ་སྟེགས་ཅན་གྱི་མྱ་ངན་ལས་འདས་པར་འཛིན་པར་མི་ལྟུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངསུ་ཤེས་པས་རྟག་པ ་དང་། བདག་དང་ཕྱི་རོལ་གྱི་དོན་རྣམ་པར་བཟློག་པའི་ཕྱིར་མུ་སྟེགས་ཅན་གྱི་མངོན་པར་ཆགས་པར་ལྟུང་བར་མི་འགྱུར་བ་དེ་ནི་གཉིསུ་མེད་པའི་བསམ་གཏན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནུམ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་མེད་པ་དང་། བློ་རབ་ཏུ་འབྱེད་པའི་བར་དུ་རབ་ཏུ་ཕྱེ་ན་མཐའ་གཉིསུ་མི་ལྟུང་ཞིང་གནས་རབ་ཏུ་གྱུར་པ་སྔོན་དུ་འགྲོ་བ་མྱི་འཇིགས་པས་བདག་གི་འཕགས་པ ་སོ་སོར་རུང་བཱི་རིག་པ་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རང་གི་སེམས་ཀྱི་རྣམ་པར་རྟོག་པའི་དངོས་པོ་མེད་པར་གྱུར་པ་སྟེ། ནམ་བློ་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་དཔྱད། ་ཕྱི་རོལ་གྱི་དོན་རབ་ཏུ་ཕྱེ་བས་སྦོམ་པོ་དང་ཕྲ་མ་རྣམ་པར་གཞིག་ཅིང་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་མི་ལྟུང་ཞིང་མི་དམི་རུ་བ་དེ་ནི་དམི་གླུ་མེད་པའི་ཚུལ་གྱིས་འཛིན་པ་དང་གཟུང་བའི་ཤེས་པའི་ལོག་པར་གྱུར་ཏེ ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ལ་གནས་པར་འགྱུར་རོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་ཅིང་མཚན་མ་མེད་པ་སྟེ། ཤེས་རབ་དང་ཐབས་དང་སྨོན་ལམ་དང ་སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོག་མར་བྱས་པ་ལས་རབ་ཏུ་ཕྱེ་བ་སྟེ། ས་བཅུའི་དབང་པོ་རྣམས་ཀྱི་བདག་དང་གཞན་ལ་ཕན་པ ་ས་བཅུར་འབྱེད་པ་རྣམས་ཀྱིས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་དབྱེ་བས་ཕྱེ་བ་ནི་སངས་རྒྱས་ཉིད་འཐོབ་པའི་ཕྱིར་འཇུག་གོ།། དེ་ལྟར་ན་དེས་ཐམས་ཅད་དུ་ཁྱབ་པར་གྱུར་པ་སྟེ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དཔྱད་པའོ།། འཕགས་པ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོ་སྦྱར་བའི་ལེའུ་དྲུག་པ་ལས་ས་དང་ཕ་རོལ་ཏུ་ཕྱིན་པ་དཔྱད་པ་ལྔ་པའོ།། །། དེ་ནས ་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་རྣམས་ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ་ཞེས་པ་ལ། ཅིའི་སླད་དུ་བཅོམ་ལྡན ་འདས་ཀྱིས་དགྲ་བཅོམ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཞེས་བྱ་བ་དེ་ལ་ཅི་དགོངས་ཤེ་ན། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང ་པོ་བས་ན་འདོད་ཆགས་དང་བྲལ་བ་རྣམས་ནི་སངས་རྒྱས་སུ་གདོན་མི་ཟཞེས་སོ།། ཐམས་ཅད་མཁྱེན་པས་ཀྱང་བསམ་པའི་དོན་ལ་གསུང་བར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡོངསུ་མྱ་ངན་ལས་འདའ་བར ་འདོད་པ་བསལ་བའི་དོན་དུ་ཉན་ཐོས་རྣམས་ལ་སངས་རྒྱསུ་དེ་བཞིན་གཤེགས་པར་འགྱུར་བར་ལྷུང་བསྟན་ཏོ།། དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པ ་སྤངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངསུ་མྱ་ངན་ལས་འདས་པ་དེའི་བར་དུ་བཅོམ་ལྡན་འདས་ཀྱིས་ཡི་གེ་གཅིག་ཀྱང་མ་གསུངས་མ་བཤད་ཅེས་བྱ་བ་དེར་དགོངས་ཏེ་གསུངས་པའི་དོན་ཐམས་ཅད་མཁྱེན་པས་གསུངས་པ་ནི ་ཇི་བཞིན་དུ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་སྟོན་པ་དེ་བཞིན་དུ་ངས་ཀྱང་ཆོས་དེ་ཁོ་ན་ཉིད་བཤད་ཀྱི། སྔར་མེད་པ་ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་དགོངས་པའོ།། དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ ་པར་བཞག་པ་ལགས་ཏེ། མི་རྟོག་མི་དཔྱོད་པར་འཕྲུལ་པ་དག་ཀྱང་སྤྲུལ་ནས་དེ་དག་གིས་དེ་བཞིན་གཤེགས་པའི་བྱ་བ་མཛད་དེ་རྣམས་པར་ཤེས་པ་རྣམས་ཀྱང་སྐད་ཅིག་མ་གཅིག་ཏུ་ཐ་དད་པའི་མཚན་ཉིད་དུ་བཤད། ལག ་ན་རྡོ་རྗེ་ཡང་ཁོར་མོར་རྟག་ཏུ་ཞམ་འབྲིང་དུ་འབྲང་། ཐོག་མའི་མཐ་མི་འདོགས་ལ་མྱ་ངན་ལས་འདས་པར་འདོགས། བདུད་དང་བདུད་ཀྱི་ལས་རྣམས་དང་། ལས་ཀྱི་རྒྱུན་རྣམས་དང་། བྲམ་ཟེའི་བུ་མོ་ཙཉྩ་དང་། མཛེས་མ་ཀུན ་ཏུ་རྒྱུ་དང་། ལྷུང་བཟེད་བཀྲུས་བཞིན་པ་ལ་སོགས་པ་ཁས་ཀྱི་སྒྲིབ་པ་དག་མངའ་ན། བཅོམ་ལྡན་འདས་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནོངས་པ་དག་མ་སྤངས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཅེས་བྱ་བར་བསྟན ་པཱ་དེ་དག་ཕན་ཚུན་དུ་འགལ་བ་རྣམས་ཐམས་ཅད་མཁྱེན་པས་སྤོང་བར་གསུངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང ་པོའི་ལྕུག་མ་མ་ལུས་པའི་དབྱིངས་ལ་ཡང་དགོངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱང་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་ཏེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་དང་། གཞན་དག་ན་བྱང་ཆུབ་སེམས ་དཔའི་སྤྱོད་པ་སྤྱང་པ་རྣམས་གང་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་མྱ་ངན་ལས་འང་འབ་འདོད་པ་ཡོད་དེ། དེ་དག་ཉན་ཐོས་ཀྱི་ཐེག་པ་འདོད་པ་ལས་བཟློག་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར ་སྤྲུལ་པོའི་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་ལུང་བསྟན་གྱི། ཆོས་ཉིད་ཀྱི་སངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་ལ་དགོངས་ནས་ཉན་ཐོས་ལུང་བསྟནོ།། བློ་གྲོས་ཆེན་པོ་རྣམ་པར་གྲོལ་བ་རོ་གཅིག ་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བྱེ་བྲག་མེད་མོད་ཀྱི་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམ་པས་རྟག་པ་དང་། བདག་དང་། ་བདེ་བ་དང་། གཙང་བར་ཕྱིན་ཅི་ལོག་ལས་བྱུང་བའི་འདོད་ཚོགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྤོང་སྟེ། འཕགས་པའི་བདེན་པ་བནི་རྟོགས་པ་ནི་བྱང་ཆུབ་གསུམ་དུ་ཡང་བྱེ་བྲག་མེད་དོ།། གང་ཟག་ལ་བདག་མེད་པ ་ཡོངསུ་ཤེས་པས་ནི་ཉོན་མོངས་པ་སྤོང་ངོ་།། ཆོས་ལ་བདག་མེད་པ་ཡོངསུ་ཤེས་པས་ཤེས་བྱའི་སྒྲིབ་པ་སྤངས་ཏེ། ཉོན་མོངས་པའི་སྒྲིབ་པ་དེ་ཡང་མཉམ་པར་མི་འཇོག་པའི་བག་ཆགས་དང་བཅས་ཏེ་སྤངས་ནས་དེ ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་ཉིད་བསྒྲུབ་པར་མཛད་པ་ཤེས་བྱའི་སྒྲིབ་པ་སྤངས་པ་ནི་མ་ཡིན།། བློ་གྲོས་ཆེན་པོ་ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདུག ་སྦེསྲེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ།། ཉོན་མོངས་པའི་སྒྲིབ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར་གང་ཟག་ལ་བདག་མེད་པ་མཐོང་བ་ལ་སྒོམ་པ་སྔོན་དུ་འགྲོ་བར་སྤོང་བར་འགྱུརརོ།། ཆོས་ཀྱི ་སྒྲིབ་པ་རྣམ་པར་གྲོལ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་བཟློག་པའི་ཕྱིར་རྣམ་པར་དག་པར་འགྱུར་རོ།། སྔོན་གྱི་ཆོས་ཀྱི་ལུས་ལ་དགོངས་ཏེ་སྔོན་དང་ཕྱིས་མེད་པ་མི་འབྱུང་བའི་ཕྱིར་སྔོན་བཤད་པའི་ཡི་གེ ་དེ་དག་ཉིད་ཀྱིས་དེ་བཞིན་གཤེགས་པ་མི་རྟོག་མི་དཔྱོད་པར་ཆོས་འཆད་དེ། མཁྱེན་བཞིན་དུ་མཛད་པ་དང་། དྲན་པ་ཉམས་པ་མེད་པ་དང་། མི་རྟོག་མི་དཔྱོད་དོ་ཞེས་པ་སྟེ། དྲན་པ་ཉམས་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་དང ་རྫོགས་པ་ལོངས་སྤྱོད་པའི་སྐུ་ལ་བཞུགས་ཏེ་རྣལ་འབྱོར་པ་རྣམས་ལ་དངོས་པོ་ཆོས་སྟོན་ཅིང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་དོ།། བསླད་པ་ལྟ་བུ་དུ་མར་ལྟུང་བ་དང་། ཉོན་མོངས་པ་དཀྲུ་གས་པསྒྲུབ་རྣམས་ཀྱིས ་ལ་སྤྲུལ་པ་རྣམས་ཀྱིས་རྩོད་པ་དང་། ལན་གླན་པ་དང་། མུ་སྟེགས་ཅན་དང་། བདུད་ཕམ་པར་བྱེད་ཅིང་ཐབས་དུ་མར་ཆོས་སྟོན་ཏོ།། ཉན་ཐོས་རྣམས་ལ་ནི་སངས་རྒྱས་སུ་ལུང་སྟོན་པར་མཛད་དོ།། ་དེ་བཞིན་གཤེགས་པ་ངོ་བོ་ནི་དོན་དམ་པའི་ཚུལ་ཉིད་སྟོན་ཏོ།། སྤྲུལ་པའི་སྐུ་རྣམས་ཀྱི་ནི་ཤེས་རབ་དང་ཐབས་རྣམས་ཀྱིས་སེམས་ཅན་རྣམས་གཟུང་བའི་ཕྱིར་གོ་རིམ་གྱི་གང་ཟག་ལ་བདག་མེད་པ་བསྟན་ནས་ཕུང་པོ་དང་། ་ཁམས་དྲང་སྐྱེ་མཆེད་ལ་སོགས་པ་རབ་ཏུ་འབྱེད་པས་སྐད་ཅིག་ཏུ་འཇོག་པ་ལ་ཞུགས་པ་རྣམས་གཉིསུ་མེད་པའི་དོན་དམ་པའི་ཚུལ་ལ་གཟུད་པར་བྱ་བའི་ཕྱིར་སྣོད་དུ་གྱུར་པ་རྣམས་ལ་ཆོས་ལ་བདག་མེད་པ་སྟོན་ཅིང ་སེམས་ཀྱི་དོན་རྣམ་པ་མང་པོ་མཛད་།། སེམས་ཅན་གང་དག་ལ་བདུད་ཀྱལ་ཀྲ་བྱེད་པའི་རིགས་ཅན་གྱིས་ཆོས་ཀྱི་བར་ཆད་བྱེད་པ་དེ་དག་ལ་བཙུན་གཙོ་འཕགས་པ་ཕྱག་ན་རྡོ་རྗེ་ཉེ་བར་གནས་པ་ཡིན་ནོ།། སེམས་ཅན་རྣམས་སྐྱོ ་བར་བྱ་བ་ལས་ཀྱི་རྒྱུད་རབ་ཏུ་འབྱེད་པ་གསུངས། ཀྱེ་མའོ་འདུ་བྱེད་རྣམས་ནི་མི་རྟོག་གོ་ཞེས་རྟོག་པར་ལོངས་སྤྱོད་ཀྱིས་མྱོས་པ་ཁ་ཅིག་ཡིད་འབྱུང་བར་འགྱུར་རོ།། ཁ་ཅིག་ནི་རྟག་པའི་བདག་ཏུ་མངོན་པར་ཆགས་པས་སྐད་ཅིག ་ཏུ་འཇོག་པ་ཐོས་ཏེ། བདག་མེད་པར་སྐྲག་ཅིང་ཆོས་དང་གང་ཟག་ལ་བདག་མེད་པས་དོན་དམ་པའི་ཚུལ་ལ་མི་འཇུག་པ་དེ་དག་ལ་སེམས་ཀྱི་སྐད་ཅིག་མ་གཅིག་ཏུ་རྒྱུན་རྟག་པས་སྲིད་པ་དང་། ཐར་པའི་གནས་ཀུན་གཞི་རྣར ་བྱང་བའི་རྒྱུ་སྟོན་ཏོ།། སེམས་གཅིག་པོ་རྟོག་གོ་ཞེས་བྱེད་པ་པོར་སྨྲ་བར་མངོན་པར་ཆགས་པ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཆུད་པ་ཉིད་སྤྱི་དང་ཁྱད་པར་དུ་དགོངས་ཏེ། སེམས་ཅན་རྣམས་ལ་ཁྱབ་པ་དང ་རྟག་པ་སྟོན་ནོ།། དེ་དེ་བཞིན་དུ་ཐབས་དུ་མས་སྔགས་ཀྱི་རྒྱུད་དང་། སྤྲུལ་པ་གཏོང་བར་གསུང་པས་ཀྱང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོར་གྱུར་པ་སྟོན་ཏོ།། མོས་པ་ཐ་དད་པ་ལ་སེམས་ཅན་གྱི ་དོན་དུ་སངས་རྒྱས་གར་མཁན་གྱི་ཐབས་སྣ་ཚོགས་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། བྲོ་བ་དང་། སྨན་ར་ས་ཡ་ན་དང་། མིག་རྩི་དང་། གཏེར་མི་ཟད་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། ཕུག་དང་གཞལ་མེད་ཁང ་དང་། ལོངས་སྤྱོད་རྣམ་པ་དུ་མ་སྦྱིན་པའི་རྣལ་འབྱོར་གྱི་དབང་པོ་རྣམསོ།། ལྷུང་བཟེད་བཀྲུས་བཞིན་དུ་སླར་ཇི་ལྟར་གཤེགས་ཤེ་ན། དེ་ནི་ཆོས་བཅུ་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསོད་ནམས་ཆུང ་ཞིང་ཉན་ཐོས་རྣམས་ཀྱི་ཡི་ཆད་པ་གསལ་བའི་དོན་དུ་དེ་བཞིན་གཤེགས་པས་གསུངས་པའོ།། དེ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་སྔགས་ཀྱི་ཚུལ་དང་། ཆོ་འཕྲུལ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་མི ་སྣང་བས་སྤང་བར་ནུས་ཀྱང་སྐུར་པ་ལས་བཏང་སྙོམས་མཛད་པ་ནི་བསོད་ནམས་ཆུང་ཞིང་སྐུར་པ་མང་པོའི་སེམས་ཅན་རྣམས་ཀྱི་ཡིད་མི་བདེ་བ་བསལ་བའི་དོན་དུ་ཙཉྩ་དང་། མཛེས་མ་མུ་སྟེགས་ཀྱིས་སྐུར་པ་ལ ་བཏང་སྙོམས་མཛད་དོ།། ལྷས་སྦྱིན་གྱིས་ཕ་བོང་ལས་ཡར་ཏེ་ཕྲོག་པ་ལ་བཏང་སྙོམས་སུ་མཛད་པ་ནི་སེམས་ཅན་མང་པོས་སྨན་བྱིན་པའི་བསོད་ནམས་ཀྱི་དོན་དང་། དེ་དུས་གཞན་དུ་སྐྱོ་བར ་བྱ་བའི་ཕྱིར་ཏེ། ཚེས་བཅུ་པ་ལྔས་ཀློག་པ་ལྷས་བྱིན་ནི་རྣམ་པར་ཐར་པ་ཐོབ་པ་སྟེ། དེ་བཞིན་གཤེགས་པ་ཚ་བ་ཁོ་ནར་མི་དང་ལྷ་ལ་སྔོགས་པའི་སེམས་ཅན་རྣམས་ལ་སྒྲོགས་པར་བྱེད་དོ།། གང་ཡང་སྲུངས་རྒྱས ་དང་། ཆོས་དང་དགེ་འདུན་ལ་མཱི་དབེན་པར་བྱེད་པ་དེ་ནི་དེ་ལྟ་བུར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་བསམ་གྱིས་མི་ཁྱབ་བོ།། དྲན་པ་མཉམ་པ་མེད་པ་དང་། མི་རྟོག་མི་དཔྱོད ་པ་དང་། བག་ཆགས་ཀྱི་ས་གཞི་སྤངས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་སྲིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མྱིག་ལ་སོགས་པའི་རྣམ་པར་ཤེས་པར་བག་ཆགས་རྣམ ་གཞི་ཡོངསུ་སྨིན་པ་སྟེ། དེ་དག་ཏུ་བསྟན་པ་དང་། མྲྀ་བདེན་པའི་བག་ཆགས་ནི་དགེ་བ་དང་། མྱི་དགེ་བ་དང་གཉིས་ཀ་དང་ལུང་དུ་མི་སྟོན་པར་བརྩམས་སོ།། ཟག་པ་དང་བཅས་པའི་བག་ཆགས་ནི་ཀུན་གླུ་ནི་རྣམ་པར ་ཤེས་པ་ལས་རབ་ཏུ་གྱུར་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་མེ་ལོང་གི་ཡེ་ཤེསུ་འགྱུར་རོ།། འཕོ་བ་གཉིས་དང་བྲལ་བ་ནི་འཁོར་བའི་འཕོ་བ་དང་། ཡོངསུ་འགྲིབ་པའི་འཕོ་བ་སྟེ། དེ་དག་བྲལ་བ་ནི་འཕོ་བ་ག ་དང་བྲལ་བར་བརྟག་གོ།། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་སྒོམ་པས་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་མི་རྟག་པ་དང ་སྡུག་བསྔལ་བ་དང་། མི་མཛེས་པ་སྒོམ་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་སྤྱོང་ངོ་།། ཆོས་ལ་བདག་མྱེད་པ་ཡོངས་སུ་ཤེས་པས་ཤེས་བྱའི་སྒྲུབ་པ་སྤོང་ངོ་།། བློ་གྲོས་ཆེན་པོ་ཡིད་དང་ཡིད་ཀྱི་རྣར ་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་རྣམས་ནི་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་ནི་འཁོར་བ་ཡིན་ཏེ། བག་ཆགས་ཀྱི་རྒྱུ་ལས་འབྱུང་བའི་ཕྱིར་སྐད་ཅིག་པའོ།། བློ་གྲོས་ཆེན་པོ་དེ ་བཞིན་གཤེགས་པའི་སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདུན་རྣམས་སྐད་ཅིག་པའི་བགྲོ་ཆགས་ཀྱི་རྒྱུ་ལས་བྱུང་བས་ན་འཁོར ་བར་མི་འཁོར་རོ།། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་གནས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྡོ་རྗེ་དང་གསེརུ་ལཱ་སོགས་པ་བཞིན་དུ་སྐད་ཅིག་མུའི་རྒྱུན་རྟག་པའི་ཕྱིར་འཁོར་བ་སྟེ། དུས་ཀྱི་ཁྱད་པར་དུ ་བྱེད་པ་ན་དྲི་མ་དང་བཅས་པ་དང་དྲི་མ་མེད་པའོ།། འཁོར་བ་དང་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་བར་འཁོར་བའི་ཕྱིརརོ།། མྱ་ངན་ལས་འདས་པའི་བདེ་བའི་རྒྱུ་ཞེས་བྱ་བ་ནི་སྡུག ་བསྔལ་གྱི་དངོས་པོ་མེད་པའི་ཕྱིར་བདེ་བའི་རྒྱུ་སྟེ། དབེན་པ་ཤེས་པ་ལ་ནི་མི་ཤེས་པ་ཐམས་ཅད་སྡུག་བསྔལ་ལོ།། བྱིས་པ་སོ་སོའི་སྐྱེ་བོས་མི་ཤེས་སོ་ཞེས་པ་ནི་ཁ་ཅིག་སྟོང་པ་ཉིད ་ཀྱིས་གཡེངས་པའི་བློ་ཅན་ཐམས་ཅད་མེད་ཅེས་པ་དང་། ཐམས་ཅད་རྟག་པར་ཡོད་ཅེས་པ་རྟག་པ་འམ་ཆད་པར་སྨྲ་བར་ལྟུང་ཞིང་སྐད་ཅོག་མའི་རྒྱུན་དུ་རྟོག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་མི་བྱེད།། ་སྐད་ཅིག་མའི་ཕྱོགས་ལ་གཡེངས་པས་རྟག་ཏུ་ཆད་པ་མེད་པར་རྟག་གོ།། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཤེ་སྭཱ་རབ་ཅན་རྣམས་ཀྱི་ཤེས་ཏེ་དེ་ལྟར་ཐམས་ཅད་བསྡུ་བའི་དོན་བཤད་ནཱས། ཡན་ལག་གི་དོན་དུ་ཅུང ་ཟད་ཅིག་བཤད་པར་བྱ་སྟེ། ཐམས་ཅད་མཁྱེན་དུ་རྣམས་ཀྱི་སྐུ་གསུམ་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐ་དད་པས་རྣམ་པར་འབྱེད་དོ།། ངོ་བོ་ཉིད་ཀྱི་སྐུ་རྣམས་ནི་གཉིསུ་མེད་པ་སྟེ། དེ་བཞིན ་དུ་རྣལ་འབྱོར་པ་རྣམས་ཀྱི་ཡུལ་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་པོ་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ།། བདུད་ཀྱལ་ཀ་ཅན་གྱི་རིགས་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་འཕགས་པ་ཕྱག་ན་རྡོ་རྗེ་དེ་ཡོངསུ་བསྲུང ་བའི་དོན་དུ་དེ་ཞམ་འབྲིང་དུ་མི་འབྲང་ངོ་།། སྤྲུལ་པ་རྣམས་ནི་ལས་ལས་སྐྱེས་པའི་མ་ཡིན་ཏེ། དེ་དག་ལས་དེ་བཞིན་གཤེགས་པ་གཞན་པ་ཡང་མ་ཡིན་གཞན་པ་ཡིན་པ་ཡང་མ་ཡིན་ཏེ། སྣང་བ་དང་བཅས་པ་དང་། ་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཉིད་གཅིག་པོར་གྱུར་ཏེ་རྣམ་པ་མང་པོར་འགྱུ་རོ།། དེས་ན་གཞན་པ་དང་གཞན་པ་མྱ་ཡིན་པའི་ཐ་སྙད་མི་རུང་ངོ་།། སྔོན་མེད་པ་དང་ཕྱིས་འབྱུང་བ་མ ་ཡིན་པའི་ཡི་གྲེ་དེ་དག་ཉིད་ཀྱིས་སྔ་མས་བཤད་པ་བཞིན་དུ་ཐོག་མ་དང་ཐ་མར་དགེ་བ་འཆད་ཀྱི་ལྷག་པར་ནི་མ་ཡིན་ནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ལས་ལས་ནི་ངོ་བོ་ཉིད་ཀྱི་རྣམས་འབྱུང་བ་སྟེ་སྤྲུལ་པའི ་རྣམས་ནི་མ་ཡིན་ནོ།། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྤྲུལ་པའི་རྣམས་ཀྱིས་སྟོན་གྱི་ངོ་བོ་རྣམས་ཀྱིས་ནཱ་མ་ཡིན་ནོ།། རྣལ་འབྱོར་པ་རྣམས་ལ་ནི་གཉིས་སུ་མེད་པ་དང་གཉིས་ཀ་ཡང་ངོ་།། སྤྲུལ་པ་རྣམས་ལ ་ཉོཉིཉོན་མོངས་པ་བག་ཆགས་དང་བཅས་པ་མེད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་ལས་ཀྱི་རྒྱུད་མེད་དེ། དེའི་ཕྱིར་ལྷུང་བཟེད་བཀྲུས་བཞིན་ལ་སོགས་པའི་ལན་ནི་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས་ཉོན་མོངས་པ ་བག་ཆགས་དང་བཅས་པས་སྤངས་ནས་གསུངས་པ་སྟེ། སེམས་ཅན་རྣམས་སྐྱེ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་ཚོད་དུ་ལས་ཀྱི་རྒྱུད་བསྟན་པས་ན་སངས་རྒྱས་རྣམས་ཆོས་སྟོན་པ་ནི་བསམ་གྱིས་མི་ཁྱབ་བོ།། འདག ་བ་ལངྐར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ཆོས་ཐམས་ཅད་དང་འགལ་བ་མེད་པར་དཔྱད་པའི་དྲུག་པ་སྟེ་ལེའུ་དྲུག་པ་རྫོགས་སོ།། །། དེའི་འོག་ཏུ་བསྡུ ་བའི་ཚོགསུ་བཅད་འབྱུང་སྟེ། དེ་ནི་བདག་གིས་དགོངས་པ་ངེས་པར་འགྲེལ་པ་ལས་དོན་དམ་ཡང་དག་འཕགས་ཀྱིས་ཡོངས་སུ་གསོལ་བའི་འོག་ཏུ་བཤད་པ་སྟེ། སྐབས་འདིར་བྲི་བར ་བྱའོ།། བསྟན་པའི་ངག་དང་། སེམས་ཅན་གྱི་སེམས་བསྲུང་བ་དང་། སྙིང་རྗེ་བས་སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔས་ཤེ་བཟའ་བར་མི་བྱའོ།། མི་གཙང་བ་བསྒོས་པས་སྐྱུག་བྲོ་བའི་གནས་དང་། ཕ་མའི་མི ་གཙང་བ་ནུར་ནུར་པོ་ལས་བྱུང་བ་དང་། དྲི་མི་ཞིམ་ཞིང་རྨ་ཡོད་པའི་ལུས་ཀྱི་ཤ་སྟེ། དེས་ན་ཐམས་ཅད་མི་གཙང་བས་ཤ་བཟའ་བར་མི་བྱའོ།། ཁ་ཅིག་གིས་ནི་གཙང་བ་དང་མི་གཙང་བར་རྟོག་པར་བྱེད་དེ། སྡེར་མོ་ལྔ ་པ་ལྔ་བཟའ་བ།། རི་བོང་བྱི་ཏུར་སྦྲུལ་དཀར་དང་།། བསེ་དང་རུལ་སྦལ་ལྔ་པ་སྟེ།། ཕ་ཡི་སྦྱིན་བསྲེག་བསྔོ་བ་ཞིག་ཅེས་དེ་བཟའོ།། གལ་ཏེ་སྲོག་ཆགས་བསད་དོ་ཅོག་སྡིག་པར་གྱུར་ན་ནི་ཤ་བཟའ་ཅི་དགོས། དེ་ལེ་མཆོག ་སྦྱིན་པ་རྣམས་རྟོག་པ་ནི་མཆོད་སྦྱིན་དུ་བསད་པའི་རྣམས་ནི་བུ་དང་བཅས་པ་དང་ཁྱུ་བྱུང་བཅས་པར་ཡང་མ་རིས་སུ་སྦྱིན།། ཡང་སྨྲས་པ། ལུག་དང་རི་དགས་བྱ་རྣམས་དང་། བསྟན་པ་བྱིན་པ ་ཐམས་ཅད་ནི།། མཆོད་སྦྱིན་དོན་དུ་བསང་གྱུར་པ།། འགྲོ་བ་གཙོ་ནི་ཐོབ་པར་འགྱུར་ཞེས་པ་ནི་གལ་ཏེ་དོན་དམ་པ་ཉིད་རྩོམ་ན་ནི་དེ་དག་ལོ་སྲོག་སྡུག་པ་ཉིད་དེ། ཇི་ལྟར་དྲང་སྲོང་བྱ་སས་སྨྲས་པ། སེམས་ཅན་གཅིག་ལ ་མི་འཇིགས་ཡོད།། བྱིན་པ་དེ་ནི་མཆོག་ཡིན་གྱི།། བྲམ་ཟེ་སྟོང་གི་གྲངས་རྣམས་ལ།། བ་སྟོང་གསེར་དང་བཅས་པ་ཡི།། གླང་གིས་གསེར་གྱིས་རི་བོང་དང་།། རིན་ཆེན་བཀང་སྟེ་ས་སྦྱིན་དང་།། དེ་དང་མཉམ་པ་མ་ཡིན་ནོ་ཞེས ་ནེ་ཙོས་ཀྱང་སྨྲས་པ། གཟུགས་ཤིང་བཅད་དེ་ལུག་བསད་ནས།། ཁྲག་གི་རྫབ་ཏུ་བྱས་ན་ནི།། གལ་ཏེ་དེ་ལྟར་མཐོ་རིས་འགྲོ། དམྱལ་བར་ཅིས་ན་འགྲོ་བར་འགྱུར་ཞེས་པའོ།། མཆོད་སྦྱིན་པ་རྣམས་རྟོག་པ་ནི་སྔགས ་ཀྱིས་བསད་པ་ལ་སྡིག་པར་མི་འགྱུར་ཞེས་ཏེ། འོ་ན་མཚོན་གྱིས་བསད་པ་ལ་ཅིས་ན་སྡིག་པར་འགྱུར། དེ་ལྟ་བས་ན་སྙིང་རྗེ་ཅན་གྱི་སྲོག་གཅོད་པ་སྤང་བར་བྱའོ།། ལེགས་པར་སྤྱོད་པ་ལ་ནི་གཞན་ལ་གནོད་པ་བྱེད་པས ་ཇི་ལྟར་ན་བདག་གི་དོན་དུ་རུང་། ཇི་ལྟར་དྲང་སྲོང་བྱ་སས་སྨྲས་པ། གང་གྲིས་གང་གི་ཤ་ཟ་བ།། དེ་དག་གཉིས་ཀྱི་ཁྱད་པར་ལྟོས།། གཅིག་ནི་སྐད་ཅིག་འདྲངས་པར་འགྱུར།། གཅིག་ནི་གཏན་དུ་སྲོག་དང་བྲལ།། འཆིའོ་སྙམ ་པའི་སྡུག་བསྔལ་གང་།། སྐྱེས་བུ་ལ་ནཱི་སྐྱེ་འགྱུར་བོ།། ཛཱས?་དབྱུག་པ་དེ་ཡིས་ནི།། གཞན་ཡང་བསྲུང་བྱར་རིགས་པའོ།། ཀྵ་པ་ན་ཀ་རྣམས་ཀྱིས་བསོད་པ་ནི་དམ་པའི་ཆོས་མ་ཡིན་ནོ་ཞེས་དེ་སྐད་ཅེས་པ་ནི་རུང་ངོ་།། ཆོས ་སེམས་པ་ཅན་རྣམས་ཀྱིས་ནི་དབང་པོ་རྣམས་ལས་བྱུང་བའི་འོ་མ་དང་ཤ་བཟའ་བར་མི་བྱའོ།། དབང་པོ་ལས་མ་བྱུང་བའི་ཟན་དང་། སྐོམ་ནི་བཟའ་བར་བྱའོ་ཞེས་རྩོག་པ་དང་གཙང་བར་རྣམ་པར་རྟོག་པར་བྱེད།། དེ་དེ་ལྟར ་རྩོག་པ་དང་གཙང་བར་རྣམ་པར་རྟོག་པ་ཆུ་ཡང་བཏུང་བའི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཉ་དང་རུ་སྦལ་སེམས་ཅན་མང་པོ་དང་། མི་རྨ་བཀྲུ་བ་དང་། རྣག་དང་ཁྲག་ལ་སོགས་པ་རུལ་པ་རྣམས་ཀྱི ་བརྙོགས་པའི་ཕྱིར་རོ།། ཁར་སོན་པའི་ཟས་ཀྱང་ལྡང་པ་ནུ་མཆུ་སྒོའི་མཚམསུ་ཆུད་ཅིང་སོའི་དྲི་མས་སྦགས་པ་དང་མཆིལ་མས་བཀྲིས་པས་ནུ་ཁ་ཟས་ཀྱང་མི་བཟའོ།། ལུས་ཐམས་ཅད་ཀྱང་རྩོག་པ་ཡིནོ།། ཇི་ལྟར་ཁ་ཅིག་གི ་སྨྲས་པ།། ཟས་དོང་དེ་བཞིན་བཤང་བ་དང་།། འཚོ་བ་དང་ནི་མཆི་ལས་ཀྱང་།། བཀྲུ་བ་ལུས་ལ་གནས་པས་ན།། མཁས་པ་རྣམས་ཀྱིས་མི་གཙང་རིགས་ཞེས་སོ།། དགེ་སློང་སྐྱེ་བོ་གཞན་དག་འོ་མ་དང་ཤ་ཕོ་མཚན་རྒྱགས་པར ་བྱེད་ཅིང་། སྦྱར་བར་བྱེད་པའི་ཁ་ཟས་རྣམས་ཡོངསུ་སྭ་ངོ་ཞེས་རྣམ་པར་རྟོག་ན་ལུས་མ་བསྒོམས་པ་རྣམས་ལ་སྲན་མ་མཱ་ཤ་དང་། ཏིལ་དང་། འབྲུ་མར་དང་། ནས་རྗེན་གྱི་ཕྱེ་ལ་སོགས་པ་ཕོ་མཚན་ཆེར་རྒྱགས་པར་བྱེད།། དེ་དེ་ལྟར་ན་རྩོག ་པ་དང་། གཙང་བར་རྣམ་པར་རྟོག་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཡིན་པས་རབ་ཏུ་བྱུང་བ་རྣམས་ཀྱིས་ཡོངསུ་སྤང་བར་བྱའོ།། ཏིལ་དང་། ལ་ཏུ་དང་། ཆོད་མ་དང་། འབྲུ་དང་། འབྲུ་རྒོད་ཟས་ནི་བདག་ཏུ་ཆ་སང་ཟློག་པ་བྱེད་པ ་མ་ཡིན་པ་ཞི་བར་བྱེད་པ་ཡང་མ་ཡིན་པས་ཆོས་བསམ་པ་ཅན་རྣམས་ཀྱིས་རྩོག་པ་དང་། གཙང་བར་རྣམ་པར་རྟོག་པ་དེ་འདི་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའོ།། དེ་དག་གི་སོ་སོའི་གཙོ་བོ་ནི་འབྱུང་བའི་མཐར་ཕྱིན་པ་ལ་སོགས། ་པར་ཀློག་གོ།། བསྐྱེད་པའི་སངས་རྒྱ་སུ་ནི་རྣམ་པར་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོ་བ། ལོག་པ་དང་སེལ་ལ་སྩོགས་པ་དེ་དག་བསྐྱེད་པའི་སངས་རྒྱ་སུ་རྗེསུ་དཔག་གོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་།། རྟེན ་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པས་སངས་རྒྱས་ཀྱིས་གསུངས་པ་དེ་ལྟ་བུ་དག་ལ་དྲང་སྲོང་ཁ་ཅིག་ཞུགས་ནས་དེ་དག་ལ་བྱེད་པ ་དང་། འཕྲོག་པ་ལ་སོགས་པའི་རྣམ་པར་བརྟག་སོ།། ཀྵ་པ་ན་ཀ་དང་རྒྱ་གུ་ཅན་ལ་སོགས་པས་སྦྲང་རྩི་དང་ཤ་ནི་རང་བཞིན་གྱིས་སྡིག་པའི་རྒྱུའོ་ཞེས་རྟོག་པར་བྱེད་ན། དེ་དག་གི་ཁ་ཟས་གཞན་འབྲས་ཅན་དང་། སྲནཱ་མ་སྔོན་པོ་ལ ་སོགས་པ་ཅི་ནི་སྡིག་པའི་རྒྱུར་མི་འགྱུར། དེ་བས་ན་སྲོག་བཅད་པ་ཡོངསུ་སྤངས་ཤིང་ཁཱ་ཟས་ཐམས་ཅད་ལ་རོའི་སྲེད་པ་ཡོངསུ་སྤ་།། ཇི་ལྟར་ཏིང་འཛིན་གྱི་རྒྱལ་པོ་ལས། མཁས་པ་བློ་ཅནྡྲ་འཛངས་རྣམས་ཀྱིས།། ཟས་གཙང ་བཟང་པོ་ཅུང་ཟད་བཟའ།། རྣལ་འབྱོར་འགྲུབ་པ་བརྐམ་མེད་ཟ།། སྦྱངས་པའི་ཟས་སུ་དེར་མི་འགྱུར་ཞེས་པ་སྟེ། དེསྣ་ན་འོ་མ་དང་ཤ་ལ་སོགས་པ་སྤངས་པ་འབའ་ཞིག་ལས་ཐར་བར་འགྱུར་པ་ནི་མ་ཡིན་གྱི། ཡུལ་ཐམས་ཅད་ཡོདས། ་སུ་སྤངས་ན་ཐར་པར་འགྱུར།། གཞོན་དག་ནི་ཤ་ཟ་བ་ལ་ཉེས་པ་མེད་དེ། ཆང་ལ་མེད་ཙང་འཁྲིག་ལའང་མེད།། དེ་ནི་འབྱུང་པོའི་འཇུག་པ་སྟེ། བཟློག་པ་འབྲས་བུ་ཆེ་བའོ་ཞེས་པ་ནི་བཟློག་པས་འཁོར་བའི་སྡུག་བསྔལ་ལས་ཐར་པ ་ནི་འབྲས་བུ་ཆེ་བར་ཡང་རུང་ངོ་།། འཇུག་པ་ནི་བདག་ཏུ་ཆགས་པ་ལས་ཏེ། ཤ་ལ་སོགས་པའི་ཡུལ་དུ་སྲེད་པས་འཁྲུལ་པ་རྣམས་ལ་འཁོར་བར་སྡུག་བསྔལ་འབྲེལ་པར་འགྱུར་བ་ནི ་ཕྱེ་མ་ལེབ་མར་མེ་ལ་སོགས་པར་ལྟུང་བ་བཞི་ནོ།། དེར་ཚང་མ་ནི་གང་དང་གོང་འཁོར་བར་སྡུག་བསྔལ་གྱི་རྗེ་སུ་འབྲེལ་པར་འཇུག་པ་དེ་དང་དེ་ནི་བདག་ཏུ་ཆགས་ཤིང་སླད་མ་ཐོག་མར་བྱས་པ་ལས་བྱུང་བ་སྟེ། མེ་ལ་ཕྱེ་མ ་ལོལ་བ་ལ་སོགས་པ་བཞིན་ནོ།། འཁོ་རི་བར་ཡང་སྐྱེ་བ་དང་རྒ་བ་དང་ན་པ་དང་། འཚོ་བ་དང་། མྱ་ངན་ལས། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་བློང་བ་དང་། འཁྲུལ་པའི་མཚན་ཉིད་དུ་འཇུག་པ་ནི་སྡུག་བསྔལ་གྱི ་རྗེསུ་འབྲེལ་པ་ཞེས་བྱའོ།། དེའི་ཕྱིར་བདག་ཏུ་ཆགས་པ་དང་། སེར་སྣ་དང་། གཞན་ལ་གནོད་པ་ལ་སོགས་པ་ནི་སྲེད་པ་ལ་རྗེ་སུ་དཔག་གོ། གལ་ཏེ་ལོག་པའི་ཤེས་པའི་བྱ་བ་མ་གཏོགས་པར་སྡུག་བསྔལ་རྗེསུ་འབྲེལ་པར་འགྱུར། ་ན་ནི་དེའི་ཆུ་དབེན་པའི་ཡེ་ཤེས་སྐྱེ་སུ་ཕྲིན་ཡང་ངམ་ཀློག་ལྔ་སྩོགས་པ་ཡུལ་སྤོང་བཞིན་དེ་ཉིད་དུ་ལྷུང་བར་འགྱུར་རོ།། དེ་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་ཚད་མའོ།། གཞན་དག་གིས་འབྲུ་ལ་སོགས་པ་ལ་སྲོག་ཏུ་ཀུན ་བརྟག་པའི་སློང་བ་ལ་སྦྱིན་པ་ཡང་སྡིག་པར་འགྱུརརོ།། དེའི་ཕྱིར་བདག་ཏུ་ཆགས་པའི་ལོག་པའི་ཤེས་པས་འཁོར་བའི་སྡུག་བསྔལ་འབྱུང་ངོ་།། བདག་མེད་པ་ཤེས་པས་འདོད་ཆགས་དང་བྲལ་བ་འཁོར་བའི་སྡུག་བསྔལ ་ལྡོག་གོ།། དེར་རྩོག་པ་དང་། གཙང་བ་དང་། བཟའ་བ་དང་། མི་བཟའ་བ་ལ་སོགས་པ་མི་དགོས་སོ།། ཆ་བྱད་རྣམ་པ་སྣ་ཚོགས་དང་། རྒྱན་ལ་སོགས་པ་དང་། ཐལ་བས་བསླུས་པ་དང་། དྲི་མ་འཆང་བ་དང་། བ་ལང་དང་། རི་དགས། ་ཀྱི་བརྟུལ་ཞུགས་དང་། ཁྲུས་དང་། ཐན་མི་ཟ་བ་ལ་སྟོར་པ་སྦྱིན་སྲེག་ལ་སོན་པ་ཡང་རུ་སྟེ། གང་གིས་འདོད་ཆགས་ལས་སྐྱོ་བ་ཐུར་པར་འགྱུར་པ་བདག་ཏུ་སྲེད་པ་ལས་མ་ལྡོག་པའི་ཕྱིརརོ།། ཞི་བ་པ་རྣམས། གསེརཱ་ལ་སོགས་པ་རྐུ་བ་དང་།། ་བ་ལང་ཤཱ་ཡང་ཟ་བ་དང་།། བྲམ་ཟེ་སྟོང་ཡང་བསད་པས་ཀྱང་།། ཡང་དྲག་རིག་ན་མི་གོས་སོ།། ཡོད་པ་རྣམས་ནི་བྱས་པ་དང་།། རྒྱུ་དང་མི་རྒྱུ་འཇིག་རྟེན་བསད་།། ཆུང་འཐུངས་ལ་སོགས་ཉེས་པ་ཡིས།། ཡང་དགྲ་རིག་པ ་ལ་མི་གོས་ཞེས་སོ།། ཚངས་སྤྱོད་པ་ལ་སོགས་པ་ཡི།། ཅི་ཕྱིར་ལུས་ནི་ལྟུང་བར་བྱེད།། ཡང་དག་ཤེས་ལས་དེ་དག་གྲོལ།། དེ་དག་ལ་ནི་གཟོར་གྱུར་མེད་ཅེས་ཟེར་རོ།། དེ་སྟེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ ་དང་། སྟོང་པ་སྒོམ་པས་འདོད་ཀྱི་སྐྱོ་བ་ལ་གཉི་སུ་མེད་པའི་རྣལ་འབྱོར་དུ་གྱུར་ན་ནི་དེའི་ཚེ་བདག་ཏུ་ཆགས་པ་དང་། སེར་སྣ་དང་། གཞན་ལ་གནོད་པའི་དངོས་པོ་མེད་པས་ཇི་ལྟར་ན་རྐུ་བ་དང་། ཆང་དང་། གཞན་གྱི་བུད ་མེད་ལ་སྣརེལ་བར་འགྱུར། སྲོག་གཅོད་པའི་སྡིག་པ་ཡང་ཇི་ལྟར་ན་བྱེད། འདོད་ཆགས་ཀྱི་སྐྱོ་བ་ཚངས་པར་སྤྱོད་པ་ཡང་ཇི་ལྟར་ན་ཡང་གདུང་བར་བྱེད། འོན་ཏེ་དེ་ཁོ་ན་ཉིད་ཡི་གེ་འབྲུ་དེ་རྗོད་པས་ན་ནི་དེར་ཞུགས་པས་ན ་ཅིའི་ཕྱིར་ན་འདོད་ཆགས་དང་བྲལ་བར་མི་འགྱུར། བདག་ཏུ་ཆགས་པ་ལས་ནི་འཁོར་སྡུག་བསྔལ་འབྱུང་ན་ཆགས་པ་དང་མ་བྲལ་གྱི་བར་དུ་ཇི་ལྟར་ན་འགྲོལ། དེའི་ཕྱིར་ཆོས་དང་གང་ཟག་ལ་བདག ་མེད་པ་ཡོངསུ་ཤེས་ནས་ཐར་ཞིང་ཐམས་ཅད་མཁྱེན་ཉིད་དུ་འགྱུ་རོ་ཞེས་སངས་རྒྱས་བློ་ནི་དེ་ལྟ་བུའོ།། མཐའ་གསུམ་ཡོངསུ་དག་པའི་ཤྲ་ནི་བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་པ་ནི་གནང་བ་ཡང་མེད་ལ་བཀགས་པ་ཡང་མེད ་ར་ཞེ་ན། མཐའ་གསུམ་ཡོང་སུ་དག་པའི་ཤ་དཀོན་པར་གསུང་སོ།། སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་ནི་དེ་ཡང་མདོ་སྡེ་འདིར་བཀག་པ་སྟེ། སྔགས་སྨྲ་བ་རྣམས་ལ་ནི་ཤ་ཟ་རྣམས་ཀྱིས་པར་ཆད་བྱེད་ཅིང་གནོད་པ་བྱེད ་པབས་ན་ཁྱད་པཱར་དུ་བཀླག་གོ།། རླུང་ལ་སོགས་པའི་ནང་ལཱ་ནི་བ་ར་མཱར་དང་། འབྲུ་མར་དང་། ཏིལ་དང་། ཏིལ་མར་དང་། གྲོལ་སོགས་པར་གྱུར་པ་ནི་གཉེན་པོའོ།། དྲིས་ན་རྙོག་པ་དང་གཙང་བའི་ཤ་སྙིང་རྗེ་ཅན་གྱི་མི་བཟའོ།། ་འཕགསོ་པའི་ཉན་ཐོས་རྣམས་ཡང་དག་པར་ལྟ་བ་ལ་སོགས་པའི་མཚན་ཉིད་ཅན་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་སྒོམ་པའི་ལམ་གྱི་རྣམ་པ་ཐམས་ཅད་ཤེས་པ་ལས་གནས་པ་རྣམས ་ཇི་ལྟར་ན་ཤ་ས་ལ་སོགས་པའི་རོ་ལ་མངོན་པར་ཆགས་པའི་རོ་ལ་མངོན་པར་ཆགས་པར་འགྱུར་བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པས་ཉིད་ལ་ཞུགས་པ་དར་ལས་གཡོགས་པ་ལྟ་བུར་ཤེས་པར ་བྱ་བའི་དཀྱིལ་འཁོར་མཐའ་དག་སྣང་ངོ་།། བཅོམ་ལྡན་འདས་རྣམས་ནི་སྒྲིབ་པ་མེད་པར་རྣམ་པ་ཐམས་ཅད་མཁྱེན་ཏེ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེའི་དངོས་པོ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི ་ས་ཉིད་དོ།། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་འཛིན་ལ་ཞུགས་པ་རྣམས་ཀྱིས་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་དེ་དག་ལ་བཀྲེས་པ་ག་ལ་ཞིག་སྟེ། འགོག ་པ་ལ་སྙོམས་པར་ཞུགས་པ་ལ་གནས་པ་རྣམས་ལྟ་བུར་ཏིང་ངེ་འཛིན་གྱི་དབང་དུ་འཚ་བའི་དབང་པོ་དུས་ཐམས་ཅད་དུ་གནས་སོ།། མཆོག་ཏུ་ཡོང་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་གཟུན་མོ་ཀྱི་རྣལ ་འབྱོར་གྱི་དབང་པོ་ཏིང་ངེ་འཛིན་གྱི་རོ་བདུད་རྩིས་འཚོ་བ་དེ་དག་ལ་རྙིང་པ་མི་མཛེས་པའི་ཤ་ལ་སོགས་པའི་རོ་མྱོང་བ་གས་ལས་ན་འགྱུར། སེམས་ཅན་ཐམས་ཅད་རྒྱུད་རངས་པར་མཛད་པ། དེ་བཞིན་གཤེགས་པའི ་སྙིང་ངོ་པོར་ཐབས་སྣ་ཚོགས་ཅན་བྱང་ཆུབ་སེམས་ཀྱི་སེམས་རྒྱུ་སྤངས་པ་རྟག་པ་དང་། གཉིས་པ་དང་། གཉིས་སུ་མེད་པའི་ཆོས་ཐབས་སྣ་ཚོགས་ཀྱིས་སྟོན་པ་དང་། དོན་དམ་པ་དངོས་པོ་དང་། དངོས་པ་མེད་པ་དང་། ཡིད་བཞིན་གྱི ་ནོར་བུ་ཡོན་ཏན་གྱི་ཚིགས་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ལས་རྒྱུ་དང་འབྲས་བུར་བྱུང་བ་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་མང་དུ་འབྱུང་བ་དང་། སེམས་ཀྱི་ཚོགས་ཁྱད་པར་ཅན་དང་དབྱངས་ཀྱི་དཀྱིལ ་འཁོར་གྱི་གསུང་ལ་མངའ་བ་ལ་སོགས་པའི་ཡོན་ཏན་ཅན་དང་། ཆོ་འཕྲུལ་རྒྱ་ཆེ་བ་དང་། ཡེ་ཤེས་དཔལ་བཟང་པོས་ཆུང་པའི་མུན་པ་ཆེན་པོ་མཐའ་དག་བཅོམ་སྟེ། རབ་ཏུ་སྣང་བར་བྱས་པ་དང་། ་རབ་རིབ་དང་། ལིང་ཏོག་བཅོམ་སྟེ་ཉི་མའི་ཡོན་ཏན་གྱིས་འཇིག་རྟེན་མཐའ་དག་སྣང་བར་མཛད་པའི་ཐམས་ཅད་མཁྱེན་པ་རྣམས་ཏེ། མཆོག་ཏུ་ཡོངསུ་དྲག་ཅིང་།། འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་རྣལ་འབྱོར་གྱི ་དབང་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡོངསུ་སྐྱོབ་པར་ཞུགས་པའོ།། མཆོད་སྦྱིན་པ་ཁ་ཅིག་ནི་རང་འབྱུང་རང་ཉིད་ཀྱིས་མཆོད་སྦྱིན་གྱི་དོན་དུ་ལུགས་བྱས་སོ་ཞེས་རྟོག་པ་དེ ་འདིར་དཔྱད་པར་བྱ་སྟེ། གལཱ་ཏཾ་དྭེ་འདོད་ཆགས་དང་བྲལ་བ་ཞིག་ནཱ་ནི་རྩེད་མོའི་ཕྱིར་བྱ་སྟེ། གཞན་ལ་སྡུག་བསྔལ་བར་བྱེད་པ་དེ་ལ་ཅི་འཁོ།། འོན་ཏེ་འདོད་ཆགས་དང་བྲལ་བ་ཉིད་ཡིན་ནི་གང་གིས་འདོད་པས་སླད་དེ་རྣམ་པ་མང་པོ ་སྡུག་བསྔལ་བར་གྱུར་པ་དེའི་མི་ཤེས་པ་ཡང་སུས་བྱས། དེས་ན་ཅི་ཡང་སུས་ཀྱང་མི་བྱེད་དེ་གསེར་གྱི་འབྱུང་གནས་བཞིན་དུ་སེམས་ཅན་རྣམས་ཀྱིས་ཆུང་པ་རྣམས་ནི་རང་བཞིན་གྱིས་ཡོང་སུ་དྲག་པའོ།། ཇི་ལྟ་བུར་ཞེ་ན་ནི་བདག ་དང་། གཞན་གྱི་རྒྱུད་ཀྱི་དབང་དང་། མཉམ་པར་མི་འཇོག་པའི་མ་རིག་པ་ནི་གཉིས་ཀྱི་རྣམ་པར་གློ་བུར་དུ་བྱུང་བའི་དྲི་མ་དང་བྲལ་ན་དག་པའི་སངས་རྒྱས་སུ་འགྱུར་རོ།། བསམ་པ་དག་པ་དེ་དག་ནི་གཞན་གྱི་སྡུག་བསྔལ་ཡོངསུ ་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པར་ཐམས་ཅད་དུ་ཞུགས་པའོ།། དེ་དག་གིས་བསྟན་པ་ལ་ཞུགས་པའི་རྣམས་ཀྱིས་རོའི་སྲེད་པ་ཐམས་ཅད་ཡོངསུ་སྤོང་ན་སེམས་ཅན་ལ་གནོད་པར་འགྱུར་བའི་ཤ་ཟ་བའི་རོ་ལ་ཆགས་པར་འགྱུར། ་བོ་ལྟ་ཞིག་ཅི་སྨོས།། ཁ་ཟས་ནི་སྨན་བཞིན་དུ་བཟའོ།། རྒྱུགས་ཤིང་རློམས་པའི་ཕྱིར་ནི་མ་ཡིན་ཏེ། མཁས་པ་རྣམས་ལ་གང་ནི་སྡིག་པ་མེད་པ་རྣམས་དེ་ལྟ་བུ་ནི་ལུས་གསོབ་འབའ་ཞིག་གི་ཕྱིར་རུང་ངོ་།། ནན་ཏན་ཅན་རྣམས་ལ་ནི་བྱ ་བྲག་ཏུ་སྟེ། སློང་བའི་ཟ་སུ་གང་ལྷུང་ཞིང་ཁྱིམ་བདག་གིས་ཕྱིན་པ་ནི་འབྲས་ཅན་བཞིན་དུ་དེ་དག་གིས་ཟས་གཙ་ཡིན་ཏེ། ཅི་འདིས་དབང་པོ་བཞིན་དུ་གཞན་ལ་གནོད་པར་བྱས་ཏེ་ཟས་རྙེད་དམ། འོན་ཏེ་ཅི་བདག་ཉིད་ཀྱིས་ཇི་ལྟ་བུ་ཞིག་ཏུ ་འབྱུང་ངམ་ཞེས་རྣམ་པར་མི་རྟག་པར་བླངས་ལ་ནན་ཏན་པ་རྣམས་བྱུང་སྟེ་འགྲོའོ།། བརྒྱད་པ་ལས་སྡིག་པར་འགྱུར་ཟིན་ན་ནི་འགྲོན་པོ་ལ་ཡང་སྡིག་པར་འགྱུར་ཏེ། གལ་ཏེ་འགྲོན་པོ་ལམ་དུ་མི་འགྲོ་ན་ནི་མི་རྒོད་ལ་མ་བྱིན་པར་བླང་བར ་ཇི་ལྟར་ན་འགྱུར། གལ་ཏེ་མ་སྐྱེད་ན་ནི་ཇི་ལྟར་གསོད་པར་འགྱུར། དེས་ན་ཕ་མ་ལ་ཡང་སྡིག་པར་འགྱུར་རོ།། དེ་ལྟ་བསམ་པ་ཡོང་སུ་དག་པས་གཞན་ལ་ཕན་པར་ཞུགས་ཏེ། སློང་བ་བསླངས་ན་ཐམས་ཅད་དུ་བསོད་ནམས་ཡོད་དེ། གཉིས ་ཀྱི་རྣམ་པར་ཡང་བསོད་ནམ་སོ།། དེ་དེ་ལྟར་ཐམས་ཅད་མཁྱེན་པས་གཞན་ལ་གནོད་པ་ལ་བལྟོས་ཏེ་ཤ་ཟ་བ་དང་ཤ་ཟ་བར་བསྐུལ་བ་ལ་ནི་སྡིག་པར་གསུངས་སོ།། མཐའ་གསུམ་བཀག་པར་གྱུར་པ་ལས་སྡིག་པ་མི་བྱེ་སྟེ། མཐའ ་གསུམ་ཡོངས་སུ་དགུ་པ་ནི་བདག་གིས་མྱ་བསད། གསོང་དུ་མ་བཅུག་བལྟོས་པ་ཡང་མེད་པ་སྟེ། རྣམ་པ་དེ་ལྟར་འབྲས་ཅན་ལྟ་བུར་བླང་བའི་ཟས་མ་བསླངས་པ་མ་བསམས་པར ་བྱིན་པཱ་ནཱི་ཡོངསུ་དག་པ་སྟེ། སྨན་ལྟ་བུར་ཤིས་པའི་ཟས་སོ།། སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་དེ་ཡང་བཀག་པའོ།། སྔགས་མཁན་ལ་ནི་ཁྱད་པར་དུ་སྟེ། སེམས་ཅན་མགུ་བར་བྱ་བ་དང་། ལྷ་མངོན་པར་དང་བར ་བྱ་བའི་ཕྱིར་རོ།། དེའི་ཕྱིར་ཡུལ་ཐམས་ཅད་ཀྱི་རོ་མྱོང་བག་ཆགས་པ་ཡོངས་སུ་སྤངས་ན་མཐར་རོ།། སངས་རྒྱས་བྱང་ཆུབ་སྐྱེ་བོ་ལ།། གདོན་ཟ་མེད་པར་བདར་བ་ཡི།། གསེར་བཞིན་དུ་ནི་བཟློག་པ་སྟེ།། མངོན་སུམ་རྗེས ་སུ་དཔགོ་པ་ཡི།། གཉིས་སུ་འགྲོ་བའི་ཡུལ་གྱིས་སུ།། ཤེས་རབ་ཀྱིས་ནི་གཉིས་མེད་གྲུབ།། བདག་དང་གཞན་གྱི་བློ་རྒྱུ་སྡེ་པས།། རྩོད་པ་དུ་མར་རབ་ཕྱེ་སྟེ།། ཡང་དག་ཆོས་ནི་བཤད་པ་ནི།། བདག་དང་གཏན་ལ་ཕནྡྷ ་པ་ཡི།། ཡེ་ཤེས་དཔལ་བཟང་བྱ་བས་ནི།། ལང་དྷ། གཤེགས་པར་ཤེས་པར་བྱའོ།། ཤེས་རབ་གང་ནི་ཕ་རོལ་སྦྱིན།། རབ་ཏུ་རྣམ་པར་རྒྱུས་པའི་ཡུལ།། གཉིས་ཀྱི་ཚུལ་གྱི་རབ་རྒྱས་པ།། གཉིས་མེད་རིག ་པར་ཞུགས་པ་དེ།། ལང་དཀར་གསུངས་དང་དགོངས་ཚུལ་གྱིས།། བཤད་པ་སྦྱོར་བར་བྱ་བ་ནི། ཕུང་པོར་གནས་པ་རྣམ་པར་འཇིག། མགོ་སྲུང་རབ་རིབ་མཚུངས་པར་ནོད།། དེ་ནི་ཞི་བ་རབ་ཞི་སྟེ། ་སྦོམ་པོ་ཕྱོགས་ཀྱི་ཆས་སྟོང་པ།། ནུ་མཁའ་མེ་ཏོག་བཞིན་དུ་སྟེ།། མ་སྐྱེས་པ་ཡང་རྟག་པ་མེད།། ཇི་འདྲ་དོན་འདི་འདྲ་བ་དག། གཞན་གྱི་དབང་ནི་སྨོན་ལམ་གྱིས།། ཇི་ལྟར་བྱ་བ་ཞེས་སེམས་ཁོང་ཆུང་།། ཀླུ་འཕགས ་སོགས་པ་མཁས་པ་རྣམས།། ཚེ་རིང་བ་ཡང་རྙེད་པའི་རྣམས།། འགྲོ་བ་ལྔ་ནི་ཕྱིར་ཕྱོགས་ཏེ།། རྩོད་པ་དུ་མར་རྗོད་པ་ཡི།། བདག་དང་གཞིན་གྱི་བློ་རྒྱས་པ།། དཔག་ཏུ་མེད་པར་བཤད་པའོ།། ཀུན་མཁྱེན ་མཁྱེན་པས་རྟོག་པ་དང་།། བདེ་གཤེགས་དམ་པའི་སྲས་རྣམས་ཀྱི།། ཆུ་ལྔ་ནི་ཡང་དག་བསམ་སྟོན་གྱི།། མདོ་སྡེ་རིན་ཆེན་འབྱུང་གནས་ན།། རྣམ་པ་སྣ་ཚོགས་ཐུལ་གླང་གིས།། རབ་ཏུ་ཀློངས་པའི་རྒྱ་མཚོ་ཡིས།། ་བར་ནས་ཡེ་ཤེས་དཔལ་བཟང་པོ།། ལོག་པའི་སྨོན་ལམ་གཞན་དབང་གིས།། ངས་ནི་ཇི་ལྟར་བྱ་སྙམ་ནས།། གཞན་ལ་ཕྲན་པའི་སྙིང་རྗེ་དང་།། བསོད་ནམས་འགས་ནི་ཕ་རོལ་ཏུ།། རབ་ཏུ་ཕྱིན་ཞིང་འགལ ་བའོ།། ཡེ་ཤེས་དཔལ་བཟང་དེ་ལྟར་ནི།། སྙིང་རྗེ་དང་བྱེས་རབ་ཀྱང་།། རབ་ཏུ་ཡངས་པས་གཞན་ལ་ཕན།། འདིར་ནི་བདག་གིས་གུང་བཤད་པ།། རྟོགས་པའི་རྒྱན་གྱི་གཙུག་ལག། དང་།། ཚིག ་ཚུལ་ཚངས་པ་སྨྲ་ལ་སོགས།། བདག་དང་གཞན་གྱི་བློ་རྒྱས་པའི།། གྲུབ་མཐའི་ཁྱད་པར་མ་བཤད་དོ།། འདིར་བཤད་པ་ཡི་ཆོས་རྣམས་དབང་།། གཞན་དུ་བཤད་པ་མེད་པ་སྟེ།། རྒྱལ་པོ་ལ ་ལ་ཡང་བརྟེན་པ་མེད།། ཡེ་ཤེས་དཔལ་ནི་བཟང་པོ་ཞེས།། བྱ་བས་འདུས་པ་བརྒྱད་པ་ལས།། སྟོན་པའི་དོན་འདི་བྱས་པའོ།། གང་སྔོན་འཕགས་པ་ཀླུས་པོས ་དང་།། ལྷ་དང་ཕྱོགས་ཀླུ་ས་དབང་པོ།། མདོ་སྡེ་མཁས་པས་མ་བཤད་པ།། སྒྲ་མཁས་རིགས་པས་བསོད་ནམས་ནི།། དེར་གང་བདག་གི་ཐུབ་པ་མཁྱེན།། ལོག་པའི་རྟོག་པས་བསྟན་པ་དཀྲུགས་པ་ལ།། ་བདག་གཞན་སྒྲ་རྩོད་བདག་གིས་ཤེས་ནས་སུ།། གདོན་ཐ་མེད་པ་འདྲི་ནི་ཚུལ་ཅན་སྦྱར།། སྐྱེ་བོ་བསོད་ནམས་ང་ཡིས་ཀུན་མཁྱེན་ཤོག། ལོག་པོའི་རྟོག་པ་ཆུང་བྱ་བར།། སྨོན་ལོག་ང་ཡིས་ཅི་དགོས་ཏེ།། ་དམ་ཆེས་གང་ནི་གདོན་མི་ཟ།། འདི་བྱས་ནུབ་པའི་དུས་ལའོ།། དམ་པའི་ཆོས་སྟོན་འབོད་པ་འདིའོ།། བརྩི་བས་རྣམ་པར་བཤད་པ་བྱས།། བདག་གཞན་ལ་ལ་རྨོངས་པ་ལ།། མང་དུ་ཐོས་པས་བཤད་པཪྵ ་འགྱུར།། ཅུང་ཟད་ངན་དུ་སྤྱན་པ་ནི།། ཀུན་ཏུ་འཚོ་བས་མ་སྦྱངས་པ།། བདག་གི་དོན་དང་གཞན་དོན་དུ།། བསྟན་པའི་དོན་ལ་རྣམ་བལྟོས་ཏེ།། བདག་དང་གཞན་སྨྲ་དོན་མང་པོས།། ཡེ་ཤེས་དཔལ་བཟང་དགེ་སློང་གིས ་དམ་ཆོས་ངེས་པར་བཤད་པའི་ཕྱིར།། དེ་ལྟར་སྒྲིབ་པ་ཟད་པར་འགྱུར།། རབ་རིབ་སྐྱེས་པ་བདག་ལ་ནི།། བྲི་བ་གསོལ་བ་བཏབ་དག་ལ།། བྱང་ཆུབ་བླ་ན་མེད་དེ་ཐོབ་སྟེ།། ་ཐོག་མ་ཉིད་དུ་དེ་རྟོགས་བྱ་ཞེས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམ་པའི་ཆོས་ཐམས་ཅད་ཀྱི་འགྲེལ་པ་ལང་དཀར་གཤེགས་པ་རིན་པོ་ཆེའི་འབྱུང་གནས་ཀྱི་བསྡུ་བའི་ཚོགས ་བཅད་ནི་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་པ་ལས་དོན་དམ་ཡང་དག་འཕགས་ཀྱིས་ཡོངས་སུ་གསོལ་བའི་འོག་ཏུ་བཤད་པ་འདིར་སྦྱར་བར་བྱའོ།། ཤའི་དཔྱད་པའི་གོང་བུའམ ་འོག་ཏུ་འགྲེལ་ཏེ། བློ་གྲོས་ཆེན་པོས་ཚིགས་སུ་བཅད་པས་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ལ་ཡང་གསོལ་པ་ཞེས་གང་གིས་དེ་ལྟར་ཀློག་པས་ན་སྔ་མའི་ལེའུ་དེར་གཏོགས་པར ་བརྟག་གོ།། དེ་ལ་མཚོན་ནུས་བརྗོད་པའི་གནས་མང་ཞིང་དེ་བཞིན་གཤེགས་པར་ལུང་སྟོན་པ་ལ་སོགས་པ་བསྡུ་བའི་ཚིག་བཅད་ཉིད་ལས་འབྱུང་ངོ་།། གང་དེ་དག་གིས ་ཆོས་བཤད་ཕྱིར།། ཇི་ཞིག་ལས་ཀྱང་ཡུལ་འཕྲུལ་ཏེ།། སེམས་ཀྱི་སྡིག་པ་སྐྱེས་གྱུར་པ།། མཆོད་སྦྱིན་དུ་མས་ཞི་གནས་གྱུར།། སྡུག་བསྔལ་མི་མཛེས་ཚོགས་དང་རྨི་བཞིན་དུ། ་སྤྱོད་པར་འཇིག་རྟེན་རྣམ་པར་ཤེས་ནས་ནི།། ཡེ་ཤེས་དཔལ་བཟང་པོས་ནི་རྣལ་འབྱོར་དུ།། འཇིག་རྟེན་ཐམས་ཅད་ཤེས་རབ་སྙིང་རྗེས་གྱུར། ་འཕགས་པ་ལངྐར་གཤེགས་པའི་འབྲེལ་པ་སློབ་དཔོ་ན་ཡེ་ཤེས་དཔལ་བཟང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།། མངྒ་ལཾ།། ་