CLOSE WINDOW

GT3520: 'phags pa dgongs pa zab mo nges par 'grel pa'i mdo rgya cher 'grel pa
Wyliee-texts produced with BDRC’s OCR application

text in 3 volumes

volume 1 (mdo 'grel (ti)) - volume 2 (mdo 'grel (thi)) - volume 3 (mdo 'grel (di)) -

བམ་པོ་ལྔ་བཅུ་ལྔ་པ། བྱང་ཆུབ་སེམས་དཔའ ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ས་དེ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས་གནས་ངན་ལེན་མི ་མཐུན་པའི་ཕྱོགས་ནི་དུ་མཆིས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཀུན་ཏུ་རྨོངས་པ་རྣམ་པ་ཉི་ཤུ་རྩ་གཅིག་ལས་བརྩམས་ནས ་ས་རྣམས་རྣམ་པར་དབྱེ་བ་སྟོན་ཏོ།། དེ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ ་སྟེ། འདི་ནི་དང་པོ་ས་བཅུ་གཅིག་པོ་དག་ལ་ཀུན་ཏུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་དུ་ཞིག་ནི་མི་མཐུན་པའི་ཕྱོགསུ་གྱུར་པ་ལགས་ཞེས་ཞུའོ།། ཀུན་ཏུ་རྨོངས་པ་དང་གནྡ ་ངན་ལེན་དེ་དག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི།། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་སྟོན་ཏོ།། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཡོངསུ་སྦྱོང་བའི་ལེའུ ་ལས་ནི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལྕང་གི་ཚེ་བསྒྱུར་བ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི ་#། འགྲེལ་བུ་ལུས་ཀྱང་ཀུན་ཏུ་རྨོངས་པ་ཉྩི་ཤཱུ་རྩ་གཉིས་དང་། གནས་ངན་ལེན་བཅུ་གཅིག་ཅེས་སྟོན་ཏེ། ཀུན་ཏུ་རྨོངས་པ་ཉྫི་ཤུ་རྩ་གཉིས་ལས་དང་པོ་བརྒྱད་ཀྱིས་ནི་རྣམ་པ་བཞི་ལ་སྦྱོར་བའི་སྐྱོ་ཤི ་མངོན་པར་འགྲུབ་པར་བྱེད་དོ།། དེའི་འོག་མ་དྲུག་གིས་རྐྱེན་གྱི་སྐྱེ་ཤི་མངོན་པར་འགྲུབ་པར་བྱེད་དོ།། དེའི་འོག་མ་དྲུག་གིས་ནི། སྲིད་པ་དང་བཅས་པའི་སྐྱེ་ཤི་མངོན་པར་འགྲུབ་པར་བྱེད་དོ།། ཕྱི་མ་གཉིས་ཀྱིས་ནི་སྲིད་པ་མེད་པའི་སྐྱེ ་ཤི་མངོན་པར་འགྲུབ་པར་བྱེད་དེ། དེ་ནི་རྣམ་པར་འགྱུར་བའི་རྣམ་པར་སྨིན་པ་ལ་གནས་ངན་ལེན་ཞེས་བྱའོ་ཞེས་བཤད་དོ།། འདིར་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་དེ་བརྟགས་ན་སྐྱོན་རྣམ་གསུམ་ཡོད་དོ།། ་དང་པོ་ནི་རྒྱ་གར་གྱི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པའི་དཔེ་ཉིད་ལ་དེ་ལྟར་རྣམ་པར་ཕྱེ་བ་མེད་པས་སོ།། གཉིས་པ་ནི་འཕྱགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་ཁུངས་སུ་བསྟན་པ་ཉིད་ལས། སྐྱེ་ཤི་རྣམ ་པ་བཞིར་བསྟན་པ་མེད་པས་སོ།། གསུམ་པ་ནི་ཤེས་བྱའི་སྒྲིབ་པས་དངོས་པོའི་འཆི་འཕོ་བ་དང་རྣམ་པར་འགྱུར་བའི་འཆི་འཕོ་མངོན་པར་འགྲུབ་པར་མི་འགྱུར་བར་སྟོན་པས་སོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ ་པ་ལས་ནི་མདོ་འདི་དག་རྒྱ་ཆེར་སྟོན་པར་འདིར་ནི་དེ་དང་སྦྱར་ནས་མདོ་འདི་ཉིད་ལས་གསུངས་པའི་ཚིག་དེ་དག་བཤད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ ་བཀའ་སྩལ་པདང་། རིགས་ཀྱི་ཁྲུས་དོ་དག་ལགན་ཏུ་རྨོངས་པ་ཉྩནྡྷ་རྩཝ་གཉིས་དང་། གནས་དྲན་ལེན་མོ་མཐུན་པའི་ཕྱོགས་བཅུ་གཙུག་མན་ད་ནས་བྱུ་འདོམན་ནད་ན་གཉིས་པ་ནི་དོ་ན་གཤེགས་པས་ཡང་དག་པར ་དྲུགསུངས་བ་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་བྱེ་སྟེ། མིདི་བསྟན་པ་དང་། རྣམ་པར་བྱེ་སྟེ་ཤད་པ་དང་། རིགས་ཀྱི་ཧཱུ~ཾ་ཞེས་བྱ་བ་མན་ནད་རྨོངས་པ་ལ་སོགས་པ་གསངས་པའི་དགོངས་པ་བསྟན་པ་སྟེ། འདི་ན་ང ་སྐྱེ་བཅུ་གཅིག་པོ་དག་ལ་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། མི་མཐུན་པའི་ཕྱོགས་གནས་ངན་ལེན་བཅུ་གཅིག་ཡོད་པས་མདོར་བསྟན་པའོ།། འདི་ལྟ་སྟེ་སྨྲ་དང་པོ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དགང་ཟག་དང ་ཆོས་ལ་མངོན་པར་ཞེན་པ་ཀུན་ཏུ་རྨོངས་པ་དང་། ངན་སོང་བའི་ཀུན་ནས་ཉོན་མོངས་པའི་ཕན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད ་བསྟོན་ཏོ།། ས་བཅུ་གཅིག་པོ་རེ་རེ་ལ་ཡང་ན་ཏུ་རྨོངས་པ་གཉིས་གཉིས་དང་། གནས་ངན་ལེན་རེ་རེ་ཡོད་པ་ཉིད་ལ་རྣམ་པ་བཅུ་གཉིས་སུ་གྱི་སྟེ། འདི་ནིས་དང་པོ་ཀུན་ཏུ་རྨོངས་པ་གཉིས་དང་། གནས་ངན་ལེན་བསྟན ་བའོ།། ཀུན་ཏུ་རྨོངས་པ་འདི་གཉིས་ཀྱང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བཤད་པ་རྣམ་པ་གཉིས་ཡོད་དེ།། ཁ་ཙོག་ནེ་ཀུན་ཏུ་རྨོངས་པའི་ཕྱོགས་རྣམས་ནི་མདོར་བསྡུ་ན་ཀུན་ཏུ་རྨོངས་པ་ཞེས་བྱ ་སྟེ། འདི་ལྟར་ས་དང་པོ་པའི་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ལ་བདག་ཏུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི། འདིས་སོ་སོའི་སྐྱེ་བོ་ཉིད་ཀྱི་བསྒོམ་པའོ།། ངན་སོང་བའི་ཀུན་ནས་ཉོན་མོངས་པ་ཀུན་ཏུ་རྨོངས་པ་གང་ཡིན ་པ་དེ་ནི། ངན་སོང་བའི་ལས་རྣམས་དང་འབྲས་བུ་ལ་སོགས་པའོ།། ཀུན་ཏུ་རྨོངས་པའི་ཕྱོགས་རྣམས་ཀྱང་ཀུན་ཏུ་རྨོངས་པ་ཡིན་པར་རིག་པར་བྱ་སྟེ། ཕྱི་མ་རྣམས་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ།། ཁ་ཅིག་ན་རེ་ཀུན་ཏུ་རྨོངས་པ་འབའ ་ཞིག་བསྟན་པ་ཡིན་པས་དེའི་ཕྱིར་ཡང་སྒྲིབ་པ་རྣོན་པོ་དང་། རྟུལ་པོའི་ཕྱོགས་གཉི་གས་ཀུན་ཏུ་རྨོངས་པ་གཉིས་བསྐྱེད་པ་ཁོ་ནར་བསྟན་ཏོ།། ཞེས་བྱ་བ་སྨོས་པ་ཡིན་ནོ་ཞེའོ་ཞེས་འབྱུང་སྟེ། དེ་ལ་སྒྲིབ་པ་རྣོན་པོ་ལྔ་པོ་དག་གིས ་སྤྱན་ཏུ་རྨོངས་པར་གྱུར་པ་གདོ་ཡིན་པ་དེ་ནི། གང་ཟག་དང་ཆོས་ལ་མངོན་པར་ཞེན་དུ་ཀུན་ཏུ་རྨོངས་པ་ཞེས་བྱའོ།། ལྟུང་བ་ལྔ་པོ་དག་གོས་ཀུན་ཏུ་ནོ་ས་པར་གྱུར་པ་གང་ཡིནྡྲ་པ་དེནི་ངན་སོང་པའི་ཀུན་ནས་ཉོན་མོངས་པ་ཀུན་ཏུ ་རྨོངས་པ་ཞེས་བྱའོ།། གལ་ཏེ་དེ་ལྟར་རྣོན་པོ་དང་རྟུལ་བ་གཉིས་ཀུན་ཏུ་རྨོངས་པ་ཡིན་ནོ། རྨོངས་པ་གངོགས་བཱིསྟུས་ཤི་ན། སྨྲས་པ་རྒྱུས་སྲི་བྲང་བའི་དབང་དུ་བྱས་ནས་ནི་ཉོན་མོངས་བྱ་ཞེས་བསྟན་ལ། དུས་མཚུང་ས ་དབང་དུ་བྱས་ནས་ནི་ཀུན་ཏུ་རྨོངས་པ་ཞེས་བསྟན་ཏོ།། སློབ་དཔོན་ཆོས་སྐྱོང་གི་གཞུང་གིས་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་དེ་གང་གིས་ངོ་བོ་བྱེད་པར་སྟོན་ཅེ་ན། སྨོས་པ་སློབ་དཔོན་ཆོས་སྐྱོང་ཉིད་ཀྱིས་རྣམ་པ་གཉིསུ་བཤད་དེ། ་དང་པོ་ནི་ཡང་དག་པའི་དོན་གྱི་དབང་དུ་བྱས་ཏེ་བརྗོད་ན་སྒྲུབ་བྱ་གཉིས་ལས་ཀུན་ཏུ་བརྟགས་པ་ལས་བྱུང་བ་གང་ཡིན་པ་དནི། ཐོག་པ་གཉིས་མཐོང་བའོ་ལམ་མངོན་དུ་གྱུར་པ་རྣམ་པ་གཅིག་ཁོ་ན་སྤྱོང་བས་འཕགས་པའི་ངོ་བོ་ཉིད་ཐོག ་པ་ཅེས་བྱའོ།། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་མངོན་དུ་གྱུར་པའི་ཚེ་ནི་རྣམ་པ་གཉི་ག་སྤོང་བས། འཕགས་པའི་ངོ་བོ་ཉིད་ཐོབ་པ་ཞེས་བྱའོ་ཞེས་བཤད་དོ།། གཉིས་པ་ནི་ཡང་དག་པ་ཉིད་ཀྱི་མཐོང་བའི་ལམ་མངོན་དུ་གྱུར་པ་ན་སྒྲིབ ་པ་དེ་གཉི་གའི་ས་བོན་གདོན་མི་ཟ་བར་གྲུབ་པར་མི་འགྱུར་ཏེ། དཔེར་ན་སྣང་བ་དང་མུན་པ་ངེས་པར་ཅིག་ཅར་མི་སྐྱེ་བ་དང་། སྲང་མངའི་མཐོ་དམན་དུས་མཚུངས་པ་བཞིན་དུ་ཕན་ཚུན་མི་མཐུན་པའི་ཆོས་རྣམས་ཀྱི་རིགས་པ་ཡང་དེ་བཞིན་ཏེ། ་དེའི་ཕྱིར་ངོ་བོ་ཉིད་གཉིས་ཅིག་ཅར་འགྲུབ་པའི་ཉེས་པ་མེད་དོ།། བར་ཆད་མེད་པའི་ལམ་གྱི་ཚེ་ཉིད་ནི་ཉོན་མོངས་པའི་ས་བོན་མེད་པ་ཡིན་ན་ཡང་རྣམ་པར་གྲོལ་བའི་ལམ་བསྐྱེད་ཅིང་དགོས་ཤེ་ན། ཉོན་མོངས་པ་སྤངས་ནས་བགོག ་པ་མངོན་དུ་བྱེད་པའི་དུས་ཀྱི་སེམས་ཐ་དད་པའི་ཕྱིར་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་གྱི་ངོ་བོ་སྤོང་བའི་ཕྱིར་དང་། བར་ཆད་མེད་པའི་ལམ་གྱི་ཚེ་ཉོན་མོངས་པའི་ས་བོན་མེད་མོད་ཀྱི། འོན་ཀྱང་དེའི་ལས་སུ་མི་རུང་བ་ཉིད་མ ་སྤངས་པས། ཡོངསུ་སྦྱང་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་སྐྱེད་ནས། དེའི་ཕྱོགས་སོ་སོར་བརྟགས་པོའི་འགོག་པའི་འདུས་མ་བྱས་པ་ཡི་ནོ་ཞེས་བཤད་དོ།། ཁ་ཅིག་ན་རེ་ཡང་དག་པའི་དོན་དུ་ན་སྒྲིབ་པ་གཉིས་ཀ་བསྡུ་བ ་ཡིན་ཡང་མདོ་སྡེ་དང་བསྟན་བཅོས་ལ་ནི་ཤེས་བྱའི་སྒྲིབ་པ་ཁོ་ནས་བཅུད་ལ་སྒྲིབ་པ་དགོངས་པའི་ཕྱིར། བྱང་ཆུབ་སེམས་དཔས་སྤང་བར་བྱ་བ་ཡི་ནོ་ཞེའོ།། དེ་ལ་གནས་ངན་ལེན་ཅེས་བྱ་བ་ཡང་བསྟན་པ་རྣམས་ལས་སོ་སོ་ནས ་བཤད་པ་མྱི་མཐུན་ཏེ། མཚམས་པར་གྲོལ་བའི་མདོ་ལས་ནི་མི་མཐུན་པའི་ཕྱོགས་བཅུ་གཅིག་གི་ཉེས་པ་ཅེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མི་མཐུན་པའི་ཕྱོགས་བཅུ་གཅིག་ཅེས་འབྱུང་ངོ་།། འཕགས ་པགསེར་འོད་དམ་པའི་མདོ་ལས་ནི། གནས་ངན་ལེན་ཞེས་སེམས་གཉིས་ལ་གནས་ཞེས་འབྱུང་སྟེ། དེ་ལྟར་བསྟན་པ་རྣམས་ལས་ཚིག་ཐ་དད་པར་འབྱུང་ཡང་དོན་ནི་འགྲལ་བ་མེད་དོ།། བསྟན་བཅྡོཾས་ཐེག་པ་ཆེན་པོ་བསྡུས་པའི ་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས། གནས་ངན་ལེན་གྱི་རྣམ་པར་སྨིན་པ་ཞེས་འབྱུང་བ་ནི། ལོ་ཙཱ་བ་ཡང་དག་བདེན་པས་དེ་ལྟར་བཞག་པ་ཡིན་གྱི། རྒྱ་གར་གྱི་དཔེ་ཉིད་ལས་དེ་སྐད་འབྱུང་བ་ནི་མ་ཡིན་ནོ།། བསྟན་བཅོས་རྣམ་པར་རིག་པ ་ཙམ་དུ་གྲུབ་པ་ལས་ནི་རྣམ་པ་གཉིས་བཤད་དེ། དེ་ཕྱིར་བསྟན་བཅོས་དེ་ཉིད་ལ་གནས་ངན་ལྷན་ཅེས་བྱ་བ་ནི་རྣམ་པ་དེ་གཉིས་སམ་ཡང་ན་དེ་ཉིད་ལས་འབྱུང་བའི་ལུས་སུ་མི་རུང་བ་ཉིད་རབ་ཏུ་བསྟན་ཏེ། དཔེར་ན་སྙོམས་པར་འཇུག ་པ་གཉིས་ལ་ཞུགས་པས་སྡུག་བསྔལ་གྱི་དབང་པོ་སྤངས་སོ་ཞེས་བསྟན་པ་སྡུ་བསྔལ་གྱི་དབང་པོ་ཉིད་ས་པོ་དེ་མངོན་དུ་གྱུར་པའི་ས་བོན་མ་ཡིན་ཡང་གནས་ངན་ལེན་ཅེས་བརྗོད་པ་བཞིན་དུ་འདི་ཡང་དེ་བཞིན་ཏེ། འོག་ནས་གནས་ངན ་ལེན་ཅེས་འབྱུང་བ་དག་ལ་ཡང་དེ་བཞིན་སྦྱར་རོ།། ས་གཉིས་པ་ལ་ཀུན་ཏུ་རྨོངས་པ་གཉིས་ཡོད་དེ། ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་ཏུ་རྨོངས་པ་དང་། ལས་ཀྱི་འགྲོ་བ་རྣམ་པ་སྣ་ཚོགས་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན ་པའི་ཕྱོགས་སོ་ཞེས་བྱ་བ་ནི་གཉིས་པ་དྲི་མ་མེད་པའི་སའི་སྒྲིབ་པ་བསྟན་པའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་སྦྱར་ན། དེ་ལས་བཤད་པ་རྣམ་པ་གཱཉྫིས་ཡོད་དེ། ཁ་ཙོག་ན་རཱི་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་ཏུ་རྨོངས་པ ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གང་ཡིན་པའོ།། ལས་ཀྱི་འགྲོ་བ་རྣམ་པ་སྣ་ཚོགས་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། དེ་ལས་བྱུང་བའི་འཁྲུལ་པའི་ཉེས་པའི་ལས་གསུམ་པོ་དག་གང་ཡིན་པའི་ཞེའོ་ཁ་ཅིག་ནཱ་རེ་དེ་ལས ་བྱུང་པོ་ཁོ་ན་མི་རྟོག་པའི་ལུས་ཀྱི་ཀུན་ཏུ་རྨོངས་པའོ་ཞེས་ཟེར་ཏེ། སྔ་མའི་དོན་ནི་ཀུན་ཏུ་རྨོངས་པའི་ཕྱོགས་གཉིས་ཀ་ལ་ཀུན་ཏུ་རྨོངས་པ་ཞེས་བསྟན་ཏོ།། རྣམ་གྲངས་ཕྱི་མའི་དོན་ནི་གོ་རིམ་བཞིན་དུ་ལས་སློང་བའི་ཀུན་ཏུ་རྨོངས་པ་དང་། ་ལས་མི་རྟག་པའི་ཀུན་དུ་རྨོངས་པ་བསྟན་པ་སྟེ། གོང་དུ་བསྟན་པའི་རྨོངས་པ་དེ་གཉིས་ནི། སྒྲིབ་པ་རྣམ་པ་བཅུ་ལས། ལོག་པར་སྒྲུབ་པའི་སྒྲིབ་པ་ཉིད་དོ།། ས་གསུམ་པོ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དོ།། འདོད་པའི་འདོད ་ཆགས་ཀྱི་ཀུན་ཏུ་རྨོངས་པ་དང་། ཐོས་པའི་གཟུགས་ཡོངསུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགསོ་ཞེས་བྱ་བ་ནི་གསུམ་པ་འོད་བྱེད་པའི་སའི་སྒྲིབ་པ་བསྟན་པའོ།། བསྟན་བཅོས་རྣམ་པར ་རིག་པ་ཙམ་དུ་གྲུབ་པ་ལས། འདོད་པའི་འདོད་ཆགས་ཀྱི་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་མཆོག་དང་བསྒོམས་པའི་ཤེས་རབ་ལ་སློབ་པར་བྱེད་པ་གང་ཡིན་པ་སྟེ། དེ་མངོན་འདོད་པའི་འདོད་ཆགས་དང་ལན ་མང་དུ་ལྷན་ཅིག་གནས་པའི་ཕྱིར་འདོད་པའི་འདོད་ཆགས་ཞེས་བྱའོ།། འདིར་ཏིང་ངེ་འཛིན་མཆོག་དང་བསྒོམས་པ་ས་བྱུང་བ་འཐོབ་པས་ངེས་འདོད་པའི་འདོད་ཆགས་སྤངས་ཏེ། ཐོག་མ་མེད་པའི་དུས་ནས་དེའི་རྗེ་སུ་འཇུག་པའི་རྣམ་པར ་གནོན་པའི་ཕྱིར་རོ།། ཐོས་པའི་གཟུངས་ཡོངསུ་རྫོགས་པ་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་གཟུངས་དང་ཐོས་པ་དང་བསམས་པའི་ཤེས་རབ་ལ་སྒྲིབ་པར་བྱེད་པ་གང་ཡིན་པའོ་ཞེས་འབྱུང་སྟེ། ཀུན་ཏུ་རྨོངས་པ་གཉིས་ལ་མི་གནས ་བའི་སྒྲིབ་པར་བསྟན་ཏོ།། ས་བཞི་པ་ལ་ཀུན་ཏུ་རྨོངས་པ་གཉིས་ཡོད་དེ། སྙོམས་པར་འཇུག་པ་ལ་སྐྱེད་པའི་ཀུན་དུ་རྨོངས་པ་དང་། ཆོས་ལ་སྲེད་པའི་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི ་བཞི་པ་འོད་འཕྲོ་བ་ཅན་གྱི་སྒྲིབ་པ་བསྟན་པའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་སྙོམས་པར་འཇུག་པ་ལ་སྐྱེད་པའི་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཏིང་འཛིན་ལ་སྲེད་པ་དང་ལྡན་པ་གང་ཡིན་པའོ།། ཆོས་ལ་སྲིད་པའི ་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཆོས་ལ་སྲེད་པ་དང་ལྡན་པ་གང་ཡིན་པ་སྟེ། ཤེས་བྱའི་སྒྲིབ་པས་བསྡུས་པའོ།། ཀུན་ཏུ་རྨོངས་པ་གཉིས་སྤངས་པའི་ཕྱིར། ཉོན་མོངས་པའི་སྲེད་པས་གཉིས་ཀྱང་ཀུན་ཏུ་འབྱུང་བར་མི་འགྱུར་རོ་ཞེས ་གས་བྱ།། གཞནས་ད་ས་དིན་སྒྱུ་གྱུ་ས་རྫུན་པརྙནམངས་པ་རྒྱ་མངོན་ཏུ་འབྱུང་བའི་ས། ནས་ཀྱི་སྐྱོབ་པ་ས་སྨྱན་ཅིག་སྨྲས་པམ་ཆགས་པག་། ཡད་རྣམ་པར་བྱེ་ང་སྨྱན་ཅག་པ་འཇུགས་ཆགས ་བལ་སོགས་པ་བསྡུས་ཤིང་མཆོག་ཏུ་དམན་པའི་རྣམ་པ་ཡིན་པའི་ཕྱིར་དང་། ཡིད་ལ་མི་བྱས་པར་ཡང་དམིགས་པའི་ཕྱིར་དང་། མངོན་དུ་སྤྱོད་པ་དང་མི་མཐུན་པའི་ཕྲ་མོ་ཞེས་བྱ་བ་ཞེས་བཤད་དོ།། དོན་རྣམ་པ་གསུམ་གྱི་ཤིན་ཏུ་ཕྲ་བའི ་དོན་བསྟན་པ་ཡིན་པར་རིག་པར་བྱའོ།། དེས་ས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལ་སྒྲིབ་པར་བྱེད་དེ། ས་བཞི་པར་ཞུགས་པ་ནི་གཏན་དུ་སྦྱོང་བར་བྱེད་དོ།། དེ་སྔོན་ཕལ་ཚོར་ཡིད་ཀྱི་རྣམ་པར་ཤེས་པས་རང་གི་ངང་གི་བདག་ཏུ་འཛིན ་པ་ལ་སོགས་པའི་བདག་ཉིད་དངོ་གཅིག་པ་ལྟ་བུར་འབྱུང་བའི་ཕྱིར། ཉོན་མོངས་པའི་མིང་དུ་བསྟན་པ་ཡིན་ནོ།། འདིར་ས་བཞི་པ་ལ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐོབ་པ་དེས་གཏན་སྤོང་བར་བྱེད་པས་བདག་ཏུ ་ལྟ་བ་ལ་སོགས་པ་ཡང་ཀུན་ཏུ་འབྱུང་བར་མི་འགྱུརརོ།། ས་དང་བློ་དང་གཉིས་པ་དང་གསུམ་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་བསྒོ་མོ་པཱ་ནཱི་བཇི་ག་རྟེན་དང་མཚུངས་པ་ཡིན་ལ། ས་བཞི་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང ་མཐུན་པའི་ཆོས་ཐོབ་པ་དག་ནི། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་གཉིས་པོ་དག་གཏན་དུ་བཅོམ་པར་བྱེད་དོ།། འདི་ཉིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་ལྡན་པོས་ཇི་ལྟར ་ཤེས་ཤེ་ན། བདག་ཏུ་ལྟ་བ་ལ་སོགས་པའི་ནི་ཟག་པ་མེད་པའི་ལམ་དང་། མི་མཐུན་པ་ཉིད་ཀྱི་ཕྱིར་དང་། ས་བརྒྱད་པ་ཡན་ཆད་ལ་གདོང་ཀུན་ཏུ་མི་འབྱུང་ལ། ས་བདུན་པ་མན་ཆད་ལ་ནི་ཀུན་ཏུ་འབྱུང་ཞིང་ཉོན་མོངས་པའི ་གནས་བྱེད་པའི་ཕྱིར་དང་། འདི་ནི་རགས་པ་ཡིན་ལ། དེ་ནི་ཕྲ་བ་ཡིན་ཞིང་རྣམ་པར་གནོན་པ་ལ་སྔ་ཕྱི་ཡོད་པའི་ཕྱིར་དང་། འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་དང་མཚུངས་པ་ལྡན་པ་ཡིན་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཚིག་གིས་ནི་ཐོག ་མ་མེད་པའི་དུས་ཀྱི་ཤེས་བྱའི་སྒྲིབ་པ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ཡང་བསྡུས་པ་ཡིན་ཏེ། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ནི་ས་གསུམ་པ་དག་ཀྱང་འཕེལ་བར་བྱེད་པས་ས་གཞི་བར་ཞུགས་པའི ་ཚེ་གདོད་ཡོངས་སུ་སྤོང་བར་བྱེད་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ཤིན་ཏུ་མི་མཐུན་པའི་ཕྱིར་རོ།། ས་ལྔ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ཡིད་ལ་བྱེད་པས་ཀུན་ཏུ་རྨོངས་པ་དང་། མྱ་ངན་ལས ་འདས་པ་ལ་གཅིག་ཏུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པས་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་ལྔ་པ་ཤིན་ཏུ་རྒྱལ་བར་དགའ་བའི་སའི་སྒྲིབ་པ་བསྟན་པའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ ་པ་ལས། འདི་ནི་གོ་རིམ་བཞིན་དུ་འཁོར་བ་ལས་ཤིན་ཏུ་སྐྱེ་བ་དང་། མྱ་ངན་ལས་འདས་པ་ལ་མོས་པའོ།། སྒྲིབ་པ་གསུམ་ལས་འདིས་ནི་ལྔ་པ་ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་སྒྲིབ་པ་ཉིད་དེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག ་སྐྱེས་པའི་ཕྱོགས་གཅིག་གིས་འཁོར་བ་ལས་ཤིན་ཏུ་སྐྱོ་ཞིང་། མྱ་ངན་ལས་འདས་པ་ལ་མོས་པར་བྱེད་པས་ཐེག་པ་འོག་མ་པ་གཉིས་དང་མཚུངས་པར་སྡུག་བསྔལ་གྱིས་སྨྱོ་ཞིང་འགོག་པས་སོ།། དེས་ས་ལྔ་པའི་ཐ་དད་པ་མེད་པའི་ལམ་ལ་སྒྲིབ་པར ་བྱེད་དེ། ས་ལྔ་པར་ཞུགས་པ་ན་གདོང་སྤོང་བར་བྱེད་དོ་ཞེས་བཤད་དེ། ས་ལྔ་པ་ལ་ནི་བདེན་པ་བཞི་པོསྒོམས་པས་བདེན་པ་བཞི་པོ་དེ་དག་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་དང་། འབྲས་བུ་ཐ་དད་པ་མེད་པའི་ལམ་ལ་འཇུག ་པོར་འགྱུར་བས། དེའི་ཕྱིར་མི་ཕྱོགས་པ་ཉིད་དང་། ཕྱོགས་པ་ཉིད་ཀྱི་ཀུན་ཏུ་རྨོངས་པ་ཉིད་སྤོང་བར་བྱེད་དོ།། ས་དྲུག་པ་ལ་ཀུན་ཏུ་རྨོངས་པ་ཉིད་སྤང་བར་བྱང་ངོ་།། ས་དྲུག་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། འདུ་བྱེད་རྣམས་ཀྱི ་འཇུག་པ་མངོན་དུ་བྱ་བོ་ལ་སོ་སོར་རྟོག་པའི་ཀུན་ཏུ་རྨོངས་པ་དང་། མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དྲུག་པ་མངོན་དུ་གྱུར་པའི་སྒྲིབ་པ་བསྟན་པའོ།། བསྟན ་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འདུ་བྱེད་ཀྱི་འཇུག་པ་མངོན་དུ་བྱ་བ་ལ་སོ་སོར་རྟོག་པའི་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི་འདིར་ཀུན་ནས་ཉོན་མོངས་པ་ཡོད་པ་ཉིད་དུ་འཛིན་པ་སྟེ། འདུ་བྱེད་རྣམས་ཀྱི་འཇུག་པ་ནི་ཀུན་ནས་ཉོན ་མོངས་པའི་ཕྱོགས་ཀྱི་བསྡུས་པའི་ཕྱིར་རོ།། མཚན་མ་མང་པོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི་འདིར་རྣམ་པར་བྱང་བ་ལ་ཡོད་པ་ཉིད་འཛིན་པ་སྟེ། རྣམ་པར་བྱང་བར་མཚན་མ་ཡིན་པོའི་ཕྱིར། མཚན་མ་མང་པོ་ཀུན་ཏུ་འཐུང་བ ་ནི་མཚན་མ་མེད་པར་བསྒྲིབས་པ་ལ་ལན་མང་དུ་གནས་པར་མི་ནུས་སོ་ཞེས་འབྱུང་སྟེ། དེ་ལ་ཀུན་ཏུ་རྨོངས་པ་དང་པོས་ནི། སྡུག་བསྔལ་དང་ཀུན་ཏུ་འབྱུང་བ་ལ་འཁོར་བར་འཇུག་པའི་སྒོ་ཉིད་དུ་འཛིན་ཏོ།། ཀུན་ཏུ་རྨོངས་པ་ཕྱི ་མས་ནི་འགོག་པ་དང་ལམ་རྣམ་པར་བྱང་བའི་མཚན་ཉིད་ཀྱི་སྒོ་ཉིད་དུ་འཛིན་ཏོ།། སྒྲིབ་པ་བཅུ་ལས་འདི་ནི་དྲུག་པ་མཚན་མ་རགས་པ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཉིད་དེ། ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང ་བའི་མཚན་མ་ཡོད་པ་ཉིད་དུ་འཛིན་པའོ།། དེས་ས་དྲུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་དྲུག་པར་ཞུགས་པ་ནི་གདོང་སྤོང་བར་བྱེད་དོ།། ས་བདུན་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དོ།། ་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་དང་། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པའི་ཐབས་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བདུན་པ་རིང་དུ་སོང་བའི་སའི་སྒྲིབ་པ་བསྟན་པའོ།། བསྟན ་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི།། འདིར་སྐྱེ་བ་པོ་ཡོད་པ་ཉིད་དུ་འཛིན་པ་སྟེ། འཇུག་པ་ཕྲ་མོའི་མཚན་མ་སྐྱེ་བ་ཉིད་དུ་འཛིན་པའི་ཕྱིརོ་ཞེས་བཤད་དེ། འདི་ལྟར་རྐྱེན་རྣམས་ལས ་སྐྱེ་བ་དང་འགག་པའི་འཇུག་པ་ཡོད་པ་ཉིད་དུ་འཛིན་པ་སྟེ། ཡང་དག་པའི་དོན་དུ་ན་འགག་པ་ཞེས་སྡུས་པ་ཡིན་མོད་ཀྱི། རེ་ཞིག་སྐྱེ་བ་ཁོ་ན་སྨོས་པ་ཡིན།། གཞན་ཡང་དེ་ཉིད་ལས་མཚན་མ་མེད་པ་གཅིག་ཏུ་གཉེར་བའི་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། ་ན་འགུག་པ་པ་མང་གབྱུད་དུ་ཛིན་དུ། སྔགས་ས་སྡུག་པ་མྱུ་ན་ཐམ་མངབ་ཉུང་ན་ན་། སྒྱུར་ན་ཅིང་སྨྱོས་པར་འཐུང་གཱ་སྣ་སྔགས་པས་ཟླུན་མཚན་མ་ཡ་ཉིད་དུ་འཛུ་དང་། ཙུག ་མཱ་མེད་པའི་ཡིད་ལ་བྱེད་པ་གཉེར་བར་མི་ནུས་ཀྱང་། སྟོང་པ་ཉིད་ལ་སྤྱོད་པ་མ་ཆོག་བསྐྱེད་པའོ།། སྒྲིབ་པ་རྣམ་པ་བཅུ་ལས་འདྲིན་བདུན་པ་མཚན་མ་པཱ་མོ་ཀུན་ཏུ་འབྱུང་བའི་སྒྲིབ་པ་ཉིད་དེ། དྀ་ཤེས་ཕྱི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིས ་གྱིས་སྐྱེ་བ་དང་། འགོག་པའི་མཚན་མ་ཕྲ་མོ་ཀུན་ཏུ་འཐུང་བ་ཡོད་པ་ཉིད་དུ་འཛིན་པས་སོ།། དེས་ས་བཅུ་པའི་མཚན་མ་མེད་པའི་ཁྱད་པར་དུ་འཕགས་པའི་ལ་མོ་ལི་སྒྲིབ་པར་བྱེད་དེ། ས་བདྲེན་པར་ཞུགས་པ་ནི་གཏན་དུ་སྤོང་བར་བྱེད་དོ།། ས་བརྒྱུད་པ་ལ་ཀུན་ཏུ། ་རྨོངས་པོ་རྣམ་པ་གཉིས་ཡོད་དེ། མཚན་མ་མེད་པ་ལ་རྩོལ་བ་ཀུན་ཏུ་རྨོངས་པ་དང་། མཚན་མ་ལ་དབང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་བརྒྱད་པ་མི་གཡོ་བོའི་སའི་སྒྲིབ་པ་བསྟན་པའོ།། བསྟན ་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་མཚན་མ་མེད་པ་ལ། རྩོལ་བ་ཀུན་ཏུ་རྨོངས་པ་དང་། མཚན་མ་ལ་དབང་བ་ཀུན་ཏུ་རྨོངས་པ་ཡང་འདིར་མཚན་མ་ལ་མི་དབང་བ་ཉིད་ཀྱི་ཕྱིར་དང་འདིས་ཀྱང་ཞིང་དང་མཚན་མའི་ཕྱོགས་གཅིག་བསྡུས ་པའི་ཕྱིར་དང་། ས་བརྒྱད་པ་ཡན་ཆད་གཅིག་དུ་ཟག་པ་མེད་པའི་ལམ་རང་གི་ངང་གིས་སྐྱེ་བའི་ཕྱིར་དང་། ཁམས་གསུམ་པའི་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ནི་ཀུན་ཏུ་འབྱུང་སྟེ། སྟོང་པ ་སྐྱེས་པའི་ཡེ་ཤེས་ཀྱི་འབྲས་བུ་དེ་དང་མི་མཐུན་པ་མེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། དེ་ལ་སྟོང་པ་སྐྱེས་པའི་ཡེ་ཤེས་ཀྱི་འབྲས་བུ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྟོང་པ་སྐྱེས་པའི་ཤེས་པས་མངོན་པར་བསྒྲུབས་པས་ཕྱིས་ཐོབ་པའི་ཤེས་པ་དང་། འགོག་པའི ་སྙོམས་པར་འཇུག་པའོ།། སྒྲིབ་པ་རྣམ་པ་བཅུ་ལས་འདི་ནི་བརྒྱད་པ་མཚན་མ་མེད་པ་ལ་རྩོལ་བའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་མཚན་མ་མེད་པར་སྒོམ་པ་རང་གི་ངང་གིས་འཇུག་པར་མི་འགྱུར ་བའོ།། སྔ་མའི་ས་ལྔ་པོ་དག་ལ་ནི་མཚན་མ་དང་བཅས་པར་བསྒོམས་པ་ནི་མང་ལ། མཚན་མ་མེད་པར་སྒོམ་པ་ནི་ཉུང་ངོ་།། སོ་དྲུག་པ་ལ་མཚན་མ་དང་བཅས་པར་བསྒོམ་པ་ནི་ཉུང་ལ། མཚན་མ་མེད་པར་སྒོམ་པ་ནི་མང་ངོ་།། ས་བདུན་པ་ནི་གཅིག ་ཏུ་མཚན་མ་མེད་པར་བསྒོམ་པ་རྟག་པར་རྒྱུན་མི་འཆད་མོད་ཀྱི། འོན་ཀྱང་རྩོལ་བ་དང་བཅས་པ་ཡིན་ཏེ། མཚན་མ་མེད་པ་ལ་རྩོལ་བ་དང་བཅས་པའི་ཕྱིར། རང་གི་ངང་གིས་མཚན་མ་དང་བཅས་ཞིང་སྟོང་པར་མི་ནུས་སོ།། རྩོལ་བ་དང་བཅས ་པའི་སྒྲིབ་པ་དེ་ཡང་ས་བརྒྱད་རྩོལ་བའི་ལམ་མེད་པའི་ཕྱིར། ས་བརྒྱད་པར་བཞུགས་པ་ན་གཏན་སྤོང་བར་བྱེད་དེ། དེ་གཏན་དུ་སྤང་བའི་ཕྱིར་དབང་རྣམ་པོ་གཉིས་ཀྱང་འཐོབ་པར་འགྱུརརོ།། ས་དགུ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། ་ཆོས་བསྟན་པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པའི་གཟུངས་ཀྱི་དབང་ལ་ཀུན་ནས་རྨོངས་པ་དང་། སྤོབས་པ་ལ་དབང་བ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན ་ལེན་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་སའི་སྒྲིབ་པ་བསྟན་པའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཆོས་བསྟན་པ་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས ་གོང་དུ་ཤེས་རབ་དང་། སྤོབས་པའི་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ལ། ཆོས་བསྟན་པ་དང་དཔག་ཏུ་མེད་པའི་གཟུངས་ཀྱི་དབང་ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་སྟེ། བརྗོད་པར་བྱ་བའི་གཟུངས་ལ་དབང་ཐོབ་པས་དོན་གཅིག ་གི་ནང་དུ་ཐམས་ཅད་སྟོན་པའི་ཕྱིར་རོ།། ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པའི་གཟུངས་ཀྱི་དབང་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་སྟེ། རྗོད་པར་བྱེད་པའི་གཟུངས་ལ་དབང་ཐོབ་པས་ཡི་གེ་གཅིག་གི་མིང་དང་། ཚིག་དང་ཡི་གེའི ་ནང་དུ་མིང་དང་ཚིག་དང་ཡི་གེ་ཐམས་ཅད་སྟོན་པའི་ཕྱིར་རོ།། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པའི་གཟུངས་ཀྱི་དབང་ཞེས་བྱ་བ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་སྟེ། སྒྲ་སྐད་གཅིག་གིས་ཕན་ཚུན་དེས་ཚིག་རྣམ་པར་བཤད ་པའི་གཟུངས་ལ་དབང་ཐོབ་པར་སྒྲ་སྐད་ཅིག་གི་ནང་དུ་སྒྲ་སྐད་ཐམས་ཅད་སྟོན་པའི་ཕྱིར་རོ།། སླེབས་པ་ལ་དབང་བ་ཀུན་ཏུ་རྨོངས་ཞེས་བྱ་བ་ལ། སྤོབས་པ་ལ་དབང་བ་ཞེས་བྱ་བ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དབང་པོ་ལེགས་པར ་རྟོགས་ཤིང་ཆོས་བསྟན་པ་ལ་མཁས་པའི་ཕྱིར་རོ།། ཀུན་ཏུ་རྨོངས་པ་ལ་དབང་རྣམ་པ་བཞི་པོ་དེ་དག་ལ་སྒྲིབ་པར་བྱེད་པ་གང་ཡིན་པ་དེ་ནི། ས་དགུ་པའི་སྒྲིབ་པས་བསྔོས་པ་ཡིན་པར་རིག་པར་བྱའོ།། སྒྲིབ་པ་རྣམ་པ་བཅུ་ལས་འདི་ནི་དགུ་པ ་གཞན་ལ་ཕན་འདོགས་པ་ལ་མ་མོས་པའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་ཅིག་གིས་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་ལ་བརྩོན་པར་མ་མོས་ཤིང་རང་གི་དོན་ལ་མོས ་པར་བྱེད་པས་སོ།། དེས་ས་དགུ་པའི་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒྲིབ་པར་བྱེད། ས་དགུ་པར་ཞུགས་པ་ན་གཏན་དུ་སྤོང་བར་བྱེད་དོ་ཞེས་འབྱུང་ངོ་།། ས་བཅུ་པ་ལ་ཀུན་ཏུ་རྨོངས་པ་རྣམ་པ་གཉིས་ཡོད་དེ། མངོན་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས ་པ་དང་། གསང་བའི་རྗེ་སུ་འཇུག་པ་ཤིན་ཏུ་ཕྲ་མོ་ཁོང་དུ་ཆུད་པ་ལ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགསོ་ཞེས་བྱ་བ་ནི་བཅུ་པ་ཆོས་ཀྱི་སྤྲིན་གྱི་སའི་སྒྲིབ་པ་བསྟན་པའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། དེ་ལ་མངོན ་པར་ཤེས་པ་ཆེན་པོ་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་བྱ་བའི་དངོས་པོའི་ལས་ལ་སྒྲིབ་པར་བྱེད་པ་གང་ཡིན་པའོ།། གསང་བའི་རྗེསུ་འཇུག་པ་ཤིན་ཏུ་ཕྲ་མོ་ཁོང་དུ་ཆུད་པ་ལ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི། འདིར་ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན ་དང་། ཡོངསུ་སྦ་བར་བྱ་བ་ལ་སྒྲིབ་པར་བྱེད་པ་གང་ཡིན་པའོ།། སྒྲིབ་པ་རྣམ་པ་བཅུ་ལས་ནི་ཆོས་བསྟོན་ལ་དབང་དུ་མ་གྱུར་པའི་སྒྲིབ་པ་ཉིད་དེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལ་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཆོས་རྣམས་ལ་དབང་ཐོབ་པར ་མི་བྱེད་པས་སོ།། དེས་ས་བཅུ་པའི་ཆོས་ཆེན་པོའི་ཡེ་ཤེས་ཀྱི་སྤྲིན་དང་། ཡོངསུ་སྦས་པ་ལས་འབྱུང་བའི་བྱ་བའི་དངོས་པོ་དག་ལ་སྒྲིབ་པར་བྱེད་དེ། ས་བཅུ་པརརོ་ཞུགས་པ་ན་གཏན་དུ་སྤོང་ངོ་ཞེས་འབྱུང་ངོ་།། དེ་བཞིན་གཤེགས་པའི་སའི་སྒྲིབ་པ ་ཡུན་པ་སྷོ། སྨན་མོ་རྣམ་པར་རིག་པཅུམ་དུ་གྲུབ་པ་ལས། ཤེས་བྱ་ཁམས་ཅད་ལ་ཆགས་པ་ཤིན་ཏྱཱ་མྦྷ་མོ་ཀུན་ཏུ་རྨོངས་པ་ཞེས་བྱ་བ་ནི་འདིར་ཤེས་བྱའི་སློབ་པ་ཕྲ་མོ་བསྟན་པ་གང་ཡིན་པ་།། ཐོགས་པ་ཤིན་ཏུ་དྲ་མོ་ཀུན་ཏུ་རྨོངས་པ་ཞེ ་བྱབ་ནི་འདི་རང་གི་དང་གིས་འཇུག་པའི་ཉོན་མོངས་པའི་སྒྲིབ་པས་བོན་གང་ཡིན་པ་ཐམས་ཅད་། དེའི་ཕྱིར་བསྟན་བཅོས་མངོན་པསྟན་ལས་བཏུས་པ་ལས། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཅིག་ཅར་སྦ ་ནས་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ཆེན་པོ་དང་། བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་ངོ་།། སྒྲིབ་པོ་རྣམ་པ་བཅུ་ལས་འདི་ནི་ལོགས་ཤིག་ཏུ་སྒྲིབ་པ་གཅིག་ཏུ་ཕྱེ་ནས་བསྟན་པ ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ས་འདིར་ཆོས་ལ་དབང་ཐོབ་པ་ཡིན་མོད་ཀྱི། འོན་ཀྱང་སྒྲིབ་པ་ལྷག་མ་དང་བཅས་པས་ཤིན་ཏུ་མཐར་ཐུག་པ་ཞེས་མི་བྱ་སྟེ། འདིར་ལྷན་ཅིག་སྐྱེས་པོའི་ཤེས་བྱའི ་སྒྲིབ་པ་ཕྲ་མོ་དང་ལྡན་པ་དང་། རང་གིས་དང་གིས་འཇུག་པའི་ཉོན་མོངས་པའི་སྒྲིབ་པའི་ས་བོན་དང་ལྡན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ན། དེ་དག་ཅིག་ཅར་སྤངས་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་ཅེས ་བསྟན་པ་ཡིན་ནོ།། རྒྱ་ཆེར་རྣམ་པར་དབྱེ་བ་ནི་མཚན་ཉིད་བསྟན་པ་དག་ལས་འཛུ་བ་བཞིན་དུ་རིག་པར་བྱའོ།། རིགས་ཀྱི་བུ་ཀུན་ཏུ་རྨོ་ཉི་ཤུ་ཀྱི་གཉིས་དང་། གནས་ངན་ཡིན་བཅུ་གཅིག་པོ་དེ་དག་གི་བྱིངས་རྣམ་པ་གཞག ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྨོངས་པ་ལ་སོགས་པ་གསུངས་པའི་དགོས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྨོངས་པ་ལ་སོགས་པ་གསུངས་པ་ཉིད་ཀྱི་དགོངས་པ་བསྟན་པ་དང་། བྱང་ཆུབ་ཀྱི་འཆིང་བ་རྣམས ་དང་བྲལ་བར་བསྟན་པ་སྟེ། འདི་ནི་དང་པོའོ།། འདི་ལྟར་ས་བཅུ་གཅིག་རྣམ་པར་བཞག་པར་བཞེད་པའི་ཕྱིར་ཀུན་ཏུ་རྨོངས་པ་དང་། གནས་ངན་ལེན་རྣམས་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཐ་ན་མེད་པ་ཡང་དག་པོར་རྫོགས་པའི་བྱང་ཆུབ ་ནི་འཆིང་བ་དེ་དང་མི་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པའི་བྱང་ཆུབ་འཆིང་བ་རྣམས་དང་བྲལ་བས་བསྟན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་བསྡུགས ་པ་བརྗོད་པའོ།། འདི་ནི་དང་པོ་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་བསྟོན་པ་སྟེ། འདི་ལྟར་གྱི་ནོམ་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་སྐབསུ་ཀུན་ཏུ་རྨོངས་པ་དང་། དེའི་གནས་ངན་ལེན་རྣམས་ཡོངསུ་སྤོང་བའི་ཕྱིར།། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཤིན་ཏུ་ངོ་མཚར་ཆེ་ཞིང་ཕན་ཡོན་ཆེ་བ་དང་། འབྲས ་བུ་ཡོངསུ་གྲུབ་པར་བགྱིད་པ་ལགས་པས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བྱང་ཆུབ་སེམས་དཔའ་བསྔགས་པ་བརྗོད་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་སྟེ། འདི་ནི་དང་པོ་སྤྱིར་བསྔགས་པ་བརྗོད་པའོ།། འདི ་ཡང་རྣམ་པ་གཉིས་ཏེ། དང་པོ་ཕན་ཡོན་ཆེ་བ་ཡོངསུ་གྲུབ་པ་ནི་གཞན་ལ་ཕན་འདོགས་པའི་ཡོན་ཏན་ནོ།། གཉིས་པ་འབྲས་བུ་ཆེན་པོ་ཡོངསུ་གྲུབ་པ་ནི་བདག་ལ་ཕན་འདོགས་པའི་ཡོན་ཏན་ནོ།། ཡང་ན་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ཕན ་ཡོན་ཆེ་བ་ཞེས་བྱའོ།། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་འབྲས་བུ་ཆེ་བ་ཞེས་བྱའོ།། ཡང་ན་ཤེས་བྱའི་སྒྲིབ་པ་སྤངས་པ་གང་ཡིན་པ་དེ་ནི་ཕན་ཡོན་ཆེ་བ་ཞེས་བྱའོ།། ཉོན་མོངས་པའི་སྒྲིབ་པ་སྤངས་པ་གང་ཡིན་པ་དེ་ནི་འབྲས་བུ ་ཆེ་བ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཀུན་ཏུ་རྨོངས་པའི་དྲ་བ་ཆེན་པོ་རབ་ཏུ་དྲལ་ཞིང་དེ་ལྟར་གནས་ངན་ལེན་གྱི་ཐིབས་པོ་ལས་ཡང་དག་པར་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་ཐོབ ་པར་བགྱིད་པ་ལོགས་སོ་ཞེས་བྱ་བ་ནི་གཉིས་པ་བྱེ་བྲག་ཏུ་བསྔགས་པ་བརྗོད་པའོ།། མདོའི་ཚིག་འདི་ལ་ཡང་དོན་རྣམ་པ་གསུམ་ཡོད་དེ། ཀུན་ཏུ་རྨོངས་པ་རྣམས་དྲལ་བ་དང་། གནས་ངན་ལེན་ལས་ཡང་དག་པར་འདས་པ་དང་། ་བྱང་ཆུབ་མངོན་དུ་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཕན་ཡོན་རྣམ་པ་གསུམ་པོ་འདི་དག་དང་ལྡན་པར་བྱེད་པས་སོ།། ཀུན་ཏུ་རྨོངས་པ་འདི་དག་ནི་སེམས་ཅན་ལ་འགེགས་ཤིང་དཀྲི་བར་བྱེད་པའི་ཕྱིར་དྲ་བ་ལྟ་བུར་བསྟན་ཏོ།། གནས ་ངན་ལེན་ནི་མང་པོས་ཐིབས་པོ་ལྟ་བུར་བསྟན་ཏོ།། བཤད་པའི་རྣམ་གྲངས་གཞན་དུ་ན་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་བསྟན་པ་ལ་རྣམ་པ་བཞིར་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད ་བསྟན་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་ཀྱི་ཡོན་ཏན་བརྗོད་པའོ།། ། བམ་པོ་ལྔ་བཅུ་དྲུག་པའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་དག་ཁྱད་པར་དུ་འཕགས་པ་རྣམ་པ་དུ་དག་གིས་རྣམ་པར་བཞག་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཁྱད་པར་དུ་འཕགས་པོ་རྣམ་པ་བརྒྱད་ཀྱིས་ས་རྣམ་པར་དབྱེ་བ་ཞེས་བྱ་བ ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པའོ།། འདི་ནི་བྱང་ཆུབ་སེམས་དཔའ་ཞུ་བ་གསོལ་བ་སྟེ། འདི་ལྟར་ས་བཅུ་གཅིག་པོ་དེ་དག་རྣམ་པ་དུ་དག་གིས་རྣམ་པར་བཞག་ཅེས་བྱ་བའི་ཐ་ཚིག་གོ།། བཅོམོ ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པ ་བསྟན་ཏོ།། འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། གྲངས་བཞིན་དུ་མིང་དུ་བཀོད་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ས་རྣམས་ལ་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད ་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་འབྱེད་པ་སྟེ། འདི་ནི་དང་པོའོ།། གྲངས་སྨོས་ནས་ས་བཅུ་གཅིག་པོ་དག་ལ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ཡོད་པར་ལན་མདོར་གསུངས་པའོ།། ལྷག་པའི་བསམ་པ་རྣམ་པར་དག་པ་དང་།། ་སེམས་རྣམ་པར་དག་པ་དང་། སྙིང་རྗེ་རྣམ་པར་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དྲག་པ་དང་། སྐྱེ་བ་རྣམ ་པཔར་དག་པ་དང་། མཐུ་རྣམ་པར་དག་པས་སོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ།། འཕགས་པ་མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངསུ་ཟབ་མོ་རྣམ་པར་གྲོལ་བའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས ་པའི་འགྲེལ་པ་ལུང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་བཀོད་པ་ཕལ་ཆེར་མཐུན་ཏེ། དེ་ལ་ལྷག་པའི་བསམ་པ་ཞེས་བྱ་བ་ནི་སྔར་གོང་དུ་ལྷག་པའི་བསམ་པ་རྣམ་པར་དག་པ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ ་རིག་པར་བྱའོ།། སེམས་རྣམ་པར་དག་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་བརྒྱད་ལ་སྤྱིར་སེམས་རྣམ་པར་དག་པ་ཞེས་བསྟན་པ་སྟེ། དེའི་ཕྱིར་འཕགས་པའི་གསུང་རབ་རྣམས་ལས་སྤྱིར་སེམས་རྣམ་པར་དག་པ་ཞེས་བསྟན་པ ་ཡིན་ནོ།། བསྟན་བཅོས་རྣམ་པར་བཤད་བ་ལས་ནི་བསམ་གཏན་བཞི་ལ་སེམས་རྣམ་པར་དག་པ་ཞེས་བྱ་བར་བསྟན་ཏོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སྐུ་ལས་ནི་དང་པོ་ཁོ་ནར་འཕགས་པའི་བདེན་པ་མངོན་པར་རྟོགས་པ་ཡང ་དག་པ་ཉིད་དུ་སྐྱོན་མེད་པ་ལ་འཇུག་པའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པ་ཞེས་བྱའོ་ཞེས་བཤད་དོ།། སྙིང་རྗེ་རྣམ་པར་དག་པ་ཞེས་བྱ་བ་ནི་ཚོད་མེད་པ་བཞི་ལས་སྙིང་རྗེ་ཚད་མེད་པའོ།། སྙིང་རྗེ་དང་སྙིང་རྗེ་ཆེན་པོ་ལ་བྱེ་བྲག་ཅི་ཡོད ་ཅེ་ན་སྨྲས་པ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་མཛོད་ཀྱི་བསྟུན་བཅོས་ལས་རྒྱུ་རྣམ་པ་བརྒྱད་ཀྱིས་ཐ་དད་དོ་ཞེས་བཤད་དོ།། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དང་པོ་ནི་རང་བཞིན་གྱིས་གཏི་མུག་མེད་པ་སྟེ། ཕྱིན ་ལྡོག་གིས་རང་བཞིན་ཐ་དད་པ་མེད་པ་མེད་པའི་ཕྱིར་རོ།། གཉིས་པ་ནི་རྣམ་པ་སྟེ། སྡུག་བསྔལ་གསུམ་དང་། སྡུག་བསྔལ་གཅིག་གི་རྣམ་པ་ཐ་དད་པའི་ཕྱིར་རོ།། གསུམ་པ་ནི་དམིགས་པ་སྟེ། ཁམས་གསུམ་དང་། ཁམས་གཅིག ་གི་དམིགས་པ་ཐ་དད་པའི་ཕྱིར་རོ།། བཞི་པ་ནི་ས་ལ་བརྩམས་པ་སྟེ། བསམ་གཏན་བཞི་པ་ནི་ཀུན་ཏུ་གཏོགས་པ་ཡིན་ལ། གཞན་ནི་ཐ་དད་པའི་ཕྱིར་རོ།། ལྔ་པ་ནི་ལུས་ལ་བཙེམས་པས་ཏེ། དེ་བཞིན་གཤེགས་པའི་སྐུ་ཁོ་ནའི ་སྐུ་ནི་ཀུན་ཏུ་ཁྱབ་པ་ཡིན་ལོ། ལུས་གཞན་དག་ནི་ཐ་དད་པའི་ཕྱིརརོ།། དྲུག་པ་ནི་མངོན་དུ་ཐོབ་པ་སྟེ། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ཐ་དད་པའི་ཕྱིར་རོ།། བདུན་པ་ནི་སྐྱོབ་པའི་དངོས་པོ་ཡོངསུ་གྲུབ་པ་སྟེ། བསྐྱབ་པར་བྱའོ།། ་སྙམ་པའི་རི་བ་ཐ་དད་པའི་ཕྱིར་རོ།། བརྒྱད་པ་ནི་སྙིང་བརྩེ་བ་སྟེ། མཉམ་པ་ཉིད་སྙིང་རྩེ་བའི་བྱེ་བྲག་ཡོད་པའི་ཕྱིར་རོ་ཞེས་བཤད་དོ།། བསྟན་བཅོས་ཡང་དྲག་པར་རིག་པ་དང་རྗེས་སུ་མཐུན་པ་ལས་རྣམ་གྲངས་རྣམ་པ་ལྔས་བྱེ ་བྲག་གི་མཚན་ཉིད་སྟོན་ཏོ།། རྒྱ་ཆེར་དེ་ཉིད་ལས་བསྟན་པ་ཡིན་ནོ།། མདོ་སྡེ་པའི་བསྟན་བཅོས་དེ་ཁོ་ན་ཉིད་ལོས་ནི་དོན་རྣམ་པ་བདུན་གྱིས་སྟོན་ཏོ།། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་ལ་བྱེ་བྲག ་ཡོད་ཅེ་ན། སྨྲས་པ། སྙིང་རྗེ་ནི་སྙིང་བརྫེ་བ་ཁོ་ན་ཡིན་ལ། སྙིང་རྗེ་ཆེན་པོ་ནི་བྱ་བའི་དངོས་པོ་བསྒྲུབ་པར་ནུས་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་བ་དེ་མཐོང་ན། སྡུག་བསྔལ ་ཟད་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱིས་བརྩོན་པར་བྱེད་པ་དང་། གཞན་ཡང་བསྐལ་པ་དཔག་ཏུ་མེད་པ་ནས་བསྒོམས་པ་ལས་མངོན་པར་གྲུབ་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། གཞན་ཡང་ཤེས་རབ་ཀྱི་མིག་གིས་སེམས་ཅན ་སྡུག་བསྣོལ་པོ་མཐོང་ན་གདྲོནི་མི་ཟ་བར་ཡོངས་སུ་བསལ་བར་བྱའོ་སྙམ་དུ་སེམས་སྐྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། གཞན་ཡང་ཕན་འདོགས་པ་མང་བའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། ཐོགས་པ་མེད་པའི་ཕྱིར་ཡང་སྙིང་རྗེ ་རྒྱཆེན་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྙིང་རྗེའི་སེམས་ནི་གཞན་གྱི་ཉེས་པ་རྗེས་སུ་དྲན་པའི་ཕྱིར་ཐོགས་པ་སྐྱེ་བར་འགྱུར་ལཱ། སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་ཉེས་པ་ཆེན་པོ་ཆེན་པོ་བྱས་པ་དག་ལ་ཡང་ཐོགས་པ་མེད་པ་ཉིད་དུ་རབ་ཏུ་རྟོགས་པས ་སོ།། གཞན་ཡང་སྙིང་རྗེ་ལ་ནི་མ་སྙོམས་པའི་མཐོ་དམན་ཡོད་ཀྱི། འདི་ནི་ཐམས་ཅད་ལ་མུཉམ་པ་ཉིད་དུ་གྱུར་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། གཞན་ཡང་བདག་ཉིད་ལ་ཕན་པ་སྦྱངས་ནས་གཞན་ལ་ཕན་འདོགས་པ་ཡོངས་སུ ་གཉེར་བར་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ།། སྙིང་རྗེ་ནི་དེ་ལྟ་བུ་མ་ཡིན་པས་འདི་ནི་བྱེ་བྲག་གོ་ཞེས་འབྱུང་ངོ་།། འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ནས་བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་དོན་རྣམ་པ་དྲུག་གིས་སྙིང ་རྗེའི་བྱེ་བྲག་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས། མཉམ་པ་མ་ཡིན་རྟག་པ་མིན།། ཟབ་པ་མ་ཡིན་རྗེས་མཐུན་མིན།། ལམ་ཡང་མ་ཡིན་མི་དམིགས་མིན།། སྙིང་རྗེ་དྲུག་ནི་དེ་ལྟར་ཟློག་ཅེས་འཟུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ་སྙིང་རྗེ་ཆེན་པོ་མ་ཡིན་པ་རྣམ་པ་དྲུག་གི་བྱེ་བྲག་ཡིན་པས་འདི་ལྟ་སྟེ། མཉམ་པ་ཉིད་དང་རྟག་པར་རྒྱུན་ཏུ་བྱེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་མཐུན་པ་དང་། ལམ་རྣམ་པར་དག་པ་དང་། མི་དམིགས་པའོ།། དེ་ལ་མཉམ་པ་ཉིད་ཅེས་བྱ། ་བ་ནི་བདེ་བའི་ཚོར་བ་ལ་སོགས་པ་སེམས་ཅན་གྱི་ཚོར་བ་ཇི་སྙེད་ཡོད་པ་དེ་དག་ནི་སྡུག་བསྔལ་བར་རིག་པར་བྱའོ།། རྟག་པར་རྒྱུན་ཏུ་ཞེས་བྱ་བ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དུ་ཡང་ཟད་པ་མེད་པའི་ཕྱིརརོ།། ཤིན་ཏུ་ཟབ་པ་ཞེས་བྱ་བ ་ནིས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་གཞན་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རོ།། རྗེས་སུ་མཐུན་པའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཅི་རིགས་པར་རབ་ཏུ་འདྲེན་པའི་ཕྱིར་རོ།། ལམ་རྣམ་པར་དག ་པ་ཞེས་བྱ་བ་ནི་མི་མཐུན་པོའི་ཕྱོགས་ཉོན་མོངས་པ་རྣམས་ཡོངསུ་སྤངས་པའི་ཕྱིར།། མི་དམིགས་པ་ཞེས་བྱ་བ་ནི་མི་སྐྱེ་བའི་བཟོད་པ་ཐོབ་པ་ན་ཆོས་རྣམས་མི་དམིགས་པའི་ཕྱིར་རོ་ཞེས་འབྱུང་ངོ་།། འཕགས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་འགྲེལ་པ་ལས་ཀྱང་དོན་རྣམ་པ་དྲུག་གིས་དེ་གཉིས་ཀྱི་བྱེ་བྲག་སྟོན་པ་ཡང་། བསྟན་བཅོས་མདོ་སྡེའི་རྒྱན་ལས་བསྟན་པ་དང་མི་མཐུན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི ་ས་དང་། རྣམ་པར་བཤད་པ་དང་། མཛོད་ཀྱི་བསྟན་བཅོས་ལས་ནི་རྐྱེན་རྣམ་པ་བཞིས་དེ་བཞིན་གཤེགས་པའི་ཐུགས་རྗེ་ཉིད་དུ་ཡོངས་སུ་གྲུབ་པར་སྟོན་གྱི། བྱེ་བྲག་རྣམ་པ་གཉིས་སུ་བཤད་པ་མེད་དོ།། བསྟན་བཅོས་མདོ་སྡེའི་རྒྱན ་ལས་ཀྱང་རྒྱུ་རྣམ་པ་བཞིས་སྙིང་རྗེ་ཆེན་པོ་ཉིད་བསྒྲུབས་པས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལ་བསྟན་པ་དང་མི་མཐུན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། སྙིང་རྗེ་ཆེན་པོ་དེ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང ་མཛོད་ཀྱི་བསྟན་བཅོས་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། མདོ་སྡེའི་རྒྱན་ལས་བསྟན་པ་དག་དང་མཐུན་པར་བྱང་ཆུབ་སེམས་དཔའ་ལ་ཡང་སྙིང་རྗེ་ཆེན་པོ་ཡོད་པར་སྟོན་ཏོ།། ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་རྒྱུད་ལས་མངའ་བའི་བྱམས་པ་དང་ཐུགས་རྗེ་གང་ཡིན་པ་དེ་ནི་ཆེན་པོའོ་ཞེས་བྱའོ།། གཞན་གྱི་སེམས་ཀྱི་རྒྱུད་ལ ་ཡོད་པ་གང་ཡིན་པ་དེ་ནི་ཆུང་བ་ཞེས་བཤད་དོ།། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་ལ་སྤྱོད་ཅེས་བསྟན་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་ཡིན་པ་དེ་དེ་བཞིན་ག ་པ་ལ་བལྟོས་ནས་ནི་ཆུང་བ་ཡང་ཡིན་ལ། ཐེག་པ་གཉིས་ལ་བལྟོས་ན་ནི་ཆེན་པོ་ཞེས་བྱ་སྟེ། འདི་ནི་བཏགས་པའི་སྙིང་རྗེ་ཆེན་པོའོ།། དེ་བཞིན་གཤེགས་པའི་བྱམོས་པ་དང་། ཐུགས་རྗེ་ཆེན་པོ་གང་ཡིན་པ་དེ་ནི་ཡང་དག་པ ་མཆོག་ཏུ་ཆེ་བ་ཡིན་པས་སོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ལ་སོགས་པ་སྟེ། འོག་ནས་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ལ་སངས་རྒྱས་མཐོང་ཞིང་བསྙེན ་བཀུར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་འཕགས་པ་ས་བཅུའི་མདོའི་འགྲོལ་བ་ལས། མ་ལུས་པ་གསུམ་པོ་སངས་རྒྱས་མཐོང་བ་ལུས་པ་མེད་པ་དང་། མཆོད་པ་ལུས་པ་མེད་པ་དང་། རིམ་གྲོ་བྱ་བ་ལུས་པ་མེད་པ་དང་། ས་ཇི་སྐད་བསྟན ་པ་ལྟ་བུ་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་མ་ལུས་པ་ནི་རྣམ་པ་གསུམ་སྟེ། སངས་རྒྱས་ཐམས་ཅད་མཐོང་བ་མ་ལུས་པ་དང་མཆོད་པ་ཐམས་ཅད་མ་ལུས་པ་དང་། རིམ་གྲོ་བྱ་བ་ཐམས ་ཅད་མ་ལུས་པའོ།། དེ་ལ་སངས་རྒྱས་མཐོང་བ་མ་ལུས་པ་ཡང་རྣམ་པ་གསུམ་སྟེ། སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུའི་སངས་རྒྱས་མཐོང་བ་གང་ཡིན་པའོ།། མཆོད་པ་ཡང་རྣམ་པ་གསུམ་སྟེ ་རྙེད་པའི་མཆོད་པ་ནི་ན་བཟའ་དང་། ཞལ་ཟས་ལ་སོགས་པའོ།། བཀུར་སྟིའི་མཆོད་པ་ནི་སྤོས་དང་། མེ་ཏོག་དང་། རྒྱལ་མཚན་ལ་སོགས་པའོ།། སྒྲུབ་པའི་མཆོད་པ་ནི་དད་པ་དང་། ཚུལ་ཁྲིམས་ལ་སོགས་པའི་སྒྲུབ་པའི།། ་རིམ་གྲོ་བྱ་བ་ཡང་རྣམ་པ་གསུམ་སྟེ། ཡང་དག་པར་ཚོལ་བའི་རིམ་གྲོ་བྱ་བ་དང་། བསུ་བསྐྱལ་གྱི་རིམ་གྲོ་བྱ་བ་དང་། སྒྲུབ་པའི་རིམ་གྲོ་བྱ་བ་ཞེས་འབྱུང་བ་ཡིན་ནོ།། ཡང་ན་སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར ་དག་པ་ཞེས་བྱ་བ་ནི་མཆོད་པ་རྣམ་པ་བཅུ་ལ་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག ་པབར་བྱ་སྟེ། སྐུ་ལ་མཆོད་པ་དང་། མཆོད་རྟེན་ལ་མཆོད་པ་དང་། མངོན་སུམ་དུ་མཆོད་པ་དང་། མངོན་སུམ་མ་ཡིན་པར་མཆོད་པ་དང་། བདག་གིས་བྱས་པའི་མཆོད་པ་དང་། གཞན་བྱེད་དུ་བཅུག་པའི་མཆོད་པ་དང་། རྙེད་པ་དང ་བཀུརོ་སྟིའི་མཚུད་པ་དང་། རྒྱ་ཆེན་པོའི་མཆོད་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་དང་། སྒྲུབ་པའི་མཆོད་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཉིད་ལ་མངོན་སུམ ་དུ་མཆོད་པ་དེ་ནི་དེའི་སྐུ་ལ་མཆོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་ནམ། གཙང་ཁང་ཕྱུར་བུ་འམ། གཙང་ཁུང་ངམ། མཆོད་རྟེན་རྙིང་པ་འམ། མཆོད་རྟེན་གསར་པ་ལ་མཆོད་པ ་བྱེད་པ་དེ་ནི་དེའི་མཆོད་རྟེན་ལ་མཆོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་དུ་གྱུར་པ་དང་། དབང་པོ་ལ་སྣང་བར་མངོན་སུམ་དུ་མཆོད་པ ་བྱེད་པ་ནི་མངོན་སུམ་དུ་མཆོད་པ་ཞེས་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་དུ་མཆོད་པ་བྱེད་པ་ན། འདི་ལྟར་ལྷག་པའི་བསམ་པ་དང་ལྡན་པ་དང་། ་དགའ་བ་དང་ལྡན་པའི་སེམས་མངོན་པར་འདུ་བྱེད་དེ་བཞིན་གཤེགས་པ་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་འདས་པ་དྲང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ལ། ་དེ་བཞིན་གཤེགས་པའི་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེའི་ཕྱིར་བདག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་གྱུར་པ་འདི་ལ་མཆོད་པ་བྱའོ།། ། ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱའོ།། དེ་བཞིན་གཤེགས་པའི་མཆོད་རྟེན་མངོན་སུམ་དུ་གྱུར་པ་འདི་ལ་ཡང་མཆོད་པ་བྱའོ།། དེ་མ་ཡིན་པའི་ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་མཆོད་རྟེན་དང་། གཙང་ཁང་ཕྱུར་བུ་དང་། གཙང་ཁང་དང་། མཆོད་རྟེན་རྙིང་པ་དང་། མཆོད་རྟེན་གསར་པ་བཞུགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱའོ་སྙམ་པ་དེ་ནི་རེ་ཞིག་བྱང་ཆུབ་སེམས་དཔའ ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་སུམ་དང་མངོན་སུམ་མ་ཡིན་པ་སྤྱིའི་མཆོད་པའི་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི ་མཆོད་རྟེན་མངོན་སུམ་དུ་མ་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་དེ་བཞིན་དུ་སེམས་མངོན་པར་འདུ་བྱ་སྟེ། མཆོད་པ་བྱེད་པ་དེ་ནི་མངོན་སུམ་མ་ཡིན་པ་འབའ་ཞིག ་གི་མཆོད་པ་ཡིན་པ་རིག་པ་བྱའོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ནས་དེ་བཞིན་གཤེགས་པའི་ཕྱིར་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་འམ། མཆོད་རྟེན་ནས་གཙང་ཁྱང་ཕྱུར་བུ་འམ། གཙང་ཁང་གཅིག ་གམ། གཉིས་སམ། མང་པོ་ནས་བྱེ་བ་འབུམ་གྱི་བར་དུ་ཅི་ནུས་ཅི་ལྕོགས་ཀྱིས་བྱེད་དུ་འཇུག་པ་དེ་ཡང་བྱང་ཆུབ་སེམས་ད་པའི་དེ་བཞིན་གཤེགས་པ་རྣམས་ལ་མངོན་སུམ་མ་ཡིན་པའི་མཆོད་པ་རྒྱ་ཆེན་པོ་བསོད་ནམས་ཚད་མེད་པའི་འབྲས་བུ ་ཅན་ཚངས་པའི་དུ་མའི་བསོད་ནམས་ཀྱིས་ཡོངསུ་ཟིན་པ་ཡིན་ཏེ། དེ་བྱང་ཆུབ་སེམ་དཔའ་བསྐལ་པ་ཆེན་པོ་བསྐལ་པ་དུ་མར་ཡང་ལོག་པར་ལྟུང་བར་མི་འགྱུར་ལ། གཞི་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོག ་མང་ཡོངསུ་རྫོགས་པར་མི་བྱེད་པར་མི་འགྱུ་རོ།། དེ་ལ་བྱང་ཆུབ་སེམས་དཔའ་དེའི་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཁོ་ན་ལ་མཆོད་པ་གང་ཡིན་པ་དེ་ནི་རེ་ཞིག་བསོད་ནམས་ཀྱི་འབྲས་བུ་རྒྱ་ཆེ་བར ་བལྟ་བར་བྱའོ།། མངོན་སུམ་མ་ཡིན་པ་འབའ་ཞིག་གི་བསོད་ནམས་ཀྱི་འབྲས་བུ་དེ་བས་རྒྱ་ཆེ་བར་བསྟན་པར་བྱའོ།། མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྤྱིའི་མཆོད་པའི་བསོད་ནམས་ཀྱི་འབྲས་བུ་ནི་དེ་བས་ཀྱང་རྒྱ་ཆེ་བར་ལྟ ་བར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་ཀྱི་རང་གི་ལག་གིས་བྱེང་ངོ་།། སྙོམས་ལས་དང་བག་མེད་པའི་གནས་ལ་བསྟེན་ཏེ། བྲན་དང་བྲན་མོ་དང་། ལས་བྱེད ་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་བྱེད་དུ་མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ།། ། ་དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱ་བར་འདོད་པས་བདག་ཉིད་འབའ་ཞིག་མི་བྱེད་པར་ཕོ་མ་གཉིས་ཀྱང་བྱེད་དུ་འཇུག་པ་དང་བུ་དང་ཆུང་མ་དང་། བྲན་དང་བྲན་མོ་དང ་ལས་བྱེད་པ་དང་། ཞོ་ཤེས་འཚོ་བ་རྣམས་དང་། མཛའ་བཤེས་དང་། གྲོས་གྲོགས་དང་། ཉི་དུ་དང་། སྣག་གི་གཉེན་མཚམས་རྣམས་ནས་མུ་སྟེགས་ཅན་རབ་ཏུ་བྱུང་བ་རྣམས་ཀྱི་བར་དག་དེ་ལ་དེ་བཞིན་གཤེགས་པ་འམ། དེ་བཞིན ་གཤེགས་པའི་མཆོད་རྟེན་ལ་མཆོད་བུ་བྱེད་དུ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་གྱིས་བྱས་པའི་ཐུན་མོང་གི་མཆོད་པ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་མཆོད་པ་བྱ་བའི་སྦྱིན་པར་བྱ་བའི་དངོས ་པོ་ཆུང་ངུ་ཡོད་ལ། སྙིང་རྗེ་དང་ལྡན་པའི་སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གིས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱ་བ་བྱས་ནས་བདེ་བ་རོ་འགྱུར་རོ་སྙམ་ནས ་དངོས་པོ་དེ་བསམས་བཞིན་དུ་གཞན་ངག་ཁོ་ན་ལ་སྦྱིན་པར་བྱེད་ལ། གཞན་དག་གིས་ཀྱང་དངོས་པོ་དེས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱེད་ལ། བྱང་ཆུབ་སེམས་དཔའ་ནི་མི ་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་འབའ་ཞིག་གིས་བྱས་པའི་མཆོད་པ་ཡིན་པར་རིག་པར་བྱའོ།། དེ་ལ་བདག་འབའ་ཞིག་གིས་བྱས་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེ་བ་ཡིན་ནོ།། གཞན་འབའ་ཞིག་གིས་བྱེད་དུ་བཅུག་པ ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཆེས་ཆེ་བ་ཡིན་ནོ།། ཐུན་མོང་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་འབྲས་བུ་ཤིན་ཏུ་ཆེ་སྟེ་གོང་ན་མེད་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས ་པའི་མཆོད་རྟེན་ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། བསྙུན་གྱི་གསོ་སྨན་དང་། ཡོ་བྱད་རྣམས་དང་། གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱོར་བ་དང་། མཆོད་པའི་ལས་བདུག ་པའི་སྤོས་རྣམས་དང་། ཕྱེ་མའི་སྤོས་རྣམས་དང་། ཐུག་པའི་སྤྲོས་རྣམས་དང་། མེ་ཏོག་འཕྲེང་བ་རྣམ་པ་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མེ་རྣམ་པ་སྣ་ཚོགས་པ་འབུལ་པོ་དང་། བསྟོད་པ་རྣམ་པ་སྣ་ཚོགས ་དང་། ཡན་ལག་ལྔས་ཕྱོག་བྱ་བ་དང་། གཡས་ཕྱོགསསུ་བསྐོར་བ་དག་གིས་མཆོད་པ་བྱེད་པ་དང་། དེ་བཞིན་དུ་ཟད་མི་ཤེས་པ་ཅན་གྱིས་སྦྱིན་པ་ལ་སོགས་པས་མཆོད་པ་དེ་ནི་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་འམ། དེ་བཞིན ་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་། བཀུར་བསྟིས་མཆོད་པ་བྱེད་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྙེད་པ་དང་བཀུར་སྟི ་དེ་དག་ཉིད་ཀྱིས་ཡུན་རིང་པོར་མཆོད་པ་བྱེད་དེ། དངོས་པོ་མང་པོ་དང་། དངོས་པོ་གྱ་ནོམ་པ་དང་། མངོན་སུམ་དང་། མངོན་སུམ་མ་ཡིན་པ་དང་། བདག་གི་བྱས་པ་དང་། གཞན་གྱིས་བྱས་པ་དང་། སྙིང་ཐག་པ་ནས་དགའ་བ ་མངོན་དུ་གྱུར་ཅིང་མོས་པ་དྲག་པོས་མཆོད་པ་བྱེད་ལ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོང་སུ་སྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་པོ་ཞེས་བྱའོ།། དེ་ལ་བྱང་ཆུབ ་སེམས་དཔས་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རང་གི་ལགྲ་གིས་བྱ་བ་བྱེད། ཁྱད་དུ་གསད་པ་འམ། ལེ་ལོས་གཞན་དག་བྱེད་དུ་འཇུག་པ་མ་ཡིན་པ་དང་། གུས་པས་བྱེད་དེ་མ་གུས་པས་མ་ཡིན ་པ་དང་། སེམས་མི་གཡེངས་པ་བྱེད་པ་དང་། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང་། སངས་རྒྱས་ལ་མངོན་པར་དད་པའི་རྒྱལ་པོ་ལ་སོགས་པ་སེམས་རྒྱ་ཆེན་པོ་དག་ལས་རྙེད་པ་དང་བཀུར་སྟིའི་རྒྱུས་ཚུལ ་འཆོས་པའི་ཕྱིར་མི་བྱེད་པ་དང་། མི་མཐུན་པའི་དངོས་པོས་མཆོད་པ་བྱེད་དེ། བབ་བླས་བྱུག་པ་དང་། མར་གུས་བཀྲུ་བ་དང་། གུ་གུལ་གྱི་འདུག་པ་དང་། ཨརྒྷའི་མེ་ཏོག་ལ་སོགས་པ་དང་། གཞན་ཡང་ཡོ་བྱང་དུ་རུང་བ་མ་ཡིན་པ་དག་གིས ་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་དྲུག་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་རང་གིས་ཞོ་ཤས་བསྒྲུབས་པ་ཡང་མེད་ལ། གཞན་ཡང་བཙལ་ཏེ། ་རྙེད་པ་ཡང་མེད། བྱང་ཆུབ་སེམས་དཔའ་ཡོ་བྱད་ལ་དབང་ཐོབ་པ་ཡང་མ་ཡིན་ན་ཡང་། དེ་བཞིན་གཤེགས་པའི་མཆོད་པ་གང་ཅི་ཡང་རུང་བ་འཛམ་བུའི་གླིང་ངམ། གླིང་བཞི་པ་འམ། སྟོང་ངམ། སྟོང་གཉིས་སམ། སྟོང་གསུམ་གྱི་སྟོང་ཆེན ་བོ་འམ། ཕྱོགས་བཅུའི་འཇིག་རྟེན་མཐའ་ཡོས་མུ་མེད་པ་དག་ན་ཆུང་ངུ་དང་། འབྲིང་དྲང་ཆེན་པོ་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་དད་པ་ཅན་གྱི་དགའ་བ་དང་ལྡན་པ་དང་། རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པོའི་སེམས་ཀྱི་ཁྱད ་བཔར་བྱས་ནས་རྗེ་སུ་ཡི་རང་བར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཚོགས་ཆུང་ངུས་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་ཚད་མེད་པ་བྱང་ཆུབ་ཀྱི་ཚོགས་ཆེན་པོས་ཡོངསུ་བསྡུས་པ་ཡིན་ཏེ། དེ་ལ་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན ་མི་འཆང་བར་སེམས་ཉམས་བདེ་བ་དང་། སེམས་དགའ་བས་བརྩོན་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་ཅུང་ཟད་ཅུང་ཟད་དང་། ཡུད་ཙམ་ཡུད་ཙམ་དུ་ཐ་ན་པ་བཞོས་ཙམ་གྱི་བར་དུ་ཡང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད ་བྱམས་པའི་སེམས་བསྒོམ་པར་བྱེད། སྙིང་རྗེ་དང་ལྡན་པ་དང་། དགའ་བོ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་བསྒོམ་པར་བྱེད་དེ། དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ལ་ཕན་ཡོན་གྱི་འདུ་ཤེས་སྒོམ་པར་བྱེད། དེ་བཞིན་གཤེགས་པ་རྗེསུ་དྲན་པ་དང་། ཆོས་དང་དགེ་འདུན་རྗེ་སུ་དྲན་པ་སྒོམ་པར་བྱེད། དེ ་བཞིན་དུ་ཅུང་ཟད་ཅུང་ཟད་དང་། ཡུད་ཙམ་ཡུད་ཙམ་ལ་ཡང་ཆོས་ཐམས་ཅད་ལ་བཟོད་པ་ཆུང་ངུའི་ཤེས་པ་ཕྱོགས་གཅིག་པས་ཀྱང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་བཞིན་ཉིད་ལ་མོས་ཤིང་རྣམ་པར་མི་རྟོག་པ་དང་། ་མེད་པའི་སེམས་ཀྱིས་གནས་པར་བྱེང་ན། དེའི་གོང་དང་དེ་ལས་ལྷག་པར་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངསུ་བསྲུང་བ་དང་། ཞི་གནས་དང་ལྷག་མཐོང་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ ་ལ་བརྩོན་པར་བྱེད་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསྡུ་བའི་དངོས་པོ་རྣམས་ལོ་ཡང་དག་པར་བརྩོན་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་མཆོག་གྱ་ནོམ་པ་གྲོང ་མེད་པ་ཡིན་ཏེ། སྔ་མ་རྙེད་པ་དང་། བཀུར་སྟིའི་མཆོད་པ་རྣམ་པ་ཐམས་ཅད་ལ་ཡང་མཆོད་པ་དེའི་བརྒྱའི་ཆ་དང་། སྟོང་གི་ཆརོ་ཡང་ཉེ་བར་མི་འགྲོ་བ་ནས་རྒྱས་པར་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་ནི་རྣམ་པ་བཅུ་པོ་དག་གིས་དེ་བཞིན ་གཤེགས་པ་ལ་མཆོད་པའི་རྣམ་པ་ཐམས་ཅད་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ལ་མཆོད་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་མཆོད་པ་དང་། དགེ་འདུན་ལ་མཆོད་པ་ཡང་དེ་དང་འདྲ་བ་ཅི་རིགས་པར་བྱའོ་ཞེས་བྱ་བ་འབྱུང་སྟེ། ་ཞིབ་དུ་དེ་ཉིད་ལ་བསྟན་པ་བཞིན་ནོ།། རྒྱ་ཆེར་རྣམ་པར་འབྱེད་པ་ནི་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངསུ་འཛིན་པ་དང་། མདོ་སྡེ་རྒྱན་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟུན་པ་བཞིན་དུ་རིག་པར་བྱའོ།། དེ་ལ་སེམས་ཅན་ཡོངས་སྨིན་པར་བྱེད་པ་རྣམ་པར་དག་པ་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། ཡོངས་སུ ་སྨིན་པར་བྱེད་པའི་སྤྱོད་པ་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞི་ལ་མདོར་བསྡུ་ན་སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་སྤྱོད་པ་ཞེས་བྱའོ།། འཕགས་པའི་གསུང་ལ་བཞུགས་པ་ཡོངསུ་གདུལ་བར་བྱ་བའི་སེམས་ཅན་གང་ཡིན་པ་སྟེ། ་འདི་ལྟར་ཟང་ཟིང་དང་ཆོས་རྣམ་པ་གཉིས་ཀྱི་ཡོངསུ་བསྡུ་བའི་དོན་ཡིན་པའི་ཕྱིར་རོ།། དེ་ལ་ཟང་ཟིང་གོས་བསྡུ་བ་ནི་ཡེ་ཤེས་ཀྱིས་གྲོགས་བྱས་ན་ཡོངསུ་སྡུད་པ་སྟེ། ཐབས་ཀྱི་ཡོངསུ་སྨིན་པར་བྱེད་པའི་ཕྱིར་རོ།། ཆོས་ཀྱིས་བསྡུ་བ་ནི་ཡང་དག ་པར་སྡུད་པ་སྟེ། འཇུག་པ་དང་རྗེ་སུ་འཇུག་པའི་ཐབས་ཀྱིས་ཡོངསུ་སྨིན་པར་བྱེད་དོ།། བསྡུ་བའི་དངོས་པོ་དེ་དག་ཀྱང་བསྡུ་བའི་སྤྱོད་པ་རྣམ་པོ་ལྔ་ལ་བསྟེན་ནས། བསྡུ་བའི་དངོས་པོ་ཞེས་བཤད་དེ། དེ་ལ་བསྡུ་བའི་སྤྱོད་པ་རྣམ་པ་ལྔ་ནི ་བརྟེན་ནས་ཡོངསུ་བསྡུ་བ་དང་། དགེ་བ་ཡང་དག་པར་ལེན་དུ་གཞུག་པའི་ཕྱིར་ཡོངསུ་བསྡུ་བ་དང་། ལེགས་པར་ཡང་དག་པར་རྩོལ་དུ་གཞུག་པའི་ཕྱིར་ཡོངསུ་བསྡུ་བ་དང་། ལེགས་པར་ཡོང་སུ་སྨིན་པར་བྱ་བའི་ཕྱིར་ཡོངསུ་བསྡུ་བ་དུང ་ལེགས་པར་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཡོངསུ་བསྡུ་བའོ་ཞེས་བཤད་དོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོངསུ་སྨིན་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ་ཡོངསུ་སྨིན་པོའི་ངོ་བོ་ཉིད་འདི་ལྟ་སྟེ། དགེ ་བའི་ཆོས་ཀྱི་ས་བོན་དང་། དགེ་བའི་ཆོས་ལ་ཀུན་ཏུ་བསྟེན་པའི་ངོ་བོ་ཉིད་གང་ཡིན་པའོ།། དེ་ལ་ཡོངསུ་སྨིན་པའི་གང་ཟག་རྣམས་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཐེག་པ་གསུམ་གྱི་རིགས་ཅན་དང་། རིགས་མེད་པའི ་གང་ཟག་གང་ཡིན་པའོ།། ཡོང་སུ་སྨིན་པའི་རྣམ་པའི་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། དབང་པོ་ཡོངསུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངསུ་སྦྱིན་པ་དང་། ཤེས་པ་ཡོངསུ་སྨིན་པ་དང་། ཡོངསུ་སྨིན་པ་ཆུང་ངུ་དང་། འབྲིང་དང་། ་ཆེན་པོའོ།། དེ་ལ་ཡོངསུ་སྨིན་པར་བྱ་བའི་ཐབས་ནི་རྣམ་པ་ཉི་ཤུ་རྩ་བདུན་དུ་རིག་པར་བྱ་སྟེ། ཁམས་བརྙས་པ་ནས། དེ་གཉི་ག་ཡོངསུ་སྨིན་པའི་བར་དུའོ།། དེ་ལ་ཡོངསུ་སྨིན་པའི་གང་ཟག་ནི་རྣམ་པ་དྲུག་སྟེ། མོས་པས་སྤྱོད་པའི་ས་པ་སའི ་མདུན་རོལ་པ་དང་། ལྷག་པའི་བསམ་པ་དག་པ་སྟེ། ས་དང་པོ་པ་དང་། སྤྱོད་པའི་ས་ལ་གནས་པ་སྟེ། ས་གཉིས་པ་ནས་ས་བདུན་པའི་བར་དང་། ངེས་པའི་ས་ལ་གནས་པ་སྟེ། ས་བརྒྱད་པ་དང་། སྤྱོད་པར་ངེས་པར་གྲུབ་པའི་ས་ལ ་གནས་པ་སྟེ། ས་དགུ་པ་དང་། མཐར་ཐུག་པའི་ས་ལ་གནས་པ་སྟེ། ས་བཅུ་པ་དང་སངས་རྒྱས་ཀྱིས་གང་ཡིན་པའོ།། དེ་ཡོངསུ་སྨིན་པའི་གང་ཟག་ནི་མཚན་ཉིད་འདི་ལྟ་སྟེ། ཐེག་པ་གསུམ་གྱི་གང་ཟག་ནི་རེ་རེ་ལ་ཡང་རྣམ་པའི་དབྱེ་བ་རྣམ ་པ་གསུམ་གསུམ་ཡོད་དེ་ཞེས་བཤད་དོ།། ཞིག་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། དེ་ལ་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྐྱེ་བ་རྣམ་པ་སྣ་ཚོགས ་ལེན་པ་གང་ཡིན་པ་དེ་ནི་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཐང་ནི ་མདོར་བསྡུ་ན་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། གནོད་པ་ཡང་དག་པར་ཞི་བར་བྱེད་པ་དང་། དེ་ཡོད་སྐུལ་བ་མཉམ་པར་མཐུན་པར་འཇུག་པ་དང་། ཆེན་པོར་སྐྱེ་བ་དང་། བདག་པོར་སྐྱེ་བ་དང་། ཐ་མའི་སྐྱེ་བའོ།། དེ་ལ་ཡང་གནོད་པ་ཡང་དག་པར ་ཞི་བར་བྱེད་པའི་སྐྱེ་བ་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མུ་གོས་འཕོངས་ཞིང་གནོད་པ་ཆེན་པོ་བྱུང་བའི་དུས་ངག་ཏུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་འགྲོ་བ་མཐའ་དག་རང་གི་ཤས་ཚིམ་པར་བྱེད་དོ།། སེམས་ཅན་ནད་མང་བ ་རྣམས་ལ་ནང་དེ་དག་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྨོན་ལམ་བཏབ་ནས་རིག་སྔགས་འཆང་གྲུབ་པའི་སྨན་ཆེན་པོའི་ལུས་ཡོང་སུ་འཛིན་པར་བྱེད་དོ།། ཕ་རོལ་གྱི་དམག་ཚོགས་ཀྱི་ཤིན་ཏུ་གནོད་པར་འགྱུར་བའི་སེམས་ཅན་དག་ལ་ནི་ཆོས་བཞིན ་དུ་སྙོམས་པར་ཐབས་ལ་མཁས་པོས་ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྟོབས་དང་ལྡན་པའི་རྒྱལ་པོར་འགྱུར་རོ།། སེམས་ཅན་ཕན་ཚུན་མི་མཐུན་པ་རྣམས་ལ་ནི་སྡུམས་བྱ་བ་དང་། ཁོན་གྱི་བསམ་པ ་སྤང་བའི་ཕྱིར་ཚིག་བཅེན་པར་འགྱུར་པ་ལ་སོགས་པའོ།། དེ་དང་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ནི་འདི་ལྟ་སྟེ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱིས་སམ། དབང་ཐོབ་པས་འགྲོ་བ་དྲུག་པོ་ངག་གི་སྐྱེ་གནས་རྣམ་པ ་སྣ་ཚོགས་སུ་སྐྱེས་པར་གྱུར་ནས། དེ་དག་དགེ་བ་གང་ཀུན་ཏུ་མི་སྤྱོད་པ་དེ་ནི་ཀུན་ཏུ་སྤྱོད་དོ།། དགེ་བ་ཀུན་ཏུ་སྤྱོད་པར་བྱ་བའི་ཕྱིར་ཡང་ཆོས་སྟོན་པ་གང་ཡིན་པ་དེ་ནི་སྐལ་བ་མཉམ་པར་མཐུན་པར་འཇུག་པའི་སྐྱེ་བ་ཞེས ་བྱའོ།། ཆེན་པོར་སྐྱེ་བའི་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ན་རང་བཞིན་གྱིས་འཇིག་རྟེན་ཐམས་ཅད་ལས་ཁྱད་པོར་དུ་འཕྲོགས་པའི་ཚེ་དང་། ཁ་དོག་དང་རིགས་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་སྨིན་པ་མངོན་པར ་འགྲུབ་པར་འགྱུར་བའོ།། དེ་ལ་བདག་པོར་སྐྱེ་བོ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་དང་པོ་ནས་བཟུང་སྟེ། ས་བཅུ་པའི་བར་དག་གི་སྐྱེ་བ་བརྗོད་པ་ཛེམྦུ་གླིང་གི་དབང་ཕྱུག་ནས་བཟུང་སྟེ། འོག་མིན་ལས་འདས་ནས་སྐྱེ་བའི ་གནས་ཐམས་ཅད་ལ་ཁྱད་པར་དུ་འཕགས་པ་གང་དུ་གནས་པ་མཆོག་ཐོབ་པ་ན་ཁོ་ནའི་བྱང་ཆུབ་སེམས་དཔའི་རྣམས་སྐྱེ་བར་འགྱུར་བ་དབང་ཕྱུག་ཆེན་པོའི་བར་དེ་ནི། དེའི་བདག་པོར་སྐྱེ་བ་ཞེས་བྱ་སྟེ། དེ་ནི་དེ་དག་གི་ལས་ཀྱི་དབང་གི ་གྲུབ་ཡིན་ནོ།། དེ་ལ་ཐ་མའི་སྐྱེ་བ་ནི་འདི་ལྟ་སྟེ། སྐྱེ་བ་ནི་གང་དུ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་ནས་མདུན་ན་འདོན་གྱི་ཁྱིམ་འམ། རྒྱལ་པོའི་ཕོ་བྲང་དུ་སྐྱེ་སྟེ། བླ་ན་མོང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་ཐབར་རྫོགས་པར་འཚང་རྒྱ་ཞིང་། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཀྱང་མཛད་པ་དེ་ནི་ཐ་མའི་སྐྱེ་བ་ཡིན་ཏེ་ཕྱི་མ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ་དགེ་བ་དང་བཟང་བ་དང་། ་ཤིས་པའི་སྐྱེ་བ་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་དང་། སྐྱེ་བ་གང་སུ་དག་ཀྱང་རུང་། སྐྱེ་བ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་ལྔ་པོ་འདི་དག་ཏུ་སྐྱེ་བར་ཟད་དེ། འདི་ལས་གོང་ན་ཡང་མེད་དོ།། འདི་ལས་ལྷག་པ་ཡང་མེད་དོ།། བྱིས་པའི་སར་སྐྱེ་བ ་ནི་མ་གཏོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་ལྔ་པོ་འདི་དག་གི་ནི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་ཡིན་པར་འདོད་པའི་ཕྱིར་རོ།། སྐྱེ་བ་དེ་དག་ནི་བྱང་ཆུབ་ཆེན་པོ་པའི་འབྲས་བུ་ཅན་ཡིན་ཏེ། དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས ་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་འབྱུང་བ་ཡིན་ཏོ།། དེ་ནི་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། ལེགས་པའི་ཚུལ ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངསུ་འཛིན་པ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ལས་བསྟན་པ་དང་མཐུན་པར་བཤད་དོ།། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱེ་བ་ལེན་པའི་རྒྱུ་དང་རྐྱེན་རྣམ་པ་བཞི་དང་ལྡན་ན། ་སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་རྣམ་པ་བཞི་ནི་འོག་ནས་བསྟན་པ་ལས་འབྱུང་པོ་བཞིན་དུ་རིག་པར་བྱའོ།། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉེས་པར་སྤྱོད་པ་ཡོངསུ་སྤངས་པ་ཡིན་ན་ཇི་ལྟར་གནོད་པ་ཡང་དག་པར ་ཞོ་བར་བྱེད་པ་ལ་སོགས་པའི་སྐྱེ་བ་སྲོང་ཅེ་ན། སྨྲས་པ་དང་། སྤྲུལ་པ་ལ་དགོངས་ནས་དེ་སྐད་བཤད་དེ།། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང ་གི་འཕགས་པའི་ཟག་པ་མ་མཆིས་པའི་ཆོས་དེ་དག་ཡོངས་སུ་གྲུབ་པར་གྱུར་ཀྱང་ངན་འགྲོའི་སྐྱེ་བ་རྣམས་སུ་སྐྱེ་བ་ལེན་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ་ཅི་དེ་བཞིན་གཤེགས་པས་ངན་འགྲོའི་སྐྱེ་བ་སྤྲུལ་པ་དེ་ཡང་དག་པར་ངན་འགྲོ་ཡིན་ཞིང་དེ་དག་གིས་སྡུག་བསྔལ་མྱོང་བར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ་བདེ་བར་གཤེགས་པ་དེ་མ་ལགསོ།། དེ་བཞིན་གཤེགས་པས ་ངན་འགྲོར་སྐྱེ་བའི་ལུས་སྟོན་པར་མཛད་ཀྱང་ཡང་དག་པར་དྲན་འགྲོའི་སྐྱེ་བ་མ་ལགས་ཤིང་དེ་དག་གི་སྡུག་བསྔལ་མྱོང་བར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ཀྱང་དེ་བཞིན་ཏེ། རང་གི་རྣམ་པར་དག་པ་ཟག་པ་མེད་པའི་ཆོས་ཐམས་ཅད་ཡོངསུ་གྲུབ་ཀྱང་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱ་བའི་ཕྱིར། ཐབས་ཀྱི་ངན་འགྲོའི་ལུས་ཡང་དག་པར་ལེན་པར་བྱེད་དེ། ལུས་དེ་ཡང་དག ་པར་བླངས་པས་ཀྱང་ཅི་རིགས་པར་སེམས་ཅན་རྣམས་ཡོངསསུ་སྨིན་པར་བྱེད་དོ།། ཞེས་གསུངས་སོ།། གཞན་ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོའི་ལུས་རྣམ་པ་སྣ་ཚོགས་ལེན་པར་སྟོན་པར་བྱེད་དེ། དེ་དག་གི ་ལུས་ཡང་དག་པར་ལེན་པར་བྱེད་ཀྱང་། ཡང་དག་པར་དེ་དག་གིས་ལུས་ཀྱང་མ་ཡིན་ལ། དེ་དག་གིས་ཉེས་པས་ཀྱང་གོས་པར་མི་འགྱུར་རོ་ཞེས་གསུངས་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་ཏེ་ཞེས་གསུངས་པ་དང་། གཞན་ཡང་ཡང་དག་པར་དེ་དག་གི་ལུས་ཀྱང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་སྤྲུལ་པ་ཡིན་གྱི་ཡང་དག་པའི་ལུས་མ་ཡིན་པར་ཤེས་པར་བྱའོ།། གལ་ཏེ་སྤྲུལ ་པའི་ལུས་ཡིན་ན་གོ།། དེ་བཞིན་གཤེགས་པ་དེ་དག་མཚུངས་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་ཀྱི་སྐབས་སྐྱེ་བ་རྣམ་པར་དག་པ་མ་གཏོགས་ཞེས་བསྟན་ཅེ་ན། སྨྲས་པ། ངན་སོང་རྣམ་པ་གསུམ་པོ་དག་དུ་དེ་བཞིན་གཤེགས ་པ་དང་ཐ་དད་པ་མེད་ཀྱང་ལྷ་དང་མིའི་གནས་སུ་བྱང་ཆུབ་སེམས་དཔའ་སྐྱེ་བ་ཡང་དག་པར་ལེན་པ་ཡང་ཡོད་པོས། དེའི་ཕྱིར་སངས་རྒྱས་ཀྱི་གནས་སྐབསུ་སྐྱེ་བ་རྣམ་པར་དག་པ་མ་གཏོགས་ཞེས་བསྟན་ཏེ། འདི་ལྟར་སྐྱེ་བ་རྣམ་པ་ལྔ ་ལྔས། དང་པོ་གཉིས་ནི་དེ་བཞིན་གཤེགས་པ་དང་མཚུངསོ།། ཕྱི་མ་གསུམ་ནི་དེ་བཞིན་གཤེགས་པ་དང་བྱེ་བྲག་ཡོད་པས་སོ།། དེ་ལ་མཐུ་ཞེས་བྱ་བ་ནི་མཐུ་སྟོབས་ལ་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་མཐུའི ་ལེའུ་ལས་ཇི་སྐད་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དོ།། དེ་ལ་འཕགས་པའི་མཐུ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས ་དཔའ་རྣམས་ཏིང་ངེ་འཛིན་ལ་དབང་ཐོབ་པ་དག་ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱི་དོན་ཐམས་ཅད་གྲུབ་པ་ནི་སེམས་ལས་སུ་རུང་བའི་ཕྱིར་དང་། སེམས་ཤིན་དུ་ལེགས་པར་བསྒོམས་པའི་ཕྱིར་འཕགས་པའི་མཐུ་ཞེས ་ཞེས་བྱའོ།། ཆོས་ཀྱི་མཐུ་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོ་གང་ཡིན་པ་དེ་ནི་ཆོས་ཀྱིས་མཐུ་ཞེས་བྱའོ།། དེ་ལ་འདིར་ཆོས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཏེ། འདི་ལྟ་སྟེ་སྦྱིན་པ ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའོ།། ཆོས་དེ་དག་གི་མཐུ་ཇི་སྙེད་ཡོད་པ་གང་ཡིན་པ་དེ་དག་ནི་ཆོས་ཀྱི་མཐུ་ཞེས་བྱའོ།། དེ་ལ་ལྷན་ཅིག་སྐྱེས་པའི་མཐུ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས ་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་ཡིན་པ་དེ་དག་གི་ལྷན་ཅིག་སྐྱེས་པའི་མཐུ་ཡིན་པར་རིག་པར་བྱའོ།། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་མཐུ་དེ་ཡང་རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། ཐུན་མོང་དུ་གྱུར་པའི་མཐུ་དང་། ཐུན་མོང ་ཡིན་པའི་མཐུའོ།། དེ་ལ་མངོན་པར་ཤེས་པ་དྲུག་པོ་རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་རྗེསུ་དྲན་པ་དང་། འཆི་འཕོ་དང་། སྐྱེ་བ་མཐོང་བ་དང་། ཟག་པ་ཟད་པའི་ཤེས་པ་མངོན་སུམ ་དུ་བྱ་བ་ནི་མངོན་པར་ཤེས་པའི་མཐུ་ཞེས་བྱའོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་མཐུ་གང་ཡིན་པ་དེ་ནི་ཆོས་ཀྱི་མཐུ་ཞེས་བྱའོ།། ལྷན་ཅིག་སྐྱེས་པའི་མཐུ་ནི་འདི་ལྟ་སྟེ། རང་བཞིན་གྱི་ཚེ ་རབས་དགོངས་པ་དང་། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སོ་སོར་མ་བརྟགས་པར་ཡང་སྡུག་བསྔལ་ཡུན་རིང་པོ་རྣམ་པ་སྣ་ཚོགས་མི་ཟད་པ་རྒྱུན་མི་འཆད་པ་རྣམས་བཟོད་ཅིང་ཇི་མི་སྙམ་པ་ལ་སོགས་པའོ།། དེ་ལ་ཐུན་མོང་དང ་མཐུན་མོང་མ་ཡིན་པ་ཡིན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆ་ཕྲ་བ་དང་། རྣམ་པ་དང་། ཁམས་སོ།། འདི་ལ་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་དཔའ་ནི་མཐུའི་ཐབས་དཔག་ཏུ་མེད་གྲངས་མེད་པས་ཇི ་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་དོན་མཛད་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དེ་ལྟ་བུ་ནི་ཆུ་ཕྲ་བ་ཞེས་བྱའོ།། མངོན་པར་ཤེས་པའི་མཐུ་དང་། ཆོས་ཀྱི་མཐུ་དང་། ལྷན་ཅིག་སྐྱེས་པའི་མཐུ་རྣམ ་པ་ཐམས་ཅད་དང་ལྡན་པ་དེ་ནི་རྣམ་པ་ཞེས་བྱའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དེའི་མཐུའི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ནི་ཁམས་ཞེས་བྱའོ།། ཉན་ཐོས་མངོན་པར་ཤེས་པའི་ཡུལ ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དང་། སེམས་ཅན་གྱི་ཁམས་ཡུལ་དུ་གྱུར་པ་ཡི་ནོ།། རང་སངས་རྒྱས་ཀྱི་མངོན་པར་ཤེས་པའི་ཡུལ་ནི་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུལ་དུ་གྱུར་པ་ཡིནོ།། དེ་ཅིའི ་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གཅིག་པུ་འདུལ་བའི་ཕྱིར་ཞུགས་པ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་མ་ཡིན་པས་དེའི་ཕྱིར་དེ་དག་གི་མཐུའི་ཡུལ་ནི་འཇིག་རྟེན་གྱི་ཁམས་གཅིག་པུར་ཟད་དོ།། རྣམ་པ་འདི་དག་མ ་གཏོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུ་དེ་ལས་གཞན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཐུན་མོང་མ་ཡིན་པར་རིག་པར་བྱའོ།། དེའི་ཕྱིར་དེ་ལྟར་ཉན་ཐོས་དང་། རང་སངས ་རྒྱས་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དང་། མཉམ་པ་མ་ཡིན་ན། ལྷ་དང་། མི་དང་། མུ་སྟེགས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་དང་ལྟ་མཚུངས་རེ་སྐན་ཞེས་བསྟོན་པ་ཡིན་ནོ།། ལེགས་པའི་ཚུལ་ཁྲིམས ་བསྟན་པའི་མདོ་ལས་མངོན་པར་ཤེས་པའི་ལེའུ་དང་། བསྟན་བཅོས་ས་ཡོངསུ་འཛིན་པའི་ནང་ནས་མཐུའི་ལེའུ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པོའི་ས་ལས་བསྟན་པ་དང་མཐུན་པར་འབྱུང་སྟེ། གོང་དུ་བསྟན་པ་ལྟ་བུའི་མཐུ་དང་ལྡན ་པའི་ཕྱིར་མཐུ་རྣམ་པར་དག་པ་ཞེས་བྱའོ།། རིགས་ཀྱི་བུ་ས་དང་པོ་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ནས། མཐུ་རྣམ་པར་དག་པའི་བར་གོང་ཡིན་པ་དང་། ས་གོང་མ་གོང་མ་རྣམས་དང་། སངས་རྒྱས་ཀྱི་སའོ་བར་ལ་ལྷག་པའི་བསམ་པ ་རྣམ་པར་དག་པ་ནས་མཐུ་རྣམ་པར་དག་པའི་བར་གང་ཡིན་པའི་རྣམ་པར་དག་པ་དེ་དག་ནི་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ས་ལ་ནི་སྐྱེ་བ་རྣམ་པར་དག་པ་མ་གཏོག་སོ་ཞེས་བྱ་བ་འདི་མན་ཆད་ནི ་གསུམ་པ་ས་རྣམས་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་དབྱེ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད ་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་དབྱེ་བ་དང་། གཞན་ཡང་ས་དང་པོ་ཞེས་བྱ་བ་མན་ཆད་སྤྱིར་ཡོན་ཏན་གཞན་དག་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་འབྱེད་པ་སྟེ། ་འདི་ནི་དང་པོའོ།། འདི་ལྟར་ས་དང་པོ་ནུས་ས་བཅུ་པའི་བར་དུ་ས་རེ་རེ་ཡང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་རྣམ་པ་བརྒྱད་དང་ལྡན་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་རྣམ་པ་བདུན་ཁོ་ན་སྟེ། སྐྱེ་བ་རྣམ་པར་དག་པ་མ་གཏོགས་པ་ནི ་གནོད་པ་གང་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ལ་སོགས་པ་ལ་དགོངས་ནས་བསྟན་པོ་ཡིན་ནོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་སྐྱེ་བ་ཡང་དག་པར་ལེན་པ་རྣམ་པ་ལྔ་བསྟན་པ་ཡང་། ས་བཅུ་ཁོ་ན་ལ་བསྟན་པ ་ཡིན་གྱི། སའི་མདུན་རོལ་པ་དང་། སངས་རྒྱས་ཀྱི་ས་ནི་མ་གཏོགས་པའི་ཕྱིར་རོ།། གཞན་ཡང་ས་བཅུ་པོ་དག་གིས་རྣམ་པར་སྨིན་པའི་འབྲས་བུ་བསྡུས་པོ་ཡིན་ཏེ། རྒྱལ་པོ་བཅུ་རྣམ་པར་སྨིན་པའི་བདག་ཉིད་ནི་དངོས་པོ་དང་བཅས་པ་དང་། ་རྣམ་པར་འགྱུར་བ་ཡང་གཏོགས་པས་སའི་མདུན་རོལ་གྱི་ཟག་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་བདག་པོའི་རྐྱེན་བྱས་པ་གང་ཡིན་པ་དེ་ནི་ཡོང་སུ་དག་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། དེའི་བདག་ཉིད་ཀྱི་ཁྱད་པར་དུ་འཕགས་པའི ་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར། སྐྱེ་བ་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་ཀྱང་། དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་བསགས་པ་ལས་བྱུང་བའི་ཕྱིར་ཞེས་གསུངས་པས་སྐྱེ་བ་རྣམ་པར་དག་པ ་མ་གཏོག་སོ།། གཞན་ཡང་ས་དང་པོའི་ཡོན་ཏན་ཇི་སྙེད་པ་དག་ནི་ས་གོང་མ་རྣམས་ལ་ཡང་མཉམ་པ་ཉིད་དུ་ཡོད་ཀྱང་། རང་གི་སའི་ཡོན་ཏན་གྱི་ཁྱད་པར་དུ་འཕགས་པར་རིག་པར་བྱའོ།། ཞེས་བྱ་བ་ལ་སོགས་པས་ནི། གཉིས ་པ་ཡོན་ཏན་གཞན་དག་ལས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་རྣམ་པར་འབྱེད་དོ།། འདི་ཡང་རྣམ་པ་གཉིས་ཏེ། ཁྱད་པར་དུ་འཕགས་པ་མ་ཡིན་པ་བསྟན་པ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པའི་བྱེ ་བྲག་བསྟན་པ་སྟེ། འདི་ནི་དང་པོ་ཁྱད་པར་དུ་འཕགས་པ་མ་ཡིན་པ་བསྟན་པའོ།། འདི་ལྟར་ས་དང་པོ་ཡོན་ཏན་ཇི་སྙེད་ཡོད་པ་དག་ནི་ས་རེ་རེ་ཀུན་ལ་ཡང་ཡོད་དེ། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ས་རྣམས་ཀུན་ལ་ཡོད་ཀྱང་། སོ་དང་། ་པོ་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕགས་པ་ཡིན་ལ་གཞན་དགུ་པོ་དག་ནི་ཁྱད་པར་དུ་འཕགས་པ་མ་ཡིན་པ་དང་། ས་གཉིས་པ་ལ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕགས་པ་ཡིན་ལ། གཞན ་དགུ་པོ་དག་ལ་ནི་ཁྱད་པར་དུ་འཕགས་པ་མ་ཡིན་པ་ལྟ་བུ་སྟེ། ས་གཞན་རྣམས་ལ་ཡང་འདི་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་ས་བཅུ་པོའི་ཡོན་ཏན་ཐམས་ཅད་ནི་བླ་ན་ཡོད་པ་ཡིན་ལ། སངས་རྒྱས་ཀྱི་སའི་ཡོན་ཏན ་ནི་བླ་ན་མེད་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་གཉིས་བླ་ན་ཡོད་པ་དང་བླ་ན་མེད་པའི་བྱེ་བྲག་ལས་ས་རྣམ་པར་འབྱེད་པའོ།། ས་བཅུའི་ཡོན་ཏན་དག་ནི་ཡང་གོང་ན་ཁྱད་པར་དུ་འཕགས་པ་དང་བཅས་པའི་ཕྱིར་བླ་ན་ཡོད་པ་ཡིན་ལ ་སངས་རྒྱས་ཀྱི་སའི་ཡོན་ཏན་ནི་ཁྱད་པར་དུ་འཕགས་པ་གཞན་མེད་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ།། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། བླ་ན་མེད་པའི་བྱང་ཆུབ་ནི་བླ་ན་མེད་པའི་རྣམ་པ་བདུན་དང་ལྡན་པའི་ཕྱིར་བླ་ན་མེད་པ ་ཞེས་བྱ་སྟེ། མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུར་བརྒྱན་པའི་ཕྱིར་དང་། བླ་ན་མེད་པའི་བདག་དང་གཞན་ལ་ཕན་འདོགས་པའི་བདེ་བ་ཡོངསུ་འཛིན་པའི་ཕྱིར་དང་། ཕུན་སུམ་ཚོགས་པ་བླ་ན་མེད་པ་ནི་འདི་ལྟ་སྟེ། སྐུ་ཚེ་ཕུན་སུམ་ཚོགས་པ ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སྤྱོད་པ་ཕུན་སུམ་ཚོགས་པའི་ཕྱིར་དང་། ཡེ་ཤེས་བླ་ན་མེད་པ་ནི་འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པའི་ཕྱིར་དང་། བསམ་གྱིས་མི་ཁྱབ་པ་བླ་ན་མེད་པ་ནི་འདི་ལྟ་སྟེ། ་ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པའི་ཕྱིར་དང་རྣམ་པར་གྲོལ་བ་བླ་ན་མེད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྒྲིབ་པ་གཉིས་པོ་དག་བཅོམ་པའི་ཕྱིར་དང་། སྤྱོད་པ་བླ་ན་མེད་པ་ནི་འདི་ལྟ་སྟེ། འཕགས་པའི་སྤྱོད་པ་དང་། ལྷའི ་སྤྱོད་པ་དང་། ཚངས་པའི་སྤྱོད་པ་དང་ལྡན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་བླ་ན་མེད་པ་ནི་བླ་ན་མེད་པའི་སྐུ་ཡིན་པའི་ཕྱིར་སྐྱེས་བུ་ཆེན་པོ་ཞེས་བྱའོ།། ཡོངསུ་འཛིན་པ་བླ་ན་མེད་པའི་ཕྱིར་ཐུགས་རྗེ་ཆེན་པོ་ཅན་ཞེས་བྱའོ།། ་ཕུན་སུམ་ཚོགས་པ་བླ་ན་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཡེ་ཤེས་བླ་ན་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ།། བསམ་གྱིས་མི་ཁྱབ་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ།། རྣམ་པར་གྲོལ་བ་བླ་ན་མེད ་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ།། སྤྱོད་པ་བླ་ན་མེད་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། ཞེས་གསུངས་ཏེ། དོན་རྣམ་པ་འདི་བདུན་དང་ལྡན་པའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་ནི་བླ་ན ་མེད་པ་ཞེས་བྱའོ།། །། བམ་པོ་ལྔ་བཅུ་བདུན་པ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའི ་སྐྱེ་བོ་ནི་སྲིད་པར་སྐྱེ་བ་རྣམས་ཀྱི་ནང་ན་རབ་མཆོག་ཅེས་བགྱིད་ལགས་ཞེས་བྱ་བ་འདི་མན་ཚོད་ནི་ལྔ་པ་སྐྱེ་བ་ཁྱད་པར་དུ་འཕགས་པ་ལས་བརྩམས་ནས་ས་རྣམས་རབ་ཏུ་དབྱེ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་།། ་སོན་དུ་གསུངས་པོའོ།། འདི་ནི་དང་པོ་བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང་། འདི་ལྟར་སྔར་སྐྱེ་བ་ཁྱད་པར་དུ་འཕགས་པ་ཞེས་གསུངས་པས། དེ་དོན་གང་ལ་དགོངས་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཞེས་བགྱི་ལགས་ཞེས ་བྱ་བའི་ཐ་ཚིག་གོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལཾ་བཀའ་སྤྲུལ་པ། རིགས་ཀྱི་བུ་རྒྱུ་དང་རྐྱེན་རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས ་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འོད་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གྲངས་ལན་མདོར་གསུངས་པཾ་དང་། རྐྱེན་རྣམ་པ་བཞི་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འོདི་ནི་དང་པོའོ།། དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པར་བསས། ་པ་ལས་བྱུང་བའི་ཕྱིར་དང་། ཆེད་དུ་ཡང་རྒྱས་སོར་བརྟག་པའི་སྟོབས་ཀྱི་ལེན་པ་ཉིད་ཀྱི་ཕྱིར་དང་། སྦྱང་བརྩེ་བས་སེམས་ཅན་རྣམས་ཡོང་སུ་བསྐྱབ་པའི་ཕྱིར་དང་། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་གཞན་གྱིས་ཀུན་ནས་ཉོན་མོངས ་པ་རྣམ་པར་སེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་རྐྱེན་རྣམ་པ་བཞི་རྣམ་པར་ཕྱེ་སྟེ་བསྟན་པའོ།། དང་པོ་ནི་བྱང་ཆུབ་ཆེན་པོ་ཡོངསུ་ཚོལ་པོའི་དགེ་བའི་རྩ་བ་ཤིན་ཏུ་རྣམ་པར་དག་པ་བསགས་པ་ལས་བྱུང་བའི་ཕྱིར་ཏེ། འདི་ནི་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས་ཤེས་པའི་སྟོབས་ཀྱི་སྐྱེ་བ་ལེན་པ་ཞེས་བསྟན་པ་ཉིད་དོ།། གཉིས་པ་ཆེད་དུ་ཡིད་གཉིས་ཀྱི་སོ་སོར་བརྟགས་པ་ཞེས་བྱ་བ་ནི་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་པ་སྟེ། དེ་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱུན་ལས། དེ་ལ ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པའོ་ཞེས་བཤད་དེ། གང་དུ་བསྟན་པ་རྣམ་པ་འདི་གཉིས་ནི་ཉེ་བའི་རྐྱེན་ཡིན་ནོ།། གསུམ་པ་སྙིང་བརྩེ་བ་ཞེས་བྱ་བ་འདིས་ནི་ས་ལ་གནས ་པའི་བྱང་ཆུབ་སེམས་དཔའ་དག་སེམས་ཅན་ཡོངསསུ་བསྐྱབ་པའི་ཕྱིར་སྐྱེ་བ་ཡང་དག་པར་ལེན་པ་ཡིན་པར་བསྟན་ཏེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི ་ཕྱིར་འཁོར་བར་འཇུག་གོ་ཞེས་གསུངས་པ་ཡིན་ནོ།། བཞི་པ་ནི་བདག་ཉིད་ཀུན་ནས་ཉོན་མོངས་པ་ཉིད་ཀྱིས་གཞན་ཀུན་ནས་ཉོན་མོངས་པ་སེལ་བའི་ཕྱིར་ཏེ། འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་། ཤེས ་བྱའི་སྒྲིབ་པ་སྤང་བའི་ཕྱིར་གཞན་གྱི་ཀུན་ནས་ཉོན་མོངས་པ་རྣམས་སེལ་བར་བྱེད་དེ། གལ་ཏེ་བདག་ཉིད་ཉོན་མོངས་པ་དང་ལྡན་པར་གྱུར་ན་གཞན་གྱི་བསལ་བར་མི་ནུས་པས་དེའི་ཕྱིར་འཕགས་པ་དྲི་མ་མེད་པར ་གྲགས་པས་བསྟན་པའི་མདོ་ལས། བདག་ཉིད་ནད་ལས་བསྒྲུབ་པར་ཡང་མི་ནུས་ན་གཞན་རྣམས་ཇི་ལྟར་ཡོངསུ་སྒྲུབ་པར་ནུས་སོ་ཞེས་གསུངས་པ་ཡི་ནོ།། གཞན་ཡང་དེ་ཉིད་ལས་བདག་ཉིད་འཆིང་བ་དང་ལྡན་པས་གཞན་དག་གི ་འཆིང་བ་ལས་གྲོལ་བར་བྱེད་པ་ནི་གནས་མེད་དོ།། བདག་ཉིད་འཆིང་བ་མེད་པས་གཞན་འཆིང་བ་ལས་གྲོལ་བར་བྱེད་པ་ནི་གནས་གནས་ཡོད་དོ་ཞེས་གསུངས་ཏེ། འཕགས་པ་ས་བཅུའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ།། ་འདི་ལྟར་ཁྱད་པར་དུ་འཕགས་པ་ཞེས་གསུངས་པ་དེ་སྐྱེ་བ་གང་ལ་དགོངས་པས་གསུངས་ཤེ་ན། སྨྲས་པ། གོང་དུ་བསྟན་པའི་གནོད་པ་ཡང་དག་པར་ཞི་བར་བྱེད་པའི་སྐྱེ་བ་ལ་སོགས་པའི་རྣམ་པ་ལྔ་ལ་དགོངས་ནས་གསུངས་པ ་ཡིན་པར་བསྟན་ན་ཡང་དོན་དུ་འགལ་བ་མེད་དོ།། བསྟན་བཅོས་མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའི་སྐྱེ་བ་ལྡན་པ་ནི་མདོར་སྡུ་ན་རྣམ་པ་བཞིའོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྐྱེ་བ་རྣམ་པ ་བཞི་རྣམ་པར་དབྱེ་བའི་ཚིགསུ་བཅད་པ་ནི། ལས་ཀྱི་སྟོབས་དང་སྨོན་ལམ་སྟོབས།། ཏིང་འཛིན་སྟོབས་དང་མངོན་ཤེས་སྟོབས།། སྟོབས་བཞི་འདི་ལ་བརྟེན་ནས་ནི།། བྱང་ཆུབ་སེམས་དཔའ་སྐྱེ་བ་ལེན།། ཞེས་འབྱུང་སྟེ། འདི་ཉིད་ཀྱི ་འགྲེལ་པ་ལས། དེ་ལ་སྐྱེ་བ་རྣམ་བཞི་ལ་ཡང་ལས་ཀྱི་སྟོབས་ལ་དབང་ཐོབ་པ་ནི་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་ལེན་པའི་ཕྱིར་རོ།། སྨོན་ལམ་གྱི་སྟོངས་ཀྱིས་སྐྱེ་བ་ནི་འདི་ལྟ་སྟེ། ས་ཆེན་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས ་ཀྱི་དབང་གིས་གཞན་ཡོངསུ་སྨིན་པར་བྱེད་པའི་ཕྱིར་བྱོལ་སོང་ལ་སོགས་པའི་སྐྱེ་བ་ལེན་པའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྐྱེ་བ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དེ་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་དབང་གིས ་གོང་མའི་སྐྱེ་བ་སྤངས་ནས་འོག་མའི་སྐྱེ་བ་ལེན་པའི་ཕྱིར་རོ།། མངོན་པར་ཤེས་པའི་སྐྱེ་བ་ནི་འདི་ལྟ་སྟེ། མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔས་མངོན་པར་ཤེས་པའི་སྟོབས་ཀྱི་དབང་གིས་དགའ་ལྡན་གྱི་གནས་ལ་སོགས་པར ་མཚན་མ་རྣམས་བསྟན་ནས་སྐྱེ་བ་ལེན་པའི་ཕྱིར་རོ་ཞེས་འབྱུང་ངོ་།། མདོ་འདི་ལས་ནི་དང་པོ་ལས་ཀྱི་སྟོབས་མ་གཏོགས་པ་སྐྱེ་བ་གཞོན་རྣམས་ལས་བརྩམས་ནས་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང ་ཕྱུག་གིས་ཡང་བཅོམ་ལྡན་འོདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་དང་རྐྱེན་གང་གིས་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་རྒྱ་ཆེན་པོ་དང་། སྨོན་ལམ་གྱ་ནོམ་པ་དང་། སྨོན་ལམ་མཆོག་སྤྱོད་པ་ཞེས ་བཀའ་སྩལ་ལགས་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་སྨོན་ལམ་རྣམ་པ་གསུམ་ལས། བརྩམས་ནས་ས་རྣམས་རྣམ་པར་དབྱེ་བ་བསྟན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟེ། འདི་ནི་དང་པོ ་སྨོན་ལམ་རྣམ་པ་གསུམ་བསྐྱེད་པའི་རྒྱུ་དང་རྐྱེན་ཞུས་པའོ།། སྨོན་ལམ་རྣམ་པ་གསུམ་པོ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་སེམས་ཅན་རྣམས་ལ་དམིགས་པ་གང་ཡིན་པ་དེ་ནི། སྨོན་ལམ་རྒྱ ་ཆེན་པོ་ཞེས་བྱ་སྟེ། དམིགས་པ་རྒྱ་ཆེ་བའི་ཕྱིར་རོ།། གོང་དུ་བྱང་ཆུབ་ཡོངསུ་ཚོལ་བ་གང་ཡིན་པ་དེ་ནི། སྨོན་ལམ་གྱ་ནོམ་པ་ཞེས་བྱ་སྟེ། གྱ་ནོམ་པར་མངོན་པར་རྫོགས་པར་འཚང་རྒྱ་བར་སྨོན་པའི་ཕྱིར་རོ།། རྣམ་པ་གཉིས་པ་འདི ་ཉིད་ལས་སྨོན་ལམ་མཆོག་ཅེས་བྱ་སྟེ། ཐེག་པ་གཉིས་ཀྱི་སྨོན་ལམ་དང་། སའི་མདུན་རོལ་པའི་སྨོན་ལམ་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེའོ།། ཁ་ཅིག་ན་རེ་སྨོན་ལམ་རྣམ་པ་གསུམ་པོ་དགྲ་རྐྱེན་རྣམ་པ་བཞི་ལས ་བརྩམས་ནས་བསྟན་པ་ཡིན་ཏེ། རྐྱེན་དང་པོ་གཉིས་ཀྱིས་ནི་སྨོན་ལམ་རྒྱ་ཆེན་པོ་བསྟན་ཏོ།། རྐྱེན་གསུམ་པས་ནི་སྨོན་ལམ་གྱ་ནོམ་པ་བསྟན་པོའོ།། རྐྱེན་བཞི་པས་ནི་སྨོན་ལམ་རྒྱ་ཆེན་པོ་བསྟན་པ་ཡིནོ་ཞེའོ།། ཁ་ཅིག་ན་རེ་སྨོན་ལམ ་གསུམ་པོ་དག་ངོ་བོ་ཉིད་གཅིག་པ་ཡིན་ཡང་དོན་གྱི་རྗེས་སུ་གསུམ་དུ་བསྟན་པ་ཡིན་ཏེ། དམིགས་པ་རྒྱ་ཆེ་བའི་ཕྱིར་སྨོན་ལམ་རྒྱ་ཆེན་པོ་ཞེས་བྱའོ།། ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པའི་ཕྱིར། གྱ་ནོམ་པ་དང་མཆོག ་ཅེས་བྱའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ། རྐྱེན་རྣམ་པ་བཞིའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས ་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། རྣམ་པར་ཕྱེ་སྟེ་བཤད་པ་དང་། རྐྱེན་རྣམ་པ་བཞི་བསྟན་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་རྐྱེན་རྣམ་པ ་བཞིས་ལན་འདོར་གསུངས་པ་ཉིད་ཀྱི་སྨོན་ལམ་རྣམ་པ་གསུམ་བསྐྱེད་པ་བསྟན་པ་ཡིན་གྱི། སྨོན་ལམ་རྣམ་པ་གསུམ་གྱི་བྱེ་བྲག་གི་མཚན་ཉིད་རྣམ་པར་ཕྱེ་སྟེ་བསྟན་པ་ནི་མ་ཡིན།། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་མི་གན ་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པ་མཁས་ཤིང་མྱུར་དུ་ཐོབ་པར་ནུས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྐྱེན་རྣམ་པ་བཞིས་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏོ།། འདི་ནི་དང་པོ་མྱ་ངན་ལས་འདས་པ་ཐོབ་པར་ནུས་པ ་བསྟན་པའོ།། མྱུར་དུ་ཐོབ་ནས་ཀྱང་བདེ་བར་གནས་པ་ཡང་སྤོང་བ་ཞེས་བྱ་བ་ནི་གཉིས་པ་བདེ་བར་གནས་པ་མྱུར་དུ་སྤོང་བར་བསྟན་པས་ཏེ། འདི་ནི་རྟག་པ་སྙིང་རྗེ་ཆེན་པོ་སྐྱེ་བའི་ཕྱིར་ཡོང་སུ་མྱ་ངན་ལས་མི་འདའ་བའོ།། རྐྱེན་མེད་ཅིང ་བལྟོས་པ་མེད་པར་ཡང་སྨོན་ལམ་ཆེན་པོའི་སེམས་སྐྱེ་བ་ཞེས་བྱ་བ་ནི་རྐྱེན་གསུམ་པོ་སྟོན་ཏེ། ལན་དུ་ཕན་འདོགས་པ་ལ་མི་དམིགས་ཤིང་། ལན་དུ་ཕན་འདོག་པ་ལ་མི་བལྟོས་པར་ཡང་སྙིང་རྗེ་ཆེན་པོའི་སེམས་སྐྱེ་བ་སྟེ། དེའི ་ཕྱིར་དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས། ལན་དུ་ཕན་འདོགས་པའི་ཕྱིར་སེམས་རྒྱ་ཆེན་པོ་བསྐྱེད་པ་མ་ཡིན་ཞེས་གསུང་སོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་དགོས་པ་མེད་ཅིང་བྱ་བ་མེད་པར་ཡང་ཞེས་འབྱུང་ངོ་།། ་སེམས་ཅན་རྣམས་ལ་ཕན་འདོགས་ཕྱིར་སྡུག་བསྔལ་མང་པོ་སྣ་ཚོགས་ཡུན་རིང་དུ་གནས་པ་སྟེ་ཞེས་བྱ་བ་ནི་རྐྱེན་རྣམ་པ་བཞི་བསྟན་པ་སྟེ། རྐྱེན་རྣམ་པ་ལྔ་ལས་ནི་འདིར་ནི་གནོད་པ་ཡང་དག་པར་ཞི་བར་བྱེད ་པའི་སྐྱེ་བ་འམ། ཡང་དག་སྐལ་བ་མཉམ་པ་མཐུན་པར་འཇུག་པའི་སྐྱེ་བ་ཉིད་དོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་སྨོན་ལམ་རྒྱ་ཆེན་པོ་དང་། སྨོན་ལམ་གྱ་ནོམ་པ་དང་། སྨོན་ལམ་མཆོག་སྤྱོད་པ་ཞེས་བཤད་དོ།། ཞེས་བྱ ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་སྤྱན་རོས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་བསླབ་པར་བགྱི་བའི་གཞི་དུ་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉི་སྦ་ཕ་རོལ་ཏུ་ཕྱིན་པ་རྣམས་རྒྱ་ཆེར་བཤད་པ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་སྒོ་རྣམ་པ་བཅོ་བརྒྱད་ཡོད་པ་ཉིད་ཡིས་རྣམ་པ་བཅོ་བརྒྱ་སྡེ་བསླབ ་པར་བྱ་བའི་རྣམ་གྲངས་མང་ཉུང་བསྟན་པའི་སྒོ་དང་། བསླབ་པ་གསུམ་པོ་དགྲ་བསྡུ་བར་རྣམ་པོར་དབྱེ་བའི་སྒོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགསུ་བསྡུ་བ་རྣམ་པར་དབྱེ་བའི་སྒོ་དང་། མཚན་ཉིད་རྣམ་པ་ལྔས་ཕ་རོལ་ཏུ་ཕྱིན ་པ་དྲུག་བསླབ་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་འཕེལ་འགྲིབ་མེད་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གོ་རིམ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པ་རང་ཏུ་དབྱེ་བའི་སྒོ་དང་། ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མིང་ཐོབ་པ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རྣམ་པའི་གྲངས་བསྟན་པའི་སྒོ་དང་། མཚན་ཉིད་རྣམ་པ་ལྔ་པོ་དག་གིས་ལས་རྣམ་པ་ལྔ་རབ་ཏུ་དབྱེ་བའི་སྒོ་དང་། ཤིན་ཏུ་རྒྱ་ཆེ་བ་ལ་སོགས ་པའི་མཚན་ཉིད་རྣམ་པ་ལྔ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་དང་འབྲས་བུ་ཟད་མི་ཤེས་པ་ཉིད་དུ་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྲེད་ཅིང་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ལྔ་མི་སྲེད་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ ་ཕྱིན་པའི་མཐུའི་རྣམ་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་དང་འབྲས་བུ་རབ་ཏུ་དབྱེ་བའི་སྒོ་དང་། སེམས་ཅན་རང་གི་ལས་ཀྱི་ཉེས་པ་ཡིན་པར་བསྟན་པའི་སྒོ་དང་། ཤེས་རབ་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་ཡོངསུ ་འཛིན་པར་བསྟན་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་བསྟན་པའི་སྒོ་སྟེ། འདི་ནི་དང་པོ་བསླབ་པར་བྱ་བའི་རྣམ་པའི་གྲངས་མང་ཉུང་བསྟན་པའི་སྒོའོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ན ་ཞུ་བ་གསོལ་བའི་སྒོ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱནེ་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བའི་གཞི་ནི་མདོར་བསྡུ་ན་རྣམ་པ་དྲུག་ཡོད་དེ། ཞེས་བྱ་བ ་ལ་སོགས་པ་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་སྨོས་ནས་ལན་འདོར་གསུངས་པ་དང་། གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ།། འདི་ནི་དང་པོ་གྲངས་སྨོས ་ནས་ལན་མདོར་གསུངས་པ་སྟེ། འདི་ལྟར་བསླབ་པར་བྱ་བའི་གཞི་ནི་མདོར་བསྡུ་བ་ན་རྣམ་པ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ།། ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་ཡང་སྤྱི་དྲང་བྱེ་བྲག་གིས་མིང་གིས་བསྟན་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས ་བྱ་བ་ནི་ཅིའི་མིང་ངོ་།། སྦྱིན་པ་དང་། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་གི་མིང་ངོ་།། ཕ་རོལ་ཏུ་ཕྱིན་པ་དེ་ཡང་བསྟན་པ་རྣམས་ལ་སོ་སོ་ནུས་བཤད་པ་མི་མཐུན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སཱ་ལས་ནི་དོན་རྣམ་པ ་གསུམ་གྱིས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དུས་དང་རང་བཞིན་རྣམ་པར་དག་པ་དང་། འབྲས་བུ་མཚིག་འཐོབ་པར་བྱེད་པས་སོ་ཞེས་བཤད་དོ།། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཆོས་བཅུ་པོ་འདི་དག་ནི་ཤིན་ཏུ་ཡུན་ར ་བསྐུལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་པ་དང་། དེ་མ་ཡིན་པ་འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་པས་རང་བཞིན་རྣམ་པར་དག་པའི་ཁྱད་པར་དང་། བྱང་ཆུབ ་མཆོག་གིས་འབྲས་བུ་ཡོངསུ་འཛིན་པའི་ཕྱིར་དུས་ཀྱི་མཆོག་གིས་ཡང་དག་པར་འགྲུབ་པ་དང་། རང་བཞིན་རྣམ་པར་དག་པའི་མཆོག་གིས་རྣམ་པར་དག་པ་དང་། འབྲས་བུའི་མཆོག་སྦྱིན་པར་བྱེད་པས་ན་དེའི་ཕྱིར་ཕ་རོལ་ཏུ ་ཕྱིན་པ་ཞེས་འབྱུང་བ་ཡིན་ནོ།། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ཡོངསུ་འཛིན་པ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་བཤད་དོ།། བསྟན་བཅོས་ཐེག་པ་ཆེན་པོ ་བསྡུས་པའི་འབྲེལ་པ་ཁྱང་གི་ཚེ་བསྒྱུར་བ་ལས་ནི་མཚུངས་པ་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། དེ་ལ་དུས་མཚུངས་པ་མེད་པ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་གསུམ ་གང་ཡིན་པའོ།། སྦྱོར་བ་མཚུངས་པ་མེད་པ་ནི། འདི་ལྟ་སྟེ། བསྒོམ་པ་རྣམ་པ་བཞི་ལ་སོགས་པའོ།། འབྲས་བུ་མཚུངས་པ་མེད་པ་འདི་ལྟ་སྟེ། སྐུ་གསུམ་པོ་དག་གོ། བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་རྣམས ་བསྒོམ་པ་དག་ནི་དོན་རྣམ་པ་འདི་བཞི་དང་ལྡན་པའི་ཕྱིར་སྤྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལ་བསྟན་པ་བཞིན་ནོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི ་ཕུལ་དུ་བྱུང་བའི་དོན་གྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བཤད་དོ།། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་ངེས་པའི་ཚིག་ཇི་ལྟར་བལྟ་ཞེ་ན། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྦྱིན་པ ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་ཏུ་འགྲོ་བས་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་འབྱུང་ངོ་།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་འཇིག་རྟེན་པ་དང་། ཉན་ཐོས་དང་། ་རང་སངས་རྒྱས་ཀྱི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ལས་ཡང་དག་པར་འདས་པས་ན་དེའི་ཕྱིར་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ཀྱང་ཕལ་ཆེར་དེ་སྐད་དུ ་སྟོན་ཏོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་རྣམ་པ་ལྔས་ཕ་རོལ་ཏུ་ཕྱིན་པ་ཞེས་སྟོན་ཏེ། དང་པོ་ནི་སྦྱིན་པ་ལ་སོགས་པ་ལས་རབ་ཏུ་ལྡོག་པ་གྱུར་ནས་ཐེག་པ་ཆུང་ངུ་ལ་ཕྱོགས་པར་བྱེད་པ་སྟེ། འཕགས་པ ་ཤཱ་རིའི་བུ་ལ་སོགས་པ་གང་ཡིན་པ་དེ་ནི་ཚུར་རོལ་ཞེས་བྱའོ།། ལྡོག་པ་མེད་པར་སངས་རྒྱས་ཀྱི་ལམ་བསྒྲུབ་པར་ནུས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། གཉིས་པ་ནི་སེར་སྣ་ལ་སོགས་པའི་སྒྲིབ་པ་དྲུག་པོ་གང ་ཡིན་པ་དེ་ནི་ཚུ་རོལ་ཞེས་བྱའོ།། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། གསུམ་པ་ནི་ཡོད་པ་དང་མེད་པའི་ལྟ་བ་གཉིས་པོ་དག་ནི་ཚུ་རོལ་ཞེས་བྱའོ།། ཡོད་པ་དང་མེད་པར་ལྟ་བ ་འཇིགས་པར་བྱེད་པའི་ཤེས་པ་གོང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། བཞི་པ་ནི་ཀུན་ཏུ་སྦྱོར་བའི་འཆིང་བ་དང་བཅས་པས་སྦྱིན་པ་གཏོང་བ་ལ་སོགས་གང་ཡིན་པ་དེ་ནི་ཚུ་རོལ་ཞེས་བྱའོ།། ཀུན་ཏུ་སྦྱོར་བའི་འཆིང་བ ་མེད་པས་སྦྱིན་པོ་གཏོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ལྔ་པ་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་གང་ཡིན་པ་དེ་ནི་ཚུ་རོལ་ཞེས་བྱའོ།། མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་གང་ཡིན་པ་དེ་ནི ་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དེ་ཞིབ་དུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཁྱད་པར་དུ་འཕགས་པ་རྣམ་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཞེས་སྟོན་ཏེ། ་དེའི་ཕྱིར་དེ་ཉིད་ལས་དང་པོ་ནི་རང་བཞིན་གྱིས་ཁྱད་པར་དུ་འཕགས་ཏེ། འདིས་ནི་བསྟེན་པ་བསྟན་ཏོ།། གཉིས་པ་ནི་ཐབས་ཁྱད་པར་དུ་འཕགས་པའོ།། གསུམ་པ་ནི་འབྲས་བུ་ཁྱད་པར་དུ་འཕགས་པའོ།། དེ་ལ་བསྟེན་པ་ཞེས་བྱ་བ་ནི་འདི ་ལྟ་སྟེ་ཡུན་རིང་པོར་རོ།། དོན་རྣམ་པ་གསུམ་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བཤད་དོ།། གཞན་ཡང་དེ་ཉིད་ལས་ཁྱད་པར་དུ་འཕགས་པར་བྱས་པའི་ཕྱིར་དང་། ཁྱད་པར་དུ་འཕགས་པར་འགྲོ་བའི་ཕྱིར་པ ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱོན་པའི་གནས་སུ་གྱུར་པའི་ཕྱིར་རོ།། གཞན་ཡང་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་རང ་བཞིན་ལྔ་གནས་པའི་ཕྱིར་རོ།། གཞན་ཡང་བདག་དང་གཞན་གྱི་ཤིན་ཏུ་གནོན་པ་ལས་ཡོངསུ་སྐྱོབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། བདག་དང་གཞན་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཡོངསུ་ཟླ་བར་བྱེད་པའི ་ཕྱིར་རོ་ཞེས་འབྱུང་ངོ་།། དེ་ལ་བྱེ་བྲག་གི་མིང་བསྟན་པ་ནི་བསྟན་བཅོས་མདོ་སྡེའི་རྒྱན་ལས། དབུལ་བ་རྣམ་པར་སེལ་བའི་ཕྱིར་སྦྱིན་པ་ཞེས་བྱའོ།། བསིལ་བར་བྱེད་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་སྟེ། འདི་ལྟར་ཚུལ་ཁྲིམས་དང ་ལྡན་པ་ནི་སྤྱོད་ཡུལ་རྣམས་ཤིན་ཏུ་གདུང་བའི་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ།། ཁོང་ཁྲོ་འཇོམས་པའི་ཕྱིར་བཟོད་པ་ཞེས་བྱ་སྟེ། ཁོང་ཁྲོ་བཅོམ་ནས་ཟད་པར་བྱེད་པའི་ཕྱིར་རོ།། དགེ་བ་རྣམ་པར་འཇོག ་པའི་ཕྱིར་བརྩོན་འགྲུས་ཞེས་བྱ་སྟེ། དགེ་བ་རྣམ་པར་འཇོག་པ་ནི་འདིའི་སྟོབས་ཀྱི་གྲུབ་པའི་ཕྱིར་རོ།། སེམས་འཛིན་པར་བྱེད་པའི་ཕྱིར་བསམ་གཏན་ཞེས་བྱ་སྟེ། ཡིད་ནང་དུ་སྡུད་པའི་ཕྱིརརོ།། དེ་ཁོ་ན་ཉིད་ཀྱི་ཆོས་ཤེས་པའི་ཕྱིར་ཤེས་རབ་ཅེས་བྱ་སྟེ། ་དོན་དམ་པ་ཁོང་དུ་ཆུད་པའི་ཕྱིར་རོ།། ཞེས་འབྱུང་ངོ་།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་སེར་སྣ་དང་དབུལ་བ་འཇོམས་པ་དང་། ལོངས་སྤྱོད་ཆེན་པོ་དང་། བསོད་ནམས་ཀྱི་ཚོགས་ཐོབ་པར་བྱེད་པའི་ཕྱིརརོ་སྦྱིན་པ་ཞེས་བྱའོ།། ་འཆལ་པའི་ཚུལ་ཁྲིམས་དང་། ངན་འགྲོ་ཞི་བར་བྱེད་པ་དང་། བདེ་འགྲོ་དང་། ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར། ཚུལ་ཁྲིམས་ཞེས་བྱའོ།། ཁྲོ་བོ་དང་། ཁོ་ན་ཟད་པར་བྱེད་པ་དང་བདག་དང་གཞན་ལ་བདེ་བ་ལྔ་གནས་པར་བྱེད་པའི་ཕྱིར ་བཟོད་པ་ཞེས་བྱའོ།། ལེ་ལོ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་བར་བྱེད་པ་དང་། དགེ་བའི་ཆོས་ཚད་མེད་པ་རྣམ་པར་སྤེལ་བའི་མཐར་ཕྱིན་པར་བྱེད་པའི་ཕྱིར་བརྩོན་འགྲུས་ཞེས་བྱའོ།། རྣམ་པར་གཡེལ་བར་སེལ་བ་དང་། ནང ་དུ་སེམས་གནས་པ་སྒྲུབ་པ་བྱེད་པའི་ཕྱིར་བསམ་གཏན་ཞེས་བྱའོ།། ལྟ་བར་གྱུར་པ་དང་། འཆལ་པའི་ཤེས་རབ་ཐམས་ཅད་སེལ་བ་དང་། ཡང་དག་པར་རྣམ་པ་ཐམས་ཅད་དུ་ཆོས་རྣམས་ཐ་དད་པ་རབ་ཏུ་ཤེས་པའི་ཕྱིར་ཤེས་རབ ་ཅེས་བྱའོ་ཞེས་འབྱུང་ངོ་།། སློབ་དཔོན་དབྱིག་གཉེན་གྱི་མཛད་པའི་འགྲེལ་པ་ལས་ནི་འདི་ལྟར་རྒྱུའི་དུས་སུ་སེར་སྣ་བཅོམ་ནས་སྦྱིན་པ་བཏང་བས་འབྲས་བུའི་དུས་སུ་དབུལ་བ་ཐམས་ཅད་འཇོམས་པ་དང་། ལོངས་སྤྱོད་ཆེན་པོ་དང་། བསོད ་ནམས་ཀྱི་ཚོགས་རྒྱ་ཆེར་སོགས་པའི་ཕྱིར་སྦྱིན་པ་ཞེས་བྱའོ།། འདི་ལྟར་རྒྱུའི་དུས་སུ་འཆལ་པའི་ཚུལ་ཁྲིམས་རྣམ་པར་ཞི་བར་བྱས་པས་འབྲས་བུའི་དུས་སུ་ངན་འགྲོ་ཞི་བར་བྱེད་པ་དང་། མ་འོངས་པ་ན་བྲ་འགྲོ་ལེན་པ་དང་། ད་ལྟར ་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ།། དེ་ནི་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ངེས་པའི་ཚིག་ཅི་རིགས་པར་བཤད་པར་བྱའོ།། བདག་དང་གཞན་དེ་དག་བདེ་བ་ལ་གནས་པར་བྱེད་ཅེས་བྱ་བ་འདི་ལྟ་སྟེ། བདག ་ཉིད་ཀྱི་ལུས་ལ་འཁོན་པའི་ཉེས་པའི་གནོད་པ་མེད་པ་ཉིད་ཀྱིས་གཞན་ལ་སྡུག་བསྔལ་མི་སྐྱེ་བའི་ཕྱིར་བདེ་བ་ཐོབ་པར་ཞེས་བཤད་དོ།། སློབ་དཔོན་ངོ་བོ་ཉིད་ཀྱི་འགྲེལ་པ་ལས་འདི་ལྟར་རྒྱུའི་དུས་སུ་སེར་སྣ་བཅོམ་པ་དང་། བསོད་ནམས ་ཀྱི་ཚོགས་རྒྱ་ཆེན་པོ་སྐྱེད་པས་འབྲས་བུའི་དུས་སུ་ཡང་དབུལ་བ་འཇོམས་པ་དང་། ལོངས་སྤྱོད་ཆེན་པོ་ཐོབ་པའི་ཕྱིར་སྦྱིན་པ་ཞེས་བྱ་སྟེ། ངེས་པའི་ཚིག་གཞན་ནི་གོ་སླའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱི་མཛད་པའི ་འགྲེལ་པ་ལས་ནི་བསོད་ནམས་ཀྱི་ཚོགས་འབྲས་བུ་གཏོགས་པར་བསྟན་ཏོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པོ་ལས་ནི་བསོད་ནམས་ཀྱི་ཚོགས་རྒྱུར་གཏོགས་པར་བསྟན་ཏེ། གཞན་ནི་མི་མཐུན་པ་མེད་པའོ།། བསྟན་བཅོས ་ལག་ན་རིན་པོ་ཆེ་དང་། འཕགས་པ་ཕྲེང་ལྡན་མའི་མདོ་ལས། ངེས་པའི་ཚིག་བསྟན་པ་ནི་ཅུང་ཟད་ཐ་དད་ཏེ། མངས་ཀྱི་ངོགས་ནས་འདིར་མ་བརྗོད་དོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསླབ་པར་བྱ་བའི་གཞི་རྣམ་པ་དྲུག་པོ་དེ་དག་ལས། དུ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བསྡུ་བ་ལགས། དུ་ནི་ལྷག་པའི་སེམས་ཀྱི་བསླབ་པར་བསྡུ་ལགས། དུ་ནི་ལྷག ་པའི་ཤེས་རབ་ཀྱི་བསླབ་པར་བསྡུ་ལགས་ཞེས་བྱ་བ་འདི་མིན་ཆད་ནི་གཉིས་པ་བསླབ་པ་གསུམ་པོ་དག་བསྡུ་བ་རྣམ་པར་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། ་འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་པར་རིག་པར་བྱའོ།། ་བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པས་བསྡུས་པས་སོ།། ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པས་བསྡུས་སོ།། ངས་བརྩོན་འགྲུས་ཐམས་ཅད་ནི་འགྲོ་ཡིན་པར་བསྟན་ཏོ།། ཞེས་བྱ་བ་ནི་གཉིས་པ་ནི་དེ་བཞིན་གཤེགས ་པས་ཡང་དག་པར་ལན་དུ་གསུངས་པའོ།། འདི་ལྟར་ནུས་པའི་རྗེསུ་ཚུལ་ཁྲིམས་ཀྱི་སྔ་མ་གསུམ་བསྡུས་པར་གསུངས་ཏེ། ཚུལ་ཁྲིམས་ཀྱི་ཚོགས་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་འཁོར་དུ ་གཏོགས་པའི་ཕྱིར་རོ།། ཤེས་རབ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། གསུང་རབ་ཀུན་ལས་ཀྱང་དེ་སྐད་དུ་གསུངས་པས་མདོ་ཉིད་ཀྱིས་བརྡའ་འཕྲད་པར་ཟད་དོ།། བརྩོན་འགྲུས་ནི་གསུམ་ཆར་ཀུན་ལ་ཁྱབ་པ་ཡིན་ཏེ། བསླབ ་པ་གསུམ་པོ་དགེ་སློང་བར་བྱེད་པའི་ཕྱིར་རོ།། འཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་།། ལེགས་པའི་ཚུལ་ཁྲིམས་བསྟན ་པའི་མདོ་ལས། ལྷག་པའི་ཚུལ་ཁྲིམས་ཀྱིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་སོ།། ལྷག་པའི་སེམས་ཀྱིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྡུསོ།། ལྷག་པའི་ཤེས་རབ་ཀྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་སོ།། ་ཞེས་གསུངས་ན། ཅིའི་ཕྱིར་མེད་འདི་དང་ཐ་དད་པར་གྱུར་ཅི་ན། སྨྲས་པ། ཕན་ཚུན་བསྡུ་བ་ལ་དོན་མངས་པས་དེ་ཕྱིར་སྔར་ནི་བསླབ་པ་གསུམ་བསྟུན་ལ། དེའི་འོག་ཏུ་ནི་ཕན་ཚུན་བསྡུ་བའི་བྱེ་བྲག་བསྟན་པར་བྱའོ།། དེ་ལ་བསླབ་པ་གསུ ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལས། ཇི་སྐད་དུ་ལྷག་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། ས་བཅུ་པོ་དག་གིས་བསྟེན་ནས་སློབ་པར་བྱེད་པའི་ཕྱིར། ལྷག་པའི་ཚུལ་ཁྲིམས ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔེའི་སྡོམ་པ་ཇི་སྙེད་ཡོད་པ་དག་གོས་མི་དགེ་བ་རྣམས་མི་བྱེད་པའི་སེམས་གང་ཡིན་པའོ།། ལྷག་པའི་སེམས་ནི་འདི་ལྟ་སྟེ། སེམས་གང་དུ་གནས་པའམ། སེམས་ལ་བསྟེན་ནས་སློབ་པའི་ཕྱིར ་ལྷག་པའི་སེམས་ཞེས་བྱ་སྟེ། ཏིང་ངེ་འཛིན་རྣམས་གང་ཡིན་པའོ།། ལྷག་པའི་ཤེས་རབ་ནི་འདི་ལྟ་སྟེ། མངོན་དུ་བྱེད་པར་འགྲོ་བའི་ཤེས་རབ་ཡིན་པའི་ཕྱིར་ཏེ། ལྷག་པའི་ཤེས་རབ་ཅེས་བྱ་བ་འམ། ཡང་ན་ཤེས ་རབ་ལ་བསྟེན་ནས་སློབ་པར་བྱེད་པའི་ཕྱིར། ལྷག་པའི་ཤེས་རབ་ཅེས་བྱ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་བཤད་དོ།། དེ་ལ་ལྷག་པ་ཞེས་བྱ་བ་ནི། མཆོག་དང་དམ་པའི་དོན་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས། སངས་རྒྱས་ཀྱི་བསྟན་པ་འདི་ཁོ་ན་ལ་སླབ་པ་གསུམ་པོ་འདི་ཡོད་ཀྱི། འདི་ལ་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར། འདི་ནི་ལྷག་པའི་དོན་དང་། དབང་དུ་བྱ་བའི་དོན་ཡིན་ནོ་ཞེས་བཤད་དེ། ཞིག་ཏུ ་དེ་ཉིད་ལོས་བསྟན་པ་བཞིན་ནོ།། བསླབ་གསུམ་རྒྱ་ཆེར་རྣམ་པར་བཤད་པ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ། ལྕང་གི་ཚེ་བསྒྱུར་བ་དང་། བསྟོན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར ་སྤྱོད་པའི་ས་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ལུང་སྣ་ཚོགས་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ལ་ཕན་ཚུན་གཅིག་གིས་གཅིག་བསྡུ ་བའི་བྱེ་བྲག་བསྟན་པའི་ཡང་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལས། ཚུལ་ཁྲིམས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ཁོ་ན་བསྡུསོ།། བསམ་གཏན་གྱིས་ནི་ལྷག་པའི་སེམས་ཁོ་ན་བསྡུས་སོ།། ཤེས་རབ་ཀྱིས་ནི་ལྷག་པའི ་ཤེས་རབ་ཁོ་ན་བསྡུས་སོ་ཞེས་འབྱུང་གི། ཕ་རོལ་ཏུ་ཕྱིན་པ་གཞན་དང་སྦྱར་བ་ནི་མེད་དེ། དེའི་ཕྱིར་མདོ་འདྲི་ཉིད་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ཚུལ་ཁྲིམས་རྣམ་པ་གསུམ་ཡོད་དེ། ཚུལ་ཁྲིམས་ཀྱི་རྗེ་སུ་འབྲང་བའི་ཚུལ་ཁྲིམས་དང་། ་སེམས་ཀྱི་རྗེ་སུ་འབྲང་བའི་ཚུལ་ཁྲིམས་དང་། ཤེས་རབ་ཀྱི་རྗེ་སུ་འབྲང་བའི་ཚུལ་ཁྲིམས་སོ།། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་རྗེ་སུ་འབྲང་བའི་ཚུལ་ཁྲིམས་ཞེས་བྱའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི ་སེམས་ཀྱི་རྗེ་སུ་འབྲང་བའི་ཚུལ་ཁྲིམས་ཞེས་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་རྗེསུ་འབྲང་བའི་ཚུལ་ཁྲིམས་ཞེས་བྱའོ་ཞེས་གསུངས་ཏེ། འདི་ནི་རང་བཞིན་གྱིས་གཅིག་གིས་གཅིག་བསྡུས་པའོ།། མཚམས ་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཀྱང་དང་པོ་གསུམ་གྱིས་ནི་ལྷག་པའི་ཚུལ་ཁྲིམས་བསྡུས་ཏེ། ཚུལ་ཁྲིམས་ཀྱི་ཚོགས་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། ཚུལ་ཁྲིམས་ཀྱི ་འཁོར་ཡིན་པའི་ཕྱིར་རོ།། བསམ་གཏན་གྱིས་ནི་ལྷག་པའི་སེམས་བསྡུས་སོ།། ཤེས་རབ་ཀྱིས་ནི་ལྷག་པའི་ཤེས་རབ་བསྡུས་སོ།། བརྩོན་འགྲུས་ནི་གསུམ་པོ་ཀུན་ཏུ་འགྲོ་སྟེ། བསླབ་པ་གསུམ་པོ་དག་སློང་བའི་ཕྱི་རོ་ཞེས་གསུངས ་ཏེ། འདི་ནི་ལས་ཀྱིས་གཅིག་གིས་གཅིག་བསྡུས་པའོ།། བསྟན་བཅོས་མདོ་སྡེའི་རྒྱུན་ལས་ཀྱང་དོན་གྱི་མདོ་དེས་གསུངས་པ་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། དང་པོ་གསུམ་ནི་རྣམ་གཉིས་དང་། ་གཅིག་དང་གསུམ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྱེལ་པ་ལས། དེ་ལ་དང་པོ་གསུམ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་མོ།། རྣམ་པ་གཉིས་ཞེས་བྱ་བ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དང་པོ ་གསུམ་ནི་དང་འཁོར་གཉིས་སུ་འགྱུར་བས་ཚུལ་ཁྲིམས་ནི་ཚོགས་ཡིན་ལ། སྦྱིན་པ་དང་བཟོད་པ་ནི་འཁོར་ཡིན་པས་སོ།། དང་པོ་གཅིག་ཅེས་བྱ་བ་ནི་འོ་ལྟར་དང་པོ་གསུམ་དང་། གཉིས་པ་ནི་བསླབ་པ་གསུམ་ལས་དང ་པོ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་སོ།། དེ་ལ་ཕྱི་མ་གཉིས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གཉིས་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཡང་གཉིས་ཞེས་བྱ་བ་ནི་འདི་ལྟར་ཕ ་རོལ་ཏུ་ཕྱིན་པ་ཕྱི་མ་གཉིས་པོ་ངག་ནི་གོ་རིམ་བཞིན་དུ་ལྷག་པའི་སེམས་དང་། ཤེས་རབ་ཀྱི་བསླབ་པ་གཉིས་ཡིན་པས་སོ།། དེ་ལ་གཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཁོ་ནའོ།། གསུམ་ཞེས ་བྷ་བ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་གཅིག་པོ་འདི་ནི་བསླབ་པ་གསུམ་པོ་ཀུན་ལ་ཁྱབ་པའི་ཕྱིར་རོ་ཞེས་འབྱུང་ངོ་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྔ་མ་བཞིས་ནི་ལྷག་པའི་ཚུལ་ཁྲིམས་བསྡུས་སོ།། དྲུག་པས་ནི་ལྷག་པའི ་ཤེས་རབ་བསྡུས་སོ་ཞེས་བཤད་དོ།། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས།། ཕ་རོལ་ཏུ་ཕྱིན་པ་བཞིའི་ཚོགས་དང་། རང་བཞིན་དང་། འཁོར་དང་། ཀུན་ཏུ་བསྲུང་བ་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་ཚུལ་ཁྲིམས ་ཀྱི་བསླབ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ།། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡོང་སུ་རྫོགས་པར་རིག་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡོངསུ ་པར་རིག་པར་བྱའོ།། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞི་ནོ།། བསྟན་བཅོས་སུ་ཡོངསུ་འཛིན་པ་ལས་ཀྱང་རྣལ་འབྱོར་སྤྱོད་པའི་ས་ལ་བསྟན་པ་དང་མཐུན་པར་བཤད་དེ། འདི་ནི་རབ་ཏུ་ཕྱེ་བའི་རྗེ་སུ་གཅིག་གིས་གཅིག་བསྡུས་པར་བསྟན་པ་ཡིན། ་བསྟན་བཅོས་དག་ལས་བསྟན་པ་དང་སྦྱར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་རེ་རེས་ཀྱང་ཕན་ཚུན་གཅིག་གིས་གཅིག་སྡུད་པར་སྟོན་པས་བསླབ་པ་གསུམ་པོ་དག་ལས་བསླབ་པ་རེ་རེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དགེ་སྡུད་པར་བྱེད་དེ། ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་ཕན་ཚུན་རྣམ་པར་ངེས་པས་ཇི་ལྟར་བལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལ་ལར་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱིན་པའི་སླར་བསྟན་པ་ནས། ་ལར་ནི་ཤེས་རབ་ཀྱི་བར་གྱི་སྒྲར་བསྟན་པ་དེ་ལ་དགོངས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱོར་བ་ནི་འདི་དག་ཐམས་ཅད་ཀྱི་སྤྱོད་པ་ལ་འགྲོ་བ་ལ་དགོངས་པའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། ་འདི་ནི་གྲོགས་ཀྱི་སྒོ་ནས་གཅིག་གིས་གཅིག་བསྡུས་པར་བསྟན་ཏོ།། བསྟན་པ་རྣམས་མདོར་བསྡུ་བ་མི་མཚུངས་པས་དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དོན་རྣམ་པ་བཞི་ལས་བརྩམས་ནས་ཕན་ཚུན་བསྡུ ་བ་སྟོན་ཏེ། རང་བཞིན་གྱི་བསྡུ་བ་དང་། གྲོགས་ཀྱི་བསྡུ་བ་དང་། ལས་ཀྱི་རྗེ་སུ་བསྡུ་བ་དང་། རབ་ཏུ་ཕྱེ་བའི་རྗེ་སུ་བསྡུ་བའོ་ཞེས་བཤད་དེ། དེ་ཕྱིར་དེ་ཉིད་ལས་གལ་ཏེ། རང་བཞིན་གྱི་བསྡུ་ན་ནི་ཚུལ་ཁྲིམས་ཀྱིས་ནི་ཚུལ་ཁྲིམས ་ཁོ་ན་བསྡུས་སོ།། བསམ་གཏན་གྱིས་ནི་བསམ་གཽཏན་ཁོ་ན་བསྡུས་སོ།། ཤེས་རབ་ཀྱིས་ནི་ཕྱི་མ་ལྔ་བསྡུས་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བརྩམས་ནས་ཕན་ཚུན་བསྡུ་བ་བསྟན་ཏོ།། གྲོགས་དང་བཅས་ན་ཡང་ཕན་ཚུན་བསྡུ་བ ་དང་ལྡན་ནོ།། གལ་ཏེ་ལས་ཀྱི་རྗེ་སུ་བསྡུ་ན་ཚུལ་ཁྲིམས་ཀྱིས་ནི་དང་པོ་གསུམ་བསྡུས་ཏེ། ཚོགས་དང་རང་བཞིན་དང་། འཁོར་གྱི་ངོ་བོ་ཉིད་དོ།། ཏིང་ངེ་འཛིན་གྱིས་ནི་བསམ་གཏན་བསྡུས་སོ།། ཤེས་རབ་ཀྱིས་ནི་ཕྱི་མ་ལྔ་བསྡུས་སོ།། ་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་བརྩམས་ནས་བརྩོན་འགྲུས་ནི་གསུམ་པོ་དག་གི་བསྡུ་བར་བཤད་དེ། གསུམ་པོ་དག་སློང་བར་བྱེད་པའི་ཕྱིར་རོ།། གལ་ཏེ་རབ་ཏུ་ཕྱེ་བའི་རྗེསུ་བསྡུ་ན་ཚུལ་ཁྲིམས་ཀྱིས་ནི་སྔ་མ་བཞིན་བསྡུས་སོ།། ་སྔ་མ་གསུམ་ནི་སྔར་བསྟན་ཏེ། ཀུན་ཏུ་སྲུང་བ་ཉིད་ཀྱི་ཕྱིར་རོ།། ཏིང་ངེ་འཛིན་གྱིས་ནི་བསམ་གཏན་བསྡུས་སོ།། ཤེས་རབ་ཀྱིས་ནི་ཕྱི་མ་ལྔ་བསྡུས་སོ་ཞེས་འབྱུང་བས་སོ།། འཕགས་པའི་གསུང་རབ་དག་ནི་སོ་སོ་ནས་དོན་རེ་རེ་སྨོས་པའི ་ཕྱིར་ཕན་ཚུན་འགལ་བ་མེད་དོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསླབ་པར་བགྱི་བའི་བཞི་རྣམ་པ་དྲུག་པོ་དེ་དག་ལས། དུ་ནི་བསོད ་རྣམས་ཀྱི་ཚོགས་ཀྱིས་བསྡུག་ལགས། དུན་གས་ཙྪོ་ཕྱོགས་སྨྲས་ལགས་ཞེས་བྱ་བ་འདུམ་ན་མང་ནི་གསུམ་པ་བས་རྣམས་དང་། ཡང་ནས་ཀྱི་ཚོགས་བསྡུ་བ་རྣམ་པར་གྱུ་བསྒྲ་ཞེས་བྱ་བསྟན་དྷ།། འད་ཡང་ཞུབ་གསོལ་བ་དག ་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྡུས་པ་གང་ཡིན ་པ་དེ་ནི། བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་ཞེས་བྱའོ།། ལྷག་པའི་ཤེས་རབ་ཀྱི་བསླབ་པས་བསྡུས་པ་གང་ཡིན་པ་དེ་ནི་ཡང་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་ཞེས་བྱའོ།། ངས་བརྩོན་འགྲུས་བསམ་གཏན་རྣམ་པ་གཉིས་ནི་ཀུན་ཏུ ་འགྲོ་བ་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། དང་པོ་གསུམ་ནི་བསོད་ནམས་ཀྱིས་སོ།། ཐ་མ་གཅིག་ནི་ཡེ་ཤེས ་ཚོགས་ཀྱིས་སོ།། ལྷག་ལྔ་གཉིས་ནི་ཚོགས་རྣམ་པ་གཉིས་ཀར་གཏོགས་བྱས་སོ།། མདོའི་ཚིག་འདི་རྣམ་པར་བཤད་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས། དེ་ལ་བསོད ་ནམས་ནི་གང་ཡིན། ཡེ་ཤེས་ནི་གང་ཞེ་ན། བསོད་ནམས་ཞེས་བྱ་བ་ནི་མདོར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། ཡེ་ཤེས་ནི་གཅིག་པུ་སྟེ། འདི་ལྟ་སྟེ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐརྣམས་ཀྱི་ཕྱོགས་དང་། ཡེ་ཤེས་ཀྱི་ཕྱོགསུ་རིག་པར་བྱ་སྟེ། བརྩོན་འགྲུས་ལ་བསྟན་ནས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམ ་ཡང་དག་པར་ལེན་ཅིང་བསྲུང་བ་དང་། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་སྒོམ་པ་འམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི། བསོད་ནམས་ཀྱི་ཕྱོགས་བརྩོན་འགྲུས་སོ།། བརྩོན་འགྲུས་ལ་བསྟན་ནས། ཟོས་པ་དང་། ་བསམ་པ་དང་། བསྒོམ་པའི་ཤེས་རབ་ལ་སྦྱར་བར་བྱེད་དོ།། ཕུང་པོ་ལ་སོགས་པ་ལ་མཁས་པ་གང་ཡིན་པ་དེ་ནི། ཡེ་ཤེས་ཀྱི་ཕྱོགས་ཀྱི་བརྩོན་འགྲུས་ཞེས་བྱའོ།། བསམ་གཏན་ལ་བརྟེན་ནས་སྦྱིན་པ་བྱིན་པ་འམ། ཚུལ ་ཁྲིམས་ཡང་དག་པར་ལེན་ཅིང་བསྲུང་བ་འམ། བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་བསྒོམ་པ་འམ། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་བསོད་ནམས་ཀྱི་ཕྱོགས་ཀྱི་བསམ་གཏན་ཡིན་ནོ།། བསམ་གཏན་ལ་སྟེན་ནས ་ཐོས་པ་དང་བསམ་པ་དང་། སྒོམས་པའི་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་ཕུང་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་ལ་མཁས་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཕྱོགས་ཀྱི་བསུམ་གཏན་ཡིན་ནོ་ཞེས་འབྱུང་བ་ཡིནོ།། ལེགས་པའི ་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངསུ་འཛིན་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། བྱང་གི་ཚེ་བསྒྱུར་བ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས ་ལས་བསྟན་པ་དང་མཐུན་པར་བཤད་དོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་པོ་འདི་ཡང་སྔར་མདོ་ཙམ་དུ་མིང་གི་དོན་བསྟན་ནས། རྡོའི་འོག་ཏུ་ཕན་ཚུན་གཅིག་གིས་གཅིག་བསྡུ་བ་བསྟན་པར་བྱའོ།། དེ་ལ་མིང་གི ་དོན་ནི་བསོད་ནམས་ཀྱི་འབྲས་བུ་བསྐྱེད་ཅིང་བསོད་ནམས་ཀྱི་རྒྱུ་བྱེད་པས། བསོད་ནམས་ཀྱི་ཚོགས་ཞེས་བྱའོ།། ཡེ་ཤེས་ཀྱི་འབྲས་བུ་བསྐྱེད་ཅིང་ཡེ་ཤེས་ཀྱི་རྒྱུ་བྱེད་པས་ན་ཡེ་ཤེས་ཀྱི་ཚོགས་ཞེས་བྱའོ།། དེ་ལ་ཚོགས་ཞེས་བྱ་བ་ནི། ་བསྟན་བཅོས་ཐེག་པ་ཆེན་པོ་བཾསྠཱསྨཻ་པའི་འགྲེལ་པ་ལྗང་གི་ཚེ་བསྒྱུར་བ་ལས། མངོན་པར་གྲུབ་པར་བྱེད་པའི་དོན་གྱི་ཕྱིར། ཚོགས་ཞེས་བྱའོ།། ཞེས་བཤད་དོ།། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། བསོད་ནམས་དང་ཡེ་ཤེས་འདི ་གཉིས་ལ་ནུས་པ་རྣམ་པ་གཉིས་ཡོད་དེ། བྱང་ཆུབ་ཀྱི་གྲོགསུ་གྱུར་པ་དང་། བྱང་ཆུབ་ཀྱི་བདག་ཉིད་མངོན་པར་འགྲུབ་པར་བྱེད་དེ། རྣམ་པ་འདི་གཉིས་ཀྱི་དབང་གིས་མངོན་པར་འགྲུབ་པར་འགྱུར་བའི་ཕྱིར་འདི་གཉིས་ལ ་བྱང་ཆུབ་ཀྱི་ཚོགས་ཞེས་བཤད་དོ་ཞེས་འབྱུང་ངོ་།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲོལ་པ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ནི་བསགས་པའི་དོན་གྱི་ཕྱིར་ཚོགས་ཞེས་བྱའོ་ཞེས་བཤད་དེ། དེའི ་ཕྱིར་འགྲེལ་པ་དེ་ཉིད་ལས། དེ་ལ་ཚོགས་ཞེས་བྱ་བ་ནི་བསྐལ་པ་དཔག་ཏུ་མེད་པ་ནས་བརྩམས་པའི་ཕྱིར་རོ་ཞེས་འབྱུང་ངོ་།། བསྟན་བཅོས་བྱང་ཆུབ་ཀྱི་ཚོགས་བསྟན་པ་ལས་ནི་དོན་རྣམ་པ་ལྔས་བསྟན་ཏེ། ཡོངསུ་རྫོགས ་བུའི་དོན་དང་། ཡོངསུ་འཛིན་པའི་དོན་དང་། གསོ་བའི་དོན་དང་། རྒྱུའི་དོན་དང་། ཕུན་སུམ་ཚོགས་པའི་དོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། ཚོགས་ཞེས་བྱ་བ་ནི་ཡོངསུ་རྫོགས་པའི་དོན་ཡིན་ཏེ། འདིས་བྱུང ་ནུཆུབ་ཀྱི་ཚོགས་ཡོང་སུ་རྫོགས་པར་བྱེད་པའི་ཕྱིར་རོ།། ཡོངསུ་འཛིན་པའི་དོན་ཡང་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཆོས་ཡོང་སུ་འཛིན་པོར་བྱེད་པའི་ཕྱིར་རོ།། གསོ་བའི་དོན་ཡང་ཡིན་ཏེ། འོངས་བྱང་ཆུབ་ཀྱི་ཆོས་ཡོངསུ་གསོ་བར་བྱེད་པའི་ཕྱིརརོ།། ། ་རྒྱུའི་དོན་ཡང་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཆོས་སྐྱེད་པར་བྱེད་པའི་ཕྱིར་རོ།། ཡན་ལག་མང་པོ་ཕུན་སུམ་ཚོགས་པའི་དོན་ཡང་ཡིན་ཏེ། འདིས་བྱང་ཆུབ་ཀྱི་ཆོས་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་ཚོགས་ཞེས་བྱའོ་ཞེས་འབྱུང་སྟེ། ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། དེ་ལ་ཕན་ཚུན་གཅིག་གིས་གཅིག་བསྡུ་བ་ཡང་བསྟན་པ་རྣམས་ལས་སོ་སོ་ན་བཤད་པ་མི་མཐུན་པས་མདོར་བསྡུས་ནས་རྣམ་པ་བརྒྱད་ཏུ་བསྟན་ཏེ། དང་པོ་ནི་སྔ་མ་གསུམ་ནི་བསོད་ནམས ་ཡིན་ལ། ཕྱི་མ་གསུམ་ནི་ཡེ་ཤེས་ཡིན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ཇི་སྐད་དུ། དེ་ལ་བསོད་ནམས་ཀྱི་ཚོགས་ནི་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས ་དང་། བཟོད་པ་སྦྱོར་བ་རྣམ་པ་གསུམ་གང་ཡིན་པའོ།། ཡེ་ཤེས་ཀྱི་ཚོགས་ནི་འདི་ལྟ་སྟེ། བརྩོན་འགྲུས་དང་། བསམ་གཏན་དང་། ཐོས་པའི་ཤེས་རབ་ལ་སོགས་པའོ་ཞེས་འབྱུང་བ་དང་། གཞན་ཡིད་འཕགས་པ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་འདོད་པ་སྒོ་རྣམ་པ་གཉིས་ཡོད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་སྒོའོ།། དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་ནི། བསོད་ནམས་ཀྱི་སྒོའོ།། ཆོས་ཐད་ཀྱི ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཤེས་པའི་ཤེས་རབ་ནི་ཡེ་ཤེས་ཀྱི་སྒོའོ།། ཤེས་རབ་ཀྱང་བསམ་གཏན་གྱི་རྒྱུ་ལ་བལྟོས་དགོས་ལ། བསམ་གཏན་ཡང་ངེས་པར་བརྩོན་འགྲུས་ཆེན་པོའི་སྟོབས་ལ་བལྟོས་སོ་ཞེས་བསྟན་པ་ལྟ་བུའོ།། ་གཉིས་པ་ནི་དང་པོ་གཉིས་དང་བཞི་པ་ནི་བསོད་ནམས་ཡིན་ལ། ཕྱི་མ་གཉིས་དང་གསུམ་པ་ནི་ཡེ་ཤེས་ཡིན་ཏེ། དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོའི་ནང་ནས་བཀོད་པའི་ལེའུ་ལས་ཇི་སྐད་དུ། སྦྱིན་པ་དང་། ཚུལ་ཁྲིམས ་དང་། བརྩོན་འགྲུས་ནི་བསོད་ནམས་ཀྱི་བཀོད་པ་ཞེས་བྱའོ།། བཟོད་པ་དང་། བསམ་གཏན་དང་། ཤེས་རབ་ནི་ཡེ་ཤེས་ཀྱི་བཀོད་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ།། གསུམ་པ་ནི་སྔ་མ་གཉིས་ནི་བསྟོད་ནམས་ཡིནོ།། ཕྱི་མ ་གཅིག་ནི་ཡེ་ཤེས་ཡིན་ནོ།། གསུམ་པ་ནི་རྣམ་པ་གཉིས་ཀར་གཏོགས་པ་ཡིན་ཏེ། བསྟན་བཅོས་མདོ་སྡེའི་རྒྱན་ལས་ཇི་སྐད་དུ་ཚོགས་པ་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུ་བ་ཇི་ལྟ་བུ་ཞེ་ན། ཚིག་ལེའུར་བྱས་པ་ལས། ་དང་པོ་གཉིས་ནི་བསོད་ནམས་ཚོགས།། དྲུག་པ་དེ་ནི་ཡེ་ཤེས་ཡིན།། གཞན་གསུམ་དག་ནི་ཚོགས་གཉིས་རྒྱུ།། ལྔ་པོ་ཡང་ནི་ཡེ་ཤེས་ཚོགས་ཞེས་འབྱུང་བ་ལྟ་བུ་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། སྦྱིན་པ་དང་། ཚུལ་ཁྲིམས ་ནི་བསོད་ནམས་ཀྱི་བདག་ཉིད་དོ།། ཤེས་རབ་ནི་ཡེ་ཤེས་ཀྱི་བདག་ཉིད་དོ།། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གསུམ་ནི་ཚོགས་གཉི་གའི་རྒྱུ་སྟེ། འདི་ལྟར་གཉི་གའི་བྱེད་པའི་ཕྱིར་རོ།། ལྔ་པོ་དག་ཀྱང ་ཡེ་ཤེས་ཀྱི་ཚོགསུ་འགྱུར་ཏེ། འདི་ལྟར་ཡེ་ཤེས་ཀྱིས་བསྔོས་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞི་ནོ།། བཞི་པ་ནི་དང་པོ་གསུམ་ནི་བསོད་ནམས་ཡིན་ནོ།། ཕྱི་མ་གཅིག་ནི་ཡེ་ཤེས་སོ།། གཞན་ནི་རྣམ ་པ་གཉི་གར་གཏོགས་ཏེ་མདོ་འདི་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་དང་། ལེགས་པའི་ཚུལ་ཁྲིམས་བསྟན་པའི་དང་། བསྟན་བཅོས་ཡོངསུ་འཛིན་པ་དང་། ཐེག་པ ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། ལྕང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ།། ལྔ་པ་ནི་དང་པོ་ལྔ་བསོད་ནམས་ཡིན་ལ། ཕྱི་མ ་གཅིག་ནི་ཡེ་ཤེས་ཡིན་ཏེ། ག་ཡའི་མདོ་ལས་ཇི་སྐད་དུ་གློགསུ་གྱུར་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ། སྤོང་བའི་ལམ་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ནི་བསོད་ནམས་སྤྱོད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཀྱི་མངོན་པར་ཞེན་པ་རབ་ཏུ་སེལ་བའོ་ཞེས་བསྟན་པ་ལྟ་བུའོ།། དྲུག་པ་ནི་དང་པོ་ལྔ་ནི ་བསོད་ནམས་ཡིན་ལ། ཕྱི་མ་གཅིག་ནི་བསོད་ནམས་ན་ཡེ་ཤེས་གཉི་གར་གཏོགས་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་ནང་ནས། སེང་གེའི་སྒྲ་བསྒྲགས་པའི་ལེའུ་ལས་ཇི་སྐད་དུ། དེ་ལ་བསོད་ནམ ་ཀྱིས་བརྒྱན་པ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པའོ།། ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱིས་བརྒྱན་པ་མ་ཡིན་པ་ནི་འདི་ལྟ་སྟེ། སྣ་དང་པོ་ནས་ས་བཅུ་པའི་བར་ག ་ཡིན་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལས་ཞེས་བྱ་བ་ནི་ཤེས་རབ་ལ་བྱ་སྟེ། དེའི་ཕྱིར་ཐོག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཆོས་བདག་མེད་པའི་ཤེས་པའི་གནས་སྐབས་གང་ཡིན་པ ་དེ་ནི་ས་ཞེས་བྱའོ་ཞེས་བཤད་དོ།། བདུན་པ་ནི་སྔ་མ་ལྔ་ནི་བསོད་ནམས་ཡིན་ལ། དྲུག་པ་ནི་ཡེ་ཤེས་ཡིན་ཏེ། བསྟན་བཅོས་མདོ་སྡེའི་རྒྱན་ལས། ཇི་སྐད་དུ། ལྔ་པོ་ཡང་ནི་ཡེ་ཤེས་ཚོགས་ཞེས་བྱ་བ་ནི་འདི་ལྟར་ཕྱི་མ་ཤེས ་རབ་ཀྱིས་ཡོངསུ་བསྔོས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ཚོགསུ་འགྱུར་རོ་ཞེས་བསྟན་པ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ནི་བསོད་ནམས་ཁོ་ན་མ་ཡིན་གྱི་ཡེ་ཤེས་ཀྱི་ཚོགསུ་ཡང་གཏོགས་པ་ཡིན ་ཏེ། འདི་ལྟར་ཤེས་རབ་ཀྱི་ཡོངསུ་བསྔོས་པའི་ཕྱིར་རོ།། བརྒྱད་པ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསམ་གཏན་ནི་བསོད་ནམས་སོ།། ཤེས་རབ་ནི་ཡེ་ཤེས་སོ།། བཟོད་པ་དང་བརྩོན་འགྲུས་གཉིས་ཀར་གཏོགས་ཏེ། བྱང་ཆུབ ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ནང་ནུས་ཤེས་རབ་བསྟན་པའི་ལེའུ་ལས་ཇི་སྐད་དུ། ཇི་ལྟར་ཚོགས་རྣམ་པ་གཉིས་ལ་མཁས་པ་གང་ཞེ་ན། བསོད་ནམས་དང་། ཡེ་ཤེས་ལ་མཁས་པ་གང་ཡིན་པའོ།། བསོད ་ནམས་གང་ཞེ་ན་འདི་ལྟ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསྒོམ་པ་གང་ཡིན་པའོ།། ཡེང་ཤེས་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཡོང་སུ་བསྒོམ་པས་འདུས་པའི་ཤེས་པ་གང་ཡིན་པའོ་ཞེས་གསུངས་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས ་བསྟན་པ་བཞིན་ནོ།། ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་སུ་གཏོགས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་རེ་རེ་ཡང་ཕན་ཚུན་གཅིག་གིས་གཅིག་གྲོགས་བྱས་པས་སོ་སོ་ནས་དྲུག་པོ་དེ་དག་དང་ལྡན་པའི་ཕྱིར་རོ།། ་མདོ་སྡེ་དང་བསྟན་བཅོས་རྣམས་ལས་དབང་པོའི་རྗེ་སུ་རྣམ་པ་སྣ་ཚོགས་མི་མཐུན་པར་བསྟན་པ་ཡིན་པ་འགལ་བ་མེད་དོ།། །། བམ་པོ་ལྔ་བཅུ་བརྒྱད་པ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག ་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསླབ་པའི་གཞི་དྲུག་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་བལྟ་བར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་མཚན་ཉིད་རྣམ་པ་ལྔས ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། མཚན་ཉིད་རྣམ་པ་ལྔ་པོ་དག་གིས་བསྒྲུབ་པའི་ཆོས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྤྲུལ་པ་རིགས་ཀྱི་བུ་མཚན་ཉིད་རྣམ་པ་ལྟ་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟན་དྷ། ་འདི་ནི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འདི་ནི་དང་པོའོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བསྒོམས་པའི་ཆོས་རྣམ་པ་ལྔ་སྟེ་ཞེས་འབྱུང་ངོ་།། ་ཐོག་མ་ཁོ་ནར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་དམ་པའི་ཆོས་བསྟན་པ་དག་ལ་ཤིན་ཏུ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའི་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ། བཤད་པ་སྟོན་ཏོ།། འདི ་ཡང་མཚན་ཉིད་རྣམ་པ་ལྔ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོའི་ཤིན་ཏུ་མོས་པའི་མཚན་ཉིད་བསྟན་པའོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འཕགས་པའི་གསུང ་རབ་ཤིན་ཏུ་ཟབ་པ་དག་ལ་མོས་པ་ཞེས་འབྱུང་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསྟན་པ་ཤིན་ཏུ་ཟབ་པ་ཞེས་བྱ་བ་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། ཤིན་ཏུ་རྒྱས་པའི་ཕྱོགས ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ་ཞེས་བསྟན་པ་དང་། མདོ་དག་ལས་ཇི་ཙམ་དུ་ཐེག་པ་ཆེན་པོ་བསྟན་པ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དེ་ཞེས་གསུངས་པ་ལྟ་བུའོ།། གཞན་ཡང་དེ་ཉིད་ལ ་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་། ཟབ་པར་བསྟན་ཏོ་ཞེས་འབྱུང་ངོ་།། དེའི་འོག་ཏུ་ཆོས་སྤྱོད་པ་རྣམ་པ་བཅུ་དག་ལས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་གྱ་རྣམ་པས ་ན་ཏན་གྱིས་བསྒྲུབས་པ་ཞེས་བྱ་བ་ནི་གཉིས་པ་ཆོས་སྤྱོད་པ་རྣམ་པ་བཅུ་བསྒྲུབ་པའི་མཚན་ཉིད་སྟོན་ཏོ།། ཆོས་སྤྱོད་པ་རྣམ་པ་བཅུ་ནི། གོང་དུ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དྲང་རྣམ་པར་བཤད་པ་ཁུངསུ་བཞག་ནས་བསྟན་པ་ལས ་འབྱུང་བ་བཞིན་དུ་རིག་པར་བྱའོ།། མདོའི་ཚིག་འདི་ལ་བཤད་པ་མི་མཐུན་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཆེས་སྤྱོད་རྣམ་པ་བཙུན་ཤེས་རབ་རྣམ་པ་གསུམ་ཡིན་པའི་ཕྱིར། ཤེས་རབ་གསུམ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱི་ཆོས ་སྤྱོད་པ་རྣམ་པ་བཅུ་བསྒྲུབ་པའི་ཕྱིར་ཏེ། དེའི་ཕྱིར་མཚམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་། ཆོས་སྤྱོད་རྣམ་པ་བཅུ་པོ་དེ་དག་ལ་ཐོས་པ་དང་། བསམ་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་ཞེས་གསུང་སོ།། གཞན་ཡང་དགོངས་པ་ཟབ་མོ ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། ཆོས་སྤྱོད་པ་རྣམ་པ་བཅུ་པོ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐོས་པ་ལ་སོགས་པའི་ཤེས་རབ་བསྒྲུབས་པའི་ཕྱིར་རོ་ཞེས་གསུངས་པ་ཡིནོ་ཞེའོ།། ཁ་ཅིག་ན་རེ་ཤེས་རབ་རྣམ་པ་གསུམ་གྱིས ་ནི་རྣལ་འབྱོར་ཡང་དག་པར་རབ་ཏུ་བསྟན་ལ། ཆོས་སྤྱོད་པ་རྣམ་པ་བཅུའི་ནི་གྲོགསུ་གྱུར་པར་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། ཐེག་པ་ཆེན་པོ་ཇི་ལྟ་བུར་ཆོས་རྣམས ་སྨྱན་པ་མཛད་པ་དག། རྒྱུང་ཆུབ་སེམས་དཔའ་དྲུག་པར་ཡང་།། ཤེས་རབ་གསུམ་གྱི་ཨཱུ་ད་བྱེད་པ་ཞེས་བྱ་བ་དདྨ། ཀཱནན་ཡང་དེ་ཉིད་ལས། ཡིད་ལ་བྱེད་པའི་ཡང་དགུ་བུར་སྒྲུབ་པ་དེ་ལ་སྒྲོགས་ན་ཡོད་ཅེ་ན། ཚིག་ལེའུར་བྱས་པ་ལས། དན ་སྤྱོད་རྣམ་བཅུ་དང་།། ཡོང་དག་ལྡན་པ་ཤེས་པར་བྱ།། བརྦ་གང་ཞེ་ན། མི་གེ་འབྲེལ་སྦྱིན་པ་དང་།། ཉོན་དང་སྲོག་དང་ཡིན་པ་དང་།། འཆད་དང་ཁ་དོན་རྒྱང་བྱ་དང་།། དེ་སེམས་པ་དེ་རྒོལ་པ་ཞེས་འཐུ་སྟེ། ཀྱི་འགྲེལ་པ་ལས ་ཐེག་པ་ཆེན་པོ་ཆོས་སྤྱོད་པ་རྣམ་པ་བཅུ་ཡོད་དེ། ཡཾ་གེ་འདྲི་བ་དང་། མཆོད་པཱ་དང་། གཞན་དག་ལ་སྦྱིན་པ་དང་། གཞན་ཀློག་པ་དང་། ཉན་པ་དང་། བདག་ཉིད་ཀློག་པ་དང་། ལེན་པ་དང་། ཚིག་དང་དོན་འཆདང་པ་དང་། ཁ་དོན་དུ་བྱེད་པ་དང་། ་སེམས་པ་དང་། བསྒོམ་པོའོ་ཞེས་འབྱུང་བ་ཡིན་ནོ་ཞེས་ཟེར་ཏེ། བཤད་པ་ནི་ཕྱི་མ་བཟང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དེ་ལས་ཡིད་ལ་བྱེད་པ་ཡང་དག་པར་སྒྲུབ་པ་དེ་ཡང་ཆོས་སྤྱོད་པ་རྣམ་པ་བཅུས་ཡོང་སུ་འཛིན་པས་སོ་ཞེས་འབྱུ ་བས་སོ།། བྱང་ཆུབ་སེམས་ཀྱི་རྗེསུ་བསྲུང་བ་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་ཀྱི་སེམས་བསྲུང་བའི་མཚན་ཉིད་བསྟན་པའོ།། ཡོངསུ་མི་ཉམས་པར་བསྲུང་བ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་བསྲུང་བ་ཞེས་བྱའོ།། བྱང་ཆུབ་ཏུ་སེམས་བསྐྱེད ་པ་རྒྱ་ཆེར་བཤད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་ཀྱི་བསྔགས་པ་རྒྱ་ཆེར་བརྗེད་པ་ནི་འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བསྟན་པ་བཞི་ནོ།། དགེ་བའི་བཤེས་གཉེན་ཡང ་དག་པ་ལ་བསྟེན་པ་ཞེས་བྱ་བ་ནི་བཞི་པ་དགེ་བའི་བཤེས་གཉེན་ལ་བསྟེན་པའི་མཚན་ཉིད་སྟོན་ཏེ། བསྟན་བཅོས་རྣ་དབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཡན་ལག་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས ་གཉེན་རྣམས་ཐམས་ཅད་ཡོངསུ་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་ཤིང་མ་ཉམས་པ་དང་། སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན། བློ་མ་བྱང་བ་མ་ཡིན་པས ་མང་དུ་ཐོས་པ་ཡིན། བསྒོམ་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་། ཞི་གནས་དང་ལྷག་མཐོང་ཐོབ་པས་རྟོག་པ་དང་ལྡན་པ་ཡིན། སྙིང་རྗེ་དང་ལྡན་པས་སྙིང་བརྩེ་བ་ཡིན་ཏེ། ཚེ་འདི་ལ་རང་གི་བདེ་བར་གནས་པ་ཡལ་བར་བོར་ནས ་གཞན་དག་གི་དོན་ལ་སྦྱོར་བ་ཡིན། གཞན་དག་ཆོས་སྟོན་པ་ནི་བག་ཆེ་བའི་འཇིགས་པས་དྲན་པ་དང་། སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་རྣམས་དང་། འཕྱ་བ་དང་། བསྟིང་བ་དང་། ནང་དུ ་བརྗོད་པ་དང་། ངན་པ་འོངས་པ་ལ་སོགས་པ་མི་འདོད་པའི་ཚིག་གི་ལམ་རྣམས་དང་། སེམས་ཅན་གྱི་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་བཟོད་པ་ཡིན། འཁོར་བཞི་པོ་དག་ལ་ཆོས་སྟོན་པ་ལ་སྟོབས་དང་ལྡན་ཞིང་ངལ་བ་མེད་པས ་ཡོངསུ་མི་སྐྱོ་བ་ཡིན། ཚིག་གི་ཆོས་ཉིད་ལས་མ་ཉམས་ཤིང་གསལ་བ་ཚིག་གི་བྱ་བ་དང་ལྡན་པས་དགེ་བའི་ཚིག་དང་ལྡན་པ་ཡིནོ་ཞེས་འབྱུང་བ་ལྟ་བུ་སྟེ། དགེ་བའི་བཤེས་གཉེན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པ་ནི་འཕགས་པའི་ཆོས་ཀྱི་ཚིག ་གི་མདོ་དང་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོང་སུ་རྫོགས་པར་རིག ་པར་བྱ་སྟེ། དུས་དུས་སུ་ནད་གཡོག་དང་། བ་མལ་པའི་གཡོག་བྱ་བ་དང་། བྱམས་པ་དང་། གུས་པ་དང་། དགའ་བ་དང་། ལྡན་པ་དང་། དུས་དུས་སུ་གུས་པར་སྨྲ་བ་དང་། ཕྱག་བྱ་བ་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པར་བྱ་བ་དང ་མཆོད་པ་དང་། ཆོས་དང་མཐུན་པའི་གོས་དང་། ཟས་དང་། མོལ་ཆ་དང་། སྟན་དང་། ན་བའི་གསོ་སྤྲིན་དང་། ཡོ་བྱད་སྦྱིན་པ་མཆོད་པ་དང་། གནས་བཅས་ནས་ཡང་དག་པར་གཟུང་བ་དང་། རྣམ་པར་གཟུད་པས་ཆོས་དང་མཐུན་པའི་དོན ་ལ་དབང་བྱེད་ལ། རྣམ་པར་མི་གཡོ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཆགས་པ་དང་། དུས་དུས་སུ་ཤེས་པར་བྱ་བའི་བསམ་པས་དྲུང་དུ་འགྲོ་བ་དང་། བསྙེན་བཀུར་བྱེད་པ་དང་། དྲི་བ་དང་ཉན་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས ་བསྟན་པ་བཞིན་ནོ།། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ལ་སྦྱོར་བས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ལྔ་པ་རྒྱུན་མི་འཆང་པར་ནཱན་ཏན་གྱིས་སྒྲུབ་པའི་མཚན་ཉིད་བསྟན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ། རྟག ་པར་རྒྱུན་དུ་རྒྱུན་མི་འཆད་པའི་ཚུལ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོང་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ནི་རྒྱུན་རིང་པོ་དང་། བར་ཆད་མེད་པ་དང་། གུས་པ་དང་། ལུས་མེད་པའི་བསྒོམ་པ་རྣམ་པ་བཞི་ལས་བར་ཆད ་མེད་པའི་བསྒོམ་པ་ཉིད་དོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་སང་ཡན་ལག་གི་སེམས་ཀྱིས་བསྐྲུན་ཏེ། བསྒོམ་པ་རྣམ་པ་ལྟར་བྱས་ནས་མདོ་དེ་ཉིད་ཀྱི་དོན་སྟོན་ཏོ།། དེ་ལ་མཚན་ཉིད་རྣམ་པ་ལྔ་བསྟན། ་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པར་འདོད་པས་མཚན་ཉིད་རྣམ་པ་ལྔ་ཕུན་སུམ་ཚོགས་པར་བྱ་དགོས་ཏེ། དང་པོ་ནི་གསུང་རབ་ཀྱི་ཡན་ལག་ལ་སྨོས་པ་སྟེ། གལ་ཏེ་བསྟན་པ་ལ་མ་བསྟེན་ན་སྤྱོད་པ་མ་ཡིན་པ་ལྗིད་དུ་འགྱུར་བའི་ཕྱིར ་རོ།། གཉིས་པ་ནི་འཕགས་པའི་གསུང་རབ་ལ་མངོན་པར་ཡིད་ཆེས་པར་གྱུར་ནས་ཆོས་སྤྱོད་པ་རྣམ་པ་བཅུས་ཤེས་རབ་གསུམ་བསྐྱེད་པར་བྱེད་དེ། སྤྱོད་པའི་བདག་ཉིད་ཡིན་པའི་ཕྱིརརོ།། གསུམ་པ་ནི་དགེ་བའི་རྩ་བ་རྗེས་བསྲུངས་ནས ་མི་ཉམས་པར་བྱེད་པའི་ཕྱིར་རོ།། བཞི་པ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་སྟེ། རྐྱེན་ཁྱོད་པར་དུ་འཕགས་པ་ལ་བལྟོས་པའི་ཕྱིར་རོ།། ལྔ་པ་ནི་རྒྱུན་མི་འཆད་པར་བསྒོམས་པ་སྟེ། མྱུར་དུ་ཡོངསསུ་རྫོགས་པར་བྱ་བའི་ཕྱིར་ཞེས་བཤད ་དོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྒོམ་པ་རྣམ་པ་ལྔ་ཞེས་བཤད་དེ། ཀུན་ཏུ་སྤྱོད་པ་ལས་སྦྱོར་བས་བསྒོམ་པ་དང་། མོས་པས་བསྒོམ་པ་དང་། ཡིད་ལ་བྱེད་པ་བསྒོམ་པ་དང་། ཐབས་ལ་མ། པ་བསྒོམ་པ་དང་། ཁྱབ ་བསྒྲུབ་པ་བསྒོམ་པའོ་ཞེས་འབྱུང་།། གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུད་པ་ལས་བསྒོམ་པ་ནི་མདོར་བསྡུ་ན་རྣམ་པ་ལྔ་པོ་འདི་ལྟ་སྟེ། གནས་པ་ཡོང་སུ་འཛིན་པ་ལ་བརྟེན་པ་བསྒོམ་པ་དང་། ཡིད་ལ་རྟེན་པ ་ལ་བརྟེན་པའི་བསྒོམ་པ་དང་། ཡིད་ཀྱི་མོས་པ་ལ་བརྟེན་པའི་བསྒོམ་པ་དང་། ཐབས་ལ་བརྟེན་པའི་བསྒོམ་པ་དང་། དབང་ལ་བརྟེན་པའི་བསྒོམ་པའོ་ཞེས་འབྱུང་བས་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ཏེ། མད་ཀྱི་དོགས་ནས་འདིར་མ་བརྗོད་དོ།། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་བསླབ་པར་བགྱི་བའི་གཞི་དེ་དག་གྲངས་དྲུག་ཁོ་ནར་གདགས་པ་མཛད་ལགས་ཞེས་བྱ་བ་འདི ་མན་ཆད་ནི་ལྔ་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་འཕེལ་འགྲིབ་མེད་པར་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ།། ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་པོ་ཡོད་པ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་གྲངས་འཕེལ་འགྲིབ ་མེད་པར་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཞི་པོ་དག་གིས་གྲངས་འཕེལ་འགྲིབ་མེད་པར་བསྟན་པའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་དྲུག་ཁོ་ན་ཉིད་དུ་ངེས་པའི་གཏན་ཚིགས ་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་ལན་དུ་གསུངས ་པ་སྟོན་ཏོ།། འདི་ཡང་རྣམ་པ་བཞི་སྟེ། གྲངས་སྨོས་པ་དང་། རྐྱེན་གཉིས་སོ་སོར་བསྟན་པ་དང་། རྐྱེན་རྣམ་པ་གཉིས་སོ་སོར་བསྡུ་བ་དང་། རྣམ་པར་ཕྱེ་སྟེ་བཤད་པའོ།། འདི་ནི་དང་པོ་གྲངས་སྨོས་ནས་རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱི་ཕྱི ་གྲངས་དེ་ལྟར་ངེས་པར་འགྱུར་རོ་ཞེས་ལན་མདོར་གསུངས་པའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་དངོས་པོ་གཉིས་ཏེ་ཞེས་འབྱུང་།། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་དང་། ཉོན་མོངས་པ་རྣམས་ཀྱི་གཉེན་པོར ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་རྐྱེན་རྣམ་པ་གཉིས་སོ་སོ་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། དེ་ལ་དང་པོ་གསུམ་ནི་སེམས་ཅན་རྣམས་ལ་ཕན་གདགས་པ་ཡིན་ལ། ཕྱི་མ་གསུམ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན ་པར་རིག་པར་བྱའོ་ཞེས་བྱ་བས་ནི་གསུམ་པ་དང་པོ་དང་ཕྱི་མའི་རྣམ་པ་གསུམ་རྐྱེན་གཉིསུ་སོ་སོར་བསྡུ་བ་སྟོན་ཏོ།། འདི་ལྟར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་ནི་སེམས་ཅན་ལ་ཕན་འདོགས་པར་བྱེད་དོ།། བརྩོན་འགྲུས་ལ་སོགས ་པ་གསུམ་ནི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པས་སོ།། དང་པོ་གསུམ་གྱིས་སེམས་ཅན་རྣམས་ལ་ཕན་འདོགས་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པས་ནི་ཡོ་བྱད་ཉེ་བར་བསྒྲུབ་ནས་སེམས་ཅན་ལ་ཕན་འདོགས་སོ།། ཚུལ་ཁྲིམས ་ནི་གནོད་པ་དང་། ཕོངས་པ་དང་། རྣམ་པར་མཐོ་འཚམ་པ་ཉེ་བར་མི་བསྒྲུབ་པས་སེམས་ཅན་ལ་ཕན་འདོགས་སོ།། བཟོད་པས་ནི་གནོད་པ་དང་། ཕོངས་པ་དང་། རྣམ་པར་ཐོ་འཚམ་པ་དག་ལ་ཇི་མི་སྙམ་པར་བཟོད་པས་སེམས་ཅན་ལ་ཕན་འདོགས ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པོ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། དང་པོ་ཕན་འདོགས་པ་གསུམ་བསྟན་པ་དང་། ཕྱི་མ་གཉེན་པོར་གྱུར་པ་གསུམ་བསྟན་པ་སྟེ། འདི་ནི་དང་པོ་སེན་ལ་ཕན་འདོག ་པ་གསུམ་བསྟན་པའོ།། དགོངས་པ་ཟབ་མོ་རྣམ་པར་འགྲེལ་པའི་མདོ་ལ་སོགས་པ་ལས། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ནི་གོ་རིམ་བཞིན་དུ་ཕན་འདོགས་པ་རྣམ་པ་གསུམ་པོ་ཡོ་བྱད་ཉེ་བར་བསྒྲུབས་ནས་ཕན་འདོགས་པ་དང་། གནོད་པ་མི་བྱེད ་པས་ཕན་འདོགས་པ་དང་། གནོད་པ་བྱེད་པ་ལ་ལན་བྱ་བའི་སེམས་མེད་པས་ཕན་འདོགས་པ་དང་སྦྱར་བར་བྱའོ་ཞེས་བཤད་དོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། གཞན་ཡང་དང་པོ་གསུམ་ནི་སེམས་ཅན་ལ་ཕན་འདོགས་པ་དག ་ཡིན་ཏེ། དེ་དག་ལ་ཡོ་བྱད་སྦྱིན་ཞིང་དེ་དག་ལ་གནོད་པར་མི་བྱེད་པའི་ཕྱིར་དང་། དེ་དག་གིས་གནོད་པ་བྱས་པ་བཟོད་ཅིང་ཕན་འདོགས་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། ཕྱི་མ་གསུམ་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་རྣམ་པར་མ་བཅིལ། བག་ལ་ཉལ་ཐམས་ཅད་མ ་བཅོམ་པར་ཡང་། ནན་ཏན་གྱིས་དགེ་བའི་ཕྱོགས་རྣམས་སྒོམ་པར་བྱེད་པས་ཉོན་མོངས་པ་དེ་དག་གི་དགེ་བའི་ཕྱོགས་ལ་སྦྱོར་བ་ལས་སྐྱེད་པར་མི་ནུས་སོ།། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ།། ཤེས་རབ་ཀྱིས་བག་ལ་ཉལ ་བ་གཏན་དུ་འཇོམས་པར་བྱེད་དོ།། ཞེས་བྱ་བ་ནི་གཉིས་པ་ཕྱི་མ་གཉེན་པོར་གྱུར་པ་གསུམ་བསྟན་ཏོ།། འདི་ལྟར་བརྩོན་འགྲུས་དེ་བསམ་གཽཏན་ལྟར་ཀུན་དུ་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་རྣམ་པ་བཅིལ་བ་ཡང་མ་ཡིན། ཤེས་རབ་ལྟར ་ས་བོན་དག་ལ་ཉལ་ཐམས་ཅད་གཏན་དུ་བཅོམ་པ་མ་ཡིན་གྱི། འོན་ཀྱང་བརྩོན་འགྲུས་ཀྱིས་དགེ་བ་རྣམས་སྒོམ་པར་བྱེད་པ་དེས་ཉོན་མོངས་པ་རྣམས་ཀྱིས་མི་བསྐྱོད་པར་དགེ་བའི་ཕྱོགས་ལ་སྦྱོར་བར་བྱེད་དོ།། དགེ་བའི་ཕྱོགས ་ལ་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཡིན་ཏེ། བསམ་གཏན་དང་ཤེས་རབ་ཀྱི་ཐབསུ་གྱུར་པའི་ཕྱིར་སྦྱོར་བ་ཞེས་བཤད་དོ།། བསམ་གཏན་གྱིས་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་རྣམ་པར་གནོན་པར་བྱེད་ལ། ཤེས་རབ་ཀྱིས་ནི ་ས་བོན་གཏན་དུ་འཇོམས་པའི་ཕྱིར། ཕྱི་མ་གསུམ་ནི་ཉོན་མོངས་པའི་གཉེན་པོར་གྱུར་པའོ་ཞེས་བཤད་དོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་། བརྩོན་འགྲུས་ལ་སོགས་པ་གསུམ་ནི་ཉོན་མོངས་པའི་གཉེན་པོར ་གྱུར་པ་ཡིན་ཏེ། རྣམ་པར་བཅིལ་བར་མ་གྱུར་ཀྱང་། ནན་ཏན་གྱི་དགེ་བའི་ཕྱོགས་ལ་སྦྱོར་ཞིང་གཉེན་པོ་བསྒོམས་ནས་ཉོན་མོངས་པ་རྣམ་པར་གནོན་ཅིང་ཉེ་བར་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་ཆོས་མངོན་པ་སྨྲ ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ལས་བསྟན་པ་བཞིན་ནོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཀྱང་། གཏན་ཚིགས་རྣམ་པ་དྲུག་གིས་ནི་རྣམ་པ་ལྔར་བསྟན་ཏེ། ཁོ་ཅིག་ལས་ནི་དོན་གཅིག་གིས་གྲངས་དྲུག་ཏུ་བསྟན་པ་ཡང་ཡོད་དེ། ་དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོ་ལས་ཇི་སྙེད་དུ། མུ་སྟེགས་ཅན་དག་གིས་ལོག་པར་སྨྲ་བ་ཕྱོགས་རྣམ་པ་དྲུག་རབ་ཏུ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཤར་ཕྱོགས་ནི་སྦྱིན་པ་ལྟ་བུ་སྟེ། ཐོག ་མ་ཁོ་ནར་བྱུང་བའི་ཕྱིར་རོ།། ལྷོ་ཕྱོགས་ན་ཚུལ་ཁྲིམས་ལྟ་བུསྟེ། གཡས་ཕྱོགས་དང་འདྲ་བའི་ཕྱིར་རོ།། ནང་ཕྱོགས་ནི་སོ་པ་ཝཱ་དུསྟེ། ཉེས་པ་ལ་བརྗོད་པར་འ་འོག་ཏུ་བྱུང་བའི་ཕྱིར།། བྱང་ཕྱོགས་ན་བརྩོན་འགྲུས་ལྟ་བུསྟེ། མང་མཆོག་ཏུ ་གྱུར་པའི་ཕྱིར་རོ།། འོག་མའི་ཕྱོགས་ནི་བསམ་གཏན་ལྟ་བུ་སྟེ། ངན་འགྲོ་ལ་སོ་སོར་རྟོག་པའི་ཕྱིར་རོ།། སྟོང་གི་ཕྱོགས་ནི་ཤེས་རབ་ལྟ་བུ་སྟེ། བླ་ན་མེད་པ་མི་སྐྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཅིའི་ཕྱིར་དེ་བཞིན་གཤེགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཉིད་དུ་ཡང་དག་པར་གསུངས་ཤིང་མི་མང་མི་ཉུང་ཞེ་ན། སྨྲས་པ་སངས་རྒྱས་ནི་ཆོས་ཀྱི་རྒྱལ་པོའི་མཛད་པས་སེམས་ཅན་གྱི ་དབང་པོའི་རྗེསུ་རེས་འགའ་ནི་མདོ་ནས་གཅིག་དང་། གཉིས་དང་། གསུམ་ལ་སོགས་པར་གསུང་སོ།། རེ་འགའ་ནི་རྒྱ་ཆེར་སྟོན་པར་ཡང་མཛད་དེ། བསྐལ་པ་བཟང་པོའི་མདོ་ལས་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་ཞེས ་གསུངས་པ་དང་། གཞན་ཡང་འགྲོ་བ་དྲུག་གི་སེམས་ཅན་རྣམས་ནི། ལུས་དང་སེམས་ཀྱི་གནོད་པ་ཉམསུ་མྱོང་བས། བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོའི་སེམས་སྐྱེད་ནས་སེམས་ཅན་འགྲོ་བ་དྲུག་གི་སྡུག་བསྔལ་རབ་ཏུ་ཞི་བར ་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་བསྐྱེད་པ་ཡིན་པས་མི་མང་མི་ཉུང་ངོ་ཞེས་འབྱུང་བ་དང་། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བསླབ་པ་གསུམ་པོ་དག་བསྡུ་བའི་ཕྱིར། དྲུག་ཁོ་ནར་བསྟན་ཏེ། དང་པོ་བཞིས་ནི ་ལྷག་ཁྲིམས་བསྡུས་སོ།། དེའི་འོག་མ་གཅིག་གིས་ནི་ལྷག་པའི་སེམས་བསྡུས་སོ།། ཐ་མ་གཅིག་གིས་ནི་ལྷག་པའི་ཤེས་རབ་བསྡུས་པ་དེས་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ཁོ་ནར་རྣམ་པར་བཞག་སྟེ། མི ་མང་མི་ཉུང་ཞེས་བཤད་པ་ལྟ་བུ་ཁོ་ནའོ།། ཁ་ཅིག་ལས་ནི་དོན་རྣམ་པ་གཉིས་ཀྱི་མི་མང་མི་ཉུང་བར་བསྟན་པ་ཡོད་དེ། མདོ་འདི་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ།། ཁ་ཅིག་ལས་ནི་དོན་རྣམ་པ་གསུམ་གྱིས་མི་མང་མི་ཉུང་བར་བསྟན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ ་ལས་ཇི་སྐད་དུ། ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཞེ་ན། མི་མཐུན་པའི་ཕྱོགས་དང་། གཉེན་པོར་རྣམ་པར་བཞག་པའི་ཕྱིར་དང་། སངས་རྒྱས་རྣམས་ཀྱི་གནས་སུ་གྱུར་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཡོངསུ་སྨིན་པར ་བྱ་བ་དང་། མཐུན་པར་གྱུར་པའི་ཕྱིར་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། དེ་ལ་གྲངས་ནི་རྣམ་པ་གཉིས་ཏེ། བགྲང་བའི་གྲངས ་དང་། ངེས་པའི་གྲངས་སོ།། བགྲང་བའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ།། ངེས་པའི་གྲངས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་གྲངས་ནི་དྲུག་ཁོ་ན་ཡོད་པས་མི་མང་མི་ཉུང་ངོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས།། ་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནི་མངོན་པར་མཐོ་བའི་ལམ་སྟེ། ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་པོ་དག་གོ། གཉིས་པ་ནི་ངེས་པར་ལེགས་པའི་ལམ་སྟེ། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གསུམ་པོ་དག་གོ་ཞེས་འབྱུང་སྟེ། ་ཞིག་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏེ། འདི་ནི་རྐྱེན་དང་པོའོ།། གཞན་ཡང་དེ་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་ཡིན་པའི་ཕྱིར། དེའི་གྲངསུ་དྲུག་ཁོ་ནའོ།། དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་པོ་གསུཾ ་གྱི་ཕྱིར་ནི། མྱ་ངན་ལས་འདས་པ་ལ་མི་གནས་སོ།། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གསུམ་གྱི་ཕྱིར་ནི། འཁོར་བ་ལ་མི་གནས་སོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏེ། འདི་ནི་རྐྱེན་གཉིས་པའོ།། གཞན་ཡང་དེ་ཉིད་ལས་སེམས ་ཅན་བསྡུད་ཅིང་ཕན་འདོགས་པའི་ཕྱིར་དང་། ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར། གྲངས་དྲུག་ཁོ་ནའོ་ཞེས་འབྱུང་སྟེ། འདི་ནི་མདོ་འདི་ཉིད་ལས་གསུམ་པ་དང་མཐུན་པར་དོན་རྣམ་པ་གཉིས་ཀྱི་དྲུག་ཏུ་གསུངས་པར་བསྟན་ཏེ། འདི་ནི ་རྐྱེན་རྣམ་པ་གསུམ་པའོ།། ཁ་ཅིག་ལས་ནི་དོན་རྣམ་པ་བཞིས་མི་མང་མི་ཉུང་བར་བསྟན་པ་ཡང་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཇི་སྐད་དུ་བསྟན་པ་བཞིན་ཏེ། བསྟན་བཅོས་དེ་ཉིད་ལས་ནི་དོན་རྣམ་པ ་གསུམ་གྱིས་བསྟན་ཏོ།། དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་གྲངས་མི་མང་མི་ཉུང་བར་བསྟན་པ་ལ་ཡང་དོན་རྣམ་པ་གཉིས་ཏེ། སྒྲིབ་པ་བཅུ་རབ་ཏུ་སེལ་བའི་ཕྱིར་དང་། དེ་བཞིན་ཉིད་བཅུ་མངོན་དུ་བྱེད་པའི་ཕྱིར་དང་། གཉིས་པ་ནི ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲངས་མི་མང་མི་ཉུང་བར་བསྟན་པ་ཡང་དོན་རྣམ་པ་བཞི་ཡོད་དེ། དང་པོ་རྒྱུ་ནི་རྣམ་པ་གསུམ་ལ་བརྟེན་ནས་ནི་མི་མཐུན་པའི་སྒྲིབ་པ་རྣམ་པ་དྲུག་རབ་ཏུ་སེལ་བའི་ཕྱིར་དང་། རིམ་གྱི་སངས་རྒྱས་ཀྱི་ཆོས་རྣམ ་སྒྲུབ་པའི་ཕྱིར་རིམ་གྱི་སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་ཕྱིར་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། གཉིས་པ་ནི་ལམ་གཉིས་ལ་བརྟེན་པ་ནི། འདི་ལྟ་སྟེ། མངོན་པར་མཐོ་བའི་ལམ་དང་། ངེས་པར་ལེགས་པའི་ལམ་གང་ཡིན་པ་སྟེ། ་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་གྲངས་དང་པོས་བསྟན་པ་དང་མཐུན་ནོ།། གསུམ་པ་ནི་སེམས་ཅན་ལ་ཕན་འདོགས་ཤིང་སྒྲིབ་པ་རབ་ཏུ་སེལ་བ་དང་། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་ནོ།། བཞི་པ་ནི་མི་གནས་པའི ་ལམ་གྱིས་མི་མིང་མི་ཉུང་བར་བསྟན་པ་ནི་འདི་ལྟ་སྟེ། དང་པོ་གསུམ་གྱི་ཕྱིར་ནི་མྱ་ངན་ལས་འདས་པ་ལ་མི་གནས་པ་དང་། ཕྱི་མ་གསུམ་གྱི་ཕྱིར་ནི་འཁོར་ལ་མི་གནས་པ་གང་ཡིན་པ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། བསྟན་བཅོས ་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། དང་པོ་གསུམ་ཁོ་ན་སྟོན་ཏེ།། རིམ་གྱིས་སྒྲིབ་པ་རབ་ཏུ་སེལ་བ་དང་། སངས་རྒྱས་ཀྱི་ཆོས་སྒྲུབ་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱེད་པའོ།། བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ ་ལས་ནི། ཕྱི་མ་གསུམ་ཁོ་ནའི་དོན་དང་། ལམ་རྣམ་པ་གཉིས་ལ་སོགས་པ་སྟོན་ཏོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བསྟན་བཅོས་གཉིས་ཀྱི་དོན་ནི་སྤྱིར་བསྡུས་ནས་རྣམ་པ་དྲུག་ཏུ་བསྟན་པའི་ཕྱིར་རྐྱེན་བཞིར ་གྱུར་པ་ཡིན་ནོ།། ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། རྐྱེན་རྣམ་པ་དྲུག་ཏུ་ཕྱེ་ནས་བསྟན་ཏེ། ཐེག་པ་ཆེན་པོ་བསྡུས་པ་ལས་བསྟུན་པ་འིརི་རྒྱུ་རྣམ་པ་གསུམ་ལོག་ཤིག་ཏུ་བྱེ་བའི་ཕྱིར་རོ།། མདོ་འདི་ལས་གསུངས་པའི་རྐྱེན་རྣམ ་པ་གཉིས་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེ་རྟགས་ནི་ཁོང་དུ་ཆུད་པར་འགྱུར་རོ།། གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པ་བཞིའི་གྲངས་མི་མང་མི་ཉུང ་བར་བསྟན་པ་སྟེ། མདོའི་ཚིག་ཐང་ཀར་བབས་ན་བཤད་པར་བྱའོ།། བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་ཚིགསུ་བཅད་པ་དྲུག་གིས་དྲུག་ཏུ་རྣམ་པར་བཞག་པའི་གཏན་ཚིགས་སྟོན་ཏེ། བདག་ལ་ཕན་འདོགས་པའི་བཞི་རྣམ་པ་གསུམ་བསྡུ ་བའི་ཕྱིར་དང་། བདག་དང་གཞན་ལ་ཕན་འདོགས་པའི་རྣམ་པ་དྲུག་བསྡུ་བའི་ཕྱིར་དང་། བདག་དང་གཞན་ལ་ཕན་འདོགས་པ་གཞི་རྣམ་པ་དྲུག་བསྡུ་བའི་ཕྱིར་དང་། ཐེག་པ་ཆེན་པོའི་རྒྱུ་རྣམ་པ་བཞི་བསྡུ་བའི་ཕྱིར་དང་། ཐེག་པ་ཆེན་པོའི ་ལམ་དྲུག་བསྡུ་བའི་ཕྱིར་དང་། ཐེག་པ་ཆེན་པོའི་བསླབ་པ་གསུམ་བསྡུ་བའི་ཕྱིར་ཏེ། བརྟགས་ན་ཁོང་དུ་ཆུད་པར་འགྱུར་བས་ཞིབ་ཏུ་མ་བཤད་དོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པོ་གཞན་དག་གྲངས་བཞི་ཁོ་ནར་མཛད་པར་གདགས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞིའི་གྲངས་འཕེལ་འགྲིབ་མེད ་པར་བསྟན་པའོ།། དེ་བཞི་བྱ་བ་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་པོ་འདི་ལྟ་སྟེ། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་སོ།། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ ་གསུངས་པ་སྟེ། འདི་ནི་དང་པོ་གྲངས་བཞིའི་གཏན་ཚིགས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གྲོགསུ་གྱུར་པའི་ཕྱིར ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ། དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་བཞི་ལས་མི་མང་མི་ཉུང་བའི་ལན་མདོར་བསྟན་པ་དང་། ཕ་རོལ་ཏུ་ཕྱིན་པ་བཞིའི ་གྲངས་མི་མང་མི་ཉུང་བར་གྱུར་པའི་དོན་རྣམ་པར་ཕྱེ་སྟེ་བཤད་པའོ།། འདི་ལྟར་རྣམ་པ་དྲུག་པོ་དག་གི་གྲོགསུ་གྱུར་པའི་ཕྱིར་རྣམ་པ་བཞི་ཁོ་ན་སྟེ། མི་མང་མི་ཉུང་ངོ་།། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཕྱི་མ ་བཞི་ཁོ་ནར་གྱུར་པ་ཡང་སྔ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གྲོགསུ་གྱུར་ཅིང་ཡོངསུ་རྫོགས་པར་བྱེད་པས་མི་ཉུང་མི་མང་བའི་ཕྱིར། ཐབས་ལ་མཁས་པ་ནི་སྦྱིན་པ་ལ་སོགས་པ་གསུམ་གྱི་གྲོགསུ་གྱུར་པ་ཡིན་ནོ།། སྨོན་ལམ་ནི་བརྩོན ་འགྲུས་ཀྱི་གྲོགསུ་གྱུར་པ་ཡིནོ།། སྟོབས་ནི་བསམ་གཏན་གྱི་གྲོགསུ་གྱུར་པ་ཡིནོ།། ཡེ་ཤེས་ནི་ཤེས་རབ་ཀྱི་གྲོགསུ་གྱུར་པ་ཡིན་ཏེ་སོ་སོ་ནས་ཡོངསུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིནོ།། འདི་ལྟར་བྱང་ཆུབ་སེམས་དཔའ ་རྣམས་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱི་ཡོངསསུ་བསྡུས་པའི་སེམས་ཅན་གང་ཡིན་པ་བསྡུ་བའི་དངོས་པོར་ཟིན་པའི་ཐབས་ལ་མཁས་པས་དགེ་བའི་ཕྱོགས་ལ་འཇོག་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་ལ་གོ་རིམ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ ་བཞི་པོ་དག་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ཀྱིས་རྣམ་པ་བཞིར་དབྱེ་སྟེ། འདི་ནི་དང་པོ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱིས་གྲོགསུ་གྱུར་པར་བསྟན་པའོ།། རེ་རེ་ལ་ཡང ་རྣམ་པར་བཤད་པ་དང་མཇུག་བསྡུ་བ་བསྟན་ཏོ།། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། འདི་དང་པོ་ཐབས་རྣམ་པ་གསུམ་གྱི་གྲོགསུ་གྱུར་པ་ཉིད་རྣམ་པར་བཤད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམ ་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱི་ཡོངསུ་བསྡུས་པའི་སེམས་ཅན་གང་ཡིན་པ་དེ་དག་བསྡུ་བའི་དངོས་པོ་ཐབས་ལ་མཁས་པས་ཡོངསུ་བཟུང་ནས། དགེ་བའི་ཕྱོགས་ལ་འཇོག་པར་བྱེད་དོ།། བསྡུ་བའི་དངོས་པོ་དེ་ཡང་ཐེབས་རྣམ་པ་སྣ ་ཚོགས་ཀྱི་སྤྱིར་ཡོངསུ་བཟུང་བ་ལ་བྱའོ།། མཆི་མས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཀྱང་བསྡུ་བའི་དངོས་པོ་ཞེས་འབྱུང་གི་བཞི་ཞེས་པོ་ནི་མི་འབྱུང་ངོ་།། ཡང་ན་བསྡུ་བའི་དངོས་པོ་ཞེས་བྱ་བ ་ནི་བསྡུ་བའི་དངོས་པོ་བཞི་ཡིན་པའི་ཕྱིརརོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ནི་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་གྱི་ཡོངསུ་བསྡུས་པའི་སེམས་ཅན་གང་ཡིན་པ་བསྡུ་བའི་དངོས་པོ་བཞིས་དགེ་བ ་ལ་འཇོག་པར་བྱེད་ཅེས་འབྱུང་ངོ་།། དེའི་ཕྱིར་ངས་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་གསུམ་པོ་དག་གི་གྲོག་སུ་གྱུར་པ་ཡིན་པར་ཡོངསུ་བསྟན་ཏོ།། ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་བསྟན་ཏེ། བརྡ་འཕྲད ་པ་ཟད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ཆོས་ལ་ཉོན་མོངས་པ་མང་བའི་ཕྱིར། རྒྱུན་མི་འཆད་པར་བསྒོམ་མི་ནུས་པ་དང་། ལྷག་པའི་བསམ་པའི་སྟོབས་ཆུང་བའི་ཕྱིར་དང་། ཁམས་དང་མོས་པ་དམིན་པའི་ཕྱིར་སེམས་ནང ་དུ་འཇོག་མི་ནུས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། དམིགས་པ་དང་། ལེགས་པ་མ་བསྒོམ་པའི་ཕྱིར་བསམ་གཏན་གྱི་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་པར་མི་ནུས་པས་ཞེས་བྱ་བ་ལ་སོགས་པས་ནི ་གཉིས་པ་སྨོན་ལམ་ལ་བརྩོན་འགྲུས་ཀྱི་གྲོགསུ་གྱུར་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བ་སྟེ། འདི་ནི་དང་པོ་རྣམ་པར་བཤད་པའོ།། འདི་ཡིད་རྣམ་པ་གཉིས་ཏེ། སྨོན་ལམ་འདེབས་པའི་རྒྱུ ་བསྟན་པ་དང་། སྨོན་ལམ་བརྩོན་འགྲུས་ཀྱི་གྲོགསུ་གྱུར་པ་ཉིད་དུ་བསྟན་པའོ།། འདི་ནི་དང་པོ་སྨོན་ལམ་འདེབས་པའི་རྒྱུ་བསྟན་པ་སྟེ། མདོའི་ཚིག་འདི་ཡང་རྐྱེན་རྣམ་པ་གསུམ་དུ་དབྱེའོ།། དང་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི ་ཆོས་ལ་ཉོན་མོངས་པ་མང་བའི་ཕྱིར། རྒྱུན་མི་འཆད་པར་དགེ་བའི་ཕྱོགས་ཀྱི་ཆོས་སྒོམ་པར་མི་ནུས་པ་སྟེ། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི་ལུས་ཀྱི་མངོན་སུམོ་དུ་ཞེས་འབྱུང་ངོ་།། ། གཉིས་པ་ནི་ལྷག ་པའི་བསམ་པའི་སྟོབས་ཆུང་བའི་ཕྱིར་དང་། འདོད་པའི་ཁམས་ཀྱིས་རྣམ་པར་གཡེང་བའི་གནས་སྐབས་ཀྱི་མོས་པ་ཡིན་པའི་ཕྱིར་རྐྱེན་རྣམ་པ་འདི་གཉིས་ཀྱི་སེམས་ཀྱི་ནང་དུ་ཏིང་ངེ་འཛིན་ལ་འཇོག་པར་མི་ནུས་པ་སྟེ། ཐེག་པ་ཆེན་པོ་བསྡུས་པའི ་འབྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ནི་འབྲས་བུའི་འོག་མར་སྐྱེ་བ་སྨོན་པ་དང་། སེམས་དམན་པ་རྒྱུན་ཏུ་བསྒོམ་པ་དང་། སེམས་ནང་དུ་འཇོག་པར་མི་ནུས་ཞེས་འབྱུང་ངོ་།། གསུམ་དུ་ནི་ཐེག་པ་ཆེན་པོའི་བསྟན་པ་ཉན་པར་མི་ནུས་པ་དང་། བསམ ་གཏན་ལ་དམིགས་ཤིང་ལེགས་པར་བསྒོམ་པར་མི་ནུས་པའི་ཕྱིར་བསམ་གཏན་གྱི་འཇིག་རྟེན་ལས་འདས་པའི་ཤེས་རབ་མན་པར་བསྒྲུབ་མི་ནུས་པའོ།། གང་དུ་བསྟན་པའི་རྐྱེན་རྣམ་པ་གསུམ་གྱི་ཕྱིར། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ ་བསྐྱེད་པ་ཡིནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བསོད་ནམས་ཀྱི་ཚོགས་ཅུང་ཟད་ཡང་དག་པར་བླངས་ཏེ། ཕྱི་མ་ཉོན་མོངས་པ་ཡང་ཞིང་ཆུང་བ་ཉིད་དུ་སེམས་ཀྱི་ཡང་དག་པར་སྨོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྨོན་ལམ ་བརྩོན་འགྲུས་ཀྱི་གྲོགསུ་གྱུར་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། སྨོན་ལམ་འདེབས་པ་ཡང་དག་པར་བསྟན་པ་ཡང་། སྨོན་ལམ་བརྩོན་འགྲུས་ཀྱི་གྲོགསུ་གྱུར་པ་ཉིད་དུ་བསྟན་པ་སྟེ་འདི་ནི་དང་པོ་སྨོན་ལམ་འདེབས་པ་ཡང་དག་པར ་བསྟེན་པའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཅུང་ཟད་ཡང་དག་པར་བླངས་ནས་འདི་སྐད་དུ་སྨོན་ལམ་འདེབས་ཏེ། བསོད་ནམས་འདིའི་མཐུས་མ་འོངས་པ་ན་ཉོན་མོངས་པ་སྤངས་ཤིང ་ཆུང་བ་ཉིད་དུ་གྱུར་ཅིག་ཅེས་ཟེར་བའོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེས་བསྒྱུར་བ་ལས་ནི་དགེ་བའི་རྩ་བ་སྲབ་ཅིང་ཆུང་བ་ཞེས་འབྱུང་ངོ་།། དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྨོན་ལམ་དེ་ཉིད་ཀྱི ་ཕྱིར་ཉོན་མོངས་པ་ཡང་ཞིང་སྲབ་མོར་གྱུར་ནས་བརྩོན་འགྲུས་རྩོམ་ནུས་པར་འགྱུར་བས་ཞེས་བྱ་བས་ནི་གཉིས་པའི་སྨོན་ལམ་བརྩོན་འགྲུས་ཀྱི་གྲོགསུ་གྱུར་པ་ཉིད་དུ་བསྟན་པ་སྟེ། མདོ་འདི་ཉིད་ཀྱི་བརྡ་འཕྲད་པར་ཟད་དོ།། དེའི་སྨོན་ལམ་གྱི་ཕ་རོལ ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགསུ་གྱུར་པ་ཡིན་པར་ཡོངསུ་བསྟན་ཏོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་བུ་དམ་པ་ལ་ཡང་དག་པར་རྟེན་པ་དང་། ་དམ་པའི་ཆོས་མཉན་ནས་ཚུལ་བཞིན་ཡིད་ལ་བྱེད་པས་རྒྱུ་དང་རྐྱེན་བྱ་བའི་ཕྱིར་ལྷག་པའི་བསམ་པ་སྟོབས་ཆུང་བ་ཉིད་བཟློག་ནས་ལྷག་པའི་བསམ་པ་ཁྱད་པར་ཅན་དུ་གྱུར་པ་དང་། ཁམས་དང་མོས་པ་ལ་གྱ་ནོམ་པ་ཡང་ཐོབ་པར་གྱུར་པ་ཞེས ་བྱ་བ་ལ་སོགས་པ་ནི་གསུམ་པ་སྟོབས་བསམ་གཏན་གྱི་གྲོག་སུ་གྱུར་པ་བསྟན་པའོ།། འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏེ། འདི་ནི་རྣམ་པར་བཤད་པའོ།། འདི་ཡང་རྣམ་པ་གཉིས་ཏེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ ་བསྟན་པ་དང་། སྟོབས་བསམ་གཏན་གྱི་གྲོག་སུ་གྱུར་པ་ཉིད་བསྟན་པའོ།། འདི་ནི་དང་པོ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་རྒྱུ་དང་རྐྱེན་རྣམ་པ་གསུམ་གྱིས་ལྷག་པའི་བསམ་པ་དང་། མོས་པ ་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་བའོ།། དེ་ལ་རྒྱུ་དང་རྐྱེན་རྣམ་པ་གསུམ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཡང་དག་པའི་ཆོས་མཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ།། རྒྱུ་དང་རྐྱེན་རྣམ་པ་འདི་གསུམ་ལྷག་པའི་བསམ ་པའི་སྟོབས་ཆུང་བ་ལས་བཟློག་ནས་ལྷག་པའི་བསམ་པ་ཁྱད་པར་ཅན་དུ་གྱུར་བྱའི་ཁམས་དང་། མྱོས་པ་གྱ་ནོམ་པ་ཡང་ཐོབ་པར་འགྱུར་བས་ཆོས་གསུམ་པོ་འདི་ལ་སྟོབས་བྱ་བའོ།། འདི་ལྷག་པོའི་བསམ་པ་དང་། མོས་པ་ཞེས་བྱ་བ་ལ ་བྲག་ཅི་ཡོད་ཅེ་ན། སྨྲས་པ། མཚམས་རྣམ་པར་གྲོལ་བའི་མདོ་ལ་ས། སྟོབས་ཆུང་བ་ཉིད་བཟློག་པ་ལས་བལྟོས་པ་དང་སྟོབས་ཐོབ་པ་ལས་བལྟོས་པ་དང་། ཁམས་ཁྱད་པར་འཕགས་པས་ནང་དུ་སེམས་རྩེ་གཅིག་པ་ཉིད་ཅེས་གསུངས ་པ་དང་སྦྱར་ན། དེ་ལ་སྟོབས་ཆུང་བ་ལས་བཟློག་པ་ལས་བལྟོས་པ་ཞེས་བྱ་བ་ནི་ཁམས་དམན་པ་དང་། མོས་པ་ཞན་པ་གང་ཡིན་པའོ།། སྟོབས་ཐོབ་པ་ལ་བལྟོས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷག་པའི་བསམ་པ་ཁྱད་པར་ཐོབ་པ་གང ་ཡིན་པའོ།། ནང་དུ་སེམས་རྩེ་གཅིག་པ་ཉིད་ཅེས་བྱ་བ་ནི་བསམ་གཏན་ལ་བྱའོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སེམས་ཆུང་བ་དེ་ཉིད་བཟློག་ནས། དགེ་བའི་སྟོབས་འཕེལ་བ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དེ་ལ ་གནས་པ་ཞེས་འབྱུང་ངོ་།། མདོ་འདི་ལས་ལྷག་པའི་བསམ་པ་སྟོབས་ཆུང་བ་ཉིད་བཟློག་ནས་ཞེས་གསུངས་པ་ནི་དམན་པའི་བསམ་པ་སྤངས་ནས་ཁྱད་པར་དུ་འཕགས་པའི་བསམ་པ་ཐོབ་པར་འགྱུར་བའོ།། ཡང་ཐོབ་པར་འགྱུར་ཞེས་བྱ་བ་ནི ་ཁམས་དམན་པ་འབའ་ཞིག་མ་ཡིན་གྱི་ཁམས་གྱ་ནོམ་པ་ཡང་ཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང ་གི་ཚེས་བསྒྱུར་བ་ལས། སེམས་དམན་པའི་ལས་སྤངས་ནས་ཡུལ་གྱི་གྱ་ནོམ་པ་ལ་བརྒྱལ་བ་ཞེས་འབྱུང་བ་ལོ་ཅིང་དག་གིས་ནོར་ཏོ།། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྗེས་ལ་ཐོབ་པའི་ཤེས་པ་ཡིན་ན། ཅིའི་ཕྱིར་འདུན་པ་དང་། མོས་པའི ་ངོབོ་ཉིད་དུ་བསྟན་ཅེ་ན། མདོ་དགུ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་ཀྱང་། འདི་ནི་གྲོགས་བྱེད་པའི་དབང་དུ་མཛད་ནས་ངོ་བོ་ཉིད་བསྟན་པ་ཡིན་པའི་ཕྱིར་འདུན་པ་ལ་སོགས་པ་བསྟན་ཏོ།། དེ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱ་སྟེ། སྟོབས་དེ་ཉིད་ཀྱི་ཕྱིར་སེམས་ནང་དུ་འཇུག་ནུས་པས་ཞེས་བྱ་བས་ནི་གཉིས་པ་སྟོབས་བསམ་གཏན་གྱི་གྲོགསུ་གྱུར་པ་ཉིད་དུ་བསྟན་པའོ།། འདི་ལྟར་གོང་དུ་བསྟན་པ་ལྟ་བུའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དེ ་སྟོབས་དེ་ཉིད་ཀྱི་ཕྱིར་སེམས་ནང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་ནུས་པར་གྱུར་པའོ།། དེའི་ཕྱིར་ངས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་གྲོགསུ་གྱུར་པ་ཡིན་པར་ཡོང་སུ་བསྟན་ཏེ་ཞེས་བྱ་བ་ནི་གཉིས་པ ་མཇུག་བསྡུ་བ་སྟེ་མདོ་དེ་ཉིད་ཀྱི་བརྡ་འཕྲད་པར་ཟད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། དམིགས་པ་དང་། ལེགས་པར་བསྒོམ་པའི་ཕྱིར། བསམ་གཏན་མངོན་པར་བསྒྲུབ ་ནུས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་ཡེ་ཤེས་རང་གི་གྲོགས་བྱེད་པ་ཉིད་དུ་བསྟན་པའོ།། འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་པའོ།། རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་དང་། ཡེང་ཞེས་ཤེས་རབ་ཀྱི་གྲོགསུ་གྱུར་པ་ཉིད་དུ་བསྟན་པ་སྟེ་འདི་ནི་དང་པོའོ།། འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པར་ནུས་པ་ནི་ཐོས་པའི་ཤེས་རབ་བོ།། དམིགས་པར་ནུས་པ་ནི་བསམ་པའི་ཤེས ་རབ་བོ།། ལེགས་པར་བསྒོམས་པ་ནི་བསྒོམ་པའི་ཤེས་རབ་སྟེ། དེ་དག་གི་བསམ་གཏན་མངོན་པར་བསྒྲུབ་པར་ནུས་པར་གྱུར་པའོ།། ཡང་ན་ནང་གི་ཡིད་ལ་བྱེད་པས་བསམ་གཏན་བསྐྱེད་པ་བསམ་གཏན་གང་ཡིན་པ་དེ་ནི་བསྒོམས་པའི ་ཤེས་རབ་ཀྱིས་བསྡུས་པའོ།། རྒྱ་ཆེར་རྣམ་པར་འབྱེད་པ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་བསྟན་པ་བཞིན་ཏེ། འགྲེལ་པ་དེ་ལས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་ཚིག་འབྲུ་ལ་དམིགས་པ་ལས ་བྱུང་བའི་ཐོས་པ་དང་། ཕ་རོལ་པའི་གནས་ལྔ་ལ་དམིགས་པའི་ཤེས་པ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མདུན་རོལ་ན་ཡོད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཡོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཡེ་ཤེས་དེས་ཏིང་འཛིན་སྐྱེས་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ཤེས་རབ་རབ་ཏུ་འདྲེན་པར་བྱེད་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགསུ་གྱུར་པ་ཡིན་ནོ་ཞེས་འབྱུང་ངོ་།། དེ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས ་བྱ་སྟེ། ཡེ་ཤེས་ནི་དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་སྒྲུབ་པར་ནུས་པར་འགྱུར་བས་ཞེས་བྱ་བ་ནི་གཉིས་པ་ཡེ་ཤེས་ཤེས་རབ་ཀྱི་གྲོགས་ཡིན་པར་བསྟན་པ་སྟེ། མདོ་ཉིད་ཀྱི་བརྡ་འཕྲད་པར་ཟད་དོ།། ་དེའི་ཕྱིར་ངས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགསུ་གྱུར་པ་ཡིན་པར་ཡོངསུ་བསྟན་ཏེ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱི་བརྡ་འཕྲད་པར་ཟད་དོ།། མཚམས་རྣམ་པར་དགྲོལ་བའི་མདོ་ལས ་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཕལ་ཆེར་མདོ་དེ་ཉིད་ལས་གསུངས་པ་དང་མཐུན་པར་བཤད་དོ།། ཕ་རོལ་ཏུ་ཕྱིན་པ་བཞིའི་རྒྱ་ཆེར་རྣམ་པར་འབྱེད་པ་ནི་འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། ་བསྟན་བཅོས་ཡོང་སུ་འཛིན་པ་དང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །། བམ་པོ་ལྔ་བཅུ་དགུ་པ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམ་དེ་ལྟར་བསྟན་པར་མཛད་ལགས་ཞེས་འདི་མན་ཆད་ནི་དྲུག་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གོ་རིམ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ། ་འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གོ་རིམ་གཏན་ཚོགས་ཞུས་པའོ།། མདོར་བསྟན་པ་ཡིན་པས་ཕྱི་མ་བཞིའི་གོ་རིམ་ནི་མ་བསྟན་ཏོ།། ཡང་ན་སྔར་གོང་དུ་བསྟན་པ ་ཉིད་ཀྱིས་དོན་བསྟན་ཟིན་པའི་ཕྱིར་ཡང་མ་གསུང་སོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕྱི་མའི་རབ་ཏུ་འདྲེན་པའི་སྟེན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས ་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ལན་མདོར་གསུངས་པ་དང་། གཞུང་བཞིན་རྒྱ་ཆེར་རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ།། འདི་ནི་དང་པོ་དེ་བཞིན་གཤེགས་པས ་ལན་མདོར་གསུངས་པ་སྟེ། ངས་རབ་ཏུ་འདྲེན་པར་བྱེད་པ་ལ་དགོངས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་གོ་རིམ་དེ་ལྟར་བསྟན་ཏེ། ཕྱི་མ་ཕྱི་མའི་དོན་གྱི་དོན་ཉིད་དུ་གྱུར་པའི་ཕྱིརརོ་ཞེས་པའི་ཐ་ཚིག་གོ།། དེ་ལྟར་བྱང་ཆུབ་སེམས་དཔའ ་རྣམས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ།། ཚུལ་ཁྲིམས་ཡང་དག་པར་བསྲུངས་ན་བཟོད་པ་བསྒོམ་པར་བྱེད་དོ།། བཟོད་པ་བསྒོམ་ནས་བརྩོན་འགྲུས་བརྩོམ་པར་འགྱུར་རོ།། བརྩོན་འགྲུས་བརྩམས་ནས་བསམ ་གཏན་སྒྲུབ་པར་འགྱུརརོ།། བསམ་གཏན་དང་ལྡན་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པར་འགྱུ་རོ་ཞེས་བྱ་བ་ནི་གཉིས་པ་གཞུང་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྔ་ཕྱིར་གོ་རིམ་རྒྱ་ཆེར་བཤད་པའོ།། འདི་ནི་བསྟན་བཅོས་མདོ་སྡེའི ་རྒྱན་ལས་རབ་ཏུ་འདྲེན་པའི་གོ་རིམ་ཞེས་བསྟན་པ་ཉིད་དེ་དེའི་ཕྱིར་བསྟན་བཅོས་དེ་ལས་སྔ་མ་ལ་ཕྱི་མ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའོ།། དེ་ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན ་ཏོ།། ཚུལ་ཁྲིམས་དང་ལྡན་པས་བཟོད་པ་བསྐྱེད་དོ།། བཟོད་པ་བསྐྱེད་ནས་བརྩོན་འགྲུས་བརྩམས་པས་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ།། ཏིང་ངེ་འཛིན་བསྐྱེད་ནས་དེ་ཁོ་ན་ཉིད་ཀྱི་ཆོས་རབ་ཏུ་ཤེས་པར་འགྱུརརོ་ཞེས་བཤད་དོ།། གཞན ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དོག་གི་གོ་རིམ་བསྟན་ཅེ་ན་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་སྔ་མོ་རྣམས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་འབྱུང་བ་དང་རྗེ་སུ་མཐུན་པའི་ཕྱིར་རོ་ཞེས་འབྱུང་ངོ་།། སློབ་དཔོན་ངོ་བོ ་ཉིད་མེད་ཀྱི་འགྲེལ་པ་ལས་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་འབྱུང་བ་དང་རྗེ་སུ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་ལོངས་སྤྱོད་ལ་མ་ཆགས་ན་ཚུལ་ཁྲིམས་སྲུང་ནུས་སོ།། ཚུལ་ཁྲིམས་དང་ལྡན་ན་བཟོད་དོ།། བཟོད་ན་གཉེན་པོ་ལ་མི་བརྗེད་དོ།། གཉེན་པོ་ལ་མི ་བརྗེད་པས་བརྩོན་འགྲུས་རྩོམ་མོ།། བརྩོན་འགྲུས་བརྩམས་ན་སེམས་མཉམ་པར་འཇོག་གོ།། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར། རྣམ་པ་དྲུག་པོ་དག་གི་གོ་རཱིམ་དེ་ལྟར་བསྟན་ཏོ་ཞེས་འབྱུང་ངོ་།། ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ནི་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་ལ་དགོངས་ནས་གོ་རིམ་དེ་ལྟར་བསྟན་པ་ཡིནོ་ཞེས་འབྱུང་ངོ་།། དེའི་ཕྱིར་ངས་གོ་རིམ་དེ་ལྟར་བསྟན་ཏོ་ཞེས ་བྱ་བ་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་གོ་རིམ་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ནས་ནི་དོན་རྣམ་པ་གཅིག་གིས་གོ་རིམ་བསྟན་པ་ཡོད་དེ་མདོ་དེ་ཉིད་དང་། ་མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་ཐེག་པ་ཆེན་པོ་བསྡུ་བའི་འགྲེལ་པ་རྣམ་པ་གཉིས་ལས་རབ་ཏུ་འདྲེན་པ་ལས་སྔ་ཕྱིར་བསྟན་པ་ལྟ་བུའོ།། ་ཁ་ཅིག་ལས་ནི་དོན་རྣམ་པ་གཉིས་ཀྱི་སྟོན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སྦྱང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ། དང་པོ་ནི་བ་ཏུ་འདྲེན་པའི་གོ་རིམ་མོ་ཞེས་འབྱུང་སྟེ། མདོ་འདི་ལ་གསུངས་པ་དང ་མཐུན་ནོ།། གཉིས་པ་ནི་རྣམ་པར་དག་པ་ཡོང་སུ་འཛིན་པའི་ཕྱིར་གོ་རིམས་ཏེ། ཕ་རོལ་ཏུ་ཕྱིན་པ་སྔ་མ་སྔ་མ་རྣམས་ཕ་རོལ་ཏུ་ཕྱིན་པོ་ཕྱི་མས་རྣམ་པར་དག་པར་བྱེད་པའི་ཕྱིརོ་ཞེས་བསྟན་པ་ལྟ་བུའོ།། ཁ་ཅིག་ལས་དོན་རྣམ་པ་གསུམ་གྱིས་སྟོན ་པ་ཡདང་ཡོད་དེ། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ཡོངསུ་འཛིན་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་གཉེན་པོའི་ཕྱིར་དང་། འབྱུང་པོའི་ཕྱིར་དང་། འབྲས་བུ་ཐོབ་པའི་ཕྱིརོ་ཞེས་བསྟན ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། གཞན་ཡང་དོན་རྣམ་པ་གསུམ་གྱིས་བསྟན་པ་ཡང་ཡོད་དེ། ཆོས་མངོན་པ་སྣ་ཚོགས་སུན་ལས་བཏུས་པ་ལས་ཇི་སྐད་དུ། རབ་ཏུ་ཆེན་པ་དང་རྣམ་པར་དག་དྲུང་རྣམ་པར་དག་པ་ཡོངས ་འཛིན་པ་དང་། རགས་པ་དང་། པྲ་བ་ཞེས་བསྟན་པ་ལྟ་བུ་སྟེ། རབ་ཏུ་འདྲེན་པ་དང་རྣམ་པར་དག་པ་ནི་སྔ་མ་བཞི་ནོ།། དེ་ལ་རགས་པ་དང་ཕྲ་བཾ་ཞེས་བྱ་བའི་སྤྱོད་པ་རྣམས་ཀྱི་ནིང་ན་སྦྱིན་པ་ནི་མཆོག་ཏུ་རགས་པའི་ཕྱིར་ཐོག་མར་རྣམ་པ ་བཞག་གོ།། བཟོད་པ་ལ་སོགས་པའི་སྤྱོད་བས་ཚུལ་ཁྲིམས་རགས་པའི་ཕྱིར་དེའི་འོག་ཏུ་རྣམ་པར་བཞག་གོ།། དེ་བཞིན་དུ་ཤེས་རབ་ལས་བསམ་གཏན་རགས་པའི་བར་དུ་ཕྱེ་སྟེ། ཤེས་རབ་ནི་ཐམས་ཅད་པས་ཕྲ་བའི ་ཕྱིར་ཐ་མར་རྣམ་པར་བཞག་གོ་ཞེས་འབྱུང་ངོ་།། བསྟན་བཅོས་མདོ་སྡེའི་རྒྱན་ལས་ཀྱང་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། དང་པོ་སྔ་མས་ཕྱི་མ་འདྲེན་པར་བྱེད་པ་ནི་སྔར་བཤད་པ་དང་འདྲའོ།། གཉིས་པ་ནི་རབ་དང་འབྲིང་དང་། ཐ་མ་སྟེ་སྔ་མ་ནི་ཐ ་མ་ཡིན་ལ། ཕྱི་མ་ནི་རབ་ཡིནོ།། གསུམ་པ་ནི་རགས་པ་དང་ཕྲ་བ་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་དང་མཐུན་ཏེ། དེའི་ཕྱིར་དེ་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། ཐ་མ་ལ་ནི་རབ་ཀྱི ་གནས།། རགས་པ་དང་ནི་ཕྲ་བའི་ཕྱིར།། ཕ་རོལ་ཕྱིན་དྲུགུ་གོ་རིམ་བསྟན།། མི་འཁྲུངས་པ་ལ་རྒྱུ་གསུམ་ཡོད་ཅེས་འབྱུང་བ་ཡིནོ།། ཁ་ཅིག་ལས་ནི་དོན་རྣམ་པ་བཞི་བསྟན་པ་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པས་ཇི ་སྐད་དུ་རབ་ཏུ་འདྲེན་པ་དང་། རྣམ་པར་དག་པ་ཡོངསུ་འཛིན་པ་དང་། རིགས་པ་དང་། ཕྲ་བ་དང་། བསླ་བ་དང་དཀའ་བའོ།། ཡང་ན་སླ་བ་དང་། དཀའ་བས་གོང་མའི་རགས་པ་དང་། ཕྲ་བ་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གོ། ་རིམ་ནི་འདི་ལྟ་སྟེ། སྔ་མ་སྔ་མས། ཕྱི་མ་ཕྱི་མ་རབ་ཏུ་འདྲེན་པ་དང་། ཕྱི་མ་ཕྱི་མས་སྔ་མ་སྔ་མ་རྣམ་པར་དག་པར་བྱེད་པ་དང་། སྔ་མ་སྔ་མ་ནི་རགས་པ་ཡིན་ལ། ཕྱི་མི་ཕྱི་མ་ནི་ཕྲ་བ་ཡིན་པ་དང་། བསྒོམ་པར་སླ་བ་དང་། དཀའ་བས་གོ་རིམ ་དེ་ལྟར་བསྟན་ཏོ་ཞེས་འབྱུང་བ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་རེ་རེ་ལ་ཡང་རྣམ་པ་རབ་ཏུ་དབྱེ་བ་དུ་མཆིས་ལ་ཌ ་ཞེས་བྱ་བ་འདི་མན་ཆད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་རབ་ཏུ་དབྱེ་བ་ཞུས་པའོ།། བཅོམ་ལྡན་འདས ་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། ། ་འདི་ཡང་རྣམ་པ་གཉིས་ཏེ། རྣམ་པ་དྲུག་བཅོ་བརྒྱད་དུ་གྱུར་པར་མདོར་བསྟན་པ་དང་། གོ་རིམ་བཞིན་དུ་རྣམ་པ་དྲུག་པོ་རེ་ར་ལ་ཡང་རྣམ་པ་གསུམ་གསུམ་ཡོད་པ་སྟོན་ཏེ། འདི་ནི་དང་པོ་འདི་དག་གི་རབ་ཏུ་རྣམ་པར་དབྱེ་བ་ཡང་བསྟན་པ ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་མདོ་འདི་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཕ ་རོལ་ཏུ་ཕྱིན་པ་དྲུག་པོ་སྔ་མ་ལས་བརྩམས་ནས། རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་དུ་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དོ།། རྣལ་འབྱོར་སྤྱོད་པའི་ས་ལཾས། བྱང་ཆུབ་སེམས་དཔའི་ས་དང་། སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད ་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྗང་གི་ཚེ་བསྒྱུར་བ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་རྣམ་པ་དྲུག་པོ་དག་ལ་རེ་རེ་ཡང་རྣམ་པ ་གསུམ་དུ་ཡང་དབྱེ་ལ། རྣམ་པར་བཤད་པ་ཡང་མཛད་དོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བརྩམས་ནས་ཕ་རོལ་ཕྱིན་པ་ལྔ་མ་དྲུག་ལ་ནི་རེ་རེ་ལ་ཡང་རྣམ་པ་གསུམ་དུ་དབྱེའོ།། ཕ་རོལ་ཏུ་ཕྱིན་པ ་ཕྱི་མ་བཞི་ལ་ནི་རེ་རེ་ལ་ཡང་རྣམ་པ་གཉིསུ་འབྱེད་ཀྱི་རྣམ་པར་བཤད་པ་ནི་མེད་དོ།། བཞི་པོ་དག་ལ་གཉིས་གཉིསུ་འབྱེད་པ་ཡང་ཐབས་རྣམ་པ་གཉིས་ནི་ཡོངསུ་བསྔོ་བ་ལ་མཁས་པའི་ཐབས་དང་ཡོངསུ་བསྐྱབ་པའི་ཐབསོ།། སྨོན་ལམ་ཡང ་རྣམ་པ་གཉིས་ཏེ། བྱང་ཆུབ་ཡོངསུ་ཚོལ་བའི་སྨོན་ལམ་དང་། གཞན་ལ་ཕན་འདོགས་པའི་སྨོན་ལམ་མོ།། སྟོབས་ཀྱང་རྣམ་པ་གཉིས་ཏེ། རབ་ཏུ་འབྱེད་པའི་སྟོབས་དང་། བསྒོམ་པའི་སྟོབསོ།། ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། ཆོས་ཀྱི་བདེན ་པ་ལ་ལོངས་སྤྱོད་པའི་ཡེ་ཤེས་དང་། སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་ཡེ་ཤེས་སོ་ཞེས་བཤད་དོ།། འདི་ནི་མདོ་ལས་གསུངས་པོ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་སྔ་མ་དྲུག་བསྟན་ཏེ། དེ་ལ་བྱེ་བྲག་ཅི་ཡོད་པ་ནི་མདོའི་ཐད་ཀར་བབ་པ་ན ་བཤད་པར་བྱའོ།། སྦྱིན་པ་རྣམ་པ་གསུམ་ནི་ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པ་དང་། མི་འཇིགས་པ་སྦྱིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པ་དྲུག་པོ་དག་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་ཡོད་པར ་སྟོན་ཏོ།། འདི་ཡང་རྣམ་པ་དྲུག་བསྟན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སྦྱིན་པ་རྣམ་པ་གསུམ་བསྟན་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། མཚན་ཉིད་རྣམ་པ་དགུས་སྦྱིན་པ་རྣམ་པ་གསུམ་སྟོན་ཏེ། དེ་ཉིད་ལས་ཟང་ཟིང་སྦྱིན་པ ་ནི་འདི་ལྟ་སྟེ། སེར་སྣའི་དྲི་མ་དང་། གསོག་འཇོག་གི་དྲི་མ་བསལོ་ནས་བཟང་པོ་དང་། གཙང་བ་དང་། རུང་བ་སྦྱིན་པར་བྱེད་པ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞི་ནོ།། མི་འཇིགས་པའི་སྦྱིན་པ་ནི་འདི་ལྟ་སྟེ། སེང་གེ་དང་། སྟག་དང་། ཆུ་སྲིན་དང་། རྒྱལ་པོ་དང་། ་ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངསུ་སྐྱོབ་པ་ཡིན་པར་རིག་པར་བྱའོ།། ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང་། རིག་པར་སྟོན་པ་དང་། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བྱང་ཆུབ་སེམས ་དཔའི་སྦྱིན་པ་རྣམ་པ་དགུ་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཟང་ཟིང་དང་། ཆོས་དང་། མ་འཇིགས་པའི་སྦྱིན་པ་ཞེས་བྱའོ་ཞེས་བཤད་དོ།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་ཆོས་དང་། ཟང་ཟིང་དང་མི་འཇིགས ་པ་གསུམ་ནི་གོ་རིམ་བཞིན་དུ་གཞན་གྱི་དགེ་བའི་རྩ་བ་དང་། ལུས་དང་སེམས་ལ་ཕན་འདོགས་པས་རྒྱུ་དང་རྐྱེན་དེའི་ཕྱིར་རྣམ་པ་གསུམ་དུ་བསྟན་ཏོ་ཞེས་འབྱུང་ངོ་།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས་ནི་རྣམ་གྲངས་གཉིས་ཀྱིས ་སྟོན་ཏེ། དང་པོ་ན་རྣལ་འབྱེར་སྤྱོད་པའི་ས་ལས་བསྟན་པ་དང་རྗེསུ་མཐུན་ནོ།། གཉིས་པ་ནི་སློབ་དཔོ་ནི་ཕྱུག་གཉེན་རྒྱས་བསྟན་པ་དང་མཐུན་ཅེས་རའི་ཛིད་མ་བརྗོད་དོ།། བསུན་ཆེ་ཙོས་ཆོས་མངོན་པ་སྣ་ཚོགས་སུན་ལས་པ ་ལས་ནི་སྟོན་པ་རྣམ་པ་བཅོ་བརྒྱད་ཀྱིས་དྲུག་པོ་དག་གི་རྣམ་པ་གསུམ་སྟོན་ཏེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ནི་གོ་རིམ་བཞིན་དུ་ལུས་དང་། སེམས་དང་། དགེ་བའི་རྩ་བ་ཡོངསུ་རྟོགས་པར་བྱའོ་ཞེས་སློབ་དཔོན ་དབྱིག་གཉེན་གྱིས་ལུས་དང་། སེམས་ལ་སོགས་པ་ལ་ཕན་འདོགས་པ་ཞེས་བསྟན་པ་དང་མཐུན་པར་བཤད་དོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས། རྣམ་གྲངས་གཉིས་ཀྱིས་བསྟན་ཏེ། ཆོས་ཀྱི་སྦྱིན་པ་ནི ་གཞན་གྱི་སེམས་ལ་ཕན་འདོགསོ།། ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་ལུས་ལ་ཕན་འདོག་སོ།། མི་འཇིགས་པའི་སྦྱིན་པ་ནི་ལུས་དང་སེམས་ལ་ཕན་འདོགསོ།། གཞན་ལ་ཕན་འདོགས་པ་སྦྱིན་པ་ནི་ཉེས་པར་སྤྱོད་པ་ནི་ཉེས་པར་སྤྱོད་པ་དག་དགེ ་བ་ལ་ཕྱོགས་པར་བྱེད་དོ།། མི་འཇིགས་པའི་སྦྱིན་པས་ནི་དེ་དག་འཁོར་བསྡུད་པར་བྱེད་དོ།། ཆོས་ཀྱི་སྦྱིན་པས་ནི་དགེ་བའི་རྩ་བ་དང་། རྣམ་པར་གྲོལ་བ་དེ་དག་ཡོངསུ་སྨིན་པར་བྱེད།། དོན་དེ་དག་དང་ལྡན་པའི་ཕྱིར་སྦྱིན་པ་ལ་རྣམ་པ་གསུམ ་བཤད་དོ་ཞེས་འབྱུང་ངོ་།། ཚུལ་ཁྲིམས་རྣམ་པ་གསུམ་ནི་མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་དང་། དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམསོ་ཞེས་བྱ་བ་ནི་གཉིས་པ་ཚུལ་ཁྲིམས ་རྣམ་པ་གསུམ་བསྟན་པའོ།། མིང་ཅུང་ཟད་མི་མཐུན་པ་ཡང་དོན་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་དང་མཐུནོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཚུལ་ཁྲིམས་རྣམ་པ་གསུམ་ནི་འདི་ལྟ ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམ་སོ་ཞེས་འབྱུང་།། དུ་སྔན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན ་པའི་ཚུལ་ཁྲིམས་རྣམ་པར་གཞག་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིས་བདུན་པོ་དག་གི་སོ་སོ་ཐར་པའི་སྡོམ་པ་ཡང་དག་པའི་བླངས་པ་གང་ཡིན་པའོ།། དགེ་བའི་ཆོས ་བསྡུད་པའི་མུག་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླང་བའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར། ལུས་དང་ངག་གིས་དགེ་བ་བསྲེགས་པ་གང་ཅི་ཡང་རུང་བ་དེ་དག་ཐཾད་ནི་མདོར་བསྡུམ ་པའི་ཆོས་བསྡུད་པའི་ཚུལ་ཁྲིམས་ཞེས་བྱའོ།། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་ཕན་འདོགས་པ་གང་ཡིན་པ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ ་དབེན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་དང་པོ་ནི་རྟེན་དུ་གྱུར་པ་ཡིན་ཏེ། ཚུལ་ཁྲིམས་གཞན་རྣ། གཉིས་རྣམ་པར་བཞག་པའི་ཕྱིར། དེའི་དབང་གིས་སངས་རྒྱམ་མས་ཅད ་སྒྲུབས་ནས་བྱང་ཆུབ་ལ་འདྲུབ་པ་ཐོབ་པར་བྱེད་པ་དང་། གཞན་ཡང་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་རྣམ་པར་འཇོག་པས་སོ་ཞེས་བཤད་དོ།། སོབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། སོ་ཁྲི ་འདི་ལྟ་སྟེ། མི་དགེ་བ་ལས་སྡོམ་པ་ཡང་དག་པར་བླངས་ཤིང་འདིས་ལུས་དང་ངག་ལ་སོགས་པའི་ལས་རྣམས་བསྡོམ་པའི་ཕྱིར། སྡོམ་པ་ཞེས་བྱ་སྟེ། དེ་ཉིད་ཚུལ་ཁྲིམས་ཡིན་པས་གཉིས་ཀྱི་རྟེན་ཏོ་ཞེས་འབྱུང་སྟེ། ་འགྲེལ་པ་དེ་ལ་སོགས་པ་ཞེས་སྨོས་པས་ནི་ཡིད་ཀྱི་བསམ་པའི་ཚུལ་ཁྲིམས་བཟུང་ངོ་།། ཚུལ་ཁྲིམས་ཕྱི་མ་གཉིས་ཀྱིས་བཤད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བ་ལས་བསྟན་པ་དང་མཐུ་ནོ།། གཞན་ཡང་འགྲེལ་པ་དེ ་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་འདི་དག་ནི་མི་འཇིགས་པ་བཞིའི་རྒྱུའོ།། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་པོ་དེ་ནི་སྤངས་པའི་ཡོན་ཏན་ནོ།། ཚུལ་ཁྲིམས་གཉིས་པ་ནི་ཡ་ཤེས་ཀྱི་ཡོན་ཏན་ནོ།། ཚུལ་ཁྲིམས་གསུམ་པ་ནི་དྲིན་གྱི ་ཡོན་ཏན་ནོ།། མི་འཇིགས་པ་བཞི་ཡོན་ཏན་འདི་གསུམ་ལས་གུས་ན་མེད་པའི་ཕྱིར། མི་འཇིགས་པ་བཞིའི་རྒྱུར་བསྟན་ཞེས་འབྱུང་ངོ་།། ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་པ་ལས་སྡོམ་པ་དང་། དགེ་བ་སྡུད་པ་དང་། སེཾན་ལ་ཕན་འདོག ་པའི་ཚུལ་ཁྲིམས་ནི་གོ་རིམས་བཞིན་དུ་དགེ་བྱང་ཆུབ་དང་། སྙིང་རྗེ་གསུམ་གྱིས་ཡོངསུ་བཟུང་བ་ཡི་ནོ་ཞེས་བཤད་དོ།། བཟོད་པ་རྣམ་པ་གསུམ་ནི། གནོད་པ་ལ་མི་མཇེད་པའི་བཟོད་པ་དང་། སྡུག་བསྔལ་ལ་དྲི་མི་སྙམ་པའི་བཟོད་པ་དང་། ་ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ་ཞེས་བྱ་བས་ནི་གསུམ་པ་བཟོད་པ་རྣམ་པ་གསུམ་བསྟན་ཏོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་བཟོད་པའི་ལེའུ་ལས་བཟོད་པ་ནི་རྣམ་པ་གསུམ་ཡོད་དེ། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི ་བཟོད་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞན་ལ་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་མི་བཟོད་པ་རྒྱུན་མི་འཆད་པ་སྣ་མས་ཡུན་རིང་བ་མངོན་དུ་འབྱུང་བ་ན་འདི་ལྟར་ཡང་དག་པར་སློབ་པར་བྱེད་དེ། འདི་ནི་རང་གི་ལ ་ལེ་ལན་ཡིན་ཏེ། དེས་ན་བདག་རང་གི་བྱས་པའི་མི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་འདི་འདྲ་བ་ཉམ་སུ་མྱོང་ངོ་ཞེས་བྱ་བ་ལ་གས་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞི་ནོ།། གཞན་ཡང་དེ་ཉིད་ལས་དེ་ལ་བྱང་ཆུབ་སེམས ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ཡང་དག་པར་སློབ་སྟེ། བདག་སྔོན་འདོད་པ་སྤྱོད་པ་དག་ལ་གནས་ཤིང་འདོད་པ་རྣམས་ཡོངསུ་འཚོལ་བ་ན། སྡུག་བསྔལ་ཀྱི་རྒྱུད་མི ་ཆེར་བཞིན་དུ་འདོད་པ་སྦྲུལ་གྱི་རང་བཞིན་ཅན་རྣམས་ཀྱི་ཕྱིར་ཞིང་ལས་དང་། ཚོང་དང་རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལ་ཞུགས་ནས་སྡུག་བསྔལ་མབ་པ་མི་བཟོད་པ་དག་ཉམ་སུ་བླངས་ཤིང་། དང་དུ་བླངས་པ་ལ་ཉམ་སུ་མྱོང་བ་དེ ་དོན་མེད་དེ། སྡུག་བསྔལ་ཁོ་ནའི་ཕྱིར་ཚོར་བ་བཞིན་དུ་མི་ཤེས་པའི་ཉེས་པས་བདག་གི་སྡུག་བསྔལ་ཆེན་པོ་ཉམ་སུ་བླངས། ད་ནི་བདག་བདེ་བ་སྒྲུབ་པའི་དགེ་བླ་ལ་ཞུགས་པ་ཚོར་བ་བཞིན་དུ། དེ་ལས་བྱེ་བྲག་འབུམ་ལགྱུར་སྡུག ་བསྔལ་དང་དུ་བླངས་ཤིང་ཉམ་སུ་བླངས་པ་ནི་ཆ་ཡིན་ན། བེབས་ཆུང་ངུ་ལྟ་ཅི་སྨོས་སྙམ་སྟེ། བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་ཞུགས་པ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་ཅིང་། གཞི་བདེ་བྱུང་བའི་སྡུག་བསྔལ་དང་པར་བྱེ་འི ་དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཡང་དག་པར་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པ་ཤིན་ཏུ་བརྟན་པའི་བློས་མོས་པའི ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། སློབ་དཔོན་དབྱིག་གཉེན་གྱིས་མཇེད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་གྱིས་གནོད་པ ་བྱས་པ་ལ་བཟོད་པའོ།། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ནི་སྡུག་བསྔལ་མང་པོ་ཉམ་སུ་མྱོང་བ་ཡང་དག་པར་བཟོད་པའོ།། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཆོས་རྣམས་ལ་ངེས་པར་སོ་སོར་རྟོག་པར་ནུས་པའོ་ཞེས་བཤད་དེ། ་ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། དེ་ལྔ་གནོད་པ་བྱེད་པ་ལ་དྲི་མི་སྙམ་པའི་བཟོད་པ་ནི་སེམས་ཅན་ཡོངསུ་སྨིན་པར་བྱ་བ་ལས་མི་ལྡོག་པའི་རྒྱུའོ།། གཉིས་པ་ནི་སངས་རྒྱས ་ཉིད་ལས་མི་ལྡོག་པའི་རྒྱུ་སྟེ། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱིས་མི་ལྡོག་པའི་ཕྱིརརོ།། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི། བཟོད་པ་སྔ་མ་གཉིས་ཀྱི་རྟེན་ཏེ། ཟབ་པ་དང་། ་རྒྱ་ཆེ་བའི་ཆོས་ལ་བཟོད་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ཀྱང་། ཕལ་ཆེར་དེ་དང་མཐུན་པར་སྟོན་ཏོ།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་། ཆོས་མངོན་པ ་སྣ་ཚོགས་ཀུན་ལས་བསྡུས་པ་ལས་ཀྱང་། བཟོད་པ་གསུམ་གྱི་མིང་ནི་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། གོ་རིམ་བཞིན་དུ་སེམས་ཅན་མི་སྤོང་བ་དང་། དམན་པའི་སེམས་སྤངས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ་གསུམ་གྱི་ཡོངསུ་བཟུང་བ་ཡིན་པར་རབ་ཏུ་སྟོན་ཏོ།། བརྩོན་འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་འགྲུས་དང་། དགེ་བའི་ཆོས་སྡུད་པའི་སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུསོ་ཞེས་བྱ་བ་ནི་བཞི ་པ་བརྩོན་འགྲུས་རྣམ་པ་གསུམ་བསྟན་པའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་ཡི་མ་རྒྱ་ཆེ་བའི་བརྩོན་འགྲུས་དང་། དགེ་བའི་ཐབས་ཀྱི་བརྩོན་འགྲུས་དང་། སེམས་ཅན་ལ་ཕན་འདོགས་པའི་བརྩོན་འགྲུས་ཞེས་འབྱུང་ངོ་།། ། ་དགོངས་པ་ཟབ་མོ་རྣམ་པར་དགྲོ་བའི་མདོ་ལས་ནི་སེམས་སྐྱེད་པའི་བརྩོན་འགྲུས་དང་། དགེ་བའི་ཆོས་བསྒོམ་པའི་བརྩོན་འགྲུས་དང་། སེམས་ཅན་ལ་ཕན་འདོགས་པའི་བརྩོན་འགྲུས་སོ་ཞེས་འབྱུང་ངོ་།། བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་སྔའི་ནང་ནས། བརྩོན་འགྲུས་ཀྱི་ལེའུ་ལས་བརྩོན་འགྲུས་ནི་རྣམ་པ་གསུམ་ཡོད་དེ། གོ་ཆའི་བརྩོན་འགྲུས་ནི་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་བརྩོན་འགྲུས་བརྩོམ་པ་ལ་སྦྱོར་བའི་དངོས་པོ་ལ་ནས་སེམས་མངོན ་པོར་སྤྲོ་བའི་སྔོན་དུ་འགྲོ་བའི་གོ་ཆ་འདི་ལྟར་གྱོན་པར་བྱེད་དེ། བདག་ནི་གལ་ཏེ་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་ཡང་ཉིན་མཚན་བསྐལ་པ་ཆེན་པོ་དང་མཉམ་པ་དག་གིས་འགྲོ་གཞན་དུ་མི་གནས་པས ་སེམས་ཅན་དམྱལ་བ་ཁོ་ནར་གནས་པས་དུས་ཇི་སྲིད་གཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དེ་ཉིད ་བྱེ་བྲག་འབུམ་འགྱུར་གྱིས་སྲིད་ཀྱིས། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལྟ་ན་ཡང་དག་སྤྲོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་མི་བརྩོན་པར་ཡང་མི ་བྱེད་ལ། བརྩོན་འགྲུས་ལ་ཞུགས་པ་ཡང་དོར་བར་མི་བྱེད་ན། དུས་ཀྱི་ཡུན་ཆེས་ཐུང་བ་དང་། སྡུག་བསྔལ་ཆེས་ཆུང་བས་ལྟ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་གོ་ཆའི་བརྩོན་འགྲུས་ཞེས་བྱའོ་ཞེས་བྱ་བ་ལ་སོགས ་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་དེ་བཞིན་ནོ།། གཞན་ཡང་དེ་ཉིད་ལས། དེ་ལ་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བར་བྱེད་ཅིང་། ཡང་དག་པར ་གྲུབ་པར་བྱེད་པའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། གཞན་ཡང་དེ་ཉིད་ལས་སེམས་ཅན་དོན་བྱ་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་རྣམ་པ་བཅུ་གཅིག་ཏུ ་རིག་པར་བྱའོ་ཞེས་འབྱུང་ངོ་།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་མདོ་ལས་གསུངས་པའི་ཚིག་ལྔ་པོ་དག་མདོར་སྡུ་ན་རྣམ་པ་གསུམ་དུ་བསྟན་ཏེ། འདི་ལྟ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས ་དང་མི་ཞུམ་ཞིང་མི་འཁྲུགས་ལ་ཆོག་པར་མི་འཛིན་པའི་བརྩོན་འགྲུསོ་ཞེས་འཆད་དོ།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་བརྩོན་འགྲུས་གསུམ་པོ་དག་གི་ངོ་བོ་ཐ་དད་པས་མདོ་ལས་མཐུ་དང་ལྡན་པ་དང་། ་བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་དང་ལྡན་པ་དང་། བརྩོན་པ་མི་གཏོང་བ་ཞེས་གསུངས་ཏེ། མདོ་དེ་ཉིད་ལས་ཚིག་ལྔ་གསུངས་པ་ཡིན་པ་དེ་ནི་འདིར་བརྩོན་འགྲུས་གསུམ་པོ་དག་གི་ངོ་བོ་ཉིད་དུ་བསྡུའོ་ཞེས ་བཤད་དེ།། འདི་ཉིད་ཀྱི་འགྲེལ་པ་ལས་ཆོ་ག་དགོས་པའི་ཕྱིར་ཐོག་མ་ཁོ་ནར་མཐུ་དང་ལྡན་པའོ།། ཇི་ལྟ་བ་བཞིན་དུ་སྤྱོད་པའི་ཕྱིར་བརྩོན་འགྲུས་དང་ལྡན་པའོ།། ཞུམ་པ་མེད་པ་དང་། ལྡོག་པ་མེད་པ་དང་། ཆོག་པ་མེད་པའི་ཕྱིར་གོ་རིམ ་བཞིན་དུ་སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་དང་། བརྩོན་པ་མི་གཏོང་བ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་བསྟན་པའོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སྐྱོབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་དང་། ལྗང་གི་ཚེ ་བསྒྱུར་བ་ལས་ཀྱང་སྒྲིབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་བསྟན་པ་དང་མཐུན་པར་བཤད་དེ་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ།། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་གོ་ཆ་དང་། སྦྱོར་བ ་དང་། ཕན་འདོགས་པ་ནི་གོ་རིམ་བཞིན་དུ་གཞན་དགེ་བའི་རྩ་བ་དང་། སྦྱོར་བའི་དགེ་བའི་རྩ་བ་དང་། ཡོངསུ་རྫོགས་པའི་དགེ་བའི་རྩ་བ་རྣམ་པ་གསུམ་ཡོངསུ་འཛིན་པའོ་ཞེས་བཤད་དོ།། བསམ་གཏན་རྣམ་པ་གསུམ་པ་ནི་རྣམ ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཉོན་མོངས་པ་དང་། སྡུག་བསྔལ་གྱི་གཉེན་པོར་གྱུར་པ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་མངོན་པར་གྲུབ་པའི་བསམ་གཏན་དང་། ་སེམས་ཅན་གྱི་དོན་མངོན་པར་གྲུབ་པའི་བསམ་གཏན་ནོ་ཞེས་བྱ་བ་ནི་སྔ་མ་བསམ་གཏན་རྣམ་པ་གསུམ་བསྟན་པའོ།། ལེའུ་དང་པོ་ལས་ཚིག་བཞི་ཡོད་ཀྱང་དེ་དག་གི་མཚན་ཉིད་ཁོང་དུ་ཆུད་པར་དཀའ་བས། དེའི་ཕྱིར་མདོ་སྡེ་དང ་བསྟན་བཅོས་རྣམས་ལ་བརྟེན་ནས་ཚིག་བཞི་པོ་དེ་དག་བཤད་པར་བྱའོ།། དེ་ལ་དང་པོ་རྣམ་པར་མི་རྟོག་ཅིང་ཞི་ལ་ཞི་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་དང་། གནས་ངན་ལེན་ཐ~ཾད་དང་བྲལ་བའི་ཕྱིར་རྣམ་པར ་མི་རྟོག་ཅིང་ཞི་བ་ཞེས་བྱ་སྟེ། དེའི་ཕྱིར་མཚམས་རྣམ་པར་གྲོལ་བའི་མདོ་ལས་ཡང་དག་པ་མ་ཡིན་པ་དང་བྲལ་བའི་ཞི་བ་ཞེས་གསུངས་པ་དང་། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པར་རྟོག་པ ་ཐམས་ཅད་སྤངས་པའི་ཕྱིར། ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེད་པར་བྱེད་དོ་ཞེས་བསྟན་པ་ཡིནོ།། གཉིས་པ་རབ་ཏུ་ཞི་བ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྲིད་པའི་རོ་མྱོང་བ་རྣམས་ཡོང་སུ་སྤངས ་པས་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཞེས་བཤད་དོ།། གསུམ་པ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་བྱས་པའི་འགྲེལ་བ་ལས། ང་རྒྱལ་དང་། ལྟ་བ་དང་། སྲེད་པ་དང་བྲལ་ནས་རྣམ་པར་དག་པ ་ཐོབ་པའི་ཕྱི་རོ་ཞེས་བཤད་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཁ་ན་མ་ཐོ་བ་མེད་པའི་ཡུལ་དྲུག་དང་། ཉེ་བའི་ཉོན་མོངས་པའི་ཡོངསུ་སྤངས་པའོ་ཞེས་བཤད་དོ།། བཞི་པ་ཉོན་མོངས་པ་དང་། སྡུག་བསྔལ་གྱི་གཉེན་པོར་གྱུར ་པ་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཉོན་མོངས་པ་དང་། སྡུག་བསྔལ་གཉེན་པོར་གྱུར་ཅིང་མངོན་པར་ཤེས་པ་ལ་དབང་ཐོབ་པས། མཐོང་བའི་ཆོས་ལ་བདེ་བར་གནས་སོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྷུང་གི་ཚེ་བསྒྱུར་བ ་བ་ལས་ནི་ཏིང་འཛིན་འདིས་ཀུན་ནས་ཉོན་མོངས་པ་རྣམ་པར་སྤངས་པའི་ཕྱིར། ཚེ་འདི་ལ་བདེ་བར་གནས་པ་ཐོབ་བོ་ཞེས་བཤད་དོ།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། འདིའི་དབང་གིས་མཐོང་བའི་ཆོས་ལ་བདེ་བར ་གནས་པའོ་ཞེས་བཤད་དེ། གཞན་རྣམ་པ་གཉིས་ནི་མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་བསམ་གཏན་གྱི་ལེའུ་ལས། བསམ་གཏན་ནི་རྣམ་པ་གསུམ་ཡོད་དེ། ཚེ་འདི་ལ་བདེ་བར ་གནས་པའི་བསམ་གཏན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་རྣམ་པར་རྟོག་པ་ཐད་དང་བྲལ་བ། ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པ་དང་། མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱོང་བ ་མེད་པ་མཚན་མ་ཐད་དང་བྲལ་བ་གང་ཡིན་པ་དེ་ནི། དེ་དག་གི་ཚེ་འདི་ལ་བར་བར་གནས་པའི་བསམ་གཏན་པ་ཡིན་པར་རིག་པར་བྱའོ།། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་འཛིན་གྱི་སྟོན་མངོན་པར་བསྒྲུབ་པའི་བསམ་གཏན་ནི ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་སྟོབས་བཅུའི་རིགས་ཀྱི་བསྡུས་པའི་ཏིང་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ནིང་ཚད་མེད་པར་སྒྲུབ་པར་བྱེད་པ་གང་ཡིན་པ་དང་། ཏིང་འཛིན་གང ་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་པའི་ཕྱིརརོ།། སེན་གྱི་དོན་བྱ་བའི་བསམ་གཏན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ ་རྣམས་བསམ་གཏན་ལ་བརྟེན་ནས་སེམས་ཅན་གྱི་བྱ་བ་དང་ལྡན་པ་དག་ལ་གྲོགསུ་འགྲོ་བ་དང་། སེན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། རིགས་པ་སྟོན་པ་དང་། བྱིས་པ་གཟོ་ཞིང་བྱས་པ་ཚོར་ཏེ་ཕན་འདོགས་པ་རྣམས་ལ ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལས་བྱུང་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབས་པ་དང་། ཡང་དག་པའི་འཁོར་ལེགས་པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་སྟོན་རྣམས ་ཀྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པར་བྱེད་པ་དང་། བདུན་པར་བྱེད་པའོ་ཞེས་འབྱུང་སྟེ། ཞིག་ཏུ་དེ་ཉིད་ལས་བསྟན་པ་བཞི་ནོ།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ ་ལས་བདེ་བར་གནས་པའི་བསམ་གཏན་ཞེས་བྱ་བ་འདི་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་དོ།། མངོན་པར་བསྒྲུབ་པའི་བསམ་གཏན་ཞེས་བྱ་བ་འདི་ནི་མངོན་པར་ཤེས་པ་དྲུག་མངོན་པར་སྒྲུབ་པར་བྱེད།། བྱ་བ་སྒྲུབ་པའི ་བསམ་གཏན་ཞེས་བྱ་བ་འདི་ནི་སེམས་ཅན་ལ་ཕན་འདོགས་པའི་བྱ་བ་དག་མངོན་པར་སྒྲུབ་པར་བྱེད་ཞེས་བཤད་དོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། གནས་པའི་བསམ་གཏན་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི ་ཕྱིར་ཏེ། ང་རྒྱལ་དང་། ལྟ་བ་དང་། སྲེད་པ་ལ་སོགས་པ་སྤངས་ནས་རྣམ་པར་དག་པ་ཐོབ་པའི་ཕྱིརརོ།། མངོན་པར་སྒྲུབ་པའི་བསམ་གཏན་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་ཁྱད་པར་དུ་འཕགས་པ་མངོན་པར་བསྒྲུབ་པའི ་ཕྱིར་རོ།། བྱ་བ་སྒྲུབ་པའི་བསམ་གཏན་ནི་སེན་རྣམས་ལ་ཕན་འདོགས་པའི་ཕྱིར་མུ་གེ་དང་ནད་ཀྱི་འཇིགས་པ་ལ་སོགས་པ་ཞི་བར་བྱེད་པའི་ཕྱི་རོ་ཞེས་འབྱུང་།། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང་། སེམས་ཅན་ལ་ཕན་འདོགས་པ་ནི་གོ་རིམ་བཞིན་དུ་ཡོངསུ་འཛིན་པ་གསུམ་པོ་ཡོངསུ་ངལྟ་བ་མེད་པ་དང་། བསམ་པ་རྣམས་ཡོངསུ ་རྫོགས་པ་དང་། འཁོར་འདུལ་བའི་ལས་དང་སྦྱར་རོ་ཞེས་བཤད་དོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ཀྱང་། ཕལ་ཆེར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་བསྟན་པ་དང་མཐུན ་པར་བཤད་དོ།། མངས་ཀྱི་དོགས་ནས་འདིར་མ་བརྗོད་དོ།། བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་རྣམ་པར་རྟོག་པ་དང་བཅས་པ་ལ་སོགས་པ་རྣམ་པ་གསུམ་དུ་བསྟན་ཏོ།། ཤེས་རབ་རྣམ་པ་གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དསྟིན་བའི་གླེ ་དོན་དམ་པའི་བདེན་པ་ལ་དམིགས་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་པོ་ཞེས་བྱ་བ་ནི་དྲུག་པ་ཤེས་རབ་རྣམ་པ་གསུམ་བསྟན་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ་ཤེས་རབ་རྣམ་པ་གཉིས་སོ་ཞེས་བཤད་དོ།། དང་པོ་ཤེས་རབ་གསུམ་ནི་ཞེས་བྱ་བ་ལ་དེ་ཁོ་ན་ཉིད་དུ་ཁོང་དུ་ཆུད་ཅིང་རྟོག་པར་བྱ་བའི་ཤེས་རབ་རིག་པའི་གནས་ལྔ་པོ་རྣམས་དང་། ཚེགས་གསུམ་ལ་མཁས་པའི་ཤེས་རབ་དང་། སེཾན་ཐང ་ལ་ཕན་འདོགས་པའི་ཤེས་རབ་བོ་ཞེས་འབྱུང་སྟེ། དང་པོ་ནི་དེ་ཁོ་ན་ཉིད་ལ་དམིགས་པའོ།། བར་མ་ནི་རང་གི་དོན་ལ་དམིགས་པའོ།། ཐ་མ་ནི་ཀུན་རྫོབ་ལ་དམིགས་ཤིང་གཞན་ལ་ཕན་འདོགས་པའོ།། དེ་ལ་རིག་པའི་གནས་ལྔ་ནི་ནང ་གི་རིག་པ་ལ་སོགས་ཏེ་ལྔ་པོ་དག་གོ།། ཚོགས་གསུམ་ནི་དོན་དང་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་། དོན་དང་མི་ལྡན་པའི་ཆོས་རྣམས་ཀྱི་ཚོགས་དང་། དོན་དང་ལྡན་པ་ཡང་མ་ཡིན། དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་རྣམས་ཀྱི ་ཚོགས་སོ།། དེ་ལ་ཤེས་རབ་ཀྱི་ཕྱི་མ་གསུམ་ནི་ཆོས་བདག་མེད་པ་ཟབ་མོ་ཤེས་པའི་ཤེས་རབ་བོ།། སེམས་ཅན་རྣམས་འདུལ་བའི་ཐབས་ཤེས་པའི་ཤེས་རབ་དང་། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པ་ཤེས་པའི་ཤེས་རབ་པོ་ཞེས་འབྱུང་སྟེ། ་དང་པོ་ནི་ཆོས་སྟོང་པ་ཉིད་ཤེས་པའོ།། བར་མ་ནི་གང་ཟག་སྟོང་པ་ཉིད་དུ་ཤེས་པའོ།། ཐ་མ་ནི་སྟོང་པ་ཉིད་གཉིས་མངོན་དུ་བྱས་པའི་ཤེས་པའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་སེཾན་སྟོང་པ་དང་། ཆོས་སྟོང་པ་དང་། ་གཅིག་རྡོ་ཤཱ་ཤེས་སུ་བཤད་དོ།། བསྟན་བརྒྱས་ཟློག་པ་ཆེན་པོ་བསྡུས་པ་ལས་ན་སྨྱོ་ཤེས་པ་དང་། སུ་བ་ཤེས་པ་ནས་ཤ་།། བསྤྱན་ཙམམདུན་ཅད་མེད་པ་གསམྱ་བསྟན་པ་ལས། རྣས་པར་མ་རྟག་པ ་ཤེས་རབ་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་བསྒོམ་པ་མདུན་རོལ་གྱི་ཐབས་ཁྱད་པར་དུ་འཕགས་པའི་ཤེས་རབ་བོ།། རྣམ་པར་མི་རྟོག་པའི་ཤེས་རབ་ནི་འདི་ལྟ་སྟེ། དེ་ཁོ་ན་ཉིད་དུ་བསྒོམ་པའི་ཤེས་རབ་བོ།། རྣམ་པར་མི་རྟོག་པ་ཕྱིས་ཐོབ་པའི་ཤེས་རབ ་ནིའདི་ལྟ་སྟེ། མངོན་པར་རྟོག་པའི་མཐའ་ཀུན་རྫོབ་རྣམ་ཤེས་པ་ཆོས་སྟོན་པ་ལ་སོགས་པ་དངོས་པོ་སྣ་ཚོགས་སྟོན་པ་ཡིནོ་ཞེས་འབྱུང་།། བསྟན་བཅེས་མངོན་པ་ཀུན་ལས་བཏུས་པ་ལས་ནི་ཀུན་རྫོབ་ལ་དམིགས་པ་དང་། སེམས་ཅན་ལ ་དམིགས་པའི་ཤེས་རབ་དག་ནི་རིམ་བཞིན་དུ་སྣ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པ་དང་། སངས་རྒྱས་ཀྱི་མཛད་པའི་བསྒྲུབ་པའི་སྟོན་པ་གསུམ་དང་སྦྱར་རོ་ཞེས་བཤད་དོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ ་ཡང་རབ་ཏུ་དབྱེ་བ་རྣམ་པ་གསུམ་ཡོད་པ་རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་དང་། རྣམ་པར་བཤད་པ་ལས་འབྱུང་སྟེ། མངས་ཀྱི་དོགས་ནས་མ་བརྗོད་དོ།། དེ་ཕྱིར ་བསྟན་པ་རྣམས་ལས་དེ་ལྟར་ཐ་དད་པར་གྱུར་ཅེ་ན་དོན་གྱི་རྣམ་པ་གཅིག་ཁོ་ན་མ་ཡིན་ཏེ། སོ་སོ་ས་དོན་རེ་རེ་སྨོས་པའི་ཕྱིར། ཕན་ཚུན་ལོ་གལ་བ་མེད་དོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་ངོ་བོ་ཉིད་ཀྱི་བྱེ་བྲག་མདོ་ཙམ་དུ་བསྟན་པ ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་ཟ་བོ་ཉིད་ཀྱང་། སྦྱིན་པ་ནི་མ་ཆགས་པ་དང་དེས་བསྐྱེད་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ།། ཚུལ་ཁྲིམས་ནི་བྱང ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ།། བཟོད་པ་ནི་ཞེ་སྡང་མེད་པ་དང་། བརྩོན་འགྲུས་དང་། ངེས་པའི་ཤེས་རབ་དང་། དེ་དག་གིས་བསྐྱེད་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ།། བརྩོན ་འགྲུས་ནི་རྩོལ་བ་དང་། དེ་ལ་བསྐྱེད་པའི་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ།། བསམ་གཏན་ནི་ཏིངངེ་འཛིན་གྱི་ངོ་བོ་ཉིད་དོ།། ཕྱི་མ་ལྔ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ།། དེའི་རྩ་བ་དང་། ཕྱིས་ཐོབ་པའི་ཡེ་ཤེས་ཞེས་འབྱུང་། ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་བྱུང་བ་བཞིན་དུ་རིག་པར་བྱའོ།། །། བམ་པོ་དྲུག་བཅུ་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བརྒྱད་པ་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པ་བསྟན་པའི་སྒོ་ཞེས་བྱ་བ ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏོ།། དེ་ནི་དང་པོ་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ལགས་ཞེས་ཞུ་བའོ།། སྤྱི་དང་བྱེ་བྲག་གི་མིང་ནི་གོང་དུ་བསྟན་པ་བཞིན་ཏེ། འདི་ནི་རྒྱུ་དང་རྐྱེན་གང་གི་ཕྱིར་དང ་དོན་གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་པར་འགྱུར་ཅེས་བྱ་བའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་དང་རྐྱེན་རྣམ་པ་ལྔའི་ཕྱིར་ཏེ་ཞེས་བྱ་བ་ལ་སོག ་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པར་དབྱེ་སྟེ། གྲངས་མདོར་སྨོས་པ་དང་། གྲངས་བཀོད་པ་དང་། གོ་རིམ་བཞིན་དུ་རྣམ་པར་དབྱེ་སྟེ། བཤད་པ་དང་། རྒོལ་བའི་རྟེན་དུ་བཟླས་ཏེ ་བཤད་པའོ།། འདི་ནི་དང་པོ་གྲངས་མདོར་སྨོས་པ་སྟེ། རྒྱུ་རྣམ་པ་ལྔའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་རྣམ་པ་ལྔ་ཞེས་འབྱུང་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ ་ལས་ནི་དོན་རྣམ་པ་ལྔ་ཞེས་འབྱུང་།། ཆགས་པ་མེད་པ་ཉིད་ཀྱི་ཕྱིར་དང་། མི་ལྟ་བ་ཉིད་ཀྱི་ཕྱིར་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་དང་། ཡང་དག་པར་ཡོང་སུ་བསྔོ་བ་ཉིད་ཀྱི་ཕྱི་རོ་ཞེས་བྱ་བ་གཉིས་པ ་གྲངས་བཞིན་དུ་མིང་བཀོད་པའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་ཐོག་མ་མེད་པ་དང་། ཉེས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། ཡོངསསུ་བསྔོ་བའོ་ཞེས་འབྱུང་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མ ་ཆགས་པ་དང་། རེ་བ་མེད་པ་དང་། ཉེས་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། རྣམ་པར་རྟག་པ་མེད་པ་དང་། ཡོངསུ་བསྔོ་བའོ་ཞེས་འབྱུང་ངོ་།། བསྟན་བཅོས་རྣམ་པར་བཤད་པ་ལས་ནི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད ་པ་ནི་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དེ་ཉིད་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ལྔ་དང་ལྡན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། མངོན་པར་ཞེན་པ་མེད་པའི་ཕྱིར་གཏོང་བ་དང་། མི་ལྟ་བའི་ཕྱིར་གཏོང་བ་དང་། སྐྱོན་མེད ་བའི་ཕྱིར་གཏོང་བ་དང་། རྣམ་པར་མི་རྟོག་པའི་ཕྱིར་གཏོང་བ་དང་། ཡོངསུ་བསྔོ་བའི་ཕྱིར་གཏོང་བའོ།། སྦྱིན་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་དེ་བཞིན་དུ་རིག་པར་བྱའོ་ཞེས་འབྱུང་།། དེ་ལ་ཆགས་པ་མེད་པ་ཉིད་ནི་འདི་ལྟ་སྟེ། ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ལ་མངོན་པར་ཞེན་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རོམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་པའོ།། འདི་ཡང་རྐྱེན་རྣམ་པ་ལྔ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི ་དང་པོ་ཆགས་པ་མེད་པའི་མཚན་ཉིད་བསྟན་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པའི་སྒྲིབ་པ་གང་ཡིན་པ་དེ་ནི་མི་མཐུན་པའི་དངོས་པོ་ཞེས་བྱ་སྟེ། མི་མཐུན་པའི་དངོས་པོ་དེ་དག་ལ་མངོན་པར་ཞེན་པ་མེད་པའི་ཕྱིརརོ།། སྒྲིབ་པ་དྲུག་རྒྱ་ཆེར ་བཤད་པ་ནི་འོག་ནས་མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས ་གི་སྦྱིན་པ་ནི་མདོར་བསྡུ་ན་སྟོན་ལྔ་དང་ལྡན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གྲངསུ་འགྲོ་སྟེ། ལྔ་གང་ཞེ་ན། ཆགས་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་མི་རྟོག་པ་ཉིད་དང་། ཡོངསུ་བསྔོ་བ་ཉིད ་ཀྱིས་སོ།། སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་ཆགས་པ་མེད་པ་ཉིད་ནི་སྦྱིན་པ་ལ་སོགས་པའི་གནས་གྱུར་པའི་ཆོས་རྣམ་པ་ཐང་ལ་ཆགས་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་།། མཚམས ་རྣམ་པར་གྲོལ་བའི་མདོ་ལས་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཆགས་པ་མེད་པ་ཉིད་ནི་འདི་ལྟ་སྟེ། ཕ་རོལ ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ལ་མངོན་པར་ཞེན་པ་གང་ཡིན་པའོ་ཞེས་འབྱུང་།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས། ཆགས་པ་མེད་ཅིང་རྣམ་པར་དག་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དང ་མི་མཐུན་པའི་ཆོས་མི་སྐྱེའོ་ཞེས་བཤད་དོ།། དེ་ལ་མི་ལྟ་བ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ལན་དུ་ཕན་འདོགས་པ་ལ་སེམས་འགྲེལ་པ་མེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་མི་ལྟ་བ ་གཉིས་ཀྱི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་འབྲས་བུ་དང་། ལན་དུ་ཕན་འདོགས་པ་ལ་མི་རེ་བར་སྦྱིན་པ་ལ་སོགས་པ་གཏོང་བ་གང་ཡིན་པ་དེ་ནི་མི་ལྟ་བ་ཉིད་ཅེས་བྱའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་འབྲས་བུ། ་ནི་འོག་ནས་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། དེ་ལ་མི་ལྟ་བ་ཉིད་ནི་འདི་ལྟ་སྟེ། བང་ཟིང་དང་། དེའི་འབྲས་བུ་ལ་སེམས་འབྲེལ་བ་མེད་པ་ཉིད་གང་ཡིན་པའོ་ཞེས་འབྱུང་སྟེ། དེ་ལ་ཟང ་ཟིང་ལ་སེམས་འབྲེལ་པ་མེད་པ་ཞེས་བྱ་བ་ནི་མདོ་ལས་ལན་དུ་ཕན་འདོགས་པ་ལ་སེམས་འབྲེལ་པ་མེད་པ་ཞེས་གསུངས་པའོ།། མཚམས་རྣམ་པར་དགྲོལ་བའི་མདོ་ལས། མི་ལྟ་བ་ཉིད་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན ་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། དེ་ལྟར་གྱི་རྙེད་པ་ལ་སེམས་འབྲེལ་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། མི་རེ་བ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ ་རྣམ་པར་སྨིན་པ་དང་། ལོངས་སྤྱོད་པ་དང་། ལན་དུ་ཕན་འདོགས་པ་ལ་སེམས་ཀྱི་ཚོལ་བ་མེད་པ་གང་ཡིན་པའོ་ཞེས་འབྱུང་།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། མི་ལྟ་བ་རྣམ་པར་དག་པ་ནི་འདི་ལྟ་སྟེ། རང ་གི་ལུས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། ལན་དུ་ཕན་འདོགས་པ་ལ་སེམས་ཀྱི་རྟག་ཏུ་མི་ལྟ་བ་གང་ཡིན་པའོ་ཞེས་འབྱུང་།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས ་ནི་རང་གི་ལུས་དང་། ལན་དུ་ཕན་འདོགས་པ་དང་། རྣམ་པར་སྨིན་པ་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། སྦྱིན་པ་གཉིས་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་སྦྱིན ་པའི་ལེའུ་ལས་ལན་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་སེམས་དང་། སྙིང་བརྩེ་བ་དང་ལྡན་པ་ནི་སྦྱིན་པ་སྦྱིན་པ་ན་ཕ་རོལ་ནས་ཕན་འདོག་སུ་རེ་བ་མེད་དེ། སྐྱེ་བ་བདེ་བ་དང་། སྲེད་པའི་མེས་ཚིག་པ་དང་། ་སུ་མེད་པ་དང་། རང་བཞིན་གྱི་སྡུག་བསྔལ་དག་མཐོང་བའི་ཕྱིར། སྦྱིན་པ་གཏོང་བའོ།། རྣམ་པར་སྨིན་པ་ལ་མི་ལྟ་བའི་སྦྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱིན་ནས་ཕྱི་མ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འམ། ལུས་ཕུན་སུམ ་ཚོགས་པར་འགྱུར་བར་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་རེ་བ་མེད་དེ། འདུ་བྱེད་ཐམས་ཅད་ནི་སྙིང་པོ་མེད་པར་ལྟ་ལ། བྱང་ཆུབ་མཆོག་ལ་ཕན་ཡོན་དུ་ལྟ་བའི་ཕྱིར་སྦྱིན་པ་གཏོང་ངོ་ཞེས་འབྱོང་སྟེ། འདི་དག་གི་མཚན་ཉིད་རྒྱ་ཆེར་བཤད ་པ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་དཔོན་ཡོན་ཏན་བྱིན་གྱིས་མཛད་པ་བཞིན་དུ་རིག་པར་བྱའོ།། དེ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་འདི་ལྟ་སྟེ། ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཀུན་ནས་ཉོན་མོངས་པའི་ཆོས་དང་མ་འདྲེས་ཤིང་། ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་སྤངས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་བསྟན་ཏོ།། དེ་ལ་ཁ་ན་མ་ཐོ་བ་ནི་རྣམ་པ ་གཉིས་ཏེ། དང་པོ་ནི་ཀུན་ནས་ཉོན་མོངས་པའི་ཆོས་འདྲེས་པ་སྟེ། འོག་ནས་མདོ་ལས་སྙིང་རྗེ་མེད་པོའི་སྦྱོར་བ་ལ་སོགས་པ་སྒྲོན་རྣམ་པ་བཞི་བསྟན་པ་ལྟ་བུའོ།། གཉིས་པ་ནི་ཐབས་མ་ཡིན་པའི་སྤྱོད་པ་སྟེ། འོག་ནས་མདོ་ལས་ཟང་ཟིང་གི ་ཕན་འདོགས་པ་ཞེས་བྱ་བ་ལ་སོགས་པ་ཞིབ་ཏུ་ཇི་སྐད་བསྟན་པ་ལྟ་བུའོ།། རྣམ་པ་འདི་གཉིས་སྤངས་ནས་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི། ཁ་ན་མ་ཐོ་བ་མེད་པ་ཞེས་བྱའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་ཁ་ན ་ཐོ་བ་མེད་པ་ཉིད་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པའི་རྣམ་པ་ཐམས་ཅད་རྣམ་པར་སྤངས་པ་གང་ཡིན་པའོ་ཞེས་འབྱུང་སྟེ། དེ་ལ་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་བསྟན ་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ཉིད་ལས་ཇི་སྐད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉེ་བའི་ཉོན་མོངས་པ་ནང་དང་ཕྱི་རོལ་ལས་བརྟེན་པ་རྣམ་པ་བཅུ་ཡོད་དེ། དེ་དག་གི་གཉེན་པོར་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པའི་རྣམ་པར་དག་པོ་བཅུ་བསྟན་པའི་རྣམ་པ་གཅིག་ལས་འཕྲོས་པའི་རིག་བཞོན་དུ་རིག་པར་བྱའོ།། དེ་ལ་ཕྱི་རོལ་ལས་བརྟེན་པའི་ཉེ་བའི་ཉོན་མོངས་པ་ནི་རྣམ་པ་ལྔ་སྟེ། ཡོང་སུ་ཉོན་མོངས་པ་ཉིད་དང་སྤོང་བ་ཉིད་དང་། བྱམས་པས ་ཞེན་པ་མེད་པ་ཉིད་དང་། ཡིད་ལ་བསམ་པས་ཡོངསུ་མ་རྫོགས་པ་ཉིད་དང་། ཡོངསུ་མ་སྨོན་པ་ཉིད་དོ།། ནང་ལ་བརྟེན་པའི་ཉེ་བའི་ཉོན་མོངས་པ་ཡང་རྣམ་པ་ལྔ་སྟེ། ངེས་པར་འབྱིན་པ་མ་ཡིན་པ་ཉིད་དང་། ཀུན་ནས་ཉོན་མོང ་པ་ཅན་ཉིད་དང་། སྟོབས་དང་མི་ལྡན་པ་ཉིད་དང་། ཕྱོགསསུ་ལྷུང་བ་དང་བཅས་པ་ཉིད་དང་། ཟད་པའི་ཆོས་ཉིད་དོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བ་དང་། མཚམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་། མདོ་འོདི་ཉིད ་ལས་གསུངས་པ་དང་མཐུ་ནོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་གསུམ་པ་ཁ་ན་མ་ཐོ་བ་མེད་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པའི་ཆོས་དང་འདྲེས་པ་དང་། ་ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་སྤངས་པ་གང་ཡིན་པའོ་ཞེས་འབྱུང་།། དེ་ལ་རྣམ་པར་རྟོག་པ་ཉིད་ཀྱི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ཀྱི་རང་གི་མཚན་ཉིད་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་མེད་པ་གང་ཡིན་པའོ་ཞེས་བྱ་བ་ནི ་བཞི་པ་རྣམ་པར་རྟོག་པ་མེད་པའི་མཚན་ཉིད་བསྟན་ཏོ།། འདི་ལྟར་སྒྲ་ཇི་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དག་གི་མཚན་ཉིད་རབ་ཏུ་འཛིན་པ་དང་བྲལ་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། བསྟན་བཅོས་རྣ ་འབྱོར་སྤྱོད་པའི་ས་ལས། དེ་ལ་རྣམ་པར་རྟོག་པ་མེད་པ་ཉིད་ནི་འདི་ལྟ་སྟེ། སྦྱིན་པ་ལ་སོགས་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ལྟ་བ་གང་ཡིན་པའོ་ཞེས་འབྱུང་སྟེ། ཡུང་ན་རྣམ་པར་རྟོག་པ་མེད་པ་ཉིད་ཅེས་བྱ་བ་ནི་འཁོར་གསུམ ་ཡོངསུ་དག་པའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་འཁོར་གསུམ་ཀས་ཡོང་སུ་དག་པ་རྒྱ་ཆེར་རྣམ་པར་བཤད་པ་ལས་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པོ་ལྗང་གི་ཚེ་བསྒྱུར་བ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། མཚམས་རྣམ ་པར་གྲོལ་བའི་མདོ་ལས། རྣམ་པར་རྟོག་པ་མེད་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲ་ཇི་བཞིན་དུ་རང་གི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པའོ་ཞེས་གང་ཡིན་པའོ།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས ་ཀྱང་རྣམ་པར་མི་རྟོག་པ་ནི་ཕ་རོལ་ཏུ་ཕྱིན་པ་ལས་སྒྲ་ཇི་བཞིན་དུ་རང་གི་མཚན་ཉིད་དུ་མངོན་པར་ཞེན་པ་མེད་པའོ་ཞེས་འབྱུང་ངོ་།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས། བཞི་པ་རྣམ་པར་རྟོག་པ་མེད ་པས་རྣམ་པར་དག་པ་ནི་འདི་ལྟ་སྟེ། སྒྲ་ཇི་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དུ་འཛིན་པ་རྣམ་པར་སྤངས་པའོ་ཞེས་འབྱུང་།། དེ་ལ་ཡང་དག་པར་ཡོངསུ་བསྔོ་བ་ཉིད་ནི་འདི་ལྟ་སྟེ། དེ་ལྟར་བྱས་ཤིང ་བསགས་པའི་ཕ་རོལ་ཏུ་ཕྱིན་པ་དག་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུར་སྨོན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལྔ་པ་ཡང་དག་པར་ཡོངསུ་བསྔོ་བའི་མཚན་ཉིད་བསྟན་པའོ།། དེ་ལ་དང་པོར་བྱས་པ་གང་ཡིན་པ་དེ་ནི ་བྱས་པ་ཞེས་བྱའོ།། འཕེལ་བར་གྱུར་པའི་དུས་གང་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཡོངསུ་བསྔོ་བ་ཉིད་ནི་སྦྱིན་པ་ལ་སོགས་པ་ཐ~ཾད་ཀྱི་འབྲས་བུ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཐོབ་པར་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཞེས་འབྱུང་།། ཡོངསུ་བསྔོ་བ་རྒྱ་ཆེར་བཤད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་དང་། སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་ཡོངསུ་བསྔོ་བའི་ལེའུ ་ལས་བསྟན་པ་བཞིན་ནོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས། ཡོངསུ་བསྔོ་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་བྱས་ནས་འཕེལ་བར་འགྱུར་བ་དག་བྱང་ཆུབ་ཆེན་པོའི་འབྲས་བུ་གཉེར་བ་གང་ཡིན་པའོ་ཞེས ་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཀྱང་ཡོངསུ་བསྔོ་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དག་བྱས་ཤིང་། བསགས་པ་དག་ལས་ཀྱང་བྱང་ཆུབ་ཆེན་པོའི་འབྲས་བུར་སྨོན་པ་གང་ཡིན་པའོ་ཞེས་འབྱུང་ངོ་།། ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལུང་གི་ཚེ་བསྒྱུར་བ་ལས་ཀྱང་། ལྔ་པ་ཡོང་སུ་བསྔོ་བ་རྣམ་པར་དག་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དགུ་སྐྱེས་ནང་འཕྲུལ་བར་འགྱུར་རམ། མ་སྐྱེས་ཤིང་འཕེལ་བར་མ་གྱུར་པ ་ཡང་རུང་སྟེ། རྟག་པར་བྱང་ཆུབ་ཐོབ་པར་སྨོན་པ་གང་ཡིན་པའོ་ཞེས་འབྱུང་།། མཚན་ཉིད་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་སློབ་དཔོན་ཡང་དག་འདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྷུང་གོ་ཚེ་བསྒྱུར་བའི་བརྗེད་བྱེད་བྱས་པ ་ལས་བསྟན་པ་བཞིན་དུ་བསྟན་པར་བྱའོ།། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ལས་མཚན་ཉིད་རྣམ་པ་བཞིས་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་བྱ་ཡོད་དོ།། ་བསྟན་བཅོས་མདོ་སྡེའི་རྒྱན་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་མཚན་ཉིད་བཞི་པ་ནི་ཡོད་པར་བསྟན་པ་ལྟ་བུ་སྟེ། དང་པོ་ནི་སྒྲིབ་པའི་གཉེན་པོར་གྱུར་པ་སྟེ། སེ་ར་སྭཱ་ལ་སོགས་པའི་གཉེན་པོར་གྱུར་པའི་ཕྱིར་རོ།། གཉིས་པ ་ནི་ཤེས་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྷན་ཅིག་འགྲོགས་པའི་ཕྱིརརོ།། གསུམ་པ་ནི་རེ་བཾ་ཡོང་སུ་རྫོགས་པར་བྱེད་པ་སྟེ། སྦྱིན་པས་སློང་བ་དག་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱེད་པ་ནས། དེ་བཞིན་དུ་ཤེས ་རབ་ཀྱིས་ནི་ཐེ་ཚོམ་ཅན་དག་གིས་ཇི་ལྟར་འདོད་བཞིན་དུ་ཐེ་ཚོམ་གཅོད་པའི་ཕྱིར།། སྦྱིན་པ་ནི་སེན་ཡོངསུ་སྨིན་པར་བྱེད་པ་སྟེ། སྡེར་སྦྱིན་པས་ཡོངསུ་བསྡུས་ནས་ངའི་འོག་ཏུ་ཐེག་པ་གསུམ་པོ་དག་གི་ཅི་རིགས་པར་སྨིན་པར ་བྱེད་པ་ནས་དེ་བཞིན་དུ་སྔར་ཤེས་རབ་ཀྱིས་ཡོངསུ་བསྡུས་ནས་དེའི་འོག་ཏུ་ཐེག་པ་གསུམ་གྱིས་ཅི་རིགས་པར་ཡོངས་སྨིན་པར་བྱེད་པའི་བར་དུའོ།། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མ་ཚན ་ཉིད་བཞིས་སྟོན་ཏེ་དེའི་ཕྱིར་དེ་ཉིད་ལས། དེ་ལ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཞེ་ན། རྩོལ་བ་ཉིད་ཀྱི་ཕྱིར་དང་། བག་ཆགས་ཀྱི་ཕྱིར་དང་། བདག་ཉིད་ཀྱི་ལུས་ཀྱི་ཕྱིར་དང་། རྒྱུ་མཐུན་པའི་ཕྱིརརོ་ཞེས་འབྱུང་ངོ་།། དེ་རུང་བརྟག་ན་ཁོང་དུ་ཆུད ་པར་འགྱུར་རོ།། ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་ལྔས་བསྟན་པ་ཡང་ཡོད་དེ། མདོ་དེ་ཉིད་དང་། མཚོམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། ་རྣམ་པར་བཤད་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ཇི་སྐད་བསྟན་པ་ལྟ་བུའོ།། གཞན་ཡང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་མཚན་ཉིད་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད ་ལས། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཞེ་ན་འདི་ལྟ་སྟེ། རིགས་ཀྱི་ཕྱིར་དང་། སྨོན་ལམ་གྱི་ཕྱིར་དང་། བསམ་པའི་ཕྱིར་དང་། དངོས་པོའི་ཕྱིར་དང་། ངོ་བོ་ཉིད་ཀྱི་ཕྱིརརོ་ཞེས་འབྱུང་སྟེ། དེ་ཉིད་བརྟགས་ན་ཁོང་དུ་ཆུད་པར་འགྱུརརོ།། ་ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་དྲུག་གི་བསྟན་པ་ཡང་ཡོད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། དྲུག་པོ་འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ཞེ་ན། དམ་པ་དྲུག་གི་བལྟ་བར་བྱ་སྟེ་ཞེས་ཇི་སྐད་དུ་བསྟན་པ་ལྟ ་མཚན་ཉིད་རྣབ་རྒྱ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་འདྲ་བའི་ཕྱིར་འདིར་མ་བསྟན་ཏོ།། ཁ་ཅིག་ལས་ནི་མཚན་ཉིད་རྣམ་པ་བདུན་གྱིས་བསྟན་པ་ཡང་ཡོད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ ་གྲུབ་པ་ལས་ཇི་སྐད་དུ་མཚན་ཉིད་བདུན་པོ་འདི་དག་ནི་དམ་པ་བདུན་གྱིས་ཡོངསུ་བསྡུད་པས་གདོང་ཕ་རོལ་ཏུ་ཕྱིན་པ་ཞེས་རྣམ་པར་བཞག་པ་ཡིན་ཏེ། དེ་ལ་གནས་པ་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ ་གང་ཡིན་པའོ།། རྟེན་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་ཆེན་པོའི་སེམས་ལ་བརྟེན་པ་གང་ཡིན་པའོ།། བསམ་པ་དམ་པ་ནི་འདི་ལྟ་སྟེ། སེན་ཐང་ལ་སྙིང་བརྩེ་བ་གང་ཡིན་པའོ།། ཆུང་དུ་བྱ་བ་དམ་པ་ནི་འདི་ལྟ་སྟེ། བྱ་བ་ཐུད་ཕུན་སྨྲམ ་ཚོགས་པར་སྤྱོད་པ་གང་ཡིན་པའོ།། ཐབས་ལ་མཁས་པ་དམ་པ་ནི་འདི་ལྟ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་གང་ཡིན་པའོ།། ཡོངསུ་བསྔོ་བ་དམ་པ་ནི་འདི་ལྟ་སྟེ། བླ་ནི་མེད་པའི་བྱང་ཆུབ་ཏུ་བསྔོ་བ་གང་ཡིན ་པའོ།། རྣམ་པར་དག་པ་དམ་པ་ནི་འདི་ལྟ་སྟེ། སྒྲིབ་པ་གཉིས་དང་འདྲེས་པར་མ་གྱུར་པ་གང་ཡིན་པའོ།། བདུན་པོ་དེ་དག་གིས་ཡོངསུ་མ་བསྡུས་པའི་སྦྱིན་པ་ལ་སོགས་པ་ནི། ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིནོ་ཞེས་བསྟན་པ ་ལྟ་བུའོ།། ཁ་ཅིག་ལས་མཚན་ཉིད་རྣམ་པ་བརྒྱད་ཀྱིས་བསྟན་པ་ཡོད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ།། མཚན་ཉིད་རྣམ་པ་བཅུ་གཉིས་ཀྱིས་བསྟན་པ་ཡང་ཡོད་དེ། བསྟན་བཅོས་མངོན་པ་སྣ ་ཚོགས་ཀུན་ལས་བཏུས་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་དང་མི་མཐུན་པའི་དངོས་པོ་གང་ལགས་ཞེས་བྱ་བ་འདི་མན ་ཆད་ནི་བཞི་པ་གཞན་དག་གི་རྒོལ་བའི་རྗེསུ་བཟླས་ཏེ་བཤད་པ་ཞེས་བྱ་བའམ། ཡང་ན་ཞུས་པ་དང་། ལན་དག་གིས་རྒྱ་ཆེར་བཤད་པ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུས་པ་དང་ལན་དག་གིས་ཕ་རོལ་ཏུ ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་རྣམས་རྣམ་པར་འབྱེད་པ་དང་། ཞུས་པ་དང་ལན་དག་གིས་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་འབྱེད་པ་དང་། ཞུས་པ་དང་ལན་བདག་གིས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཆོས་རྣམ་པར ་འབྱེད་པ་དང་། གང་དུ་བསྟན་པའི་ཐབས་མ་ཡིན་པའི་སྤྱོད་པ་བསྟན་པ་སྟེ། མདོར་བསྡུས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་དང་། ཡང་དག་པར་ཡོངསུ་བསྔོ་བ་ནི་མ་བསྟན་ཏེ། ཁོང་དུ་ཆུད་པ་བླ་བའི་ཕྱིརརོ།། འདི་ནི་དང་པོ་ཕ་རོལ ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པའོ།། འདི་ཡོད་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་ཞུས་པའོ།། རིགས་ཀྱི་བུ་དངོས་པོ་དེ་ནི་མདོར་བསྡུ་ན་རྣམ ་པ་དྲུག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པ་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་འདོད་སྨོས་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱི་ནས ་བཤད་པ་སྟེ། འདི་དང་པོ་མི་མཐུན་པའི་དངོས་པོ་དྲུག་མདོར་བསྟན་པའོ།། འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། འདོད་པའི་བསོད་ནམས་ལས་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ལ་སོགས་པས་ནི ་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་མཐུན་པའི་དངོས་པོ་རྣམ་པ་དྲུག་བསྟོན་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་བར་བྱའོ།། མི་མཐུན་པའི་དངོས་པོ་དེ་ཡང་རྣམ་པ་གཉིས་ཏེ། དང་པོའི་བྱེ་བྲག་གི་མི་མཐུན ་པའི་སྒྲིབ་པ་པ་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པ་ལས་ཇི་སྐད་དུ། མི་མཐུན་པའི་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། ་རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་བོ་ཞེས་བསྟན་པ་ལྟ་བུའོ།། གཉིས་པ་སྤྱི་དང་བྱེ་བྲག་བསྡུས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་ལ་སོགས་པ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་བྱེ་བྲག་གི་སྒྲིབ་པའོ།། རེ་རེ་ལ ་ཡང་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་གང་ཡིན་པ་དེ་ནི། སྤྱིའི་སྒྲིབ་པ་ཡིནོ།། མདོ་འདི་ལས་ཀྱང་སྤྱི་དང་བྱེ་བྲག་གི་སྒྲིབ་པ་སྟོན་པ་དང་། མཛད་པས་འདི་ནི་དང་པོ་སྦྱིན་པ་དང་མི་མཐུན་པའི་དངོས་པོ་བསྟོན་པའོ།། དེ་འདོད་པའི་དགའ་བ ་ཞེས་བྱ་བ་ལ་སོགས་པ་བཤད་པ་རྣམ་པ་གསུམ་ཡོད་དོ།། ཁ་ཅིག་ན་རེ་འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པའི་དགའ་བའི་མིང་གི་རྣམ་གྲངསོ།། ལོངས་སྤྱོད་ལ་དབང་ཕྱུག་ཅེས་བྱ་བ་ནི་དགའ་བར་བྱ་བའི་ཡུལོ།། འདོད་པའི ་བསོད་ཉམས་ལ་ཞེས་བྱ་བ་ནི་གོང་མའི་ཡུལ་གསུམ་པོ་དག་གི་དགའ་བ་ལའོ་ཞེའོ།། ཁ་ཅིག་ན་རོ།། འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པ་ལ་དགའ་བའི་དོན་ཏོ།། འདོད་པའོ་བདག་ཉིད་དོ།། དེ་ལ་འདོད་པ་ལྔ་སྟེ། ཡུལ ་ལྔ་པོ་དག་གོ།། ལོངས་སྤྱོད་ཅེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པ་མ་ད་དུ་བདོག་པའོ།། དབང་ཕྱུག་ཅེས་བྱ་བ་ནི་གོང་མའི་དངོས་པོ་གཉིས་ལ་ལོངས་སྤྱོད་པའི་དབང་ཐོབ་པའོ།། འདོད་པའི་བསོད་ཉམས་ཞེས་བྱ་བ་ནི་འདོད་པ་ལ་དགེའ་བའི ་ཡུལ་བསྟན་པའོ།། འདོད་པའི་དགའ་བ་དང་། ལོངས་སྤྱོད་དང་། ཡིད་བདེ་བ་ལ་དབང་བ་འདོད་པའི་དགའ་བ་རྣམ་པ་གསུམ་ནི་འདོད་པའི་བསོད་ཉམས་ཞེས་བྱ་སྟེ། འདོད་པའི་དགའ་བ་རྣམ་པ་གསུམ་པོ་དེ་དག་ལ་ཤིན་ཏུ་ཡོན་ཏན་གྱི ་ཕན་ཡོན་དུ་ལྟ་བའོ།། དེ་ནི་འདི་སྐད་དུ། འདོད་པའི་དགའ་བ་རྣམ་པ་གསུམ་པོ་དག་ལ་དགའ་ཞིང་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་གང་ཡིན་པ་དེས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲིབ་པར་བྱེའོ་ཞེས་བསྟན་པར་འགྱུརརོ་ཞེའོ།། ཁ་ཅིག ་ན་རེ་འདོད་པའི་དགའ་བ་ཞེས་བྱ་བ་ནི་འདོད་པའི་དགའ་བའི་ཚོར་བྱའོ།། གཞན་ནི་སྔ་མ་བཞིན་ནོ་ཞེའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་འདོད་པ་ལ་དགའ་བ་དང་། ལོངས་སྤྱོད་དང་། དབང་ཕྱུག་ཅེས་འབྱུང་ངོ་།། དགོངས་པ ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འདོད་པ་ལྔའི་ལོངས་སྤྱོད་ལ་དབང་བ་ཞེས་འབྱུང་ངོ་།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གང་གི་ཚེ་བསྒྱུར་བ་ལས། ཕ་རོལ་ཏུ་ཕྱིན་པ་ལ་སྒྲིབ་པ་རྣམ་པ་དྲུག་ཡོད་དེ། དང་པོའི་སྒྲིབ ་པ་ནི་འདོད་པའི་ཡུལ་ལ་དགའ་བ་དང་། ལོངས་སྤྱོད་དང་བདག་ཉིད་ཀྱི་བསོད་ནམས་ལ་སྟོན་ཁྱད་པར་དུ་འཕགས་པར་ལྟ་བ་སྟེ། སྨྱོན་པས་ནི་རབ་ཏུ་སེལ་བར་བྱེད་དོ་ཞེས་འབྱུང་ངོ་།། ལུས་དང་། ངག་དང་། ཡིད་འདོད་དགུར་ཀུན་དུ ་སྤྱོད་པ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་དུ་ལྟོ་བ་ཞེས་བྱ་བ་ནི་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མི་མཐུན་པའི་དངོས་པོ་བསྟན་པའོ།། ཇི་ལྟར་འདོད་པ་བཞིན་དུ་སྲོག་གཅོད་པ་ལ་སོགས་པའི་ལྔས་རྣམས་ལ ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་སྟེ། དཔེར་ན་ལུག་བསད་ན་མཐོ་རིས་སུ་སྐྱེས་པར་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་སྟེ། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གང་གི་ཚེ་བསྒྱུར་བ་ལས། གཉིས་པ་སྒྲིབ་པ་ནི་ཐེ ་ཚོམ་དང་བཅས་པའི་སེམས་ཀྱིས་ལུས་དང་། ངག་དང་། ཡིད་ཀྱི་ལས་སློང་བ་སྟེ། ཚུལ་ཁྲིམས་ཀྱིས་འདི་རབ་ཏུ་སེལ་བར་བྱེད་དོ་ཞེས་འབྱུང་།། གཞན་གྱིས་བརྙས་པ་མི་བཟོད་པ་དག་ཤིན་ཏུ་སྟོན་གྱི་ཕན་ཡིན་ལྦུ་བ་ཞེས ་བྱ་བ་ནི་གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་ཏེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྗང་གང་གི་ཚེ་བསྒྱུར་བ་ལས། གསུམ་པའི་སྒྲིབ་པ ་ནི་བརྙས་པ་དང་། སྨོད་པ་དང་། གྲང་བ་དང་། ཚ་བ་ལ་སོགས་པའི་སྡུག་བསྔལ་ལ་ཇི་མི་ནུས་པ་སྟེ། བཟོད་པས་རབ་ཏུ་སེལ་བར་བྱེད་དོ།། ནན་ཏན་གྱིས་མི་བརྩོན་པས་འདོད་པ་ལ་དེ་གའ་བ་ལ་མངོན་པར་ཞེན་པ ་ངག་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་བཞི་པ་བརྩོན་འགྲུས་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། ལེ་ལོ་དང་། བག་མེད་པ་ལ་སོགས་པ་ལ་སྟོན་དུ་ལྟ་བ་གང་ཡིན་པའོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྗང་གི་ཚེ ་བསྒྱུར་བ་ལས། བཞི་པའི་སྒྲིབ་པ་ནི་ནན་ཏན་དུ་སྒྲིབ་པར་བྱེད་པ་ལས་བདེ་བ་ཉིད་དུ་འཛིན་ཅིང་། མ་ཐོབ་པར་ཐོབ་བོ་སྙམ་དུ་སེམས་པས་ཡོན་ཏན་དུ་ལྟ་བ་སྟེ། བརྩོན་འགྲུས་ཀྱི་འདི་སེལ་བར་བྱེད་དོ་ཞེས་བཤད་དོ།། འདུ་འཛི་ལ་གནས་ཤིང་འཇིག་རྟེན ་གྱི་སྣ་ཚོགས་དང་། རྣམ་པར་གཡེང་བ་དག་ལ་ཤིན་ཏུ་ཡོན་ཏན་གྱི་ཕན་ཡོན་ཞེས་བྱ་བ་ནི་ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། འདི་ལྟར་རྣམ་པར་གཡེང་བ་རྣམ་པ་ལྔ་པོ་དག་ལ་འམ། རྣམ ་པར་གཡེང་བ་རྣམ་པ་དྲུག་པོ་དག་ལ་ཡོན་ཏན་ཁྱད་པར་དུ་འཕགས་པར་ལྟ་བ་ལའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལྔས་ནི་འཇིག་རྟེན་གྱི་འདུ་འཛི་མང་པོ་དངོས་ལ་བརྟེན་པ་ཞེས་འབྱུང་སྟེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ ་བའི་མདོ་ལས་ཀྱང་དེ་སྐད་དུ་བསྟན་ཏོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྗང་གི་ཚེ་བསྒྱུར་བ་ལས། ལྔ་པའི་སྒྲིབ་པ་ནི་འདྲེ་བར་གནས་པར་མོས་པ་དང་། འཇིག་རྟེན་པའི་ཡ་མཚན་གྱི་དངོས་པོ་དང་། རྣམ་པར་གཡེང་བའི་རྒྱུ་དང ་རྐྱེན་དག་ལ་ཡོན་ཏན་ཉིད་དུ་ལྟ་བ་སྟེ། བསམ་གཏན་གྱིས་འདི་རབ་ཏུ་སེལ་བར་བྱེད་དོ་ཞེས་འབྱུང་།། མཐོང་བ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ཀྱི་སྤྱོད་པ་དག་ལ་སྟོན་གྱི་ཕན་ཡོན་དུ་ལྟ་བ་ཞེས་བྱ་བ་ནི་དྲུག་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲང་བར་ཟད་དོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ལྔ་པ་ནི་འཇིག་རྟེན་པའི་འདུ་འཛི་མང་པོའི་དངོས་པོས་བསྟན་པ་དང་། མཐོང་བ་དང་།། ་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་རྣམ་པར་རིག་པའོ།། དྲུག་ནི་འཇིག་རྟེན་པའི་སྤྲོས་པ་དག་ལ་བསོད་ནམས་བྱས་པ་བཞིན་དུ་མཐོང་བ་ཞེས་བྱ་བ་ལོ་ཙཱ་བ་དག་གི་ནོར་ཏཱི། མཐོང་བ་དང་། ཐོས་པ་ལ་སོགས་པས་དངོས་པོ ་ནི་དྲུག་པས་གཏོགས་པའི་ཕྱིར་རོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་ལྟ་བར་སོང་བ་དང་། འཆལ་པའི་ཤེས་རབ་བོད་སེལ་བ་ཞེས་འབྱུང་།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྷུང་གི་ཚེ་བསྒྱུར་བ་ལས། དགུ་པའི་སྒྲིབ་པ་ནི ་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དག་ལ་ཡང་དག་པ་ཉིད་དུ་འཛིན་པ་དང་། འཇིག་རྟེན་གྱི་སྤྲོས་པ་དགུ་ལ་སེམས་ཀྱིས་བརྩོན་པར་བྱེད་པ་དང་། དོན་མ་ངེས་པའི་དོན་གྱིས་མི་དོ་དག་ལས། ཇི་བཞིན་དུ་དོན ་དུ་འཛིན་པ་སྟེ། ཤེས་རབ་ཀྱིས་འདི་རབ་ཏུ་སེལ་བར་བྱེད་དོ་ཞེས་བཤད་དོ།། རྒྱ་ཆེར་ནི་སློབ་དཔོན་ཡང་དག་བདེན་པས། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། བཅོམ་ལྡན་འདས ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་དང་ལན་དག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་རྣམ་པར་སྨིན་པོ་འབྲས་བུ་རྣམ་པར་འབྱེད་པའོ།། འདི་ཡིང་ཞུ་བ་གསོལ ་བ་དང་། ལནུ་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་སོ་སོའི་རྣམ་པར་སྨིན་པའི་འབྲས་བུ་ཇི་ལྟ་བ་ཞིག་ལགས་ཞེས་ཞུས་པའོ།། རིགས་ཀྱི་བུ་དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོད་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟེ ་འདི་ནི་དང་པོའོ།། སྒྲུབ་པའི་རྒྱུ་རྣམ་པ་དྲུག་ཡོད་པའི་བྱེ་བྲག་གིས་མངོན་པར་སྒྲུབ་པའི་རྣམ་པར་སྨིན་པའི་འབྲས་བུ་ཡང་རྣམ་པ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ། ལོངས་སྤྱོང་ཆེན་པོ་ཉིད་དང་། བདེ་འགྲོ་སྐྱེ་བ་དང་། ཁོན་མེད་ཅིང ་དབྱེན་མེང་ལ་བདེ་བ་དང་ཡིད་བདེ་བ་མད་པ་དང་། སེམས་ཅན་གྱི་བདག་པོ་བྱེད་པ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པའོ་ཞེས་བྱ་བ་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་ནས་བསྟན་པ་སྟེ། གོ་རིམ ་བཞིན་དུ་སྦྱིན་པའི་སྟོབས་ཀྱི་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་བསྲུངས་པའི་ཕྱིར་དེ་བདེ་འགྲོར་སྐྱེ་བ་དང་། བཟོད་པ་བསྒོམས་པའི་ཕྱིར་ཁོ་ན་མེད་ཅིང་དབྱེན་མེད་ལ། བདེ་བ་དང་ཡིད་བདེ་བ་མང་བར་གྱུར ་པ་དང་། བརྩོན་འགྲུས་བརྩམས་པའི་ཕྱིར་མང་པོ་ཀུན་གྱིས་བཀུར་བས་སེམས་ཅན་གྱི་བདག་པོ་བྱེད་པར་འགྱུར་བ་དང་། བསམ་གཏན་གྱིས་ཉོན་མོངས་པ་རབ་ཏུ་བསལ་བའི་ལུས་ལ་གནོད་པ་མེད་པ་ཐོབ་པར་འགྱུར་བ ་དང་། ཤེས་རབ་གྱིས་རིག་པའི་གནས་སྐུ་ལ་ཤིན་དུ་མཁས་པས་དབང་ཆེ་བ་རུ་གྲགས་པའོ།། མཚམས་རྣམ་པར་དགྲོལ་བའི་མདོ་ལས། ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོན་མེད་པ་གསུམ་ན་མདྨོ་འདི་ལས་གསུངས ་པ་དང་མཐུན་ནོ།། བཞི་པ་ནི་འཕེལ་བ་མེད་པའོ།། ལྦུ་པ་ནི་བྱེད་པ་མང་ཞིང་སེན་གྱི་བདུག་པོ་བྱེད་པའོ།། དྲུག་པ་ནི་རང་གི་ལུས་ལཱ་གནོད་པ་བྱེད་པ་མེད་ཅིང་ལས་སུ་རུང་བ་ཆེན་པོ་དང་ལྡན་པའོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ ་པར་དགྲོལ་བའི་མདོ་ལས་ནི་བསོད་ནམས་ཅན་གྱི་ལོངས་སྤྱོད་ཐོབ་པའི་ཕྱིར་དང་། བདེ་འགྲོར་འགྲོ་བའི་ཕྱིར་དང་། ཁོ་ན་མེད་པའི་ཕྱིར་དང་། དབྱེན་མེད་ཅིང་བདེ་བ་མེད་པའི་ཕྱིར་དང་། རྟག་པར་སེན་གྱི་བདག་པོ་བྱེད་པའི་ཕྱིར་བདག ་ཉིད་ཀྱི་ལུས་གནོད་པ་མེད་པའི་ཕྱིར་དང་། མཐུ་ཆེན་པོའི་ཕྱིར་ཞེས་འཐུང་སྟེ། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་གོ་རི་མོ་ནོར་བ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་འབྲས་བུ་བདུན་བསྟེན་པོ་དང་། ་གསལ་བར་འགྱུར་བ་ནི་ལོ་ཙཱ་བ་དོག་གིས་བསམ་པ་ཐ་དད་པའི་ཕྱིརརོ།། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོ་ནས་འབྲས་བུ་ལྔ་ལྔ་ཐོབ་པར་སྟོན་ཏོ།། མདོ་འདི་ལས ་ནི་འབྲས་བུ་ཟེ་རི་ཐོབ་པར་བསྟན་ཏོ།། དེའི་ཕྱིར་བསྟན་བཅོས་དེ་ལ་ཕན་ཡོན་ནི་རྣམ་པ་ལྔའི་སྐབ་སུ་དཔག་ཏུ་མེད་པའི་བསྔགས་པ་བརྗོད་པ་གང་ཡིན་པ་ཛི་ན་ཕན་ཡོན་ཞེས་བྱའོ།། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དེ་དག་གི་མི་མཐུན ་པའི་ཕྱོགས་སྤངས་པ་ནི་བྲལ་བའི་འབྲས་བུའོ།། མཐོང་བའི་ཆོས་ལ་སྦྱིན་པ་ལ་སོགས་པས་བདག་དང་གཞན་རྗེ་སུ་འཛིན་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ།། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ ་མཆོག་དམ་པ་འབྱུང་བ་ནི་རྒྱུ་མཐུན་པའི་འབྲས་བུའོ།། བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་པ་ནི་དབང་གི་འབྲས་བུའོ།། ལོངས་སྤྱོད་ཆེན་པོ་དང་། བདེ་འགྲོར་འགྲོ་བ་དང་། ཁོ་ན་མེད་པ་དང་། དབྱེན་མེད་པ་དང་། བདེ་བ་དང་། ཡིད་བདེ་བ ་མང་བ་དང་། སེམས་ཅན་ལ་དབང་བ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ་ཞེས་འབྱུང་ངོ་།། ་གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུ་པ་ལས། ཟག་པ་དང་བཅས་པ་ནི་རྣམ་པ་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་པས་སོ།། ཟག་པ་མེད་པ་ལ་ཡང་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ ་གཏོགས་པས་སོ།། གང་འབྲས་བུ་ལྔ་ཆིང་བར་བསྟན་པ་དེ་ནི་ཕན་ཚུན་གཅིག་གིས་གཅིག་ལ་ཕན་འདོགས་པ་འམ། གཉི་ག་བསྡུས་ཏེ་བསྟན་པ་ཡིནོ་ཞེས་འབྱུང་སྟེ། འདི་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས ་བཏུས་པ་དེ་དག་བརྡ་སྤྲོད་པ་ཡིནོ།། །། བམ་པོ་དྲུག་ཅུ་གཅིག་པ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དང་འདྲེས་པའི་ཀུན་ནས་ཉོན་མོངས་པའི་ཆོས་གང་ལེགས་ཞེས་བྱ་བ་འདི་མན་ཆེད་ནི་གསུམ་པ་ཞུས ་པ་དང་། ལན་དག་གིས་ཕ་རོལ་ཏུ་སྦྱིན་པ་དང་འདྲེས་པའི་ཆོས་རྣམ་པར་འབྱེང་བ་སྟོན་ཏོ།། འདི་ཡང་ནུབ་གསོལ་བྱ་དང་། ལན་དུ་གསུངས་པ་བསྣུན་ཏེ། འདི་ནི་དང་པོ་གོང་དུ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་སྒྲུབས་ཀླན་ནས་ཉོན་མོངས་པ་དང་མ ་འདྲེས་པ་ཞེས་གསུངས་བྱ་དེའི་ངོའོ།། རིགས་ཀྱི་བུ་མདོར་བསྦྱིན་རྣམ་པ་བཞིར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདྲི་ཡང་རྣམ་པ་གཱ་མ་སྟེ། ་གྲངས་སྨོས་ནས་ལན་འདོར་གསུངས་པ་དང་། རྣམ་པར་ཕྱེ་སྟེ་བསྟན་པ་དང་། གཞན་དག་གིས་རྒོལ་བའི་རྗེས་བཟླས་ཏེ། བསྟན་པ་སྟེ། འདི་ནི་དང་པོ་གྲངས་སྨོས་ནས་ལན་འདོར་གསུངས་པའོ།། སྙིང་རྗེ་མེད་པའི་སྦྱོར་བའི་ཕྱིར་དང་། ་ཚུལ་བཞིན་མ་ཡིན་པའི་སྦྱོར་བའི་ཕྱིར་དང་། རྟག་ཏུ་མི་བྱེད་པའི་སྦྱོར་བའི་ཕྱིར་དང་། མ་གུས་པའི་སྦྱོར་བའི་ཕྱིར་དང་ཞེས་བྱ་བ་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ།། འདི་ལྟར་སྒོམ་པ་རྣམ་པ་བཞི་ལ་སྒྲིབ་པའི ་ཕྱིར་རྣམ་པ་བྱ་ཞི་ཞེས་གསུངས་པོ་ཡིན་ཏེ། དེ་ལ་བསྒོམ་པ་རྣམ་པ་བཞི་ནི། མཛོད་ཀྱི་བསྟན་བཅྡོཾས་ལས་ཇི་སྐད་དུ། བསྒོམ་པ་ནི་རྣམ་པ་བཞི་ཡོད་དེ། དང་པོ་ལུས་པ་མེད་པར་བསྒོམ་པ་ནི་བསོད་ནམས་དང་། ཡེ་ཤེས་རྣམ ་པ་གཉིས་ཀྱི་ཚོགས་ལུས་པ་མེད་པར་བསྒོམ་པའི་ཕྱིར་རོ།། གཉིས་པ་ཡུན་རིང་པོར་བསྒོམ་པ་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་སྒོམ་པར་བྱེད་ཀྱང་། ངལ་བ་མེད་པའི་ཕྱིར་རོ།། གསུམ་པ་རྒྱུན་ཆད་མེད་པར་སྒོམ ་པ་ནི་ནན་ཏན་བརྩོན་འགྲུས་ཀྱི་སྐད་ཅིག་གཅིག་ལ་བསྒོམ་ཞིང་ཡོངསུ་སྐྱོ་བ་མེད་པའི་ཕྱིརོ།། བཞི་པ་གུས་པར་བསྒོམ་པ་ནི་བསླབ་པར་བྱ་བ་དག་ལ་གུས་པ་དང་། ང་རྒྱལ་མེད་པའི་ཕྱི་རོ་ཞེས་བསྟན་པ་ལྟ་བུ་སྟེ། ་བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བཤད་དོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། བསྒོམ་པ་རྣམ་པ་ལྔ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས། དང་པོ་སེམས་བསྐྱེད་པ་དང་། ཡུན་རིང་པོ་དང ་རྒྱུན་ཆད་པ་མེད་པ་དང་། གུས་པ་མེད་པ་དང་། ལུས་པ་མེད་པར་བསྒོམ་པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ཏེ། རྣམ་པར་བཤད་པ་ནི་མེད་དོ།། འདིར་ནི་དང་པོ་སེམས་བསྐྱེད་པ་བསྐོལ་བའི་ཕྱིར་རྣམ་པ་བཞིར་གསུངས་པ་ཡིན་ནོ།། ་དེ་ལ་སྙིང་རྗེ་མེད་པའི་སྦྱོར་བས་ནི་ཡུན་རིང་པོར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བསྒྲུབ་པར་ནུས་པ་ཡང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཡིན་གྱི། ་སྙིང་རྗེའི་སྟོབས་མེད་པའི་ཕྱིར་ཡུན་རིང་པོ་བས་ནི་མ་ཡིན་པས་སོ།། དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བས་ནི་ལུས་མེད་པར་བསྒོམ་པ་ལ་སྒྲིབ་པར་བྱེད་སྤྱོད་པ་གཅིག་སྒྲུབ་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྤྱོད་པ་ཁྱད ་པར་བསྒོམ་མི་ནུས་པའི་ཕྱིར་རོ།། རྟག་ཏུ་མི་བྱེད་པའི་སྦྱོར་བས་ནི་རྒྱུན་ཆད་མེད་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ་དེ་ལ་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུ་བྱ་བ་ལ་བྱའོ།། འདི་ལྟར་ལེ་ལོའི་དབང་གིས་རྒྱུན་ཆད་པ་མེད་པར་རྒྱུན་ཏུ་སྤྱོད ་པ་རྣམས་བསྒྲུབ་པར་མི་ནུས་པས་སོ།། མ་གུས་པས་ནི་གུས་པར་བསྒོམ་པ་ལ་སྒྲིབ་པར་བྱེད་དེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ལ་སྤྱོད་པ་ན་སྤྱོད་པ་རེ་རེ་ལ་གུས་པས་སྐྱེད་ནས་སྦྱིན་པ་ལ ་སོགས་པ་སྤྱོད་པས་སོ།། རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་ཚེ་འདྲེན་མར་འབྱུང་བས་འདྲེས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། དེ་ལ་ཚུལ་བཞིན་མ་ཡིན་པའི་སྦྱོར་བ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན ་པ་གཞན་བསྒོམ་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་གཞན་ཡོངསུ་སྤོང་ཞིང་ཉམས་པ་གང་ཡིན་པའོ།། ཞེས་བྱ་བ་ནི་གསུམ་པ་རྒོལ་བའི་རྗེསུ་བཟླས་ཏེ་བསྟན་པ་སྟོན་ཏོ།། འདི་ཡང་གོང་དུ་ཚུལ་བཞིན་མ་ཡིན་པ་ཞེས་གསུངས་པས་ཀྱང ་ཉེས་པ་བསྡུས་པ་ཡིན་མོད་ཀྱི། ཡང་དག་པའི་རིགས་པ་དང་ཡང་འགལ་བས་འདིར་མདོ་འདི་ལས་རྣལ་འབྱོར་པས་འགལ་ཏེ། ཕ་རོལ་ཏུ་ཕྱིན་པ་གཅིག་ཁོ་ན་ལས་སྤྱོད་པར་འགྱུར་ན། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱི་སྤྱོད་པ ་ཡོངསུ་སྤོང་བར་འགྱུར་བས་ཚུལ་བཞིན་མ་ཡིན་པ་ཞེས་བྱ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་པོའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ནཱ་གལ་ཏེ་སྤྱོད་པ་གཞན་དང་བྲལ་བར་གྱུར་ན་ཚུལ་བཞིན་མ་ཡིན་པ ་ཞེས་བྱའོ་ཞེས་གསུངས་པ་ཡིནོ།། བཅོམ་ལྡན་འདས་ཐམས་ཅད་མ་ལེགས་པའི་སྤྱོད་པ་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞུས་པ་དང་། ལནི་དག་གིས་གོང་དུ་བསྟན་པའི་ཐབས་མ་ཡིན་པའི་སྤྱོད་པ་རྣམ་པར་འབྱེད ་པ་སྟོན་ཏོ།། འདི་ཡང་རྣམ་པ་དྲུག་སྟེ་ཞུ་བ་གསོལ་བ་དང་། ལན་གསུངས་པ་དང་། བརྟག་པ་དང་། རྣམ་པར་བཤད་པ་དང་། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ནི་དང་པོ་གོང་དུ་བསྟན་པའི་ཐབས ་མ་ཡིན་པའི་སྤྱོད་པ་ཞུས་པའོ།། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་བདག་གིས་སེ་ནཾ་ལ་ཕན་འདོགས་པ་ན་ཟང་ཟིང་གིས་བསྡུ་བས་ཕན་འདོགས་པ་ཉེ་བར་བསྒྲུབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་མི ་དགེ་བའི་གནས་ནས་བསླངས་ཏེ། དགེ་བའི་གནས་སུ་འཇོག་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཐབས་ཡིན་པའི་སྤྱོད་པ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་ལེན་དུ་གསུངས་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི ་དངོས་པོ་བཞི་ལས། ཟང་ཟིང་གིས་བསྡུ་བ་ཁོ་ནས་ཕན་འདོགས་པས་ཆོག་པར་འཛིན་ཅིང་། གཞན་དག་མི་དགེ་བའི་གནས་ནས་སློང་བར་མི་བྱེད་པ་གང་ཡིན་པ་དེ་ནི་ཐབས་མ་ཡིན་པའི་སྤྱོད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཅིའི ་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐབས་མ་ཡིན་པའི་སྤྱོད་པར་གྱུར་པའི་གཏན་ཚིགས་བརྟག་པ་སྟེ། ཟང་ཟིང་གཏང་བས་ཀྱང་ཕ་རོལ་དགའ་བར་འགྱུར་བས་ཕན་འདོགས་པ་ཡིན་ན། དོན་གང་གི་ཕྱིར་ཐབས་མ་ཡིན་ཞེས་བྱ་བའི་ཐ་ཚིག། ་རིགས་ཀྱི་བུ་སེན་ལ་དངོས་པོ་དེ་ཙམ་ཞིག་བྱས་པས་ཡང་དག་པར་ཕན་བཏགས་པ་ཞེས་བྱ་བ་མ་ཡིན་ཏེ། ཞེས་བྱ་བ་ནི་བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་བཤད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ ་རྣམས་སེམས་ཅན་ལ་ཟང་ཟིང་གིས་བསྡུས་ནས་འཇིག་རྟེན་ལ་འདི་དགའ་བ་ཙམ་བྱས་པ་ཡང་ཕན་བཏགས་པ་ཞེས་བྱ་བ་མ་ཡིན་གྱི། ཆོས་ཀྱི་སྦྱིན་པ་བཏང་ནས་སྔོན་རྣམསུ་མི་དགེ་བའི་གནས་ནས་བསླང་བ་གང་ཡིན་པ་དེ་ནི་གདོད་ཕན ་ཏགས་པ་ཞེས་བྱ་བས་སོ།། དཔེར་ནཱ་མཱི་གཙང་བ་ནི་ཚྭ་ཡང་རུང་ཆུང་ཡུང་རུང་རྣམ་གྲངས་གང་གིས་ཀླུང་དྷཱི་ཞིམ་པོར་བྱ་བར་མི་ནུས་སོ་ཞེས་བྱ་བྲྀ་ནཱི་ལྔ་པ་དཔེས་ཉེ་བར་མཚོན་པ་སྟེ། དཔེར་ན་འཇིག་རྟེན་ན་མི་གཙང་པོ་ནི་ཚེ་ཡང་རུདྡྷ ་ཆུང་ཡང་རུང་། ནམས་ཀྱང་དྲི་ཞིམ་པོའི་དངོས་པོར་མི་འགྱུར་བ་བཞིན་ནོ།། དེ་ལ་མི་གཙང་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་དཔེར་བསྟན་པའོ།། དྲི་ཞིམ་པོར་མྱ་ངན་ལས་འདས་པའི་དཔེར་བསྟན་པའོ།། དེ་བཞིན་དུ་སེན་ཀྱང་འདུ་བྱེད་ཀྱི ་སྡུག་བསྔལ་ཉིད་ཀྱི་ཕྱིར་དེའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་ཡིན་པས་ཐབས་མེད་པ་གང་གིས་ཟང་ཟིང་ཁོ་ནས་རེ་ཞིག་ཙམ་དུ་ཕན་བཏགས་ཀྱང་བདེ་བ་ཉེ་བར་བསྒྲུབ་པར་མི་ནུས་ཀྱི། དགེ་བ་འབའ་ཞིག་ལ་འཇོག་པ་གང་ཡིན་པ་དེ་ནི ་གདོད་ཕན་འདོགས་པའི་མཆོག་ཅེས་བྱ་བའི་མིང་འཐོབ་པོ་ཞེས་བྱ་བ་ནི་དྲུག་པ་དཔེ་དང་དོན་སྦྱར་བ་སྟེ། འདི་ལྟར་སེམས་ཅན་རྣམས་འདུ་བྱེད་སྡུག་བསྔལ་ཉིད་ཀྱི་ཕྱིར། དེའི་ངོ་བོ་ཉིད་ཀྱང་སྡུག་བསྔལ་ཡིན་པས། ནོར་དང་ཟས་དང་། ་སྐོམ་ཙམ་གྱིས་ཕན་བཏགས་པས་བདེ་བ་ཉིད་དུ་མི་འགྱུར་གྱི་བྱང་ཆུབ་ཀྱི་མྱ་ངན་ལས་འདས་པ་དགེ་བའི་ཆོས་གྱ་ནོམ་པ་ལ་འཇོགས་པ་གང་ཡིན་པ་དེ་འབའ་ཞིག་ནི་ཕན་འདོགས་པའི་མཆོག་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པ་དུ་མཆིས་པ་ལགས་ཞེས་བྱ་བ ་ནི་འདི་མན་ཆད་ནི་དགུ་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་གྲངས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་པོ་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་རྣམ ་པར་དག་པའི་ཕྱིར་ཞེས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ང་ནི་ནམ་ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་གོང་དུ་བསྟན་པ་བཞིན་མཚན་ཉིད་ལྔ ་པོ་མ་གཏོགས་པར་རྣམ་པར་དག་པ་གཞན་ཡོད་པར་མི་སྨྲ་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་ལྔ་ལས་རྣམ ་པར་དག་པ་གུད་ན་མེད་པར་བསྟན་པ་དང་། ལྔ་པོ་དག་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བདུན་གྱི་མཚན་བསྟན་པ་སྟེ། འདི་ནི་དང་པོའོ།། འདི་ལྟར་ང་ནི་གོང་དུ་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནས་ཡང་དག་པར ་ཡོངསུ་བསྔོ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་བར་གྱི་མཚན་ཉིད་ལྔ་པོ་དག་མི་གཏོགས་པར་གུད་ན་རྣམ་པར་དག་པའི་མཚན་ཉིད་ཡོད་པར་མི་གསུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། བོན་ཀྱང་ཡང་དངོས་པོ་དེ་དག་གིས་བསྡུས་པ ་དང་སོ་སོ་བྱ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ནི་རྣམ་པར་དག་པའི་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལྔའི་མཚན་ཉིད་སྔ་མ་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བ་བདུན ་བསྟན་པའོ།། འདི་ཡང་རྣམ་པ་གཉིས་ཏེ། སྔ་མའི་མཚན་ཉིད་རྣམ་པ་ལྔ་ལ་བརྟེན་ནས་བསྡུས་པ་དང་། སོ་སོ་བདུན་གྱི་ལན་འདོར་གསུངས་པ་དང་། གོ་རིམ་བཞིན་དུ་བསྡུས་པ་སོ་སོ་བདུན་མཚན་ཉིད་བསྟན་པ་སྟེ། ་འདི་ནི་དང་པོའོ།། དེ་ལ་དངོས་པོ་དེ་དག་གི་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དངོས་པོ་དེ་དག་ཅེས་བྱ་བར་བསྟན་ཏེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དེ་དག་རེ་རེ་དག་ལ་ཡང་སོ་སོ་ནས་བསྡུས་པ་དང་། སོ་སོ་བ་རྣམ་པ ་བདུན་ཡོད་པས་སོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཚན་ཉིད་བསྡུས་པ་ཡང་རྣམ་པ་བདུན་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བསྡུས་པའི་མཚན་ཉིད་བདུན་བསྟན་པ་དང་། སོ་སོའི་མཚན་ཉིད་བདུན་བསྟན་པའོ།། དང་པོ་ལ་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། ཞུས་པ་དང་། ལྡན ་དག་གིས་རྣམ་པར་ཕྱེ་ནས་བསྟན་པ་སྟེ། འདི་ནི་དང་པོ་མཚན་ཉིད་རྣམ་པ་བདུན་སྨོས་པའོ།། བདུན་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཡོངསུ་མི་ཚོལ་བ་ཞེས་བྱ་བ་ལ་སོགས ་པས་ནི་གཉིས་པ་ཞུས་པ་དང་། ལན་དག་གི་མཚན་ཉིད་རྣམ་པ་བདུན་རྣམ་པར་ཕྱེ་ནས་བཤད་པ་སྟོན་ཏེ། འདི་ནི་མཚན་ཉིད་དང་པོ་བསྟན་པའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་གསང་སྟེ། ཕ་རོལ་ཏུ་ཕྱིན ་པ་དྲུག་སྤྱོད་པས་གཞན་ཤེས་པར་བྱས་ནས་གྲགས་པ་དང་རྙེད་པ་མི་ཚོལ་བའི་ཕྱིར།། ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ་ཞེས་བྱ་བ་ནི་གཉིས་པ་མངོན་པར་ཞེན་པར་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ། ་འཁོར་གསུམ་ཡོངསུ་དག་པའི་ཕྱིར་རོ།། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རེ་རེ་དག་ལ་ཡང་གསུམ་ཡོངསུ་དག་པ་ཆེན་པོ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་རྒྱ་ཆེར་བསྟན་ཏོ།། ཆོས་འདི་དག ་བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་སྐྱེད་པར་མི་བྱེད་པ་ཞེས་བྱ་བ་ནི་གསུམ་པ་ཐེ་ཚོམ་མི་སྐྱེད་པའི་མཚན་ཉིད་བསྟན་པ་སྟེ། མོས་པ་བསྟན་པའི་ཕྱིརརོ།། བདག་ལ ་མི་བསྟོད་གཞན་ལ་མི་སྨོད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ཞེས་བྱ་བ་ནི་བདག་ལ་བསྟོད་ཅིང་གཞན་ལ་མི་སྨོད་པའི་མཚན་ཉིད་བསྟན་པོ་སྟེ། ལྕི་བའི་ཉེས་པར་འགྱུར་བའི་ཕྱིརརོ།། དྲེགས་པར་མི་བྱེད་ཅིང་བག ་མེད་པར་མི་བྱེད་པ་ཞེས་འབྱུང་བ་ནི། ལྔ་པ་བག་མེད་པར་མི་བྱེད་པའི་མཚན་ཉིད་བསྟན་པ་སྟེ། ལེ་ལོ་དང་བྲལ་བའི་ཕྱིར་རོ།། ཅུང་ཟད་ཙམ་དང་ངན་དོན་ཙམ་གྱིས་ཆོག་པར་མི་འཛིན་པོ་ཞེས་བྱ་བ་ནི་དྲུག་པ་ཆོག་པར་མི ་འཛིན་པའི་མཚན་ཉིད་བསྟན་པ་སྟེ། སྤྱོད་པ་རྒྱ་ཆེ་བ་རྣམས་སྤྱོད་ཅིང་ཡོངསུ་སྐྱོ་བ་མེད་པའི་ཕྱིར་རོ།། ཆོས་དེ་དག་གིས་སེར་སྣ་མི་བྱེད་པ་གཞན་ལ་ཕྲག་དོག་མི་བྱེད་པ་ཡིནོ་ཞེས་བྱ་བ་ནི་བདུན་པ་ཕྲག་དོག་དང་སེར་སྣ་མི་བྱེད་པའི ་མཚན་ཉིད་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་ཆོས་སྤྱོད་པའི་ཕྱིར་གཞན་དག་ཀྱང་སྤྱོད་པ་མཐོང་ན་སེར་སྣ་དང་ཕྲག་དོག་གིས་ཟུང་ཟིང་དང་ཆོས་ལ་སེར་སྣ་མི་བྱེད་པའི་ཕྱི་རོ།། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་མཚན ་ཉིད་སོ་སོ་ཐ་དད་པར་བསྟན་པ་ཡང་རྣམ་པ་བདུན་ཡོད་དོ་ཞེས་བྱ་བ་ནི་འདི་མན་ཆད་གཉིས་པ་སོ་སོ་ཐ་དད་པའི་མཚན་ཉིད་བསྟན་པའོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། ཞུས་པ་དང་ལན་དག་གིས་ཕ ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་བདུན་བསྟན་པ་སྟེ། འདི་ནི་དང་པོ་གྲངས་མདོར་སྨོས་པའོ།། བདུན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ངས་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཇི་ལྟར་བསྟན་པ ་བཞིན་དུ་ཡང་དག་པར་རྗེ་སུ་བསྒྲུབ་ཅིང་སྤྱོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་ངག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་རྣམ་པ་བདུན་སྟོན་ཏོ།། འདི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན ་པ་ཉིད་ཀྱིས་རྣམ་པ་དྲུག་ཏུ་དབྱེ་སྟེ། འདི་ནི་དང་པོ་སྦྱིན་པའི་མཚན་ཉིད་བསྟན་པའོ།། འདི་ཡང་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་བསྐྱེད་པ་མདོར་བསྟན་པ་དང་། མཚན་ཉིད ་རྣམ་པ་བདུན་རྣམ་པར་ཕྱེ་སྟེ། བསྟན་པ་དང་། མཚན་ཉིད་བདུན་བཤད་པའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་སྦྱིན་པའི་མཚན་ཉིད་བདུན་བསྐྱེད་པ་མདོར་བསྟན་པའོ།། སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པས ་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ཚུལ་ཁྲིམས་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ལྟེ་བ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་ལ་སྤྱོད་པ་དང་། སེམས་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག ་པོ་ལ་སྤྱོད་པ་དང་། ངག་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། ཤེས་པ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་དང་། དྲི་མ་རྣམ་པར་དག་པས་སྦྱིན་པ་རྣམ་པར་དག་པ་སྤྱོད་པ་ཞེས་བྱ་བ་ནི་གཉིས ་སྦྱིན་པའི་རྣམ་པར་དག་པའི་མཆིན་ཉིད་རྣམ་པོ་བདུན་རྣམ་པར་ཕྱེ་སྟེ་བསྟན་པའོ།། དེ་ལ་དངོས་པོ་མ་བརྟག་པ་ལ་སོགས་པ་མ་ཡིན་པས་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པ་ཞེས་བྱའོ།། ཉེས་པ ་རྣམས་རབ་ཏུ་བསལ་ཏེ། སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱའོ།། བདག་ནི་སྦྱིན་པར་བྱེད་པའོ།། སྦྱིན་པར་བྱ་བ་ནི་བདག་གིའོ།། ཞེས་བྱ་བ་ལ་སོགས་པར་མི་འཛིན་པ་གང་ཡིན་པ་དེ་ནི། ལྟ་བ་རྣམ ་པར་དག་པ་ཞེས་བྱའོ།། སྙིང་བརྩེ་བའི་སེམས་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི་སེམས་རྣམ་པར་དག་པོ་ཞེས་བྱའོ།། མདོག་མདངས་བཟང་ཞིང་སྔར་གསོང་པོར་སྨྲ་བ་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ ་དེ་ནི་ངག་རྣམ་པར་དག་པ་ཞེས་བྱའོ།། སྦྱིན་པའི་མིང་དང་ངོ་བོ་ཉིད་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་ལ་སོགས་པས་སྦྱིན་པ་གཏོང་བ་གང་ཡིན་པ་དེ་ནི། ཤེས་པ་རྣམ་པར་དག་པ་ཞེས་བྱའོ།། ལེ་ལོ་དང་། འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་ལ་སོགས་པའི་དྲི་མ་ཡོངསུ་སྤངས་ནས་སྦྱིན་པ་གཏོང་བ་གང་ཡིན་པ་ད་ནི་དྲི་མ་རྣམ་པར་དག་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་གཏོང་བ་ན་རྣམ་པར་དག་པའི་མཚན་ཉིད་བདུན་པོ་འདི་དག ་དང་ལྡན་ན། གདོད་སྦྱིན་པ་རྣམ་པར་དག་པ་ཡོངསུ་གྲུབ་པར་འགྱུར་ཏེ། ཞིབ་ཏུ་དེ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པ་བཅས ་པ་ལ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། མཚན་ཉིད་བདུན་པོ་འདི་དག་རེ་རེ་ཞིང་ཡོང་མཚན་ཉིད་རྣམ་པ་བཅུ་བཅུར་དབྱེ་བར་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྙེད་དུ། གཞན ་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་སྦྱིན་པ་བྱིན་པར་བྱེད་པ་དེ་ལ་བརྟེན་ནས་སྦྱིན་པ་ཡོངསུ་དག་པ་རྣམ་པ་བདུན་དུ་རིག་པར་བྱའོ།། འདི་ལྟར་སྦྱིན་པ་བྱ་བའི་དངོས་པོ་ཡོངསུ་དག་པ་དང་། ཚུལ་ཁྲིམས་ཡོང་སུ་དག་པ་དང་། ལྟ་བ ་ཡོང་སུ་དག་པ་དང་། སེན་ཡོངསུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཤེས་པ་ཡོངས་སུ་དག་པ་དང་། དྲི་མ་ཡོངསུ་དག་པ་སྟེ། ཡོངསུ་དག་པ་དེ་དག་ཐད་ཀྱང་རྣམ་པ་བཅུར་རིག་པར་བྱའོ།། དེ་ལ་སྦྱིན་པར་བྱ་བའི་དངོས་པོ ་ཡོངསུ་དག་པ་རྣམ་པ་བཅུ་གང་ཞེ་ན། དེ་རྒྱ་ཆེན་པོ་སྦྱིན་པར་བྱེད་པ་ནི་འདྲི་ལྟ་སྟེ། མང་པོ་སྣ་ཚོགས་བྱེ་བྲག་གི་ཕྱིར་རོ།། མཚུངས་པར་སྦྱིན་པ་ནི་འདི་ལྔ་སྟེ། མི་མང་མི་ཉུང་བ་ཉིད་ཀྱི་ཕྱིརོ།། དུས་སུ་སྦྱིན་པ་ནི ་འདི་ལྟ་སྟེ། ད་འདོད་པའི་དུས་དང་འཚམ་པའི་ཕྱིར་རོ།། གྱ་ནོམ་པར་སྦྱིན་པར་བྱེད་པ་འདི་ལྟ་སྟེ། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱི་རོ།། ཡོང་སུ་གཅིང་བ་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། མི་གཙང་བའི་དངོས་པོ་དག ་དང་མ་འདྲེས་པའི་ཕྱིརརོ།། ཆོས་བཞིན་དུ་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པའི་ཕྱིར།། ཅི་འདོད་པ་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། སློང་བ་དག་གི་འདོད་པ་བཞིན་དུ་གྱུར་པའི་ཕྱིརོ།། ཕན་པ་སྦྱིན་པར་བྱེད ་པ་ནི་འདི་ལྟ་སྟེ། དེ་དང་ཕྲད་པར་གྱུར་པའི་ཕྱིར་རོ།། གཅིག་དང་རིམས་ཀྱིས་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། སློང་མོ་བ་དེ་ལ་རྟོག་པ་ཉིད་ཀྱི་ཕྱིརརོ།། རྒྱུན་འཚད་མེད་པར་སྦྱིན་པར་བྱེད་པ་ནི་འདི་ལྟ་སྟེ། རྒྱུན་མི་འཆད་པ་ཉིད་ཀྱི་ཕྱིརརོ་ཞེས ་འབྱུང་བ་ལྟ་བུ་སྟེ། ཚུལ་ཁྲིམས་དང་། ལྟ་བ་དང་། སེམས་དང་། ངག་དང་། ཤེས་པ་དང་། དྲི་མ་དྲུག་པོ་རེ་རེ་ལ་ཡང་མཚན་ཉིད་རྣམ་པ་བཅུ་བཅུར་རྣམ་པར་དབྱེ་བ་ཡང་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པ་བཅས་པ་ལ་བསླབ་པའི་གཞི་ཐད་ལ་མཁས་པ་དང་། ལྟུང་བ་ལས་བསླང་བ་ལ་མཁས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པ་བདུན ་སྟོན་ཏེ། འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་པ་ཡང་དང་པོ་མཚན་ཉིད་བདུན་བཤད་པ་ཡང་རྣམ་པ་གཉིསུ་དབྱེ་སྟེ། མཚན་ཉིད་རྣམ་པ་གཉིས་ལ་མཁས་པར་བསྟན་པ་དང་། མཚན་ཉིད་ཀྱི་རྣམ་པ་ལྔ་ལ ་ཡང་དག་པར་སློབ་པར་བསྟན་པ་སྟེ། འདི་ནི་དང་པོའོ།། དང་པོ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ཐཾད་ལ་མཁས་པ་སྟེ། དེའི་ཕྱིར་མཆིམས་རྣམ་པར་གྲོལ་བའི་མདོ་ལས། སྡོམ་པ་སྡོམ་པའི་ཚུལ་ཁྲིམས་ཐཾད་ལེགས ་པཔར་བཅས་པ་ཞེས་གསུངས་པ་ཡིན་ནོ།། གཉིས་པ་ནི་ལྟུང་བ་ལས་བསླང་བ་ལ་མཁས་པ་དེ་ནི་ཉེས་པ་ལས་འབྱིན་ཅིང་བཤགས་པར་བྱ་བའི་ཆོས་ཡིན་ཏེ། དེའི་ཕྱིར་མཆིམས་རྣམ་པར་གྲོལ་བའི་མདོ་ལས། ལྟུང་བ་ལས ་བསླང་བ་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ།། དགོངས་པ་ཟབ་མོ་ངེས་པར་དགྲོལ་བའི་མདོ་ལས་ནི་སྐྱོན་གྱི་ཆོས་དང་བྲལ་བ་ཞེས་འབྱུང་།། རྟག་པའི་ཚུལ་ཁྲིམས་དང་ལྡན་པ་དང་། བསྟན་པའི་ཚུལ་ཁྲིམས་དང་། རྟག་ཏུ ་འབྱེད་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་འཇུག་པའི་ཚུལ་ཁྲིམས་ཅན་བསླབ་པའི་གཞི་པདེ་ཡང་དག་པོར་བླངས་ཏེ་སློབ་པར་བྱེད་པ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་རྣམ་པ་ལྔ་ལ་ཡང་དག་པར་སློབ་པར་བྱེད་པ་ཞེས་བྱ་བ ་སྟོན་ཏོ།། དེ་ལ་མཆིན་ཉིད་ལྔ་ནི་རྟག་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་བྱེད་པའི་ཚུལ་ཁྲིམས་ཅན་དང་། རྟག་ཏུ་འཇུག་པའི་ཚུལ་ཁྲིམས་ཅན་དང་། བསླབ་པ་བཞི་ཡང་དག་པར་བླངས་ཏེ་སློབ་པར་བྱེད་པ་དག་ཡིན་ནོ།། མཚན ་ཉིད་ལྔ་པོ་འདི་དག་ནི་རྣལ་འབྱོར་སྤྱོད་པའི་ས་ལས་གོ་རིམ་བཞིན་དུ་སྟོན་ཏོ།། དེའི་ཕྱིར་རྣམ་པར་བཤད་པ་བསྡུས་པ་ལས། དེ་ལ་ཇི་ལྟར་ངེས་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། འདི་ལྟ་སྟེ། བསླབ་པ་བཞི་རྣམས་མི་དབུལ ་བའི་ཕྱིརརོ་ཞེས་འབྱུང་བ་ཡི་ནོ།། གཞན་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས། ངེས་པའི་ཚུལ་ཁྲིམས་ཅན་ནི་ཇི་སྲིད་འཚོ་བའི་བར་དུ་བསླབ་པ་འབུལ་བར་མི་བྱེད་པའི་ཕྱི་རོ་ཞེས་འབྱུང་།། རྣམ་པར་བཤད་པ་ལས་འཇིག་རྟེན་ན་བསྟན་པའི ་ཚུལ་ཁྲིམས་ཅན་ཡིན་ཞེ་ན། བསླབ་པའི་གཞི་ཉམས་པར་མི་བྱེད་པའི་ཕྱིརརོ་ཞེས་འབྱུངངོ་།། ཚུལ་ཁྲིམས་ཀྱི་ལེའུ་བསྟན་པ་ནི་ཚིལ་ཁྲིམས་ཅན་ནི་རྙེད་པ་དང་། བཀུར་སྟི་དང་། ཕས་ཀྱི་རྒོལ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན ་མོངས་པ་རྣམས་ཀྱི་ཟིལ་གྱིས་མི་གནོན་པའི་ཕྱིར་དང་། འཕྲོག་པར་མི་ནུས་པའི་ཕྱི་རོ་ཞེས་འབྱུང་ངོ་།། རྣམ་པར་བཤད་པ་བསྡུས་པ་ལས་ནི་ཇི་ལྟར་ན་རྟག་ཏུ་འབྱེད་པའི་ཚུལ་ཁྲིམས་ཅན་ཞེ་ན། བསླབ་པའི་ཚུལ་འདྲལ་བར་མི་བྱེད ་པའི་ཕྱིར་རོ།། ཇི་ལྟར་དུ་འཇུག་པའི་ཚུལ་ཁྲིམས་ཅན་ཡིན་ཞེ་ན། རལ་ནི་ཡང་ཕྱིར་གསོ་བར་བྱེད་པའི་ཕྱིརརོ།། ཇི་ལྟར་ན་བསླབ་པའི་གཞི་རྣམ་པ་ཡང་དག་པར་བླངས་ཏེ་སློབ་པ་ཡིན་ཞེ་ན། བསླབ་པ་མཐའ་དག་རྗེསུ་བསྲུང་བའི ་ཕྱིར་རོ་ཞེས་འབྱུང་ངོ་།། མཚན་ཉིད་འདི་དག་རྒྱ་ཆེར་བཤད་པ་ནི་བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། འདི་ལྟར་རྟག་པའི་ཚུལ་ཁྲིམས་དང་ལྡན་པ་དང་། བསྟན ་པའི་ཚུལ་ཁྲིམས་ཅན་གཉིས་ཀྱིས་ནི་བསླབ་པར་མི་དབུལ་ཞིང་། རལ་པར་མི་བྱེད་པས་གཉིསུ་སྟོན་ཏེ། རྟག་ཏུ་བྱེད་པ་དང་། རྟག་ཏུ་འཇུག་པའི་ཚུལ་ཁྲིམས་རྣམ་པ་གཉིས་ཀྱི་ནི། ནན་ཏན་གྱིས་འདྲལ་བར་མི་བྱེད་ཅིང་། རལ་ན ་ཡང་བཤགས་པར་བྱེད་པས་གཉིས་སུ་བསྟན་ཏོ།། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་ནི། བསླབ་པ་མཐའ་དག་རྗེསུ་སྲུང་བར་བྱེད་པས་སོ།། ཁ་ཅིག་ན་རེ་རྣམ་པ་བདུན་ལས་དང་པོ་གཉིས་ནི་སྡོམ་པའི་ཚུལ ་ཁྲིམ་སོ།། དེའི་འོག་མ་གཉིས་ནི་དགེ་བ་བསྡུད་པའི་ཚུལ་ཁྲིམ་སོ།། དེའི་འོག་མ་གཉིས་ནི་སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས།། ཐ་མ་གཅིག་ནི་སྔ་མ་གསུམ་སྤྱིར་བསྡུས་པ་ཡིནོ་ཞེའོ།། དེ་ནི་ཚུལ་ཁྲིམས་རྣམ ་པར་དག་པའི་མཚན་ཉིད་བདུན་ཞེས་བྱའོ།། ཞེས་བྱ་བ་ནི་གཉིས་པ་མ་ཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་གང་གིས་བདག་ཉིད་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པ ་ལ་བརྟེན་པས་གནོད་པ་ཐམས་ཅད་ཉེ་བར་གནས་པ་ནང་འཁྲུག་པ་མི་བསྐྱེད་པ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་བཟོད་པའི་མཚན་ཉིད་རྣམ་པ་བདུན་བསྟན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། ་མཇུག་བསྡུ་བའོ།། རྣམ་པར་བཤད་པ་ཡང་མཚན་ཉིད་ཀྱི་རྣམ་པ་བདུན་བསྟན་པ་ཉིད་ལས་བདུན་དུ་ཕྱེ་སྟེ། འདི་ནི་མཚན་ཉིད་དང་པོ་བསྟན་པའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་རྒྱུ་དང་འབྲས་བུ་ལ་ཤིན་ཏུ་མངོན་པར ་ཡིད་ཆེས་པས་བདག་ཉིད་ཀྱི་ལས་ཀྱིས་མི་མཐུན་པའི་ཡུལ་མངོན་དུ་གྱུར་པ་ན་འཁྲུག་པ་སྐྱེད་པར་མི་བྱེད་དེ། དེ་ལ་ལྔས་མངོན་པར་ཡིད་ཆེས་པ་གང་ཡིན་པ་དེ་ནི་བཟོད་པའི་རྒྱུའོ།། གནོད་པའི་དངོས་པོ ་གང་ཡིན་པ་དེ་ནི་བཟོད་པར་བྱ་བའི་ཡུལ་ལོ།། འཁྲུག་པ་མི་སྐྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་ངོ་བོ་ཉིད་དེ། རྒྱུ་དང་རྐྱེན་འདི་གསུམ་གྱི་མཚན་ཉིད་དང་པོ་བསྟན་ཏོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས ་ལས་འདི་ལྟ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ནི་གཞན་གནོད་པ་བྱེད་པ་ལས་བྱུང་བའི་སྡུག་བསྔལ་མི་བཟད་པ་རྒྱུན་མི་འཆད་པ་སྣ་ཚོགས་ཡུན་རིང་པོ་མངོན་དུ་བྱེད་པ་ལ་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ནི ་རང་གི་ལས་ཀྱི་ལེ་ལན་ཡིན་ཏེ། དེས་ན་བདག་རང་གིས་བྱས་པའི་མྱི་དགེ་བའི་ལས་ཀྱི་སྡུག་བསྔལ་གྱི་འབྲས་བུ་ཉམསུ་མྱོང་ལ། བདག་ནི་སྡུག་བསྔལ་མི་འདོད་དེ། མི་བཟོད་པ་དེ་ཕྱི་མ་ལ་ཡང་སྡུག་བསྔལ་གྱི ་རྒྱུའི་གནས་སུ་འགྱུར་ལ། བདག་གི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆོས་དེ་ཡང་དག་པར་བླངས་ཏེ། འདུག་ན་ནི་བདག་ཉིད་མི་སྡུག་པ་གང་ཡིན་པ་དེ་ལ་བདག་ཉིད་ཀྱིས་བདག་ཉིད་སྦྱོར་བར་བྱེད་པར་ངེས་སོ་ཞེས་བྱ་བ ་ལ་སོགས་པ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། ལེན་བྱ་བའི་ཕྱིར་སླར་ཡང་སྤྱོད་པ་དང་། གཤེ་བ་དང་། རྡེག་པ་དང་། བསྡིགས་པ་དང་། འཆིང་འབྲུ་བའི་གནོད་པ་སྣ་ཚོགས་སྦྱོར་བར་མི་བྱེད་པ་ཞེས་བྱ་བས་ནི ་མཚན་ཉིད་གཉིས་པ་སྟོན་ཏོ།། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་རྣམ་པ་གཉིས་རབ་ཏུ་རྟོག་པར་སྤྱོད་པ་མི་དམིགས་པ་དང་། གཞན་ཡང་བཟོད་པ་མྱུར་དུ་འགྲུབ་པའི་ཕྱིར་ལན་མི་བཟོད་པར་བྱེད་དེ།། གལ་ཏེ ་ལན་བྱ་བར་གྱུར་ན། ཕན་ཡོན་ཆེན་པོ་ལས་རབ་ཏུ་ཉམས་པར་གྱུར་པའི་ཕྱིརརོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འདི་ལ་གཤེ་བར་བྱེད་པ་དང་། གཤེ་བར་བྱ་བ་དང་། ཁྲོ་བར་བྱ་བ་དང་། འཚང ་འདྲུ་བར་བྱ་བ་དང་། བརྡེག་པར་བྱེད་པ་དང་། བརྡེག་པར་བྱ་བ་འགའ་ཡང་མེད་དེ། འདི་དག་ནི་ཡི་གེ་དག་གིས་བརྗོད་པར་བྱ་བ་ཁོ་ནར་ཟད་པས། དེ་དག་གི་སྒྲ་ཙམ་དང་སྐད་ཙམ་དུ་ཟད་པའི་ཕྱིར་དང་། གཞན་ཡང་བདག་གང་ལ་གནས་པ ་ལུས་འདི་ལ་འདི་ལྟ་སྟེ། སྒྲའི་རིག་པ་དང་། ལག་པ་དང་བོང་བ་དང་། དབྱུག་པ་དང་། མཚོན་ཆུའི་རེག་པའི་རེག་པ་དེ་ལྟ་བུ་དག་འོང་བར་འགྱུར་བའི་ལུས་འདི་ནི་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་དེ་ལྟ་བུ ་ཡིན་ཏེ། བདག་གི་ལུས་འདྲ་ཡང་མི་རྟག་པ་ཡིན་པ་ལ་རེག་པ་དེ་དང་དེ་དག་དང་གནོད་པར་བྱེད་པ་དེ་དག་ཀྱང་མི་རྟག་པ་ཡིན་པའི་ཕྱིར་དང་། གཞན་ཡང་ས་ན་ཐམས་ཅད་ནི། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་ཅན ་ཡིན་ཏེ། དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་ཡུན་རིང་པོ་འདས་པ་ནས་གང་དག་ཁྱེད་ཀྱི་ཕ་མ་དང་། ཕུ་ནུ་དང་། བུ་སྲིང་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མ་ལྟ་བུར ་གྱུར་པའི་སེམས་ཅན་དེ་ལྟ་བུ་ནི་འགའ་ཡང་ཡང་དག་པར་རྗེ་སུ་མ་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། དེའི་ཕྱིར་རྣམ་གྲངས་དེས་ཀྱང་མཛའ་བཤེས་ཀྱི་ཕྱོགས་ཉིད་ཀྱང་དགྲ་བོའི་ཕྱོགས་ཡིན་ལ་དགྲ ་བོའི་ཕྱོགས་ཉིད་ཀྱང་མཛའ་བ་ཤེས་ཀྱི་ཕྱོགས་ཡིན་པས་འདི་ལ་མཛའ་བཤེས་དང་། དགྲ་བོའི་དངོས་པོ་འགའ་ཡང་ཡོངསུ་གྲུབ་པ་མེད་དེ། མཛའ་བ་ཤེས་ལ་ལ་དགྲ་བོར་འགྱུར་ལ། དགྲ་བོ་ཡང་མཛའ་བཤེས་སུ་འགྱུར ་བས་དེའི་ཕྱིར་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དང་། ལྟེ་བ་མཉམ་པ་ཉིད་དང་། ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་དང་། བདེ་བ་ཉེ་བར་སྒྲུབ་པ་དང་། བདེ་བ་ཉེ་བར་སྒྲུབ་པར་སྨོས་པ ་ཉིད་དུ་བྱའོ་སྙམ་དུ་སེམས་པ་སྟེ། ཞེས་འབྱུང་སྟེ། དེ་ལྟ་བུའི་བསམ་གཏན་གྱི་བཟོད་པ་བསྒོམ་པར་བྱེད་དོ།། ཁོན་གྱི་བསམ་པ་མི་མཛད་པ་ཞེས་བྱ་བས་ནི་མཚན་ཉིད་གསུམ་བསྟན་པ་སྟེ། བཟོད་པའི་ཕན་ཡོན་ཁོང་དུ ་ཆུང་བར་གྱུར་ན་འདོད་པ་མི་ཟ་བར་ཁོན་དུ་འཛིན་པ་མེད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གཞན་དག་གི་གནོད་པ་བྱས་པ་ན། ཕྱིར་གནོད་པ་ཡང་མི་བྱེད་པ་དང་། ཡིད་འཁྲུག་པར་ཡང་མི ་འགྱུར་བ་དང་། དགྲར་བསམ་པ་ཡང་མི་འཛིན་ལ། སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་ཕན་གདགོས་པའི་ཕྱིར་བརྩོན་པར་བྱེད་ཅེས་བསྟན་པ་ཡིནོ།། ཤས་ཀྱིས་ཆགས་པ་ན་ཡོངསུ་ཉོན་མོངས་པར་མི་བྱེད་པ་ཞེས་བྱ་བ་ནི། ་མཚན་ཉིད་བཞི་པ་བསྟན་པཱ་སྟེ། དྲུགྲ་བོ་དྲུག་གས་ཤད་ཀྱིས་ཆགསུ་འང་བའི་ཆ་བཤགས་པ་དང་དུ་ལེན་ཅང་ཉོན་མོངས་པ་སྐྱེད་པར་མི་བྱེད་པ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཕ་རོལ་ཡོངསུ་ངལ་བར་བྱས ་པའི་འོག་ཏུ་ཆགས་པ་མི་ལེན་གྱི། དེ་ཡོངསུ་སྐྱོ་ཞིང་ངལ་བར་འགྱུར་བར་དོགས་ནས་འོང་མ་ཐག་ཏུ་འཆགས་པ་ལེན་པར་བྱེད་དོ་ཞེས་བཤད་དོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། གལ་ཏེ་བཤགས་པར ་གསོལ་བ་འདེབས་ན་དུས་བཞིན་དུ་ལེན་པར་བྱེད་པས་གཞན་ལ་གནོད་པ་མི་སྐྱེ་བ་ཞེས་འབྱུང་།། ཤད་ཀྱི་འཆགས་པ་སྡོད་པ་ཞེས་བྱ་བས་ནི་མཚན་ཉིད་ལྔ་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་དགྲ་བོས་བྱང་ཆུབ་སེམས་དཔའ་ཉིད ་ལ་གནོད་པ་བྱེད་དུ་དོགས་པས། བྱང་ཆུབ་སེམས་དཔའ་ཉིད་མྱུར་དུ་དགྲའོ་དེ་ཉིད་དུ་འགྲོ་ཞིང་བཤགས་པར་བྱེད་ཀྱི། ཕ་རོལ་འོངས་པ་ལ་བརྡུད་ནས་བཤགས་པ་ནི་མ་ཡིན་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ་ཁོན་ཡོད་པ་དག་ལ་བདག་ཉིད་འགྲོ་ཞིང་བཤགས་པར་བྱེད་དོ་ཞེས་བཤད་དོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། གལ་ཏེ་གཞན་གྱིས་གནོད་པར་བྱས་ན་ཡང་མི་བརྗེད་པར་འཆགས་པར་བྱེད་པ་ཞེས་འབྱུང་།། འཇིགས ་པ་དང་ཟང་ཟིང་གི་སེམས་ཀྱིས་བཟོད་པར་བྱེད་པ་མ་ཡིན་པ་ཞེས་བྱ་བས་ནི་མཚན་ཉིད་དྲུག་པ་བསྟན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིགས་པའི་ཕྱིར་བཟོད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་རྒྱལ་པོ་ལ་སོགས་པ་ལ། ་འཇིགས་པ་ལྟ་བུ་ནི་མ་ཡིན་པའོ།། ཟང་ཟིང་གི་སེམས་ཀྱི་ཡོངསུ་ཚོལ་བར་བྱེད་པ་ཡང་མ་ཡིན་ཏེ། ཟས་དང་སྐོམ་ལ་སོགས་པ་ཚོལ་བའི་ཕྱིར་མ་ཡིན་གྱི། གཞན་དོགས་པའི་ཕྱིར་བཟོད་པ་བསྒོམ་པའོ།། ་མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་འཇིག་རྟེན་མེད་པ་དང་། ཚོལ་བ་མེད་པས་བཟོད་པར་བྱེད་པ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་འཇིགས་པ་དང་བཅས་པ་དང་། ཟས་དང་སྐོམ་གྱི་ཕྱིར ་བཟོད་པར་བྱེད་པ་མ་ཡིན་པ་ཞེས་འབྱུངངོ་།། ཕན་གདགས་པར་བྱ་བ་ལ་ཡལ་བར་མི་དོར་བ་ཞེས་བྱ་བ་ནི་མཚན་ཉིད་བདུན་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་རྟག་པར་སེན་ལ་ཕན་འདོགས་པར་བྱེད་ཀྱི། ལན་ཅིག་སེན་ལ་ཕན ་བཏགས་པས་ཆོག་གོ་ཞེས་ཡལ་བར་དོར་ནས་བྱ་བ་གཞན་མི་བྱེད་པས་ཕན་འདོགས་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ལན་ཅིག་ཙམ་ཕན་བཏགས་ནས་ཡལ་བར་བོར་ཏོ།། ཕན་འདོགས་པ་མ་ཡིན་ནོ།། ། ་ཞེས་འཆད་དོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། རྟག་པར་ཕན་བཏགས་པའི་སེམས་ཀྱིས་ཡལ་བར་མི་དོར་བཾ་ཞེས་འབྱུང་།། དེ་ནི་བཟོད་པ་རྣམ་པར་དག་པའི་མཚན་ཉིད་བདུན་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་བཟོད ་པའི་མཚན་ཉིད་རྣམ་པ་བདུན་བཤད་པའི་མཇུག་བསྡུ་བའོ།། བྱང་ཆུབ་སེམས་དཔའ་གང་གི་བརྩོན་འགྲུས་མཉམ་པ་ཉིད་རབ་ཏུ་ཤེས་པ། ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་བརྩོན་འགྲུས་ཀྱི་མཚན་ཉིད་རྣམ་པ་བདུན་སྟོན་ཏོ།། ་འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ།། རྣམ་པར་བཤད་པ་ཡང་མཚན་ཉིད་རྣམ་པ་བདུན་བཤད་པ་དང་། མཇུག་བསྡུ་བའོ།། རྣམ་པར་བཤད་པ་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་ཉིད་ཀྱི ་རྣམ་པ་བདུན་དུ་དབྱེ་སྟེ། འདི་ནི་དང་པོ་བརྩོན་འགྲུས་མཉམ་པ་ཉིད་བསྟན་པའོ།། དེ་ལ་ངམ་ལྡོད་དྲན་པར་གྱུར་པའི་ཕྱིར་མཉམ་པ་ཉིད་ཅེས་བྱ་བ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཡང་བྱང་ཆུབ་སེམས་པ ་ཧཅང་མི་ཞུམ་པཱ། ཧ་ཅང་ཡང་བརྟུན་མི་ངས་པར་བརྩོན་འགྲུས་བརྩོམ་སྟེ། སྦྱོར་བ་སྙོམས་པར་བྱེད་ཅིང་། བརྩོན་འགྲུས་བྱ་བ་ཐམས་ཅད་སྙོམས་པར་གུས་པར་བྱེད་པ་ནི་འདི་ནི་བྱང་ཆུབ་སེམས་དཔའི་སྙོམས་པའི་བརྩོན་འགྲུས ་ཞེས་བསྟན་པ་ཡིན་ནོ།། འདུལ་བ་དུམ་བུ་ལྔ་པ་ལས་ཀྱང་། རྣལ་འབྱོར་སྤྱད་པའི་ས་ལས་བསྟན་པ་དང་མཐུན་པར་འབྱུང་སྟེ། དེའི་ཕྱིར་འདུལ་བ་འདི་ལས། དེའི་ཚེ་ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པས་བཅོམ་ལྡན་འདས་ལ་བདག ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱེད་པར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་གནང་ངོ་།། དེས་རིང་པོར་མ་ལོན་པར་སྒོ་ཁང་དང་ཚལ་དང་། ཆག་ས་དག་ཏུ ་བརྩོན་འགྲུས་སྤྱད་པས་རྐང་པ་ལས་ཁྲག་མཛེགས་པས་ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པ་འདི་སྙམ་དུ་སེམས་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་ནང་ན་བརྩོན་འགྲུས་ནི་བདག་ལས་ལྷག་པ་མེད་ན་ཡང་། ད་དུང་སྡུག་བསྔལ་རྣམས ་ཀྱི་རྩ་བཟང་པར་མ་གྱུར་ཏོ།། བདག་གི་ཁྱིམ་ན་ནོར་དང་རིན་པོ་ཆེ་མང་དུ་ཡོད་པས་སླར་ཁྱིམ་པར་བབས་ཏེ། བསོད་ནམས་ཡིད་ལ་མ་གཅག་པར་བྱས་ཀྱང་ཅི་མ་རུང་སྙམ་དུ་སེམས་པ་བཅོམ་ལྡན་འདས ་ཀྱི་ཐུགསུ་ཆུད་པར་གྱུར་ནས་དེའི་ཐད་དུ་གཤེགས་ཏེ། ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པ་ལ་ཁྱོད་འདི་ལྟ་བུའི་སེམས་བསྐྱེད་པ་བདྲེན་ནམ་ཞེས་བཀས་སྨྲས་པ་དང་། དེས་མང་ངོ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཡང་བཀའ ་སྩལ་པ། ངས་ཁྱོད་ལ་དྲི་བ་དྲིས། ཁྱོད་ཀྱིས་ཀྱང་ངས་དྲི་བ་དྲིས་པའི་རྗེ་སུ་ལན་ཐོབ་ཅིག། ཁྱོད་སྔོན་ཁྱིམ་ན་གནས་པའི་ཚེ་པི་ཝང་ལ་མཁས་སམ། གསོལ་པ། མཁས་ལགས་སོ།། ཡང་བཀའ་སྩལ་པ། པི་ཝང་གི་རྒྱུད་ཐང ་ཆད་པའི་ཚེ་སྒྲ་རན་ཅིང་སྙན་པར་འགྱུར་རམ། གསོལ་པ་སྙན་པར་མ་གྱུར་ལགསོ།། ཡང་བཀའ་སྩལ་པ། པི་ཝང་གི་རྒྱུད་ལྷོད་པའི་ཚེ་སྒྲ་སྙན་ཅིང་རན་པར་འགྱུར་རམ། གསོལ་པ་སྙན་པར་མི་འགྱུར་ལགསོ།། འོ་ནི་ཇི་ལྟར ་བྱས་ན་སྙན་པར་འགྱུར། གསོལ་བ་ཧ་ཅང་དམ་པ་ཡང་མ་ལགས། ཧ་ཅང་ལྷོད་པ་ཡང་མ་གྱུར་ན། གདོད་སྙན་པར་འགྱུར་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་ཆོས་ལ་ཡང་དེ་བཞིན་ཏེ། ཧ་ཅང་ལྷོད ་པ་དང་། ཧ་ཅང་བརྟུན་པས་ལམ་ཐོབ་པར་མི་འགྱུར་གྱི། བརྩོན་འགྲུས་རན་པ་ལ་གནས་ན་གདོད་སྡུག་བསྔལ་ཟད་པར་འགྱུརརོ།། ཉན་ཐོས་རྣ་བ་བྱེ་བ་ཉི་ཤུ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས་འཆུག ་དེ་ཉིད་དུ་ཟག་པ་རྣམས་མྱ་ལུས་པར་བྱུང་བར་གྱུར་ཏེ་ཞེས་གསུངས་པ་ཡཱན་ཏེ། སྭཱ་ཏུ་དེ་ཉིད་ལས་བྱསྟན་པ་བཞིན་ནོ།། ལུང་གཅིག་ལས་འབྲོས་པ་དང་། ལུང་སྣ་ཚོགས་དང་། འདུལ་བ་དུམ་བུ་བཙྪ་པ་ལ་སྔགས་པ་མས ་ཀྱང་ཕལ་ཆེར་དེ་སྐད་དུ་སྟོན་ཏོ།། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པ་ཞེས་བྱ་བས་ནི་གཉིས་པ་ང་རྒྱལ་དང་བྲལ་བའི་བརྩོན་འགྲུས་བསྟན་ཏེ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི ་གཞན་ལ་ཕན་འདོགས་པ་སྔོན་དུ་འགྲོ་བས་གཞན་དག་ལ་ཕྱིར་ང་རྒྱལ་སྐྱེད་པར་ལྟ་ག་ལ་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། བརྩོན་འགྲུས་བརྩམས་པའི་ང་རྒྱལ་དང་བྲལ་བའི་ཕྱིར ་ང་རྒྱལ་དང་བྲལ་བའི་བརྩོན་འགྲུས་ཞེས་བྱའོ་ཞེས་འབྱུང་ངོ་།། མཐུ་དང་ལྗོན་པ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བསྟན་པ་དང་། དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་གཏོང་བ ་ཞེས་བྱ་བ་འདི་ནི་བརྩོན་འགྲུས་ཕྱི་མ་ལྔ་པོ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་དང་བསྟན་པ་དང་། དགེ་བའི་ཆོས་རྣམས་བརྩོན་པ་མི་གཏོང་བ་བསྟན་པ་སྟེ། ཚིག ་ལྔ་པོ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ནི་མདོའི་ཚིག་ལྔ་པོ་འདི་མིང་སྨོས་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད། ་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི།། དོན་གྱིས་རྣམ་པ་ལྔའི་མིང་རྣམ་པར་བཞག་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ ་གྲུབ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། དོན་གྱིས་རྣམ་པ་ལྔའི་མིང་བཞག་ནས་མདོའི་ཚིག་དང་སྦྱར་བར་ཟུད་ཀྱི་རྣམ་པར་ཕྱེ་སྟེ་བཤུད་པ་ནི་མེད་དོ།། ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་མདོ་སྡེའི་གཞི་བསྡུ་བའི་སྐབས་ནི་དོན་གྱི་རྣམ་པ་ལྔའི་མིང་བཞག་ནས་རྣམ་པ་ནི་ཡོད་ཀྱི། མདོའི་ཚིག་དང་སྦྱར་བ་ནི་མེད་དོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲོལ་པ་སློབ་དཔོན་དབྱིག་གཉེན ་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་ལས་ནི། དོན་གྱི་རྣམ་པ་ལྔའི་མིང་ཡང་བཞག་ནས་མདོའི་ཚིག་དང་སྦྱར་ཏེ་བཤུད་པ་ཡོད་པས། འདིར་རེ་ཞིག་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ངོ་བོ་ཉིད་མེད་ཀྱི་འགྲེལ་པ ་དང་། རྣལ་འབྱོར་སྤྱོད་པའི་ས་མདོ་སྡེའི་གཞི་བསྡུ་བ་ལས་བཤད་པ་དང་སྦྱར་ནས་མདོ་འདི་བཤད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། གོ་ཆ་དང་། སྦྱོར་བ་དང་། ཞུམ་པ་མེད་པ་དང་། ་མི་འཁྲུགས་པ་དང་། ཆོག་པར་མི་འཛིན་པ་ཞེས་བྱ་བ་ནི་མདོ་ལས་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བསྟན་པ་དང་། དགེ་བ་ལ་བརྩོན་པ་མི་གཏོང་བ་དང ་གློ་རིམ་དུ་སྦྱར་བར་རིག་པར་བྱའོ་ཞེས་འབྱུང་ངོ་།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། གོ་ཆའི་བརྩོན་འགྲུས་ནི་འདི་ལྟ་སྟེ། ཐོག་མ་ཁོ་ནར་བདག་གིས་འདིའང་བྱའོ་ཞེས་བརྩོན་པ་སྟེ། འདི་ནི་མཐུ་དང་ལྡན་པ་ཞེས་བྱ་བའི ་ཚིག་བསྟན་ཏོ།། སྦྱོར་བའི་བརྩོན་འགྲུས་ནི་འདི་ལྟ་སྟེ། སྦྱོར་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ནནཱ་ཏན་གྱིས་སྦྱོར་བར་བྱེད་པ་སྟེ། འདི་ནི་མདོ་ལས་བརྩོན་འགྲུས་དང་ལྡན་པའི་ཞེས་བྱ་བའི་ཚིག་གིས་བསྟན་ཏོ།། བདག་ཉིད་ངལ ་ཞིང་སྡུག་བསྔལ་བ་ལས་སེམས་ལྷོག་ཅིང་མ་ཉམས་པར་བྱེད་པ་ནི་ཞུམ་པ་མེད་པ་ཞེས་བྱའོ།། གཞན་གྱིས་གནོད་པ་བྱས་པ་རྣམས་ཀྱིས་སེམས་མི་གཡོས་པ་ནི་མི་འཁྲུག་པ་ཞེས་བྱའོ།། བྱང་ཆུབ་ལ་ཐུག་གི་བར་དུ་དུག ་བའི་ཕྱོགས་ལ་བརྩོན་ཞིང་བར་མ་དོར་ཡོངསུ་མི་གཏོང་བ་ནི་ཆོག་པར་མི་འཛིན་པ་ཞེས་བྱའོ་ཞེས་འབྱུང་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། བརྩོན་འགྲུས་བརྩམས་པ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། འདི ་ལྷ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཞུམ་པ་མེད་པའི་བརྩོན་འགྲུས་དང་། མི་བསྐྱོད་པའི་བརྩོན་འགྲུས་དང་། ཆོ་ག་མི་ཤེས་པའི་བརྩོན་འགྲུས་དང་། དེ་ལ་ཐོག་མ་ཁོ་ནར་ནི་འདུན་པ་དྲག་པོ ་བསྐྱེད་དོ།། དེའི་འོག་ཏུ་ནི་ཇི་ལྟར་མོས་པོ་བཞིན་དུ་མངོན་པར་སྤྲོ་བ་བསྟན་པོའི་སྦྱོར་བར་བྱེད་དོ།། དེའི་འོག་ཏུ་ཆོས་རྒྱ་ཆེན་པོ་རྣམས་རྒྱ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར། བདག་ཉིད་ལ་ཡང་ཁྱད་དུ་མི་གསོད་དོ།། ཞུམ་པར་ཡང་མི། ་འགྱུརརོ།། དེའི་འོག་ཏུ་ནི་གྲང་བ་ལ་སོགས་པའི་གནོད་པ་རྣམས་ཀྱང་བཟོད་དོ།། ངན་ངོན་གྱིས་ཆོག་པར་མི་འཛིན་པས་ཡོན་ཏན་གོང་མ་བས་ཀྱང་ཆེས་གོང་མ་གྱ་ནོམ་པ་འདོད་པའི་ཚུལ་གྱིས་གནས་སོ།། ་ཞེས་འབྱུང་ངོ་།། དེ་ནི་བརྩོན་འགྲུས་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཞེས་བྱའོ་ཞེས་པ་ནི་གཉིས་པའི་མཚན་ཉིད་རྣ་བ་དུན་བཤད་པའི་མཇུག་བསྡུ་བའོ།། །། བམ་པོ་དྲུག་ཅུ་གཉིས་པའོ།། ་བྱང་ཆུབ་སེམས་དཔའ་གང་གི་མཚན་མ་ལེགས་པར་རྟོགས་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་དང་། ཡོངསསུ་རྫོགས་པ་དང་ལྡན་པའི་ཏིང་འཛིན་ལ་བསམ་གཏན་དང་། གཉི་གའི་ཚེ་དང་ལྡན་པའི་ཏིང་འཛིན ་ལ་བསམ་གཏན་པ་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་བསམ་གཏན་གྱི་མཚན་ཉིད་རྣམ་པ་བདུན་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་པོ་རྣམ་པར་བྱེཤད་པ་དང་། མཇུག་བསྡུ་བ་བསྟན་ཏེ། འདི་ནི་བསམ་གཏན་དང་པོ་གསུམ ་བསྟན་པའོ།། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ལེགས་པར་རྟོག་པའི་ཏིང་འཛིན་གང་ཡིན་པ་དེ་ནི་མཚན་མ་ལེགས་པར་རྟོགས་པ་ཞེས་བྱའོ།། ཡོངསུ་རྫོགས་པའི་དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་པའི་ཏིང་འཛིན ་གང་ཡིན་པ་དེ་ནི་ཡུལ་ལས་ཡུལ་མི་ཐོབ་པ་ཡིན་པས་ཡོངསུ་རྫོགས་པ་ཞེས་བྱའོ།། ཀུན་རྫོབ་དང་། དོན་དམ་པའི་ཡུལ་གཉི་ག་ལ་དམིགས་པའི་ཏིང་འཛིན་གང་ཡིན་པ་དེ་ནི་གཉི་གའི་མ་ཞེས་བྱའོ།། ཤུགས་ཀྱིས ་འཇུག་པ་དང་ལྡན་པའི་ཏིང་འཛིན་ལ་བསམ་གཏན་པ་དང་། མི་གནས་པའི་ཏིང་འཛིན་ལ་བསམ་གཏན་པ་དང་། ཤིན་ཏུ་སྦྱངས་པ་བྱས་པ་དང་ལྡན་པའི་ཏིང་འཛིན་ལ་བསམ་གཏན་པ་དང་ཞེས་བྱ་བས་ནི་མཚན་ཉིད་བསྟི ་པབ་དང་། ལྔ་པ་དེང་། དྲུག་པ་བསྟནྡ་ཏེ། གོ་རིམ་བཞིན་དུ་སྦྱོར་བ་དང་། ཡང་དག་པའི་ཡེ་ཤེས་དང་། རྗེས་ལ་ཐོབ་པའི་ཡེ་ཤྲཱིས་གསུམ་དང་མཚུངས་པར་ལྡན་པའི་ཏིང་འཛིན་དང་སྦྱར་བར་བྱའོ།། དེ་ལ་སྦྱོར་བའི་ཤེས་པ་དོན ་ཟག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤུགས་ཀྱིས་འཇུག་པའི་གནས་སུ་གྱུར་པའི་ཏིང་འཛིན་ཁོ་ན་ཡིན་པ་སྱ་ཤུགས་ཀྱིས་འཇུག་པ་ཞེས་བྱའོ།། རྩ་གཱའི་ཡེ་ཤེས་དེ་ནི་ཐ་དད་པའི་སྤྱོད་ཡུལ་གྱི་གནས་སུ་མེད་པའི ་བརྗེན་པའི་ཏིང་འཛིན་ཡིན་པས་མི་གནས་པ་ཞེས་བྱའོ།། རྗེས་ལ་ཐོབ་པའི་ཡེ་ཤེས་ནི་སྤྱོད་པ་རྣམ་པ་སྣ་ཚོགས་འགྲུབ་པའི་རྟེན་དུ་གྱུར་པོའི་ཏིང་འཛིན་པས་ཤིན་ཏུ་སྦྱང་བ་བྱས་པཾ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི ་སྡེ་སྣོད་ཐོས་པ་དང་། དམིགས་པ་དང་ཡོང་སུ་བསྒོམ་པ་དཔག་ཏུ་མེད་པ་དང་ལྡན་པའི་ཏིང་འཛིན་ལ་བསམ་གཏན་པ་གང་ཡིན་པ་དང་ཞེས་བྱ་བས་ནི་མཚན་ཉིད་བདུན་བསྟན་པ་སྟེ། འདིས་ནི་སྦྱོར་བའི་དུས་ཀྱིས་ཤེས ་རབ་བསྟན་ཏོ།། དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའི་གསུང་རབ་ཡིན་པས་གསུང་རབ་འདི་ཐོས་པར་ནུས་པའི་ཏིང་འཛིན་ལ་དོན་གྱི་ཐོས་པའི་ཤེས་རབ་ཅེས་བསྟན་ཏེ། ཏིང ་དེ་འཛིན་གྱི་གནས་སྒྲུ་བསྨྲ་སྱ་ཡང་གསུང་རབ་ཐོས་པར་འགྱུར་བསྡུ་སོ།། དམིགས་པའི་ཞེས་བྱཱ་བྷ་ན་དྷང་འཛིན་ལ་གནས་པ་ལ་དོན་གྱིས་བསྐུམ་པའི་ཤེས་རབ་ཅེས་བསྟན་ཏོ།། ཡོངསུ་བསྒོམ ་པའི་དཔག་ཏུ་མེད་པའི་ཏིང་འཛིན་ཅེས་བྱ་བ་ནི་བསྒོམས་པའི་ཤེས་རབ་ཡིན་ཏེ། ཏིངའི་བྱིན་གྱི་གནས་སྐབསུ་ཡང་ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམ་པ་སྣ་ཚོགས་བསྒོམ་པར་ནུས་པའི་ཕྱིརོ།། བཤུང་བའི་རྣམ་པ་བཞིན ་དུ་ནི་ཤེས་རབ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང་། ཤེས་རབ་དབང་དུ་གྱུར་པའི་ཕྱིར་ཆོས་ཀྱི་མཚན་མ་རབ་ཏུ་རྟོག་པ་གང་ཡིན་པ་དེ་ནི་ཆོས་ཀྱི་མཚན་མ་ལེགས་པར་རྫོགས་པ་ཞེས་བྱའོ།། ནང་གི་སོ་སོ་ཡང ་དག་པར་རིག་པ་ཡོངསུ་རྫོགས་པའི་ཏིང་ངེ་འཛིན་ཤེས་རབ་དང་མཚུངས་པར་ལྡན་པའི་ཏིང་འཛིན་གང་ཡིན་པ་དེ་ནི་ཤུགས་ཀྱི་སྒྲ་འཇུག་པ་དང་ལྡན་པ་ཞེས་བྱའོ།། རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་མཚུངས་པར ་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་མི་གནས་པ་ཞེས་བྱའོ།། རྗེས་ལ་ཐོབ་པའི་ཡེ་ཤོས་དང་མཚུངས་པར་ལྡན་པའི་ཏིང་འཛིན་གང་ཡིན་པ་དེ་ནི་ཤིན་དུ་སྦྱངས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ ་སྦྱོར་བའི་ཏིང་འཛིན་བསྟན་པ་འདི་ལྟ་སྟེ། ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བསྟན་པ་ཐོས་པའི་ཤེས་རབ་ཀྱིས་དམིགས་པ་བྱས་ནས་དཔག་ཏུ་མེད་པའི་བསམ་གཏན་རྣམས་བསྒོམ་པའི་ཕྱིར་རོ།། ། ་བརྒྱུད་དེ་བཤད་པ་དག་ལས་དང་པོ་གཅིག་ནི་ཏིང་འཛིན་གྱི་ཆ་ལྷན་ཅིག་མ་སྙོམས་པའི་བསམ་གཏན་པ་རྒྱུ་མཚན་གྱི་རྣམ་པ་ལ་རྟོག་པ་ཡིན་པས་མཚན་མ་ལེགས་པར་རྟོགས་པ་ཞེས་བྱའོ།། གཉིས་པ་ནི་ཤེས་རབ ་ཚད་ལྷག་ཅིང་མ་སྤྱོམས་པའི་བསམ་གཏན་པ་ལྟ་བའི་རྣམ་པ་ལ་རྟོག་ཅིང་། རང་གི་ངོ་བོ་ཉིད་ཡོངསུ་རྫོགས་པར་བྱེད་པ་ཡིན་པས་ཡོངསུ་རྫོགས་པ་ཞེས་བྱའོ།། ཏིང་འཛིན་དང་ཤེས་རབ་ཆ་མཉམ་པའི་བསམ་གཏན ་པ་གང་ཡིན་པ་དེ་ནི་གཉི་གའི་ཆ་ཞེས་བྱའོ།། ཚུལ་བཞིན་ཡིད་ལ་བྱེད་པའི་ཤེས་པ་དང་མཚུངས་པར་ལྡན་པ་མཐོང་བའི་ལམ་གྱི་བསམ་གཏན་པ་གང་ཡིན་པ་དེ་ནི་མི་གནས་པ་ཞེས་བྱའོ།། ཚུལ་བཞིན་ཡིད་ལ་བྱེད་པའི ་ཤེས་པ་དང་། མཚུངས་པར་ལྡན་པའི་སྒོམ་པའི་ལམ་གྱི་བསམ་གཏན་པ་གང་ཡིན་པ་དེ་ནི་ཤིན་ཏུ་སྦྱངས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བསྟུན་པའི་སྦྱོར་བའི་བསམ་གཏན་ཐོབ་པ་གང་ཡིན་པ་དེ་ནི། ་ཐོས་པའི་ཤེས་རབ་བོ།། དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ཤེས་རབ་བོ།། བསྒོམ་པ་གང་ཡིན་པཱ་དེ་ནི་བསྒོམས་པའི་ཤེ་སྔ་རབ་ཡིན་ཏེ། ཤེས་རབ་གསུམ་པོ་འདི་དག་ལ་བརྟེན་ནུས་ཏིང་འཛིན ་དཔག་ཏུ་མེད་པ་རྒྱ་ཆེར་བསྒོམ་པའི་ཕྱིར་རོ།། དེ་ལ་ཏིང་འཛིན་དང་བསམ་གཏན་དང་ཞེས་གསུངས་པ་ཡང་། ཏིང་འཛིན་ནི་ཏིང་འཛིན་གྱི་ངོ་བོ་ཡིན་ལ། བསམ་གཏན་ནི་ཏིང་འཛིན་གྱི་རྩལ་ཡིན་པས་སོ།། དེ་ནི་བསམ ་གཏན་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་གང་གི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་རྣམ ་པར་སྤངས་ཏེ། དབུ་མའི་ལམ་གྱི་ངེས་པར་འབྱུང་བ་ནི་ཤེས་རབ་ཅེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་ཤེས་རབ་ཀྱི་མཚན་ཉིད་རྣམ་པ་བདུན་བསྟན་ཏོ།། འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏོ།། རྣམ ་པར་བཤད་པ་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་གཉིས་ཀྱིས་རྣམ་པ་བདུན་དུ་དབྱེ་བ་འདི་ནི་མཚན་ཉིད་དང་པོ་བསྟན་པའོ།། དེ་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ། དབུ་མའི ་ལམ་གྱིས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། མེད་པ་དང་རྒྱུ་མེད་པ་ལྔ་ནན་ཏན་གྱིས་ཡོད་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་སྒྲོ་འདོགས ་པ་ཞེས་བྱའོ།། ཡོད་པ་དང་མེད་པའི་རྒྱུ་ལ་ནན་ཏན་གྱིས་མེད་དོ་ཞེས་སྐུར་པ་འདེབས་ཞེས་བྱ་བ་སྟེ། དེ་ལྟར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དེ་དག་ནི་གཉི་ག་ཡང་མཐའ་ཞེས་བཤད་དོ།། དེ་ལ་མཐའ་ནི་ལྟུང་བར ་བྱེད་པའི་དོན་ཡིན་ཏེ། འདི་གཉིས་འབྱུང་བར་གྱུར་པ་དབུ་མའི་ལམ་ལས་ཉམས་པར་གྱུར་པས་སོ།། ཀུན་ཏུ་བརྟགས་པ་ནི་སྒྲོ་འདོགས་པ་ཁོ་ན་ཡོད་ཀྱི། སྐུར་པ་ནི་མེད་དེ། ཅི་ཡང་མེད་པའི་ཕྱིར།། དེ་ལྟར་ཡོད་པ ་ལ་བལྟོས་ནས་གདོད་སྐུར་པ་བྱུང་བས་སོ།། གཞན་གྱི་དབང་ལ་ནི་སྒྲོ་འདོགས་པར་མི་བྱེད་དེ། བདག་ཉིད་ཡོད་པའི་ཕྱིར་རོ།། འདི་ལྟར་ཡོད་པ་མ་ཡིན་པ་ལས། གདོང་སྒྲོ་འདོགས་པ་འབྱུང་བས་སོ།། སྐུར་པ་མི་བྱེད་དེ། ་ཡང་དག་པ་མ་ཡིན་པས་རྣམ་པར་རྟོག་པ་ཙམ་དུ་ཡོད་པའི་ཕྱིར།། ཡོངསུ་གྲུབ་པ་ནི་སྒྲོ་འདོགས་པར་མི་བྱེད་དེ། ཡང་དག་པ་ཉིད་དུ་ཡོད་པའི་ཕྱིར་རོ།། སྐུར་པ་ཁོ་ན་ཡོད་དོ་ཞེས་བཤད་དེ། ཞིག་ཏུ་དེ་ཉིད་ལས་བསྟོན ་པ་བཞིན་ནོ།། གཞན་ཡང་བསྟན་བཅོས་རྣམྦྷ་པ་རིག་པ་ཙམ་དུ་གྲུབ་པ་ལས། བདག་དང་ཆོས་ནི་ཡོད་པ་ཡིན་ལ་སྟོང་པ་ཉིད་ཀྱི་རྣམ་པར་རིག་པོ་ནི་མྱེད་བྱེ་མ་ཡིན་ཏེ། ཡོད་པ་མེད་པ་དང་བྲལ་བའི་ཕྱིར་དབུ་མའི་ལ ་དང་མཐུན་པའོ།། འདི་ལ་བཅོམ་ལྡན་འདས་ཀྱིས་ཚིགསུ་བཅད་པ་གཉིས་གསུངས་པ་ནི་འདི་ལྟ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཡང་།། དེ་ལ་གཉིས་པོ་ཡོད་མ་ཡིན།། སྟོང་པ་ཉིད་ནི་འདི་ལ་ཡོད།། དེ་ལ་ཡང་ནི་དེ་ཡོད། ་སྟོང་པ་མ་ཡིན་མི་སྟོང་མིན།། དེ་ལྟ་བས་ན་ཐད་བ་ཤད།། ཡོད་པས་མེད་པས་ཡོད་པས་ན།། འདི་ནི་དབུ་མའི་ལམ་ཡིན་ཞེས་སུངས་པ་ཡིནོ་ཞེས་འབྱུང་ངོ་།། དབུ་མའི་ལམ་རྒྱ་ཆེར་བསྟན་པ་ནི། དབུ་མའི་ལྡུམ ་གྱི་མཚན་ཉིད་བསྟན་པ་དག་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། ཤེས་རབ་དེས་རྣམ་པར་ཐར་པའི་སྒོ་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པའི་སྒོ་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ཡང་དག་པ་ཇི་ལྟ། ་བ་བཞིན་དུ་རང་ཏུ་ཤེས་པ་ཞེས་བྱ་བས་ནི་མཚན་ཉིད་གཉིས་པ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཤེས་རབ་བསྟན་ཏོ།། རྣམ་པར་ཐར་པའི་སྒོ་གསུམ་གྱི་དོན་ནི་བསྟན་བཅྡོཾས་རྣམ་པ་བཤད་པ་ལས ་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས་རྣམ་པར་ཐར་པའི་སྒོ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་གསུམ་པོ། སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་དང་། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང་། སྨོན་པ་མེད་པ་རྣམ ་པར་ཐར་པའི་སྒོ་གང་ཡིན་པའོ།། དེ་ལ་སྟོང་པ་ཉིད་ནི་རྣམ་པ་གཉིས་ཏེ། ཤེས་བྱ་དང་ཤེས་པའོ།། ཤེས་བྱ་ནི་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱིས་ཀུནྡ་བརྟགས་པའི་ངོ་བོ་ཉིད་ཀྱི་བརྟགས་པའི་ཆོས་དག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་གཉི ་པོ་དེ་དག་ངོ་བོ་ཉིད་མེད་པ་དང་། དེ་ལས་གཞན་པོ་བདག་མེད་པ་ཉིད་ཡོད་པ་གཉིས་ཀ་དང་བྲལ་བ་གང་ཡིན་པའོ།། དེ་ལ་ཆོས་རྣམས་ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་བདག་མེད་པ་ཉིད་ཡོད་པ་ཡིན་ལ། ཆོས་རྣམས ་ལ་བདག་མེད་པ་ཉིད་ཡོད་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིནོ།། དེ་ཡོད་པ་དང་ཡོད་པ་མ་ཡིན་པ་གཉིསུ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། རྣམ་པར་མི་རྟོག་པའི་སྤྱོད་ཡུལོ་ཞེས་བྱ་བ་འདི་ལྟ་སྟེ། ཡུལ་དེ་ལ ་དམིགས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་གང་ཡིན་པའོ།། མཚན་མ་མེད་པ་རྣམ་པ་གཉིས་ཏེ། ཤེས་བྱ་དང་ཤེས་པའོ།། དེ་ལ་ཤེས་བྱ་ནི་འདི་ལྟ་སྟེ། ཡོངསསུ་ཤེས་པར་བྱ་བ་སྟོང་པ་ཉིད་ཀྱི་ཡུལ་ཏེ། དེས་ཡུལ ་གྱི་མཚན་མ་ལ་མི་འཇུག་པ་གང་ཡིན་པའོ།། ཤེས་པ་ནི་འདི་ལྟ་སྟེ། སྔར་བསྟན་པ་ལྟ་བུ་མེད་པ་གང་ཡིན་པའོ།། སྨོན་པ་མྱེད་པ་ཡང་རྣམ་པ་གཉིས་ཏེ། ཤེས་བྱ་དང་ཤེས་པའོ།། དེ་ལ་ཤེས་བྱ་ནི་འདི་ལྟ་སྟེ། ཤེས་པ་མེད་པའི ་ཕྱིར་ཕྱིན་ཅི་ལོག་གི་འདུ་བྱེད་རྣམས་ཀྱི་མཚན་མ་བསྐྱེད་པ་གང་ཡིན་པའོ།། ཤེས་པ་ནི་འདི་ལྟ་སྟེ། ཡུལ་དམིགས་ཤིང་ཡོངསུ་སྐྱོ་བའི་ཁོང་དུ་ཆུད་པ་གང་ཡིན་པའོ།། དེ་ལ་སྟོང་པ་ཉིད་དུ་བསྒོམ་པ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས ་ལྔ་བདག་མི་དམིགས་པ་དང་། མཚན་མ་རྣམས་ལ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ཆོས་མི་དམིགས་པ་གང་ཡིན་པའོ།། མཚན་མ་མེད་པར་བསྒོམ་པ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས་སེམས་ཅན་དང་། བདག་མེད་པ་ཉིད ་དམིགས་པ་དང་། མཚན་མ་རྣམས་ལ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པའི་ཆོས་དང་བདག་མེད་པ་ཉིད་དམིགས་ཤིང་འགོག་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཉིད་དུ་བསྒོམ་པ་གང་ཡིན་པའོ།། ་སྨོན་པ་མེད་པ་བསྒོམ་པ་ནཱི་འདི་ལྟ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། ནང་ལྟ་བུ་དང་། འབྲས་ལྟ་བུ་དང་། ཟུག་རྔུ་ལྟ་བུར་བསྒོམ་པ་གང་ཡིན་པའོ།། རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན ་དུ་སྐེམ་པ་ལ་དམིགས་པའི་ཤེས་པ་གང་གིས་སྟོང་པ་ཉིད་ཀྱི་ལེམ་ལ་ལམ་དང་། རིག་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་ཉིད་དུ་བསྒོམ་པ་འདི་ཡང་སྟོང་པ་ཉིད་དུ་བསྒོམ་པའོ།། དམིགས་པའི་ཤེས་པ་གང་གིས ་མཚན་མ་མེད་པའི་ལམ་ལ་ལམ་དང་རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་ཉིད་དུ་བསྒོམ་པ་འདི་ཡང་མཚན་མ་མེད་པར་བསྒོམ་པའོ།། དམིགས་པའི་ཤེས་པ་གང་གིས་སྨོན་པ་མེད་པའི་ལམ། ་ལ་ལམ་དང་། རིགས་པ་དང་། བསྒྲུབ་པ་དང་། ངེས་པར་འབྱིན་པ་ཉིད་དུ་བསྒོམ་པ་འདི་ཡང་སྨོན་པོ་མེད་པར་བསྒོམ་པ་ཡིནོ།། གལ་ཏེ་བྱེ་བྲག་མེད་པར་ཀུན་ལ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས ་བརྗོད་ན་ནི་ཐོས་པ་དང་། བསམ་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ།། གལ་ཏེ་སྟོང་པ་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་འཛིན ་ཅེས་བརྗོད་ན་ནི་བསྒོམས་པ་ལས་བྱུང་བ་ཁོ་ནའི་ཤེས་རབ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པར་རྟོག་པར་རིག་པར་བྱའོ།། གལ་ཏེ་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་ཞེས ་བརྗོད་ན། དེ་ནི་འཇིག་རྟེན་པ་ལས་འདས་པ་ཁོ་ན་ཡིན་པར་རིག་པར་བྱའོ།། ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི། མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། ངོ་བོ་ཉིད་དང་བསམ་པའི་དོན ་འདི་ལྟ་སྟེ། ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངསུ་གྲུབོ་པའི་ངོ་བོ་ཉིད་དང་། གསུམ་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་ཞེས་བྱ་བས་ནི་མཚན་ཉིད་གསུམ་བསྟན་ཏེ། འདི་ལྟར་མཐའ་གཉིསུ་ལྔ ་བའི་ཤེས་རབ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་གསུམ་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ།། ངོ་བོ་ཉིད་རྣམ་པ་གསུམ་གྱི་དོན་ནི་སྔར་གོང་དུ་ངོ་བོ་ཉིད་གསུམ་བསྟན་པའི་སྐབསུ་བཤད་པ་བཞིན་ནོ།། ངོ་བོ་ཉིད་མེད་པའི་དོན་ནི་འདི ་ལྟ་སྟེ། མཚན་ཉིད་དང་། སྐྱེ་བ་དང་། དོན་དམ་པའི་ངོ་བོ་ཉིད་མེད་པ་གསུམ་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་མཚན་ཉིད་བཞི་པ་བསྟན་ཏེ། ངོ་བོ་ཉིད་མེད་པའི་དོན་རྣམ་པ་གསུམ་ཡང་སྔར ་བསྟན་པ་བཞིནོ།། ཀུན་རྫོབ་ཀྱི་བདེན་པའི་དོན་འདི་ལྟ་སྟེ། རིག་པའི་གནས་ལྔ་པོ་དག་ལ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བས་ནི་མཚན་ཉིད་ལྟ་པ་བསྟན་ཏོ། འདི་ལྟར་རིག་པའི་གནས་ལྔ་དག་ཁོང་དུ་ཆུད་པའི་ཤེས ་པ་ལ་ཀུན་རྫོབ་གྱི་ཤེས་པ་ཞེས་བྱའོ།། བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་འདི་ལྟ་སྟེ། རྐྱེན་ལོས་སྐྱེས་པ་དང་། བཏགས་པ་ཙམ་དུ་གྲུབ་པ་སྒྱུ་མ་རྣམས་ཀྱི་དངོས་པོ་ལྟར་རྣམ་པར་རྟོག་པ ་ལྷས་བྱུང་བ་རྨི་ལམ་ལྟ་བུར་མཚན་མ་ལུས་ཚིག་ཏུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ་ཞེས་འབྱུང་ངོ་།། གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་ཀུན་རྫོབ་ཀྱི་བདེན་པ་ནི་འདི་ལྟ་སྟེ། མིང་དྲང ་ཚིག་དང་ཡི་གེའི་ཚོགས་དང་། དེ་དག་གི་དོན་ལ་བསྟན་པའི་བརྗོད་པ་ཐམས་ཅད་དང་། བརྗོད་པ་ལ་བརྟེན་ནས་ཁོང་དུ་ཆུད་པའི་དོན་དང་། གཞན་ཡང་སྔར་འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དང་། དེ་ལ ་བརྟེན་པའི་དོན་ཐོབ་པའོ་ཞེས་བཤད་དོ།། གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། འདི་ལྟར་ཇི་ཙམ་དུ་ཚིག་གི་ལྡུམ་གྱི་བརྗོད་པར་བྱ་བ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བཤད་དོ།། དེ་ལ་རིག་པའི ་གནས་ལྔ་ལ་ཡང་ནང་རིག་པ་ནི་འདི་ལྟ་སྟེ། ཡང་དག་པའི་རྒྱུ་དང་འབྲས་བུ་ལ་སོགས་པ་རབ་ཏུ་བསྟན་པ་གང་ཡིན་པའོ།། གཏན་ཚིགས་ཀྱི་རིགས་པ་ནི་འདི་ལྔ་སྟེ། གཞན་ཡང་འགོང་བར་བྱེད་པ་ལ་སོགས་པ་སྟོན་པ་གང ་ཡིན་པའོ།། སྒྲ་རིག་པ་ནི་འདི་ལྟ་སྟེ། ངག་ལ་མཁས་པའི་མཚན་ཉིད་ལ་སོགས་པ་རབ་ཏུ་སྟོན་པ་གང་ཡིན་པའོ།། གསོ་བའི་རིག་པ་ནི་འདི་ལྟ་སྟེ། ནད་ཀྱི་ངོ་བོ་ཉིད་དང་། ནད་ཀྱི་རྒྱུ་བ་ལ་སོགས་པ་རབ་ཏུ་སྟོན་པ་གང་ཡིན ་པའོ།། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ནི་འདི་ལྟ་སྟེ། ལས་བྱ་བ་ལ་སོགས་པ་རབ་ཏུ་སྟོན་པ་གང་ཡིན་པ་སྟེ། རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ།། བྱང་ཆུབ་སེམས་དཔའ་རིག་པའི་གན ་ལྔ་ཡོངསུ་ཚོལ་བྱའི་དགོངས་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཐོས་པ་ཚོལ་བར་བྱེད་ཅེ་ན། འདི་ལྟར་བྱང་ཆུབ་སེམས་ད ་ཅིའི་ཕྱིར་ཐོས་པ་ཚོལ་བར་བྱེད་ཅེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནང་གི་རིག་པ་ཚོལ་བ་ནི་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་སྒྲུབ་པར་བྱ་བའི་ཕྱིར་དང་གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར་བྱ། ་བྱ་བའི་ཕྱིར་སང་ས་རྒྱས་ཀྱི་བཀའ་ཡོངསུ་ཚུལ་བར་བྱེད་དོ།། གཏན་ཚིགས་ཀྱི་རིག་པ་ཡོངསུ་ཚོལ་བ་ནི། བསྟན་བཙོས་དེ་ཉིད་ལས་ཉེས་པར་བཤད་པ་དང་། ཉེས་པར་བརྗོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོ་སུ་ཤེས་པའི ་ཕྱིར་དང་།། ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར། བསྟེན་པ་འདི་ལ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དྲང་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིརརོ།། སྒྲའི་རིག་པ་ཚོལ་བ་ནི་ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ ་སྤྱོད་པས་ལེགས་པར་སྦྱར་ཏེ། བརྗོད་པ་ལ་མོས་པ་རྣམས་བདག་ལ་ཡིད་ཆེས་པ་སྐྱིད་པའི་ཕྱིར་དང་། དོན་གཅིག་པ་ལ་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་རྗེསུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ།། གསོ་བ ་རྙོག་པ་ཚོལ་བ་ནི། སེམས་ཅན་རྣམས་ཀྱི་ནད་སྣ་ཚོགས་རྣམ་པར་ཞི་བར་བྱ་བའི་ཕྱིར་དང་། སྐྱེ་བོའི་ཚོགས་ཆེན་པོ་ལྔ་ཕྲན་བཏགས་པའི་ཕྱིར་རོ།། འཇིག་རྟེན་པའི་བཟོ་དང་ལྔས་ཀྱི་གནས་ཤེས་པ་རྣམས་ཚོལ་བ་ནི ་སེམས་ཅན་རྣམས་ཀྱི་དོན་ཚོགས་ཆུང་ངུས་སྒྲུབ་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱིས་གཙེས་པར་བྱ་བ་བསྐྱེད་པའི་ཕྱིར་དང་། བཟོ་དང་ལུས་ཀྱི་གནས་ཤེས་པར་བྱ་བའི་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ཕྱིརརོ།། ་བྱང་ཆུབ་སེམས་དཔའ་རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་ཚོལ་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས ་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་ཞེས་འཐུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། ་བསྟན་བཅོས་ཡོངསུ་འཛིན་པ་དང་། མདོ་སྡེའི་རྒྱན་ལས་ཀྱང་དོན་གྱིས་དེ་སྐད་དུ་སྟོན་ཏོ།། དོན་དམ་པའི་དོན་འདི་ལྟ་སྟེ། དེ་བཞིན་ཉིད་རྣམ་པ་བདུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ལ་སོགས་པས ་ནི་མཚན་ཉིད་དྲུག་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཡུལ་མོས་ནས་ཤེས་པ་བསྟན་པ་དང་། རྒྱུ་རྣམ་པ་གསུམ་གྱིས་སྒྲུབ་པ་བསྟན་པ་སྟེ། འདི་ནི་དང་པོའོ།། དེ་ལ་དམ་པ་ནི་ཡེ་ཤེས་དམ་པའོ།། དོན་ནི་ཡུལ་གྱི་དོན་ཏེ།། ་དེ་བཞིན་ཉིད་རྣམ་པ་བདུན་ནི་ཡེ་ཤེས་དམ་པའི་ཡུལ་གྱི་དོན་ཡིན་པའི་ཕྱིར། དོན་དམ་པ་བདེན་པ་ཞེས་བྱ་སྟེ། འདི་ནི་བདག་པོའི་དཔུང་དུ་བྱ་བའི་རྣམ་པར་བཤད་པའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ ་ལས་ཀྱང་ལྷའི་རྒྱལ་པོ་ཇི་ཙམ་དུ་ཚིག་གི་བརྗོད་པ་དང་བཅས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། ཚིག་ལྔས་དབེན་པ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེ ་བྱའོ་ཞེས་གསུངས་སོ།། བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་ཀྱང་། དོན་དམ་པའི་བདེན་པ་ནི་འཕགས་པ་དག་གིས་ཤེས་པར་བྱ་བ་རྣམ་པར་རྟོག་པའི་མིང་དང་ཚིག་གིས་ཐོག་ཏུ་མི་ཕེབས་པ་རང་གི་ནང་གི ་རིག་པ། གཞན་དག་གི་རྐྱེནྡ་ལཱ་མི་བལྟོས་པ་མཚན་མ་མེད་པ། ཐ་སྙད་ཆད་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ་ཞེས་བཤད་དོ།། གཞན་ཡང་རྣམ་པར་རྟོག་པ་མེད་ཅིང་སྤྲོས་པ་མེད་ལ་ཚུལ་གཅིག ་ཏུ་དེ་ལས་མང་དུ་གནས་པའི་ཕྱིར་དང་། འདྲེས་པའི་ཆོས་ཚད་མེད་པ་ལ་དམིགས་པའི་ཕྱིར་དང་། ལྷག་མཐོང་གི་ཕྱིར་ཞེས་བྱ་བ་ནི་གཉིས་པ་རྒྱུ་རྣམ་པ་གསུམ་གྱིས་བསྒྲུབས་པ་སྟོན་ཏེ། འདི་ནི་དེ་བཞིན་ཉིད་ལ་དམིགས ་པའི་ཡེ་ཤེས།། གཞན་ཡང་རྣམ་པར་རྟོག་པ་མེད་ཅེས་བྱ་བ་ལ་སོགས་པས་ནི། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་བསྟན་ཏེ། རྣམ་པར་རྟོག་པ་སྣ་ཚོགས་དང་། སྤྲོས་པ་མེད་ཅིང་དེ་བཞིན་ཉིད་ཀྱི་ཚུལ་གཅིག་འབའ ་ཞིག་ཡོད་པ་ཡ་མང་དུ་གནས་པའོ།། ཡེ་ཤེས་ནི་རྒྱ་ཆེརརྭ་བཤད་པ་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། འདྲེས་པའི ་ཆོས་ཚད་མེད་པ་ལ་དམིགས་པ་ཞེས་བྱ་བ་ནི་འདྲེས་པའི་ཆོས་དེ་བཞིན་ཉིད་ཡང་དག་པའི་ཡེ་ཤེས་འདིའི་དམིགས་པ་བྱེད་པས་སོ།། གཞན་ཡང་འདྲེས་པའི་ཆོས་ཚད་མེད་པ་ལ་དམིགས་པ་ཞེས་བྱ་བས་ནི་རྗེས ་ལ་ཐོབ་པའི་ཡེ་ཤེས་བསྟན་པའོ།། འདི་ལྟར་འདྲེས་པའི་ཆོས་ནི་རྣམ་པ་གསུམ་སྟེ། དང་པོ་ནི་འདྲེས་པ་ཆུང་ངུའི་ཆོས་ཏེ།། གསུང་རབ་ཡན་ལག་བཅུ་གཉིས་སོ་སོ་ཐ་དད་པ་ལ་དམིགས་པའི་ཕྱིར།། གཉིས་པ་ནི། ་འདྲེས་པ་ཆེན་པོའི་ཆོས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་བསྡུས་པ་ལ་དམིགས་པའི་ཕྱི་རོ།། གསུམ་པ་ནི་འདྲེས་པ་ཚད་མེད་པའི་ཆོས་ཏེ། དེ་བཞིན་གཤེགས་པ་ཚད་མེད་པའི་གསུང་རབ་ཡན་ལག ་བཅུ་གཉིས་པོ་དག་གཅིག་ཏུ་བསྡུས་པ་ལ་དམིགས་པའི་ཕྱིརརོ།། ཡེ་ཤེས་འདི་ནི་གསུམ་གསུམ་པ་ལ་དམིགས་པའི་ཕྱིརོ།། དེ་ལ་ལྷག་མཐོང་གི་ཕྱིར་ཞེས་བྱ་བ་ནི། ཡེ་ཤེས་འདི་བསྒོམ་པའི་ཤེས་རབ་ཡིན་པར་བསྟན་པའི་ཕྱིརརོ།། ། ་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ལེགས་པར་སྒྲུབ་པར་བྱེད་པ་ཞེས་བྱ་བས་ནི་བདུན་པ་ཆོས་ཀྱི་རྗེསུ་འབྲང་བ་བསྟན་ཏོ།། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་བྱེ་བྲག ་བཤད་པ་ཆེན་པོ་ལས། དེ་ལ་ཆོས་ནི་འདི་ལྟ་སྟེ་མྱ་ངན་ལས་འདས་པའོ།། རྗེསུ་མཐུན་པའི་ཆོས་ནི་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ།། འདིར་དོན་གྱི་སྒོར་ཞུགས་པ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པོ ་ཡོངསུ་ཉེ་བའི་ཕྱིརརོ།། འཕགས་པའི་ས་ཡན་ལག་བརྒྱད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་ཞེས་བྱ་བའོ།། འདི་ལ་གནས་པཱར་ནུས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་མཐུན་པ་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད ་ལས་བསྟན་པ་བཞིན་ནོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོ་ནི་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཆོས་ཀྱི་རྗེསུ་མཐུན་པའི་ཆོས་ཞེས་བྱ་བ་ལ་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་ཆོས་ཞེས་བྱའོ།། ་ལམ་གང་ཡིན་པ་དེ་ནི་རྗེ་སུ་མཐུན་པའི་ཆོས་ཞེས་བྱ་སྟེ། དེའི་རྗེསུ་འབྲང་བའི་ཕྱིརརོ།། གཞན་ཡང་འཇིག་རྟེན་ལས་འདས་པའི་ལམ་གང་ཡིན་པ་དེ་ནི་ཆོས་ཞེས་བྱའོ།། འཇིག་རྟེན་པའི་ལམ་གང་ཡིན་པ་དེ་ནི་རྗེ་སུ་མཐུན ་པའི་ཆོས་ཞེས་བྱ་སྟེ། དྲི་རང་གི་སེམས་ཀྱི་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དང་། དེ་མངོན་སུམ་དུ་དབང་ཐོབ་པར་བྱེད་པའི་ཕྱིརརོ་ཞེས་འབྱུང་སྟེ། འདིས་ནི་བསྒོམ་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ།། དེ་ལ་རང་གི་སེམས་རྒྱུན ་མི་འཆད་པ་ཞེས་བྱ་བ་ནི། བསྒོམ་པ་ལས་བྱུང་བའི་ཤེས་རབ་དེ་ཏིང་འཛིན་གྱི་སེམས་ཀྱི་རྒྱུད་ལ་སྤྱོད་པའི་ཕྱིརརོ།། འཕེལ་བར་བྱེད་པའི་ཕྱིར་ཞེས་བྱ་བས་ནི། དེ་ལ་སྤྱོད་པའི་དོན་བསྟན་ཏེ། རྣམ་པར་འཇོག་པ་འདེབས་པ ་དོན་ཏོ།། ཏིང་འཛིན་གྱི་སེམས་དེར་བསྒོམས་པ་ལས་བྱུང་བའི་ཤེས་རབ་དེ་འཕེལ་བར་བྱེད་པའི་ཕྱིར་སྤྱོད་པ་ཞེས་བྱའོ།། དེ་ལ་མངོན་སུམ་དུ་དབང་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་བས་ནི་འཕེལ་བར་བྱེད་པའི་དོན་མནན་ནས ་བཤད་པ་སྟེ། འདི་ལྟར་སྒོམ་པའི་ཤེས་རབ་ཀྱི་དབང་གི་སེམས་ཀྱི་ཀུན་ཏུ་སྤྱོད་པ་ལ་དབང་ཐོབ་པར་བྱེད་ཅིང་དེ་ཁོ་ན་ཉིད་ཀྱི་དོན་རྟོག་པས་ཉོན་མོངས་པ་སྤངས་ནས་འབྲས་བུ་ཐོབ་པར་འགྱུར་བའོ།། སློབ་དཔོན་དབྱིག་གཉེན ་གྱིས་མཛད་པའི་འགྲེལ་པ་ལས། ཆོས་ཀྱི་རྗེསུ་མཐུན་པའི་ཆོས་ཞེས་བྱ་བ་ནི་བསྟན་པ་བཞིན་དུ་སྤྱོད་པའི་ཕྱིར་ཞེས་བཤད་དོ།། ངས་ནི་ཤེས་རབ་རྣམ་པར་དག་པའི་མཚན་ཉིད་རྣམ་པ་བདུན་ཞེས་བྱའོ་ཞེས་བྱ་བ་ནི ་གཉིས་པ་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདྲ། ་མཚན་ཉིད་རྣམ་པ་དེ་དག་གི་སོ་སོའི་ལས་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་མཚན་ཉིད་རྣམ་པ་ལྔ་དག་གི་ལྟོས་རྣམ་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟོན ་ཏོ།། འདི་ནི་གོང་དུ་བསྟན་པའི་ཆགས་པ་མེད་པ་ལ་སོགས་པའི་མཚན་ཉིད་རྣམ་པ་ལྔ་དག་གི་ལས་ཀྱི་ནུས་པ་ཞུ་བ་སྟེ། འདི་ལྟར་མཚན་ཉིད་རྣམ་པ་ལྔ་པོ་དག་རེ་རེ་ལཱ་ཡང་ལས་རྣམ་པ་དུ་མཆིས་ཞེས་བྱ་བའི་ཐ་ཚིག་གོ།། ་བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མཚན་ཉིད་དེ་དག་གི་ལས་ནི་རྣམ་པ་ལྔར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལས་ནི་གཉིས་པ་དེ་བཞིན ་གཤེགས་པས་ཡང་དག་པོར་ལན་དུ་གསུངས་པ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བསྟན་པའོ།། འདི་ནི་དང་པོ་མདོར་བསྟན་པ་སྟེ། རེ་རེ་ལྔ་ཡང་ལས་རེ ་ཡོད་པའི་ཕྱིར། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་བཀའ་སྩལ་པ། རྣམ་པ་ལྔ་པོ་དེ་དག་རེ་རེ་ལ་ཡང་ལས་རེ་རེ་ཡོད་པར་རིག ་པར་བྱའོ།། ཞེས་གསུངསོ།། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་རྣམསྣ་ཆགས་པ་མེད་པའི་ཕྱིར། ཚེ་འདི་ལྔ་ཕ་རོལ་ཏུ་ཕྱིན་པ་རྣམས་རྟག་ཏུ་འཇུག་པ་དང་། གུས་པར་བྱེད་པའི་སྦྱོར་བས་བག་ཡོད་པར་བྱེད་དོ་ཞེས་བྱ་བ ་ལ་སོགས་པས་ནི་གཉིས་པ་རྣམ་པར་དབྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་ལྔས་རྣམ་པ་ལྔ་པོ་བསྟན་པ་ཉིད་ཀྱིས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོ་ཆགས་པ་མེད་པའི་མཚན་ཉིད་ཀྱིས་ལས་བསྟན་པ་སྟེ། འདི་ནི་ནན་ཏན་གྱི ་སྦྱོར་བ་བག་མེད་པའི་ལས་སོ།། ཆགས་པ་མེད་པའི་མཚན་ཉིད་ནི་གོང་དུ་རྒྱ་ཆེར་བསྟན་པ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར་ཆགས་པ་མེད་པའི་ཕྱིར་ནི། ཚེ་འདི་ལ་ལས་རྒྱུན་ཆད་མེད་པར་གུས་པར་བྱེད་པའི་ནན་ཏན་གྱི ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་བསྒོམས་པསྡུ་བག་ཡོད་པ་དང་བཅས་པར་གྱུར་པའོ།། མི་ལྟ་བ་ཉིད་ཀྱི་ཕྱིར་ནི་ཕྱི་མ་ལ་བྲག་ཡོད་པའི་རྒྱུ་ཡོངསུ་འཛིན་པར་བྱེད་དོ།། ཞེས་བྱ་བ་ནི་གཉིས་པ་མི་ལྟ་བ་ཉིད་ཀྱི་ལས་བསྟན་ཏོ།། ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་སྨིན་པའི་འབྲས་བུ་དང་། ལན་དུ་ཕན་འདོགས་པ་དང་། འབྲེལ་པ་མེད་པའི་ཕྱིར། ཕྱི་མ་ལ་བག་ཡོད་པའི་རྒྱུ་ཡོངསུ་འཛིན་པར་བྱེད་དེ། མ་འོངས་པ་ན་བག་ཡོད་པ་དང་བཅོས ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཁད་ཀྱིས་འཕེལ་བར་འགྱུར་བའོ།། ཁ་ན་མ་ཐོ་བ་མེད་པའི་ཕྱིར་ནི་ཕ་རོལ་ཏུ་ཕྱིན་པོ་རྣམས་ཡང་དག་པར་བསྒོམ་པ་དང་། ཡོངསུ་རྫོགས་པ་དང་། ཡོང་སུ་དག་པ་དང་། ཡོངསུ་བྱང་བ ་བྱེད་པའོ་ཞེས་བྱ་བ་ནི་གསུམ་པ་ཁ་ན་མ་ཐོ་བ་མེད་པའི་མཚན་ཉིད་ཀྱི་ལས་བསྟན་ཏོ།། འདྲི་ཡང་ཁ་ནཱ་མ་ཐོ་བ་མེད་པའི་ཕྱིར་ནི་ལས་ཀྱི་ཚིག་བཞི་ཡོད་པར་འགྱུར་ཏེ། འདི་ལྟ་སྟེ། ཡང་དག་པར་བསྒོམ ་པ་དང་། ཡོང་སུ་རྫོགས་པ་དང་། ཡོངསུ་དག་པ་དང་། ཡོངསུ་བྱུང་བར་བྱེད་པའོ།། གོང་དུ་བསྟན་པའི་འདྲེས་པའི་ཆོས་བཞི་པོ་འདི་ལྟ་སྟེ། སྙིང་རྗེ་མེད་པའི་ཕྱིར་དང་། ཚུལ་བཞིན་མ་ཡིན་པའི་སྦྱོར་བ་དང་། རྟག་ཏུ་མི་འབྱེད ་པའི་སྦྱོར་བ་དང་། མ་གུས་པའི་སྦྱོར་བ་དག་དང་བྲལ་བའི་ཕྱིར་ཚིག་བཞི་པོ་འདི་དག་གསུངས་པ་ཡིནོ།། ཁ་ཅིག་ན་རེ་ཡང་དག་པར་བསྒོམ་པ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ།། ཚིག་འོག་མ་གསུམ་པོ་དག་ནི་ཡོན ་གྱི་རྒྱུ་རྣམ་པར་ཕྱེ་ནས་བསྟན་པ་ཡིན་ཏེ། དེ་ལ་ཡོངས་རྫོགས་ཞེས་བྱ་བསྣ་ནཱི་སྤངས་པའི་སྟོན་གྱི་རྒྱུ་བསྟན་ཏོ།། ཡོངསུ་དག་པ་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཡོན་ཏན་གྱི་རྒྱུ་བསྟན་ཏོ།། ཡོངསུ་བྱུང་བ་ཞེས་པས་ནི་ལན་དུ ་པཕན་འདོགས་པའི་ཡོན་ཏནཱཾ་གྱི་རྒྱུ་བསྟན་ཏོ་ཞེའོ།། རྣམ་པར་རྟོག་པ་མེད་པའི་ཕྱིར་ནི་ཐབས་ལ་མཁས་པ་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་དོ།། ཞེས་བྱ་བ་ནི་བཞི་པ་རྣམ་པར་རྟོག་པ་མེད་པའི་མཚན་ཉིད ་ཀྱི་ལས་བསྟན་ཏེ། འདི་ལྟར་ཇི་བཞིན་དུ་མཚན་མ་རྣམས་ཡོངསུ་འཛིན་པར་མི་བྱེད་པའི་ཕྱིར། ཐབས་ལ་མཁས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་མྱུར་དུ་ཡོང་སུ་རྫོགས་པར་བྱེད་པ་ལས་བྱའོ།། ཕ་རོལ་ཏུ་ཕྱིན་པ་བཅུའི་ཐབས ་ལ་བྱ་བ་ནི་མ་ཡིན་ནོ།། ཡང་དག་པར་ཡོངསུ་བསྔོ་བ་ཉིད་ཀྱི་ཕྱིར་ནི་ཚེ་རབས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དང་། དེ་དག་གི་འདོད་པའི་རྣམ་པར་སྨིན་པའི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མ ་ཟང་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ལས་ལྔ་པ་ཡོངསུ་བསྔོ་བའི་མཚན་ཉིད་ཀྱི་ལས་བསྟན་ཏེ། མདྲོ་ཉིད་ཀྱི་བརྡ་ཕྲད་པར་ཟད་དོ།། བྱང་ཆུབ་སེམས་དཔའ་སྟེནཱ་རས་གཟིགས་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་འདི་དག་ཤིན་ཏུ་རྒྱ་ཆེ་བ་ཉིད་ནི་གང་ལོགས། ཀུན་ནས་ཉོན་མོངས་པ་མཆིས་པ་ཉིད་ནི་གང་ལགས། རབ་ཏུ་སྦྱངས་པ་ཉིད་ནི་གང་ལགས། མི་གཡོ ་བ་ཉིད་གང་ལགས། ཤིན་ཏུ་རྣམ་པར་དག་པ་ནི་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་གཅིག་པ་ཤིན་ཏུ་རྒྱ་ཆེ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་ལྔ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ།། འདི་ནི་བྱང་ཆུབ་སེམས་དཔའ་སྔོན་དོན་གཞན་དག་ལས་མཚན་ཉིད་རྣམ་པ་ལྔ་པོ་འདི་དགེ་ཐོབ་པའི་ཕྱིར། ཞུ་བ་འདི་གསོལ་བ་ཡི་ནོ།། ཡང་ན་དེ ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཕྱིར་ཞུ་བ་འདི་གསོལ་བ་ཡི་ནོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པོ། རིགས་ཀྱི་བུ་ཆགས་པ་མེད་པ་ཉིད་དང་། ་མི་ལྟ་བ་ཉིད་དང་། ཡང་དག་པར་ཡོངསུ་བསྔོ་བ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་རྦྷ་ཆེ་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལྡན་དུ་གསུངས་པ་སྟོན་ཏོ།། འདི་ཡང ་རྣམ་པ་གཉིསུ་དབྱེ་སྟེ། མཚན་ཉིད་རྣམ་པ་ལྔ་ལས་བརྩམས་ནས་རྣམ་པ་གཉིསུ་དབྱེ་བ་དང་། སའི་གནས་སྐབསཽ་ལ་བརྩམས་ནས་མཚན་ཉིད་ཕྱི་མ་གསུམ་བསྟན་པའོ།། འདི་ནི་དང་པོ་སྟེ། མཚན་ཉིད་རྣམ་པ་ལྔ་ལས་ཆགས ་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཡང་དག་པར་ཡོངསུ་བསྔོ་བ་ཉིད་རྣམ་པ་གསུམ་དག་ལ་ཤིན་དུ་རྒྱ་ཆེ་བའི་སྤྱོད་པ་ཞེས་བྱ་སྟེ། གནས་སྐབས་རྣམ་སུ་མི་མཐུན་པ་མེད་པའི་ཕྱིརརོ།། ཁ་ན་མ་ཐོ་བ་མེད་པ་ཉིད་དང ་རྣམ་པར་རྟོག་པ་མེད་པ་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱའོ།། ཞེས་བྱ་བས་ནི་མཚན་ཉིད་གཉིས་བསྟན་པ་སྟེ། མཚན་ཉིད་རྣམ་པ་ལྔ་ལས་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད ་པ་ཉིད་ལ་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ན་རང་བཞིན་གྱི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་རྟོག་པའི་ཡེ་ཤེས་ཀྱི་ཀུན་ནས་ཉོན་མོངས་པ་ནི་རབ་ཏུ་སྦྱངས་པའི་ཕྱིར ་ཀུན་ནས་ཉོན་མོངས་པ་མེད་པ་འདི་ཡང་གནས་སྐབས་རྣམས་དང་སྦྱར་རོ།། སོ་སོ་རྟོག་ཅིང་བྱ་བ་ཉིད་གང་ཡིན་པ་དེ་ནི་རབ་ཏུ་སྦྱངས་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སའི་གནས་སྐབས་ལ་བརྩམས ་ནས་མཚན་ཉིད་ཕྱི་མ་གསུམ་བསྟན་པ་སྟོན་ཏོ།། འདི་ནི་རབ་ཏུ་སྦྱངས་པའི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་སོ་སོར་རྟག་པ་ཁྱད་པར་དུ་འཕགས་པ་བརྒྱད་ཀྱིས་བྱཱ་བྱ་བྱེད་པའི་ཕྱིར་རླབ ་ཏུ་སྦྱངས་པ་ཞེས་བྱ་སྟེ། འདི་ནི་ས་བདུན་པ་མན་ཆད་ཀྱི་གནས་སྐྱབསུ་རྟོག་པའོ།། ཡོངསུ་མི་ཉམས་པའི་ཆོས་སར་ཞུགས་པ་གང་ཡིན་པ་དེ་ནི་མི་གཡོ་བ་ཞེས་བྱའོ་ཞེས་བྱ་བས་ནི་བཞི་པ་མི་གཡོ་བོའི་མཚོན་ཉིད ་བསྟན་ཏོ།། འདི་ནི་ས་བརྒྱད་པ་དང་དགུ་པ་ནས་ཏེ། མི་གཡོ་བའི་དོན་ནི་གོང་དུ་བསྟན་པ་བཞིན་ནོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ས་དང་པོ་ཡན་ཆད་ལ་མི་གཡོ་བ་ཞེས་བྱ་བ་ཞེས་འབྱུང་བ་ནི་ཆེ ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ།། ས་བཅུ་པར་གཏོགས་པ་དང་། སངས་རྒྱས་ཀྱི་སར་གཏོགས་པ་ཉིད་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ་ཞེས་བྱ་བ་ནི་ལྔ་པ་རྣམ་པར་དག་པའི་མཚན་ཉིད་བསྟན ་ཏོ།། འདི་ལྟར་ས་བཅུ་པའི་ཚེ་ནི་རྒྱུས་ཁྱད་པར་དུ་འཕགས་པ་ཡིན་ལ།། དེ་བཞིན་གཤེགས་པའི་སར་ནི་འབྲས་བུས་ཁྱད་པར་དུ་འཕགས་ཤིང་མཐར་ཐུག་པའི་རྣམ་པར་དག་པ་ཡིན་པའི་ཕྱིར། བསྟན་བཅོས་མངོན ་པ་ཀུན་ལས་བཏུས་པ་ལས། ཡོངསུ་རྫོགས་པའི་ཁྱད་པར་དུ་འཕགས་པ་ནི་འདི་ལྟ་སྟེ། ས་བཅུ་པ་དང་། དེ་བཞིན་གཤེགས་པའི་ས་ལ་མངའ་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་གོ་རིམ་བཞིན་དུ ་བྱང་ཆུབ་སེམས་དཔའ་ཡོངསུ་རྫོགས་པའི་ཕྱིར་རོ་ཞེས་བཤད་པ་ཡི་ནོ།། མིང་འདི་གསུམ་ལ་བྱེ་བྲག་ཡོད་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་རདྲ་བཞིན་གྱིས་བརླིང་བའི་ཕྱིར་དང་། ་རབ་ཏུ་གསལ་བའི་ཕྱིར་དང་། འབྲས་བུ་ཆེ་བ་རྣམ་པ་ལྔ་དང་ལྡན་པའི་ཕྱིར་དང་། ཕན་ཆེ་བའི་ཕྱིར་དང་། རབ་ཏུ་སྦྱངས་པ་ཞེས་བྱའོ།། ཡོངསུ་མི་ཉམས་པའི་ཕྱིར་དང་། ཁྱད་དུ་འགྲོ་བའི་ཕྱིར་མི་གཡོ་བ་ཞེས་བྱའོ།། བྱང་ཆུབ ་སེམས་དཔའ་སའི་ནོང་ན་མཆོག་ཏུ་བླ་ན་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་རིག་པར་བྱའོ་ཞེས་འབྱུང་ངོ་།། །། བམ་པོ་དྲུག་ཅུ་གསུམ་པ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག ་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མཆི་བས་མ་འཚལ་བ་འཐོབ་ཅིང ་ཕ་རོལ་ཏུ་ཕྱིན་པ་ཡེད་མ་འཚལ་བ་དང་ལྡན་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་གཉིས་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་དང་འབྲས་བུ་ཟད་མི་ཤེས་པ་ཉིད་དུ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོཏེ།། འདི་ཡང་ཞུ་བ་གསོལ་བ་དང་། ་ལན་དུ་གསུངས་པར་སྟོན་ཏེ། འདི་ནི་ཞུ་བ་གསོལ་བའོ།། འབྲས་བུ་དང་རྣམ་པར་སྨིན་པ་ལྔ་པོ་དག་ནི་མདོར་བསྡུ་ནི་འབྲས་བུ་ཞེས་བྱ་སྟེ། འབྲས་བུ་རྣམ་པ་ལྔ་རྒྱ་ཆེར་བཤད་པ་ནི་སྔར་གོང་དུ་བསྟན་བཅོས་ཆོས་མངོན་པ་སྣ ་ཚོགས་ཀུན་ལས་བཏུས་པ་ཁུངསུ་བཞག་ནས་བསྟན་པ་ལས་བྱུང་བ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་གཅིག་ལ་གཅིག་བརྟན་ནས ་བསྒོམ་པ་བསྐྱེད་པ་རྒྱུན་མི་འཆད་པའི་ཕྱིརོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལྡན་དུ་གསུངས་པའོ།། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་འབྲས་བུ་རྣམས་ཐོབ་པར་འགྱུར་ལ། ་འབྲས་བུ་ལ་མོ་བརྟེན་པའི་ཕྱིར་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ནུས་པར་འགྱུར་བས། གཅིག་ལ་གཅིག་བརྟེན་བསྒོམ་པ་སྐྱེད་པ་རྒྱུན་འཆད་པ་མེད་པའི་ཕྱིར། ཟད་མི་ཤེས་པ་ཉིད་དུ་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། བསྟན ་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མ་འོངས་པ་ན་གང་ནས་གྲོང་དུ་ཁྱད་པར་དུ་འཕེལ་ཞིང་གཅིག་གིས་གཅིག་བསྐྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་འབྲས་བུའོ་ཞེས ་བཤད་དོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས། ཅིའི་སླད་དུ་རྟག་པར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མཆིས་པས་མ་འཚལ་བ་དང་། ཕ་རོལ་ཏུ་ཕྱིན་པས་མི་འཚལ་བ་ཐོབ་ལགས། བཅྡོཾས ་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། གཅིག་ལ་གཅིག་བརྟེན་ནས་བསྒོམ་པས་སྤངས་པའི་ཕྱི་རོ་ཞེས་འབྱུང་།། ལོ་ཙཱ་བ་དག་གིས་ནོར་ཏོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི ་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། གཅིག་ལ་གཅིག་བརྟེན་པའི་རྒྱུས་འབྲས་བུ་གྱ་ནོམ་པ་བསྐྱེད་པར་རིག་པར་བྱའོ།། ཞེས་འབྱུང་བ་ནི་ལོ་སྤྲོ་བ་དག་གི་བསམ་པ་ཐ་དད ་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་ཤིན་ཏུ ་ཐ་དད་པ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་འཐོབ་པའི་རྣམ་པར་སྨིན་པའི་འབྲས་བུ་ལ་ནི་མེ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་གསུམ་པ་ཕ་རོལ་ཏུ་ཕྱིན་པ་ལོ་མོས་ཤིང་། ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ལ་མི་སྲིད་པར་བསྟན ་པའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལྡན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། ཇི་སྐད་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་ལ་སྲེད་ཅིང་ཕ་རོལ་ཏུ་ཕྱིན་པས་འཐོབ ་པའི་འབྲས་བུ་ལ་སྲིད་པར་བགྱིད་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ། ཞུ་ཚིག་འདི་ཡང་མདོ་ཉིད་ཀྱི་དཔེ་མི་མཐུན་པས། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན ་པའི་འབྲས་བུ་རྣམ་པར་སྨིན་པ་ཐ་དད་པར་བགྱིད་ཅེས་འབྱུང་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། མདོ་འདི་ལས་གསུངས་པའི་ཞུ་ཚིག ་དང་སྦྱར་ནས། མཚམས་རྣམ་པར་གྲོལ་བའི་མདོའི་ཚིག་ནི་ལོ་ཙཱ་བ་དག་གིས་བསྒྱུར་ཏེ་ནོར་བར་བསྒྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ ་རྒྱུ་དང་རྐྱེན་རྣམ་པ་ལྔའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་ག། ཤེགས་པས་ཨོཾ་པ་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་གྲངས་མདོར་བསྟན་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་ནས་བཤད ་པ་བསྟན་ཏེ། འདི་ནི་དང་པོའོ།། ཕ་རོལ་ཏུ་ཕྱིན་པ་ནི་ཆེས་ལྷག་པར་བདེ་བ་དང་། ཡིད་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་བདག་དང་གཞན་ཐམས་ཅད་ལེ་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར་དང་། ཕ་རོལ ་ཏུ་ཕྱིན་པ་ནི་ཕྱི་མ་ལ་དེའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པའི་རྒྱུ་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་ཀུནས་ཉོན་མོངས་པའི་གནས་ཀྱི་གཞི་ཡིན་པའི་ཕྱིར་དང་། ཕ་རོལ་ཏུ་ཕྱིན་པ་ནི་མཐར་རྣམ་པར་འགྱུར ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་གཉིས་པ་གྲོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། རྒྱུའི་མཚན་ཉིད་རྣམ་པ་ལྔ་པོ་དག་ནི་གོ་རིམ་བཞིན་དུ་གཞན་ལོངས་སྤྱོད་པ་དང་། སངས་རྒྱས ་ཀྱི་སའི་ཆོས་ཀྱི་བདེ་བ་དང་། ཡིད་བདེ་བ་ལ་ལོངས་སྤྱོད་པའི་རྒྱུ་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པ་ལྟ་བུར་མྱོང་ནས་ཟད་པ་མ་ཡིན་པའི་ཕྱིར་རོ།། དཔེ་ཉིད་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་འབྱུང་བས་འདི་མ ་བརྗོད་དོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་མཆོག་ཏུ་གྱུར་པ་དུ་ཞིག་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ ་བཞི་པ་ཕ་རོལ་ཏུ་ཕྱིན་པའི་མཐུའི་རྣམ་གྲངས་བསྟན་པོའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ལ་ཨ་ཞུ་བ་གསོལ་བ་དང་། ལན་གསོལ་བས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་སྟོན་གྱི་སྟོབས ་ཞེས་འབྱུང་བ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཁྱད་པར་དུ་འཕགས་པ་གྱ་ནོམ་པའི་སྟོབས་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་བསམ་པ་ཐ་དད་པའི་ཕྱིར་ཏེ། དོན་ལ་ནི་འགལ་བ་མེ་།། བཅྡོཾལྡས་ཀྱིས་བྱང་ཆུབ་སེམས ་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་མཆོག་ཏུ་གྱུར་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང ་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡ་དེ་གྲངས་མདོར་སྨོས་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་བསྟན་པའོ།། འདི་ནི་དང་པོའོ།། ཕ་རོལ་ཏུ་ཕྱིན་པ་དེ་དག་ཡང་དག་པར་བསྒོམ་པ་ནི་མི་མཐུན་པའི་ཕྱོགས ་སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། ལྟ་བར་སོང་བ་རབ་ཏུ་སྤོང་བ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པ་ཕྱེ་ནས་བཤད་པ་སྟོན་ཏོ།། འདི་ཡང་མཐུ་རྣམ ་ཞི་ན་པ་ཉིད་ལས་ནུམ་པ་ར་བྷུ་དྡྷ་ཛིན་བྱུ་།། འདི་ཌཱུ་པ་ཡྻཱ་ཏྠ་བྷྱོན་པ་ཕྱུ་བ་དག་ག་ནས་བྱིན་དུ་སྒྲུ་བ་ནུས་པ་ཕྱུལ་དགསལ་བ་ད་པས་སོ།། བསྟན་བཅས་མངོན་པ་སྣ་ཚོགས་ཀུན་ལས ་པ་ལས། འདི་ལྟ་སྟེ། བདག་ཉིད་ཀྱི་སྦྱངས་པར་བྱ་བའི་ཚེ་སྒྲིབ་པ་དག་གཏན་དུ་སྦྱོང་བར་བྱེད་པ་གང་ཡིན་པ་དེ་ནི། ཕ་རོལ་ཏུ་ཕྱིན་བྱ་རྣམས་ཀྱི་བྲལ་བའི་འབྲས་བུའོ།། ཞེས་འབྱུང་།། ཡང་དག་པར་བསྒོམ་པཱ་ན་བྷཱ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡང་དག་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་ནི་མཐུ་གཉིས་པ་བསྟན་པ་སྟེ། བྱང་ཆུབ་ཀྱི་ཚོགས་ཡང་དག་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ནི་རྟོག་པའི་རྒྱུ་བྱེད་པའི་ཕྱིར་དང་། ་སྐུ་གཉིས་པོ་དག་ནི་སྐྱེད་པའི་རྒྱུ་བྱེད་པའི་ཕྱིར་དང་། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། བྱང་ཆུབ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དབང་གི་འབྲས་བུའོ་ཞེས་འབྱུང་ངོ་།། དེ་དག་རྣམ ་པར་བསྒོམ་པ་ན། ཚེ་འདི་ཉིད་ལ་བདག་ཉིད་ཀྱིས་སེམས་ཅན་རྣམས་སྡུད་ཅིང་ཕན་འདོགས་པར་འགྱུར་བ་ཞེས་བྱ་བས་ནི་མཐུ་གསུམ་པ་བསྟན་ཏེ། མཐོང་བའི་ཆོས་ལ་ཕན་འདོགས་པའི་ཕྱི་རོ།། བསྟན་བཅོས་ཆོས་མངོན ་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མཐོང་བའི་ཆོས་ལ་སྦྱིན་པ་ལ་སོགས་པས་བདག་དང་གཞན་སྡུས་པ་གང་ཡིན་པ་དེ་ནི། སྐྱེས་བུ་བྱེད་པའི་འབྲས་བུའོ་ཞེས་བཤད་དོ།། དེ་དག་ཡང་དག་པར་བསྒོམ་པ་ན། ་ཕྱི་མ་ལ་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཞེས་བྱ་བས་ནི་མཐུ་བཞི་པ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཐོབ་པར་བྱ་བ་རྣམ་པར་སྨིན་པའི་འབྲས་བུ་དག་གོ།། ་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཕུན་ལས་བཏུས་པ་ལས། ལོངསུ་སྤྱོད་ཆེན་པོ་ཐོབ་པ་དང་བདེ་འགྲོར་འགྲོ་བ་དང་། ཁོ་ན་མེད་ཅིང་དབྱེ་བ་མེད་པ་དང་། བདེ་བ་དང་ཡིད་བདེ་བ་མང་བ་དང་། སེམས་ཅན་གྱི་ནང་ན་གཙོ ་བོར་གྱུར་པ་དང་། ལུས་ལ་གནོད་པ་མེད་པ་དང་། དབང་ཆེ་བར་གྲགས་པ་ནི་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ་ཞེས་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས ་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱུ་ནི་གང་ལགས། འབྲས་བུ་ནི་གང་དང་ལྡན་ལགས། ཕན་ཡོན་གྱི་དོན་ནི་གང་དང་ལྡན་ལྤགས། ཞེས ་བྱ་བ་འདི་མན་ཆད་ནི་བཅོ་ལྔ་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྒྱུ་དང་། འབྲས་བུ་དང་། ཕན་ཡོན་གྱི་དོན་རབ་ཏུ་ཕྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་དང ་རྒྱུ་དང་འབྲས་བུ་དང་ཕན་ཡོན་གྱི་དོན་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཐད་སྙིང་རྗེ་ཆེན་པོ་ནི་རྒྱུ་བྱེད་དོ།། ་ཤིན་དུ་གྱ་ནོམ་པ་ཡིད་དུ་འོང་བ་རྣམ་པར་སྨིན་པའི་འབྲས་བུ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པས་ནི་འབྲས་བུ་བྱེད་དོ།། ཡོང་སུ་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་རྒྱ་ཆེན་པོ་ནི་ཕན་ཡོན་དོན་ཆེན་པོ་བྱེད་དོ་ཞེས་བྱ་བ ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ།། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལ་ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་ཕྱིར་ནི་རྣམ་པར ་སྨིན་པའི་འབྲས་བུ་ཁྱད་པར་དུ་འཕགས་ལ་མངོན་པར་འགྲུབ་ཅིང་། སེམས་ཅན་ལ་ཕན་འདོགས་པར་བྱེད་དེ། རྒྱུ་དང་རྐྱེན་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་གྱུར་པས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས ་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་པས་མ་འཚལ་བ་དང་ལྡན་པ་དང་། སྙིང་རྗེ་ཆེན་པོས་ཡོངསུ་གྲུབ་པ་ལགས ་ན་ཅིའི་སླད་དུ་འཇིག་རྟེན་ན་སེམས་ཅན་དབུལ་པོ་དག་གདའ་བ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་དྲུག་པ་སེན་གྱི་རིགས་ཀྱི་ལས་ཀྱི་ཉེས་པ་ཡོད་པར་བསྟན་པའི་སྒོ་ཞེས་བྱ་བ་བསྟན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས ་པས་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ།། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱོད་པ་དང་། སྙིང་རྗེ་ཆེན་པོའི་རྐྱེན་གཉིས་ཕུན་སུམ་ཚོགས་པ་ལགས་ན། ཅིའི་སླད་དུ་འཇིག་རྟེན་ན་སེ་ན་དབུལ་བའི་སྡུག་བསྔལ་གྱིས ་ཉོན་མོངས་པ་དག་གདའ་བར་གྱུར་ཅེས་བྱ་བའི་ཐ་ཚི་གོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་སེན་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པ་ཁོ་ན ་ཡིནོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལྡན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དོན་འདི་ཡང་དག་པར་བསྟན་པ་དང་། དཔེ་ཉེ་བར་མཚོན་པ་དང་། དཔེ་དང་དོན་དུ་སྦྱར ་བ་སྟེ། འདི་ནི་དང་པོའི་དོན་ཉིད་ཡང་དགྲ་བསྟན་པའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། རྗེ་སུ་མཐུན་པའི་དང་། བཟློག་སྟེ་བཤད་པའོ།། འདི་ནི་དང་པོ་སྟེ། བྱང་ཆུབ་སེམསྟེ་དཔའ་ལོངས་སྤྱོད་དང་། སྙིང་རྗེ་ཆེན་པོ་དང་ལྡན་མོད་ཀྱི་སེཾན ་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པའི་ཕྱིར། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ལ་སྤྱོད་པར་མི་ནུས་པར་གྱུར་པ་བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིནོ་ཞེས་བྱ་བའི་ཐ་ཚིགོ།། གལ་ཏེ་དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་ནི་རྟག་པར་གཞན ་ལ་ཕན་པར་བྱ་བའི་སེམས་དང་ལྡན་པ་དང་། གཞན་ཡང་རྟག་པར་ལོང་སྤྱོད་ཟད་མི་ཤེས་པ་དང་ལྡན་པས། གལ་ཏེ་སེ་ན་རྣམས་རང་གི་ཉེས་པའི་ལས་གནས་སུ་གྱུར་པ་མེད་དུ་ཟིན་ན། འཇིག་རྟེན་ན་དབུལ་བའི་སྡུག་བསྔལ་ལྟར ་སྣང་བར་ག་ལ་འགྱུར་ཞེས་བྱ་བ་ནི་གཉིས་པ་བཟློག་སྟེ་བཤད་པའོ།། གལ་ཏེ་སེཾན་རྣམས་རང་གི་ལས་ཀྱི་དབང་གིས་གྱུར་པ་མ་ཡིན་པ་ལྟ་ན་འཇིག་རྟེན་ན་དབུལ་པོ་དག་སྣང་བར་ག་ལ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ནི ་འདི་ལྟར་རྟག་ཏུ་གཞན་ལ་ཕན་འདོགས་པའི་ཕྱིརརོ།། དེ་ལྟར་དབུལ་པོ་དག་དམིགས་པའི་ཕྱིར་རང་གི་ལས་ཡིན་པར་མངོན་ཏེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལྔས། སངས་རྒྱས་འཇིག་རྟེན་ན། ་བཞུགས་པའི་ཚེ་ཡང་སེམས་ཅན་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང་ལྡན་དེ། སངས་རྒྱས་ཀྱིས་ཀྱང་བསྒྲུབ་པར་མི་སྤྱོད་ན། བྱང་ཆུབ་སེམས་དཔའ་དག་གིས་ཇི་ལྟར་སྐྱོབ་པར་ནུས་ཤེ་ན། སྨྲས་པ། བྱང་ཆུབ་སེམས ་དཔའི་སེམས་ཀྱང་ཚད་མེད་ལ། བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡ་པ་ཚད་མེད་ཀྱི། སེམས་ཅན་བསྐལ་པ་ཚད་མེད་པ་ནས་བྱས་པའི་ཉེས་པ་ཤིན་ཏུ་སྟུག་པོ་དག་གིས་བསྒྲིབས་པའི་ཕྱིར་འཐོབ་པར་མི་ནུས་ཏེ། དཔེ་ན་འཕགས་པ ་ཤཱ་རིའི་བུའི་སློབ་མ་དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་བརྩོན་འགྲུས་ཅན་ཞིག་བསོད་སྙོམས་བསླང་བ་ལས། ཞག་དྲུག་གི་བར་དུ་ཅི་ཡང་མ་ཐོབ་པར་ཞག་བདུན་ལ་སྲོག་ཆད་ལ་ཐུག་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ཞིག་གི་སུ ་བསོད་སྙོམས་བླངས་ནས་སྦྱིན་པར་བྱ་བ་ལས། བྱས་འཕྲོགས་ཏེ་ཁྱེར་རོ།། འཕགས་པ་ཤཱ་རིའི་བུས་མོའུ་དགལ་གྱི་བུ་ཆེན་པོ་ལ་སྨྲས་པ། ཁྱེད་རྫུ་འཕྲུལ་ཆེན་པོ་དང་ལྡན་པས་ཟས་འདི་སྲུངས་ལ་འདིས་ཐོབ་པར་གྱིས་ཤིག། དེ ་ནས་འཕགས་པ་མོའུ་དགལ་གྱིས་དེ་ལ་ཟས་སྦྱིན་པ་དང་ངེས་ཁོར་ཟོས་པ་ལས་འཇིམ་པར་གྱུར་ཏོ།། དེ་ནས་ཡང་འཕགས་པ་ཤཱ་རིའི་བུ་ཁྱོད་ཀྱིས་བསོད་སྙོམས་བསླངས་ནས་བྱིན་པ་ལས་ཀྱང་། དེ་ཁ་འཐམས་པར ་གྱུར་པ་ལྟ་བུ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་འདོད་ཀྱང་དེ་དག་ཉིད་ཀྱིས་ཉེས་པའི་ཕྱིར་ཐོབ་པར་མ་གྱུར་ཀྱང་བྱང་ཆུབ་སེམས་དཔའ་ལ་ནི་ཉེས་པ་མེདོ།། གཞན ་ཡང་དཔེར་ན་ཀླུའི་རྒྱལ་པོས་ཚར་ཕབ་པ་མི་རྣམས་ལ་ནཱི་ཆུར་སྣང་ལ། ཡི་དགས་རྣམས་ཀྱི་ནི་མེར་མཐོང་ལ། གཞན་ཡང་འོན་པས་འབྲུག་སྒྲ་ཐོས་པར་མི་ནུས་པས་འབྲུག་ལ་ཉེས་པ་མེད་པ་ལྟ་བུའོ་ཞེས་འབྱུང་ངོ་།། གཞན་ཡང ་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། ཉི་མ་དང་ཟླ་བ་གསལ་བ་ཡིན་མོད་ཀྱི། ལོང་བ་རྣམས་ཀྱིས་མི་མཐོང་བ་དེ་ལོང་པ་ཉིད་ཀྱི་ཉེས་པ་ཡིན་གྱི། ཉི་མ་དང་ཟླ་བའི་ཉེས་པ་མ་ཡིན་པ་ལྟར། ས་ནཾ་ཉེས་པ་དང་བཅས ་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཞིང་བཀོད་པ་ཅན་ཡོངས་དག་པ་མི་མཐོང་བ་དེ་བཞིན་གཤེགས་པའི་སྐྱོན་མ་ཡིནོ་ཞེས་གསུང་སོ།། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ། སེཾ་ན་རྣམ་པ་གསུམ་ནི་རང་གི་ལུས་ཀྱི་ཉེས ་བསྔ་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་མཐོང་བར་མི་འགྱུ་རོ་ཞེས་བསྟེན་པ་ཡང་འདིར་ཁུངསུ་བསྟན་པར་རིག་པར་བྱའོ།། གཞན་ཡང་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད ་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། སངས་རྒྱས་ཐམས་ཅད་ལ་མངའ་བརྙེས་པར་འགྱུར་མོད་ཀྱི། སྒྲིབ་པ་དང་ལྡན་པའི་གང་ཟག་དང་། རིགས་མེད་པའི་གང་ཟག་ཏུ་ངེས་པ་གཉིས་པོ་འདི་དག་ལ་སངས་རྒྱས ་མངའ་མཛད་པར་མི་སྤྱོད་དོ་ཞེས་འབྱུང་བ་ཡང་འདིས་བརྗོད་པར་བྱའོ།། དཔེར་ན་ཡི་དགས་ལུས་སྐོམ་པས་གདུངས་པ་རྣམས་ཀྱི་རྒྱ་མཚོའི་ཆུ་སྐམས་པར་མཐོང་བ་དེ་ནི། རྒྱ་མཚོས་ཉེས་པ་མ་ཡིན་གྱི། ཡི་དགྲས་དེ་དག་ཉིད་ཀྱི་རང་གི ་ལས་ཀྱི་ཉེས་པ་ཡིནོ་ཞེས་བྱ་བ་ནི་གཉིས་པ་དགེ་ཉེ་བར་མཚོན་པ་སྟེ། དཔེར་ན་ཡི་དགས་རང་གི་ཉེས་པའི་ལས་ཀྱི་སྟོབས་ཀྱི་རྒྱ་མཚོ་སྐམས་པར་མཐོང་བ་རྒྱ་མཚོའི་ཉེས་པ་མ་ཡིན་པ་ལྟ་བུའོ།། སློབ་དཔོན་ཐོགས་མེད་ཀྱིས་མཛ ་པའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི་རྒྱུ་དང་རྐྱེན་རྣམ་པ་ལྔ་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་སྦྱིན་པ་ཐོབ་པར་མི་ནུས་སོ་ཞེས་འབྱུང་།། རྒྱུ་དང་རྐྱེན་རྣམ་པ་ལྔ་པོ་དེ་དག་ཀྱང་སློབ་དཔོན་དབྱིག་གཉེན་དང་ངོ་བོ ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་འཆད་དོ།། མདོ་ལས་གསུངས་པ་ནི་དང་པོ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ལས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ་ལྷུག་པའི་ཤེས་རབ་ཀྱི་ལྗོན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ནོར་ཐམས་ཅད་ལ་དབང་འབྱོར་པ་ཆེན་པོ་ཐོབ་པར་གྱུར་པ་ཡིན་ན། ཅིའི་ཕྱིར་སེམས་ཅན་བྲེལ་འཕོངས་པ་དག་སྣང་ཞེ་ན། སེམས་ཅན་དེ་དག་ལོངས་སྤྱོད ་གེགསུ་གྱུར་པའི་ལས་ལྕི་བ་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་དང་པོའོ།། སློབ་དཔོན་དབྱིག་གཉེན་གྱི་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་དེ་དག་ལོང་སྤྱོད་ལ། ལས་ཀྱི་སྒྲིབ་པ་ལྕི་བ ་ཡོད་པར་མཐོང་བའི་ཕྱིརརོ།། ཟང་ཟིང་དག་སྦྱིན་པར་མི་བྱེད། སྦྱིན་པའི་འབྲས་བུ་མེད་པར་མི་འགྱུར་བར་བྱ་བ་དང་། གུལ་ཏེ་སྦྱིན་པར་གྷུཪྵ་ནཱ་ཡང་དེ་ལོངས་སྤྱོད་པར་མི་ནུས་པས་སྦྱིན་པ་བཏང་བས ་ཞིག་བྷ་སྙམ་པའི་ཕྱིར་ཏེ། ཚིགསུ་བཅད་པ་ལས་ཇི་སྐད་དུ། དཔེར་ན་མ་མས་བུ་ཆུང་ལ་ནུ་མ་མནུན། ཟླ་གཅིག་ལོ་ནི་ཡང་ངལ་བ་མེད་མོད་ཀྱི་བུ་ཆུང་གལ་ཏེ་ལྐོག་མ་འགགས་གྱུར་ནཱ། མ་མས་དེ་ལ་ཅི་ཞིག་བྱ་བར་ནུས ་ཞེས་ཞེས་བསྟན་པ་ལྟ་བུའོ་ཞེས་འབྱུང་ངོ་།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི། འདི་ལྟར་སེན་རྣམས་ལ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་སྒྲིབ་པར་བྱེད་པའི་ལས་ངན་པ་ཡོད་པས། ལས་ངན ་པཱ་དེས་བྱང་ཆུབ་སེམས་དཔའི་སྒྲིབ་པ་མེད་པའི་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་དེའི་ཕྱིར་ནུས་པ་དང་། དབུལ་པོ་དག་ཡོད་ཀྱང་ཡོངསུ་སྤོང་པར་བྱེད་དོ།། འདིར་ཡི་དགས་དང་ཀླུང་གི་དཔེ་ཁུངསུ་བསྟན་པར་བྱ་སྟེ། དཔེར་ན་ཀླུང ་གཱི་ཆུ་སྒྲིབ་པ་མེད་ཅིང་བཏུང་བར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་ཡི་དྭགས་རྣམས་ཀྱི་ཉེས་པས་བཏུང་བར་མི་ནུསོ།། འདི་ཡང་དེ་བཞིན་ཏེ། དེ་ལ་ཀླུང་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔེའོ།། ཆུ་ནི་ལོངས་སྤྱོད་ཀྱི་དཔེའོ།། ་ཡི་དགས་ནི་སེམས་ཅན་གྱི་དཔེར་བསྟན།། ཇི་ལྟར་ཡི་དགས་དེ་དག་ཀླུང་གི་ཆུ་ཡོངསུ་དག་པ་ལ་བཏུང་ཞིང་སྤྱོད་པར་མི་དབང་བ་དེ་བཞིན་དུ། སེམས་ཅན་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ལོང་སྤྱོད་ལ་སྤྱོད་པར་མི ་དབང་ངོ་ཞེས་བཤད་དོ།། གཞན་ཡང་བསྟན་བཅོས་དེ་ལས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་བྱིན་ན། དགེ་བའི་ཆོས་སྐྱེ་བའི་བར་དུ་གཅོད་པ་ཉིད་དུ་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་གཉིས་པའོ།། སློབ་དཔོན་རྡོ ་ཉིད་མེད་ཀྱི་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་དེ་དག་གི་ལོངས་སྤྱོད་ལ་ཉེས་པ་ལྕི་བ་མེད་པར་མཐོང་ཡ་དུ། དེ་གེལ་ཏེ་ལོངས་སྤྱོད་དག་འཐོབ་པར་འགྱུར་ན།། དེས་བག་མེད་པ་མང་ཞིང ་སྡིག་པ་མི་དགེ་བའི་ཆོས་སྐྱེ་བར་མཐོང་ན།། དེ་འདི་སྙམ་དུ་དེ་དག་གི་ཚེ་འདི་ལ་ཅུང་ཟད་ཅིག་དབུལ་པོར་གྱུར་པ་ནི་བྲིའི།། དེ་དག་མ་འོངས་པ་ན་ཚེ་རབས་མང་པོ་དབུལ་བར་མ་གྱུར་ཅིག་སྙམ་པའི་ཕྱིར། དེ་དག་ལ་ཟང་ཟིང་གི ་སྦྱིན་པར་མི་བྱེད་དོ་ཞེས་འབྱུང་།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི། སེམས་ཅན་ཁྭ་ཅིག་ལ་ལས་ཀྱི་སྒྲིབ་པ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའ་དེ་དག་རྒྱུན་དུ་དགེ་བའི་ཆོས་སྐྱེ་བར་མཐོང ་གལ་ཏེ་ལྗོངས་སྤྱོད་དག་སྦྱིན་པར་གྱུར་ན། ལོངས་སྤྱོད་ཀྱི་བདེ་བ་མྱོང་བའི་ཕྱིར། དེའི་དགེ་བའི་ཆོས་སྐྱེ་བའི་བར་དུ་གཅོད་པ་ཉིད་དུ་གྱུར་ན་འདི་སྙམ་དུ་སེམས་ཏེ། འདི་དག་དབུལ་བཞིན་དུ་དགེ་བའི་ཆོས་འཕེལ ་བར་འགྱུར་བ་ནི་བླའི། འདི་དག་ལོང་སྤྱོད་དང་ལྡན་པར་གྱུར་ནས་དགེ་བ་སྐྱེ་བའི་བར་དུ་ཆོད་པར་གྱུར་པ་ནི་མི་རུང་ངོ་སྙམ་ནས། རིག་པ་དེས་ལོངས་སྤྱོད་དག་སྦྱིན་པར་མི་བྱེད་དོ་ཞེས་འབྱུང་།། གཞན་ཡང་བསྟན་བཅོས ་དེ་ལས་སེམས་ཅན་དེ་དག་དབུལ་པོར་གྱུར་ན་ཀུན་དུ་སྐྱོ་བ་མངོན་དུ་གྱུར་པར་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་གསུམ་པའོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལ། འདི་ལྟར་བྱང་ཆུབ་སེམས ་དཔའ་རྣམས་སེམས་ཅན་དེ་དག་ནོར་བདག་གི་ཕུང་པོར་གྱུར་ན། འཁོར་བ་ལ་ཤིན་ཏུ་སྐྱོ་བའི་སེམས་མངོན་དུ་གྱུར་ནས། ངེས་པར་འབྱུང་བ་ཚོལ་བར་འགྱུར་ལ། གལ་ཏེ་ལོངས་སྤྱོད་དག་ཐོབ་པར་གྱུར་ན་ནི་དྲེགས་པར ་འཕྲུ་མཐོང་བའི་ཕྱིར། ཟང་ཟིང་དག་གཏོང་བར་མི་བྱེད་དེ། དེ་འདི་སྒྱུམ་དུ་དེ་དག་དབུལ་ཞིང་འཁོར་བ་ལས་སྐྱོ་བའི་སེམས་རྟུག་པར་མངོན་དུ་གྱུར་པ་བླའི། དེ་ལོངས་སྤྱོད་ཐོབ་ནས་བདེ་བ་མྱོང་ཞིང་བག་མེད་པར་འགྱུར་ཏེ། ་འཁོར་བ་ལས་སྐྱོ་བ་མེད་པས། སྡིག་པ་མི་དགེ་བའི་ཆོས་བསྐྱེད་པ་ནི་མི་རུང་ངོ་སྙམ་མོ་ཞེས་བཤད་དེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ།། གཞན་ཡང་བསྟན་བཅོས་དེ ་ཉིད་ལས། སེམས་ཅན་དེ་དག་ལ་ལོངས་སྤྱོད་དག་སྦྱིན་ན་མི་དགེ་བའི་ཆོས་ལ་སོགས་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་དང་ཞེས་འབྱུང་སྟེ། འདི་ནི་རྒྱུ་བཞི་པའོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས ་དཔའ་རྣམས་སེམས་ཅན་དེ་དག་ལ་གལ་ཏོ་ལོང་སྤྱོད་ཕུན་སུམ་ཚོགས་པ་དག་སྦྱིན་ན་བག་མེད་པར་གྱུར་ཅིང་། སྡིག་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་ལ་སོགས་པ་ཉིད་དུ་མཐོང་བའི་ཕྱིར། དེ་དག་ལོང་སྤྱོད་དག་སྦྱིན་པར་མི ་བྱེད་དེ། ཚིགསུ་བཅད་པ་ལས་ཇི་སྐད་དུ་ལོངས་སྤྱོད་དག་གི་ཕོངས་པར་གྱུར་ནས་ནི།། ངན་འགྲོའི་ཉེས་པར་སྤྱོད་པ་སྤང་བླ་ཡི།། དེ་དག་ཕྱུག་པས་དབང་པོ་ཡེངས་གྱུར་ཏེ།། མ་འོངས་སྡུག་བསྔལ་སྣོད་གྱུར་མི་རུང་ངོ་ཞེས་གསུངས་པ ་ལྟ་བུའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤ་།། གཞན་ཡང་བསྟན་བཅོས་དེ་ཉིད་ལས། སེམས་ཅན་དེ་དག་ལ་གལ་ཏེ་ལོངས་སྤྱོད་དག་བྱིན་པར་གྱུར་ན། དེ་མ་ཡིན་པའི ་སེམས་ཅན་ཆེས་མང་བ་དག་ལ་གནོད་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱི་རོ་ཞེས་འབྱུང་སྟེ། འདི་ནི་རྒྱུ་ལྔ་བའོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེན་དེ་དག་ལོངས་སྤྱོད་ཐོབ་པར་གྱུར ་ན་དེས་སེམས་ཅན་མང་པོ་དག་ལ་གནོད་པ་ཉིད་དུ་མཐོང་བའི་ཕྱིར། དེ་དག་ལ་ལོངས་སྤྱོད་པ་དགེ་པ་དག་སྦྱིན་པར་མི་བྱེད་དེ། དེ་འདི་སྙམ་དུ་འདི་གཅིག་པུ་དབུལ་འཕོངས་པའི་སྡུག་བསྔལ་མྱོང་བ་ནི་བླའི། དེ་མ་ཡིན་པའི་སེན ་ཆེས་མང་པོ་དག་ལ་གནོད་པར་གྱུར་ན་མི་རུང་ངོ་སྙམ་སེམས་སོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ།། གཞན་ཡང་བསྟན་བཅོས་དེ་ལས་དེའི་ཕྱིར་སེམས་ཅན ་བྲེལ་འཕོངས་པ་ཅན་དག་སྣང་ངོ་།། འདིར་ཚིགསུ་བཅད་པ་ཡོད་དེ། མཐོང་དང་ལས་སྒྲིབ་མངོན་གྱུར་དང་།། སོགས་གནོད་བྱེད་པ་མཐོང་བའི་ཕྱིར།། བྱང་ཆུབ་སེམས་དཔའ་རྣམས་ལས་ནི།། སེཾ་ན་ལོངས་སྤྱོད་མི་ཐོབ་བརྗོད ་ཅེས་འཐུང་སྟེ། འདི་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་སྤྱི་འཇུག་བསྡུ་བའོ།། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། དོན་དེ་དག་ཡང་བསྟན་པའི་ཕྱིར། ཡང་ཚིག་སུ་བཅད་པ་བསྟན ་པ་ཡིན་ཏེ། སེམས་ཅན་དེ་དག་ལ་ལས་ཀྱི་སྒྲིབ་པ་ཡོད་པར་མཐོང་བའི་ཕྱིར་དང་། དགེ་བོ་སྐྱེ་བ་ལ་སྒྲིབ་པའི་ཕྱིར་དང་། ཀུན་ཏུ་སྐྱོ་བ་མངོན་དུ་གྱུར་པའི་ཕྱིར་དང་། སྡིག་པ་ལ་སོགས་པའི་ཕྱིར་དང་། གཞན་དག་ལ་གནོད་པའི་ཕྱིར་དང་། ་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་གཏོང་བ་དག་འཐོབ་པར་མི་འགྱུར་བསོ།། དེའི་ཕྱིར་སེམས་ཅན་བྲལ་འཕོངས་དག་སྣང་ངོ་།། ཞེས་བཤད་།། ལྕང་གི་བསྒྱུར་བའི་འགྲེལ་པ་ལས་རྒྱུ་རྣམ་པ་བསྟན་པ་ཡང་དོན་ཕལ་ཆེར་མཐུན ་པའི་ཕྱིར་འདིར་མ་བརྗོད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནོར་རིན་པོ་ཆེ་གཏོང་བ་ཡང་རྒྱ་མཚོ་ལྟ་བུར་གྱུར་པ་ཡིན་པས་ཉེས་པ་མེད་པ་ཡིན་གྱི། དེ་ནི་སེཾན་རྣམས་ཀྱི་རང་གི་ལས་ཀྱི་ཉེས་པས་ན། ཡི་དགས་བཞིན ་དུ་རང་གི་ལས་ཀྱི་སྟོབས་ཀྱི་འབྲས་བུ་མེད་པར་གྱུར་པ་ཡིནོ་ཞེས་བྱ་བ་ནི་གསུམ་པ་དྲཔེ་དང་དོན་དུ་སྦྱར་བ་སྟེ། མདོ་དེ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཡཱི་དགས་ཀྱི་རྣམ་པ ་གཉིས་ཏེ། ཟིལ་གྱིས་གནོན་པཱི་ཡི་དགས་དང་། ཡི་དགས་ལྟོགས་པའོ།། ཟིལ་གྱིས་གནོན་པོའི་ཡི་དགས་ནི། ལྷ་དག་དང་དབང་འདྲ་བ་བདེ་བ་མྱོང་བ་སྟེ། ཡི་དགས་ལྟོགས་པ་དང་ལྷན་གཅིག་གནས་ཏེ། དེ་དག་གི་བདག་པོ་བྱེད་དོ།། ་ཡི་དྭགས་བལྡགས་པའི་མྦྷ་ནཱ་རི་རབ་ཙམ་མོ།། མེད་པ་ན་ཁབ་མག་ཙམ་མོ།། ལུས་ཀྱི་པགས་པ་དང་། རྩ་རྒྱུས་དང་། རུས་པ་ནི་དྲུག་གོ། ལོ་བརྒྱ་སྟོང་གྲངས་མེད་པ་དག་ཏུ་ཟས་དང་། སྐོམ་གྱི་མིང་ཡང་ཐོས་པར་མི་འགྱུར ་ན་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས་ཡི་དགས་ཁ་ཅིག་ནི་ཁ་ནས་མེ་འབར་ཞིང་ཕྱེ་མ་ལབ་མེར་མཆོང་བ་དག་ཟ་བ་ཡང་ཡོད་དོ།། ཁ་ཅིག་ནི་ཕྱིས་དང་། འཆིལ་མ་དང་། སྣརུབས་དང་། རྣག་ཁྲག་དག་ཟ་ཞིང་འཐུབྱུང་བ་ཡང་ཡོད་དེ། ་ཁུ་ཅིག་ནི་གཏེར་མ་དང་བཅས་པའི་མི་གཙང་བ་སྣ་ཚོགས་ཟ་བ་ཡང་ཡོད་དོ་ཞེས་འབྱུང་ངོ་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཡི་དགས་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ ་ཡོད་པ་དང་། ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་དང་། ཟས་དང་སྐོམ་ལ་སྒྲིབ་པ་མེད་པ་དང་། དེ་ལ་ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གང་དག་སེར་སྣ་ཤས་ཆེར་བསྟེན ་པའི་ཕྱིར། ཡི་དགས་ཀྱི་གནས་སུ་སྐྱེས་པ་དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པས་པགས་པ་དང་། ཤ་དང་ཁྲག་ཀུན་ནས་སྐམས་ནས་སྡོང་དུམ་ཚིག་པ་ལྟ་བུར་འདུག་ལ། གདོང་སྐས་ཁེབས་པ་དང་། བཀྲེས་ཤིང་སྐོམ ་པ་དང་ལྡན་པའི་བཞིན་དང་། ཁ་ཤིན་ཏུ་སྐམས་ལྕེས་བླགས་པ་དང་། བཞིན་གྱུར་པས་ཆུ་མིག་དང་། མཚོ་དང་། མཚེའུ་རྣམསུ་དེ་དང་། དེར་ཀུན་དུ་རྒྱུ་བར་བྱེད་དེ།། དེ་དག་ཏུ་ཡང་སེམས་ཅན་ལག་ན་རལ་གྲི་ཐོགས་པ་དང་། ལག ་ན་མདུང་ཐོགས་པ་དང་། གཞན་དག་གི་མུ་མིག་དང་། མཚེའུ་དང་། མཚོ་དེ་དག་ལས་ཕྱིར་འགོག་པར་བྱེད་པ་ལ། ཆུ་དེ་ཡང་རྣག་དང་ཁྲག་ཏུ་མཐོང་སྟེ། དེ་ན་དེ་དག་བདག་ཉིད་ཀྱང་འཐུང་མི་འདོད་པར་འདུག་སྟེ། ་དེ་ལྟ་བུ་དེ་དག་ནི་ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པའི་ཡི་དགས་ཞེས་བྱའོ།། ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། ཁ་ཁབ་ཙམ་ལ་ཁ་འབ་བཱ་དང་། སྦ་བ་ཅན་དང་། གསུས་པོ་ཆེ་སྟེ། འདི་ལྟར་དེ ་དག་གཞན་གྱིས་གེགས་མ་བྱས་པར་བདག་ཉིད་ཀྱིས་ཟས་དང་སྐོམ་རྙེད་དུ་ཟིན་ཀྱང་། བཟའ་བར་མི་ནུས་པ་དེ་ལྟ་བུ་དེ་དག་ནི། ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པའི་ཡི་དགས་རྣམས་ཞེས་བྱའོ།། ཟས་དང་སྐོམ་ལ་སྒྲིབ་པ ་མེད་པ་ཞེ་ན། འདི་ལྟ་སྟེ། ཡི་དགས་མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བ་ཡིད་དེ། དེ་དག་གི་ཟོས་སོ་ཅོག་དང་། འཐུང་སོ་ཅོག་ཐད་ཚིག་པར་འགྱུར་ཏེ། དེས་ན་དེ་དག་གི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ནམ་ཡང་མེད་པར་མི ་འགྱུ་རོ།། ཡི་དག་ལྡན་ལྗིན་ཟ་བ་དག་ཀྱང་ཡོད་དེ། དེ་དག་ཁ་ཅིག་གིས་ཕྱི་ས་ཟ་ཞིང་གཅིན་འཐུངས་ཏེ། གང་མི་གཙང་ཞིང་མ་ནཱ་མ་ལ་དྲི་ང་བ་དང་། གནོད་པ་དང་སྨན་པར་བྱ་བཱ་ད་ནཱི་ཟའི་མ་འཐུང་བར་ནུས་སོ།། ཡང་ཁ ་ཅིག་ནི་རང་གི་ཤ་རྣམས་ཀྱང་བཅད་དེ་ཟ་ལ། གཙང་བའམ་གསོད་པ་གང་ཡིན་པ་དེ་ནི་བཟའི་བ་དང་བཏུང་བར་མི་ནུས་ཏེ། དེ་ལྟ་བུ་དེ་དག་ནི་ཟས་དང་སྐོམ་ལ་སྒྲིབ་པ་མེད་པའི་ཡི་དགས་རྣམས་ཞེས་བྱ་བ་ཞེས་འབྱུང་ངོ་།། ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དག་གིས་ཆོས་ཟད་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད ་འཛིན་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་བདུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཡོངསུ་འཛིན་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་ལྔས་བསྟན་ཏེ། ཞུ་བ་གསོལ ་བ་དང་། ལུན་དུ་གསུངས་པ་དང་། གལ་དུ་གསོལ་གཱ་དང་། རུང་བ་ཉིད་དུ་སྒྲུབ་པ་དང་། མཇུག་བསྡུ་བའོ།། འདི་ནི་དང་པོ་བྱང་ཆུབ་སེམས་དཔའ་ཞྭ་བྷྲཱུཾ་གསོལ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལས་ཕ་རོལ་ཏུ་ཕྱིན་པ་གང་གི་ཆོས ་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་པར་བགྱིད་ཅེས་བྱ་བའི་ཐ་ཚིག་གོ།། བཅོམ་ལྡན་འདིས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་འཛིན་པར་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལྡན་དུ་གསུངས་པའོ།། ཕ་རོ་ཏུ་ཕྱིན་པ་དྲུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་དུ་འཛིན་པར་བྱེད་དེ། འདིར་གསུངས་པའི་ངོ་བོ་ཉིད་མེད་པ་ཉིད་ནི་དེ་བཞིན་ངོ་བོ་ཉིད་མེད་པ་ཉིད་དོ།། ཡང་ན་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་མོ ་བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་པ་ལགས་ན། ཅིའི་སླད་དུ་ངོ་བོ་ཉིད་དང་བཅས་པ་ཉིད་དུ་འཛིན་པར་མི་བགྱིད་ལགས་ཞེས་བྱ་བ་ནི ་གསུམ་པ་བྱང་ཆུབ་སེམས་དཔའ་གལ་གསོལ་པ་ཉིད་དེ། དེ་ནི་འདི་སྐད་དུ་གལ་ཏེ་ངོ་བོ་ཉིད་མ་མཆིས་པ་ཉིད་ཀྱང་འཛིན་པར་བྱེད་ན། འོ་ན་ནི་མངོན་པར་ཞེན་པ་ཉིད་དུ་གྱུར་པས། མངོན་པར་ཞེན་པ་ཡང་འཛིན་པར་རིགས་ན་ཅིའི ་སླད་དུ་ངོ་བོ་ཉིད་མེད་པ་ཉིད་དང་བཅས་པ་ཉིད་འཛིན་པར་མི་བགྱིད་ཅེས་བསྟན་པར་འགྱུར་རོ།། བཤད་པའི་རྣམ་པ་གཞན་དུ་ན། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་འཛིན་པར ་བྱེད་ན་ནི། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་འཛིན་པར་འགྱུར་བའི་རིགས་ཏེ། འདི་ལྟར་དེ་བཞིན་ཉིད་ཀྱིས་རྣམ་པ་གཅིག་ལ་ངོ་བོ་ཉིད་དང་བཅས་པ་དང་། ངོ་བོ་ཉིད་མེད་པའི་དོན་ཚང་བར་ཡོད་པའི་ཕྱིརོ།། ཡང་ན་ངོ་བོ་ཉིད་མེད་པ ་ཉིད་རྣམ་པ་གསུམ་པོ་དག་ལ་ཡང་ངོ་བོ་ཉིད་མེད་པ་དང་། ངོ་བོ་ཉིད་དང་བཅས་པའི་དོན་ཡང་རྣམ་པ་གཉིས་ཀྱང་ཡོད་ན། ཅིའི་ཕྱིར་ངོ་བོ་ཉིད་དང་བཅས་པའི་དོན་འཛིན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། རིགས་ཀྱི་བུ་ང་ནི། ་ནམ་ཡང་ངོ་བོ་ཉིད་མེད་པ་ཉིད་ཀྱི། ངོ་བོ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་བཞི་པ། དེ་བཞིན་གཤེགས་པས་རུང་བ་ཉིད་དུ་སྒྲུབ་པ་བསྟན་ཏོ།། འདི་ཡང་རྣམ་པ་གསུམ་སྟེ། ཟློག་པའི་རྣམ་པར ་བཤད་པ་དང་། རྗེས་མཐུན་པའི་རྣམ་པར་བཤད་པ་དང་། རྒོལ་བའི་ལན་བསྟན་པའོ།། འདི་ནི་ཟློག་པའི་རྣམ་པར་བཤད་པས་ཕ་རོལ་གྱིས་བརྒལ་བའི་ལན་བཏབ་པའོ།། འདི་ལ་ཡང་བཤྱད་པ་རྣམ་པ་གཉིས་ཡོད་དེ།། ཁ་ཅིག ་ནཱན་རེ་ང་ནི་ནམ་ཡང་ངོ་བོ་ཉིད་མེད་པ་ཉིད་ལྔ་མངོན་པར་ཞེན་པ་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་བའི་ཕྱིར། ངས་ངོ་བོ་ཉིད་དང་བཅས་པ་ཉིད་འཛིན་པ་མི་གསུང་ངོ་ཞེས་བསྟན་པ་ཡིནོ་ཞེའོ།། ཁ་ཅིག་ན་རེ་ང་ནི་ནམ་ཡང ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་སྟེ། འདི་ལྟར་ངོ་བོ་ཉིད་མེད་པ་ཉིད་ནི་མིང་ཚིག་དང་བྲལ་བའི་ཕྱིར་ཏེ། དེའི་ཕྱིར་ངོ་བོ་ཉིད་དང་བཅས་པ་ཉིད་འཛིན་པར་བྱེད་དོ་ཞེས་བརྗོད་པར་མི་བྱའོ་ཞེས་བསྟན་པ་ཡིན་ཞེའོ།། འོན་ཀྱང་ངོ་བོ་ཉིད་མད ་པ་ཉིད་ཡི་གེ་རྣམས་དང་བྲལ་ན་ནང་གི་སོ་སོ་རང་གི་རིག་པ་ཞེས་བྱ་བས་ནི་གཉིས་པ་རྗེ་སུ་མཐུན་པའི་རྣམ་པར་བཤད་པས་ངོ་བོ་ཉིད་མེད་པ་ནི་ཚིག་བྲལ་བའི་ཕྱིར་ཏེ། དེ་ཕྱིར་ངོ་བོ་ཉིད་དང་བཅས་པ་ཉིད་འཛིན་ན་ནང་གི་སོ་སོ་རང ་གི་རིག་པ་ཉིད་བསྟན་པའོ།། འདི་ནི་གོང་དུ་མདོ་དེ་ཉིད་ལས་ངས་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་བཤེད་ལ། རྟོག་པ་དང་དཔྱོད་པ་ནི་བརྗོད་པའི་སྤྱོད་ཡུལ་ལ་སྤྱོད་པ་ཞེས་གསུངས་པ་དང་། གཞན་ཡང་དོན་དམ་པ་ནི་འཕགས ་པ་རྣམས་ཀྱི་རང་གི་སོ་སོར་རང་གིས་རིག་པ་ཡིན་པར་བཤད་ལ། རྟོག་པ་དཔྱོད་པའི་སྤྱོད་པ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་རིག་པར་བྱ་བ་ཡིན་པས་ཞེས་གསུངས་པ་ཉིད་དོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད ་པའི་ས་ལས་གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་བདག་མེད་པའི་ཡེ་ཤེས་ལ་རིང་དུ་ཞུགས་པ་དེ་ཆོས་ཐམས་ཅད་ཀྱིས་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བུ་བཞིན་དུ་རྟོག་པས ་དངོས་པོ་ཙམ་འམ་དེ་བཞིན་ཉིད་ཙམ་དུ་འཛིན་པ་མ་གཏོགས་པར་ཆོས་གང་ལ་ཡང་རུང་སྟེ། ཇི་ལྟ་བུར་ཡང་རྣམ་པར་རྟོག་པར་མི་བྱེད་དོ།། འོན་ཀྱང་དེ་འདི་སྙམ་དུ་འདི་ནི་དངོས་པོ་ཙམ་མོ།། འདི་ནི་དེ་བཞིན་ཉིད་ཙམ ་མོ་སྙམ་དུ་ཡང་མི་སེམས་པར་དོན་སྤྱོད་པར་བྱེད་དོ་ཞེས་འབྱུང་ངོ་།། བརྗོད་པ་དང་ཡི་གེ་སྤངས་པས་ཀྱང་བསྟན་པར་མི་ནུས་པས་ཞེས་བྱ་བ་ནི་གསུམ་པ་རྒོལ་བའི་ལན་བསྟན་པའོ།། ཁ་ཅིག་ནི་འདི་སྐད་དུ་གལ་ཏེ ་དེ་ལྟ་ན། ཅིའི་ཕྱིར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་འཛིན་པར་བྱེད་ཅེས་བསྟན་སྙམ་པ་ལ། དྲོའི་ཕྱིར་འདི་བརྗོད་པ་སྤངས་པས་ཀྱང་བསྟན་པར་མི་ནུས་པས་ཞེས་བྱ་བ་ལ་སོགས ་གསུངས་ཏེ། འདི་ཡིས་དྲིས་པ་དང་ལན་ནི་བསྟན་བཙོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟེན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་དེ་ཉིད་ལས་ག་ལཱ་ཏེ་ཆོས་ཐམས་ཅིང་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ་ཙའི་ཕྱིར་སྦྱོར་བར་བྱེད་ཅེ་ན། སྨྲས་པ། འདི་ལྟར་བརྗོད་པ་མེད་ན་ཡང་། བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བསྙད་པ་དང་། ཐོས་པར་བྱེད་ཀྱང་མི་ནུས་ལ། ཚིག་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པ ་ངོ་བོ་ཉིད་དུ་ཤེས་པར་མི་ནུས་སོ།། དེ་བས་ན་ཐོས་པ་དང་། ཤེས་པར་བྱ་བའི་ཕྱིར་བརྗོད་པ་ཡང་སྦྱོར་བར་བྱེད་དོ་ཞེས་འབྱུང་བ་ཡིནོ།། གཞན་ཡང་དེ་ཉིད་ལས་ཆོས་ཐམས་ཅད་ཀྱང་བརྗོད་དུ་མེད་པའི་བདག་ཉིད་དང་། ་སྤྲོས་པ་ཆད་པ་དང་། ཚིག་གི་སྤྱོད་ཡུལ་ལས་འདས་པའི་ངོ་བོ་ཉིད་ཡིན་པས་དེ་དག་ནི་བརྗོད་པ་པ་ལ་བརྟེན་ནས་གཟུང་བར་བྱ་བ་དང་། བལྟ་བ་བྱ་བ་དང་། རྟོག་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་ཟབ་མོ ་མཐོང་བར་དཀའ་བ་ཡིན་པར་རིག་པར་བྱའོ།། ཞེས་འབྱུང་ངོ་།། དེའི་ཕྱིར་ང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་བྱེད་དོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་ལྔ་པ་མཇུག་བསྡུ་བ་སྟེ། ་བརྡ་ཕྲད་པར་ཟད་དོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དང་། ་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་གང་གསུངས་དེ་ལ་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལགས། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནི་གང་ལུགས་ཞེས ་བྱ་བ་འདི་མན་ཆད་ནི་བཅོ་བརྒྱད་པ་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏེ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། མདོའི་ཞུས ་ཚིག་འདི་ཡང་རྣམ་པ་གཉིས་དབྱེ་སྟེ། སྔར་གསུངས་པ་ཉིད་གསུངས་པ་དང་སྨྲས་པ་དང་། གང་ཞུ་བའི་དངོས་པོ་ཉིད་སྨྲས་པའོ།། དཔེ་ཁ་ཊྭཱ~ཾག་ལ་ས་ནི་གང་ཆུ་བའི་མྱོས་པ་སྐུས་པཱ་ལས་ནི་ཀཱསུམ་དྷཱ ་གང་ཞུ་བའི་དངོས་པོ་སྨོས་པའི་སྐབས་ནས་ནི་གཉིས་འབྱུང་བས། ཞུས་ཚིག་དང་པོ་མ་ཚང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཞིབ་མོ་རྣམ་པར་དགྲོལ་བའི་མདོ། ་ལས་ཀྱང་ཞུས་ཚིག་གསུམ་འབྱུང་བའི་ཕྱིར་མ་ཚང་བར་མངོན་ནོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་དུས། ་དཔག་ཏུ་མེད་པ་ནས་སྦྱིན་པ་ལ་སོགས་པ་ཡོངསུ་བསྒོམ་པས་དགེ་བའི་ཆོས་དང་ལྡན་པ་ཡིན་ཡང་། ཉོན་མོངས་པ་རྣམས་ཀུན་ཏུ་འབྱུང་ཞིང་སོ་དྲི་ཟིལ་གྱིས་གནོན་པར་མི་ནུས་ཀྱི་དེ་ཟིལ་གྱིས་གནོན་པར་འགྱུར་བ་འདི་ལྟ ་སྟེ། མོས་པ་སྤྱོད་པའི་ས་ལ། མོས་པ་ཆུང་ངུ་དང་། འབྲིང་ལ་ཞུགས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏེ།། འདི་ཡང ་རྣམ་པ་གསུམ་དུ་བསྟན་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་ཞུས་པ་དང་པོའི་ལན་དུ་གསུངས་པའོ།། འདི་དག་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་སྦྱིན་པ་ལ་སོགས་པ་བསྒོམ་པའི་མིང་རྣམ་པ་གསུམ་གྱི་བྱེ་བྲག ་ཡིན་ཏེ། འདི་ལྟར་བསྐུལ་པ་གྲངས་མེད་པ་དང་པོ་སྦྱིན་པ་ལ་སོགས་པ་མངོན་པར་སྒྲུབས་ན་མཐུན་པའི་ཕྱོགས་དྲུག་ཀུན་དུ་འབྱུང་བས་དེ་དག་ཟིལ་གྱིས་གནོན་པར་མི་ནུས་ཀྱི་མི་མཐུན་པའི་ཕྱོགས་དྲུག་པོ་དག་གིས་ཟིལ་གྱིས ་གནོན་པར་འགྱུར་བའོ།། འདི་ལྟ་སྟེ་མོས་པའི་སཱ་ལ་ཞེས་བྱ་བས་ནི་སཱའི་གནས་སྐབས་བསྟན་ཏོ།། མོས་པ་ཆུང་ངུ་དང་། འབྲིང་ལ་ཞུགས་པ་ཞེས་བྱ་བས་ནི་བསྒོམ་པའི་དུས་བསྟན་ཏེ། སཱི་མདུན་རོལ་པའི་སྒོམ་པ་དག་ནི་ད་དུང་ཆེན་པོ ་ཉིད་དུ་མི་འགྱུར་གྱི། མོས་པ་ཆུང་ངུ་དང་། འབྲིང་ཁོ་ན་ལ་འཇུག་པའི་དུས་ཡིན་པའི་ཕྱིར་རོ།། དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ནི་མིང་བསྟན་པའི་མཇུག་བསྡུ་བའོ།། ཡང་དུས་དཔག་ཏུ་མེད་པ་ནས་ཡོངསུ་བསྒོམས་པའི ་སྦྱིན་པ་ལ་སོགས་པ་ཁྱད་ཀྱི་དབང་དུ་གྱུར་ཅིང་དགེ་བའི་ཆོས་དང་ལྡན་པས་ཉོན་མོངས་པ་རྣམས་ཀུན་ཏུ་འབྱུང་ཡང་། དེ་ཟིལ་གྱིས་གནོན་ཅིང་དེ་ཟིལ་གྱིས་གནོན་པར་མི་འགྱུར་བ་འདི་ལྟ་སྟེ། ས་དང་པོ་ནས་བཟུང་བ་འདི་ལྟ་སྟེ། ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ནི་ཞུས་པ་གཉིས་པའི་ལྷུན་དུ་གསུངས་པའོ།། མདོའི་ཆོག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རྣམ་པར་བཤད་པ་དང་། སྱའི་གནས་སྲབ་ས་བསྟན་པ་དང་། མཇུག་བསྡུ་བའོ།། འདི ་ས་དང་པོ་ཡན་ཆད་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་བདག་ཏུ་ཡོངསུ་བསྒོམས་པའི་སྦྱིན་པ་ལ་སོགས་པ་ཁད་ཀྱིས་དབང་དུ་གྱུར་པའི་ཕྱིར། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བ་འགྱུར་མོད ་འོན་ཀྱང་དེ་དག་ཟིལ་གྱིས་གནོན་ཅིང་། དེ་དག་གིས་ཟིལ་གྱིས་གནོན་པར་མི་འགྱུར་བ་གང་ཡིན་པ་དེ་ནི་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་དཔག་ཏུ་མེད་པ་ནས་ཡོངསུ་བསྒོམས ་པའི་སྦྱིན་པ་ལ་སོགས་པ་ཆེས་དབང་དུ་གྱུར་ཅིང་། དགེ་བའི་ཆོས་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་ཀུན་དུ་མི་འབྱུང་བ་འདི་ལྟ་སྟེ། ས་བརྒྱད་པ་ནས་བཟུང་བ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་ཞུས་པ ་གསུམ་པའི་ལན་གསུངས་པའོ།། མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ།། འདི་ལྟར་བརྒྱད་པ་ཡན་ཚད་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་པ་དག་ཏུ་ཡོངསུ་བསྒོམས་པ་ལ་སོགས ་བ་ཆེས་དབང་དུ་གྱུར་པའི་ཕྱིར་དང་། རྟག་ཏུ་རྣལ་འབྱོར་ལ་ཞུགས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བའོ།། ས་བརྒྱད་པ་ཡན་ཆུད་རྩོལ་བ་མེད་པར་སྤྱོད་པ་རེ་རེ་བསྒོམས་པ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང ་བའི་ཕྱིར་ཆེན་པོ་ཞེས་བྱའོ།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་། མདོ་འདི་ལས་གསུངས་པ་དང་དོན་མཐུན་པར་སྟོན་ཏོ།། དེ་ཕྱིར་དེ་ཉིད་ལས། རྒྱུའི་གནས་སྐབས་རྣམ་པ་བཅུ་པོ་འདི་དག་ལ་མིང་རྣམ་པ ་གསུམ་ཡོད་དེ། དང་པོ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་དང་པོ་ལ་དེའི་ཚེ། སྦྱིན་པ་ལ་སོགས་པ་མཐུ་ཆུང་བས་ཉོན་མོངས་པ་དག་གི་ཟིལ་གྱིས་གནོན་ཅིང་དེ་དག་གིས་གནོན་པར་ནུས ་པ་དེས་ན་ཉོན་མོངས་པ་ལ་ཀུན་དུ་འབྱུང་བ་མི་གཏོག་སོ།། གཉིས་པ་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་གཉིས་པ་ལ་དེའི་ཚེ་སྦྱིན་པ་ལ་སོགས་པའི་མཐུ་སྟབས་ཁད་ཀྱི་འཕེལ་བར་གྱུར་པས ་ཉོན་མོངས་པས་ཟིལ་གྱིས་གནོན་པར་འགྱུར་བ་མ་ཡིནོ།། དེ་དག་ཟིལ་གྱིས་གནོན་པོར་གྱུར་པ་དེས་ན་ཉོན་མོངས་པ་ལ་ཆེད་དུ་ཀུན་དུ་སྤྱོད་དོ།། གསུམ་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྐལ་པ་གྲངས་མེད་པ་གསུམ ་ལ་དེའི་སྦྱིན་པ་ལ་སོགས་པའི་མཐུ་སྟོབས་ཆེས་འཕེལ་བར་འགྱུར་བས་ཉོན་མོངས་པ་ཐམས་ཅད་གཏན་དུ་ཟིལ་གྱིས་གནོན་པར་ནུས་པ་དེས་ན་ཉོན་མོངས་པ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་སྟེ། འོན་ཀྱང ་བྱ་ཕྲ་མོ་ཀུན་ཏུ་འབྱུང་བའི་ས་བོན་དང་། ཉེ་བའི་ཉོན་མོངས་པའི་ས་བོན་དང་ལྡན་པའི་ཕྱིར། མཐར་ཕྱིན་པ་མེ་ཡིནོ་ཞེས་འབྱུང་ངོ་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་བཤད་དུ། ་དེའི་ཕྱིར་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དེ་ཡང་བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོ་ལ་ནི་ཆུང་བར་རིག་པར་བྱའོ།། བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་ལ་ནི་འབྲིང་ཞེས ་བྱའོ།། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་ལ་ནི་ཆེ་བར་རིག་པར་བྱའོ།། ཞེས་འབྱུང་སྟེ། ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་ས་ཡོངསུ་འཛིན་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ།། མཚམས ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་མདོ་འདི་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མདོ་འདི་དང་ཅུང་ཟད་ཐ་དད་དེ། འདི་ལྟར་མདོ་སྡེ་ལས། ཕ་རོལ ་ཏུ་ཕྱིན་པ་དང་། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ནི་སྔའི་མདུན་རོལ་བ་དང་སྦྱར་ཞིང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ནརྀ་ས་དང་པོ་ཨན་ཆད་ས་བཅུ་པ་མན་ཆད་དང་སྦྱར་བས་སྟོན་པས་སོ།། གཞན་ཡང་དེ་ལས་སའི་མདུན་གྱི་བྱང་ཆུབ་སེམས་དཔའ ་ཡང་ཉོན་མོངས་པ་ཟིལ་གྱིས་གནོན་པར་བྱེད་ཀྱི། ཉོན་མོངས་པོས་ཟིལ་གྱིས་གནོད་པ་ནི་མཱ་ཡིནོ་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གི་ནོར་ཏོ།། །། བམ་པོ་དྲུག་ཅུ་བཞི་པ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས ་དབང་ཕྱུག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་དག་ལ་ཉོན་མོངས་པའི་བག་ལ་ཉལ་དུ་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྣམས་ལ་བརྟན་ནས། ཕ་རོལ་ཏུ ་ཕྱིན་པ་སྐྱེ་བ་དང་། མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་བྲག་ལ་ཉལ་ལ་སོགས་པ་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་བཞིར་དབྱེ་སྟེ། བུག་ལ་ཉལ་བའི་གྲངས་མང་ཉུང་རབ་ཏུ་དབྱེ་བ་དང་། གནས་ངན་ལན་སྤངས ་པས་རབ་ཏུ་དབྱེ་བ་དང་། གནས་ངན་ལེན་སྤངས་པའི་དུས་རབ་ཏུ་དབྱེ་བ་དང་། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་། སྐྱོན་དང་ཡོན་ཏན་རབ་ཏུ་དབྱེ་བ་སྟེ། འདི་ནི་དང་བའི་བག་ལ་ཉལ་གྱི་རྣམ་པའི་གྲངས་མང་ཉུང་རབ་ཏུ་དབྱེ་བའོ།། ་འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་དང་། རྗེསུ་འབྲང་བའི་བག་ལ་ཉལ་རྣལ་འབྱོར་པའི་རྗེ་སུ་ཉལ་ཞིང་མི་ལྡན་པའི་ཕྱིར་བག་ལ་ཉལ་ཞེས་བྱའོ།། ཐམས་ཅད་ཡོད་པར་སྨྲ་བའི་གཞུང ་གིས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཡུལ་གྱི་རྗེ་སུ་འཕེལ་བར་བྱེད་པའི་ཕྱིར་བག་ལ་ཉལ་ཞེས་བྱའོ་ཞེས་བཤད་དོ།། ཕལ་ཆེན་པའི་སྔ་པ་དག་ནི་མངོན་དུ་སྤྱོད་པ་ནི་ཀུན་ནཱས་དཀྲིས་པ་ཞེས་བྱའོ།། མཚུངས ་ལྡན་པ་མ་ཡིན་པའི་འདུ་བྱེད་ནི་བག་ལ་ཉྫལ་ཞེས་བྱའོ་ཞེས་བཤད་དེ། གཞུང་ལུགས་ཀྱི་འཁོར་ལོའི་བསྟན་བཅོས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་སྐད་ཅེས་སྟོན་པ་དེ་དག་ནི་རིག་པ་དང་མཐུན་པ་མ་ཡིན་ཏེ། བག ་ལེ་ཉལ་གྱི་མིང་གི་དོན་དང་མཐུན་པ་མ་ཡིན་པའི་ཕྱིར་ཏེ་དེའི་ཕྱིར་མདོ་སྡེ་དང་ཐེག་པ་ཆེན་པོའི་གཞུང་གིས་ནི་ས་བོན་ལྔ་བག་ལ་ཉལ་ཞེས་བྱའོ་ཞེས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དཔང ་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་སྨྲ་ན་རྣམ་པ་གསུམ་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉི་སྭཱ་ཏེ། གྲངས་སྨོས་ནས ་ལན་མདོར་གསུངས་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ།། འདི་ནི་དང་པོ་སྟེ། འདི་ལྟར་ཉོན་མོངས་པའི་ས་བོན་ནི་རྣམ་པ་མང་མོད་ཀྱི། མདོར་བསྟན་ན་རྣམ་པ་གསུམ་པོ་ཞེས་བྱ་བའི་ཐ་ཚིག་གོ།། གྲོགས་ཡང ་དག་པར་བཅོམ་པའི་བྲག་ལ་ཉལ་འདི་ལྟ་སྟེ། སྔ་མའི་ས་ལྔ་པོ་དག་གོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་ཏུ་འབྱུང་བའི་ཉོན་མོངས་པ་རྣམས་ནི་ལྷན་ཅིག་སྐྱེས་པའི་ཉོན་མོངས ་པ་ཀུན་ཏུ་འབྱུང་བའི་གྲོགས་ཡིན་ཏེ། དེ་དེའི་ཚེ་བསྟན་དུ་མེད་ཅིང་ཡང་ཡོད་པར་མི་འགྱུར་བས། དེའི་ཕྱིར་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ ་པར་ཕྱེ་སྟེ། བཤད་པ་སྟོན་ཏོ།། འདྲི་ཡང་བག་ལ་ཉལ་རྣམ་པ་གསུམ་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ཀྱི་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་རྣམ་པར་བཤད་པའོ།། མདོའི་ཚིག ་འདི་ཡང་རྣམ་པ་ལྟར་དབྱེ་སྟེ། མིང་མདོར་བསྟན་པ་དང་། གནས་སྐབས་བསྟན་པ་དང་། བརྟག་པ་དང་། ཡང་དག་པར་རྣམ་པུ་ར་བྲཤད་པ་དང་། མཇུག་བསྡུ་བ་བསྟན་པའོ།། དེ་ལ་གྲོགས་ཡང་དག་པར་བཅོམ་པའི་བག་ལ ་ཉལ་ཞེས་བྱ་བ་ནི་མིང་མདོར་བསྟན་པའོ།། འདི་ལྟ་སྟེ། སྔ་མའི་ས་ལྔ་པོ་དག་གོ་ཞེས་བྱ་བ་ནི་གནས་སྐབས་བསྟན་པའོ།། ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ན་བརྟག་པའོ།། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་མིང་གི་དོན ་ཡང་དག་པར་རྣམ་པར་བཤད་པའོ།། ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་ཉོན་མོངས་པ་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་གཉིས་སུ་འགྱུར་ཏེ། ལྷན་ཅིག་སྐྱེས་པ་དང་། ཀུན་བརྟགས་པ་ལས་འབྱུང་བའོ།། དེ་ལ ་ཀུན་བརྟགས་པ་ནི་མཐོང་བས་སྦྱང་བར་བྱ་བའི་ཉོན་མོངས་པའོ།། ལྷན་ཅིག་སྐྱེས་པ་ནི་བསྒོམས་པས་སྦྱང་བར་བྱ་བའི་ཉོན་མོངས་པའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅས་རྣམ་པར་རིག་པ་ཙམྦ་དུ་གྲུབ་པ་ལས། ་བདག་ཏུ་འཛིན་པ་རྣམས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའོ།། དེ་ལ་ལྷན་ཅིག་སྐྱེས་པའི་བདག་ཏུ་འཛིན་པ་ནི་ཐོག་མ་མེད་པའི་དུས་ནི་ཡང་དག་པ་མ་ཡིན་པས་ཡོངསུ་བསྒོམ ་པའི་བགེ་ཆགས་ཀྱི་རྒྱུའི་སྟོབས་ཀྱི་ཕྱིར། རྒྱུན་དུ་ལུས་དང་ལྷན་ཅིག་པ་ལོག་པའི་བསྟེན་པ་དང་། ལོག་པར་རྟོག་པ་ལ་མི་བལྟོས་པར་རང་གི་ངང་གིས་འཇུག་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ ་དེ་ཉིད་ལས་བསྟན་པོ་བཞིན་ནོ།། གཞན་ཡང་དེ་ཉིད་ལས་ཀུན་ཏུ་བརྟགས་པའི་བདག་ཏུ་འཛིན་པ་ནི་ད་ལྟར་གྱི་ཕྱི་རོལ་གྱི་རྐྱེན་གྱི་སྟོབས་ཀྱི་ལུས་དང་ལྷན་ཅིག་མ་ཡིན་པ་ལོག་པའི་བསྟན་པ་དང་། ལོག་པར་རྟོག་པ་ལ ་བལྟོས་ནས། གདོད་འབྱུང་བའི་ཕྱིར་ཀུན་དུ་རྟོག་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། འདིར་ལྷན་ཅིག་སྐྱེས་པ་མ་ཡིན་པ་ཀུན་ཏུ་འབྱུང་བའི་ཉོན་མོངས་པ་རྣམས་ཞེས་གསུངས་པ་ནི་ལམ ་མཐོང་བས་སྤང་བར་བྱ་བ་ཀུན་དུ་བརྟགས་པའི་ཉོན་མོངས་པ་ལ་བྱའོ།། ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་པོ་དག་དང་མཚུངས་པར་ལྡན་པ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྟེ། མཐོང་བའི་ལམ ་གྱི་གནས་སྐབས་ཀྱི་མདུན་རོལ་དུ་ནི་གཅིག་ལ་གཅིག་ཕུན་ཚུན་གྲོགས་བྱས་ནས་ཀུན་དུ་འབྱུང་ལ་འདིར་ལམ་མཐོང་བའི་འོག་ཏུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལྷན་ཅིག་སྐྱེས་པ་མ ་ཡིན་པའི་གྲོགས་ཡང་དག་པར་བཅོམ་པའི་ཕྱིར་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱའོ།། ཡང་དག་པའི་དོན་དུ་ན་གྲོགས་ཡང་དག་པར་བཅོམ་པ་ནི་ཀུན་དུ་འབྱུང་བའི་ཉོན་མོངས་པ་ཡིན་ན་བག་ལ་ཉལ་ལ་གྲོགས ་ཡང་དག་པར་བཅོམ་པ་ཞེས་བྱ་བ་གསུངས་པ་ནི་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་ཡིན་པའི་ཕྱིར་གྲོགས་ཡང་དག་པར་བཅོམ་པ་ཞེས་བྱ་སྟེ། རྣམ་པར་བཤད་པ་དྲུག་ལས་འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར ་བཤད་པའོ།། དེའི་ཕྱིར་གྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་ཞེས་བྱའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ།། ཉམས་སྟོབས་ཆུང་བའི་བག་ལ་ཉལ་ནི། འདི་ལྟ་སྟེ། ས་དྲུག་པ་དང་། བདུན་པ་ཆ་ཕྲ་མོའི་ཀུན་ཏུ་འབྱུང་བ་ཉིད ་དང་། གལ་ཏེ་སྒོམ་པས་མནན་པས་ཀུན་ཏུ་མི་འབྱུང་བ་ཉིད་ཀྱི་ཕྱིརོ་ཞེས་བྱ་བ་ནི་གཉིས་པ་ཉམས་སྟོབསྟེ་ཆུང་བའི་བག་ལ་ཉལ་རྣམ་པར་བཤད་པའོ།། མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མིང་སྨོས་པ་དང་། གནས་སྐབས ་བསྟན་པ་དང་། མིང་ཉིད་རྣམ་པར་བཤད་པའོ།། དེ་ལ་ཉམས་སྟོབས་ཆུང་བའི་བག་ཉལ་ཞེས་བྱ་བ་ནི་མིང་སྨོས་པ་སྟེ། འདི་ཡང་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་པས་གོང་མ་བཞིན་དུ་རིག་པར་བྱའོ།། ས་དྲུག ་པ་དང་བདུན་པ་ལ་ཆ་བ་མོའི་ཀུན་ཏུ་འབྱུང་བ་ཉིད་ཅེས་བྱ་བ་ནི་གནས་སྐབས་བསྟན་པ་སྟེ། སྔ་མའི་རིག་པ་ལ་བལྟོས་པའི་ཕྱིར་ཕྲ་མོ་ཞེས་གསུང་སོ།། གལ་ཏེ་བསྒོམས་པས་མནན་པས་ཀུན་ཏུ་མི་འབྱུང་བ་ཉིད་ཀྱི་ཞེས་བྱ་བ་ནི ་ཉམས་ཆུང་བའི་མིང་གི་དོན་བསྟན་པའོ།། དེ་ལ་གལ་ཏེ་ན་ཞེས་བྱ་བ་ནི་མ་ངེས་པའི་ཚིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཁ་ཅིག་ས་བདུན་པ་མན་ཆད་དུ་ཉོན་མོངས་པ་ཟིལ་གྱིས་མི་ནོན་པ་ཡང་ཡོད་པའི་ཕྱིར་འདིར་ཀུན་ཏུ ་འབྱུང་བ་ཡིནོ།། བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཟིལ་གྱིས་ནོན་ནས་མི་འབྱུང་བར་བྱེད་པ་ཡང་ཡོད་དོ། མ་ངེས་པ་འདི་ལྟ་བུ་དག་ཡོད་པའི་ཕྱིར། གལ་ཏེ་ན་ཞེས་བྱ་བ་གསུང་སོ།། དེ་ནི་འདི་སྐད་དུ། གལ་ཏེ་དེ་ཀུན་ཏུ་འབྱུང་ན ་ཡང་ཉམས་སྟོབས་ཆུང་བ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བསྒོམ་པས་མནན་པས་ཀུན་དུ་མི་འབྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པར་འགྱུརརོ།། ཉམས་སྟོབས་ཆུང་བའི་མིང་གི་དོན་རྣམ་པར་བཤད་པ་ནི་གོང་མ་བཞིན ་དུ་རིག་པར་བྱའོ།། ཤིན་དུ་ཕྲ་བའི་བག་ལ་ཉལ་ནི་འདི་ལྟ་སྟེ། སུ་བརྒྱད་པ་དང་། དེའི་གོང་མ་རྣམས་ལ་ཉོན་མོངས་པ་ཐམས་ཅད་ཡང་ཀུན་ཏུ་མི་འབྱུང་བ་དང་། ཤེས་བྱའི་སྒྲིབ་པ་ཙམ་གྱིས་གནས་བྱེད་པའི་ཕྱིརརོ་ཞེས་བྱ་བ་ནི་གསུ ་པ་ཤིན་ཏུ་ཕྲ་བའི་བག་ལ་ཉལ་རྣམ་པར་བཤད་པའོ།། མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མིང་སྨོས་པ་དང་གནས་སྐབས་བསྟན་པ་དང་། མིང་གི་དོན་རྣམ་པར་བཤད་པའོ།། དེ་ལ་ཤིན་ཏུ་ཕྲ་བའི་བག་ལ ་ཉལ་ཞེས་བྱ་བ་ནི་མིང་སྨོས་པའོ།། འདི་ལྟ་སྟེ་ས་བརྒྱད་པ་ཞེས་བྱ་བ་ནི་གནས་སྐབས་བསྟན་པའོ།། དེའི་གོང་མ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་ཕྲ་བའི་མིང་གི་དོན་བསྟན་པའོ།། འདི་ཡང་རྒྱུ་རྣམ ་པ་གཉིས་ཏེ། དང་པོ་ནི་ས་བརྒྱད་པ་ཡན་ཆད་ལ་ཉོན་མོངས་པ་ཐམས་ཅད་ཀུན་དུ་མི་འབྱུང་སྟེ། དུས་ཐམས་ཅད་བརྟག་པར་རྣལ་འབྱོར་ལ་གནས་པའི་ཕྱིརརོ།། གལ་ཏེ་རྣལ་འབྱོར་ལ་ཞུགས་ན་ཡང་དེའི་རྒྱུ་མཐུན་པ་འགོག ་བའི་སྙོམས་པར་འཇུག་པ་ཀུན་ཏུ་འཐུང་བའི་ཕྱིར། རིག་པ་དེས་ཉོན་མོངས་པ་ཐམས་ཅད་མི་འབྱུང་ངོ་།། གཉིས་པ་ནི་ཤེས་བྱའི་སྒྲིབ་པ་ཙམ་གྱིས་གནས་བྱེད་པའི་ཕྱིར་ཏེ། འདི་ལྟར་ས་བརྒྱད་པ་ཡན་ཆད་ལ་ཉོན་མོངས་པ ་མེད་པའི་ཕྱིར་ཏེ། ཉོན་མོངས་པ་ཅན་གྱི་ཡིད་འབའ་ཞིག་དང་། ལྷན་ཅིག་པའི་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཟག་པ་དང་བཅས་པའི་ཆོས་ཀྱི་གནས་བྱེད་པས་སོ།། བཤད་པའི་རྣམ་པ་གཞན་དུ་ན་གནས་པར་བྱེད་པ་ཀུན་ཏུ ་འབྱུང་བའི་ཉོན་མོངས་པ་མེད་ཀྱང་གནས་པར་བྱ་བ་ཀུན་ཏུ་འབྱུང་བའི་ཤེས་བྱའི་སྒྲིབ་པ་ཡོད་པའི་ཕྱིར་དང་། རྒྱུ་རྣམ་པ་འདི་གཉིས་ཀྱི་དབང་གི་ས་བོན་ཡོད་ཀྱང་དེའི་མཚན་ཉིད་ཤེས་པར་དཀའ་བའི་ཕྱིར་ཤིན་ཏུ་ཕྲ་བ་ཞེས ་གསུང་སོ།། རྒྱུ་ཕྱི་མ་འདི་ཡང་དགོངས་པ་ཟབ་མོ་རྣམ་པར་དགྲེལ་བའི་མདོ་ལས་ནི་ཡུལ་ཐམས་ཅད་ཀྱི་ཤིན་ཏུ་ཕྲ་མོའི་སྒྲིབ་པ་ཡོད་པ་ཞེས་འབྱུང་ངོ་།། མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་ཤེས་བྱའི་སྒྲིབ་པ་ཅུང ་ཟ་ཙམ་ལ་གནས་པའི་ཕྱི་རོ་ཞེས་འབྲུ་།། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ནང་ནས་མདོ་སྡེའི་ཁུངསུ་བསྟན་པ་ལས་ནི་གནས་པར་བྱ་བ་ཤེས་བྱའི་སྒྲིབ་པ་ཡོད་པས་ཞེས་འབྱུང་ངོ་།། དེ་ལ་འདི་ཤིན་ཏུ་ཕྲ་བ་ཞེས་གསུ ་པ་ནི་བག་ལ་ཉལ་ལ་བྱ་བའི་ཕྱིའོ།། འདི་ནི་རྣམ་པར་བཤད་པ་དྲུག་ལས། ལས་ཡོངསུ་འཛིན་པའི་རྣམ་པར་བཤད་པའོ།། བག་ལ་ཉལ་རྣམ་པ་འདི་གསུམ་སྒྲིབ་པ་གང་དག་གིས་བསྡུས་ཞེ་ན། སྨྲས་པ། འདི་ལ་རྣམ་པར་བཤད། ་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདི་གསུམ་ནི་ཤེས་བྱའི་སྒྲིབ་པ་ཁོ་ནའོ་ཞེའོ།། ཁ་ཅིག་ན་རེ་དང་པོ་གཉིས་ནི་ཉོན་མོངས་པའི་སྒྲིབ་པའོ།། བག་ལ་ཉལ་གསུམ་ནི་ཤེས་བྱའི་ཁོ་ནའོ།། ཁ་ཅིག་ནཱ་རེ་གསུམ་པོ་འདི་དག ་ལྷ་ཉོན་མོངས་པའི་སྒྲིབ་པ་ཁོ་ནའོ་ཞེའོ།། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་བཤད་པ་ཕྱི་མ་ནཱི་ཡང་དག་པ་ཡི་ནོ།། མདོའི་ཚིག་དང་རྗེསུ་མཐུན་པའི་ཕྱིརརོ།། བག་ལ་ཉྫལ་རྣམ་པ་གསུམ་པོ་འདི་ངོ་བོ་ཉིད་གཅིག་པ ་ཡིན་ནམ་ཞེ་ན། འདི་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ནཱ་རེ་རྣམ་པ་གསུམ་པོ་དག་གི་ངོ་བོ་ཉིད་ནི་སོ་སོ་ནས་མི་མཚུངས་ཏེ། རགྲས་པ་དང་ཕྲ་བུ་ཐ་དད་པའི་ཕྱིརརོ་ཞེའོ།། ཁ་ཅིག་ན་རོ་ཕྱི་མ་ཕྱི་མས་སྔ་མ་སྔ་མ་བསྡུས ་པའི་ཕྱིར་ཡངས་དོག་པ་དང་པོའིའོ།། ཁ་ཅིག་ན་རེ་གསུམ་པོ་འདི་དག་གི་གནས་སྐབས་ལ་བརྩམས་ནས་ཐ་དད་པར་བསྟན་ཀྱང་ངོ་བོ་ཉིད་ལ་ནི་བྱེ་བྲག་མེད་དེ་འདི་ལྟར་ས་ལྔ་པོ་དག་ལ་གནས་པ་གང་ཡིན་པ་དེ་ནི་གྲིགས་ཡིདང ་དག་པར་བཅོམ་པ་ཞེས་བྱ།། ས་དྲུག་པ་དང་བདུན་པ་ལ་ནི་ཉམས་སྟོབས་ཆུང་བ་ཞེས་བྱའོ།། ས་བརྒྱད་པ་ཡན་ཆད་ལ་ནི་ཤིན་ཏུ་ཕྲ་བ་ཞེས་བྱག།། ཞེས་ཟེར་ཏེ། བཤད་པ་རྣམ་པ་གསུམ་ལས་བཤད་པ་ནི་གསུམ ་པ་བཟང་ངོ་།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བག་ལ་ཉལ་དེ་དག་གནས་ངན་ལེན་དེ་དག་སྤུངས་པ་རྣམ་པ་དུས་རབ་ཏུ་དབྱེ་བ་ལགས ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གནས་ངན་ལེན་སྤངས་པས་རབ་ཏུ་དབྱེ་བ་ཞེས་བྱེ་བ་སྟོན་ཏོ།། འདྲི་ཡང་རྣམ་པ་གཉིས་ཏེ། ཞུ་བ་ག་སོལ་བ་དང་། ལན་གསུངས་པས་བསྟན་ཏོ།། མདོའི་ཚིག་གི་སྒོ་འདི་གཅིག་གིས་ངོགོངས་པ ་ཁྱོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་སྔར་བག་ལ་ཉལ་དང་། གནས་ངན་ལེན་གྱི་བྱེ་བྲག་གི་མཚན་ཉིད་རབ་ཏུ་ཕྱེ་ནས། དེའི་འོག་ཏུ་གདོད་མདོའི་ཚིག་གི་དོན་བཤད་པར་བྱའོ།། དེ་ལ་བག་ལྔ་ཉལ་ཞེས་བྱ་བ་ནི་ས་བོན་གྱི་གྲངས ་ཀྱིགྱི་མིང་སྟེ། སྒྲིབ་པ་གཉིས་ཀྱི་ས་བོན་རྣལ་འབྱོར་པ་དག་གི་རྗེ་སུ་འབྲང་ཞིང་། བག་ལ་ཉལ་མི་ལྡང་བའི་ཕྱིར་བག་ལ་ཉལ་ཞེས་བྱའོ།། ཉོན་མོངས་པའི་བག་ལ་ཉལ་སྤོང་པར་བྱ་བ་གང་ཡིན་པ་དེ་ནི་སོ་དང་པོར་ཞུགས་པ་ན ་སྤོང་བའོ།། གཞན་བསྒོམ་པས་སྤང་བར་བྱ་བ་གང་ཡིན་པ་དེ་ནི་ས་རེ་རེ་ཞིང་སོ་སོ་ནས་སྤོང་བ་ཡེང་བར་ཚང་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གྱིས་སྤོང་བར་བྱེད་དེ། རྣམ་པར་གྲོལ་བའི་ལམ་གྱིས་སོ་སོ་བརྟགས ་པ་ཐོབ་པའི་ཕྱིར།། དེ་ལ་གནས་ངན་ལེན་ཅེས་བྱ་བ་ནི་སྒྲིབ་པ་གཉིས་ཀྱི་ས་བོན་གྱི་མཐུའི་བྱེ་བྲག་ཐ་དད་པའི་ཕྱིར་ཟག་པ་དང་བཅས་པའི་ལུས་ལས་སུ་མི་རུང་བ་ཉིད་དུ་བྱེད་པས་གནས་ངན་ལེན་ཅེས་བྱའོ།། བག་ཆགས་ཞེས་ཀྱང་བྱ ་སྟེ། ཟག་པ་དང་བཅས་པའི་ཆོས་དང་། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཏེ། སྤངས་པ་དང་མ་སྤངས་པའི་གནས་སྐབས་ཀྱི་བྱེ་བྲག་གི་ཕྱིར་གཅིག་ཅེས་བྱར་ཡང་མི་རུང་ལ། ཕུང་པོ་ལྔ་ལོས་གུད་ན་བདག་ཉིད་ཐ་དད་པ ་མེད་པའི་ཕྱིར་ཐ་དད་ཅེས་བྱར་ཡང་མི་རུང་སྟེ། དོན་དེའི་ཕྱིར་ཡང་ལྕོགས་ཤིག་ན་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་སྤྱོད་པའི་ལམ་རྣམ་པ་གཉིས་ཀྱང་སྤོང་བར་མི་འགྱུར་ལ། སོ་སོར་བརྟགས་པའི་དུས་མ་བྱས་ཀྱང་གུད ་ན་མི་དམིགས་ཏེ། འོན་ཀྱང་ཤེས་པའི་སྟོབས་ཀྱིས་གོང་ནས་གོང་དུ་ས་བོན་གྱིས་བསྐྱེད་པའི་གནས་ངན་ལེན་རྣམ་པར་སེལ་ཏོ།། གནས་ངན་ལེན་དེ་དག་དང་། བག་ལ་ཉལ་དེ་དག་ལ་ཡངས་དོགས་ཡོད་པ་ཡང་བསྟན་བཅོས ་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ལུས་དེ་དག་གི་ས་བོན་ཉོན་མོངས་པའི་ཕྱོགས་གང་ཡིན་པ་དེ་དག་ནི་གནས་ངན་ལེན་ཞེས་བྱ་བ་དང་། བག་ལ་ཉལ་ཞེས་བྱ་བར་འགྱུར་རོ།། རྣམ་པར་སྨིན་པའི་ཕྱོགས་གང་ཡིན་པ ་རྣམས་དང་། ལས་གཞན་པ་ལུང་དུ་མ་བསྟན་པའི་ཕྱོགས་དེ་དག་ནི་གནས་ངན་ལེན་ཞེས་བྱ་བ་ཉིད་དེ། བག་ལ་ཉལ་ཞེས་མི་བྱའོ།། དད་པ་ལ་སོགས་པ་དགེ་བའི་ཕྱོགས་ཀྱི་ས་བོན་གང་ཡིན་པ་དེ་དག་ལ་ནི་བག་ལ་ཉལ ་ཞེས་བྱ་བ་ཡང་མེད་ལ། གནས་ངན་ལེན་ཅེས་བྱ་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཆོས་དེ་དག་སྐྱེས་པ་ན་ལུས་ལ་སུ་རུང་བ་ཁོ་ནར་འགྱུར་གྱི། ལུས་མི་རུང་བར་མི་འགྱུར་བའི་ཕྱིར་རོ་ཞེས་བསྟན ་པ་ལྟ་བུ་སྟེ། དེ་ལས་ས་བོན་གང་ཉོན་མོངས་པའི་ཕྱོགས་ཀྱིས་བསྡུས་པ་གང་ཡིན་པ་དེ་དག་ལ་གནས་ངན་ལེན་ཅེས་བསྟན་པ་ནི་ཉོན་མོངས་པོའི་ས་བོན་ཉིད་ལ་གནས་ངན་ལེན་ཅེས་བྱའི། འདིར་བསྟན་པའི་སྐབས་སུ ་མི་རུང་བ་ཉིད་ལ་བྱ་བ་ནི་མ་ཡིན་ཏེ། འདི་ལྟར་ས་བོན་དེ་དག་ལ་བདག་ཉིད་ཡོད་པའི་ཕྱིརརོ།། གནས་ངན་ལེན་དེ་ཡང་མདོར་བསྡུ་ན་སྒོ་བཞིར་དབྱེ་སྟེ། ངེས་པའི་ཚིག་བསྟན་པ་དང་། ངོ་བོ་ཉིད་བསྟན་པ་དང་། རྣམ་པའི་གྲངས་མང ་ཉུང་བསྟན་པ་དང་། སྤོང་བའི་གནས་སྐབས་བསྟན་པའོ།། དེ་ལ་ངེས་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བྲག་གིས་བསྟན་ཏོ།། དེ་ལ་གནས་ངན་ལོན་གསུམ་ཞེས་བྱ་བ་ལ། གསུམ་ཞེས་བྱ་བ་ནི་གྲངས་སྨོས་པ་སྟེ། འདི་ལྟར ་གསུམ་པོ་དེ་དག་གིས་དགེ་བའི་ཆོས་དག་རྣམས་ལ་ལས་སུ་རུང་བ་མེད་པའི་ཕྱིར་གནས་ངན་ལོན་ཅེས་བྱ་སྟེ། རྣམ་པར་བཤད་པ་རྣམ་པ་དྲུག་ལས་གྲངས་དང་བཅས་པའི་རྣམ་པར་བཤད་པའོ།། དེ་ལ་བྱེ་བྲག་གི། ་མིང་བསྟན་པའི་པགས་ཤུན་དང་། སྤྱི་དང་སྙིང་པོ་ལ་ཡོད་པའི་ཞེས་བསྟན་པ་སྟེ། བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་དང་། ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང་། ཐེག་པ་ཆེན་པོ་བསྡུས་པ་ལྕང་གི་ཚེ ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། པགས་ཐུན་དང་སྠི་དང་། སྙིང་པོ་ལ་ཡོད་པ་ཞེས་བཤད་དོ།། གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ནི། པགས་ཤུན་དང་། སྤྱི་དང་། རུས་པ་ལ་ཡོད་པ་ཞེས་བཤད་དོ།། ་འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། མཚམས་རྣམ་པར་དགྲོལ་བའི་མདོ་དང་། མདོ་འདི་ཉིད་དང་། བསྟན་བཅོས་ས་ཡོངསུ་འཛིན་པ་ལས་རྣམ་པ ་གསུམ་ཞེས་བསྟན་པ་དག་ནི་དཔེ་ལས་མྱིང་དུ་བཏགས་པ་ཡིན་ཏེ། ལས་ཡོང་སུ་འཛིན་པའི་རྣམ་པར་བཤད་པ་ཡིནོ།། ཡང་ན་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། བརྟགས་ན་ཁོང་དུ་ཆུད་པར ་འགྱུར་རོ།། དེ་ལ་ངོ་བོ་ཉིད་བསྟན་པ་ཡང་སློབ་དཔོན་ཡང་དག་བདེན་པས་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལ་བསྟེན་ནས། འདོད་ཆགས་ལ་སོགས་པ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གང་ཡིན ་པ་དེ་ནི་ཕྱུགས་ཤུན་ལ་སོགས་པ་ལྟ་བུའོ།། མཐོང་བས་སྤང་བར་བྱ་བ་གང་ཡིན་པ་དེ་ནི་སྤྱི་དང་སྙིང་པོ་ལ་ཡོད་བ་སྟེ། ཉོན་མོངས་པའི་བག་ཆགས་ཉིད་དོ་ཞེས་བཤད་དེ། དེས་སློབ་དཔོན་རྣམས་ཕལ་ཆེར་དེ་སྐད་དུ་སྟོན་ཏོ།། ་སློབ་དཔོན་ཧྱན་ཅིང་ནི་སློབ་དཔོན་ཆོས་སྐྱོང་གིས་བཤད་པའི་གཞུང་ལ་བརྟེན་ནས་འདི་སྐད་དུ་སྒྲིབ་གཉིས་ཀྱི་ས་བོན་ནི་བག་ལ་ཉལ་གྱི་ཞེས་བྱའོ།། ངས་སྐྱེས་པའི་ལས་སུ་མི་རུང་བའི་གནས་ངན་ལེན་ཅེས་བྱའོ་ཞེས་བཤད ་དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི། གཞན་ཡང་མ་རིག་པ་བཅུ་པོ་ཀུན་ནས་ཉོན་མོངས་པར་མ་གྱུར་པ་ཞེས་བསྟན་པ་ནི་ས་བཅུ་པོ་དག་གིས་བསྒོམ་པས་སྤང་བར་བྱ་བ་ལས།། ་བརྩམས་ནས་བསྟན་པ་ཡིན་ཏེ། གནས་སྐབས་དེ་དག་ཏུ་ཉོན་མོངས་པ་ཟིལ་གྱིས་གནོན་ཅིང་། གནས་ངན་ལེན་དག་སྤོང་བར་བྱེད་མོད་ཀྱི། ཡིད་ཀྱི་ཡང་དག་པར་བག་ལ་ཉལ་མི་སྤོང་བ་ཡང་ཡིན་པས་དེའི་ཕྱིར་འདིར་མ ་བསྟན་ཏོ་ཞེས་བཤད་དོ།། གཞན་ཡང་དེ་ཉིད་ལས་སྒོམ་པའི་ལམ་གྱིས་ས་བཅུ་པོ་དག་གི་གནས་སྐབས་ཉོན་མོངས་པའི་སྒྲིབ་པའི་ས་བོན་སྤོང་བར་མི་བྱེད་ཀྱི། གནས་སྐབས་ན་དེ་དག་ནི་རིམ་གྱིས་སྤོང་བར་འགྱུར ་བས་དེ་ན་དེའི་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་རེ་རེ་ལ་ཡང་གནས་སྐབས་གསུམ་དུ་སྤང་བའི་དོན་ཡོད་པར་བཤད་དོ།། གནས་སྐབས་རྣམསུ་ཡང་གནས་ངན་ལེན་སྤོང་བར་བྱེད་མོད་ཀྱི། གནས་སྐབས་གསུམ་པོ ་དྲུག་ཏུ་བསྔལ་བས་ན་དེའི་ཕྱིར་ཕྱོགས་གཅིག་ཏུ་དེ་སྐད་བསྟན་ཏེ། རིག་པ་དེས་ན་འདིར་གནས་ངནཱ་ལེན་ཅེས་བྱ་བའི་ས་བོན་བྱ་བ་མ་ཡིནོ།། ཞེས་འབྱུང་ངོ་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། པགས་ཤུན་དང་།། ་སྤྱི་དང་། སྙིང་པོ་ལ་ཡོད་པ་ལྟ་བུ་ཞེས་བསྟན་པ་ཡང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གནས་ངན་ལེན་གང་ཡིན་པ་དེ་ནི་ཕིགས་ཤུན་ལ་ཡོད་པ་ལྟ་བུའོ།། བསྒོམ་པས་སྤང་བར་བྱ་བའི་ཉོན་མོ ་པའི་གནས་ངན་ལེན་གང་ཡིན་པ་དེ་ནི་པྲི་ལ་ཡོད་པ་ལྟ་བུའོ།། མཐོང་བས་བསྒོམ་པས་སྤང་བར་བྱ་བ་ཤེས་བྱའི་སྒྲིབ་པའི་ཕྱོགས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་ནི་སྡོང་པོ་ལ་ཡོད་པ་ལྟ་བུ་སྟེ། འདི་ནི་སྒྲིབ་པ་གཉིས་པ་མཐོང་བ ་དང་བསྒོམ་པས་སྤང་བར་བྱ་བའི་ཕྱིར་དང་། བྱེ་བྲག་ལས་རྣམ་པར་བཞག་པ་ཡིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། པགས་ཤུན་དང་སྙིང་པོ་ལ་ཡོད་པ་ལྟ་བུ་གསུམ་པོ་དག་ནི་ཤེས་བྱའི་སྒྲིབ་པའི་ངོ་བོ་ཉིད་དོ། ་ཞེས་བསྟན་པ་ལྟ་བུའོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་སོའི་མདུན་རོལ་དང་ས་བཅུ་པོ་དག་ཏུ་ས་རེ་རེ་ལ་ཡང་འཇུག་པ་དང་། གནས་པ་དང་། འབྱུང་བ་དག་ཡོད་པ་ལ་བརྟེན་ནས་པགས་ཤུན་དང་། ་སྤྱི་དང་སྙིང་པོ་ལ་ཡོད་པ་ལྟ་བུར་རགས་པ་དང་། ཕྲ་བའི་དོན་གྱི་རྣམ་པ་གསུམ་དུ་དབྱེའོ།། ཞེས་བཤད་དོ།། བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས་མི་སྟོན་པ་བརྒྱད་ཀྱི་ཉོན་མོངས་པ་གསུམ་སྐྱེ་བར་རབ་ཏུ་འབྱེད ་དེ་འདོད་པ་ལ་སོགས་པའི་ཉོན་མོངས་པའི་དངོས་པོ་པགས་ཤུན་ལྟ་བུ་ཞེས་བྱའོ།། ང་རྒྱལ་ལ་སོགས་པའི་དངོས་པོའི་རྣམ་པ་ནི་སྤྱི་ལྟ་བུའོ་ཞེས་བྱའོ།། སྤྲོས་པ་རྣམས་ཀྱི་དངོས་པོ་ནི་སྙིང་པོ་ལྟ་བུའོ་ཞེས་བཤད་དོ།། བསྟན ་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས་ནི། འདུ་ཤེས་དང་ལྡན་པ་དང་། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་གང་ཡིན་པ་དེ་ནི་གོ་རོ་མ་བཞིན་དུ་པགས་ཤུན་དང་། སྤྱི་དང་སྙིང་པོ་ལ་ཡོད་པ་ལྟ་བུ་ཞེས་སྦྱ་རོ་ཞེས་བཤད་དོ།། ་ཡང་ན་བསྟན་བཅོས་མཛད་པའི་དགོངས་པ་ཐ་དད་པས་དེ་ལྟར་བཤད་དུ་མི་རུང་ངོ་།། དེ་ལ་རྣམ་པའི་གྲངས་མང་ཉུང་བསྟན་པ་དང་། ཁ་ཅིག་ལས་ནི་ཤེས་བྱའི་སྒྲིབ་པ་ཁོ་ན་ལས་བརྩམས་ནས། གནས་ངན་ལེན ་རྣམ་པ་གསུམ་དུ་དབྱེ་བ་ཡང་ཡོད་དེ། འཕགས་པ་ལགས་པའི་ཚུལ་ཁྲིམས་ཀྱི་མདོ་ལས་བསྟན་བཅོས་ས་ཡོངསུ་འཛིན་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་ལྟ་བུ་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས ་གཞན་ཡང་བྱང་ཆུབ་སེམས་དཔའི་གན་སྤུ་བཅུ་གཉིས་པོ་དེ་དག་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པོ་དེ་དག་ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་དང་། ཤེས་བྱའི་སྒྲིབ་པའི་ཕྱོགས ་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་སྤོང་བར་འགྱུར་རོ།། དེ་ལ་གནས་པ་གསུམ་པོ་དག་ལ་ནི་ཉོན་མོངས་པའི་སྒྲིབ་པ་ཕྱོགས་དང་མཐུན་པའི་གནས་ངན་ལེན་སྤོང་བར་རིག་པར་བྱ་སྟེ། རབ་ཏུ་དགའ་བ་ལ་ནི་ངན་སོང་བའི ་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐམས་ཅད་གཏན་དུ་སྤོང་ངོ་།། ཀུན་ཏུ་སྤྱོད་པ་ལས་ནི་ཉོན་མོངས་པའི་ཕྱོགས་དང་མཐུན་པ་ཆེན་པོ་དང་། འབྲིང་ཟད་དོ།། མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་གནས ་པ་ལ་ནི་མི་སྐྱེ་བ་ནི་ཆོས་ལ་བཟོད་པ་རྣམ་པར་དག་པ་ལ་གེགས་བྱེད་པའི་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཐང་སྤོང་བར་རིག་པར་བྱའོ།། ཀུན་ཏུ་སྤྱོད་པ་ལས་ནི་ཉོན་མོངས་པ་ཐམས་ཅད་དོ།། གནས་པའི ་མཆོག་ལ་ནི་ཉོན་མོངས་པ་དང་། བག་ཆགས་དང་བག་ལ་ཉལ་གྱི་སྒྲིབ་པ་ཐཾདི་སྤོང་བར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་གནས་པ་ལ་འཇུག་པའོ།། ཤེས་བྱའི་སྒྲིབ་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་རྣམ ་པ་གསུམ་དུ་རིག་པར་བྱ་སྟེ། པགས་ཤུན་ལ་ཡོད་པ་དང་། སྤྲི་ལ་ཡོད་པ་དང་། སྙིང་པོ་ལ་ཡོད་པ་ལྟ་བུའོ།། དེ་ལ་པགས་ཤུན་ལ་ཡོད་པ་ལྟ་བུ་ནི་རབ་ཏུ་དགའ་བའི་ས་ལ་གནས་པ་ལ་སྤོང་ངོ་།། སྤྲི་ལ་ཡོད་པ་ལྟ་བུ་ནི་མཚན་མ ་མེད་པ་ལྷུན་གྱིས་གྲུབ་པ་ལ་སྤོང་ངོ་།། སྙིང་པོ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་བ་སྟེ། སྒྲིབ་པ་ཐད་རྣམ་པར་དག་པའི་ཡེ་ཤེས་ཐོབ་པ་ཉིད་ཀྱང་ཡིནོ།། གནས་པ་གསུམ་པོ་དག་ལ་ཉོན་མོངས་པ་དང་། ཤེས ་བྱའི་སྒྲིབ་པ་སྤོང་བ་དེའི་ཚོགསུ་གྱུར་པ་ནི་གོ་རིམ་བཞིན་དུ་དྲི་མ་ཡིན་པའི་གནས་པ་རྣམས་ཡིན།། ཞེས་འབྱུང་བ་ཡིནོ།། ཁ་ཅིག་ལས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པ་གསུམ་དུ་བསྟན་པ་ཡང་ཡོད་དེ། ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཉོན་མོངས་པའི་སྒྲིབ་པ་ཡང་མཐོང་བ་དང་། སྒོམ་པ་ལས་རྣམ་པ་གཉིས་ཕྱི་ནས་པགས་ཤུན་དང་། སྤྲི་ལ་ཡོད་པ་ཞེས་བསྟན་པ་དང་། ཤེས་བྱའི་སྒྲིབ་པ་ལྔས་སྙིང་པོ་ལ་ཡོད་པའི ་གནས་ངན་ལེན་ཅེས་བསྟན་པ་ལྟ་བུ་སྟེ། དེའི་བསྟན་བཅོས་དེ་ཉིད་ལས་གྲུབ་པ་ལ་ཐེག་པ་དུས་རྣམ་པར་རིག་པར་བྱེད་ཅིང་དུས་ཇི་ཙམ་གྱི་ཐོབ་ཅེ་ན། སྨྲས་པ། དབང་པོ་རྣམ་པ་གསུམ་གྱི་བྱེ་བྲག་ཡོད་པའི་ཕྱིར། ཐེག་པ་གསུམ ་གྱིས་རྣམ་པར་འཇོག་སྟེ།། ཐེག་པ་གཉིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པའི་རྩ་བ་ཅན་ཡིན་པའི་ཕྱིརརོ།། གཞན་ཡང་ཐེག་པ་གཉིས་ཀྱིས་ནི་དུས་ངེས་པ་མེད་པར་འཐོབ་སྟེ། ་རྐྱེན་ཇི་ལྟ་བ་དང་། ཇི་ལྟར་ཡོངསུ་སྨིན་པས་སོ།། ཐ་མས་ནི་གནས་ངན་ལེན་གསུམ་གྱི་དབང་དུ་བྱས་ནས་བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་ཀྱི་ཐོབ་པར་འགྱུརརོ།། གནས་ངན་ལེན་གསུམ་གང་ཞེ་ན། ངན་སོང་ལ་མི ་དགའ་བའི་ཕྱོགས་དང་། མཐུན་པ་པགས་ཤུན་ལ་ཡོད་པ་ལྟ་བུའོ།། སྤང་བས་ངན་སོང་དུ་འགྲོ་བར་མི་འགྱུར་ཞིང་། སྦྱོར་བར་བྱེད་པ་ན་ཡང་མི་དགའ་བ་དང་། འདྲ་བར་མི་འགྱུར་བ་དང་། ཉོན་མོངས་པའི་སྒྲིབ་པའི་ཕྱོགས་དང ་མཐུན་པའི་སྤྲི་ལ་ཡོད་པ་ལྟ་བུ་གང་སྤངས་པས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་ཤིན་ཏུ་ཕྲ་མོ་ཡང་ཀུན་ཏུ་མི་འབྱུང་ཞིང་བག་ལ་ཉལ་ཡང་དག་པ་ནི་འཇོམ་པར་མི་འགྱུར་བ་དང་། ཤེས་བྱའི་སྒྲིབ་པའི་ཕྱོགས་མཐུན་པ ་རྐང་པ་ལ་ཡད་པ་ལྟ་བུ་གང་སྤོང་བས་བག་ལ་ཉལ་ཡང་དག་པར་འཇོམ་ཤིང་ཤེས་བྱ་ཐད་ལ་སྒྲིབ་པའི་ཡེ་ཤེས་འཇུག་པར་འགྱུར་རོ་ཞེས་འབྱུང་བ་ཡིན་པའོ།། དེ་ལ་སྤོང་བའི་གནས་སྐབས་བསྟན་པ་ཡང་མདོར་བསྡུ་ན་སྒོ་རྣམ ་བཞིས་བསྟན་ཏེ། དང་པོ་ནི་གནས་པ་གསུམ་ལ་གནས་པ་སྤོང་བའི་ཕྱིར་པགས་ཤུན་ལ་ཡོད་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ་སྔར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་ཇི་སྐད་བསྟན་པ ་ལྟ་བུའོ།། གཉིས་པ་ནི་བག་ལ་ཉལ་རྣམ་པ་གསུམ་རབ་ཏུ་ཕྱེ་བའི་སྒོ་ནས་པགས་ཤུན་ལ་ཡོད་པ་ལྟ་བུ་ལ་སོགས་པ་སྤང་བ་ཞེས་བཤད་དེ། མདོ་འདི་ཉིད་ལས་ཇི་སྐད་བསྟན་པ་ཉིད་དོ།། གསུམ་པ་ནི་འཇུག་པ་དང་། གནས་པ་དང་། ་འབྱུང་བའི་རྗེསུ་པགས་ཤུན་ལ་ཡོད་པ་ལྟ་བུ་ལ་སོགས་པ་སྤང་བ་ཞེས་བཤད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ་སའི་མདུན་རོལ་དང་། སྣ་བཅུ་པོ་དག་ཏུ་འཇུག་པ་དང་། ་གནས་པ་དང་། འབྱུང་བ་ལ་བརྟེན་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ས་རེ་རེ་ཞིང་པགས་ཤུན་ལ་ཡོད་པ་ལྟ་བུ་ལ་སོགས་པ་གསུམ་སྤོང་བར་བྱེད་དོ་ཞེས་བཤད་པ་ལྟ་བུའོ།། བཞི་པ་ནི་ཡང་དག་པ་ཉིད་ལས་བརྩམས ་ནས་གནས་པ་བཅུའི་གཉིས་པོ་དག་གི་གནས་ངན་ལེན་སྤོང་བར་རབ་ཏུ་དབྱེ་སྟེ། མཚན་ཉིད་ཀྱི་རྗེསུ་རབ་ཏུ་དབྱེ་བའི་ཕྱིར་གནས་པ་དག་གི་གསུམ་པོ་དག་སྤོང་ངོ་ཞེས་བཤད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ ་དུ་གྲུབ་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ།། འདི་ལྟར་བསྟན་པ་རྣམས་ཐ་དད་པར་གྱུར་ཅིག་པགས་ཤུན་ལ་ཡོད་པ་ལྟ་བུ་ལ་སོགས་པ་གསུམ་བསྟན་པ་ཡང་དོན་གྱི་སྤང་བར་བྱ་བ་ལ་རགས་པ་དང་། ཕྲ་བའི་དོན་ཡོད ་པ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་སྒོ་རྣམ་པ་བཞི་ལ་བརྟེན་ནས་གནས་ངན་ལེན་གྱི་དོན་བསྟན་པས་འགལ་བ་མེད་དེ་བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ།། དེ་ཡན་ཆད་དུ་བག་ལ་ཉལ་དང་། གནས་ངན་ལེན་གྱི་བྱེ་བྲག་གི་མཚྭ ་ཉིད་དུསྟན་ནས། ད་ནི་མདོའི་ཚིག་གི་དོན་པཤད་པར་བྱའོ།། དེ་ལ་འདིར་ཞུ་བ་གསོལ་བའི་དགོངས་པ་འདི་ཡིན་ཏེ། གནས་ངན་ལེན་རྣམ་པ་གསུམ་ལས་རྣམ་པ་དུ་ཞིག་སྤྱང་བསྡུ་བག་ལ་ཉལ་དེ་དག་རབ་ཏུ་ད ་བ་ལགས་ཞེས་བྱ་བའི་ཐ་ཚིག་གོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་སྐྱོན་རྣམ་པ་དུ་ཞིག་སྤང་བས་ཉོན་མོངས་ས་པ་དེ་དག་སྤང་བ་ཞེས་བགྱི་བ་ལགས་ཞེས་འབྱུང་སྟེ། མདོ་ལས་ཉོན་མོངས་པ་ཞེས་གསུངས ་ནི་གནས་ངན་ལེན་ལ་བརྟགས་པ་ཙམ་དུ་ཉོན་མོངས་པ་སྤང་བ་ཞེས་གསུངས་ཀྱི་ཡང་དག་པའི་དོན་དུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་ལྟ་བུའི་བར་དུ་འཇོག་པའི་ཕྱིར་རོ།། དགོངས་པ་ཟབ་མོ་རྣམ་པའི་དགྲོལ ་བའི་མདོ་ལས། སྐྱོན་རྣམ་པ་དུ་ཞིག་སྤངས་པས་ཉོན་མོངས་པ་རྣམས་སྤོང་ཞེས་འབྱུང་བ་ཡང་མཚམས་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་དོན་མཐུན་ནོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམ་པ་གཉིས་ཀྱི་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས ་ཏེ། གྲངས་སྨོས་ནས་ལན་མདོར་བསྟན་པ་དང་། རྣམ་པར་ཕྱེ་ནས་བསྟན་པའོ།། འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པ་སྟེ།། འདི་ལྟར་པགས་ཤུན་དང་སྤྱི་དང་རྐང་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་རྣམ ་པ་གསུམ་སྤངས་པའི་ཕྱིར་བག་ལ་ཉལ་རབ་ཏུ་དབྱེ་བ་ཡིན་ཞེས་བྱ་བའི་དོན་ཏོ།། གནས་ངན་ལེན་སྤངས་པའི་དོན་ནི་གཞན་ནས་བསྟན་པ་བཞིན་ནོ།། འདི་ལྟར་པགས་ཤུན་ལ་ཡོད་པ་ལྟ་བུ་ནི་གནས་ངན་ལེན་སྤངས་པའི་ཕྱིར ་ནི་དང་པོ་དང་། གཉིས་པ་དེ་དག་གི་རབ་ཏུ་དབྱེ་བ་ཡིན་ནོ།། སྤྱི་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པའི་ཕྱིར་ནི་དེས་རབ་ཏུ་ཕྱེ་བ་ཡིནོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི ་ཡང་རྣམ་པ་གཉིས་ཁོ་ན་བསྟན་པ་དང་། རྒོད་ལ་ཡོད་པ་ལྟ་བུ་སྦྱངས་པ་ཉིད་བསྟན་ཅིང་ལོགས་ཤིག་ཏུ་རྣམ་པར་ཕྱེ་སྟེ་མ་བསྟན་པའོ།། འདི་ནི་དང་པོ་རྣམ་པ་གཉིས་ཁོ་ན་བསྟན་པ་སྟེ། འདི་ལྟར་སྤྱིར་བསྟན་པའི་བག་ལ ་ཉལ་རྣམ་པ་གསུམ་གསུམ་ལས་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་རྣམ་པཱ་གཉིས་ཁོ་ན་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟ་སྟེ། དང་པོ་ནི་ས་རབ་ཏུ་དགའ་བ་ནས་ས་བདུན་པའི་བར་གྱིས་པགས་ཤུན་ལ་ཡོད་པ་ལྟ་བུའི ་གནས་ངན་ལེན་སྤོང་བར་བྱེད་དེ། གནས་དོན་ལེན་འདི་གཅིག་སྤངས་པའི་དོན་གྱི་ཕྱིར་ནི་གྲོགས་ཡང་དག་པར་བཅོམ་པ་དང་། ཉམས་སྟོབས་ཆུང་བའི་བག་ལ་ཉལ་གྱི་གནས་ངན་ལེན་སྤངས་པའི་དོན་རབ་ཏུ་དབྱེ་བ་ཡིན།། ་གནས་ངན་ལེན་སྤངས་པའི་ཕྱིར་ནི་ས་བརྒྱད་པ་དང་། དགུ་པ་དང་བཅུ་པའི་ཤིན་ཏུ་ཕྲ་བའི་བག་ལ་ཉལ་གྱི་གནས་ངན་ལེན་སྤངས་པའི་དོན་དུ་རབ་ཏུ་ཕྱེ་བ་ཡིནོ།། གལ་ཏེ་དེ་ལྟ་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས ་གནས་པ་གསུམ་གྱིས་གནས་ངན་ལེན་རྣམ་པ་གསུམ་སྤང་བར་བྱེད་དོ་ཞེས་བསྟན་པ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་ཞེ་ན་མདོ་འདི་དང་བསྟན་བཅོས་དེ་ལས་མི་འདྲ་ཡང་དོན་མི་མཚུངས་པས་བརྡ ་སྨད་ཅིང་རྣམ་པར་བཤད་མི་དགོས་སོ།། ཡང་ན་མདོ་འདི་དང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དེ་དོན་ལ་བྱེ་བྲག་མེད་དེ། འདི་ལྟར་པགས་ཤུན་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་ནི་ས་དང་པོ་པས་སྤོང་ངོ་།། ། ་ས་བརྒྱད་པུ་ནི་སྤྱི་ལ་ཡོད་པ་ལྟ་བུ་སྤོང་ངོ་།། སངས་རྒྱས་ཀྱི་ས་ལས་ནི་རྐང་ལ་ཡོད་པ་ལྟ་བུས་སྤོང་བས་སོ།། གྲོགས་ཡང་དག་པར་བཅོམ་པ་ལ་སོགས་པ་གསུམ་གྱི་དོན་གྱི་མཚན་ཉིད་རབ་ཏུ་ཕྱེ་བས་ས་དང་པོ་པས་པགས ་ཤུན་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་ན་གྲོགས་ཡང་དག་པར་བཅོམ་པ་དང་། ཉམས་སྟོབས་ཆུང་བ་ཉིད་ཀྱི་དོན་གདོང་རབ་ཏུ་གསལ་བར་འགྱུར་བའི་ཕྱིར་པགས་ཤུན་ལ་ཡོད་པ་ལྟ་བུ་སྦྱངས་པའི་ཕྱིར་ནི་དང་པོ་དང ་གཉིས་པ་དེ་དག་རབ་ཏུ་ཕྱེ་བ་ཡིནོ།། ཞེས་བྱ་བ་གསུངས་པ་ཡིན་ནོ།། གཉིས་པ་ནི་ས་བརྒྱད་པ་ལཾ་སྠི་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པས་ཤིན་ཏུ་ཕྲ་བའི་དོན་བསལ་བར་འགྱུར་བའི་ཕྱིར་སྤྱི་ལཱ་ཡོད་པ་ལྟ་བུའི ་སྤང་བའི་ཕྱིར་ནི་གསུམ་པ་དེ་རབ་ཏུ་ཕྱེ་བ་ཡིནོ་ཞེས་བྱ་བ་གསུངས་པ་ཡིནོ།། གཉིས་པ་ནི་ས་བརྒྱད་པ་ལ་སྤྱི་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པས་ཤིན་ཏུ་ཕྲ་བའི་དོན་གསལ་བར་འགྱུར་བའི་ཕྱིར་སྤྲི་ལ་ཡོད་པ ་ལྟ་བུ་སྤངས་པའི་ཕྱིར་ནི་གསུམ་པ་དེ་རབ་ཏུ་དབྱེ་བ་མནོ་ཞེས་བྱ་བ་གསུངས་པ་ཡིནོ།། ལན་གསུངས་པ་ལ་བཤད་པ་རྣམ་པ་གཉིས་ཡོད་པ་བཞིན་དུ་ཞུ་བ་གསོལ་བ་ཡང་དགོས་པ་རྣམ་པ་གཉིས་ཡོད་པ་ནི་ལན་དུ་གསུངས་པ་བཞིན་དུ། ་རིག་པར་བྱའོ།། རྐང་པ་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤང་བ་གང་ཡིན་པ་དེ་ནི་ངས་བག་ལ་ཉལ་ཐ~ཾད་གཏན་དུ་སྤང་བའི་གནས་སྐབས་སངས་རྒྱས་ཀྱི་ས་ཡིན་པར་ཡོངསུ་བསྟན་ཏོ་ཞེས་བྱ་བས་ནི་གཉིས་པ་རྐང་པ་ལ་ཡོད་པ ་ལྟ་བུ་སྤང་བ་ཉིད་དུ་བསྟན་ཅིང་ལོགས་ཤིག་ཏུ་རྣམ་པར་ཕྱེ་སྟེ་རྣམ་པར་མ་བསྟན་ཏོ།། དེ་ནི་འདི་སྐད་དུ་ཤེས་བྱའི་སྒྲིབ་པ་ལས་རྐང་ལ་ཡོད་པ་ལྟ་བུའི་གནས་ངན་ལེནཱ་ནི་ཤིན་ཏུ་ཕྲ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་གྱི་གདོང་སྤོང ་ས་ཟད་པར་འགྱུར་ཏེ། གནས་སྐབས་འདི་ནི་བག་ལ་ཉལ་རྣམ་པ་གསུམ་གྱི་གནས་ངན་ལེན་དང་བྲལ་བའི་དོན་ལོགས་ཤིག་ཏུ་རྣམ་པར་ཕྱེ་ནས་མི་སྟོན་གྱི། སྤྱིར་སངས་རྒྱས་ཀྱི་གནས་པ་ལ་བག་ལ་ཉལ་རྣམ་པ་གསུམ ་གྱི་ས་བོན་གཏན་དུ་སྤོང་བ་རབ་ཏུ་སྟོན་ཏོ་ཞེས་བསྟན་པར་འགྱུར་རོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་སྐྱོན་རྣམ་པ་དུ་ཞིག་སྤངས་པས་ཉོན་མོངས་པ་དེ་དག་སྤངས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་སྤྱན་རས ་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རྣམ་པ་གསུམ་གྱི་སྟེ་དང་པོ་ནི་པགས་ཤུན་ལ་བསྟན་ཏོ་ཞེས་བསྟོན་པར་འགྱུརརོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། སྐྱོན་རྣམ་པ་དུ་ཞིག་སྤངས་པ་ཉོན་མོངས་པ་དེ ་དག་སྤངས་པ་ཉོན་མོངས་པ་དེ་དག་སྤངས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རྣམ་པ་གསུམ་གྱིས་ཏེ་དང་པོ་ནི་པགས་ཤུན་ལ་ཡོད་པ་ལྟ་བུའི ་སྐྱོན་སྤངས་པའོ།། གཉིས་པ་ནི་སྤྲི་ལ་ཡོད་པ་ལྟ་བུའི་སྐྱོན་སྤངས་པའོ།། གསུམ་པ་ནི་རྐང་ལེ་ཡོད་པ་ལྟ་བུའི་སྐྱོན་སྤངས་པའོ།། ཉོན་མོངས་པ་ཐཾད་སྤངས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱིས་ཁྲོ་ལ་བསྐལ་པ་གསུམ་དུ ་ན་ཏོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་རྐང་ལ་ཡོད་པ་ལྟ་བུ་རྣམ་པ་དུ་ཞིག་སྤངས་པས་ཉོན་མོངས་པ་སྤང་བ་ཞེས་བགྱི་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་ལ་ཡོད ་བ་ལྟ་བུ་རྣམ་པ་གཉིས་སྤངས་པས་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ཏེ། སྤྱན་རས་གཟིགས་དབང་ཕྱུག་དང་པོ་པགས་ཤུན་ལ་ཡོད་པ་ལྟ་བུའི་སྒྲིབ་པ་སྦྱངས་པས་ནི་སྐྱོན་དང་བྲལ་བར་འགྱུརརོ།། དྲིའི་འོག་ཏུ་སྤྲི་ལ་ཡོད ་པ་ལྟ་བུའི་སྒྲིབ་པ་སྤངས་པས་ནི་སྐྱོན་གཉིས་པ་དང་བྲལ་བར་འགྱུར་རོ།། དེའི་འོག་ཏུ་རྒོང་ལ་ཡོད་པ་ལྟ་བུའི་སྒྲིབ་པ་སྤངས་པས་ནི་སྐྱོན་གསུམ་དང་བྲལ་བར་འགྱུར་རོ།། ངས་ཉོན་མོངས་པ་ཐཾད་ཟད་པ་གང་ཡིན་པ་དེ་ནི་སངས་རྒྱས ་ལ་བསྐལ་པ་གསུམ་མོ་ཞེས་བསྟན་ཏོ་ཞེས་འབྱུང་སྟེ། མདོ་དེ་གཉིས་མདོ་འདི་ཉིད་དང་ཐ་དད་པར་འགྱུར་བ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིརརོ།། བཤད་པའི་རྣམ་པ་གཞན་དུ་ན་འདིས་གནས་ངན་ལེན ་རྣམ་པ་གསུམ་ནི་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་གསུམ་བསྟན་པ་ཡིན་ཏེ། རྐང་ལ་ཡོད་པ་ལ་སངས་རྒྱས་ཀྱི་ས་ལ་མངའ་བར་གསུངས་པ་ནི་རྣམ་པར་གྲོལ་བའི་ལམ་གྱི་གནས་ངན་ལེན་སྤོང་བའི་ཕྱིར ་ཡང་ན་འདིར་གནས་ངན་ལེནྡྲ་རྣམ་པ་གསུམ་གསུངས་པ་ནི་སྔར་གྲོང་དུ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པར་གཏོག་སོ།། གསུམ་པ་ནི་ཤེས་བྱའི་སྒྲིབ་པར་གཏོག་སོ་ཞེས་བསྟན་པའི་ཕྱིར་ཏེ། བསྟན་བཅོས ་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ།། སྒྲིབ་པ་གཉིས་པོ་སོ་སོར་ནས་བག་ལ་ཉལ་དང་གནས་ངན་ལེན་དང་ལྡན་པ་ཡིན་ནམ་ཞེ་ན། ཅིའི་ཕྱིར་མདོ་འདི་ལ་བགྲ་ལ་ཉལ་བསྟན་པའི་སྐབསུ་ནི་ཉོན་མོངས ་པ་ཁོ་ན་བཟུང་ལ་གནས་ངན་ལེན་བསྟན་པའི་གནས་སྐབསུ་ནི་ཤེས་བྱ་ཁོ་ན་གཟུང་འདི་ལ་དགོངས་པ་ཅི་ཡོད་ཅེ་ན། སྨྲས་པ། འཕགས་པ་རྣམས་ཀྱི་བསྟན་པ་ལ་ཆོས་བསྟན་པའི་སྒོ་མང་བས་དང་པོ་དེ་ཁོ་ན་ཉིད་ལས ་བརྩམས་པ་དོན་མཐར་ཐུག་པའི་སྒོ་སྟེ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་འདི་ལྟར་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་དང་ཤེས་བྱའི་སྒྲིབ་པའི་གཉིས་ངན་ལེན་རྣམ་པ་གསུམ་སོ་སོར་ཕྱེ་ནས ་བསྟན་པ་ལྟ་བུ་སྟེ། སྔར་བསྟན་པ་བཞིན་དུ་རིག་པར་བྱའོ།། གཉིས་པོ་ནི་ཕན་ཚུན་གཅིག་གི་གཅིག་བསྟན་པའི་སྒོ་སྟེ་འདི་ལྟར་མདོ་འདི་ཉིད་ཀྱི་ནང་ནས་བག་ལ་ཉལ་བསྟན་པའི་སྒོ་ནས་ཉོན་མོངས་པ་འབའ་ཞིག་ཡིན་པར ་བསྟན་གྱི། ཤེས་བྱའི་ནི་མ་ཡིན་པར་བསྟན་པ་ལྟ་བུ་ནི་གཅིག་གིས་གཅིག་བསྟན་པ་ཡིན་པས་ཤེས་བྱའི་སྒྲིབ་པ་ལ་རྣམ་པ་གསུམ་ཡོད་པར་བསྟན་ཏོ།། གནས་དྲན་ལེན་གྱི་དོན་བསྟན་པའི་གནས་ངན་ལེན ་སྐབསུ་ཤེས་བྱའི་སྒྲིབ་པ་ཁོ་ན་ཡིན་པར་བསྟན་པ་ཡང་གཅིག་གི་གཅིག་བསྟན་པ་ཡིན་པས་ཉོན་མོངས་པའི་སྒྲིབ་པ་ལ་ཡང་རྣམ་པ་གསུམ་ཡོད་པར་བསྟན་ཏོ།། སྒྲིབ་པ་གཉིས་པོ་དེ་དག་རེ་རེ་ལ་ཡང་གནས་ངན་ལེན་རྣམ ་གསུམ་ཡོད་པར་བསྟན་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་པ་བཞིན་དུ་རིག་པར་བྱ་སྟེ་དེར་བརྟགས་ནས་ཁོང་དུ་ཆུད་པར་བྱའོ།། །། བུམ་པོ་དྲུག་ཅུ་ལྔ་པ། བྱང་ཆུབ་སེམས་དཔའ་སྤྱན་རས ་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལོ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྐལ་པ་གྲངས་མ་མཆིས་པ་དུ་དག་གིས་གནས་ངན་ལྡན་དེ་དག་ཡོངསུ་སྤོང་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི ་གསུམ་པ་གནས་ངན་ལེན་སྤོང་བའི་དུས་རབ་ཏུ་དབྱེ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས ་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་བསྐལ་པ་གྲངས་མེད་པ་གསུམ་གྱིས་སམ། ཡང་ན་བསྐལ་པ་དཔག་ཏུ་མེད་པ་འདི་ལྟ་སྟེ། ལོ་དང་ཟླ་བ་དང་། ཟླ་བ་ཕྱེད་དང་། ཞག་དང་། ཉི་མ་ཕྱེད་དང་། ཐུན་དང་། ་བླུབླན་བྱེད་དང་། ཡུད་ཙམ་དང་། ཐང་ཅིག་དང་། སྐད་ཅིག་གི་རྒྱུད་ཀྱི་བསྐལ་པ་གྲངས་མེད་པར་མྱི་ནུསྨྲ་པའི་བཱིར་རོ་ཞེས་བྱ་བ་ནི་གཉིས་པ་གནས་ངན་ལེན་སྤོང་པའི་དུས་སྟོན་ཏེ། འདིར་བསྐལ་པ་གྲངས་མེད་པ་གུས་མ ་གྱིས་སམ། ཡང་ནི་བསྐལ་པ་དཔག་ཏུ་མེད་པ་དག་གིས་སོ་སོ་ཞེས་བྱ་བའི་ཐ་ཚིག་གི། མདོ་འདི་ཉིད་ཀྱི་དཔེ་གསུམ་ཆར་ལས་ཀྱང་མི་མཐུན་པར་བསྟན་པ་མེད་དོ།། མདེའི་ཚིག་འདི་ཡང་བཤད་པ་རྣམ་པ་གཉིས་ཡོད ་དེ། ཁ་ཅིག་ན་རེ་བསྐལ་པ་གྲངས་མེད་པ་དང་པོ་ལ་ནི་པགས་ཤུན་ལ་ཡོད་པ་ལྟ་བུ་སྤོང་ངོ་།། གཉིས་པ་ལ་ནི་སྤྱི་ལ་ཡོད་པ་ལྟ་བུའོ།། གསུམ་པ་ལ་ནི་རུས་པ་ལ་ཡོད་པ་ལྟ་བུ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་ལས། པགས་ཤུན་དང་། སྤྱི་དང་སྙིང་པོ་ལ་ཡོད་པ་ལྟ་བུའི་ཉོན་མོངས་པ་རྣམ་པ་གསུམ་བསལ་བའི་དབང་དུ་མཛད་པའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་རྣམ་པར ་བཞག་པ་ཡིནོ་ཞེས་བཤད་དོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས།། ཐེག་པ་ཐ་མས་ནི་གནས་ངན་ལེན་གསུམ་གྱི་དབང་དུ་བྱས་ནས། བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་ཀྱི་ཐོབ་པར ་འགྱུར་རོ་ཞེས་འབྱུང་སྟེ། གནས་ངན་ལེན་རྣམ་པ་གསུམ་ཡོངསུ་སྤང་བ་ལོས་སྤང་བའི་བྱེ་བྲག་གི་ཕྱིར་རོ་ཞེས་ཟེར་རོ།། ཁ་ཅིག་ན་རེ་བསྐལ་པོ་གྲངས་མེད་པ་སྔ་མ་གཉིས་པ་ནི་པགས་ཤུན་ལ་ཡོད་པ་ལྟ ་བུའི་གནས་ངན་ལེན་སྤོང་ངོ་།། གསུམ་པ་ལྔ་ནི་སྤྱི་ལ་ཡོད་པ་ལྟ་བུ་སྤོང་ངོ་།། དེ་བཞིན་གཤེགས་པའི་ས་ལྔ་བཞུགས་ནས་ནི་རུས་པ་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤོང་ངོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ ་གཉིསུ་བཤད་པ་ཡོད་ཀྱང་། བཤད་པ་ཕྱི་མ་ནི་མདོའི་ཚིག་དང་རྗེསུ་མཐུན་ཏེ་ཡང་བསམ་པར་བྱའོ།། དེ་ལ་དཔག་ཏུ་མེད་པ་ཞེས་བྱ་བ་ནི་ལོ་དང་ཟླ་བ་ལ་སོགས་པ་ལ་བརྟེན་ནས་བགྲངས་པར་མི་ནུས་པའི་ཕྱིར་བསྐལ་པ ་དཔག་ཏུ་མེད་པ་ཞེས་བྱའོ།། འདི་ལྟར་གྲངས་རྣམ་པ་དགུ་ཡོད་དེ། འདི་ལྟ་སྟེ། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཐུན་དང་། ཐུན་ཕྱེད་དང་། ཡུད་ཙམ་དང་། ཐང་ཅིག་དང་། སྐད་ཅིག་ནི་དགོངས་པ་ཟབ་མོ་རྣམ་པར ་དགྲོལ་བའི་མདོ་ལས་ནི་སྐལ་པ་གྲངས་མེད་པ་གསུམ་གྱིས་སམ། དུས་ཚད་མེད་པ་དང་། ཟླ་བ་དང་། ཟླ་བ་ཚད་མེད་པ་དང་། ཉི་མ་ཚད་མེད་པ་དང་། ཐང་ཅིག་ཚད་མེད་པ་དང་། སྐད་ཅིག་ཚད་མེད་པ་དང་། ཡུད་ཙམ་ཚད་མེད ་པ་ཞེས་འབྱུང་ངོ་།། དོན་གྱིས་ནི་སྐད་ཅིག་ལ་སོགས་པའི་ཚད་བསྟན་ནས། དེའི་འོག་ཏུ་བསྐལ་པ་ཆེན་པོ་བཤད་པ་ཡིན་ན་ཅིའི་ཕྱིར་སྐད་ཅིག་ལ་སོགས་པ་ཕྱིས་བསྟན་ཅེ་ན། སྨྲས་པ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ ་ཆེན་པོ་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས་སྐད་ཅིག་ལ་སོགས་པའི་འོག་ཏུ་ཉིན་ཞག་མངོན་པར་འགྲུབ་བོ།། ཉིན་ཞག་བསགས་པ་ལས་ནི། ཟླ་བ་ཕྱེད་དང་། ཟླ་བ་ལ་སོགས་པས་མངོན་པར་འགྲུབ་བོ།། ་ཟླབ་ཕྱེད་དང་། ཟླ་བཱ་ལ་སོགས་པ་བསགས་པ་ལྔས་ནི་བསྐུལྔ་པ་ཆེན་པོ་མངོན་པར་འགྲུབ་པ་ཡིན་ན། ཅིའི་ཕྱིར་སྔར་རགས་པ་བསྟན་ལ་ཕྱིས་ཕྲ་བ་བསྟན་ཅེ་ན། སྨྲས་པ། བསྟན་བཅོས་བྱེད་པ་དག་གིས་རབ་ཏུ་བསྟན་པ་འདོད་པའི ་ཕྱིར། ཁ་ཅིག་འདི་སྐད་དུ་ཆོས་མངོན་པ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་ཚོལ་བར་བྱེད་ཀྱི། སྔ་མ་ནི་མོ་ཡིན་ཏེ། ཆོས་ཀྱི་མཚན་ཉིད་དང་མི་འགལ་ན། ཇི་ལྟར་འདོད་པ་བཞིན་དུ་བཤད་ཀྱང་ཉེས་པ་མེད་དོ་ཞེས་ཟེར་རོ།། ་སློབ་དཔོན་གཞན་ཁ་ཅིག་ནི་འདི་སྐད་དུ་བསྟན་བཅོས་བྱེད་པས་སྔར་རགས་པ་བསྟན་ལ། ཕྱིས་ཕྲ་བ་བསྟན་པར་འདོད་པ་རྣམས་རིམ་གྱི་འཇུག་པའི་ཕྱིར་རོ་ཞེས་འབྱུང་ངོ་།། མདོ་འདི་ཡང་དེ་དང་འདྲ་བས་ཉེས་པ་མེད་དོ།། མདོ ་ཚིག་འདི་ཡང་མས་ཡར་བཤད་པར་བྱ་སྟེ། དེ་ལ་སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་དང་དེའི་སྐད་ཅིག་ཅེས་བྱ་བ་ལ་བྱའོ།། དེ་ལ་སྐད་ཅིག་ཅེས་བྱ་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དུས་ཀྱི་ནང་ནས ་མཆོག་ཏུ་ཐུང་བ་སྟེ། ཐང་ཅིག་དྲུག་ཅུའི་ཆ་གཅིག་གོ་ཞེས་བཤད་དོ།། བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས་སྐད་ཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། སྐད་ཅིག་མ་གཅིག་གི་ནང་ན་མཆོག་ཏུ་ཐུང་བའི་སྐད་ཅིག་ཡིན་པའི་ཕྱིར་སྐད ་ཅིག་ལ་དུས་ཀྱི་ཚད་དུ་བསྟན་པ་ཡིནོ།། དེ་ལ་སྐད་ཅིག་གི་ཚད་ཀྱི་དངོས་པོ་ནི་ཁ་ཅིག་ན་རེ་དཔེར་ནི་སྐྱེས་བུ་སྟོབས་དང་ལྡན་པས་ཤིན་ཏུ་མྱུར་བར་ལུས་བསྒྱུར་ནས་སྐར་མ་མང་པོ་བལྟ་བ་ཇི་ལྟར་སྐར་མ་གཅིག་ཁོ་ན་ལ་ལྟ་བའི་ཚད་དེ་ནི ་སྐད་ཅིག་གོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་སྨྲ་བ་ཆེན་པོ་ལས། སྐད་ཅིག་གི་ཚད་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁ་ཅིག་ན་རེ་བསྟན ་བཅོས་གདགས་པ་བྱས་པ་ལས། དཔེར་ན་བུད་མེད་དར་ལ་བབ་པ་བལ་འཁྲུལ་བཱ་འབྲིང་གིས་ཧ་ཅང་ཡང་མི་རྙིང་། ཧ་ཅང་ཡང་མི་ཐུང་བུཪྵ་བལ་སྙོང་པ་དེ་ཙམ་གྱི་ཡུལ་གང་ཡིན་པ་དེ་ནི་དེའི་སྐྲོད་ཅིག་གི་ཚད་ཡིནོ་ཞེས ་བཤད་དེ། དེ་ལས་བསྟན་པ་ཨང་བལ་དང་སྐུད་པའི་རིང་ཐུང་ལ་བྱ་བ་མ་ཡིན་གྱི། བལ་དེ་ལག་པ་ནས་འབྱིན་ཅིང་སྙོང་པའི་ཆེད་ལ་དེའི་སྐད་ཅིག་ཅེས་བསྟན་པ་ཡིནོ།། སྔར་སྐད་ཅིག་གི་ཚིང་དྲིས་པ་ཡིན་ན་ཅིའི་ཕྱིར ་བསྟན་བཅོས་གྲདགས་པ་བྱས་པ་ལས་བསྟན་པ་དེའི་སྐད་ཅིག་གི་ཚོད་ཁུངསུ་བསྟན་ཅེ་ན། སྨྲས་པ། འདིར་ནི་རགས་པ་སྨོས་ནས་ཕྲ་བ་བསྟན་པ་ཡིན་ཏེ། འདི་ལྟར་ཕྲ་བ་ནི་ཁོང་དུ་ཆུད་པ་དཀའ་ཞིང་བསྔལ་བར་བསྟན ་པརི་མི་ནུས་པའི་ཕྱིརརོ།། འདི་ལྟ་སྟེ། སྐད་ཅིག་བརྒྱ་ཉི་ཤུ་ལ་ནི་སྐད་ཅིག་གཅིག་གོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། ཁ་ཅིག་ན་རེ་འདི་ནི་རིགས་པ་ཡིན་པ་སྐད་ཅིག་གི་ཚད་ནི་མ་ཡིན་ཏེ། བདག་གིས ་བཤད་པའི་དོན་ལྟ་ན་སྐྱེས་བུ་སྟོབས་དང་ལྡན་པའི་སེ་གོལ་གཏོགས་པ་གཅིག་ལ་ནི་སྐད་ཅིག་དྲུག་ཅུ་རྩ་བཞི་ཡོད་དོ་ཞེས་ཟེའོ།། ཁ་ཅིག་ན་རེ་དེ་ནི་དེ་ལྟ་མ་ཡིན་ཏེ་བདག་གི་བཤད་པ་དེ་ལྟ་ན། དཔེར་ན་སྐྱེས་བུ ་སྟོབས་དང་ལྡན་པ་གཉིས་ཀྱིས། ཀ་ཤི་ཀཱའི་སྐུད་པ་ཕྲ་མོ་མཱ་མང་པོ་ཕན་ཚུན་དྲངས་ནས་གཅོད་པ། སྐུད་པ་ཇི་ཙམ་ཆད་པ་སྐད་ཅིག་ཀྱང་དེ་སྙེད་དོ་ཞེས་ཟེ་རོ།། ཁ་ཅིག་ན་རེ་འོན་ཀྱང་དེ་དག་ནི་རགས་པ་ཡིན་པས་སྐད་ཅིག་གི་ཚད་ནི་མ་ཡིན ་ཏེ། ཡང་དག་པའི་སྐད་ཅིག་གི་ཚད་ནི་བཅོམ་ལྡན་འདས་ཀྱིས་གསུངསོ།། དེ་ལྟར་ཅི་མངོན་ཞེ་ན། མདོ་ལས་ཇི་སྐད་དུ་དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་ལོགསུ་སོང་སྟེ། ཞབས་གཉིས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྲོག་དང་ལྡན་པ་དག་གི་སྐྱེ་བ་དང་། འཇིག་པ་ཤིན་ཏུ་མྱུར་བ་ཇི་ལྟ་བུ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བཤད་པར་ནུས་ཀྱང་ཁྱོད ་ཀྱི་ཤེས་པར་མི་ནུས་སོ།། དགེ་སློང་དེས་གསོལ་པ་དཔེ་འགའ་ཞིག་གིས་དེས་གསལ་བར་བགྱིར་རུང་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐད་ཅིག་མ་ཞེས་བྱ་བ་ཡོད་དེ། ཁྱོད་ལ་དཔེ་བསྟན་པར་བྱའོ།། ་དཔེར་ན་འཕོང་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་བཞི་ཞིག་སོ་སོ་ནས་མདའ་ཐོང་ཞིག་ཕན་ཚུན་རྒྱབ་སྤད་དེ། འགྲང་ནས་ཕྱོགས་བཞིར་མདའ་འཕང་བར་འདོད་པ་ལས་ཡང་སྐྱེས་བུ་ཤིན་ཏུ་སྐྱེན་མྱུར་ཆེ་བ་ཞིག་འོངས་ནས་འདི ་སྐད་དུ་ཀྱེ་ཁྱེད་ཀྱི་དེང་དུས་གཅིག་ཏུ་མདའ་འཕོངས་ཤིག་དང་། བདག་གིས་གཅིག་ཀྱང་མི་ལྟུང་བར་འཛིན་ནུས་ཞེས་ཟེར་ན་དེ་ཇི་སྙམ་དུ་སེམས། སེམས་ཤིན་ཏུ་མྱུར་བ་ཡིན་ནམ། དགེ་སློང་གིས་བཅོམ་ལྡན་འདས་ལ་གསོལ ་པ་བཅོམ་ལྡན་འདས་ཤིན་ཏུ་མྱུར་བ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྦལྔ་པ། གང་ཟག་དེའི་མྱུར་བ་ནི་གནོད་སྦྱིན་སྔ་ལ་འགྲོ་བ་ནེམ་གྱིས་མྱུར་བ་མི་ཕོད་དོ།། གནོད་སྦྱིན་ས་ལ་འགྲོ་བའི་མྱུར་བ་ནི ་ནམཁའ་ལ་འགྲོ་བའི་གནོད་སྦྱིན་གྱི་མྱུར་བ་ཙམ་མི་ཕོད་དོ།། ནམཁའ་ལ་འགྲོ་བའི་མྱུར་བ་ནི་རྒྱལ་ཆེན་བཞིའི་རིས་ཀྱིས་ལྷའི་མྱུར་བ་ཙམོ་མི་ཕོད་དོ།། ལྷ་དེ་དག་གི་མྱུར་བ་ནི་ཉི་མ་ཟླ་བའི་དཀྱིལ་འཁོར་བ་དག་གི་མྱུར་བ་ཙམ ་མི་ཕོད་དོ།། ཉི་མ་དང་ཟླ་བའི་དཀྱིལ་འཁོར་བ་དག་གི་མྱུར་བ་ནི་ལྷའི་བུའི་བསྟུན་པར་འགྲོ་བ་ཙི་མི་ཕོད་དོ།། དེ་ནི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འདྲེན་པར་བྱེད་པའོ།། ལྷ་འདྲི་དག་ལ་སོགས་པ་ནི་གོང་ནས་གོང་དུ་ཆེས་མྱུར་བ་ཡིན་པས ་སྲོག་དང་ལྡན་པའི་སྐྱེ་བ་དག་འཇིག་པ་ནི་དེ་དག་ལ་ཆེས་ཤིན་ཏུ་མྱུར་བ་ཡིན་པས་སྐད་ཅིག་མ་འཇུག་པ་རེ་ཞིག་ཙམ་དུ་ཡང་མི་གནས་པའོ་ཞེས་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་སྐད ་ཅིག་མའི་ཚད་ནི་མ་གསུངས་པར་ཤེས་སོ།། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དག་ལ་ཡང་དག་པའི་སྐད་ཅིག་མའི་ཚད་མ་གསུངས་ཤེ་ན། སྨྲས་པ། སེམས་ཅན་གང་ཡང་ཤེས་པར་ནུས་པ་མེད་པའི་ཕྱིརརོ།། ཅི་འཕགས ་པ་ཤཱ་རིའི་བུས་ཀྱང་ཤེས་པར་མི་ནུས་སམ། སྨྲས་པ། དེས་ཤེས་པར་ནུས་མོད་ཀྱི། དེ་ལ་དགོས་པ་མེད་པས་དེའི་ཕྱིར་མ་གསུངས་ཏེ། བཅོམ་ལྡན་འདས་དོན་མེད་པར་ཆོས་སྟོན་པར་མི་མཛད་པའི་ཕྱིརརོ་ཞེས་འབྱུང་ངོ་།། ་དེ་ལ་ཐང་ཅིག་ཅེས་པར་བྱ་བ་ནི་འདི་ལྟ་སྟེ། མིག་འཚུམ་པ་ཙམ་མོ།། ཡང་ན་བག་དབྱུང་བ་ཙམ་གྱི་དོན་ཏོ།། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་སྐད་ཅིག་བརྒྱ་ཉི་ཤུ་ལ་ནི་དེ་སྐད་ཅིག་གཅིག་གོ། དེའི་སྐད་ཅིག་དྲུག་ཅུ་ལ་ནི ་ཐང་ཅིག་གཅིག་སྟེ། དེ་ལ་སྐད་ཅིག་བདུན་སྟོང་ཉི་བརྒྱ་ཡོད་དོ་ཞེས་བཤད་དོ།། དེ་ལ་ཡུད་ཙམ་ཞེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་9། ཐེང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་གཅིག་སྟེ། འདི་ལ་ནི་སྐད་ཅིག་ཁྲིག་ཕྲག ་ཉི་ཤུ་རྩ་གཅིག་དང་དྲུག་སྟོང་ཡོད་དོ་ཞེས་བཤད་དོ།། དེ་ལ་ཐུན་ཕྱེད་ཅེས་བྱ་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། ཉིན་དང་ཞག་ལ་སོ་སོ་ནས་དུས་གསུམ་ཡོད་པས་དུས་དྲུག་ཏུ་འགྱུར་ཏེ། འདིར་ཐུན ་བྱེད་ཅེས་གསུངས་པ་ནི་དུས་གཅིག་གི་དུས་ཕྱེད་ལ་བྱའོ།། དེ་ལ་ཐུན་ཞེས་བྱ་བ་ནི་དུས་དྲུག་ལས་དུས་གཅིག་གོ།། བཤད་པའི་རྣམ་པ་གཞན་དུ་ན་མཛོད་ཀྱི་བསྟན་བཅོས་ལས་ནི་ལོ་གཅིག་ལ་དུས་གསུམ་དུ་འབྱེད་དེ། འདི་ལྟ་སྟེ། ་གྲོང་བ་དང་། ཚ་བ་དང་། ཆར་གྱིས་དུས་སོ།། རྀ་རི་ལ་ཡང་ཟླ་བ་བཞི་བཞི་སྟེ། ཐུན་ཕྱེད་ཅེས་གསུངས་པ་ནི་ཆར་གྱིས་དུས་སོ།། ཐུན་ཞེས་གསུངས་པ་ནི་ཟླ་བ་བཞི་ལྔ་བྱའོ།། དེ་ལྟར་རྣམ་པ་གཉི་ས་བཤད་པ་ཡོད་ཀྱང་བཤད་པ་ནི ་སྔ་མ་བཟང་སྟེ། དེའི་ཕྱིར་མདོ་འདི་དགོངས་པ་ནི་ཐུང་ངུ་ནས་རིང་པོར་བརྩེགས་ཏེ་བསྟན་པ་ཡིནོ།། མཛོད་ཀྱི་བསྟན་བཅོས་ལས་ནི་དུས་རིང་པོ་གང་ཡིན་པ་དེ་ནི་ཉིན་ཞག་གཅིག་གོ་ཞེས་སྟོན་པས་དེའི་ཕྱིར་བཤད་པ་སྔ་མ་ནི ་ཡང་དག་པ་ཡིན་ནོ།། འཕགས་པ་པདྨ་དཀར་པོའི་མདོའི་འགྲེལ་པ་ལས་ནི་དུས་རིང་པོ་གང་ཡིན་པ་དེ་ནི་ཟླ་བའོ་ཞེས་བཤདེ་དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ཉི་མ་དང་། ཞག་དང་། ཟླ་བ་དང་། དུས་དང་། ལོ་འགྲང ་བར་མི་ནུས་པའི་ཕྱིར་རོ་ཞེས་བཤད་པ་ཡིནོ།། དེ་ལ་ཉི་མོ་དང་ཞག་ཅེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་གཅིག་སྟེ། འདི་ལ་སྐད་ཅིག་མ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང ་ཁྲི་ཕྲག་བརྒྱད་ཡོད་དེ་ཞེས་བཤུད་དེ། ཕུང་པོ་ལྔའི་ལུས་འདི་ནི་ཉིན་ཞག་གཅིག་ལ་སྐྱེ་ཤིའི་མི་རྟག་པ་དེ་སྙེད་དང་ལྡན་ནོ།། དེ་ལ་ཟླ་བ་ཕྱེད་ཅེས་བྱ་བ་ནི་ཞག་བཅོ་ལྔའོ།། དེ་ལ་ཟླ་བ་ཞེས་བྱ་བ་ནི་ཞག་སུམ་ཅུའོ།། དེ་ལ་ལོ་ཞེས་བྱ་བ་ནི ་ཟླ་བ་བཅུ་གཉིས་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅྡོཾས་ལས། སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གཅིག་གོ།། དེའི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག་གོ། ཐང་སུམ་ཅུ་ལ་ཡུད་ཙམ་གཅིག་གོ།། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་ཅིག་གོ། ཉིན ་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། ལོ་གཅིག་ལ་དུས་གསུམ་དུ་དབྱེ་བ་འདི་ལྟ་སྟེ། གྲང་བ་དང་། ཆེ་བ་དང་། ཆར་གྱི་དུས་སོ།། རེ་རེ་ལ་ཡང་ཟླ་བ་བཞིའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས ་བསྟན་པ་བཞིན་དུ་རིག་པར་བྱའོ།། སྐད་ཅིག་ལ་སོགས་པ་ལ་བསྐལ་པ་ཞེས་བསྟན་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཅིའི་ཕྱིར་བསྐལ་པ་ཞེས ་བྱ་བསྐལ་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། དུས་གསུམ་གྱི་ཆ་རབ་ཏུ་འབྱེད་པའི་ཕྱིར་བསྐལ་པ་ཞེས་བྱ་སྟེ། འདི་ལྟར་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་གྱི་དུས་ཀྱི་ཆར་རབ་ཏུ་དབྱེ་བ་ལས་ནི་ཉིན་ཞག་མངོན་པར་འགྲུབ ་པར་འགྱུརརོ།། ཉིན་ཞག་གི་དུས་ཀྱི་ཆ་རབ་ཏུ་དབྱེ་བ་ལས་ནི་ཟླ་བ་ཕྱེད་དང་། ཟླ་བོ་དང་། དུས་དང་། ལོ་མངོན་པར་འགྲུབ་པར་འགྱུ་རོ།། ཟླ་བ་ཕྱེད་ལ་སོགས་པའི་དུས་ཀྱི་རབ་ཏུ་དབྱེ་བ་ལས་ནི་བསྐལ་པ་མངོན་པར་འགྲུབ་པར་འགྱུར ་ཏེ། བསྙིལ་བའི་ཚད་ཀྱི་ཚ་ན་དུས་ཀྱི་རབ་ཏུ་དབྱེ་བའི་མཐའ་ཡིན་པོའི་ཕྱིར་སྤྱིའི་མིང་ཐོབ་པ་ཡི་ནོ།། སྒྱུར་སྨྲ་བ་དག་ནི་གནས་སྐབས་རབ་ཏུ་འབྱེད་པའི་ཕྱིར་བསྐལ་པ་ཞེས་བྱའོ་ཞེས་ཟེར་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་ནི་འདུས ་བྱས་ཀྱི་འདུ་བྱེད་རྣམ་པར་འབྱེད་པའི་ནང་ན་མཐུར་ཐུག་པའི་གནས་སྐབས་ཡིན་པའི་ཕྱིར་ཞེས་འབྱུང་ངོ་།། དེ་ལ་ཨ་ས་ཁྱཱ་ཞེས་བྱ་བ་ལཱ་བསྒྱུར་ན་གྲངས་མེད་པ་ཞེས་ཟེར་ཏོ། གྲངས་མེད་པ་དེ་ཡང་བསྟན་པ་རྣམས་ལུས་སོ་ས ་ནས་བཤད་པ་མི་མཐུན་པས་མཛོད་ཀྱི་བསྟན་བཅོས་ལས་གྲངས་ཀྱི་འགྲེལ་པ་དྲུག་ཅུ་ལས་གྲངས་མེད་པ་ཞེས་བྱ་བ་ནི་གཅིག་གི་མིན་ཡིན་ཏེ། དེའི་བསྟན་བཅོས་དེ་ལས་བསྐུལ་པ་ནི་རྣམ་པ་བཞིར་རིག་པར་བྱའོ།། འདི་ལྟ་སྟེ། ་འཇིག་པ་དང་། ཆགས་པ་དང་། བར་མ་ཆེན་པོའོ།། དེ་ལ་འཇིག་པ་ནི་སེམས་ཅན་དམྱལ་བ་དག་ཏུ་མི་སྐྱེ་བ་ནས་ཕྱི་རོལ་གྱི་སྣོད་ཅི་ཡང་མ་ལུས་པའི་བར་གང་ཡིན་པའོ།། ཆགས་པའི་བསྐལ་པ་ནི་རླུང་གི་དཀྱིལ་འཁོར་ལོངས་པ་ནས ་སེམས་ཅན་དམྱལ་བར་དང་པོར་སྐྱེ་བའི་བར་གང་ཡིན་པའོ།། བར་གྱི་བསྐལ་པ་ནི་དདྨོ་དཔག་ཏུ་མེད་པ་ལས་འགྲིབ་ནས་ལོ་བཅུ་ལ་ཐུག་པ་དང་། བར་དུ་ཡང་སྐྱེ་བ་དང་། མར་འགྲིབ་པ་བཅོ་བརྒྱད་དང་། ཐ་མར་ཡར ་སྐྱེ་བ་ནས་ལོ་བརྒྱད་ཁྲི་ལ་ཐུག་པ་སྟེ། དེ་ལྟར་ཆགས་ནས་གནས་པ་གང་ཡིན་པ་དཱ་ནི་བར་གྱི་བསྐལ་པ་ཞེས་བྱའོ།། ཆགས་པ་དང་འཇིག་པ་དང་། ཞིག་ནས་སྟོང་པར་གནས་པའི་དུས་ཀྱང་འདྲེ་བས་གནས་པའི་བསྐལ་པ་ནི་བར ་གྱི་བསྐལ་པ་བརྒྱད་ཅུའོ།། དེ་ལ་བསྐལ་པ་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གང་ཡིན་པའོ་ཞེས་བྱ་བ་ནས། གཞན་ཡང་དེ་ལས་དེ་ལྟར་བསྟན་པའི་ཆགས་པ་དང་། གནས་པ་དང་འཇིག་པ་དང་། སྟོངས་པ་ཡང་སོ་སོ་ནུས་པར ་གྱི་བསྐལ་པ་ཉི་ཤུ་ཉི་ཤུ་ཡོད་པ་ལས་བརྒྱད་ཅུར་འགྱུར་རོ།། བརྒྱད་ཅུ་པོ་དག་བསྡུས་པ་ལས་ནི་བསྐལ་པ་ཆེན་པོའི་ཚད་མངོན་པར་འགྲུབ་པར་འགྱུརརོ།། བར་དུ་བསྟན་པ་ཡི་ནོ།། བསྐལ་པ་ཞེས་བྱའི་ངོ་བོ་ཉིད་ཅི་ཡིན་ཞེ་ན། ་འདི་ལྟ་སྟེ། ཕུང་པོ་ལྔ་པོ་དག་ཉིད་ཁོ་ནའོ།། མདོ་དག་ལས་ནི་སྐལ་པ་གྲངས་མེད་པ་གསུམ་པོ་དག་ཏུ་ནན་ཏན་བརྩོན་འགྲུས་སྤྱད་ནས་གདོང་སངས་རྒྱས་སུ་འགྲུབ་བོ་ཞེས་གསུངས་ན་སྔར་བསྟན་པའི་བསྐལ་པ་བཞི་པོ་དག ་ལས་བསྐལ་པ་གང་དག་བརྩེགས་པ་ལས། བསྐལ་པ་གྲངས་མེད་པ་གསུམ་མངོན་པར་འགྲུབ་པར་འགྱུར་ཞེ་ན། སྔ་མའི་བསྐོལ་པ་ཆེན་པོ་དག་བཅུ་དང་བརྒྱད་སྟོང་དུ་བརྩེགས་པ་ནས། དེ་བཞིན་དུ་བསྐལ་པ་གྲངས་མེད ་པ་གསུམ་གྱི་བར་དུ་བརྩེགས་པ་ལས་སོ།། གལ་ཏེ་གྲངས་མེད་པ་ཞེས་བརྗོད་པ་ཡིན་ན། ཅིའི་ཕྱིར་གསུམ་ཞེས་ཀྱང་བརྗོད་ཅེ་ན། གྲངས་མེད་པ་མ་ཡིན་པའི་ཚིག་གིས་བགྲང་དུ་མེད་པ་རབ་ཏུ་སྟོན་པས་སོ།། རྣམ་པར་གྲོལ་བའི ་མདོ་ལས་ནི་གྲངས་རྣམ་པ་དྲུག་ཅུ་ལས་གྲངས་མེད་པ་ཞེས་བྱ་བ་ནི་གྲངས་གཅིག་གི་མིང་ངོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་འབྱུང་སྟེ། དེ་ལ་གྲངས་མེད་པ་ཞེས་བྱ་བ་ནི་ལྡེ་བཅུ་གཉིས་པའི་མིང་ཡིན་ཏེ། འདི་ལྟར ་འདོན་པ་བརྒྱུད་པ་དག་གིས་ཕྱེ་མ་བརྒྱད་བརྗེད་པའི་ཕྱིར་རོ།། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། གྲངས་མེད་པ་ཞེས་བྱ་བ་ན་ནི་གྲངས་དྲུག་ཅུ་ལས་ལྔ་བཅུ་གཉིས་པ་ཡིནོ་ཞེས་བསྟན་ཏོ།། ཡང་ན་གྲངས་མེད་པ ་ཞེས་བྱ་བ་ནི་སངས་དྲུག་ཅུ་པའི་མིང་ཡིན་ཏེ། འདོད་པ་བརྒྱུད་པ་ངག་གིས་སྔ་མ་དག་གི་མིང་བརྗེད་པས་སོ།། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་ནང་ནས། གླེངས་མེད་ཀྱི་ལེའུ་ལས་ནི་གྲངས་ཀྱི་བསྒྱུར་བ་བརྒྱ་ཉི་ཤུ་ལས། ་བརྒྱ་རྩ་གསུམ་པ་ནི་གྲངས་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལྔས་ནི། གྲངས་ཀྱིས་བསྒྱུར་བ་བཅུ་གཅིག་ལས་གྲངས་བཅུ་གཅིག་པ་ནི་གྲངས་མེད་པ་ཞེས་བྱའོ། ་ཞེས་བཤད་དོ།། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བསམཽ་གྱིས་མི་ཁྱབ་པའི་མདོ་ཁུང་སུ་བསྟན་པ་པོ་ལས་ནི་གྲངས་བརྒྱ་ཉི་ཤུ་རྩ་གཉིས་ལ་གྲངས་མེད་པ་ཞེས་བྱ་བ་ནི་གྲངས ་བརྒྱ་བདུན་པའི་མིང་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་བཤད་པ་བཞིན་དུ་བཤད་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་མངོན་པར ་སྒྲུབ་པ་ལ་བསྐལ་པ་གྲངས་མེད་པ་གསུམ་དགོས་སམ། འོན་ཏེ་མ་ངིས་ཞེ་ན། སྨྲས་པ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། སྭ་ཡོངསུ་འཛིན་པ་དང་། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི ་མིདྨོ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱི་བྱས་པ་ལས་ནི། ངེས་པར་བསྐལ་པ་གྲངས་མེད་པ་གསུམ་དགོས་སོ་ཞེས་བྱ་བཤད་དོ།། འཕགས་པ་དོན་ཚད་མེད་པའི་མདོ་དང་། སངས་རྒྱས་ཕལ ་པོ་ཆེའི་མདོ་ལ་སོགས་པ་ལས་ནི་བསྐལ་པ་གྲངས་མེད་པ་གསུམ་མ་ཚང་བར་ཡང་སངས་རྒྱས་སུ་འགྲུབ་པ་ཞེས་གསུངསོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི། བསྐལ་པ་གྲངས་མེད ་པ་གསུམ་དུ་སྤྱོད་པ་སྤྱད་པ། སངས་རྒྱས་སུ་གྲུབ་པོ་ཞེས་བསྟན་པ་དེའི་དོན་ནི་དེ་ལྟ་མ་ཡིན་ཏེ། བསྐལ་པ་དཔག་ཏུ་མེད་པས་འགྲུབ་པའི་ཕྱིར་རོ།། ཞེས་གསུང་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང ་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གིས་ས་དེ་དག་ལ་ཉིན་མོངས་པ་སྐྱེ་བའི་མཚན་ཉིད་གང་ལགས། སྐྱོན་ནི་གང་ལེགས། ཡོན་ཏན་ནི་གང ་ལགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་དང་། སྐྱོན་དང་ཡོན་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་གསུངས་པས་བསྟན་ཏེ། ཞུ་བ་གསོལ ་བའི་དགོངས་པ་ནི་ལན་དུ་གསུངས་བཞིན་དུ་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལོ་བཀའ་སྩལ་པ། རིགས་ཀྱི་བུ་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དུའོ།། ་གཉིས་པ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་གོང་མེ་ཞུས་ཚིག་གསུམ་གྱི་ལན་བསྟན་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་ཞུས་པ་དང་པོའི་ལན་བསྟན་པའོ།། འདི་ཡང ་རྣམ་པ་བཞི་སྟེ། འདི་ནི་དང་པོ་མིང་སྨོས་ནས་ལན་མདོར་གསུངས་པའོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གཉིས་པ་སླར་བརྟག་པའོ།། བྱང་ཆུབ་སེམས་དཔའ་དེ་དག་ས་དང་པོ་ལ་སོ་སོར་ངེས་པ་ཁོ་ན་རཾ་ཆོས་རྣམས་ཀྱི ་དབྱིངས་ཐམས་ཅད་རབ་ཏུ་རྟོག་པས། རྒྱུ་དང་རྐྱེན་དེས་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རེ་ཤེས་བཞིན་ཁོ་ནར་སྐྱེ་བ་ཡིན་གྱི། མི་ཤེས་པ་ནི་མ་ཡིན་པ་ཞེས་བྱ་བ་ནི་གསུམ་པ་ཡང་དག་པར་རྣམ་པར་བཤད་པ ་བསྟན་པ་སྟེ། འདི་ལྟར་ཉོན་མོངས་པའི་སྐྱོན་ཁོང་དུ་ཆུད་ནས་གདོད་ཉོན་མོངས་པ་སྐྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཅེས་བྱའོ།། ཡང་དག་པའི་དོན་དུ་ན་ཀུན་ནས་ཉོན་མོངས་པ་ཡིན་ཡང་ཤེས་པ ་ལས་སྐྱེས་པ་ལས་ཉོན་མོངས་པ་མེད་པ་ཞེས་བྱའོ།། གཞན་ཡང་འཕགས་པ་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས། ཀུན་དགའ་བོ་སངས་རྒྱས་ཐད་ནི་རྒྱུའི་གནས་སྐབསུ་ང་བཞིན་གཤེགས་པའི་དབྱིངས ་ལ་བརྟེན་ནས་དག་པའི་རྩ་བ་མངོན་པར་བསྒྲུབས་པས་སེམས་ཅན་ལ་ཕན་འདོགས་པའི་ཆེད་དུ་ཁམས་གསུམ་དག་ཏུ་འཇུག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྐྱེ་བ་དང་། རྒ་བ་ལ་སོགས་པ་སྡུག་བསྔལ་ནི་ཡང་དག་པར ་ཡོད་པ་ནི་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པའི་དབྱིངས་མཐོང་བའི་ཕྱིརརོ།། ཉོན་མོངས་པ་དང་ལྡན་ཡང་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ་ཞེས་གསུངས་པ་སྟེ། ཞིབ་ཏུ་དེ་ཉིད་ལུས་བསྟན ་པཔ་བཞིན་ནོ།། དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཅེས་བསྟན་ཏོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྡེ་བརྡ་བྲེད་པར་ཟད་དོ།། རང་གི་རྒྱུད་ལ་སྡུག་བསྔལ་སྐྱེད་པར་མི་ནུས་པའི་ཕྱིར་སྐྱོན་མེད་པ་ཡིནོ།། ཞུས ་པའི་ལན་གཉིས་པོའི་ལན་བསྟན་པ་སྟེ། ཉོན་མོངས་པ་དང་ལྡན་ཡང་ཟིལ་གྱིས་མི་ནོན་པའི་ཕྱིར་དང་། སྡུག་བསྔལ་སྐྱེད་པར་མི་ནུས་པའི་ཕྱིར་རོ།། སྐྱོན་དུ་མི་འགྱུརརོ་ཞེས་བྱ་བའི་ཐ་ཚིག་གོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲོ ་པ་ལས་ནི། སྡུག་བསྔལ་འདྲེན་པར་མི་བྱེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིནོ་ཞེས་བཤད།། གཞན་ཡང་བསྟེན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་འདུས་པ་ལས་བྱང་ཆུབ་སེམས་དཔའ་དེ་དག་ཉོན་མོངས་པ་མ། ་སྤངས་སུ་ཟིན་ཀྱང་སྔགས་དང་སྨན་གྱིས་གསང་བའི་དུག་ལྟ་བུར་ཉོན་མོངས་པའི་ཉེས་པ་ཕང་མི་སྐྱེ་སྟེ། དཔེར་ན་ཉོན་མོངས་པ་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐང་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ་ཞེས་བཤདདོ།། ། ་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པོ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བསྟན་ཏོ།། གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས།། ་ཉོན་མོངས་ཐུལ་ལ་སྤངས་པ་མེད།། སྔགས་ཀྱིས་བསད་པའི་དུག་དང་འདྲ།། སངས་རྒྱས་རྣམས་ནི་ཉོན་མོངས་ལས།། ཉོན་མོངས་ཟད་པས་ཀུན་མཁྱེན་བརྙེས།། ཞེས་འབྱུང་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ ་པ་ལས། ཉོན་མོངས་ཐུལ་ལ་སྤངས་པ་མེད་ཅེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབས་དང་། དེ་དག་ཉོན་མོངས་པ་མེད་ཅིང་མ་སྤངས་པའོ།། སྔགས་ཀྱི་གསད་པའི་དུག་དང་འདྲ་ཞེས་བྱ་བ་ནི་དཔེར ་ན་སྔགས་ཀྱིས་གསང་པའི་དུག་ནི་ངོ་བོ་ཉིད་མ་སྤངས་ཀྱང་། ནང་དུ་མི་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་ཡང་དེ་བཞིན་ཏེ། འདི་ལྟར་དྲན་པ་དང་། ཤེས་རབ་ཀྱི་སྟོབས་ཀྱི་ཀུན་ནས་དཀྲིས་པ་ཟིལ་གྱིས་མནན་ཀྱང་བག་ལ ་ཉལ་ནི་ལུས་པའི་ཕྱིརརོ།། ཅིའི་ཕྱིར་ཉོན་མོངས་པའི་བག་ལ་ཉལ་ལྷག་མ་འཇོག་ཅེ་ན། ཉན་ཐོས་ཀྱི་ཐེག་པ་དང་འདྲ་བར་མྱུར་དུ་ཡོངསུ་མྱ་ངན་ལས་འདས་པར་འགྱུར་རོ་སྙམ་པའི་ཕྱིརརོ།། རིགས་པ་དེས་ན་ཉོན་མོངས་པས ་རྒྱུ་བྱས་པས་ཉོན་མོངས་པ་ཟད་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། ཚིགསུ་བཅད་པ་ལུས་ཇི་སྐད་དུ། དྲན་དང་ཤེས་པའི་སྟོབས་ཀྱིས་རབ་ཟིན་ན། ཉན་ཐོས་བྱང་ཆུབ་དག་ནི་ཐོབ་པ ་འགྱུར།། ཇི་ལྟར་དུག་ནི་སྔགས་ཀྱིས་བསད་པ་བཞིན།། སྐྱོན་ནི་ཡོན་ཏན་ཉིད་དུ་མངོན་པར་འགྲུབ་ཅེས་བཤད་པ་ལྟ་བུའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་། ཕལ་ཆེར ་དེ་སྐད་དུ་བསྟན་ཏོ།། བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་དེ་ལྟ་བུ་བསྐྱེད་ནས་སེཾན་གྱི་ཁམ་སུ་སྡུག་བསྔལ་གྱི་རྒྱུ་བཟློག་པར་ནུས་པས་དེའི་ཕྱིར་དེ་དག་སྟོན་དཔག་ཏུ་མེད་པ་དང་ལྡན་པ་ཨི་ནོ་ཞེས་བྱ་བ་ལ་སོ ་པས་ནི་ཞུས་ཚིག་གསུམ་པའི་ལན་བསྟན་ཏོ།། འདི་ཡང་རྣམ་པ་གཉི་སྲྀ་དཔྱ་སྟེ། དེ་བཞིན་གཤེགས་པས་ལནི་དུ་གསུངས་པ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བསྔགས་པ་བརྗོད་པའོ།། འདི་ནི་དང ་པོ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆེད་དུ་ཉོན་མོངས་པ་བསྐྱེད་ནིས་སེན་གྱི་སྡུག་བསྔལ་རླག་པར་བྱེད་པས་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ལ་སྡུག་བསྔལ་སྤོང་བའི་རྒྱུ་ཞེས་བཤད་དོ།། ་བཤད་པའི་རྣམ་གྲངས་གཞན་དུ་ན་བྱང་ཆུབ་སེམས་དཔའ་ནི་ཆེད་དུ་སེམས་ཅན་གྱི་ཉོན་མོངས་པ་གཅོད་པར་བྱེད་པས་སོན་གྱི་ཉོན་མོངས་པ་ཉིད་ལ་སྡུག་བསྔལ་གྱི་རྒྱུ་ཞེས་བཤད། སྐྱེ་ཤིའི་སྡུག་བསྔལ ་མངོན་པར་འགྲུབ་པ་ནི་ཉོན་མོངས་པ་ལས་འབྱུང་བའི་ཕྱིརརོ།། ས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་བསྐྱེད་པ་ལ་ཡང་དགོས་པ་གཉིས་ཡོད་དེ། དང་པོ་ནི་རང་གི་ཤེས་པ་ལ་དབང་བའི་སྟོབས་ཡོད་པ ་རབ་ཏུ་བསྟན་པའི་ཕྱིར་ཆེད་དུ་ཉོན་མོངས་པ་བསྐྱེད་ནས་ཟིལ་གྱིས་མནན་ཅིང་རབ་ཏུ་སེལ་བར་བྱེད་དེ། དཔེར་ན་བྱི་ལོས་བྱི་བ་ལ་རྩེད་མོ་བྱེད་པ་བཞིནོ།། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། ་ཆེད་འགབ་ནི་ཟིལ་གྱིས་གནོན་པར་ཡང་བྱེད། དེའི་མཐུ་ཉམས་སད་པའི་ཕྱིར་ཆེད་དུ་སེམས་བསྐྱེད་ནས་ར་ཤིག་སྡང་བར་བྱུང་ངོ་ཞེས་བསྟན་པ་ཡིནོ།། གཉིས་པ་ཉོན་མོངས་པ་སྐྱེད་དེ་དངོས་པོ་ཅན་གྱི་ལུས་བླངས་ན ་སེམས་ཅན་ལྔ་ཕན་འདོགས་པར་བྱེད་པས། དེ་ན་དེའི་ཕྱིར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡོན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ཉོན ་མོངས་པས་སེམས་ཅན་ཐམས་ཅད་ཀྱི་ཕན་པའི་བྱ་བ་དག་བྱེད་པས་བསོད་ནམས་དཔག་ཏུ་མེད་པ་དག་སྐྱེད་དོ་ཞེས་བཤད་པ་ཡིནོ།། གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། བྱང་ཆུབ་སེམས ་དཔའ་ཐབས་ལ་མཁས་པས་སྲོག་གཅོད་པ་ལ་སོགས་པའི་ལས་རྣམ་པ་བཅུ་བྱས་ཀྱང་ཁ་ན་མ་ཐོ་བ་མེད་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཡང་སྐྱེ་བར་འགྱུར་ཞིང་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་བཤད ་དོ།། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། སྡུག་བསྔལ་མི་སྐྱེད་པའི་ཕྱིར་ཁ་ན་མ་ཐོ་བ་ཡང་མེད་དོ།། ལམ་གྱི་གྲངས་སུ་གྱུར་པའི་ཕྱིར་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་ཡང་འགྱུ་རོ་ཞེས ་བཤང་ངོ་།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བླ་ན་མོ་མཆིས་པའི་བྱང་ཆུབ་གང་ཡོན་ཏན་གྱི་ཕན་ཡོན་ཆེན་པོ་དེ་ལྟ་བུ ་དང་ལྡན་པ་ནི་ངོ་མཚར་ཆེ་བ་ལགས་པས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བྱང་ཆུབ་སེམས་དཔའ་བསྔགས་པ་བརྗོད་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ་སངས་རྒྱས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བསྔགས་པ་བརྗོད་པའོ།། འདི་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་མ་འོངས་པ་ན། བླ་ན་མེད་པའི་བྱང་ཆུབ་གཉེར་བར ་བྱེད་པས། ཡོན་ཏན་གྱི་ཕན་ཡོན་དེ་ལྟ་བུ་དང་ལྡན་པར་གྱུར་པའོ།། ཡང་ན་ད་ལྟར་གྱི་འམ། ཡང་ན་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་ཕན་ཡོན་གྱི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ ་ཁྱད་པར་དུ་འཕགས་པར་འགྱུར་བའོ།། བྱང་ཆུབ་སེམས་དཔའ་རྣམས་ལས། ཉོན་མོངས་པ་སྐྱེ་བ་དག་གིས་ཀྱང་སེམས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལས་ཁྱད་པར ་དུ་འཕགས་པར་བགྱིད་ན། དེ་ལས་གཞན་པའི་སྟོན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བས་ནི་གཉིས་པ་བྱང་ཆུབ་སེམས་དཔའི་སྟོན་གྱི་བསྔགས་པ་བརྗོད་པའོ།། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་སྐྱེ་བ་དག་གིས ་དགེ་བའི་རྩ་བ་ཡང་སོ་སོའི་སྐྱེ་བོ་ཐེག་པ་གཉིས་པོ་ཐ~ཾད་ཀྱི་དགེ་བའི་རྩ་བ་ལས་ཁྱད་པར་དུ་འཕགས་ན། དེ་ལས་གཞན་པའི་དགེ་བའི་ཡོན་དང་ལྡན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སོ་སོ་སྐྱེ་བོ་ལུས་སེམས་བསྐྱེད་པ་ཡང ་ཐེག་པ་གཉིས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ན། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པའི་ཆེད་དུ་ཉོན་མོངས་པ་བསྐྱེད་པ་ལ་སྨོས་ཀྱང་ལྷ་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ།། ་དེའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱང་ཟག་པ་ཟད་པ་ཡིན་ཡང་། བྱང་ཆུབ་སེམས་དཔའོ་སེམས་དང་པོ་བསྐྱེད་པ་ཙམ་མི་ཕོད་དེ། དཔེར་ན ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་མངལ་ན་གནས་ཀྱང་། གཞན་དག་གི་བུ་ལས་ཁྱད་པར་དུ་འཕགས་པ་དང་། གཞན་ཡང་དཔེར་ན་རྒྱལ་པོའི་བུ་རྒྱལ་པོ་དབང་མ་བསྐུར་མོད་ཀྱི། འོན་ཀྱང་བློན་པོ་ཐབས་དང ་ལྡན་པ་དང་། ཕྱུག་པོ་དག་ལས་ཁྱད་པར་དུ་འཕགས་པ་བཞི་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ནི་རང་གི་བདེ་བ་གཉེར་བ་དང་། བདག་ཉིད་ཀྱི་ལུས་ཀྱི་ཕྱིར་གཉེན་བཤེས་ལ་སྲེད་པར་བྱེད།། ཐེག་པ་པ་གཉིས་པོ་དག ་ནི་འཇིག་རྟེན་པ། བདེ་བ་ལ་སྲེད་པ་མེད་ཀྱང་། རང་གི་སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར། མྱ་ངན་ལས་འདས་པའི་བདེ་བ་ཚོལ་བར་སེམས་ཅན་ལ་ཕན་མི་འདོགས་ཏེ། བྱང་ཆུབ་སེམས་དཔའ་ནི་ས་ནཾ་ཡོངས་སུ ་འདའ་བའི་ཕྱེད་དུ་སེམས་བསྐྲད་པ་ཡིན་པས། དེའི་ཕྱིར་ཁྱད་པར་དུ་འཕགས་སོ།། གཞན་ཇི་སྐད་དུ་དཔེར་ན་མངོན་པར་ཤེས་པ་དྲུག་དང་ལྡན་པའི་དགྲ་བཅོམ་པ་ཞིག་གིས། དགེ་ཚུལ་ཅིག་ལ་ཆོས་གོས་དང་ལྷུང་བཟང་བསྐུར་ནས ་ལམ་དུ་ཞུགས་ཏེ་སོང་བ་ལས་དགེ་ཚུལ་དེ་འདི་སྙམ་དུ། བདག་གི་ཐེག་པ་གང་གི་ཡོངསུ་མྱ་ངན་ལས་འདའ་བར་བྱ་ཞེས་བསམ་པ་ལས། སངས་རྒྱས་བཅོམ་ལྡན་འདས་མཆོག་དམ་པ་ཡིན་པས་བདག་ནི་སངས ་རྒྱས་ཀྱི་ཐེག་པས་ཡོངསུ་མྱ་ངན་ལས་འདའ་བར་བྱའོ།། ཞེས་སེམས་བསྐྱེད་པ་དེའི་བསམ་པ་སློབ་དཔོན་གྱིས་རིགས་ནས། ཆོས་གོས་དང་ལྷུང་བཟེད་སླར་བླངས་ཏེ། བདག་ཉིད་ཀྱིས་ཁྱེར་ན་དགེ་ཚུལ་མདུན་དུ་གཏོང ་དགེ་ཚུལ་དེ་ཡང་འདི་སྙམ་དུ་བླ་ན་མེད་པའི་བྱང་ཆུད་ནི་ཤིན་ཏུ་ཐག་རིང་སྟེ། ཡུན་རིང་པོར་འཁོར་བ་ན་གནས་ཤིང་སྡུག་བསྔལ་ཚད་མེད་པ་དང་དུ་བླང་དགོས་པས་རེ་ཞིག་ཐེག་པ་ཆུང་ངུའི་མྱ་ངན་ལས་འདས་པས ་མྱུར་དུ་ཡོངསུ་མྱ་ངན་ལས་འདས་ན་རུང་ངོ་སྙམ་དུ་སེམས་བསྐྱོད་པ་དང་། སློབ་དཔོན་གྱི་རིག་ནས་ཆོས་གོས་དང་ལྷུང་བཟེད་དེ་དག་དགེ་ཚུལ་ལ་བསྐུར་ནས་ཕྱི་བཞིན་འགྲོར་བཅུགོ། དེ་ལྟར་ལན་གསུམ་དུ་བྱས ་པས་དགེ་ཚུལ་དེས་སློབ་དཔོན་ལ་སྨྲས་པ། སློབ་དཔོན་བགྲེས་པས་བྱིས་པ་ཆུང་ངུ་དང་འདྲ་སྟེ། རེས་འགའ་ནི་བདག་མདུན་དུ་བཏང་། རེས་འགའ་ནི་བདག་ཕྱི་བཞིན་དུ་མཆིར་གསལ་བ་ཅི་ལགས། སློབ་དཔོན་གྱིས་སྨྲས་པ། ཁྱོད ་དང་པོ་ནི་སངས་རྒྱས་མངོན་པར་བསྒྲུབ་པར་སེམས་བསྐྱེད་པས་སེམས་དེ་བཙུན་པར་བྱས་པ་ཡིན་ཏེ། དེ་ནི་སློབ་དཔོན་གྱི་ལམ་ལ་གནས་པ་ཡིན་པས། གང་ཟག་དེ་ལྟ་བུ་དེ་ལ་ནི་རང་སངས་རྒྱས་ཀྱིས་ཀྱང་མཆོད་པར་བྱ་བ་ཡིན ་ན་དགྲ་བཅོམ་པ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་ཁྱོད་མདུན་དུ་བཏང་བ་ཡིནོ།། ཁྱོད་ཀྱང་སེམས་འགྱོད་པར་གྱུར་ནས། ཐེག་པ་ཆུང་ངུ་གཉེར་བར་འདོད་པ་ནི་ཁྱོད་དང་ངའི་བར་ན་ཐེག་ཤིན་ཏུ་རིང་བས་ངོའི་ཕྱིར་ཁྱོད་ཕྱི་བཞིན་དུ་འགྲོར ་བཅུག་པ་ཡིན།། དགེ་ཚུལ་དེ་སྐད་ཐོས་པས་ཤིན་ཏུ་སྐྲག་པ་སྐྱེས་ཏེ། བདག་གི་སློབ་དཔོན་ནི་བདག་གི་སེམས་ཤེས་ཏེ། བདག་གི་ལན་ཅིག་ཙམ་སེམས་བསྐྱེད་པ་ཡང་ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པར་གྱུར་ན ་ཡོངསུ་རྫོགས་པར་གྱུར་པ་ལྟ་ཅི་སྨོས་ཞེས་བདག་ཉིད་རྟག་པར་ཐེག་པ་ཆེན་པོའི་ཆོས་ལ་གནས་པར་གྱུར་ཏོ་ཞེས་འབྱུང་བ་ལྟ་བུའོ།། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངསུ་གང་བའི་ཐེག་པ་པ་གཉིས་འོད་མའི་ཚལ་བཞིན་དུ་གྱུར་པ་ལ་མཆོད་པ་བྱས་པས། གང་གིས་སེམས་དང་པོ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་པ་བསོད་ནམས་ཆེའོ།། ། ་ཐེག་པ་པ་གཉིས་ནི་དེ་ཁོ་ན་ཉིད་ཀྱི་མཐའ་མངོན་དུ་གྱུར་པས་སེནཾ་ཐཾད་ཀྱི་བསོད་ནམས་ཀྱི་གཞི་ཡིན་ན། ཅིའི་ཕྱིར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཙམ་མི་བོད་ཅེ་ན། སྨྲས་པ། དང་པོ་གསུམ་གྱི ་ཕྱིར་དེ་ཙམ་ཡིན་ཏེ། ཐམས་ཅད་མཁྱེན་པའི་སེམས་ལ་སྤྱད་པ་དང་། རྟག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྟོན་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཁམས་གསུམ་གྱི་ཉེས་པ་སྤང་ཞིང་ཐག་པ་གསུམ་པོ ་དག་འབྱུང་བར་བྱེད་པ་ཡིན་ལ། ཐེག་པ་པ་གཉིས་ནི་དེ་ལྟོ་མ་ཡིན་པས་དེའི་ཁྱད་པར་དུ་འཕགསོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གྲང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་པ་དེ་ལ་དགོངས་པ་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པོ་དེ་བཞིན་གཤེགས ་པས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་ལན་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་ཉན་ཐོས་ཀྱི་ཐག་པ་ཞེས ་གང་གསུངས་པ་དང་། ཐེག་པ་ཆེན་པོའི་མདོ་དག་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་གང་གསུངས་པ་དེ་དག་ནི་ཐེག་པ་གཅིག་གོ།། ཞེས་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་དག་གི ་དགོངས་པ་གང་ལགས་ཞེས་བྱ་བའི་ཐ་ཚིག་གོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དེ་དག་ཏུ་ཆོས་རྣམ་པ་སྣ་ཚོགས་ཀྱི་ངོ་བོ་ཉིད ་ལྔ་སྟེ། ཕུང་པོ་ལྔ་དང་། ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་དང་། དེ་ལ་སོགས་པོ་གང་དག་བསྟན་པ་ནི་ཐག་པ་ཆེན་པོར་ཆེས་ང་དག་ཆོས་དེ་དག་ཆོས་ཀྱི་དབྱིངས་གཅིག་པར་མཚུངས་ཤིང་ཚུལ་གཅིག་པར་མཚུངས ་པའི་ཕྱིར་པ་ནི་ཐེག་པ་ཐ་དད་པ་ཉིད་དུ་མི་སྨྲའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དགོངས་པ་ཡང་དག་པར་བཤད་པ་དང་། ་རྨོངས་པ་དག་གི་ནོར་པ་འཛིན་པར་བསྟན་པ་དང་། དགོངས་པ་བཤད་པའི་མཇུག་བསྡུ་བའོ།། འདི་ནི་དགོངས་པ་རྣམ་པར་བཤད་པ་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ ་སྩལ་པ། ཇི་ལྟར་ངས་ཉན་ཐོས་ཀྱི་ཐེག་པ་དེ་དག་ཏུ་ཕུང་པོ་ལ་སོགས་པ་བཤད་པའི་དགོངས་པ་དེས་ན་ཐེག་པ་རྣམ་པ་ཐ་དད་པར་འགྱུར་པ་ཡིན་ལ། ངས་འདིར་ཐེག་པ་ཆེན་པོའི་བསྟན་པ་ལྔས་ནི་ངོ་བོ་ཉིད་གཅིག་པོའི་དེ་བཞིན་ཉིད ་དང་མཚུངས་པའི་ཕྱིར་དང་། ཚུལ་གཅིག་པའི་ལམ་མཚུངས་པ་ཉིད་བསྟན་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཀྱང་ཐེག་པ་རྣམས་ཀྱི་ཐ་དད་པ་ནི་མེད་པ་མ་ཡིནོ།། དེ་ལ་གང་དག་དོན་ལ་སྒྲ་ཇི་བཞིན་ཁོ་ནར་ཡང་དག་པ་མ་ཡིན་པ ་རྣམ་པར་རྟོག་པ་སྐྱེད་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད་དེ། ཁ་ཅིག་སྐུར་པ་འདེབས་པར་བྱེད་ཅེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྨོངས་པ་དག་གི་ནོར་པར་འཛིན་པ་སྟོན་ཏོ།། འདིར་ཡང་རྣམ་པ་གཉིས་ཏེ། སྒྲོ ་འདོགས་ཤིང་སྐུར་པ་འདེབས་པ་དང་། བསྟན་པ་དང་། རྩོད་པར་སྨྲ་བ་བསྟན་པའོ།། འདི་ནི་དང་པོ་སྟེ། འདི་ལྟར་དེ་བཞིན་གཤེགས་པས་ཐེག་པ་གསུམ་གྱི་བསྟན་པ་དང་། སྒྲུབ་པ་བཤད་པ་ལ་སྒྲ་ཇི་བཞིན་དུ་དོན་འཛིན་པས་ཐིག ་པ་གསུམ་པོ་དག་ཡོད་པར་བསྟན་པ་ཐོས་ན། ངེས་པར་ཐེག་པ་གསུམ་པོ་དག་ཡོད་པར་འཛིན་ཅིང་ཕྱོགས་གཅིག་ཏུ་ཐ་དད་དོ་ཞེས་ཟེར་བ་ནི་སྒྲོ་འདོགས་པ་ཞེས་ཟེར་བ་ནི་སྒྲོ་འདོགས་པ་ཞེས་བྱ་བ་སྟེ། སངས་རྒྱསུ་གྲུབ་པར ་མ་ངེས་པའི་དོན་ནི་མི་འདོད་པའི་ཕྱིར་རོ།། གལ་ཏེ་ཐེག་པ་གཅིག་གི་ཐམས་ཅད་ས་ངས་རྒྱས་སུ་འགྲུབ་པར་འགྱུར་རོ་ཞེས་ཐོས་ན་ཐེག་པ་གཅིག་ཁ་ནཱ་ཞེས་ཟེར་བ་ནི་སྐུར་པ་འདེབས་པ་ཞེས་བྱ་སྟེ། ཞི་བ་ཕྱོགས་ཅིག་པ་སངས་རྒྱས ་སུ་མི་འགྲུབ་པའི་ཕྱིརརོ།། གཞན་ཡང་ཐེག་པ་རྣམས་ཐ་དད་པར་གྱུར་པའི་རིག་པ་ལ་ཕན་ཚུན་མི་མཐུན་པར་སེམས་ཤིང་དེ་བཞིན་དུ་གཅིག་ལ་གཅིག་ཕན་ཚུན་རྩོད་པ་སྨྲ་བར་བྱེད་པ་གང་ཡིན་པ་ཞེས་བྱ་བས་ནི་གཉིས་པ་རྩོད ་བར་སྨྲ་བ་བསྟན་ཏེ། འདི་ལྟར་ཐེག་པ་གཅིག་ཏུ་གསུངས་པར་ཐོས་ན་ངེས་པར་གསུམ་དུ་གསུངས་པ་ཐབས་ཀྱི་བསྟན་པ་ཡིན་པར་ཤེས་པར་བྱའོ།། ཐེག་པ་གསུམ་དུ་གསུངས་པར་ཐོས་པ་ལས་ངེས་པར་ཐེག་པ་གསུམ ་ཡོད་པ་ཉིད་དུ་འཛིན་པར་བྱེད་ན་ནི་ཐེག་པ་གཅིག་ཏུ་གསུངས་པ་མི་མཐུན་པར་འགྱུར་རོ།། ཐ་དད་པའི་དོན་རྗོད་པའི་དོན་ཕྱིར་ཐེག་པ་གསུམ་ཡོད་པར་གསུངས་ཀྱང་ཐེག་པ་གཅིག་ཏུ་གསུངས་པ་དང་འགལ་བར་མི་འགྱུར་ཏེ། ཐེག་པ་གསུམ ་པོཔོ་དག་ཐ་དད་པར་འགྱུར་ཀྱང་། དེ་བཞིན་ཉིད་གཅིག་ཏུ་མཚུངས་པའི་ཕྱིར་ཐེག་པ་གསུམ་དང་གཅིག་ཏུ་གསུངས་ཀྱང་འགལ་བ་མེད་དེ། དེའི་ཕྱིར་གོང་དུ་མདོ་ལས། གཞན་ཡང་དོན་དུ་མ་ཨ་ང་དག་འཕགས་ཉན་ཐོས་པའི་རིགས་ཅན ་གྱི་སེམས་ཅན་དག་གིས་ཀྱང་ལམ་འདི་ཉིད་དང་། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བ་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ལ། སངས་རྒྱས་ཀྱི་ཐེག་པ་པའི་རིགས་སེམས་ཅན་གྱི་རིགས་ཅན་གྱི་སེམས་ཅན་དང་། དེ ་བཞིན་གཤེགས་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བའི་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཏེ། གཉིས་པ་གང་ཡང་མེད་པས་ས་དེ་ལས་དགོངས ་ནཱས་ཐེག་པ་ནི་གཅིག་ཁོ་ནའོ་ཞེས་བསྟན་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གྱི་རིགས་རྣམ་པ་སྣ་ཚོགས་དབང་པོ་རྟུལ་པོ་ཉིད་དང་། དབང་པོ་འབྲིང་པོ་ཉིད་དང་། དབང་པོ་རྣོན་པོ་ཉིད་ཀྱི་བྱེ་བྲག་དང་མེད་པ་ནི་མ་ཡིནོ།། ་རིགས་ཀྱི་བུ་ཞི་བ་ལ་ཕྱོགས་གཅིག་ཏུ་བགྲོད་པའི་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ནི་སངས་རྒྱས་རྣམས་ཀྱི་བརྩོན་པ་དང་། སྦྱོར་བའི་ཐབས་རྣམ་པ་སྣ་ཚོགས་ཀྱིས་གདུལ་བར་མཇེད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་སོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། དེའི་ཕྱིར་གཅིག་ཏུ་གསུངས་པ་ནི་དོན་དང་སྤྱོད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པར ་རིག་པར་བྱའོ།། དེ་ནི་འདིའི་དགོངས་པ་ཡིནོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། དེ་ལྟར་ཐེག་པ་གསུམ་པོ་དག་ཐ་དད་པར་འགྱུར་ཀྱང་དོན་གྱི་ཚུལ་གྱི་དབང་དུ་མཛད་ན་ཚུལ་གཅིག་ཏུ ་གྱུར་པས་ངའི་ཕྱིར་དགོངས་པས་ཐེག་པ་གཅིག་ཏུ་གསུངས་ཏེ། དེ་ཡང་ཕུང་པོ་ལ་སོགས་པའི་ཆོས་ལས་ཡིན་གྱི། ཚིག་ལས་བརྩམས་ནས་གཅིག་ཅེས་གསུངས་པ་ནི་མ་ཡིནོ།། ཐེག་པ་གཅིག་རྒྱ་ཆེར་བཤད་པ་ནི་སྔར་གྲོང ་ཏུ་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར། ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགསུ་བཅད་པ་མདོར་བསྟན་པ་ཞེས་བྱ་བ་སྟོན ་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གླེང་བསླང་བ་དང་། ཚིགསུ་བཅད་པ་ཉིད་ཀྱིས་ཡང་དག་པར་བསྟན་པ་སྟེ། འདི་ནི་དང་པོའོ།། ས་རྣམས་བསྡུས་དང་འདུ་ཤེས་མི་མཐུན་ཕྱོགས།། ཁྱད་པར་སྐྱེད་དང་སྨོན་དང་བསླབ་པ་རྣམས།། ་འདི་བརྟེན་སངས་རྒྱས་རྣམས་ཀྱི་ཐེག་ཆེན་བཤད་།། འདི་ལ་རབ་སྒོམས་སངས་རྒྱས་འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིགསུ་བཅད་པས་ཡང་དག་པར་བཤད་པ་སྟོན་ཏོ།། འདིར་ཚིགསུ་བཅད་པ ་གསུམ་གསུངས་པ་འདིས་ནི་གོང་དུ་བསྟན་པའི་ཚིག་རྐྱང་པ་ཡི་ནོ།། འདི་ཡང་རྣམ་པ་གཉིསུ་དབྱེ་སྟེ། དེ་ལ་ཚིག་སུ་བཅད་པ་དང་པོ་ནི་གོང་དུ་བསྟན་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཟློས་པ་ཡི་ནོ།། ཚིགསུ་བཅད་པ་ཕྱི་མ ་གཉིས་ནི་གོང་དུ་བསྟན་པའི་ཐེག་པ་གཅིག་ཏུ་གསུངས་པ་ཟློས་པ་ཡིནོ།། འདི་ནི་དང་པོའོ།། དེ་ལས་རྣམས་བསྡུས་ཞེས་བྱ་བ་ནི་གོང་དུ་མདོ་ལས་གསུངས་པ་ནི་རྣམ་པར་དག་པ་བཞི་དང་། ཡན་ལག་བཅུ་གཅིག་བསྟན་པ ་དང་ཟློས་པའོ།། དེ་ལ་འདུ་ཤེས་བསྡུས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ས་བཅུ་གཅིག་གི་མིང་བསྟན་པ་ཟློས་པའོ།། འདུ་ཤེས་ནི་མིང་ལ་བྱ་སྟེ། མིང་ནི་འདུ་ཤེས་ལ་སྐྱེ་བས་རྒྱུ་ལྔ་མིང་དུ་བཏག་པའི་ཕྱིར་འདུ་ཤེས་ཞེས་བྱའོ།། ། ་ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་བཅུ་གཅིག་ཟློས་པ་སྟེ། འཕགས་པ་ས་བཅུའི་མདོ་ལསོ།། སྤྱོད་པའི་མི་མཐུན་པའི་ཕྱོགས་ཡིན་པར་གསུངས ་པའི་ཕྱིརརོ།། ས་རྣམས་ཀྱི་ཁྱད་པར་ཞེས་བྱ་བའི་མིང་ནི་གོང་དུ་བསྟན་པའི་རྣམ་པར་དག་པ་བརྒྱད་ཟློས་པའོ།། ས་རྣམས་ཀྱི་ཁྱད་པར་ཞེས་བྱ་བ་ནི་གོང་དུ་མདོ་ལས་བྱང་ཆུབ་སེམས་དཔའི་སྐྱེ་བ་ཁྱད་པར་དུ་འཕགས་པ ་གསུངས་པ་ཟློས་པའོ།། ས་རྣམས་ཀྱི་སྨོན་ལམ་ཞེས་བྱ་བ་ནི་གོང་དུ་མདོ་ལས་སྨོན་ལམ་གསུམ་གསུངས་པ་ཟློས་པའོ།། ས་རྣམས་ཀྱི་བསླབ་པ་རྣམས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམས་ཀྱི ་སྒོ་སྣ་ཚོགས་ཟློས་པའོ།། ཅིའི་ཕྱིར་བག་ལ་ཉྫལ་ལ་སོགས་པ་བཟླས་ཏེ་མ་བསྟན་ཅེ་ན། སྔར་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ནང་དུ་བསྡུས་པའི་ཕྱིར་ལོགས་ཤིག་ཏུ་མུ་བསྟན་ཏོ།། དེ་ཡན་ཆད་ནི ་ཡང་དག་པར་བཤད་པའི་ཚིགསུ་བཅད་པ་བསྟན་ནས། ད་ནི་ཚིག་ཕྱི་མ་གཉིས་ཀྱི་ཐེག་པ་ཆེན་པོ་བསླབ་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ལེན་པར་བསྟན་ཏོ།། ཡང་ན་ཚིག་ཕྱི་མ་གཉིས་ནི་ཚིགསུ་བཅད་པ་ཕྱི་མ་གཉིས ་ཀྱི་མཆིམས་སྦྱར་བ་ཡིནོ།། ཆོས་རྣམ་པ་སྣ་ཚོགས་ཉིད་ནི་གླང་བསྟན་པ་དང་། དེ་དག་ཉིད་ནི་ཚུལ་གཅིག་པ་ཡང་བསྟན། འདི་ལྟར་ཐེག་པ་དམན་དང་། ཐེག་ཆེན་དང་། དེ་ཕྱིརརོ་ངས་ནི་ཐེག་ཉིད་ཐ་དད་མེད་པར་བཤད་ཅེས ་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིགསུ་བཅད་པ་གཉིས་ཀྱི་གོང་དུ་ཐེག་པ་གཅིག་ཏུ་གསུངས་པ་ཟློས་པ་སྟོན་ཏེ། འདི་ནི་གོང་དུ་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ང་ནི་ཐེག་པ་ཐ་དད་པ ་ཉིད་དུ་མི་སྨྲའོ།། ཞེས་བྱ་བའི་བར་དུ་གསུངས་པ་དག་ཟློས་པ་སྟེ། འདི་ལྟར་ཉན་ཐོས་དང་དེ་བཞིན་གཤེགས་པ་ཚུལ་གཅིག་པ་ཉིད་དུ་མཚུངས་པའི་ཕྱིར། ང་ནི་ཐེག་པ་ཐ་དད་དུ་མི་སྤྲོའོ་ཞེས་གསུངས་ཏེ། དེ་བཞིན ་དུ་མཚུངས་པའི་ཕྱིརརོ།། དོན་ལ་སྒྲ་ཇི་བཞིན་རྣམ་པར་རྟོག་པར་བྱེད་པ། ཁ་ཅིག་སྒྲོ་འདོགས་ཁ་ཅིག་སྐུར་པ་འདེབས་ཤིང་ཞེས་བྱ་བ་ནི་གང་དུ་མདོ་ལས་དེ་དག་ལ་གང་དག་ཅེས་བྱ་བ་ནས། ཁ་ཅིག་ནི་སྐུར་པ་འདེབས ་དཱུརརྱ་བྱེད་ཅེས་ཟླ་བའི་བར་དུ་གསུངས་པ་དག་ཟློས་པའོ།། དེ་ཉིད་འགལ་བ་ཙམ་དུ་གང་སེམས་པ།། རྨོངས་པའི་བློ་ཅན་མི་མཐུན་རྫོང་སྐུར་འགྱུར་ཞེས་བྱ་བ་ནི་གོང་དུ་མདོ་ལས་གཞན་ཡང་ཐེགས་པ་རྣམས་ཞེས་བྱ་བ་ནས། དེ་ནི་འདིའི་དགོས་པ ་ཡིན་ཞེས་བྱ་བའི་བར་དུ་གསུངས་པ་དག་ཟློས་པའོ།། ཐེག་པ་གཅིག་ཏུ་གཱསྤངས་པ་རྒྱ་ཆེར་བསྟན་པ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་བཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བཀའ་བཞིན་དུ་མ་བསྒྲུབ ་པཱའི་ཕྱོགས་ཞེས་བྱ་བ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལེན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཇི་ལྟར་གསུངས་པའི་དོན་དུ་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ ་རིགས་ཀྱི་བུ་འདི་ནི་ས་དད་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་ཞེས་བྱ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་འདི་ཁྱོད་ཀྱིས་ཡོངསུ་བཟུང་བར་བྱའོ།། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན ་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་ཡོངསུ་ཞུ་ཞིང་བསླབ་པར་བསྐུལ་བ་དང་། བསྟན་པ་གསུངས་པའི་ཕན་ཡོན་གྱིས་བསྟན་ཏེ། འདི་ནི་དང་པོར་ཡོངསུ་བཟུང་ཞིང་བསླབ་པར་སྤྲུལ་པའོ།། ས་དང་། ་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། འཁོར་འདུས་པ་ཆེན་པོ་དེ་ལས་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྟ་སྟོང་གིས་བྱང་ཆུབ་སེམས་དཔའི་ཏིང་འཛིན་ཐེག་པ་ཆེན་པོ་སྣང་བ་ཐོབ ་བར་གྱུར་ཏོ།། ཞེས་བྱ་བ་ནི་གཉིས་པ་བསྟན་པ་གསུངས་པའི་ཕན་ཡོན་བསྟན་ཏོ།། དེ་ལ་ཏིང་འཛིན་ཐེག་པ་ཆེན་པོ་སྣང་བ་ཞེས་བྱ་བ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། ཐེག་པ་ཆེན་པོ་སྣང ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་འདི་ལྟ་སྟེ། འདིར་ཐེག་པ་ཆེན་པོའི་དོན་དམ་པ་དང་། བསྟན་པ་དང་། བསྒྲུབ་པ་དང་། འབྲས་བུའི་ཤེས་པའི་སྣང་བ་སློང་ཞིང་གསལ་བར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུའོ།། གཞན་ཡང ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྷུང་གི་ཚེ་བསྒྱུར་བ་ལས། ཐེག་པ་ཆེན་པོ་སྣང་བའི་ཏིང་འཛིན་ཅེས་བྱ་བ་ལ། ཐེག་པ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་དང་། རྗེསུ་འབྲང་བ་དང་། ཐོབ་པའོ།། དེ་ལ་ངོ་བོ་ཉིད ་ནི་དྲང་པོ་ངོ་བོ་ཉིད་མེད་པ་གསུམ།། རྗེ་སུ་འབྲང་བ་ནི་བསོད་ནམས་དྲུང་ཡེ་ཤེས་ཀྱི་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངསུ་བསྡུས་པས་ངོ་བོ་ཉིད་མེད་པ་དང་རྦྷེ་སུ་མཐུན་པའོ།། ཐོབ་པ་ཡིན་སྟོན་བཞི་དང་ལྡན་པའི་འབྲས ་བུ་ཐོབ་པར་གྱུར་པ་སྟེ། ཏིང་འཛིན་ནི་ཡུལ་རྣམ་པ་འདི་གསུམ་ལ་དམིགས་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ།། ཏིང་ངེ་འཛིན་འདི་ལ་གནས་ནས་ནི་རྣམ་པར་མི་རྟོགས་པའི་ཡེ་ཤེས་འཐོབ་པར་འགྱུར་ལ། ཡེ་ཤེས་འདིས་ནི ་དེ་བཞིན་ཉིད་དང་སངས་རྒྱས་ཐ་དད་པ་ཉིད་དུ་གསལ་བར་བྱེད་པའི་ཕྱིར་གསལ་བ་ཞེས་བྱའོ།། གཞན་ཡང་ཏིང་འཛིན་འདིས་འདོད་ཆེན་པོའི་མ་རིག་པའི་མི་མཐུན་པའི་ཕྱོགས་འཇོམ་པར་བྱེད་པའི་ཕྱིར་སྣང་བ་ཞེས་བྱའོ་ཞེས ་འབྱུང་ངོ་།། ། བམ་པོ་དྲུག་ཙུརྩ་དྲུག་པ།། དགོངས་པ་ཟབ་མོ་ངེས་པར་འབྲེལ་བའི་མདོམས་དེ་བཞིན་གཤེགས་པའི་བྱ་བ་བསླང་པའི་སེཾའུ་སྟེ་བརྒྱད་པའོ།། ། འདི་གཅིག་བསྟན་པ་ཡང ་སྒོ་རྣམ་པ་གསུམ་དུ་རྣམ་པར་ཕྱེ་ནས་བཤད་པར་བྱ་སྟེ། རུ་ཉིད་ཀྱི་མིང་གི་དོན་བསྟན་པ་དང་། ལེའུ་བསྟན་པའི་དགོངས་པ་བསྟན་པ་དང་། ཚིག་གི་དོན་ཡང་དག་པར་བཤད་པའོ།། དེ་ལ་ལེའུ་མིང་གི་དོན་བསྟན ་པ་ལྕེ་ཡང་དོན་རྣམ་པ་གཉིས་ཡོད་དེ། དེ་ལ་དང་པོ་དེ་བཞིན་གཤེགས་པ་ཞེས་བྱ་བས་ནི་འདུལ་བར་མཛད་པའི་བདག་པོ་བསྟན་ཏོ།། གཉིས་པ་བྱ་བ་སྒྲུབ་པའི་ལེརུ་ཞེས་བྱ་བས་ནི་ལས་སུ་བྱ་བ་ཉིད་བསྟན་ཏོ།། དེ་ལ ་བཞིན་གཤེགས་པས་ཞེས་བྱ་བས་ནི་མདོར་བསྡུ་ན་དོན་རྣམ་པ་གསུམ་དང་ལྡན་ཏེ། དོན་དམ་པ་ལས་བརྩམས་ཏེ། དེ་བཞིན་གཤེགས་པ་ཞེས་བསྟན་པ་དང་། སྒྲུབ་པ་ལས་བརྩམས་པ་དང་། དོན་དམ་པ་དང་། སྒྲུབ ་པ་གཉིས་ཀ་ལས་བརྩམས་པོའོ།། དེ་ལ་དོན་དམ་པ་ཁོ་ན་ལས་བརྩམས་པ་ནི་དེ་བཞིན་ཉིད་ལ་བརྟེན་ནས་བསྟན་པ་གང་ཡིན་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་དུ། གང་ནས་ཀྱང ་མ་བྱོན་པ་གང་དུ་ཡང་མི་གཤེགས་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོ་ལས། དེ་བཞིན ་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དེ་བཞིན་ཉིད་དེ། གང་དུ་ཡང་མི་གཤེགས་གནས་ཀྱང་མ་བྱོན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་། འཕགས་པ་སྟུག་པོ་བཀོད་པའི་མདོ་ལས། སྐྱེ་བ ་མེད་པ་དང་། འགག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལ་སོགས་པའི་གཏན་པ་དག་ལས་དེ་བཞིན་གཤེགས་པ་ཞེས་གསུངས་པ་ནི། ལས་ཡོང་སུ་འཛིན་པ་ནི་རྣམ་པར ་བཤད་པའོ།། དེ་ལ་བསྒྲུབ་པ་ཁོ་ན་ལས་བརྩམས་ནས་བསྟན་པ་ནི་གནས་པ་བཅུའི་འགྲེལ་པ་ལས་ཇི་སྐད་དུ། དེ་བཞིན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་སྟེ། ཆོས་དྲུག་པོ་འདི་དག་གིས་སངས་རྒྱས་ཀྱི་སར་འགྲོ ་བར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་དེ་ཁོ་ན་ཉིད་ཀྱི་ལམ་ལ་བཅིབས་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། ་ཞེས་བསྟན་པ་ལྟ་བུ་སྟེ། བཤད་པ་འདི་དང་སྦྱར་ན་དེ་བཞིན་ཉིད་ཀྱི་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ།། དེ་ལ་དོན་དམ ་པདང་། བསྒྲུབ་པ་ལས་བརྩམས་ནས་བསྟན་པ་ནི་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཇི་སྐད་དུ།། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅུ་གཅིག་ལ་བཅིངས་ནས་དེ་བཞིན་གཤེགས་པའི་ཕྱིར་དེ་བཞིན ་གཤེགས་པ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་གནས་བཅུའི་འགྲེལ་པ་ལས། དེ་ལ་དེ་བཞི་ནི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ།། གཤེགས་པ་ཞེས་བྱ་བ་ནི་ཤེས་རབ་ཡིན་པའི་ཕྱིར། དེ་བཞིན་ག ་པ་ཞེས་བྱའོ་ཞེས་བསྣུན་པ་ལྟ་བུ་སྟེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲུབ་པ་ཡིན་ལ། སྟོང་པ་ཉིད་དང་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི་མངོན་དུ་བྱ་བའི་དོན་ཡིན་ཏེ། འདི་ལྟར་རྒྱུ་དང་ཡུལ་ལ་མངོན་པར་སངས་རྒྱས་པར ་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འདི་ཡང་དབང་པོའི་དབྱུང་དུ་བྱས་པའི་རྣམ་པར་བཤད་པའོ།། རྒྱ་ཆེར་རྣམ་པར་འབྱེད་པའི་མཚོན་ཉིད་རྣམ་པར་བསྟན་པ་ལྔས། བཤད་པ་བཞིན་དུ་རིག་པར་བྱའོ།། དེ་ལ་སྨྲ ་པའི་ལེའུ་ཞེས་བྱ་བ་ནི་ལས་སུ་བྱ་བ་ཉིད་ཡང་དག་པར་བསྟན་པའོ།། བསྒྲུབ་པ་ཞེས་བྱ་བ་འདི་ལྟ་སྟེ། བྱ་བ་ཉིད་ལ་སོགས་པར་བསྒྲུབ་པར་ནུས་པའོ།། བྱ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡུལ་ལ་བརྙན་ནས་སྒྲུབ་པ་མངོན ་པར་གྲུབ་པ་གང་ཡིན་པ་སྟེ། དེ་བཞིན་གཤེགས་པའི་སྐུ་དང་། ཞིང་ལ་སོགས་པ་སྟོན་པའི་སྐུ་འཕྲིན་ལས་སུ་བྱ་བ་རྣམས་འབྱོར་པར་གྱུར་པའོ།། ཡང་དག་པའི་དོན་དུ་ན་སྐྱེ་གསུམ་བསྒྲུབ་པའི་ལེའུ་ཞེས་བྱ་བ་ལས། ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ལ་ཕན་འདོགས་པ་སྔོན་དུ་གཏོང་བས་དེའི་ཕྱིར་གདུལ་བའི་དབང་དུ་མཛད་ནས་ལེའུ་འདི་སྨོས་པ་ཡིནོ།། ཡང་ན་སྐུ་སུམ་ཅར་ཡང་སེམས་ཅན་གདུལ་བའི་བྱ་བ ་མཛད་པར་སྤྱོད་པས་སོ།། མཚམས་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་མཇིད་པ་དང་རྗེ་སུ་མཐུན་པའི་གནས་ངེས་པའི་དོན་བསྟན་པའི་ལེའུ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར ་དགྲོལ་བའི་མོདོ་ལས་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་ཆོས་ཀྱི་རྒྱལ་བུས་ཞུ་བ་ཞུས་པའི་ལེའུ་ཞེས་འབྱུང་ངོ་།། དེ་ལ་ལེའུ་ཉིད་བསྟན་པའི་དགོངས་པ་བསྟན་པ་ནི། དེ་ཡན་ཆེད་དུ་སྤྱོད་ཡུལ་དང་སྒྲུབ་པ་མཚུངས ་པ་མེད་པས་བཤད་ཟིན་པས། དེའི་ཕྱིར་འདིར་མཚུངས་པ་མེད་པའི་འབྲས་བུ་དོན་ཡང་དག་པར་བསྟན་པ་ཡིན་ཏེ། དོན་དེ་ལ་བརྟེན་ནས་སྤྱོད་པ་སྐྱེ་བ་དང་། སྤྱོད་པའི་རྒྱུ་འབྲས་ཐོབ་པ་ནི་དོན་གྱི་གོ་རིམ་ཡིན་པའི་ཕྱིར་རོ།། ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཇམ་དཔལ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཞེས ་གསུངས་ན། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིག་གི་དོན་ཡང་དག་པར་བཤད་པ་ཞེས་བྱ་བ་སྟོན་ཏོ།། ལེའུ་འདི་གཅིག་ཀྱང་མདོར་བསྡུ་ན ་རྣམ་པ་གཉིསུ་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དག་གིས་ཡང་དག་པར་བཤད་པའི་ཕྱོགས་ཀྱང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བཅུ་གཉིས་ཡོད་པ་གཉིས་ལས་རྣམ་པ་བཅུ་གཉིསུ་དབྱེ་སྟེ། ཞུ་བ་གསོལ ་བ་དང་། ལན་དག་གིས་ཆོས་ཀྱི་སྐུའི་མཚན་ཉིད་རབ་ཏུ་དབྱེ་བ་དང་། དེ་བཞིན་གཤེགས་པོའི་སྤྲུལ་པའི་སྐུ་སྐྱེ་བ་མེད་པ་འབྱུང་བའི་མཚན་ཉིད་བསྟན་པ་དང་། སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་བསྟན་པ་དང་། དེ ་བཞིན་གཤེགས་པའི་གསུང་གི་བྱེ་བྲག་བསྟན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞེས་བྱ་བ་མ་ནི་རྨད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སྐྱེ་བའི་མཚན་ཉིད་བསྟན་པ་དང་། སྤྲུལ་པའི་སྐུ་ལ་སེམ། ་མངའ་འམ། མི་མངའ་བ་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་གཉིསུ་མེད་པའི་མཚན་ཉིད་རྣམ་པ ་གསུམ་བསྟན་པ་དང་། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དམིགས་པ་མཛད་པའི་བྱེ་བྲག་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་། ཐེག་པ་པ་གཉིས་ཀྱི་རྣམ་པར་གྲོལ་བའི་སྐུའི་བྱེ་བྲག་གི་སྐུའི ་མཚན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱི་མཐུ་སེམས་ཅན་ཡོང་སུ་འཛིན་པའི་མཚན་ཉིད་བསྟེན་པ་དང་། ཞིང་ཡོངས་སུ་དག་པ་དང་། ཡོངསུ་མ་དགེ་བ་གཉིས ་ཐག་གི་མཚན་ཉིད་བསྟན་པ་དང་། འདི་ནི་དང་པོ་ཞུ་བ་གསོལ་བ་དང་། ལན་དག་གི་ཆོས་ཀྱི་སྐུའི་མཚན་རབ་ཏུ་དབྱེ་བའོ།། ཡང་ན་རྣམ་པ་བཅུ་གཉིས་པོ་དེ་དག་རྣམ་པ་གསུམ་དུ་བསྡུས་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་བསྟན ་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བའི་བྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་མན་ཆད་ཀྱི་སྤྲུལ་པའི་སྐུའི་མཚན་ཉིད་བསྟན་པ་དང་། དེ་ནས ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་མན་ཆད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའི་མཆིན་ཉིད་བསྟན་པའོ།། དེ་ལྟར་རྣམ་གཉི་སུ་བཤད་པ་ཡོད་ཀྱང་འདིར་ནི་རེ་ཞིག་བཤད་པ་ཕྱི་མ་དང་སྦྱར་ནས་བཤད་པར་བྱའོ།། ་སྐུ་གསུམ་པོ་དེ་དག་གི་མཚན་ཉིད་ཀྱང་ཁོང་དུ་ཆུད་པར་དཀའ་བྱས་དེའི་ཕྱིར་འདིར་སྐུ་གསུམ་གྱི་དོན་བསྟན་ནས། དེའི་འོག་ཏུ་མདོའི་ཚིག་གི་དོན་བཤད་པར་བྱ་སྟེ། སྐུ་གསུམ་གྱི་དོན་གྱི་མཚན་ཉིད་བསྟན་པ་དག་བཤད་པ ་བཞིན་དུ་རིག་པར་བྱའོ།། ཚིག་གི་དོན་བཤད་པ་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གྱི་ཞུ་བ་གསོལ་བ་ཉིད་དོ།། དེ་ལ་བྱང་ཆུབ་སེམས་དཔའ ་འཕགས་པ་འཇམ་དཔལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་བདེན་པའི་སེམས་རྟག་པར་ཞི་ཞིང་དབེན་ལ། དགྲ་ཟུན་ཀུན་ལ་ཕན་འདོགས་ཤིང་གནོད་པ་མི་བྱེད་པའི་ཕྱིར་འཇམ་དཔལ་ཞེས་བྱའོ།། འཕགས་པ་སངས་རྒྱས་པའི་འགྲེས ་འཇིག་རྟེན་པ་ཐམས་ཅད་ཀྱི་བསྙེན་བགྱུར་བྱེད་ཅིང་མཆོད་པ་པ་ཀུན་གྱིས་བསྔགས་པ་བརྗོད་པའི་ཕྱིར་ལ་མ་ངོན་དང་ལྡན་པ་ཡོན་ཞེས་བཤད།། པགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། པནྡྷ་བ ་འི་ཏིང་འཛིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལྔ་ནཱི། འདས་པའི་སངས་རྒྱས་ཀླུའི་རིགས་ཀྱི་གཙོ་བོ་ཞེས་ཟ་བ་ཡིན་ནོ་ཞེས་འབྱུང་།། འཕགས་པ་སོར་མོ་འཕྲེང་བའི་མདོ་ལས། འཕགས་པ་འཇམ་དཔལ་སྟི་བྱུང་སྒྲོགས ་སྣངས་རྒྱས་རབ་ཏུ་དགའ་བའི་ནོར་བུ་རིན་པོ་ཆེ་བརྩེགས་པ་ཡིན་ཞེས་གསུང་སོ།། བྱང་ཆུབ་སེམས་དཔའ་འདི་དག་སང་དག་པར་དེ་བཞིན་པ་ཡིན་ཀྱང་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟེན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གཟུགས ་སྟོན་ཏོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཛུམ་དཔལ་ལ་བཀའ་སཱ་ལྟོ་པ། རིགས་ཀྱིས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ་པའི་ངེས་པར་འབྱུང་བས་གནས་གྱུར་པའོ།། ཡོངས་རྫོགས་པ་གང་ཡིན། ་པ་དེ་ནི། དེ་བཞིན་གཤེགས་པའི་སྒྲའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་འདི་མན་ཆ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་བསྟན ་པ་དང་། རྣམ་པར་གྲོལ་བའི་སྐུ་བསྟེན་པའོ།། དངོས་པོ་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་ཡང་དག་པར་བསྟན་པ་དང་། བསམ~ཾ་གྱིས་མི་ཁྱད་པའི་མཚན་ཉིད་དུ་བསྟན་པ་སྟེ། འདི་ནི་དང་པོའོ།། མདོའི་ཚིག་འདི ་ཡང་རྣམ་པ་བཞིར་དབྱེ་སྟེ། དེ་ལ་དང་པོ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི་འཆད་པ་པོ་དང་། ཉན་པ་པོ་སྨོས་སོ།། གཉིས་པ་ས་དང་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་བསྒོམས ་པའི་ངེས་པར་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྐུའི་རྒྱུ་རྣམ་པ་གཉིས་ཡོད་པ་ཉིད་དུ་རབ་ཏུ་བསྟན་ཏེ། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།། དེ་ལས་ནི་རྒྱུ་ཡང་དག་པར་བསྒྲུབ་པས་གནས་པར་བྱ་བའི་སྔའོ།། ཕ་རོལ་ཏུ་ཕྱིན་པ་ནི ་ས་ལ་བརྟེན་ནས་མངོན་པར་བསྒྲུབ་པ་ཡང་དག་པའི་རྒྱུ་ཉིད་དེ། ཆོས་ཀྱི་སྐུ་ལ་བལྟོས་ན་ནི་གསལ་བར་བྱེད་པའི་རྒྱུ་ཡིན་ལ། རྒྱུ་གཉིས་ཀྱིས་ནི་སྐྱེད་པའི་རྒྱུ་ཡིནོ།། འདིར་ནི་གསལ་བར་བྱེད་པའི་རྒྱུ་ཉིད་དུ་ཡང་དག་པར ་སྟོན་ཏོ།། ཆོས་ཀྱི་སྐུ་གསལ་བར་བྱེད་པའི་ཕྱིརརོ།། དེ་ལ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་པའི་དབང་གིས་ཉོན་མོངས་པ་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བ་ཞེས ་བྱའོ།། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྤྱད་པ་རྣམས་མྱ་ངན་ལས་འདས་པ་དང་རྗེསུ་མཐུན་པར་གྱུར་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བཤད་དོ།། ཡང་ན་མྱ་ངན་ལས་འདས་པ་ལ་ངེས་པར་འབྱུང ་བ་ཞེས་བྱ་སྟེ། འདིར་ཡང་ལམ་བསྒོམས་པ་ལས་མྱ་ངན་ལས་འདས་པ་དང་རྗེ་སུ་མཐུན་པར་གྱུར་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ།། གཞན་ཡང་ངེས་པར་འབྱུང་བ་ཞེས་བྱ་བ་ནི་བགྲོད་པའི་དོན་ཡིན་ཏེ། དེའི་ཕྱིར ་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། བགྲོད་པར་བྱ་བ་མཐར་ཐུག་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ།། བཤད་པ་ངེས་པར་འབྱུང་བ་ནི་མྱུ་ངནན་འདས་པར་བགྲོད་པའི་དོན་ཡིནོ།། གསུམ་པ་གནས་གྱུར ་པ་ཡང་དག་པར་བསྒྲུབ་ཅིང་ཡོངསུ་རྫོགས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཡང་དག་པར་བསྟན་ཏོ།། དེ་ལ་གནས་གྱུར་པ་ཞེས་བྱ་བ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཇི་སྐད་དུ། འདི་ལྟར ་དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་པ་དག་ནི་མངོན་དུ་མི་སྣང་ལ། དེ་ཁོ་ན་ཉིད་ཀྱི་དོན་ཇི་སྙེད་པ་དག་ནི་མངོན་དུ་སྣང་བའི་ཕྱིར། གནས་གྱུར་པ་ལྟ་བུའོ་ཞེས་བསྟན་པ་ལྟ་བུའོ།། དེ་ལ་ཡོངསུ་གྲུབ་པར་རྫོགས་པ་ཞེས་བྱ་བ་ནི་ཐ་དད ་པའི་ཡོང་སུ་རྫོགས་པ་ལས་རབ་ཏུ་དབྱེ་བའོ།། དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། རྒྱུ་གཽ་ནས་སྐབས་ལ་གནས་པ་གང་ཡིན་པ་དེ་ནི་རྫོགས་པ་ཞེས་བྱའོ།། འབྲས་བུའི་གནས་སྐབས་ལ་གནས་པ་གང་ཡིན ་པ་དེ་ནི་ཡོངསུ་གྲུབ་པར་རྫོགས་པ་ཞེས་བྱ་སྟྭཾ་ཡོངསུ་གྲུབ་པ་དང་། ཡོངས་གྲུབ་པའི་མིང་གཱི་རྣམྦྷ་གྲང་སོ།། མདྨོ་འདི་ཉིད་ལས་ཀྱང་དེ་གོང་དུ་དེ་བཞིན་གཤེགས་པའི་ས་ལ་ནི་སྒྲིབ་པ་གཉིས་པོ་བཅོམ་པ་སྟེ། དགོངས་པ ་ཡོངསུ་གྲུབ་པ་ལ་བརྟེན་ནས། ཆོས་ཀྱི་སྐུ་བཞིན་དུ་རྣམ་པར་དག་པ་རྣམ་པར་བཞག་པ་ཡིན་ནོ་ཞེས་གསུངསོ།། གཞན་ཡང་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། ཤེས་བྱའོ ་སྒྲིབ་པ་གཏན་བཅོམ་པ་གནས་སུ་གྱུར་པས་བསྡུས་པ་གང་ཡིན་པའོ།། དེ་ཡང་ས་བཅུ་པ་ལ་ནི་ཡོངསུ་རྫོགས་པ་ཞེས་བྱའོ།། དེ་བཞིན་གཤེགས་པའི་ས་ལ་ནི་ཡོངསུ་གྲུབ་པ་ཞེས་བྱའོ་ཞེས་བཤད་དོ།། ་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བསྟན་ཏོ།། དེ་ནི་དེ་སྐད་དུ་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམ ་པའི་ངེས་པར་འབྱུང་བའི་ལམ་གྱི་གནས་གྱུར་པ་ཐོབ་པས། ཆོས་ཀྱི་སྐུ་མི་ངོན་པར་གྲུབ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། འཕགས་པ་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ ་པ་ང་གི་ཚེ་བསྒྱུར་པ་ལས་ཀྱང་། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངསུ་བསྒོམ་པའི་ངེས་པར་འབྱུང་བའི་ལམ་གྱི་གནས་གྱུར་པ་ཐོབ་པའི་མཚན་ཉིད་ཞེས་བཤད་།། གནས་གྱུར་པ་མཆིན་ཉིད་དེ་ཡང་རྒྱ་ཆེར་ནི་མཚན ་ཉིད་བསྟན་པ་དག་དང་། བསྟན་བཅོས་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོའི་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། ལྕང་གི་ཚེ་བསྒྱུར་བ་དང་། མདོ་སྡེའི་རྒྱན་དང་། ངོ་བོ་ཉིད ་མེད་པ་གསུམ་བསྟན་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། མཆིན་ཉིད་དེ་ཡང་རྒྱུ་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར། བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱ་སྟེ་ཞེས ་བྱ་བ་ལ་སོགས་པས་ནི། གཉིས་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་བསྟན་ཏོ།། འདི་ཡང་རྣམ་པ་གསུམ་སྟེ། དམ་བཅའ་བ་དང་། རྒྱུ་གཉིས་ཀྱི་མཆིན་ཉིད་བསྟན་པ་དང་། ནོར་བར་བཟུང་བའི་ཉེས་པ་བསྟན་པ་དང་འདི་ནི་དང་པོའོ།། ་སྤྲོས་པ་མེད་པའི་ཕྱིར་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཉིས་པ་རྒྱུ་གཉིས་ཀྱི་མཚན་ཉིད་བསྟན་ཏེ། དང་པོ་ནི་སྤྲོས་པ་མེད་པའོ།། གཉིས་པ་ནི་མངོན་པར་འདུ་བྱ་བ་མེད་པའོ།། མཚམས་རྣམ་པར་གྲོལ ་བའི་མདོ་ལས་ནི་ཡང་དག་པ་མ་ཡིན་པ་དང་བྲལ་བ་དང་། མངོན་པར་འདུ་བྱ་བ་མེད་པའོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། སྤྲོས་པ་དང་བྲལ་བ་དང་། འདུས་བྱས་ཀྱི་རྣམ་པའི་མཚན་ཉིད ་ཐམས་ཅད་དང་བྲལ་ཞེས་འབྱུང་ངོ་།། དེ་ལ་སྤྲོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་རྣམ་པ་བཞི་དང་། དེ་བཞིན་དུ་ཐམས་ཅད་རྟག་གོ།། མི་རྟག་གོ་ཞེས་བྱ་བ་ལ་སོགས་པ་སྤྲོས་པ་རྣམས་སོ།། ། ་དེ་ལ་མངོན་པར་འདུ་བྱ་བ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པ། སྐྱེ་བ་དང་འགག་པ་ལ་སོགས་པ་ལས་དང་ཉོན་མོངས་པའི་ངོ་བོ་ཉིད་དོ།། ཆོས་ཀྱི་སྐུ་དེ་ལ་ནི་སྤྲོས་པ་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པ་མེད་པའི་ཕྱིར ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། འདིར་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། དེ་ལ་ཆོས་ཀྱི་སྐུའི་གནས་གྱུར་པའི་མཚན་ཉིད་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བ། རྟག་པར་ད ་བཞིན་ཉིད་དུ་གནས་པ། རྣམ་པར་འགྱུར་བ་མེད་པའི་ཕྱིར། ལས་དང་ཉོན་མོངས་པས་མངོན་པར་འདུ་བྱས་པ་མ་ཡིན་པ་ཞེས་བཤད་དོ།། གཞན་ཡང་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས་ཀྱང་། རྒྱུ ་དང་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་བསྡམ་གྱིས་མི་ཁྱབ་པའོ།། དང་པོ་ནི་ཚིག་གིས་བརྗོད་དུ་མེད་པ་སྟེ། ཚིག་གི་སྤྱི་དང་ཡུལ་ལས་ཡང་དག་པར་འདས་པའི་ཕྱིརརོ།། གཉིས་པ་ནི་འཇིག་རྟེན་པའི་མཚན་ཉིད་ཐམས་ཅད་ལས་འདས ་པ་སྟེ། འཇིག་རྟེན་ན་དཔེ་ཟླ་མེད་པའི་ཕྱིར་གསུངས་ཏེ། བསྟན་བཅོས་རྣམ་པར་བཤད་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ།། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། དོན་རྣམ་པ ་གསུམ་གྱིས་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་སྟོན་ཏེ། དེའི་ཕྱིར་བསྟུན་བཅོས་དེ་ཉིད་ལས། བསུམ་གྱིས་མི་ཁྱབ་པའི་མཆིན་ཉིད་ནི། འདི་ལྟར་དེ་བཞིན་ཉིད་རྣམ་པར་དག་པ་དེ་སོ་སོ་རང་གི་རླིག་པར་བྱ་བ་ཡིན་པའི ་ཕྱིར་དང་། འཇིག་རྟེན་པའི་དཔེས། དཔེར་བྱར་མེད་པའི་ཕྱིར་དང་། ཡི་གོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིརརོ།། ཞེས་འབྱུང་བ་ཡིན་ཏེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་འགྲེལ་པ་ལས། དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི ་འདི་ལྟ་སྟེ། རིག་པ་ངེས་པར་སེམས་པ་ལས་འབྱུང་བ་རྣམ་པར་རྟོག་པའི་ཤེས་པ་རྟོག་པ་དང་། དཔྱོད་པར་རྟོགས་པ་དཔེ་རབ་ཏུ་དབྱེ་བའོ།། སངས་རྒྱས་རྣམས་ནི་དེ་དག་གི་སྤྱོད་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ ་ཏོརྟོག་པ་དང་དཔྱོད་པའི་ས་ཐམས་ཅད་ལས་ཡང་དགུ་པར་འདས་པའི་ཕྱིར་མོས་པ་བསྐྱེད་པར་བྱ་བ་ཡིན་གྱི། བསམ་པར་བྱ་བ་ནི་མ་ཡིན་ཞེས་བཤད་དོ།། སེམས་ཅནྡ་རྣམས་ནི་སྤྲོས་པ་ལ་མངོན་པར་ཞེན་ཅིང་མངོན་པར་འདུ་བྱ ་བ་དང་བཅས་པའི་ཕྱི་རོ་ཞེས་བྱ་བ་ནི་གསུམ་པ་ནོར་བར་བཟུང་བའི་ཉེས་དམིགས་བསྟན་ཏོ།། འདི་ལྟར་སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ནས་ཤེས་པ་མེད་བའི་ཕྱིརརོ།། ཆོས་ཀྱི་སྐུ་ལ་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས ་པ་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་དེས་ཆོས་ཀྱི་སྐུ་ཐོབ་པར་མ་གྱུར་དོ་ཞེས་བྱ་བའི་ཐ་ཚིག་གོ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐོབ ་པའི་གནས་གྱུར་པ་གང་ཡིན་པ་དེ་ཡང་ཆོས་ཀྱི་སྐུ་ལགས་པར་བརྗོད་པར་བགྱི་འམ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་བྲལ་བའི་སྐུ་སྟོན་ཏོ།། འདི་ཡང་རྣམ་པ་བཞིས་བསྟན་ཏེ། ཞུ་བ་གསོལ་བ་དང་། ལན་དུ ་གསུངས་པ་དང་བརྟག་པ་དང་། རྣམ་པར་བཤད་པའོ།། འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། འདྲི་ལྟར་ཐེག་པ་གཉིས་པོ་དེ་དག་གིས་ཉོན་མོངས་པའི་སྒྲིབ་པ་སྤངས་པས་འཐབ་པའི་དུས་བྱས་ཀྱང་ཆོས་ཀྱི་སྐུ་ཞེས་བགྱི་བ་ལག ་སམ་ཞེས་བྱ་བའི་ཐ་ཚིག་གོ།། རིགས་ཀྱི་བུ་ཆོས་ཀྱི་སྐུ་ཞེས་བརྗོད་པར་མི་བྱའོ།། ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟེ། མྱ་ངན་ལས་འདས་པས་ཡོངསུ་མངོན་དུ་བྱས་པས ་ཡིན་ཡང་ཆོས་ཀྱི་སྐུ་ཞེས་བརྗོད་པར་མི་བྱ་སྟེ། ཡོན་ཏན་གྱི་ཆོས་ཀྱི་གནས་སུ་གྱུར་པ་མ་ཡིན་པའི་ཕྱིརརོ།། བཅོམ་ལྡན་འདས་འོ་ན་ཇིའི་ལུས་ལགས་པར་བརྗོད་པར་བགྱི་ཞེས་བྱ་བ་ནི་གསུམ་པ་བསྟན ་པའོ།། རིགས་ཀྱི་བུ་རྣམ་པར་འགྲོལ་བའི་ལུས་ཞེས་བརྗོད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་དགྲོལ་བའི་མཚན་ཉིད ་མདོར་བསྟན་པ་དང་། བྱེ་བྲག་གི་མཚན་ཉིད་བསྟན་པའོ།། འདི་ནི་དང་པོ་མདོར་བསྟན་པ་སྟེ། འདི་ལྟར་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བས་ན་རྣམ་པར་གྲོལ་བའི་ལུས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར ་གྲོལ་བའི་ལུས་ཀྱི་ཕྱིར་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་དང་མཚུངས་ཤིང་མཉམ་མོ་ཞེས་སྟོན་ཏོ།། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྐུ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་བསྟན་ཏོ།། ་འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་གྲོལ་བའི་སྐུ་ལས་བརྩམས་ནས། ཐེག་པ་གསུམ་པོ་དག་བྱེ་བྲག་མེད་པར་བསྟན་པ་དང་། ཆོས་སྐུ་ལས་བརྩམས་ནས་བྱེ་བྲག་ཡོད་པར་བསྟན་པའོ།། འདི་ནི་དང་པོ་སྟེ། འདི་ལྟར་ཐེག ་པ་གཉིས་པོ་དེ་དག་ཀྱང་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པ་སྤངས་པ་དང་། བྱེ་བྲག་མེད་པའི་ཕྱིར་དང་། སོ་སོར་བརྟག་པ་ཐོབ་པ་ལ་ཡང་བྱེ་བྲག་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་མཚུངས་ཤིང ་མཉམ་མོ་ཞེས་བྱ་བ་གསུང་སོ།། དོན་དེ་ཡང་སོ་སོ་ནས་བཤང་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རྣམ་པ་གཉིསུ་བཤད་དེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། དཔྱད་པ་དག་གིས་སྨྲས་པ ་དེ་ནི་འདི་སྐད་དུ་བརྗོད་པར་བྱ་སྟེ། ཟག་པ་དང་བཅས་པའི་ཆོས་ཀྱི་བདག་ཉིད་ཇི་སྙེད་ཡོད་པའི་རྗེསུ་སོ་སོར་བརྟག་པ་ཡང་དེ་སྙེད་དོ།། འཆིང་བར་བྱ་བའི་དངོས་པོ་བདག་ཉིད་ཇི་སྙེད་པའི་རྗེ་སུ་འཆིང་བ་དང་བྲལ་བའི་བདག་ཉིད་ཀྱང་དེ་སྙེད་།། ་སེམས་རྣམས་སོ་སོར་བརྟག་པ་ཐོབ་པ་ན་སོ་སོ་ནས་ཐོབ་པ་གཅིག་ཡིན་ནམ?། འོན་ཏེ་ཐུན་མོང་བར་འགྱུར་ཞེ་ན། སློབ་དཔོན་གཞན་ཁ་ཅིག་ན་རེ་སོ་སོ་ནས་ཐ་དད་པ་འཐོབ་པར་འགྱུར་ཞེས་ཟེརོ།། གལ་ཏེ་དེ་ལྟ་ན་མདོ་ལས་གསུངས ་པ་དེ་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་སྟེ། ཇི་སྐད་དུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་དང་། གཞན་དགྲ་བཅོམ་པ་ལ་སོགས་པའི་རྣམ་པར་དགྲོལ་བ་ནི་གཉིསུ་མེད་དོ་ཞེས་གསུངསོ་ཞེ་ན། སྨྲས་པ། ཐེག་པ་ཆེན་པོ་དག ་གི་རྒྱུད་ལ་ཡོད་པའི་རྣམ་པར་གྲོལ་བའི་ཐ་དད་མོང་ཀྱི། དགེ་བ་ཉིད་དུ་བརྟག་པར་མཚུངས་པའི་ཕྱིར་ཐ་དད་པ་མེད་པ་ཞེས་བསྟན་ཏོ།། གཞན་ཡང་རྒྱུད་ཀྱི་རྒྱུན་གཅིག་ལ་ཐེག་པ་གསུམ་གྱི་རིགས་དང་ལྡན་པས་རྣམ་པར་གྲོལ་བ ་འཐོབ་པར་མཚུངས་ཏེ། འདི་ལྟར་གཞན་གྱི་རྒྱུད་ལ་ཡོད་པའི་རྣམ་པར་གྲོལ་བ་འཐོབ་པ་ལ་བལྟོས་ནས་སོ་སོ་ཐ་དད་པ་ཡང་རྒྱུད་གཅིག་ལ་ཐག་པོ་གསུམ་གྱི་རིགས་ཡོད་པ་དང་། རྣམ་པར་གྲོལ་བ་ཐོབ་པར་མཚུངས་པས་ན་ཐེག ་པ་གང་ལ་བརྟེན་ནས་འཕགས་པའི་ལམ་སྐྱེ་བར་འགྱུར་བ་དེས་མྱ་ངན་ལས་འངས་པ་འདི་ཐོབ་པར་འགྱུར་བའི་ཕྱིརརོ།། དཔྱད་བ་དག་གིས་སྨྲས་པ། དེས་དེ་སྐད་དུ་སྨྲ་བའི་མི་རིགས་ཀྱི། འདི་སྐད་དུ་ཅི་ཙམ་དུ་སན་གྱི ་རིག་སུ་གཏོགས་པ་རྣམས་ནི་ཟག་པ་དང་བཅས་པའི་ཆོས་རྱ་རྀ་ཀུན་ལས་སོ་སོར་བརྟགས་པའི་བདག་ཉིད་རཱི་རེ་འཐོབ་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་སྟེ། དཔྱང་བ་དག་གིས་ཐུན་མོང་དུ་འགོག་པ་རྣམས་མངོན་དུ་བྱེད ་པར་བསྟན་པའི་ཕྱིར་རྣམ་པར་གྲོལ་བ་ཡང་དཔག་ཏུ་མེད་དོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། མདོ་སྡེ་དག་གི་གཞུང་གིས་ནི་ཉོན་མོངས་པ་ཡང་སྦྱངས་ཤིང་། འགོག་པ་མངོན་དུ་བྱེད་པར་མཚུངས་པའོ ་ཕྱིར་བཏགས་པ་ཙམ་དུ་མཚུངས་པར་ཞེས་བྱ་བའི་ཚིག་བསྟན་པ་ཡིནོ་ཞེས་ཟེར་ཏཱ། གུད་ན་བདག་ཉིད་གཞན་ཡོད་པ་དགེ་གི་མཚུངས་པ་དང་། ཐ་དད་པར་བསྟན་པ་ནི་ཡོད་པ་མ་ཡིན་ཏེ། དེའི་གཞུང་གིས་འདོད་པའི་སོ་སོར ་བཏགས་པའི་འགོག་པ་ལ་བདག་ཉིད་མེད་པའི་ཕྱིར་རོ།། འདིར་ཡང་ཐེག་པ་ཆེན་པོའི་བསྟན་པ་ལས་ནཱི། དེ་བཞིན་གཅིག་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་སྟོན་པའི་ཕྱིར་ཐད་ཡོད་པར་སྨྲ་བ་དང་མི་མཚུང་སོ།། དེ་བཞིན་ཉིད ་ལ་བརྟགས་པ་ཙམ་དུ་རྣམ་པར་བཞག་པའི་ཕྱིར་མདོ་སྡེ་པ་དག་དང་མི་མཚུངསོ།། ཁ་ཅིག་ན་རེ་འདིར་གསུངས་པའི་ཆོས་ཀྱི་སྐུ་ནི་ཡེ་ཤེས་དང་། སྤངས་པ། ཆ་རྣམ་པ་ལྔའི་ཆོས་ཀྱི་སྐུ་ཡང་བསྡུ་བ་ཡི་ནོ་ཞེས་ཟེར་ཏེ། དེ་ལྟར ་རྣམ་པ་གཉིསུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་ཡང་དག་པ་ཡིནོ།། ཆོས་ཀྱི་སྐུའི་ཕྱིར་ནི་ཁྱད་པར་ཡོད་པར་བསྟན་ཏོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཆོས་ཀྱི་སྐུ་ལས་བརྩམས་ནས་ཁྱད་པར་ཡོད་པར་སྟོན་ཏོ།། འདི ་ཡདྡྷ་རྣམ་པ་གཉིས་ཏེ། མདོར་བསྟན་པ་ད། ཡང་དག་པར་བཤད་པའོ།། འདྲོན་མངོར་བསྟན་པ་སྟེ། སྒྲིབ་པ་གཉིས་སྤངས་པའི་ཕྱིར་དང་ཡོན་ཏན་དག་ཏུ་མེད་པའི་གནས་གྱུར་པའི་ཕྱིར་ཁྲིང་པར་ཡོད་པར་གྱུར་ཏེ་ནས ་ཐ་ཚིག་གོ།། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཁྱད་པར་དང་ལྡན་པའི་ཕྱིར་ནི་ཡོན་ཏན་དཔག་ཏུ་མེད་པས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། བགྲང་བ་དང་དཔེར་བྱ་བ་ཡང་སྲ་བ་མ་ཡིནོ་ཞེས་བྱ་བ་འདི་གཉིས་པ་བྱེ་བླག ་སྣོད་པརྱ་བཤད་པ་བསྟན་པ་སྟེ། འདི་ལྟར་ཆོས་ཀྱི་སྐུ་ཁྱང་པར་དང་ལྡན་པའི་སྤྱིར་ཡོན་ཏན་དཔག་ཏུ་མེད་པ་ཁྱད་པར་དུ་འཕགས་པའི་བྱེ་བྲག་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་མ་དཔེ་ལ་སོགས་པས་ཤེས་པར་བྱ་བ་མོ་ཚོན ་ཞེས་བྱའོ།། ཡང་ན་ཡོན་ཏན་དཔག་ཏུ་མེད་པའི་རྟེན་དྷི་གྱུར་པས་ཁྱད་པར་དུ་འཕྱགས་པ་དག་གིས་ཐེག་བྱ་གཉིས་ལཾས་བྱེ་བྲག་ཏུ་གྱུར་པས་ནཱ། དགྲང་བ་དང་དཔེར་བྱཱ་བྷཨཱརྱ་མྦྷ་བྷ་མ་ཡིན་ཏེ། འདི་ནི་རྩཝ་གཉིས་བྱེ་བྲག་གི ་མཚན་ཉིད་དོ།། གཞན་ཡང་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པོ་ལས། དེལ་ཆོས་ཀྱི་སྐུ་དང་། རྣམ་པར་གྲོལ་བའི་ལུས་པོ་ཁྱད་པར་ནི་འདིན་ཡིན་ཏེ། རྣམ་པར་གྲོལ་པོ་ནི་ཉོན་མོངས་པའི་ཚང་བ་དང་བྲལ་བ་ཙོ་མོ་དུད་།། ་དཔེར་ན་གྲོང་མི་ཞིག་ལྕགས་སྒྲོག་ལ་སོགས་པའི་འཆིང་བ་དང་བྲལ་ན་སྡུག་བསྔལ་བའི་འབྲས་བུ་ཙམ་ཟད་ཀྱི། དེ་ལས་ལྷག་པའི་དབང་ཕྱུག་དང་ལྡན་པ་ནི་མ་ཡིན་པ་ལྟ་བུའོ།། ཆོས་ཀྱི་སྐུ་ནི་བག་ཆགས་དང ་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ངོ་མཚར་གྱི་ཡོན་ཏན་དུ་མས་བརྒྱན་པ་འབྱོར་པ་ཐམས་ཅད་ཀྱི་གནས་སོ།། ཇི་ལྟར་འདོད་པ་བཞིན་དུ་སྤྱོད ་པས་རང་དབང་མཆོག་བརྙེས་པའོ།། དཔེར་ན་རྒྱལ་བུའི་བུ་བཅིངས་པ་དང་བྲལ་མ་ཐག་ཏུ་སྤྱི་བོ་ནས་དབང་སྐུར་དབང་ཕྱུག་ཕུན་སུམ་ཚོགས་དང་ལྡན་པ་ལྟ་བུའོ་ཞེས་འབྱུང་སྟེ། ལྕང་གི་ཚེ་བསྒྱུར་བའི་འགྲེལ་པ་ལས་ཀྱང ་དེ་སྐད་བསྟན་ཏོ།། གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཐེག་པ་གཉིས་ཀྱིས་ཡོངསུ་རྫོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་རྣམ་པར་གྲོལ་བའི་ལུས་ཞེས་བྱ་སྟེ། ཐུབ་པ་ཆེན་པོ་གང ་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་ཕྱིར་རོ་ཞེས་བཤད་དེ། རྣམ་པར་གྲོལ་བ་གཉིས་ལ་གལ་ཏེ་བྱེ་བྲག་མེད་པ་ཡིན་ན། བསྟན་བཅོས་ཐེག་པ་ཆེན་པོ་ལ་འཇུག་པ་དེ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་སྟེ། དེ་ལས ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་ཐེག་པ་གཉིས་ལས་ཁྱད་པར་འཕགས་པ་ཡིན་ཏེ། བག་ཆགས་སྤངས་པའི་ཕྱིར་རོ་ཞེས་བཤད་དོ།། ཞེ་ན། སློབ་དཔོན་ཧྲང་ཅིང་གིས་མདོ་སྡེ་དང་། བསྟན་བཅོས ་ཕནུ་ཚུན་བརྡ་ཕྲད་དེ་བཤད་པ་ལས་ཡང་དག་པའི་དོན་དུ་ན་དེ་བཞིན་གཤེགས་པ་དང་། ཐེག་པ་གཉིས་ཀྱིས་རྣམ་པར་གྲོལ་བའི་ངོ་བོ་ཉིད་ལ་བྱེ་བྲག་མེད་ཅིང་ཉོན་མོངས་པ་སྤངས་པར་མཚུངས་ཀྱང་འགོག་པ་མངོན་དུ་བྱེད ་བྱའི་ཕྱིར་དང་། བག་ཆགས་སྤངས་ཤིང་འགོག་པ་མངོན་དུ་མི་མཛད་པའི་ཕྱིར་བྱེ་བྲག་ཡོད་པར་གྱུར་པ་ཡང་ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བ་ནི་བག་ཆགས་དབུང་མ་ཟད་པ་ཡིན་ལ། དེ་བཞིན་གཤེགས་པའི་རྣམ་པར ་གྲོལ་བ་ནི་དག་ཆགས་གཏན་བུ་སྤུངས་པས་རབྱཱ་ཏུ་སྐྱེ་བ་ཡིན་པས་དེས་ན་མདོ་སྡེ་དང་བསྟུན་བཅོས་དུག་ལས་སོ་སོ་ནས་དོན་རོ་སྤྲོས་པས་ཕན་ཚུན་འགལ་བ་མེད་དོ་ཞེས་བཤད་དོ།། རྒྱ་ཆུབ་སེམས་པའ་འཇམ་དཔལ ་གྱིས་ཀྱང་བཅོམ་ལྡན་འདས་ལ་འོད་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་མན་ཆད་ནི་གཉིས་པ་དེ་བཞིན ་གཤེགས་པའི་སྤྲུལ་པའི་སྐུ་སྐྱེ་བ་འབྱུང་བའི་མཚན་ཉིད་བསྟུན་པའོ།། དང་པོ་ཞུ་བ་གསོལ་བ་དང་། ལྡན་དུ་གསུངས་པ་བསྟན་ཏོ། འདི་ནི་དང་པོ་སྤྲུལ་པའོ་སྐུའི་མཚན་ཉིད་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་འཇམ་དཔལ་ལ་བཀའི་སྩལ་བཾ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་སྤྲུལ་པའི་སྐུའི་འཕྲིན་ལས་མངོན་པར་འདུ་མཛད་པ་ནི་འཇིག་རྟེན་གྱི་ཁམས་ནི་རྣམ་པ་ཐམས་ཅད་འབྱུང་བ་ལྟ་བུ་དེ་བཞིན ་གཤེགས་པའི་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པ་བྱིན་གྱིས་བརླབ་པའི་མཚན་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ ་གཉིས་ཏེ་སྤྲུལ་པའི་སྐུའི་མཚན་ཉིད་བསྟན་པ་དང་། སྐུའི་བྱེ་བྲག་གི་མཚན་ཉིད་བསྟན་པ་དང་། འདི་ནི་དང་པོའོ།། མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དོན་དང་དཔེ་དང་དོན་དུ་སྦྱར་བའོ།། དེ་བཞིན་གཤེགས་པ་ཐ~ཾད་ཀྱི ་སྤྲུལ་པའི་སྐུའི་འཕྲིན་ལས་ནི། འཕགས་པ་གསེར་འོང་དམ་པའི་མདོ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུ་ཇི་ལྟར་རིག་པར་བྱ་ཞེ་ན། རིགས་ཀྱི ་བུ་དེ་བཞིན་གཤེགས་པ་སྔོན་སྤྱོད་པའི་ས་ལ་གནས་པ་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་དོ།། བསྒྲུབ་པའི་ཆོས་དེ་དག་ཀྱང་བསྒོམ་པ་ཡོངསུ་རྫོགས་པ་དང་། བསྒོམ་པའི་སྟོབས་ཀྱི ་དབང་ཐོབ་པར་འགྱུ་རོ།། དབང་ཐོབ་པའི་སྟོབས་ཀྱི་ནི་སེམས་ཅན་གྱི་མོས་པ་དང་། སེམས་ཅན་གྱི་སྤྱོད་པ་དང་སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བུ་བཞིན་དུ་རྣམ་པ་སྣ་ཚོགས་ཁོང་དུ་ཆུད་ཅིང་དུས་ལ་མི་བལྟོས་པ་དང་། དུས་དང་གནས ་ལ་མི་འདའ་བར་དུས་དང་མཐུན་པ་དང་། སྤྱོད་པ་དང་མཐུན་པ་དང་། རྗེསུ་མཐུན་པར་ཆོས་བསྟན་པ་དང་རྗེསུ་འཐུན་པར་སྐུ་རྣམ་པ་སྣ་ཚོགས་སྟོན་པ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུ་ཞེས་བྱའོ་ཞེས་གསུངསོ།། མདོ་འདི ་ཡང་དེ་བཞིན་ཏེ་སྔོན་རྒྱུ་དང་སྨོན་ལྷམ་རྣམ་པ་སྣ་ཚོགས་བསྒྲུབ་པ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་སྣ་ཚོགས་འབྱུང་བ་ཡང་དཔེར་ན་འཇིག་རྟེན་གྱི་ཁམས་ན་ལས་རྣམ་པ་སྣ་ཚོགས་ཀྱི་དབང་གིས་དངོས་པོ་སྣ་ཚོག ་བྱུང་ནས་སེམས་ཅན་ཡོངསུ་འཛིན་པར་བྱེད་པ་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ཡང་དེ་བཞིན་དུ་སྤྱོད་པ་སྣ་ཚོགས་དང་། ཡོན་ཏན་གྱི་རྣམ་པ་དཔག་ཏུ་མེད་པས་བརྒྱན་པ་སེམས་ཅན་བསྡུད་པ་གང་ཡིན་པ་དེ་ནི་སྤྲུལ ་པའི་སྐུའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ།། སྤྲུལ་པའི་སྐུའི་མཚན་ཉིད་ནི་སྐྱེ་ཞིང་འབྱུང་བ་དང་། བཅས་པའོ།། ཆོས་ཀྱི་སྐུའི་མཚན་ཉིད་ནི་སྐྱེ་བ་འབྱུང་བ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བས་ནི་གཉིས་པ་སྐུ་རྣམ་པ་གཉིས་ཀྱི་བྱེ་བྲག ་གི་མཚན་ཉིད་བསྟན་ཏོ།། འོད་ལྟར་སྐུ་རྣམ་པ་གཉིས་ལས་སྤྲུལ་པའི་སྐུ་ནི་རྒྱུ་ལས་འབྱུང་བའི་ཕྱིར་སྐྱེ་བ་འབྱུང་བའི་མཚན་ཉིད་དང་བཅས་པའོ།། དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་དེ་རྟག་པ་ཡིན་པའི་ཕྱིར་སྐྱེ་བ་འབྱུང་བ ་མེད་པའི་མཚན་ཉིད་དོ།། ། བམ་པོ་དྲུག་ཅུ་བདུན་པ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས ་ལ་མཁས་པ་གང་ལགས་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པའི་མཚན་ཉིད་བསྟན་ཏོ།། འདི་ཡང་ཞུ་བ་གསོལ་བ་ལན་དུ་གསུངས་པའི་བསྟན་ཏེ། འདི་ནི་ཞུ་བ ་གསོལ་བ་ཉིད་དོ།། སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་འདི་ནི། འཕགས་པ་སངས་རྒྱས་པའི་འགྲེལ་པ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་བྱ་བ་བསྒྲུབ ་པའི་ཡེ་ཤེས་ལས་འབྱུང་བའི་འཕྲིན་ལས་རྣམ་པ་གསུམ་སེམས་ཅན་གྱི་དབང་པོ་དང་མཚམས་པར་གྱུར་པའི་ཕྱིར་མཁས་པ་ཞེས་བྱའོ།། སྦྱོར་བ་རྒྱུན་གྱི་འཆད་པའི་ཕྱིར་ཐབས་ཞེས་བྱའོ་ཞེས་བཤད་།། བཅོམ་ལྡན ་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་པོར་གྲགས་པའམ། སྦྱིན་གནས་ཆེན་པོར་གྲགས་པའི་ཁྱིམ ་དུ་ཤེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལེན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ་རྣམ་པར་བཤད་པ་དང་། མཇུག་བསྔོ་བའོ།། རྣམ་པར་བཤད་པ་གཉིསུ་དབྱེ ་སྟེ། སྤྲུལ་པ་སྟོན་པའི་གནས་བསྟན་པ་དང་། སྤྲུལ་པའི་མཚན་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ།། གནས་བསྟན་པ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་གནས་སྤྱོད་ཡུལ་གྱི་སྤྱིར་བསྟན་པ་སྟེ། འདི་ལྟར་སྟོང་གསུམ ་གྲི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུ་ཐ~ཾད་ཀྱི་སྤྱོད་ཡུལ་ཡིན་པས་སོ།། གཉིས་པ་ནི་གནས་ཐ་དད་པར་སྐྱེ་བར་བསྟན་ཏེ། འདི་ལྟར་བདག་པོའི་གྲོགས་པ་ནི་རྒྱལ་རིགས་ཀྱི་ཁྱིམ་མོ།། ་སྦྱིན་གནས་ཆེན་པོར་གྲགས་པ་ནི་བྲམ་ཟེའི་ཁྱིམ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྒྱལ་རིགས་ཀྱི་འཁོར་ནི་མིའི་འགྲོ་བའི་ནང་ན་མཆོག་ཏུ་བདག་པོར་གྱུར་པའི་ཕྱིརོ།། བྲམ་ཟེའི་འཁོར་ན་འཇིག ་རྟེརྟེ་ན་ཀུན་གྱི་སྦྱིན་གནས་སུ་གྱུར་པའི་ཕྱིར་རོ།། ཞེས་བཤད་པོ་ཡིན་ནོ།། དུས་གཅིག་ཏུ་མངལ་ཏུ་འཇུག་པ་དང་བཅས་པ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ཀུན་ཏུ་སྟོན ་པ་དང་། དཀའ་བ་སྤྱོད་པ་བཏང་ནས་མངོན་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་གང་ཡིན་པ་གཉིས་པ་སྤྲུལ་པའི་མཚན་ཉིད་བསྟན་པའོ།། སྤྲུལ་པའི་མཚན་ཉིད་མང་ཉུང་གི་མཚན་ཉིད་བྱེ་བྲག་ཀྱང་བསྟན་པ་རྣམས ་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཐ་ན་མེང་བས་གནས་བསྟན་པའི་མདོ་ལས་ནི་མཚན་ཉིད་རྣམ་པ་བཅུ་གསུམ་སྟོན་ཏེ། དགའ་ལྡན་གྱི་གན་སུ་སྐྱེ་བ་དང་། ལྷའི་གནས་དེ་ལས་བཅས་པ་དང་། ལྷུམས་སུ ་ཞུགས་པ་དང་། བལྟམ་པ་དང་། གཞོན་ནུར་གྱུར་པ་དང་། བསླབ་པ་རྣམས་སློབ་པ་དང་། སྐྱེད་མོས་ཚལ་དུ་རྣམ་པར་རོལ་པས་སྟོན་པ་དང་། མངོན་པར་འབྱུང་བ་དང་། དགའ་བ་སྤྱོད་པ་ཀུན་ཏུ་སྟོན་པ་དང་། བྱང་ཆུབ ་ཀྱི་སྙིང་པོར་གཤེགས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངསུ་མྱ་ངན་ལས་འདས་པའོ་ཞེས་བསྟན་པའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་མཚན་ཉིད ་རྣམ་པ་བཅུ་གཅིག་ཏུ་སྟོན་ཏེ། ལྷུམ་སུ་ཞུགས་པ་དང་། བལྟམས་པ་དང་། ཆེར་སྐྱེས་པ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། དཀའ་ཐུབ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར ་གཤེགས་པ་དང་། བདུད་བཏུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོང་སུ་མྱ་ངན་ལས་འདས་པའོ་ཞེས་འབྱུང་།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་མཚན ་ཉིད་རྣམ་པ་བཅུ་གཉིསུ་སྟོན་པ་ཡང་། ཕལ་ཆེར་མཚམས་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་མཐུན་པར་ཅུང་ཟད་ཅིག་ཐ་དད་པ་ནི་འདི་ལྟ་སྟེ། ཡང་ལྷུམ་སུ་གནས་པ་དང་། ཡོངསུ་བཏང་བ་ཆེན་པོའི་མཚན ་ཉིད་ཀྱི་བསྣན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཏུལ་བ་མ་ཚང་བས་སོ།། འདིར་མདོ་ལས་ནི་མཚན་ཉིད་རྣམ་པ་བདུན་ལས་མི་སྟོན་པས་མདོ་སྡེ་རྣམས་ལས་ལྷའི་གནསུ་གནས་པ་དང་། ལྷུམ་སུ་གནས ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངསུ་མྱ་ངན་ལས་འདས་ཞེས་གསུངས་པས་ཀྱང་བསྣན་ནས་མཚན་ཉིད་བཅུ་གཅིག་ཏུ་བྱས་ཏེ། མདོ་འདི་བཤད་པར་བྱའོ།། དེ་ལ་ལྷའི་གནསུ་གནས་པ་ཞེས་བྱ་བ་ནི་བཀོད་པ ་ཆེན་པོའི་མདོའི་ནང་ནས་དགའ་ལྡན་གྱི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། བཀོད་པ་ཆེན་པོ་ཞེས་བྱ་བའི་མདོ་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ཕོ ་བྲང་ན་ཞུགས་ཤིང་རྟག་པར་ལྟ་བ་མཐུ་བོ་ཆེ་རྣམས་མཆོད་པར་བྱེད་པར་རབ་ཏུ་སྟོན་པ་གང་ཡིན་པའོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་གསུངས་པ་དང་། གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ་དགའ་ལྡན་གྱི་ལྷ་ནི་འདོད་པའི་ཁམས་ཀྱི་ནང་ན་མཆོག་ཡིན་ཏེ། ལྷ་འོག་མ་དག་ནི་ཟུག་རྙེད་པ་དང་ལྡན་པ་ཡིན་ལ་ལྷ་གོང་མ་དག་ནི་མི་གསལ་ཞིང་རྨོངས་རྟུལ་བ་ཡིན་པས་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུངས་པས ་ནི་གོང་མ་དང་། འོག་མའི་ལུས་ཐོབ་པར་འགྱུ་རོ།། སྦྱིན་པ་དང་ཚུལ་ཁྲིམས་དང་ཏི་འཛིན་བསྒོམ་པས་ནི་དགའ་ལྡན་གྱི་ལུས་ཐོབ་པར་འགྱུར་པས། དེ་ཕྱིར་མཆོག་ཅེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་དགའ་ལྡན་གྱི་གནས་ཁོ་ན་ནས་སྐྱེ་ཞིང་། ལྷའི་རིས་གོང་མ་ནས། འོག་མ་དག་ཏུ་མི་སྐྱེ་ཞེ་ན། སྨྲས་པ། སངས་རྒྱས་ནི་རྟག་པར་དབུ ་མའི་ལམ་ལ་གནས་པའི་ཕྱིར་དགའ་ལྡན་གྱི་ལྷ་ནི་འདོད་པའི་ཁམས་ཀྱི་ལྷའི་རིས་དྲུག་དང་ཚངས་པའི་གནས་གོང་མ་གསུམ་དང་། འོག་མ་གསུམ་གྱི་བར་ན་གནས་ཏེ་ལྷ་དེ་ལ་བབས་ལ་གདོན་མི་ཟ་བར་ཡུལ་གྱི་དབུས ་སྐྱེ་བ་དང་། ནམ་གྱི་གུང་ཐུན་ལ་ལྷུམ་སུ་ཞུགས་པ་དང་། ནམ་གྱི་གུང་ཐུན་ལ་རབ་ཏུ་འབྱུང་བ་དང་། དབུ་མའི་ལམ་ལ་སྤྱད་དེ་སངས་རྒྱས་ཀྱི་བྱང་ཆུབ་བརྙེས་ནས་ཀྱང་དབུ་མའི་ལམ་གྱི་ཆོས་སྟོན་པ་དང་། ནམ་གྱི་གུང་ཐུན་ལ ་ཡོང་སུ་མྱ་ངན་ལས་འདས་པར་འགྱུར་བ་དང་། ཆོས་དབུ་མ་ལེགས་པར་རྟོགས་པར་འགྱུར་བའི་ཕྱིར་ལྷའི་གནས་བར་མར་སྐྱེ་བ་ཡིནོ་ཞེས་བསྟན་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིནོ།། གཞན ་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་འབའ་ཞིག་ཏུ་སྐྱེ་ཞེ་ན། གཟུགས་མེད་པའི་ཁམསུ་ནི་གཟུགས་མེད་པས་ཆོས་བསྟན་དུ་མེད་པའི་ཕྱིར་དེར་མི་སྐྱེའོ།། གཟུ ་ཀྱི་ཁམསུ་ནི་གཟུགས་ཀྱི་ཕུང་པོ་དང་ལྡན་མོད་ཀྱི། དེར་ཆོས་བཤད་དུ་ཡང་བསམ་གཏན་ལ་མངོན་པར་ཞེན་པས་དེར་མི་སྐྱེའོ།། འདོད་པའི་ལྷའི་རིས་འོག་མ་གསུམ་པོ་དག་ནི་ཉོན་མོངས་པ་སྡུག་ཅིང་སེམས་རྣམ་པར་གཡེང ་བ་དག་ཡིན་ལ་འདོད་པའི་ལྷའི་རིས་གོང་མ་གཉིས་ཀྱང་ཉོན་མོངས་པ་སྡུག་ཅིང་སེམས་མཉེན་པ་ཡིན་ཡང་རྣོ་བ་ཡིན་ཏེ། དགྲའ་ལྡན་གྱི་ལྷ་ནི་ཉོན་མོངས་པ་ཡང་སྲབ། སེམས་ཀྱང་མཉེན་ཞིང་རྣོ་བའི་ཕྱིར། དེར་སྐྱེ་བ་ཡིན ་བཤད་དོ།། གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་གནས་ཁོ་ནར་སྐྱེ་ཞེ་ན། སྨྲས་པ། དགའ་ལྡན་གྱི་ལྷའི་གླནས་ཚང་ཁོ་ནས་བྱང་ཆུབ་སེམས་དཔའ ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། འཛམ་བུའི་གླིང་གི་མི་རྣམས་སངས་རྒྱས་མཐོང་བར་འགྱུར་བའི་ལས་ཡོངསུ་སྨིན་པའི་དུས་ཀྱི་ཆ་གཅིག་གི་གཅིག་བསྡུས་པས་འདི་ལྟར་མི་ཡུལ་ན་ལྀ་བྱེ་བ་ཕྲག་ལྔ་བཅུ་རྩ ་དུན་དང་། སྟོང་ཕྲག་དྲུག་ཅུ་ནུ་འདུལ་བར་བྱེད་པ་དང་། འདུལ་བར་བྱ་བའི་རྩ་བ་གདོད་ཡོངས་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷའི་ཚེའི་ཆང་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལྷའི་གནས་དེ་འབ ་ཞིག་ཏུ་སྐྱེའོ།། གལ་ཏེ་ལྷའི་འོག་མ་དག་ཏུ་སྐྱེ་བར་གྱུར་ན་ཆེའི་ཚད་ནི་ཟུང་ལ་དགེ་བའི་རྩ་བ་དདུང་ཡོངས་སུ་སྨིན་པར་མི་འགྱུར་བའི་ཕྱིར་དེར་མི་སྐྱེའོ་ཞེས་འབྱུང་སྟེ། རྒྱ་ཆེར་ངོ་ཉིད་ལས་བསྟན་པ་བཞིན་ནོ།། གཞན་ཡང་དེ་ཉིད ་ལས་ཅིའི་ཕྱིར་ལྷའི་གནས་དེ་ཉིད་དུ་མངོན་པར་རྫོགས་པར་འཚང་མྱི་རྒྱུ་བར་མིའི་ནང་དུ་གཤེགས་ཤེ་ན། སྲིད་པ་ཐ་མིའི་བྱང་ཆུབ་སེམས་དཔའ་ནི་གདོན་མི་ཟ་བར་མངལ་ནས་སྐྱེ་བ་འཛིན་པ་ཡིན་ལ། ལྷའི་འགྲོ་བ་དག ་གཅིག་ཏུ་རྫུས་ཏེ་སྐྱེ་བའི་ཕྱིར་རོ།། གཞན་ཡང་ལྷ་དང་མི་ནི་ཆོས་ཀྱི་གནོད་ཡིན་པས་གཉི་ག་བསྡུ་བའི་ཕྱིར་མིའི་ནང་དུ་གཤེགས་པ་ཡིན་ཏེ། གལ་ཏེ་ལྷའི་ནང་དུ་སྐྱེས་པར་གྱུར་ན་མིས་དེར་འགྲོ་བར་མི་ནུས་པས་སོ།། གཞན་ཡང ་ལྷའི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་མིའི་ནང་དུ་གཤེགས་ཏེ། མི་རྣམས་གདུལ་བར་མཛད་པ་ཡང་མི་རུང་སྟེ། དེ་དག་འདི་སྙམ་དུ་སངས་རྒྱས་ནི་སྤྲུལ་པ་ཡིནོ་ཞེས་ཆོས་ཡང་དག་པར་འཛིན་པར་མི་འགྱུར ་བའི་ཕྱིར་རོ།། དེས་ན་བྱང་ཆུབ་སེམས་དཔའ་མི་རྣམས་ཀྱི་ནང་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཡིནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི ་ཚེ་བསྒྱུར་བ་ལས། འཕགས་པ་ས་བཅུ་པའི་འགྲེལ་པ་ལས་བཤད་པའི་རྣམ་གྲངས་མང་པོ་འབྱུང་བ་ནི་མངས་ཀྱི་དོགས་ནས་འདིར་མ་བརྗོད་དོ།། དེ་ལ་མངལ་དུ་འཇུག་པ་ཞེས་བྱ་བ་ནི་འཕགས་པ་ཀུན་ཏུ་ཁྱབ་པར ་གསལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷ་རྣམས་ལ་ཆོས་བཤད་ཟིན་ནས་ལྷའི་བུ་རྣམས་ལ་ཀྱེ་བ་ཇི་ལྟ་བུའི་གཟུགས་ཀྱི་ཡུམ་གྱི་ལྷུམ་སུ་འཇུག་པ ་རིགས་ཞེས་དྲིས་པ་དང་། དེ་དག་ལ་ཁ་ཅིག་ནི་གཞོན་ནུའི་གཟུགས་ཀྱིས་སོ།། ཁ་ཅིག་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་ཀྱིས་སོ།། ཁ་ཅིག་ནི་བྱ་གསེརུ་འདབ་ཅན་གྱི་གཟུགས་ཀྱིས་སོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཚངས་པའི ་མཆོག་ཏུ་དར་བ་ཞེས་བྱ་བ་སྔོན་དྲང་སྲོང་གི་ལམ་ནས་འོངས་པ་ཞིག་གིས་ལྷ་རྣམས་ལ་སྨྲས་པ། བདག་གིས་བྲམ་ཟེའི་སྤུང་བ་རྣམས་བཏགས་པ་ལས། དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམ་སུ་འཇུག་པ་ནི་གླང་པོ ་ཆེའི་གཟུགས་མཆོག་གོ་ཞེས་བསྔགས་ཏེ། གླང་ཆེན་དེ་ཡང་དཀར་ཞིང་སྔོ་དྲུག་དང་ལྡན་པ། མགོ་ཤིན་ཏུ་ལེགས་པ་གཟི་བྱིན་དང་ལྡན་པ། གཟུགས་ཁྱད་པར་དུ་འཕགས་པའོ་ཞེས་བྲམ་ཟེའི་སྨྲང་ལས་བྱུང་བ་ནི་དེ་ལྟ་བུ་ཞེས ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་སྲོག་ཆགས་གསུམ་པ། རི་བོང་དང་རྟ་དང་གླང་པོ་ཆེ་ཡོད་དེ། དེ་ལ་རི་བོང་ཆུ་ལིང་ལས་བསྒྲལ་བ་ནི་བདག་གཅིག་པུ་ཐར་པར་ཟད་།། རྟ་ནི་དཔའ་བའི་ཤུགས་དང་ལྡན་ཆུའི་གཏིང ་བབ་བླ་མ་མི་ཟབ་དཔག་པར་མི་ནུས་སོ།། གླང་པོ་ཆེ་ནི་གཏིང་ཟབ་ཏུ་རྟོགས་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ནི་རི་བོང་དང་རྟ་འདྲ་སྟེ། འཁོར་བ་ལས་ཡང་དག་པར་འདས་ཀྱང་ཆོས་ཀྱི་རྩ་བ་ཉིད་མི་རྟོག་སོ།། བྱང་ཆུབ་སེམས ་དཔའི་ཐེག་པ་ཆེན་པོ་ནི་དཔེར་ན་གླང་པོ་ཆེ་དང་འདྲ་བས་ཁམས་གསུམ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་བསྒྲགས་ནས་འབྱུང་བའི་རྩ་བ་རབ་ཏུ་རྟོགས་པར་བྱེད་པས་གང་ལ་ཡང་མི་སྐྱོབ་པ་འམ། ཕན་མི ་འདོགས་པ་མེང་པས་སོ།། མཛོད་ཀྱི་བསྟན་བཅོས་རྙིང་འགྱུར་ལས། དེ་ལ་སོ་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཔེར་བསྟན་པའོ།། རྐང་པ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའི་དཔེར་བསྟན་པའོ།། ཡན་ལག་བདུན་ནི་བྱང་ཆུབ་ཀྱི ་ཡན་ལག་བདུན་གྱི་དཔེར་བསྟན་པ་བཞིན་ནོ་ཞེས་བཤད་དོ།། སྐྱོབ་དཔོན་ཡང་དགེ་བདེན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་གཟུགསུ་སྟོན་པ་ནི་དོན་རྣམ་པ་གསུམ་གྱིས་ཏེ། ལུས་ཆེ་བ་དང་། སོ་དྲུག ་དང་ལྡན་པ་དང་། རྐང་པ་བཞིའི་ནང་ནས་མཆོག་ཏུ་གྱུར་པས་སོ།། དེ་ལུས་ཆེ་བ་ཆེ་བཱ་ཡང་མིའི་ཡུལ་ན་ཡོད་པའི་གླང་པོ་ཆེ་ནི་ལུས་ཀྱི་ཚད་དཔག་ཆེད་གཅིག་གོ། ལྷའི་རིས་ན་ཡོད་པའི་གླང་པོ་ཆེའི་ལུས་ཀྱི་ཚད་དཔག་ཚད ་དགུ་ཡོད་དོ།། འདིར་ཆེ་བ་ཞེས་བྱ་བ་ནི་ལྷའི་རིས་ན་ཡོད་པའི་གླང་པོ་ཆེ་ལ་བྱ་སྟེ། འདིས་ནི་བྱང་ཆུབ་སེམས་དཔའ་བསོད་ནམས་ཆེ་བར་བསྟན་ཏོ།། དེ་ལ་རྐང་པ་བཞིས་ནི་སྤྱོད་པ་བཞི་པོ་ཡེ་ཤེས་དང་བདེན་པ་དང་འགོག་པ་དང ་རབ་ཏུ་བདེན་པར་བསྟན་ཏོ།། སོ་དྲུག་གིས་ནི་ཐ་ན་མེད་པ་དྲུག་པོ་རྙེད་པ་དང་། མཐོང་བ་དང་། ཐོས་པ་དང་། བསླབ་པ་དང་། རྦྷེ་སུ་དཱན་པ་དང་། རིམ་གྲོ་དག་བསྟན་པའོ།། སེང་གེ་ནི་རི་དགས་ཀྱི་རྒྱལ་པོ་ཡིན་ན། ཅིའི ་ཕྱིར་སེང་གེའི་གཟུགསུ་མི་སྟོན་ཅ་ན། སེང་གེ་ནི་གཅིག་ཏུ་གྲོགས་མེད་པས་འཁོར་རྗེསུ་འབྲང་བ་མེད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་གདོན་མི་ཟ་བར་འཁོར་བཞི་པོ་དག་རྗེ་སུ་འབྲང་བས་སོ་ཞེས་བཤད་དོ།། འཕགས་པ ་མྱ་ངན་ལས་འདས་པའི་མདོ་དང་འབྲས་བུ་སྟོན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནི་གླང་པོ་ཆེ་དཀར་པོ་ལ་བཅིབས་པ་ལྟ་བུར་དམིགས་ནས་ཡུམ་གྱི་ལྷུམསུ་འཇུག་གོ་ཞེས་བཤད་དོ།། དེ་ལ་ལྷུམ་སུ་གནས་པ་ཞེས ་བྱ་བ་ནི། འཕགས་པ་དཀོན་མཆོག་བརྩེགས་པའི་མདོའི་ནང་ནས་ལྷུམ་སུ་གནས་པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་ལྷུམསུ་ཟླ་བ་བཅུ་གནས་པའི་གཞལ་མེད་ཁང་དེ་ནི་ཚངས་པས་ཕུལ་བ། ཆུ་མཉམ་པར་དཔག་ཚད ་སུམ་བརྒྱ་ཡོད་པ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། འདོད་པའི་ཁྲིམས་ཀྱི་ལྷའི་རིས་དྲུག་ཡོད་པ་དག་གིས་མཐོང་བར་མྱི་ནུས་པའོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐད་ལྕུམ ་སུ་འཇུག་པ་ན་སྔར་ཡུམ་གྱི་ལྷུམས་ཀྱི་གཡས་ཕྱོགསུ་གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀོད་པ་དེ་ལྟ་བུ་ཡོད་པར་འགྱུར་ལ། དེའི་འོག་ཏུ་གདོད་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་གནས་ཀྱི་གཞལ་མེད ་ཁང་ནས་སྣུམ་སུ་ཞུགས་ནས་གཞལ་མེད་ཁང་དེར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞི་ཉི ་ཤུ་རྩ་བརྒྱད་འཁོར་དང་བཅས་པ་རྟག་ཏུ་ནང་པར་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་། ཆོས་ཡང་དག་པར་ཉན་པར་བྱེད་དོ།། བརྒྱ་བྱིན་ལྷའི་དབང་པོ་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་དག་དང་རྟག་པར་ཉི་མ་གུང་ལ་བྱུང ་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་། ཚངས་པ་ཆེན་པོ་ལྷའི་རྒྱལ་པོ་ལ་ཚངས་རིས་ཀྱི་ལྷ་རྣམས་དང་རྟག་པར་ཉི་མ་གུང་ལ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་། ཆོས་ཡང་དག་པར་ཉན་པར་བྱེད་དོ།། ཕྱོགས ་བཅུ་ཐམས་ཅད་ནས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཆོད་པ་བྱེད་ཅིང་ཆོས་མཉན་པའི་ཕྱིར་དེར་འོངས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེའི་ཁྱི་ཚད་མེད་པ་སྤྲུལ་ནས་བྱང་ཆུབ་སེམས་དཔའ་དེ་དག་སོ་སོ་ནུས ་དེའི་སྟེང་དུ་འདུག་སྨྲ། ཕན་ཚུན་དྲིས་ལནཱ་དག་གིས་ཐེག་པ་ཆེན་པོ་བྱེསྟན་ཅིང་དྲི་བར་བྱེད་ཀྱང་བཙུནྡ་མོ་སྒྱུ་མས་མཐོང་བར་མཽ་ནུས་སོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་ལྡུམ་སུ་གནས་པ་ན་ཡང་ལྷ་དང་མི་སྣ ་ཡ་སུམ་ཅུ་རྩ་དྲུག་ཐེག་པ་ཆེན་པོ་ལ་དགོད་པར་བྱེད་དོ་ཞེས་གསུངསོ།། དེ་ལ་བཙས་པོ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ལས། བལྟམ་པ་བསྟན་པའི་ལེའུ་ནས་དེའི་ཚེ་བཙུན་མོ་སྒྱུ་མ་བྱང་ཆུབ་སེམས་དཔའི ་མཐུས་བྱང་ཆུབ་སེམས་དཔའ་རིང་པོར་མི་ཐོགས་པར་བལྟམ་པར་རིག་ནས་ལུམ་བིའི་ཚལ་དུ་ཞུགས་ཏེ། ཤིང་རྣམས་ཀུན་ཏུ་བལྟས་ནས་རིན་པོ་ཆེའི་ཤིང་པླཀྐའི་དྲུང་དུ་ཕྱིན་པ་དང་། ཤིང་ལ་གྱེན་དུ ་བལྟས་ལག་པ་གཡས་ཤར་ཕྱོགས་ཀྱི་ཡལ་ག་ལ་འཇུས་ཏེ། ལུས་བརྩིགས་ནས་གླལ་བ་ཙམ་གྱི་སྐུ་དྲང་པོར་འགྲེང་བ་བཞིན་དུ་ཡུམ་གྱི་མཚན་ཁུང་གཡས་ཕྱོགས་ནས་བདེ་བར་བལྟམསོ།། དེའི་ཚེ་སུ་ལ་ཡང་མི་བརྟེན ་པར་ཤར་ཕྱོགསུ་གོམ་པ་བདུན་བོར་བ་ལས། གོམ་པ་བོར་བའི་རྗེས་རེ་རེ་ལ་པདྨ་རེ་རེ་སྐྱེས་ཏེ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགསུ་ཡང་གོམ་པ་བདུན་བདུན་བོར་བ་ལས་པདྨ་བདུན་བདུན་སྐྱེསོ།། འདི་སྐད་དུ་ང་ནི ་འཇིག་རྟེན་མཆོག་ཏུ་བཙུན་ཞིང་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བ་ཡིནོ་ཞེས་བསྒྲགས་པའི་ཚེ། སྒྲ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཛག་རྟེན་གྱི་ཁམས ་ཐམས་ཅད་དུ་གྲག་པར་གྱུར་ཏོ་ཞེས་གསུངསོ།། གཞན་ཡང་ཀུན་ཏུ་གསལ་བའི་མདྲོ་ལས་ནི་བརྒྱ་བྱིན་ལྷའི་དབང་པོ་དང་། ལྷའི་རྒྱལ་པོ་ཡང་དེ་མ་ཐག་ཏུ་འོངས་ནས་སྤྲོས་རྣམ་པ་སྣ་ཚོགས་ཀྱི་ཆུས་བྱང་ཆུབ་སེམས ་དཔའི་སྐུ་བསིལ་ཏོ།། ཀླུའི་རྒྱལ་པོ་དགུས་སྟེང་ནས་སྤོས་ཀྱི་ཆུ་ཕབ་ནས་འཕགས་པའི་སྐུ་བསིལ་ཏོ་ཞེས་གསུང་སོ།། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས་ནི། བསྣམས་མ་ཐག་ཏུ་ས་ལ་མ་རེག་པར་བརྒྱ ་བྱིན་ལྷའི་དབང་པོས་བླང་སོ།། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོས་ཆུའི་རྒྱུན་ཕབ་ནས་སྐུ་བསིལ་ཏོ།། ལྷའི་རྒྱལ་པོ་ནོར་བུ་བཟང་གིས་རིན་པོ་ཆེའི་གདུགས་ཐོགས་ནས་ཞམ་འབྲིང་བྱས་སོ།། སའི་ལྷ་དག་གིས་ནི་པདྨ་སྦྲུལ ་ནས་ཞབས་ནས་བཏེག་སྟེ། ཕྱོགས་བཞིར་གོམ་པ་བདུན་བདུན་གཤེགས་ཞེས་བཤད་དོ།། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གོམ་པ་བདུན་བདུན་བོར་ཞེ་ན། རིན་པོ་ཆེ་སྣ ་བདུན་རབ་ཏུ་བསྟན་པའི་ཕྱིར་གོམ་པ་བདུན་བོར་རོ།། སའི་ལྷ་དག་གི་ནི་བསམ་པ་ཡོངསུ་བཀང་བའི་ཕྱིར་གོམ་པ་བདུན་བོར་རོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མཚན་ཉིད་རབ་ཏུ་བསྟན་པའི་ཕྱིར་གོམ་པ་བདུན་པར་རོ་ཞེ ་བཤད་དོ།། དེ་ལ་ཆེར་སྐྱེས་པ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ནས་ཡི་གེ་བསྟན་པའི་ལེའུ་ལཱས། ཇི་སྐད་དུ། ལོ་བདུན་ལོན་ནས་ཡི་གེ་བསླབ་པའི་གན་དུ་ཕྱིན་པ་དང་། སློབ་དཔོན་གྱིས་བདག་ཉིད་བྱང ་ཆུབ་སེམས་དཔའི་སློབ་དཔོན་དུ་མི་ལྡོམ་པ་མཐོང་ངོ་།། དེ་ནས་རྒྱལ་བུ་ཡི་གེ་རྣམ་པ་དྲུག་ཅུ་རྩ་བཞི་ལས་ཡི་གེ་གང་ཞིག་བདག་ལ་སློབ་པར་བྱེད་ཅེས་སྨྲས་པ་དང་། དེའི་ཚེ་སྔོན་སློབ་དཔོན་མ་ཐོས་པ་ཐོས་པས་ངོ་མན ་ཆེར་སྐྱེས་ནས། རྒྱལ་བུ་ལ་བཤད་པར་གསོལ་བ་བཏབ་བོ་ཞེས་གསུངས་པ་དང་། གཞན་ཡང་ཞིང་ལས་བྱེད་པ་ལ་རྟོག་པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་རིམ་གྱིས་ཆེར་སྐྱེས་ནས་དུས་གཞན་ཞིག་ན་ཛམྦུའི་གླིང ་གྲི་ཤིང་དྲུང་ན་སྐྱིལ་མོ་ཀྲུང་བཅས་ཏེ། བསམ་གཏན་བཞི་ལྔ་སྙོམས་པར་ཞུགས་པ་ལས་ཤིང་གཞན་རྣམས་ཀྱི་གྲིབ་མཱ་ནི་ཉི་མའི་རྗེསུ་འཕོས་སོ།། བྱང་ཆུབ་སེམས་དཔའ་བཞུགས་པའི་ཤིང་གི་གྲིབ་མ་ནི་མི ་བསྐྱོད་པར་གནས་སོ་ཞེས་གསུངས་པ་དང་། གཞན་ཡང་རྩལ་བསྟན་པའི་ལེའུ་ལས། དེའི་ཚེ་རྒྱལ་བུ་ཤཱཀྱ་ལྔ་བརྒྱ་དང་། འཕོངས་དང་ཡི་གེ་དང་གྲངས་དང་། ཕན་ཚུན་བསྣུན་པ་ལ་སོགས་པ་རྩལ་རྣམ་པ་སྣ་ཚོགས་འགྲན་པ ་ལས། ཐམས་ཅད་རྒྱལ་བར་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་གསུངས་པ་བཞི་ནོ།། དེ་ལ་འདོད་པ་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ནས་རྩལ་བསྟན་པའི་ལེའུ་ལས ་སྐད་དུ། དེ་ནས་ཤཱཀྱ་རྣམས་ཀྱིས་རྒྱལ་པོ་ལ་རྒྱལ་བུ་ནི་རྒྱུརཱ་སྭཱ་ཏཱི་མཚན་མཁན་དག་གིས་གལ་ཏེ་རབ་ཏུ་འབྱུང་བར་འགྱུར་ན་ནི་གང་ན་མི་ཟ་བར་སངས་རྒྱས་སུ་འགྲུབ་པར་འགྱུརརོ།། གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས ་སྦྱར་བའི་རྒྱལ་པོར་འགྱུརརོ་ཞེས་ལུང་བསྟན་པས་བཙུན་མོ་བཙལ་ཏེ་མངོན་པར་ཞེན་པར་བགྱིས་ནས་རྒྱུ་དང་རྐྱེན་ངེས་རབ་ཏུ་འབྱུང་བར་མི་འགྱུ་རོ་ཞེས་གསོལ་ཏོ།། དེའི་ཚེ་གླིང་ཁྱེར་སེར་སྐྱ་ཉིད་ན་བློན་པོ་ལྷག་ན་དབྱིག་པ་ཐོགས་པ་ཞེས ་བྱི་བ་ཞིག་གནས་པ་དེ་ལ་བུ་མོ་གྲགས་འཛིན་མ་ཞེས་བྱ་བ་མཚན་གྱིས་བརྒྱན་པ་མཆོག་ཏུ་བྱད་བཞིན་བཟང་བ་ཞིག་ཡོད་དེ། དེ་ནས་རྒྱལ་བུའི་ཡབ་ཀྱིས་དེ་རྒྱལ་བུའི་བཙུན་མོར་བླངས་ཏེ་ཁབ་ཏུ་བཞེསོ།། དེའི་ཚེ་བྱང་ཆུབ་སེམས ་དཔའ་ཡང་འཇིག་རྟེན་པའི་ཆོས་དང་མཐུན་པར་བཙུན་མོ་བརྒྱད་ཁྱི་བཞི་སྟོང་གི་ནང་ན་བཞུགས་ཤིང་། འདོད་པ་ལ་ལོངས་སྤྱོད་པར་བསྟན་ཏེ། གྲགས་འཛིན་མ་ནི་མཆོག་ཏུ་གྱུར་ཏོ་ཞེས་བསྟན་པ་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས ་བསྟན་པ་བཞིན་ནོ།། འཕགས་པ་མྱ་དྲན་ལས་འདས་པ་ཆེན་པོ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་བཙུན་མོ་དྲུག་ཁྱི་དང་ལྷན་ཅིག་ཕོ་བྲང་ན་བཞུགས་ཏེ། འདོད་པའི་བླང་བ་ལ་ལོངས་སྤྱོད་པར་གྱུར་ཏོ་ཞེས་བཤད།། ་དེ་ལ་མངོན་པར་འབྱུང་བ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ལྔས་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བྱུང་སྟེ་གཤེགས་པ་ལས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོར་མི་རྒན་པོ་ཞིག་དང ་ཕྲད་པ་དང་། ལྷོ་ཕྱོགས་ཀྱི་སྒོར་ནད་པ་དང་ཕྲད་པ་དང་། ནུབ་ཕྱོགས་ཀྱི་སྒོར་ཤི་བ་དང་། བྱང་ཕྱོགས་ཀྱི་སྒོར་དགེ་སྦྱོང་རྫུ་འཕྲུལ་གྱིས་ན་མཁའ་ལ་འགྲོ་བ་དང་ཕྲད་ནས་རབ་ཏུ་བྱུང་བའི་ཕན་ཡོན་གྱི་ཡོན་ཏན་རྒྱ་ཆེར་བཤད་པ ་ཐོས་ནས། རབ་ཏུ་འབྱུང་བར་གསོལ་པ་ལས་རྒྱལ་པོ་ཡབ་ཀྱིས་མ་གནང་ངོ་ཞེས་གསུངས་པ་དང་། གཞན་ཡོད་རབ་ཏུ་བྱུང་བའི་ལེའུ་ལས། དེའི་བྱང་ཆུབ་སེམས་དཔའ་ལེ་ལྷ་རྣམས་ཀྱིས་ནམ་གྱི་གུང་ཐུན་ལས་མྱུར་དུ ་འབྱུང་བར་བསྐུལ་པས། མོས་པ་ཅན་ལ་ཆི་བས་སྒྲ་གཏོང་ཅིག་ཅེས་བསྒོ་བ་དང་། མོས་པ་ཅན་གྱིས་ཆེད་དུ་ཕོ་བྲང་གི་ནང་གི་མི་རྣམས་ཐོས་པར་བྱ་བའི་ཕྱིར་སྐད་ཆེར་ཕྱུང་བ་ལས་ན་མཁའི་ལྷ་རྣམས་ཀྱི་མཐུས་དེ་དག་ཟང ་གཉིད་ལོག་པར་གྱུར་ཏེ། གང་གི་ཀྱང་མ་ཚོར་རོ།། མོས་པ་ཅན་གྱིས་སྐུ་གཏད་ནས་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ།། དེར་རྟའི་རྒྱལ་པོ་ལས་བཅིབས་ནས་དྲང་པོར་འབྱུང་བའི་ཚེ་ཕྱོགས་བཅུ་རཱ་ས་ཆེན ་པོ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ།། ནམ་མཁའ་ལ་གཤེགས་པའི་ཚེ་རྒྱལ་པོ་ཆེན་པོ་བཞིས་ནི་རྟའི་རྐང་པ་ལ་བཏེགས་ཏེ་གཤེགས་སོ།། དེ་ནས་བྱང་ཆུབ་སེམས་དཔའི་ཡུལ་ནི་མི་ཤེས་བྱ་བ་ནས་སྔོན་གྱི་དྲང་སྲོང་རྙིང་པ ་རྣམས་དཀའ་ཐུབ་སྤྱད་པའི་ཚལ་ཡོད་པར་བྱོན་ནས་ཆིབས་པ་ལ་གཤེགས་ཏེ་མོས་པ་ཆེ་ལ་སྤྲོ་བཱ་བསྐྱེད་ནས། ཁྱོད་ཀན་ད་ཀ་ཁྲིད་ལ་སླར་སོང་ཞིག་ཅེས་བསྒོ་བ་དང་། དེ་ནས་མོས་པ་ཅན་སྐད་ཆེར་ཕྱུང་སྟེ་ངས་སོ།། ་ཀན་ད་ཀ་ཡང་མགོ་སློད་ལགས་པ་གཉིས་བཀུག་ནས་ས་ལ་བཙུགས་ཏེ་བྱང་ཆུབ་སེམས་དཔའི་ཞབས་ལ་ལྕེས་བལྐུགས་ནས་སྐད་ཕྱུང་ནས་དུས་སོ།། བྱང་ཆུབ་སེམས་དཔའ་གལ་ཏེ་སྒྲ་དང་ཁ་སྤུ་མ་བྲེགས་ན་ནི་རབ ་ཏུ་བྱུང་བའི་ཆོས་མ་ཡིན་ནོ་སྙམ་ནས། མོས་པ་ཅན་ལས་རལ་གྲི་རིན་པོ་ཆེ་རལ་གྲི་བཞེས་ཏེ། ཉིད་ཀྱི་དབུ་སྐྲ་བྲེག་སོ།། དེའི་ཚེ་གནས་གཙང་མོའི་ལྷ་ཞིག། རྣོན་པོ་གོས་ངུར་སྨྲིག་གྱོན་པ་ལྟ་བུར་སྤྲུལ་ནས་བྱང་ཆུབ་སེམས ་དཔའི་སྤྱན་སྔར་འགྲེང་བ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ན་བཟའ་མནབས་ནས་དེ་རྣམས་ཀྱིས་གོས་ངུར་སྨྲིག་དེ་བརྗེས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དབུ་སྐྲ་བྲེགས་ཆོས་གོས་ངུར་སྨྲིག་མནབས་ནས་འདི ་སྐད་དུ། བདག་དེང་གདོང་ཡང་དག་པའི་རབ་ཏུ་བྱུང་བར་གྱུར་ཏོ་ཞེས་བཀའ་སྩལ་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞི་ནོ།། དེ་ལ་དཀའ་བ་སྤྱད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ནི། འཕགས་པ་ཀུན་ཏུ ་གསལ་བའི་མདོའི་ནང་ནས་དཀའ་བ་སྤྱད་པའི་ལེའུ་ལས་ཇི་སྐད་དུ། ལོ་དྷྲྀག་གི་བར་དུ་དཀའི་ཐུབ་སྤྱད་པ་གང་ཡིན་པ་དེ་ནི་ལྷ་འམ་མི་གང་གིས་ཀྱང་སྤྱད་པར་མི་ནུས་། ཚེ་གཱ་ཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔྱ ་འབའ་ཞིག་གིས་སྤྱོད་པར་ནུས་སོ།། ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མུ་སྟེགས་ཅན་ལ་སོགས་པ་ནི་དཀའ་ཐུབ་ལ་མངོན་པར་ཡིད་ཆེས་ཤིང་མངོན ་པར་ཞེན་པས་ནྱ་གལ་ཏེ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་གི་བར་དུ་དཀའ་ཐུབ་རྣམས་སྤྱད་པར་མ་གྱུར་ན་གཞན་དག་མངོན་པར་ཡིད་ཆེས་པར་མི་འགྱུར་ཏེ། འདི་སྐད་དུ་རྒྱལ་བུ་བྱེདེ་བ་ལ་གོམས་པས་དཀའ་ཐུང་སྤྱོད ་པར་མི་ནུས་སོ་ཞེས་ཟེར་བ་དང་། གཞན་ཡང་མུ་སྟེགས་ཅན་དཀའ་ཐུབ་ལྔ་དགའ་བ་ཁོ་ཅིག་ཟླ་བ་གསུམ་དང་། ལོ་ཕྱེད་དང་། ལོ་གཅིག་གི་བར་དུ་སྦྲིད་པར་ཟད་ཀྱི། གང་ཟག་ལོ་དྲུག་གི་བར་དུ་ཉི་མ་གཅིག་ལ་ཏི ་འབྲུ་ཅིག་ཙམ་ཟ་ཞིང་དཀའ་ཐུབ་སྤྱོད་པ་བྱེད་པས་མུ་སྟེགས་ཅན་རྣམས་འདི་ནི་དཀའ་ཐུབ་སྤྱོད་པའི་མཆོག་ཡིན་ནོ་སྙམ་དུ་སེམས་པས། མངོན་པ་རོ་ཡིད་ཆེས་པར་གྱུར་ནས། ཡང་དག་པའི་ལམ་ལ་འཇུག་པར ་འགྱུར་བས་རྒྱུ་དང་རྐྱེན་དེས་ན་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་ཡིན་ཞེས་བཤད་པ་ལྟ་བུའོ།། དེ་ལ་དཀའ་བ་སྤྱད་པ་བཏང་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་འཕགས་པ་མྱ་ངན་ལས ་འདས་པ་ཆེན་པོའི་མདོ་ལས། ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ཀྱང་། དཀའ་བ་སྤྱད་པ་དེས་ལམ་རྟོག་པར་འགྱུར་བར་རིག་ནས་དེ་དག་སྤངས་ཏེ། ཆུ་བོ་ནཻ་རཉྫ་ནར་སྐུ་བསིལ་ནས་བ་ལང་རྫི་བུ་མོ་ལས་འོ་ཐུག་གསོལ་ཏེ། ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་བདུད་སྡིག་ཅན་བཏུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དང་། གཞན་ཡང་འཕགས་པ་ཀུན་ཏུ་བསིལ་བའི་མདོ་ལས། ་ཁྱིམ་བདག་གི་བུ་ཁྱེའུ་འདོད་པའི་ཕྱིར་འོ་ཐུག་གིས་རི་དང་ཤིང་གི་ལྷ་དག་ལ་མཆོད་པ་བྱས་པ་ལས་དེ་བཞིན་དུ་ཁྱེའུ་བཙས་པར་གྱུར་ནས་རབ་ཏུ་དགའ་བར་གྱུར་ནས་པ་སྟོང་བཞོས་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བླུད། ་དེ་ནས་ཐ་མའི་འོག་མ་བསྐ་བ་ལས་ཐུག་པ་བཙོས་པ་ལས་ཟངས་ཀྱི་ཁ་ནས་འདོམ་དོ་ལྷག་ཙམ་དུ་འཕགས་པ་དང་། བུ་མོ་དེ་ཡང་ཡ་མཚན་དུ་བཟུང་ངོ་།། བྲམ་ཟེ་ཞིག་དེར་འོངས་ནས་བུ་མོ་དེ་ལ་འོ་ཐུག་དེ་ནི་སོ་སོ་སྐྱེ་བོས་བཏུང ་བར་བྱ་བ་མ་ཡིན་གྱི། གང་དེ་ཉིད་དུ་མངོན་པར་འཚང་རྒྱ་བ་དེས་འོ་ཐུག་འདི་བཞུ་བར་ནུས་སོ་ཞེས་སྨྲས་སོ།། བུ་མོ་དེས་ཁྱེར་ནས་དྲང་སྲོང་བྱང་ཆུབ་སེམས་དཔའ་ལ་ཕུལ་བ་དང་། དེ་གསོལ་མ་ཐག་ཏུ་མངོན་པར་རྫོགས་པར ་སངས་རྒྱས་སོ་ཞེས་གསུངས་པ་ལྟ་བུའོ།། གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ངས་མུ་སྟེགས་ཅན་གྱི་དཀའ་བ་སྤྱོད་མ་ནུས་པའི་སྤངས་པ་མ་ཡིན་གྱི། དཀའ་བ་སྤྱོད་པ་དེ་དག་ལས་རྟགས་ན་མཐར་ཉོན ་རྨོངས་པ་རྣམས་སྤངས་ནས་ཡང་དག་པའི་ཕན་ཡོན་ཐོབ་པར་མི་ནུས་པའི་ཕྱིར་ངས་སྤངས་ནས་ཡང་དེ་ཁོ་ན་ཉིད་ཀྱི་དབུ་མའི་སྤྱོད་པ་གྱ་ནོམ་པ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སེ་ནི་འཁོར་བའི་སྡུག་བསྔལ་ཤིན་ཏུ ་མི་བཟད་པ་ལས་དྲངས་པ་ཡི་ནོ་ཞེས་བསྟན་པ་ལྟ་བུའོ།། དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་སྔར་གོང་དུ་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། ལ་ཡོངསུ་མྱ་ངན་ལས་འདས་པ་འི་བྱེ་བ་ནི་བསྟན་བཅོས་ཀྱི་བཅུ་བཤད་པ་ཆེན་ས་མདོ་ལྔ་ཛི་སྐ་དུ། ཅྡོཾས་གྲོང་ལྡེར ་\ུ0f7fད་ཀྱི་ཤིང་སྣས་ཅུ་གི་དྲུང་དུ་མྱ་ངན་ལས་འདས་སོ་ཞེས་གསུངསཱ་དེ་ལ། བཅོམ་ལྡན་འདས་ཅིའི་ཕྱིར་གྲོང་ཁྱེར་རྩཝ་ཅན་དུ་ཡོངསུ་མྱ་ངན་ལས་འདས་ཤེ་ན། སྨྲས་པ། གྲོང་ཁྱེར་རྩཝ་ཅན་ན་གནས་པའི་གྱད་རྣམས་གདུལ་བར་བཞེད ་པའི་ཕྱིར་དང་། གཞན་ཡང་མུ་སྟེགས་ཅན་སུ་བྷ་དྲ་བསྡུ་ཞིང་འདུལ་བར་བཞེད་པའི་ཕྱིརརོ།། ཁ་ཅིག་ན་རེ་གནས་དེར་བཅོམ་ལྡན་འདས་ཡང་ནས་ཡང་དུ་སྐུ་ལུས་བཏང་བའི་ཕྱིར་ཏེ། མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས ་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་གནས་འདིར་ལན་དྲུག་འཁོར་ལོ་སྒྱུར་བའི་ལུས་བཏང་ངོ་།། འདིར་བདུན་པ་ལ་ནི་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་སངས་རྒྱས་པའི་སྐུ་ཡོངསུ ་བཏང་བ་ཡིནོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། གཞན་ཡང་དེ་ལས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱེད་ཤིང་སྐ་ལ་ཟུད་ཅིག་གི་དྲུང་དུ་སོང་ལ་དེ་བཞིན་གཤེགས་པའི་ཕྱིར ་ཁྲི་གཤོམས་ལ་སྔས་བྱང་ཕྱོགསུ་སྟོན་ཅིག། དེ་བཞིན་གཤེགས་པ་ནི་དེང་གི་ནམ་གྱི་གུང་ཐུན་ལ་ལྷག་མ་མེད་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདའོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། བཅོམ་ལྡན་འདས ་ཅིའི་ཕྱིར་སྟན་བཏིང་ལ་སྡེས་བྱང་ཕྱོགསུ་སྟོན་ཅིག་ཅེས་བཀའ་སྩལ་ཅེ་ན། ཡུལ་དེའི་སྨྲ་བའི་སློབ་དཔོན་རྣམས་ཆོས་དེ་ཡིན་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་ཡུལ་དེ་སྨྲ་བའི་སློབ་དཔོན་སྔས་བྱང་ཕྱོགས་བསྟན་པའི་ཁྲི ་སྟན་བཤམས་ནས་ཉལ་བར་བྱེད་པས་བཅོམ་ལྡན་འདས་ཀྱང་དེ་བཞིན་ཏེ། འདི་ལྷུར་བཅོམ་ལྡན་འདས་ནི་སྟོན་པ་རྣམས་གདུལ་བར་སྤྱོད་པའི་ཕྱིར་དང་། བླ་ན་མེད་པའི་སྟོན་པ་མཆོག་ཡིན་པའི་ཕྱིར་འདིར་བདག་གིས ་རྗེསུ་གདན་ཤོམས་ཤིག་ཅེས་གསུངས་པ་ཡིནོ་ཞེའོ།། ཁ་ཅིག་ན་རེ་འཇིག་རྟེན་པའི་ཡང་དག་པ་མ་ཡིན་པ་ལ་བཀྲིས་ཀྱི་དངོས་པོ་འཛིན་པ་དང་བྲལ་བ་ཡིན་པར་རབ་ཏུ་བསྟན་པར་བཞེད་པའི་ཕྱིར་ཏེ། འདི་ལྟར་ཡུལ་དེ་ན ་གང་ཤི་བ་དེ་དག་ཁྲིའི་སྟེང་དུ་བཞག་ནས་མགོ་བྱང་དུ་བསྟན་ནས་ཉལ་བར་བྱེད་པས་བཅོམ་ལྡན་འདས་ནི་ཡང་དག་པ་མ་ཡིན་པ་ལ་བཀྲིས་ཀྱི་དངོས་པོར་འཛིན་པ་ཞིག་པར་མཛད་པས། དེའི་ཕྱིར་མྱ་ངན་ལས་འདས་པར ་སྔས་བྱུང་དུ་ཤོམས་ཤིག་ཅེས་གསུངས་པ་ཡིནོ་ཞེས་ཟེརོ།། ཁ་ཅིག་ན་རེ་བཅོམ་ལྡན་འདས་ཆོས་ཡང་དག་པ་ལ་ཤིན་ཏུ་བཀུར་བར་ཡང་དག་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔ་ནས་མྱ་ངན་ལས་འདས ་བའི་འོག་ཏུ་བླ་ན་མེད་པའི་ཆོས་ཀྱི་སྒྲོན་མ་བྱང་ཕྱོགསུ་རབ་ཏུ་དར་ཞིང་ཡུན་རིང་དུ་གནས་པར་ཐུགསུ་ཆུང་བའི་ཕྱིར་དབུ་བྱང་དུ་བསྟན་ནས་གཟིམས་པ་ཡི་ནོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། གཞན་ཡང་དེ་ཉིད་ལས་འདི ་སྐད་དུ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལོགས་གཤེགས་ཏེ། རྩིབས་ལོགས་གཡས་པ་ས་ལ་ཕབ་ནས་ཞབས་གཞིབས་ཏེ། དབུ་བྱང་དུ་བསྟན་ནས་སྣང་བའི་འདུ་ཤེས་དྲན་པ་དང་ཡང་དག་པའི་མཁྱེན་པ་དང་ལྡན ་པར་གཟིགསོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། ཅིའི་ཕྱིར་བཅོམ་ལྡན་འདས་གློ་གཡས་པ་ཕབས་ཏེ་གཟིམས་ཤེ་ན། སྨྲས་པ། སངས་རྒྱས་རྣམས་རི་དགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བར་གཟིམས་པར་རབ་ཏུ་བསྟན ་པའི་ཕྱིར་ཏེ། མདོ་ལས་ཇི་སྐད་དུ། ཉལ་བ་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ། རི་དགས་ཀྱི་རྒྱལ་པོ་སེང་གེ་ཉལ་བ་དང་། ལྷའི་ཉལུ་བྱ་དང་། ཡི་དགས་ཀྱི་ཉལ་བ་དང་། འདོད་པ་ལ་ཞེན་པའི་ཉལ་བའོ།། དེ་ལ་སེ་གེའི་ཉལ་བ་ནི་གློ ་གཡས་པར་ཉལ་བར་བྱེད།། ལྷ་ནི་གན་རྒྱལ་དུ་ཉལ་བར་བྱེད་དོ།། ཡི་དགས་ནི་ཁ་སྦུབ་ཏུ་ཉལ་བར་བྱེད།། འདོད་པ་ལ་ཞེན་པ་ནི་གློ་གཡོན་པ་ས་ལ་ཕབ་ནས་ཉལ་བར་བྱེདདོ།། བཅྡོཾས་ནི་བླ་ན་མེད་པའི་སེང་གེ་ཡིན་པའི་ཕྱིར་གློ་གཡས ་པས་གཟིམས།། བཅོམ་ལྡན་འདས་ཅིའི་ཕྱིར་གཟིམས་ནས་ཡོངསུ་མྱ་ངན་ལས་འདས་པར་མཛད་ཀྱི་བཞུགས་ནས་ནི་མ་ཡིན་ཞེ་ན། སྨྲས་པ། བཅོམ་ལྡན་འདས་རྒྱུ་སྤངས་པ་ཡིན་པར་རབ་ཏུ་སྤངས་པར ་བཞེད་པའི་ཕྱིར་ཏེ། གལ་ཏེ་བཅོམ་ལྡན་འདས་བཞུགས་ནས་ཡོངསུ་མྱ་ངན་ལས་འདས་པར་གྱུར་ན། མུ་དད་པ་དག་འདི་སྐད་དུ་འདི་རྒྱུ་བྱེད་པ་ཡིན་ཏེ། ཤྲཱི་བའི་རོ་ལ་རྩོག་བུར་འདུག་པ་གཽ་ལ་ཡོད་ཅེས་ཟེར་བས་སོ།། ཁ་ཅིག་ན ་རེ་མ་འོངས་པ་ན་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དགག་པའི་ཕྱིར་ཏེ། གལ་ཏེ་ཞུགས་ནས་ཡོངསུ་མྱ་ངན་ལས་འདས་པར་གྱུར་ན། ད་ལྟར་གྱི་སྒྲ་བཅོམ་པ་ལུས་ཀྱི་ཉམས་སྟོབས་ཆུང་བ་ཉལ་ནས་ཡོངསུ་མྱ ་ངན་ལས་འདས་པ་དག་ལྷ་འཇིག་རྟེན་པ་དག་དགྲ་བཅོམ་པ་མ་ཡིན་ནོ་ཞེས་སྐུར་བར་འགྱུར་ཏེ། གལ་ཏེ་དགྲ་བཅོམ་པ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་དང་འདྲ་བར་ཅིའི་ཕྱིར་འདུག་བཞིན་དུ་ཡོངསུ་མྱ་ངན་ལས་མ ་འདསྭཱ་ཞེས་ཟེར་བས་སོ།། བཅོམ་ལྡན་འདས་ཅིའི་ཕྱིར་ནམ་གྱི་གུང་ཐུན་ཆ་ལས་ཡོངསུ་མྱ་ངན་ལས་འདས་ཤེ་ན། སྨྲས་པ། དུས་དེའི་ཚེ་མཆོག་ཏུ་དབེན་པར་གྱུར་པའི་ཕྱིར་ཏེ། འདི་ལྟར་ཡུལ་དེ་ནཱ་ཚ་བའི་དུས་སུ་ལས ་བྱེད་མི་ནུས་པས་ཕལ་ཆེར་ནམ་གྱི་ཆེ་སྟོང་ལ་ལས་རྣམས་བྱེད་དེ། ནམ་གྱི་གུང་ཐུན་ཁོ་ན་ལ་ཐམས་ཅད་དབེན་པ་དང་། དེ་བཞིན་གཤེགས་པ་ཡང་རྟག་པར་དབེན་པ་ལ་དགྱེས་ཤིང་། དབེན་པའི་བསྔགས་པ་བརྗོད ་པའི་ཕྱིར་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདས་སོ་ཞེས་ཟེར་རོ།། ཁ་ཅིག་ན་རེ་བཅོམ་ལྡན་འདས་དུས་གཅིག་ན་དབུ་མའི་སྤྱོད་པ་ལ་དགྱེས་པའི་བཱིར་ཏེ། འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའ་མཛད་པ་ན་ལྷུར ་སྐྱེ་བའི་ནང་ནཱ་ཐ་མ་ཁོ་ནར་དགའ་ལྡན་གྱི་ལྷའི་གནས་པ་བར་མར་སྐྱེས་པ་དང་། མིར་སྐྱེ་བའི་ནང་ན་ཐ་མ་ཡུལ་གྱི་དབུས་གྲོང་ཁྱེར་སེར་སྦྱར་སྐྱེས་ཏེ། ནམ་གྱི་གུང་ཐུན་ལ་མངོན་པར་བྱུང་ནས་དབུ་མའི་སྤྱོད་པ་བསྒོམས་པས ་བློ་ན་མེད་པའི་བྱང་ཆུབ་བརྙས་ནས་སེམས་ཅན་ལ་ཕན་གདགས་པའི་ཆེད་དུ་ཡོད་པ་དང་། མེད་པ་དང་བྲལ་བ་ཉིད་དུ་གསུངས་ཤིང་། དབུ་མོའི་ཆོས་དམ་པ་གནས་པས་ན། ནམ་གྱི་གུང་ཐུན་ལ་ཡོངསུ་མྱ་ངན་ལས་འདས ་པཱ་ཡིནོ་ཞེས་བྱ་བ་ནས་རྒྱུ་ཆེར་བཤད་པའི་བར་དུའོ་ཞེས་ཟེར་ཏེ་ཞེས་འབྱུང་བ་ལྟ་བུ་ཡི་ནོ།། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ནི། དོན་རྣམ་པ་བཅུའི་ཕྱིར། ཡོངསུ་མྱ་ངན་ལས་འདས་པ་བསྟན་པ་ཡིན ་ཞེས་བཤད་དེ། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དུ་བསྟན་པའི་ཕྱིར་དང་། འདུས་བྱས་ཐམས་ཅད་བདེ་བ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་དང་། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་ཉིད་དུ་བསྟན་པའི་ཕྱིར ་དང་། འཇིག་རྟེན་པ་ཐམས་ཅད་ཡོང་སུ་སྤངས་པའི་ཕྱིར་དང་། ལྷ་དང་མི་རྣམས་ནི་གཟུགས་ཀྱི་ལུས་ལ་མངོན་པར་ཞེན་པས་ན་གཟུགས་ལུས་མི་རྟག་ཅིང་འཇིག་པའི་ཆོས་ཅན་ཉིད་དུ་བསྟན་ཅིང་རྟག་པར་གནས་པའི་རྣམ་པ ་དག་པའི་ཆོས་ཀྱི་སྐུ་གཉེར་དུ་བཞུགས་པའི་ཕྱིར་དང་། མི་རྟག་པའི་མཐུ་སྟོབས་ཆེ་ཞིང་བསྒྱུར་དུ་མི་རུང་བ་ཉིད་དུ་བསྟན་པའི་ཕྱིར་དང་། འདུས་བྱས་ཀྱི་ཆོས་ཇི་ལྟར་འདོད་པ་བཞིན་དུ་མི་འགྱུར་ཞིང་རང་དབང ་མེད་པ་ཉིད་དུ་བསྟན་པའི་ཕྱིར་དང་། ཁམས་གསུམ་གྱི་ཆོས་རྣམས་ནི་སོ་མ་བཏང་བའི་སྣོད་ཉིད་དུ་བསྟན་པའི་ཕྱིར་དང་། ཡོངསུ་མྱ་ངན་ལས་འདས་པ་ནི་དེ་ཁོ་ན་ཉིད་མཆོག་ཡིན་ཏེ། འཇིག་པ་མེད་པ་ཉིད་དུ་བསྟན་པའི ་ཕྱིར་དང་། སྐྱེ་ཤི་ཡོངསུ་སྤོངས་པས་བྱུང་ནས་ཞིག་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། དངོས་པོ་རྣམས་འདི་བཅུས་ཡོངསུ་མྱ་ངན་ལུས་འདས་པ་བསྟན་པ་ཡི་ནོ་ཞེས་གསུང་སོ།། འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི།། ་ཅིའི་ཕྱིར་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་མཛོད་ཅེ་ན། སེམས་ཅན་ལེ་ལོ་ཅན་བརྩོན་པའི་སེམས་ཀྱིས་ལམ་བསྒོམ་དུ་གཞུག་པའི་ཕྱི་རོ་ཞེས་བཤད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ ་ལསྣ་ནི། གཞན་ཡང་ལྷ་དང་མི་ཁ་ཅིག་ཡོངསུ་རྫོགས་པའི་རབ་ཏུ་དབེན་པ་ཐོས་པར་མོས་པས་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ཆེད་དུ་ཡོངསུ་མྱ་ངན་ལས་འདས་པ་བསྟན་ཏོ་ཞེས་གསུང་སོ།། དེ་ཡོན་ཆད་དུ ་བཞིན་གཤེགས་པས་སྤྲུལ་པ་སྟོན་པའི་མཚན་ཉིད་མདོ་ཙམ་དུ་བསྟན་ཏེ། རྒྱ་ཆེར་དེ་རྣམ་པར་དབྱེ་བ་ནི་འཕགས་པ་རྒྱ་ཆེར་རྣམ་པར་རོལ་པའི་མདོ་དང་། ཀུན་ཏུ་གསལ་བའི་མདོ་དང་། རྒྱུ་དང་འབྲས་བུ་བསྟན་པའི ་མདོ་དང་། སངས་རྒྱས་ཕུལ་པོ་ཆེའི་མདོ་དང་། བཀོད་པ་ཆེན་པོའི་མཛལ་སོགས་པ་ལས་བསྟན་པ་བཞིན་རྙོག་པར་བྱའོ།། ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་སྤྲུལ་པའི་སྒྲ་སྟོན་པའི་ཐབས་ལ་མཁས་པ་བཤད ་པ་འམ་མཇུག་བསྡུ་བའི་ཕྱིར་གསུངས་པའོ།། །། བམ་པོ་དྲུག་ཅུ་བརྒྱད་པ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན ་གཤེགས་པའི་ཐམས་ཅད་སྐུ་བྱིན་གྱིས་བརླབ་པའི་གསུང་ཁྱད་པར་དུ་ཞིག་མཆིས་ན། གསུང་དེས་འདུལ་བའི་སེམས་ཅན་ཡོངསུ་མ་སྨིན་པ་ནི་ཡོངསུ་སྨིན་པར་མཇེད་ལ། ཡོངསུ་སྨིན་པ་ནི་དེ་དམིགས་པ་དེ་ཉིད་ཀྱིས ་མྱུར་དུ་རྣམ་པར་གྲོལ་བར་ཐོབ་པར་བགྱིད་པ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གསུང་གི་བྱེ་བྲག་གི་མཆིན་ཉིད་བསྟན་པཱ་ཞེས་སྟོན་ཏོ།། འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུ་བ་མདོར་གསོལ་བ་དང་། ལན ་མདོར་གསུངས་པ་དང་། བརྟག་པ་དང་། རྒྱ་ཆེར་རྣམ་པར་བཤད་པའོ།། འདི་ནི་དང་པོ་ཞུ་བ་མ་དོར་གསོལ་བ་སྟེ། གསུང་གི་བྱེ་བྲག་གི་མཚན་ཉིད་བསྟན་པའི་མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེའོ།། དེ་ཡང ་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་ནི་ཞུ་བ་གསོལ་བའི་གླེང་བསླང་བའོ།། རྣམ་པ་དུ་ཞིག་མཆིས་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པའི་གྲངས་མང་ཉུང་ཞུས་པའོ།། གསུང་དེས་ཞེས་བྱ་བ་ལ་སོགས་པས་ནི ་གསུང་གི་ནུས་པའི་ཕྲན་ཡོན་བསྟན་པའོ།། ཞུ་བ་གསོལ་བའི་དགོངས་པ་ནི་འདི་སྐད་དུ་དེ་བཞིན་གཤེགས་པ་ཐཾད་ལ་སྐུ་ལ་བརྟེན་ནས་བསྐྱེད་པ་བྱིན་གྱིས་བརླབས་པའི་འཕགས་པའི་བསྟན ་པ་རྣམས་དུ་ཞིག་མཆིས་ན་གསུང་དེས་ཡོངསུ་སྨིན་པ་ནི་ཡོངསུ་སྨིན་པར་མཛད་ལ། གང་ཡོངསུ་མ་སྨིན་པ་ནི་རྣམ་པར་གྲོལ་བར་མཛད་ཅེས་བསྟན་པར་འགྱུརརོ།། བསྟན་བཅོས་ཆོས་མངོན་པ་ཀུནུ་ལས་བཏུས་པ ་ལས་ཀྱང་། དོན་གྱི་མདོ་འདི་ལས་གསུངས་པ་དང་མཐུན་པར་སྟོན་ཏོ།། བསྟན་བཅོས་ཡང་དག་པའི་རིག་པ་དང་རྗེ་སུ་མཐུན་པ་ལས་ནི། ཚིག་ཡོངསུ་རྫོགས་པས་གསུང་གི་བྱེ་བྲག་རྣམ་པ་གསུམ་སྟོན་ཏེ། དེའི་ཕྱིར་བསྟན། ་བཅོས་དེ་ཉིད་ལས་སྡེ་སྣོད་གསུམ་པོ་དེ་དག་གིས་བྱེ་བྲག་གང་ཞེ་ན། དགེ་བའི་རྩ་བ་མ་བསྐྱེད་པ་དང་། དྲོན་དམ་པ་ལ་སྤྲོ་བ་མེད་པ་རྣམས་སྤྲོ་བུར་བྱ་བའི་ཕྱིར་ནི་མདོ་སྡེ་གསུངས་པ་ཡིནོ།། གང་སྤྲོ་བ་སྐྱེད་པ་དང་སྤྲོ་བར ་འགྱུར་བ་དག་ཡོངསུ་སྨིན་ཅིང་རྒྱུན་ཆད་པ་མེད་པར་བྱ་བ་རྣམས་མེད་པར་བྱ་བའི་ཕྱིར་ནི་འདུལ་བའི་གསུངས་པ་ཡིན་ནོ།། ཡོངས་སུ་སྨིན་ཅིང་བྱ་བ་བྱས་པའི་རྣམས་རྣམ་པར་གྲོལ་བའི་ཡང་དག་པའི་སྦྱོར་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར ་ནི་ཆོས་མངོན་པ་གསུངས་པ་ཡི་ནོ་ཞེས་འབྱུང་ངོ་།། འཕགས་པ་སངས་རྒྱས་པའི་མདོ་ལས་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་ཚོགས་གསུམ་ཡོད་པར་སྟོན་ཏེ། འཕགས་པའི་བསྟན་པ་ལ་གཟུང་པ་དང་། ཡོངསུ་སྨིན་པ་དང་།། ་རྣམ་པར་དགྲོལ་བར་མཛད་པ་སྟེ། དེའི་བྷཻར་མང་དེ་ཉྀད་ལས། བྱ་བ་སྒྲུབ་པའི་ཡེ་ཤེས་ཐབས་ལ་མཁས་པ་དེས་ཀྱང་འཕགས་པའི་བསྟན་པ་ལྔ་གཟུད་པར་མཛད། ཡོངསུ་སྨིན་པར་མཛད་དོ་ཞེས་གསུངས་པ་ཡིན།། སློབ་དཔོན་ཏེཥྚའི། ་འོད་ཀྱི་འགྲེལ་པ་ལས་ནི། རྣམ་གྲངས་འདིས་མདོའི་ཚིགས་གསུམ་བཤད་དེ། དེ་ལྟ་དང་པོ་ནི་ཐོག་མ་ཁོ་ནར་ཡིད་ཆེས་པ་སྐྱེད་པར་བྱེད་པའི་ཕྱིར་སེཾན་རྣམས་འཕགས་པའི་བསྟན་པ་ལ་འཇུག་པར་མཛད་པ་ཞེས་བྱ་སྟེ། ཇི ་ལྟར་རྫུ་འཕྲུལ་མངོན་པར་བསྟན་ནས་འོད་སྲུངས་ལ་སོགས་པས་བཏུལ་བ་ལྟ་བུ་སྟེ། འཕགས་པ་སངས་རྒྱས་ཀྱི་སྔོན་གྱི་སྤྱོད་པ་བསྟན་པའི་མདོ་ལས་ཇི་སྐད་དུ་བསྟན་པ་བཞི་ནོ།། དེའི་འོག་ཏུ་དུལ་ཞིང་ལས་སུ་རུང་བའི་ཕྱིར ་ཡོངསུ་སྨིན་པ་ཞེས་བྱའོ།། དགེ་བའི་རྩ་བ་རྣམས་འཕེལ་ཞིང་རྣམ་པར་བྱ་བའི་ཕྱིར་རྣམ་པར་གྲོལ་བ་དང་ཆ་མཐུན་པའི་དགེ་བོའི་རྩ་བ་དང་། ངེས་པར་འབྱང་བ་དང་ཚེ་མཐུན་པའི་དགེ་བའི་རྩ་བ་དང་། ཁམས་གསུམ་པ་དང་། ་ངན་འགྲོ་ལས་རིགས་དང་ལྡན་པ་དང་། རིགས་མེད་པ་དག་གོ་རིམ་བཞིན་དུ་རྣམ་པར་གྲོལ་བར་མཛད་པའི་ཕྱིར་རྣམ་པར་གྲོལ་བ་མཛད་པ་ཞེས་བྱའོ།། འདི་ལྟར་བསྟན་པས་བཏུལ་བའི་སྟོབས་ཀྱི་རིགས་དང་ལྡན་པ་གང་ཡིན་པ་དེ ་དག་ནི་འཕགས་པའི་ས་ལ་མེ་སྐྱེས་པར་ཁམས་གསུམ་པ་ལས་རྣམ་པར་གྲོལ་བར་མཛད་ལ། རིགས་མེད་པ་གང་ཡིན་བདག་ནི་འཇིག་རྟེན་པའི་དགེ་བ་སྒྲིབ་ཏུ་བཅུག་པས་རྟག་པར་བདེ་འགྲོར་སྐྱེ་བར་མཇེད་དེ། དགེ་བའི་རྩ་བ ་ངག་གི་ཕྱིར་ཆོས་ཡང་དག་པར་བསྟན་པས་ནི་ཁམས་གསུམ་ལས་རྣམ་པར་གྲོལ་བར་མཛད་དོ།། འོད་ཟེར་བཀྱེ་ནས་སྡུག་བསྔལ་ཉེ་བར་ཞི་བར་མཛད་པས་ནི་བདེ་འགྲོ་ལ་འཇོག་པར་མཛད་དོ།། གཞན ་ཡང་དེ་དག་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་སྐྱེད་པར་མཛད་པས་གོ་རིམ་བཞིན་དུ་ཚིག་གསུམ་གསུངསོ།། གཞན་ཡང་རྣམ་པར་གྲོལ་བ་དང་ཆ་མཐུན་པ་དང་ངེས་པར་འབྱེད་པ་དང་། ཆ་མཐུན་པ་དང་། འཕགས ་པའི་ལམ་སྐྱེ་བར་མཛད་པས་གོ་རིམ་བཞིན་དུ་ཚིག་གསུམ་གསུངསོ།། གཞན་ཡང་དེ་དག་མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་ལ་གཟུད་པའི་ཕྱིར་གོ་རིམ་བཞིན་དུ་ཚིག་གསུམ་གསུངསོ་ཞེས ་འབྱུང་ངོ་།། བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་དང་། རྣམ་པར་བཤད་པ་དང་། མདོ་སྡེའི་རྒྱུན་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པ་སྣ་ཚོགས ་བཤད་པ་འབྱུང་བ་ནི་མངས་ཀྱི་དོགས་ནས་འདིར་མ་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལཱི་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་གསུང་ནི་མདོར་བསྡུས་ན་རྣམ་པ་གསུཾ ་ཡོད་དེ། མདོ་སྡེ་དང་། འདུལ་བ་དང་། མ་མོའོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པས་ལན་འདོར་གསུངས་པ་སྟོན་ཏོ།། མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་གྲངས ་སྨོས་པའོ།། མདོ་སྡེ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་སྨོས་པ་བཞིན་དུ་མིང་སྨོས་པའོ།། དེ་ལ་མདོ་སྡེ་ཞེས་བྱ་བ་ནི་འདི་ལྟར་རིག་པ་དང་མཐུན་ཞིང་སེན་གྱི་དབང་པོ་དང་འཚམ་པར་འགྱུར་བའི་ཕྱིར་མདོ་སྡེ་ཞེས་བྱའོ།། མདོ ་ཞེས་བྱ་བའི་དོན་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་མི་མཐུན་པས་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། དོན་རྣམ་པ་གཉིས་ཀྱིས་མདོ་སྡེ་ཞེས་བཤད་དེ། དེའི་ཕྱིར་མདོ་དེ་ཉིད་ལས་བརྒྱུས་པ་སྡུད་པར་བྱེད ་པཔའི་ཕྱིར་མདོ་ཞེས་བྱ་སྟེ། འདི་ལྟར་འཕགས་པའི་གསུང་རབ་ཀྱིས་བཤད་པར་བྱ་བའི་དོན་དང་། གདུལ་བར་བྱ་བའི་ས་ནཾ་བརྒྱུས་ཤིང་སྡུད་པར་བྱེད་པའི་ཕྱི་རོ་ཞེས་འབྱུང་སྟེ། འདུལ་བ་དུམ་བུ་བཞི་པ་ལས་ཀྱང་། འཕགས་པ ་སངས་རྒྱས་སའི་འགྲེལ་པ་ལས་བསྟན་པ་དང་མཐུན་པར་བཤད་དོ།། བསྟན་བཅོས་སེམས་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་དོན་རྣམ་པ་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་མདོ་སྡེ་ཞེས་བྱ་བ་ནི་དོན་རྣམ་པ་ལྔ ་དང་ལྡན་ཏཱཾ། དང་པོ་ནི་འབྱུང་གནས་ཏེ་དོན་རྣམས་འབྱུང་བར་བྱེད་པའི་ཕྱིར།། གཉིས་པ་ནི་མུ་མིག་ལྟ་བུ་སྟེ་དོན་གྱི་རོ་ལ་ཟུད་པ་མེད་པའི་ཕྱིརརོ།། གསུམ་པ་ནཱི་རབ་ཏུ་བསྟན་པ་སྟེ་དོན་རབ་ཏུ་སྟོན་པའི་ཕྱིར།། བཞི་པ་ནི་ཐིག ་སྟེ་བུ་སྟེ་ལོག་པར་ཡང་དག་པར་རབ་ཏུ་འབྱེད་པའི་ཕྱིར།། ལྔ་པ་ནི་ཕྲེང་བ་རྒྱས་པ་ལྟ་བུ་སྟེ་ཆོས་རྣམས་རབ་ཏུ་བརྒྱུས་པའི་ཕྱིརོ།། དོན་རྣམ་པ་ལྔ་པོ་འདི་དག་ནི་མདོའི་དོན་ཅེས་བྱའོ་ཞེས་འབྱུང་།། བསྟན་བཅོས་ལེགས་པ ་མཐོང་བ་ལས་ནི། དོན་རྣམ་པ་བདུན་གྱིས་སྟོན་ཏེ། རྒྱཆེ་རང་ཉིད་ལས་བསྟན་པ་བཞིན་ནོ།། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། ལྕང་གི་ཚེ་བསྒྱུར་བ་ལས་སྡེ་སྣོད ་གསུམ་པོ་དག་རེ་རེ་ལ་ཡང་བཤད་པ་མང་པོ་འབྱུང་བ་ནི་འདིར་མངས་ཀྱི་དོགས་ནས་མ་བཤ་དོ།། དེ་ལ་འདུལ་བ་ཞེས་བྱ་བ་ནི་འདི་ལྟར་རྣམ་པར་དག་པའི་སྡོམ་པ་དག་གིས་ཉེས་པ་རྣམ་པ་བདུན་འདུ་ལ་བར་བྱེད་པའིམ ་དབང་པོ་དྲུག་འདུལ་བར་བྱེད་པའི་ཕྱིར་འདུལ་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལགས་པར་མཐོང་བ་ལས། ལུས་དང་ངག་གི་ལས་འདུལ་བར་བྱེད་པ་གང་ཡིན་པ་དེ་ནི་འདུལ་བའི་དོན་དུ་ཞེས་བསྟན་པ་དང་། གཞན ་ཡང་མཛོད་ཀྱི་བསྟན་བཅོས་ལས། དེ་ལ་འདུལ་བ་ཞེས་བྱ་བ་ནི་དོན་གྱི་འདུལ་བ་བསྟན་པ་ཡིན་ཏེ། འདིའི་དབང་གིས་དབང་པོ་རྣམས་ཤིན་ཏུ་འདུལ་བར་འགྱུར་བའི་ཕྱིར་ཞེས་བསྟན་པ་ཡིནོ་བསྟན་བཅོས་གཞུང་རབ་ཏུ ་བསྟན་པ་དང་། ཨང་དག་པའི་རིག་པ་དང་རྗེསུ་མཐུན་པ་ལས་ཀྱང་ཕལ་ཆེར་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་བཤད་དོ།། འདུལ་བ་ནི་འདི་ལའང་མིང་གི་དོན་མང་པོ་ཡོད་པས་སོ།། དེའི་ཕྱིར་བསྟན ་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། མདོ་ལས་ཚུལ་ཁྲིམས་ལ་ཤཱི་ལ། སྤྱོད་པ་དང་། རྐང་པ་དང་། གཟེབ་ཅེས་དང་། བྱ་ཞེས་གང་གསུངས་པ་དེ་ལ། ཤཱི་ལ་ཞེས་བྱ་བ་ནི་བསིལ་བར་བྱེད་པའི་དོན་ཡིན་ཏེ། འདི་ལྟར ་ཉེས་པ་དག་གིས་ལུས་དྲང་སེམས་ཀུན་ཏུ་གདུང་བར་བྱེད་པ་ཡིན་ལ། ཚུལ་ཁྲིམས་ཀྱིས་ནི་བདེ་ཞིང་ཞི་བར་བྱེད་པའི་ཕྱིར་བསོལ་བྱེད་ཅེས་བྱའོ།། གཞན་ཡང་ཉེས་པ་དག་གིས་ངན་འགྲོའི་ཤིན་ཏུ་གདུངས་པ་འདྲེན་པར་བྱེད་པ་ཡིན་ལ། ་ཚུལ་ཁྲིམས་ཀྱི་ས་ནི་བདེ་འགྲོ་འདྲེན་པའི་ཕྱིར་བསིལ་བར་བྱེད་ཅེས་བྱའོ།། དེ་ལ་ཚུལ་ཁྲིམས་ལ་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་ཚུལ་ཁྲིམས་སྤྱོད་པ་ཞེས་བརྗོད་པས་ན་དེའི་ཕྱིར་ཚུལ་ཁྲིམས་དང་ལྗོན་པ་མཐོང་ན། ་འདི་ནི་སྤྱོད་པ་དང་ལྡན་པའོ་ཞེས་ཟེར་ལ། ཚུལ་ཁྲིམས་ཞིག་པ་དག་མཐོང་ན་འདི་ནི་སྤྱོད་པ་མེད་པས་སོ་ཞེས་ཟེར་བས་སོ།། གཞན་ཡང་ཚུལ་ཁྲིམས་ཡོང་སུ་དག་པ་དང་ལྡན་པ་གང་ཡིན་པ་དེ་ནི་སྤྱོད་པ་མེད་པོའི་གཞི ་ཡིན་པས་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་སྤྱོད་པ་ཞེས་བྱའོ།། དེ་ལ་ཚུལ་ཁྲིམས་ལ་རྐང་པ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་ཞིང་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་ཇི་ལྟར་རྐང་པ་དང་ལྡན་པ ་ངག་ཡ་ང་བ་སྤངས་ནས་གནས་པར་འགྱུར་ཞིང་ཕྱིན་པར་འགྱུར་བ་བཞིན་དུ། ཚུལ་ཁྲིམས་ཡོངསུ་དག་པ་དང་ལྡན་པ་ཡང་ངན་འགྲོ་ལས་ཡང་དག་པར་འདས་ནས་ལྷ་དང་མིའི་གནསུ་སྐྱེ་བར་འགྱུར་བས་སོ།། ཡང ་ན་འཁོར་བ་ལས་ཡང་དག་པར་འདས་ནས། མྱ་ངན་ལས་འདས་པའི་འགྲམ་དུ་ཕྱིན་པར་བྱེད་པའི་ཕྱིར་རྐང་པ་ཞེས་བྱའོ།། དེ་ལ་ཚུལ་ཁྲིམས་ལ་གཟེབ་ཅེས་བྱ་བ་ནི་ཡོན་ཏན་གྱི་ཆོས་ཐད་ཡོངསུ་འཛིན་པར་བྱེད་པའི་ཕྱིར ་འདི་ལྟར་ཚུལ་ཁྲིམས་དང་ལྡན་པས་ཡོན་ཏན་ཡོངསུ་ལྡན་ཅིང་མི་ཉམས་པ་དང་། སྟོང་པར་མི་འགྱུར་བར་བྱེད་པའི་དཔེར་ན་གཟེབ་ཀྱིས་རིན་པོ་ཆེ་ཡོང་སུ་འཛིན་པར་བྱེད་པ་དང་མཚུངས་པས་སོ།། བཙུན ་པ་རབ་དབྱངས་ན་རཱི། ཚུལ་ཁྲིམས་ནི་འཇིག་པར་མི་འགྱུར་བ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྐང་པ་ཉམས་པ་མེད་པས་རང་དབང་ཁོ་ནར་བདེ་བའི་གནས་སུ་འགྲོ་བ་བཞིན་དུ། ཚུལ་ཁྲིམས་ཡོངསུ་དག་པ་དང ་ལྡན་པ་འོང་དེ་བཞིན་དུ་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིརརོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས། སོ་སོར་ཐར་པའི་སྡོམ་པའི་མིང་གི ་བྱེ་བྲག་ཏུ་གྱུར་པ་ནི་འདི་ལྟ་སྟེ། ཉམ་ངའི་ལས་རྣམས་མཉམ་པ་ཉིད་དུ་དབྱེ་བའི་ཕྱིར་ཤཱི་ལ་ཞེས་བྱའོ།། མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་སྤྱོད་པ་མུ་ཆོག་ཅེས་བྱའོ།། རང་གི་ངོ་བོ་ཉིད་བྱེད་པའི་ཕྱིར་ལས ་ཞེས་བྱའོ།། ལུས་དང་ངག་བསྲུང་བའི་ཕྱིར་སྡོམ་པ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་དང་། ཡང་དག་པའི་རིགས་པ་ལས་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར ་སྟོན་ཏོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཚུལ་ཁྲིམས་ནི་འདི་ལྟ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་ཁ་ན་མ་ཐོ་བས་ཀུན་ཏུ་གདུངས་པ་ཉེ་བར་ཞི་བའི་ཕྱིར་དང་། གཞན་ཡང་རྣམ་པར་དག་པའི ་དོན་དང་ལྡན་པའི་ཕྱིར་རོ།། སྡོམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྤོང་བའི་རང་བཞིན་གྱི་མཚན་ཉིད་ཡིན་པའི་ཕྱིརརོ་ཞེས་བཤད་དོ།། གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཉེས་པ་རྣམས་ཞི་བར་བྱེད ་པས་འདུལ་བ་ཞེས་བཤད་དོ།། དེ་ལྟར་མི་མཐུན་པའི་མིང་མང་པོ་ཡོད་ཀྱང་དེ་དག་ཐདཾ་ནི་འདུལ་བའི་བྱེ་བྲག་གི་མིང་ཡིན་ནོ།། དེ་ལ་མ་མོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་བསྐྱེད་པ་དང་། རབ་ཏུ་སྟོན་པར་བྱེད ་པའི་ཕྱིར་མ་མོ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཡང་དག་པའི་རིགས་པ་དང་། རྗེ་སུ་མཐུན་པ་ལས། གཏན་ལ་ཕབ་པར་བསྟན་པ་ལ་ཡང་མ་མོ་ཞེས་བྱ་བ་སྟེ། མདོ་སྡེ་གཞན་དག་གི་དོན་རྣམ་པར་བཤད ་པ་ན་འདིས་མ་མོ་བྱེད་པའི་ཕྱིརརོ་ཞེས་བཤད་དོ།། དཔེར་ན་ཡི་གེའི་མཱ་མོས་ཡི་གེ་རྣམས་སྐྱེད་པར་བྱེད་པ་བཞིན་ནོ།། ཤེས་པ་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱིར་ཡང་མ་མོ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས ་ཆོས་རྣལ་འབྱོར་སྤྱོད་པའི་སཽ་ལས། མདོ་སྡེ་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་མདོ་སྡེ་བཞི་པོ་འདི་དག་ལས་ལྷག་པར་བཤད་པ་གང་ཡིན་པ་དེ་ལས་བརྩམས་ཏེ། མདོ་སྡེའི་མ་མོ་དེ་བཞིན་གཤེགས་པས་བསྡུས ་ཤིང་དེ་བཞིན་གཤེགས་པས་བསྟན་ལ་བསྔགས་ཤིང་བརྗོད་པའི་གཙུག་ལག་བསྟན་པར་བྱ་སྟེ། དཔེར་ན་མ་མོ་བྱེད་པའི་ཡི་གེ་རྣམས་གསལ་བ་མ་ཡིན་པ་དེ་བཞིན་དུ། མ་མོ་ཡོངསུ་མ་ཟིན་པའི ་མདོ་སྡེ་རྣམས་ནི་དོན་མི་གསལ་བ་ཡིནོ།། དེ་ལས་བཟློག་པ་ནི་དོན་གསལ་བ་ཡིན་ཏེ། དེ་བས་ན་མ་མོ་ཞེས་བྱའོ་ཞེས་འབྱུང་།། གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་གཏན་ལ་ཕབ ་ར་གཏན་པ་ནི་འདི་ལྟ་སྟེ། མདོ་སྡེ་རྣམས་ལྔས་མ་མོ་བསྡུ་བར་བྱ་བ་གླེང་ཡིན་པ་རྣམས་ཏེ། རེ་ཞིག་དཔེར་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་དག་ནི་མ་མོ་ཞེས་བྱའོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད ་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མུན་ཉིད་རྒྱ་ཆེར་རྣམ་པར་ཕྱེ་བ་གང་ཡིན་པ་རྣམས་དང་། གཞན་ཡང་སློབ་པ་རྣམས་ལས་གང་གིས་འཕགས་པ་གནས་མཐོང་བ་དག་གིས་རང་གི་རིགས་ལ་བརྟེན་ནས་ཕྱིན་ཅིམ ་ལོག་པར་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་སྟོན་པར་བྱེད་པ་དེ་དག་ལའང་མ་མོ་ཞེས་བྱའོ།། མ་མོ་དེ་ཉིད་ལ་ཆེས་མངོན་པ་ཞེས་བྱ་སྟེ། དཔེར་ན་འཇིག་རྟེན་པའི་ཡི་གེ་དང་རྩིས་དང་། གཙུག་ལག་ཐམས་ཅད་ལ་མ ་མོ་ཡོད་པ་ལྟར། མདོ་དག་ལས་ཆོས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་བརྗོད་པ་རྣམས་ལ་ཡོད་དེ་བཞིན་དུ་རིག་པར་བྱའོ།། གཞན་ཡང་དཔར་ནུ་འཇིག་རྟེན་ན་གལ་ཏེ་ཡི་གེ་རྣམས་ལ་མ་མོ་མེད་ན་ཡི་གེ་རྣམས་གསལ་བར ་མི་འགྱུར་ཏེ། དེ་བཞིན་དུ་གསུང་རབ་ཡན་ལག་བཅུ་གཉིས་ལའང་། གལ་ཏེ་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་རྣམ་པར་བཞག་པ་མེད་ན་ནི་ཆོས་རྣམས་གསལ་བར་མི་འགྱུར་ལ། གལ་ཏེ་རྣམ་པར་བཞག་ན་ཆོས་རྣམས ་ཀྱི་མཚན་ཉིད་གསལ་བར་འགྱུར་བས་སོ།། གཞན་ཡང་ཆོས་འདྲེས་པ་མྱེད་པའི་མཚན་ཉིད་རབ་ཏུ་སྟོན་པའི་ཕྱིར། མ་མོ་དེ་ཉིད་ལ་ཆོས་མངོན་པ་ཞེས་ཀྱང་བྱའོ།། མ་མོ་འདི་ལས་གཞན་པ་མདོ་སྡེ་རྣམས་ཀྱི་དོན་སྟོན ་པ་གང་ཡིན་པ་དེ་དག་ནི་གཏན་ལ་ཕབ་པར་བསྟན་པ་ཞེས་བྱའོ་ཞེས་འབྱུང་།། མདོ་སྡེའི་མ་མོ་དང་། འདུལ་བའི་མ་མོ་དང་། ཆོས་ཀྱི་མཚན་ཉིད་ཀྱི་མ་མོ་གསུམ་པོ་དག་གིས་བྱེ་བྲག་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི ་ས་ལས་ཞིབ་ཏུ་བསྟན་པ་བཞིན་དུ་རིག་པར་བྱའོ།། མ་མོ་དེ་དག་ལ་ཡང་མིང་མང་དུ་ཡོད་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལས། ཆོས་མངོན་པ་ནི་མངོན་དུ་གྱུར་པའི ་ཆོས་ཞེས་ཀྱང་བྱ་སྟེ། ཆོས་འདིས་མི་གནས་པའི་མྱ་ངན་ལས་འདས་པ་མངོན་པར་བྱེད་ཅིང་བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པའི་ཕྱིརརོ།། རྒྱུན་མི་འཆང་པའོ་ཞེས་ཀྱང ་བྱ་སྟེ། ཆོས་རེ་རེ་ལའང་རྒྱུན་འཆད་པ་མེད་པར་ཡང་། ཡང་ནས་ཡང་དུ་ངེས་པའི་ཚིག་དང་། རང་གི་མཚན་ཉིད་དང་།། སྤྱིའི་མཚན་ཉིད་ལ་སོགས་པ་དཔག་ཏུ་མེད་པའི་བྱེ་བྲག་སྟོན་པའི་ཕྱིརརོ།། ཟིལ་གྱིས་གནོན་པའི་ཆོས་ཞེས ་ཀྱང་བྱ་སྟེ། སྨྲ་བ་ཕུན་ཚོགས་པ་དང་ལྡན་པ་འདིས་གཞན་དག་གིས་སྨྲ་བ་ལ་མཆོག་ཏུ་གྱུར་པའི་ཕྱིརརོ།། རྟོགས་པའི་ཆོས་ཞེས་ཀྱང་བྱ་སྟེ། འདིའི་དབང་གི་མདོའི་དོན་རྟོག་པར་འགྱུར་བའི་ཕྱིརརོ་ཞེས་འབྱུང་ངོ་།། ལྕང་གི ་ཚེ་བསྒྱུར་བ་འགྲེལ་པ་ལས་ཀྱང་དེ་སྐད་བསྟན་ཏོ།། བཅོམ་ལྡན་འདས་མདོ་སྡེ་ནི་གང་ལགས། འདུལ་བ་ནི་གང་ལགས། མངོན་པ་ནི་གང་ལགས་ཞེས་བྱ་བ་ནི་གསུམ་པ་གསུམ་པོ་དག་གི་མཚན་ཉིད་གང ་ཡིན་པ་བསྟན་པའོ།། འཇམ་དཔལ་གང་དུ་དུས་བསྡུ་བའི་དངོས་པོའི་དབང་དུ་བྱས་ནས་ཆོས་བསྟེན་པ་དེ་ནི་མདོ་སྡེ་ཞེས་བྱའོ།། ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་བདག་གི་མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ།། འདི ་ཡང་རྣམ་པ་གཉིས་ཏེ། གསུམ་པོ་དག་གི་མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་ཞེས་བྱ་བ་ནས་ཐུན་མོང་བའི་གཟུགས་ཞེས་བྱ་བར་དག་གིས་སྡེ་སྣོད་གསུམ་པོ་དག ་གི་ཐུན་མོང་མ་ཡིན་པ་གཟུགས་པའོ།། དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོ་སྡེ་རྣམ་པར་བཤད་པ་དང་འདུལ་བ་བཤད་པ་དང་། མ་མོ་རྣམ་པར་བཤད་པའོ།། འདི་ནི་དང་པོ་མདོ་སྡེ་རྣམ་པར་བཤད་པ་སྟེ། འདི་ཡང ་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ལྟ་སྟེ། མཚན་ཉིད་མདོར་སྨོས་པ་དང་། སྒོ་རྣམ་པ་གསུམ་དུ་རབ་ཏུ་དབྱེ་བ་དང་། གོ་རིམཱ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ།། འདི་ནི་དང་པོ་མདོ་སྡེའི་མཚན་ཉིད་སྨོས་པའོ།། དེ་ལ་གང་དུ་ཞེས་བྱ་བ ་ནི་མདོ་སྡེ་ཉིད་གནསུ་བསྟན་པའོ།། དེ་ལ་ཡང་ཞེས་བྱ་བ་ནི་གཤེགས་པ་ཉིད་དེ། ཕུང་པོ་ལྔ་ལ་བཏགས་པ་ཙམ་གང་ཡིན་པའོ།། དངོས་པོ་ནི་ངོ་བོ་ཉིད་ཀྱི་དངོས་པོ་ཉིད་དེ་བསྡུ་བའི་དངོས་པོ་བཞི་ལ་སོགས་པའོ།། འདི་ལྟར་མངོནི ་དངོས་པོ་རྣམས་བསྡུས་པ་དག་གི་ཆོས་རྣམས་རྟོག་པས་ན་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ངས་བསྡུ་བའི་དངོས་པོའི་དབང་དུ་བྱས་ནས་ཆོས་རྣམས་བསྟན་པ་དེ་ནི་མདོ་ཞེས་བྱའོ་ཞེས་གསུངས་པ་ཨཱི་ནོ།། འདི་ལྟ་སྟེ། དངོས་པོ་བཞིའི ་དབྱུང་དུ་བྱས་པའམ། དངོས་པོ་དགུའི་དབང་དུ་བྱས་པ་འམ། དངོས་པོ་ཉི་ཤུ་རྩ་དགུའི་དབང་དུ་བྱས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་སྒོ་རྣམ་པ་གསུམ་དུ་རབ་ཏུ་བྱེ་བའོ།། འདི་ལྟར་སྡུ་བའི་དངོས་པོ་ནི་རྣམ་པ་གསུམ ་ཡོད་དོ།། དངོས་པོ་བཞི་དང་། དངོས་པོ་དགུ་དང་།། དངོས་པོ་ཉི་ཤུ་རྩ་དགུ་གང་ཡིན་པའོ།། དངོས་པོ་བཞི་གང་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདིའང་དངོས་པོ ་གསུམ་རྣམ་པར་བཤད་བྱ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དྲང་པོའི་དངོས་པོ་བཞི་རྣམ་པར་བཤད་པའོ།། འདི་ཡང་ཞུ་པ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ།། ཐོས་པའི ་དངོས་པོ་དང་། སྒྲུབསུ་འགྲོ་བའི་དངོས་པོ་དང་། བསླབ་པ་རེ་བྱེ་བོའི་དངོས་པོ་དང་། བྱང་ཆུབ་ཀྱི་དངོས་པོའོ་ཞེས་བྱ་བ་ནི་གཉིས་པ་ལན་གསུངས་པའོ།། དངོས་པོ་འདི་བཞི་རྣམ་པར་བཤད་པ་བསྡུས་པ་དང་། རྒྱས་པ་རྣམ་པར ་དབྱེ་བ་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ལ་གསུམ་སྟེ་བསྟན་པ་ནི་བསྟན་བཅོས་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལ་ཇི་སྐད་དུ་གསུང་རབ་ཡན་ལགི་བཅུ་གཉིས་པོ་དག་ནི་སྡེ་སྣད ་གསུམ་དང་ལྡན་ཏེ། དམ་པ་མཆོག་གསུམ་ལ་ནི་སྐྱབསུ་འགྲོ་བ་དང་།། བསླབ་པ་གསུམ་པོ་དགུ་དང་བྱང་ཆུབ་གསུམ།། སེ་ནཾ་རྣམ་དང་ཐོབ་བྱའི་ཕྱིར་ནི་གསུངས།། ཞེས་བསྟན་པ་ལྟ་བུའོ།། འདི་ཉིད་ཀྱི་འགྲེལ་པ་ལ། ་དེ་ལ་ཐོབ་པ་ཞེས་བྱ་བ་ནི་གསུང་རབུ་ཡན་ལག་བཅུ་གཉིས་ཐོབ་པ་གང་ཡིན་པའོ།། གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ནི་སྡེ་སྣོད་གསུམ་དང་ལྡན་ཏེ། དེ་ལ་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་དང་། ཚིགསུ་བཅད ་པ་དང་། ཚད་དུ་བརྗོད་པ་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་འབྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨིད་དུ་བྱུང་བའི་སྡེ་གང་ཡིན་པ་དེ་དག་ནི་མདོ་སྡེའི་སྡེ་སྣོད་དོ།། དེ་ལ་གླེང་གཞིའི་སྡེ་གང་ཡིན་པ་དེ་ནི་འདུལ ་བའི་སྡེ་སྣོད་ཉིད་དོ།། དེ་ལ་གཏན་ལ་ཕབ་པར་བསྟན་པའི་སྡེ་གང་ཡིན་པ་དེ་ནི་ཆོས་མངོན་པའི་སྡེ་སྣོད་ཉིད་དོ་ཞེས་འབྱུང་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ནི་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། གཞན ་ཡང་དེ་ཉིད་ལས། དམ་པ་མཆོག་གསུམ་ལ་ནི་སྐྱབསུ་འགྲོ་བ་དང་ཞེས་བྱ་བ་ནི་འདི་ལྟ་སྟེ། སྟངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྐྱབསུ་འགྲོ་བའོ།། བསླབ་པ་གསུམ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་། ཏིང ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་རྣམ་པ་གསུམ་པོ་དག་གོ།། བྱང་ཆུབ་ཅེས་བྱ་བ་ནི་འོདི་ལྟ་སྟེ། ཐེག་པ་གསུམ་གྱི་བྱང་ཆུབ་དག་གོ།། སེན་རྣམས་རྣམ་དག་ཐོབ་བྱའི་ཕྱིར་ནི་གསུངས་ཞེས་བྱ་བ་ནི་སེན་རྣམས་རྣམ་པར་དག་པ ་ཐོབ་པར་བྱ་བའི་ཕྱིར་གོ་རིམ་བཞིན་དུ་ཆོས་རྣམས་ལ་གསུམ་གསུངས་པ་ཡིན་ཏེ། འཛིན་པར་བྱེད་པ་དང་། ཐབས་དང་འབྲས་བུའོ།། དེ་ལ་འཛིན་པར་བྱེད་པ་ནི་འདི་ལྟ་སྟེ། ཐོས་པ་དང་སྐྱབསུ་འགྲོ་བའོ།། ཐབས་ནི་འདི་ལྟ་སྟེ། བསླབ་པ ་སུམ་དག་གོ།། འབྲས་བུ་ནི་འདི་ལྟ་སྟེ། བྱང་ཆུབ་རྣམ་པ་གསུམ་པོ་དག་གོ་ཞེས་བཤད་དོ།། དེ་རྒྱས་པར་བསྟན་པ་ནི། བསྟན་བཅོས་དེ་ཉིད་ལས། དངོས་པོ་བཞི་ཇི་ལྟར་རྒྱ་ཆེར་བསྟན་པ་ཉིད་ཡིན་ཏེ། མངས་ཀྱི་དོགས་ནས་འདིར ་མ་བརྗོད་དོ།། དངོས་པོ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དངོས་པོ་དགུ་ཕྱེ་སྟེ་བཤད་པར་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་འདི་ནི་ཞུ་བ་གསོལ་བ་ཉིད་དོ།། སེམས་ཅན་དུ་གདགས ་པའི་དངོས་པོ་དང་། དེའི་ལོངས་སྤྱོད་ཀྱི་དངོས་པོ་དང་། དེ་འབྱུང་བའི་དངོས་པོ་དང་། དེ་བྱུང་བའི་གནས་པའི་དངོས་པོ་དང་། དེའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་དང་། དེའི་བྱེ་བྲག་གི་དངོས་པོ་དང་། ་སྟོན་པར་བྱེད་པའི་དངོས་པོ་དང་། བསྟན་པར་བྱ་བའི་དངོས་པོ་དང་། འཁོར་གྱི་དངོས་པོའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ།། དངོས་པོ་དགུ་པོ་འོད་དག་རྣམ་པར་བཤད་པ ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་ཡང་སྤངས་པར་རིག་པར་བྱའོ།། དངོས་པོ་དགུ་གང་ཞེ་ན། དེལ ་སེམས་ཅན་གྱི་དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་རྣམ་སོ།། དེ་ལ་ལོངས་སྤྱོད་པའི་དངོས་པོ་ནི་སྐྱེ་མཆེད་བཅུ་གཉིས་རྣམ་སོ།། སྐྱེ་བའི་དངོས་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག ་བཅུ་གཉིས་པའོ།། སྐྱེ་བའི་ཟས་བཞི་པོའི་དངོས་པོ་ནི་ཟས་བཞི་པོ་རྣམསོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱུང་བའི་དངོས་པོ་ནི་འཕགས་པའི་བདེན་པོ་བཞི་པོ་རྣམསོ།། སྟོན་པའི་དངོས་པོ་ནི་སངས་རྒྱས་དང་། ་དེ་དག་གི་ཉན་ཐོས་རྣམསོ།། བསྟན་པར་བྱ་བའི་དངོས་པོ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམསོ།། འཁོར་གྱི་དངོས་པོ་ནི་འཁོར་བརྒྱད་དེ། རྒྱལ་རིགས་ཀྱི་འཁོར་དང་། བྲམ་ཟེའི ་འཁོར་དང་། ཁྱིམ་བདག་གི་འཁོར་དང་། དགེ་སྦྱོང་གི་འཁོར་དང་། རྒྱལ་ཆེན་བཞི་པའི་རིས་ཀྱི་འཁོར་དང་། སུམ་ཅུ་རྩ་གསུམ་པའི་འཁོར་དང་། བདུད་ཀྱི་འཁོར་དང་། ཚངས་པའི་འཁོར་རོ་ཞེས་འབྱུང་བ་ཡིན་ཏེ། ་ལུང་རིང་པོ་དང་ལུངྒ་གཅིག་ལ་སྤྲོས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཁོར་བརྒྱད་བཀོད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པ་དང་མཐུན་པར་བསྟན་ཏོ།། མཚམ ་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ཚིག་ཅུང་ཟད་ཐ་དད་ཀྱང་དངོས་པོ་དགུ་བསྟན་པ་ལ་ནི་དོན་མི་མཐུན་པ་མེད་དོ།། བསྟན་བཅོས་རྣམ་པར་བཤད་པ་ལས། དངོས་པོ ་དགུ་འབྱུང་བ་ཡང་མདོ་འདི་ལས་གསུངས་པ་དང་མཐུན་ནོ།། ལྷ་དང་མི་དག་ལས་སོ་སོ་ནས་འཁོར་བཞི་བསྟན་པ་ལྔ་གཏན་ཚོགས་ཅི་ཡོད་ཅེ་ན། སྐྱེས་པ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལསྭ། རྒྱུ་རྣམ་པ་བདུན་གྱི ་ཕྱིར་འཁོར་རྣམ་པ་བརྒྱད་རྣམ་པར་གཞག་པ་ཡིནོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། རྒྱུས་བཞིས་ནི་མི་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པའི་འཁོར་རྣམ་བཞིར་བཞག་པར་རིག་པར་བྱའོ།། རྒྱུ་གསུམ ་གྱིས་ནི་ལྟར་གྱུར་པ་རྣམས་ཀྱིས་འཁོར་བཞིར་རྣམ་པར་བཞག་པར་རིག་པར་བྱ་སྟེ། བདྲུག་པོའི་མཆོག་ཏུ་གྱུར་པའི་ཕྱིར་འཇིག་རྟེན་པ་རྣམས་ཡོན་གནསུ་བཀུར་པའི་ཕྱིར་དང་། གཞན་ལ་རཱག་མ་ལུས་པའི་ལོངས ་སྤྱོད་ཀྱིས་འཚོ་བའི་ཕྱིར་དང་། ལོངས་སྤྱོད་ཐམས་ཅད་སྤངས་པའི་ཕྱིར་དང་། རྒྱུ་འདི་བཞི་ནི་མིར་གྱུར་པའི་ནང་ན་འཁོར་བཞིར་རྣམ་པར་བཞག་པར་རིག་པའི་བྱའོ།། ས་བཞི་ལ་བརྟེན་པའི་མཐར་གྱུར་པའི་ཕྱིར ་དོང་། འདོད་པའི་ཁམས་ཀྱི་མཐར་གྱུར་པའི་ཕྱིར་དང་། ངག་གི་འདུ་བྱེད་ཀྱི་མཐར་གྱུར་པའི་ཕྱིར་ནི་ལྷར་གྱུར་པ་རྣམས་ཀྱི་འཁོར་བཞིར་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་འབྱུང་བ་ཡིནོ།། འཕགས་པ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ལོགས་ཤིན་ཏུ་དགེ་སྦྱོང་དང་། བྲམ་ཟེ་དང་། སུམ་ཅུ་རྩ་གསུམ་པ་དང་། བདུད་དང་ཚངས་པའི་འཁོར་རྒྱ་ཆེར་བསྟན་པོ་ནི་མངས་ཀྱི་དོགས་ནས་འདིར་མ་བརྗོད་དོ།། ་དངོས་པོ་ཉི་ཤུ་རྩ་དགུ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་དངོས་པོ་ཉི་ཤུ་རྩ་དགུ་རྣམ་པར་ཕྱེ་སྟེ་བཤད་པ་བསྟན་ཏེ། འདྲི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ་འདི་ནི ་ཞུ་བ་ཉིད་དོ།། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ཏེ་འདུ་བྱེད་རྣམས་བསྡུ་བའི་དངོས་པོའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་དངོས་པོ་ཉི་ཤུ་རྩཝ་ལྔ་རྣམ་པར་ཕྱེ་སྟེ་བཤད ་པ་སྟོན་ཏོ།། འདི་ཡང་བཤད་པ་རྣམ་པ་གཉིསུ་དབྱེ་སྟེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དངོས་པོ་བསྟན་པ་དང་། རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་པའི་དངོས་པོ་ཉི་ཤུ་རྩ་ལྔ་བསྟན་ཏོ།། དེའི་བསྟན་བཅོས་རྣམ་པར ་བཤད་པ་ལས། དངོས་པོ་ཉི་ཤུ་རྩ་དགུ་ནི་འདི་ལྟ་སྟེ། དངོས་པོ་དགུ་པོ་ཡོངསུ་བསྡུས་པ་གང་ཡིན་པའོ།། མདོ་ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ནས་ནི་དངོས་པོ་བཞི་བསྟན་ཏོ།། རྣམ་པར་བྱང་བའི་ཕྱོགས ་ལུལས་བརྩམས་ནས་ནི་དངོས་པོ་ཉི་ཤུ་རྩ་ལྔ་བསྟན་ཏོ་ཞེས་འབྱུང་བ་ཡིནོ།། ཀུནཱ་ནས་ཉོན་མོངས་པའི་ཕྱོགས་བསྟན་པ་ཡང་རྣམ་པ་བཞིར་ད་བྱ་སྟེ། ཕུང་པོ་ལྔ་བསྟན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དང་། ་ཆོས་འཛིན་པ་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་ལ་དེ་ལྟར་རྣམ་པ་བཞི་ཡོད་པར་གྱུར་པ་ཡང་ཀུན་ནས་ཉོན་མོངས་པ་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཕུང་པོ་ལྔ་ཡིན་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་འཁོར ་བར་འཇུག་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དང་། འཁོར་བར་འཇུག་པའི་རྩ་བ་ནི་འཛིན་པ་གཉིས་ཡིན་པའི་ཕྱི་རོ།། འཛིན་པ་གཉིས་ལས་ཀྱང་བདག་ཏུ་འཛིན་པ་རགས་པ་ཡིན་པས་སྔར་བསྟན་ལ། ་ཆོས་སུ་འཛིན་པ་ནི་ཕྲ་བས་ན་ཕྱིས་བསྟན་ཏེ། བདག་ཏུ་འཛིན་པ་ནི་གདོན་མི་ཟ་བར་ཆོས་སུ་འཛིན་པས་འབྱུང་བའི་ཕྱིརརོ།། འདི་ཡང་ཕུང་པོ་ལྔའི་དངོས་པོ་བསྟན་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཞེས་བྱ་བ་ནི་ཉོན ་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མོ།། འདུ་བྱེད་རྣམས་བསྡུ་བའི་དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔ་ཉིད་དེ། ཕུང་པོ་ལྔས་འདུས་བྱས་ཀྱི་དངོས་པོ་རྣམ་པར་བསྡུས་པའི་ཕྱིར་འདུ་བྱེད་བསྡུ་བའི ་དངོས་པོ་ཞེས་གསུང་སོ།། ཡང་ན་འདུ་བྱེད་རྣམས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བསྡུའོ།། དེ་ལྟར་རྣམ་པ་གཉིསུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་སྟེ། ཁམས་དང་སྐྱེ་མཆེད་སྒོ་གཉིས་པོ་དག་ནི ་འདུ་བྱེད་མ་ཡིན་པར་ཡང་གཏོགས་པའི་ཕྱི་རོ།། དེའི་གོ་རིམ་རྗེསུ་འཇུག་པའི་དངོས་པོ་ཞེས་བྱ་བས་ནི་གཉིས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་སྟོན་ཏེ།། འདི་ལྟར་ཀུན་ནས་ཉོན་མོ་ངེས་པའི་རྟེན་ཅིང་འབྲེལ་པར ་འབྱུང་བ་ཡན་ལག་བཅུ་གཉིས་པོ་དེ་དག་གི་གོ་རིམ་བཞིན་དུ་རྗེ་སུ་འཇུག་པ་ནི་ཇི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་འབྱུང་བ་ལྟ་བུའོ།། ཡང་ན་དེ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དེ་ཉིད་དོ།། ་བསྟན་བཅོས་རྣམ་པར་བཤད་པ་ལས། དེ་ཉིད་གོ་རིམ་བཞིན་དུ་འཇུག་པའི་དངོས་པོ་ཞེས་འབྱུང་།། དེ་དག་ཉིད་ལ་གང་ཟག་འདུ་ཤེས་སུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། ཆོས་ཀྱི་མིང་དུ ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་ཞེས་བྱ་བ་ནི་གསུམ་དག་ཏུ་འཛིན་པའི་དངོས་པོ་སྟོན་ཏོ།། བསྟན་བཅོས་རྣམ་པར་བཤད་པ་ལས་ནི་དེ་ཉིད་ལ་སེམས་ཅན་གྱི་འདུ་ཤེསུ་རྣམ་པར་བཞག་པས་ཕྱི་མར་འཇུག་པའི་རྒྱུའི ་དངོས་པོ་ཞེས་འབྱུང་།། དེ་ནི་འདི་སྐད་དུ། ཇི་ལྟར་འཛིན་པ་འདི་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཕུང་པོ་དག་ལ་བདག་ཏུ་ཤེས་པ་དང་ཆོསུ་འདུ་ཤེས་པའི་དབང་གིས་ཕྱི་མར་འཁོར་བར་འཇུག་པའི་རྒྱུར་འགྱུ་རོ།། རྣམ་པར་བྱང་བའི ་ཕྱོགས་ལས་བརྩམས་ཏེ་དམིགས་པ་ལ་ཉེ་བར་གཏོང་པའི་དངོས་པོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་ཉི་ཤུ་རྩ་ལྔ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་རྣམ་པར་དག་པའི ་དངོས་པོ་བཞི་བསྟན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་དངོས་པོ་ཉི་ཤུ་རྩ་གཅིག་བསྟན་པའོ།། དངོས་པོ་ཡང་རྣམ་པ་བཞི་སྟེ། ཐོས་པའི་ཤེས་རབ་བསྟན་པ་དང་། བསམ་པའི་ཤེས་རབ་བསྟན་པ་དང་། སྦྱོར ་བའི་ཏིང་འཛིན་བསྟན་པ་དང་། དངོས་པོ་བཞིའི་ཏིང་འཛིན་བསྟན་པའོ།། དེ་ལ་འཇིག་རྟེན་པའི་རྣམ་པར་དག་པའི་དངོས་པོ་བཞི་ཡོད་པར་གྱུར་པ་ཡང་རྣལ་འབྱོར་གྱི་སྒོའི་གོ་རིམ་གྱིས་གདོན་མི་ཟ་བར་སྔར་ཐོས་པའི་ཤེས་རབ་ཀྱི ་དབང་གིས་ནི་བསམ་པའི་ཤེས་རབ་ཏུ་འདྲེན་པར་འགྱུར། བསམ་པའི་ཤེས་རབ་ཀྱིས་ནི་སྦྱོར་བའི་ཏིང་འཛིན་འདྲེན་པ་དང་། སྦྱོར་བའི་ཏིང་འཛིན་གྱིས་དངོས་གཞིའི་ཏིང་འཛིན་ཐོབ་པར་འགྱུར་བའི་གོ་རིམ་དེའི་ཕྱིར་རྣམ་པ་བཞིར ་གསུངས་པ་ཡིནོ།། འདི་ནི་དང་པོ་ཐོས་པའི་དྲི་ཞེས་རབ་ཀྱི་དངོས་པོ་བསྟན་པ་སྟེ། དེ་ལ་རྣམ་པར་བྱང་བའི་ཕྱོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད ་པའི་རྣམ་པར་བྱང་བའི་ཆོས་རྣམས་གང་ཡིན་པའོ།། རྣམ་པར་བྱུང་བའི་ཕྱོགས་ལས་ནི་འདི་ནི་འཇིག་རྟེན་པའི་རྣམ་པར་བྱང་བའི་ཕྱོགས་བསྟན་པའོ།། དམིགས་པ་ལ་ཉེ་བར་གཏོང་བའི་དངོས་པོ་ཞེས་བྱ་བ་ནི་འདོད་པའི་ཁམས ་ཀྱི་ཐོས་པའི་ཤེས་རབ་སྟེ། བསྟན་པ་དག་ལ་སེམས་ཉེ་བར་གཏོང་པ་གང་ཡིན་པའོ།། ཡང་ན་བརྗོད་པར་བྱ་བའི་དོན་དང་། དྲན་པ་ཉེ་བར་གཞག་པ་ཡུལ་ལ་སེམས་ཉེ་བཱར་གཏོད་པའོ།། དེ་ཉིད་ལ་རྩོལ་བྱའི་དངོས་པོ་ཞེས ་བྱ་བ་ནི་གཉིས་པ་བསམ་པའི་ཤེས་རབ་ཀྱི་དངོས་པོ་སྟོན་ཏོ།། འདི་ལྟར་ཐོས་པའི་ཤེས་རབ་ཀྱི་ཡུལ་དེ་ཉིད་ལ་གཅིག་ཏུ་བདྲེན་པཱ་ར་མཱཐོང་ནས། ནན་ཏན་བརྩོན་འགྲུས་ཀྱིས་ཡིད་ལ་བྱེད་པ་གང་ཡིན་པའོ།། སེམས་གནས། ་པའི་དངོས་པོ་ཞེས་བྱ་བ་ནི་གསུམ་པ་སྦྱོར་བའི་ཏིང་འཛིན་སྟོན་ཏེ། འདི་ལྟར་བསམ་པའི་ཤེས་རབ་ཀྱི་དབང་གིས་སྦྱོར་བའི་ཏིང་འཛིན་ལ་སེམས་གནས་པ་གང་ཡིན་པའོ།། ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ ་ཞེས་བྱ་བ་ནི་བཞི་པ་དངོས་བཞིའི་ཏིང་ངེ་འཛིན་སྟོན་ཏོ།། མངོན་པར་ཤེས་པ་དྲུག་ཐོབ་ནས་མཐོང་བའི་ཆོས་ལ་བདེ་བར་གནས་པ་གང་ཡིན་པའོ།། སྡུག་བསྔལ་ཐཾད་ལས་ཡང་དག་པར་འདས་པའི་དམིགས ་པའི་ཐབས་ཀྱི་དངོས་པོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འཇིག་རྟེན་ལས་འདས་པའི་དངོས་པོ་རྣམ་པའི་དངོས་པོ་ཉི་ཤུ་རྩ་གཅིག་སྟོན་ཏོ།། འདི་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། དངོས་པོ་གཅིག་གིས་རྣམ་པར་གྲོལ་བའི་ཕྱོག ་བསྟན་པ་དང་། དངོས་པོ་བཞིས་མཐོང་བའི་ལམ་བསྟན་པ་དང་། དངོས་པོ་དྲུག་གིས་བསྒོམ་པའི་ལམ་བསྟན་པ་དང་། དངོས་པོ་བཞིས་མི་སློབ་པའི་ལམ་བསྟན་པ་དང་། དངོས་པོ་གཉིས་ཀྱི་ཁྱད་པར་དུ་འཕགས་པ་དང ་ཁྱད་པར་དུ་འཕགས་པ་མ་ཡིན་པར་བསྟན་པ་དང་། འདི་ནི་དངོས་པོ་གཅིག་གིས་རྣམ་པར་གྲོལ་བའི་ཕྱོགས་བསྟན་པའོ།། མདོའི་ཚིག་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཅི་ཁ་ཅིག་ན་རེ་སྡུག་བསྔལ་བདེ་ལས ་ཡང་དག་པར་འདས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། འདི་ལྟར་མྱ་ངན་ལས་འདས་པའི་དབང་གིས་སེམས་ཅན་རྣམས་སྡུག་བསྔལ་བ་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་བས་རྣམ་པར་གྲོལ་བྱའི ་ཕྱོགས་ཀྱི་དགེ་བ་ལ་དམིགས་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའི་ཐབས་ཀྱི་རྒྱུར་གྱུར་པ་ཐབས་ཀྱི་དངོས་པོ་ཞེས་བྱའོ།། ཁ་ཅིག་ན་རེ་རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བ་ལ་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པ་ལ་དམིགས་པའོ།། གཉིས་པ་ནི་མྱ་ངན་ལས་འདས་པའི་ཐབས་ཀྱི་དམིགས་པ་བྱེད་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཐབས ་ཀྱི་དམིགས་པའི་དངོས་པོ་ཞེས་བྱའོ་ཞེས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དངོས་པོ་བཞི་ལས་བརྩམས་ནས་ངེས་པར་འབྱེད་པའི་ཆ་བསྟན་པ་སྟོན་ཏོ།། འོང་ཡང་རྣམ་པ་གཉིས་ཏེ། སྡུག་བསྔལ་ཡོངསུ་ཤེས་པར་བྱ ་བྱ་བའི་དངོས་པོ་བསྟན་པ་དང་། ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པའི་དངོས་པོ་བསྟན་པའོ།། འདི་ལྟར་འཕགས་པའི་བདེན་པ་བཞི་ལ་བརྟེན་ནས་དྲོ་བར་གྱུར་པ་དང་། རྩེ་མོ་ལ་སོགས ་པའི་དགེ་བའི་རྩ་བ་བཞི་སྐྱེད་པའི་ཕྱིར། དངོས་པོ་རྣམ་པ་བཞི་བསྟན་པ་ཡིནོ།། འདི་ནི་དང་པོ་སྡུག་བསྔལ་ཡོངསུ་ཤེས་པར་བྱ་བའི་དངོས་པོ་བསྟན་པ་ཡིན་ཏེ། འདི་ཡང་རྣམ་པ་གཉིསུ་དབྱེ་སྟེ། སྡུག་བསྔལ་ཡོད ་སུ་ཤེས་པར་བྱ་བའི་མདོར་བསྟན་པ་དང་། ཡོངསུ་ཤེས་པ་གསུམ་རྣམ་པར་ཕྱེ་སྡེ་བཤད་པའིའོ།། འདི་ནི་དང་པོ་སྟེ། འདི་ལྟར་ཁམས་གསུམ་གྱི་སྡུག་བསྔལ་གྱི་བདེན་པ་ཡོངསུ་ཤེས་པ་སོ་ཨཱང་སུ་ཤེས་པ་ཞེས ་བྱའོ།། དེའང་རྣམ་པ་གསུམ་ཡོད་པས་ཕྱིན་ཅི་ལོག་གིས་གནས་ཡོངསུ་ཤེས་པའི་ཕྱིར་དང་། སེམས་ཅན་དུ་ཤེས་པ་ལས་བརྩམས་ཏེ། ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་བསྒྲུབ་པའི་གནས་ཡོངསུ་ཤེས ་པའི་ཕྱིར་དང་། ནང་མངོན་པའི་ང་རྒྱལ་དང་བྲལ་བ་ཡོངསུ་ཤེས་པའི་ཕྱི་རོ།། ཞེས་བྱ་བུ་ནི་གཉིས་པ་ཡོངསུ་ཤེས་པ་གསུམ་རྣམ་པར་ཕྱེ་སྟེ། བཤད་པ་སྟོན་ཏོ།། དེ་ཡང་རྣམ་པ་གསུམ་ཡོད་པས ་ཞེས་བྱ་བ་ལ། དྲང་པོ་ཕྱིན་ཅི་ལོག་ལས་བརྩམས་པའི་གནས་ཡོངསུ་ཤེས་པའི་ཕྱིརརོ།། གཉིས་པ་ནི་སེམས་ཅན་འདུ་ཤེས་པའི་ལས་བརྩམས་པའི་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས ་ཡོང་སུ་ཤེས་པའི་ཕྱིར་རོ།། གསུམ་པ་ནི་ནང་མངོན་པའི་ང་རྒྱལ་དང་བྲལ་བའི་ཕྱིར་གནས་ཡོངསུ་ཤེས་པའི་ཕྱིརརོ།། མདོའི་ཚིག་འདི་གསུམ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་ཕྱིན་ཅི་ལོག་གི་གན ་ཡོངསུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་པའི་སྡུག་བསྔལ་གྱི་བདེན་པ་ཕྱིན་ཅི་ལོག་རྣམས་ཀྱི་གནས་ཡིན་པ་ཉིད་དུ་ཡོངསུ་ཤེས་པའི་ཕྱིརརོ།། སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེན ་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངསུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ཡོང་སུ་ཤེས་པ་སྟེ། སེམས་ཅན་དུ་འདུ་ཤེས་པ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི ་ལམ་འབྱུང་བའང་ངེས་པར་སྔར་སེམས་ཅན་གྱི་འདུ་ཤེས་བསྐྱེད་པ་ལས་འབྱུང་བས་སོ།། ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ཞེས་བྱ་བས་ནི་ལས་སློང་བའི་གནས་བསྟན་ཏོ།། ལོག་པར་སྒྲུབ་པའི་ཞེས་བྱ་བས་ནི ་དེས་བསྐྱེད་པའི་ལས་ཀྱི་སྤྱོད་པ་ཉིད་དེ་ནི་འདི་སྐད་དུ་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ཡོངསུ་ཤེས་པས་སེན་དུ་འདུ་ཤེས་པ་ལྔས་བརྩམས་ཏེ་ཕྱི་རོལ་གྱིས་ནཾ་རྣམས་ལ་ལྡོག་པར་བསྒྲུབ་པའི་གནས་ཉིད་དུ་ཡོང ་སུ་ཤེས་པའི་ཕྱི་རོ་ཞེས་བསྟན་པར་འགྱུར་རོ།། ནང་མངོན་པའི་ང་རྒྱལ་དང་བྲལ་བའི་གནས་ཡོངསུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་ནང་གི་ལུས་སྡུག་བསྔལ་གྱི་བདེན་པ་ཉིད་དུ་ཡོངསུ་ཤེས་པ་སྟེ། འདི ་ལྔར་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐད་ནི་ནང་གི་ལུས་ལ་བརྟེན་ནས་བྱུང་བའི་ཕྱིར་ནང་མངོན་པའི་ང་རྒྱལ་དང་བྲལ་བའི་ཞེས་གསུང་སོ་ཞེའོ།། ཁ་ཅིག་ན་རེ་ཡོངསུ་ཤེས་པ་དང་པོ་གཉིས་ནི་འདོད་པའི་ཁམས ་ཁོ་ནའོ་ཞེས་པའོ།། ཡོང་སུ་ཤེས་པ་གསུམ་པ་ནི་ཁམས་གོང་མ་གཉིས་པའོ་ཞེས་ཟེར་ཏོ། གཞན་ནི་སྔ་མའི་བཤད་པ་བཞིན་ཁ་ཅིག་ནུ་རེ་གསུམ་པོ་དག་ནི་གོ་རིམ་བཞིན་དུ་ཁམས་གསུམ་པོ་དག་གི་སྡུག་བསྔལ ་ཡོངསུ་ཤེས་པ་ཡིནོ་ཞེས་ཟེ་རོ།། དེ་ལྟར་རྣམ་པ་དུ་མར་བཤད་པ་ཡོད་ཀྱང་། སློབ་དཔོན་དང་ཚང་གིས་ནི་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་དང་གཏུགས་ནས་བཤད་པ་གཉིས་པ་བཟུང་བར་བཤད་དོ།། སྒོམ ་པའི་གནས་ཀྱི་དངོས་པོ་དང་། མངོན་དུ་བྱ་བའི་དངོས་པོ་དང་། སྒོམ་པའི་དངོས་པོའོ་ཞེས་བྱ་བ་ནི་གཉིས་པ་ཀུན་འབྱུང་སྦྱོང་བ་དང་། འགོག་པ་མངོན་དུ་བྱ་བ་དང་ལམ་བསྒོམ་པའི་དངོས་པོ་བསྟན་པ་སྟོན་ཏོ།། འདི ་ཡང་ཀུན་འབྱུང་བའི་བདེན་པ་ནི་བསྒོམ་པ་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་གཉིས་ཡིན་པའི་ཕྱིར་བསྒོམ་པའི་གནས་ཀྱི་དངོས་པོ་ཞེས་བྱའོ།། འགོག་པ་ནི་འདུས་མ་བྱས་པ་ཡིན་པས་མངོན་དུ་བྱ་བའི ་དངོས་པོ་ཞེས་བྱའོ།། འཕགས་པའི་ལམ་སྒོམ་པའི་དངོས་པོ་ཞེས་བྱ་སྟེ། དེའི་ཕྱིར་མདོ་དང་བསྟན་བཅོས་དག་ལས། སྡུག་བསྔལ་ཡོངསུ་ཤེས་པར་བྱ། ལམ་བསྒོམ་པར་བྱ་ཞེས་གསུངས་པ་ཡི་ནོ།། དེའི་སྙིང་པོར་བྱ་བའི་དངོས་པོ་དང་། ་དེའི་རྣམ་པའི་དངོས་པོ་དང་། དེའི་དམིགས་པའི་དངོས་པོ་དང་། སྤངས་པ་དང་མ་སྤངས་པའི་སྤྱོད་པ་ལ་མཁས་པའི་དངོས་པོ་དང་ངོ་ཞེས་བྱ་བ་ནི་གསུམ་པ་དངོས་པོ་བཞི་ལས་བརྩམས་ནས་མཐོང་བའི་ལམ་བསྟན་པ་སྟོན་ཏོ།། དེ་ལ་སྙིང ་པོར་བྱ་བའི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་ལམ་སྟེ། ཡང་དག་པ་ཉིད་དུ་ལམ་མཐོང་བའི་དབང་གིས་ཡང་དག་པ་དང་། མཚན་མ་དང་བཅས་པའི་མཐོང་བའི་ལམ་རྣམ་པ་གཉིས་ལས་མི་ཉམས་པར་བྱེད་པའི་ཕྱིར་རོ།། ་བཤད་པའི་རྣམ་པ་གཞན་དུ་ནཱ། ལཱམ་མཐོང་བ་ཐོབ་པའི་དབང་གིས་རྣམས་ཀྱང་སོ་སོའི་སྐྱེ་བོ་ཉིད་དུ་ཕྱིར་མི་ལྡོག་པའི་ཕྱིར་མཐོང་བའི་ལམ་སྙིང་པོར་བྱ་བའི་དངོས་པོ་ཞེས་བསྟན་ཏོ།། དེའི་རྣམ་པའི་དངོས་པོ་ཞེས་བྱ་བ་ནི ་མཚན་མ་དང་བཅས་པའི་མཐོང་བའི་ལམ་སྟེ། སེམས་རྣམ་པ་གསུམ་དང་། སེམས་རྣམ་པ་བཅུ་དྲུག་གི་རྣམ་པ་ཐ་དད་པའི་ཕྱི་རོ།། དེའི་དམིགས་པའི་དངོས་པོ་ཞེས་བྱ་བ་ནི་མཚན་མ་དང་བཅས་པའི་མཐོང་བའོ་ལམ་གྱི ་དམིགས་པ་ཡུལ་གྱི་དངོས་པོ་བསྟན་པའོ།། སྤངས་པ་དང་མ་སྤངས་པ་སྤྱོད་པ་ལ་མཁས་པའི་དངོས་པོ་ཞེས་བྱ་བ་ནི་མཚན་མ་དང་བཅས་པའི་མཐོང་བའི་ལམ་གྱིས་མཐོང་བའི་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང་། བསྒོམ ་པས་སྤང་བར་བྱ་བའི་ཉོན་མོངས་པ་དརླུང་མ་སྤངས་པ་ཉིད་དུསོ་སོར་རྟོག་པ་གང་ཡིན་པའོ།། ། བམ་པོ་གྲུ་ཅུ་དགུ་པའོ།། དེ་ལ་རྣམ་པར་གཡེང་བའི་དངོས་པོ་དང་། རྣམ་པར་མི་གཡེང་བའི་དངོས་པོ་དང་། རྣམ ་པར་མི་གཡེང་བྱའི་གནས་ཀྱི་དངོས་པོ་དདྨ། སྒོམ་པ་ལྔས་ཡོངསུ་སྐྱོ་བའི་སྦྱོར་བ་བསམ་པའི་དངོས་པོ་དང་། བསྒོམ་པའི་ཕྲིན་ཡོན་གྱི་དངོས་པོ་དང་། དེ་བསྟན་པའི་དངོས་པའོ་ཞེས་བྱཱ་བྱཱ་ནི་བཞི་པ་དངོས་པོ་རྣམ་པ་དྲུག་ལས ་བརྩམས་ནས་བསྒོམ་པའི་ལམ་བསྟན་པ་ཞེས་བྱ་བས་སྟོན་ཏོ།། མཇོ་མོ་ཚིག་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་དེ་ལས་རྣམ་པར་གཡེང་བའི་དངོས་པོ་བྱ་བ་ནི་མཐོང་བའི་ལམ་ལས་ཡང་དག་བྱེར ་འདས་ནས་སྒོམ་པའི་ལྡུམ་ལ་མ་ཞུགས་པའི་བར་སྐབས་དེར་རེ་ཞིག་ཙམ་དུ་སེམས་རྣམ་པར་ག་སུཾང་བཱར་གྱུར་པ་གང་ཡིན་པ་དེ། བྲན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རྣམ་པར་ག་ཡེ་བུ་ཞེས་བྱའོ།། དེ་ལ ་རྣམ་པར་མི་གཡེང་བའི་དངོས་པོ་དང་། རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་ཞེས་བྱ་བ་ནི་ཏིང་འཛིན་མི་གནས་པ་ན་འདོད་པའི་ཁམས་ཀྱི་ཚེསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་སྦྱོར་བའི་ལམ ་ཡིན་ཏེ། རྣམ་པར་མི་གཡེང་བའི་དངོས་པོ་ནི་ཏིང་འཛིན་གྱི་རྣམ་པ་མ་གཏོགས་པ་གཞན་དུས་མཚུངས་པའི་ཆོས་སོ།། རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་ནི་ཏིང་འཛིན་གྱི་བདག་ཉིད་ཁོ་ན་བཟུང་སྟེ། ་འདི་ནི་ཤེས་རབ་ཀྱི་སྟོང་དུ་གྱུར་པའི་ཕྱིར་གནས་ཞེས་བྱའོ།། བསྒོམ་པ་ལ་ཡོངསུ་སྐྱོ་བའི་སྦྱོར་བ་གསལ་བའི་དངོས་པོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ ་སྤོང་བར་ཐོགས་པ་མེད་པའི་ལམ་གང་ཡིན་པའོ།། དེ་བསྟན་པའི་དངོས་པོ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་སེམས་ཐོགས་པ་མེད་པའི་ལམ་གང་ཡིན་པའོ་ཞེས་སོ།། ཁ་ཅིག་ན་རེ་དངོས་པོ་སྔ་མ་གསུམ་ནི་སྔར་བཤུད་པ་བཞིན་ནོ།། ་དངོས་པོ་བཞི་པ་ནི་ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ།། དངོས་པོ་ལྔ་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དངོས་གཞི་ཏིང་འཛིན་ཏོ།། ་དངོས་པོ་དྲུག་པ་ནི་སྔར་བཤད་པོ་དང་འདྲའོ་ཞེ་ན། ཁཾ་ནཱག་ན་རེ་དཱི་ལས་རྣམ་པར་གཡེང་བ་དངོས་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལམ་བསྒོམ་པ་ནི་ཐོས་པ་དང་། བསམ་པའི་ཤེས་རབ་གཉིས་ལ་བརྟེན་ནས་ཁམས་གསུམ ་རྩི་སྒོམ་པ་སྤྱད་པར་བྱེ་བའི་ཉོན་མོངས་པ་སྤོང་བར་མི་བྱེད་པ་སྦྱོར་བའི་ལས་རིང་བ་གང་ཡིན་པའོ།། དེ་ལ་རྣམ་པར་མི་ག་ཡེང་བའི་དངོས་པོ་དང་རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ ་འཛིན་ལ་གནས་ནས་ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངསྲ་པའི་སྦྱོར་བའི་ལམ་ཉེ་བར་བསྟན་པ་གང་ཡིན་པའོ།། དེ་ལ་དེ་རྣམ་པར་གཡེང་བའི་དངོས་པོ་ནི་མཉམ་པར་གཞག་པ་ན་གཞན་སེམས་དང་སེམས་ལས ་བྱུང་བ་རྣམས་རྣམ་པར་མི་གཡེང་བ་གང་ཡིན་པའོ།། གནས་ཀྱི་དངོས་པོ་ནི་ཏིང་འཛིན་གྱི་རྣམ་པ་ཁོ་ནས་བཟུང་སྟེ། ཤེས་རབ་ཀྱི་གནས་བྱེད་པའི་ཕྱིར་གཞན་ཞེས་བྱའོ།། སྒོམ་པས་ཡོངསུ་སྐྱོ་བའི་སྦྱོར་བ་བརྩམས་པའི་དངོས་པོ ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་མོ།། བསྒོམས་པའི་ཕན་ཡོན་གྱི་དངོས་པོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་སྒོམ ་པས་སྦྱང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་བར་ཆུད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་མོ།། དེ་བསྟན་པའི་དངོས་པོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ཀྱི་སྒོམ་པས་སྤང་བར་བྱ་བའི་ཉན་མོངས་པ་སྤང་བར་བྱ་བ ་ཉོན་མོངས་པ་སྤོང་བར་བྱེད་པ་བར་ཆད་མེད་པའི་ལམ་སྟེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཏོ།། ཅིའི་ཕྱིར་རྣམ་པར་གྲོལ་བའི་ལམ་བསྟན་ཅེ་ན། རྣམ་པར་གྲོལ་བའི་ལམ་དེ་མི་སློབ་པས་བསྡུས་པའི་ཕྱི་རོ་ཞེའོ།། དགོངས་པ་ཟབ་མོ ་ཏེས་པར་འགྲེལ་པའི་དཔེ་གཞན་ཁ་ཅིག་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་པར་མི་གཡེང་བའི་དངོས་པོ་ཞེས་བྱ་བ་མེད་དེ་མ་ཚང་ངོ་།། དཔེ་འདི་ལས་ནི་དངོས་པོ་དྲུག་ཆར་ཚང་བར་འབྱུང་སྟེ། རྒྱ་གར་གྱི ་དཔེ་ཉིད་དང་། མཚམས་རྣམ་པར་གྲོལ་བའི་མདོ་དང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་དང་གཏུགས་པ་ལས་ཀྱང་དངོས་པོ་དྲུག་ཚང་བ་འབྱུང་བའི་ཕྱིརརོ།། འདིར་དངོས་པོ་དྲུག་ཚང་བར་བསྟན་པ་ནི ་ཡང་དག་པ་ཡིནོ།། འཕགས་པའི་སྤྱོད་ཡུལ་པ་བསྡུས་པའི་དངོས་པོ་དང་། འཕགས་པའི་ཕྱོགས་དང་། གཡོག་འཁོར་བསྡུས་པའི་དངོས་པོ་དང་། དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ་དང་། མྱ་ངན་ལས་འདས་པ་ཡང་དག་པར་འཐོབ ་པའི་དངོས་པོ་ཞེས་བྱ་བ་ནི་ལྔ་དངོས་པོ་རྣམ་པ་བཞི་ལས་བརྩམས་ནས་མི་སློབ་པའི་ལམ་བསྟན་པ་སྟེ། དེ་ལ་འཕགས་པའི་སྤྱོད་པ་བསྡུས་པའི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་བསྡུས་པ་ཟད་པ་དང་། མི་སྐྱེ་བ ་ཤེས་པ་གང་ཡིན་པའོ།། འཕགས་པའི་ཕྱོགས་དང་གཡོག་འཁོར་བསྡུས་པའི་དངོས་པོ་ཞེས་བྱ་བ་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་བཟུང་བ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་གང་ཡིན་པའོ།། དེ་ཁོ་ནི་རབ་ཏུ་རྟོག་པའི་དངོས་པོ་ཞེ ་བྱ་བ་ནི་ལྷག་མ་མེད་པར་མཇུག་ཏུ་ཉེ་བར་ཡང་དེ་ཁོ་ན་ཉིད་དུ་བསྒོམ་པ་གང་ཡིན་པའོ།། མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པའི་དངོས་པོ་ཞེས་བྱ་བ་ལྐོག་མ་མེད་པར་འཇུག་ཏུ་ཉེ་བར་སྔར་འགོག་པ་སྙོམས་པར་ཞུགས ་པས་ཀུན་གཞི་རྣམ་པར་སེམས་དེ་ཉིད་ཀྱི་ཡོངསུ་མྱ་ངན་ལས་འདས་པ་གང་ཡིན་པའོ།། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་ཐམས་ཅད་ཡང་དག་པའི་ལྟ་བ ་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ་དང་། དེ་མི་བསྒོམ་པས་ཡོངསུ་ཉམས་པའི་དངོས་པོ་ཞེས་བྱ་བ་ལ་སོགས་པས་ནི་དྲུག་པ་དངོས་པོ་རྣམ་པ་གཉིས་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན ་པ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། དངོས་པོ་གཉིས་བསྟན་པ་དང་། རྒོལ་བའི་ལས་བསྟན་པའོ།། འདི་ནི་དང་པོ་སྟེ། དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་གྱི་བསྟན་པ་རྣམ་སོ།། ལེགས ་བར་གསུངས་པའི་ཆོས་ཞེས་བྱ་བ་ནི་མདོ་སྡེ་དང་། ཆོས་མངོན་པའི་སྡེ་སྣོད་དོ།། འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་ཉིད་དོ།། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སུ་ལས། ལེགས་པར་ཆོས་གསུངས་པ་ནི་རིག་པས ་བསྡུ་བའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོངསུ་འཛིན་པར་བྱེད་པའི་འདུལ་བ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་དང་མཐུན་པའི་ཕྱིར་རོ་ཞེས་བསྟོན་པ་ཡི་ནོ།། ལེགས་པར་གསུངས་པའི་ཆོས་འདུལ་བ་ཞེས ་བྱཱ་བཱི་ནི་འདི་ནི་རྒྱ་ཆེར་བཤོད་པ་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ནི་འདི་སྐད་དུ་སྟེ་སྣོད་གསུམ་ལས་གསུངས་པའི་རྣམ་པར་གྲོལ་བའི་ཕྱོགས་ཀྱིས་བསྡུས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དམན་པ ་ཡིན་ཡང་། འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དགེ་བའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཡིན་ནོ་ཞེས་བྱ་བ་བསྟན་པར་འགྱུར་རོ།། ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཞེས་བྱ་བ་འདི་ལ་ཡང་བཤད ་ཊ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ནུ་རེ་སྤྱི་བོར་མཐོང་བའི་ས་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར། ཡུང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཞེས་བྱའོ་ཞེའོ།། ཁ་ཅིག་ནཱ་རེ་འདི་ནི་དཔེ་ལཱསྱ། མཱིང ་བཏགས་པ་ཡིན་ཏེ། དེ་དག་གི་གཞུང་གཱི་བསྟན་པཱའི་ཡང་དག་པའི་ལྟ་བ་ཁྱད་པར་དུ་འཕགས་པ་དོནི་དཔེར་ན། མིའི་སྤྱི་བོ་དང་འདྲེ་བའི་ཕྱིར་ཡང་དགུ་པའི་ལྟ་བ་ལྔས་སྤྱི་བྱོར་གྱུར་པའི་དངོས་པོ་ཞེས་བྱའོ་ཞེའོ།། དེ་མི ་བསྒོམ་པ་ཡོངསུ་ཉམས་པའི་དངོས་པོ་ཞེས་བྱ་བ་ནི་དངོས་པོ་གཉིས་པ་བསྟན་ཏེ། འདི་ལྟར་ལྟ་བ་ལེགས་པར་གསུངས་པའི་ཆོས་འདུལ་བ་དེ་ལས་དགེ་བ་བསྒོམ་ཞིང་། དངོས་པོ་སྔ་མ་མི་བསྒོམ་པའི་ཕྱིར་མི་བསྒོམ་པ ་ཡོངསུ་ཉམས་པའི་དངོས་པོ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ལེགས་པར་གསུངས་པའི་ཆོས་འདུལ་བ་བསྒོམ་པའི་ཕྱིར་ཡོངསུ་ཉམས་པར་གྱུར་པ་ཞེས་བཤད་ཀྱི། ལྟ་བའི་ཉེས་པའི་ཕྱིར་ཡོངསུ་ཉམོས་པ་ཞེས་བརྗོད ་བྷ་ནི་མ་ཡིན་ཞེས་བྱ་བ་ནི་གཉིས་པོ་རྒོལ་བའི་ལན་སྟོན་པ་འདི་ལྟར་ཕྱི་རོལ་པ་འདི་དག་འདི་སྐད་དོ།། མི་བསྒོམ་པས་ཡོངསུ་ཉམས་པའི་དངོས་པོ་ཡིན།། ཉེས་པའི་སྐྱོན་དུ་འགྱུ་རོ་ཞེས་ཟེར་བས་དེའི་ཕྱིར་ཚིག་འདི་གསུངས ་ཡིན་ཏེ། ཡོངསུ་ཉམས་པ་ཞེས་བྱ་བ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མི་བསྒོམ་པའི་ཕྱིར་ཡོང་སུ་ཉམས་པ་ཞེས་བྱའི། དང་པོ་གཉིས་པ་ལ་ཉོས་པ་ཉིད་དུ་བལྟ་བའི་ཕྱིར་ཡོངསུ་ཉམས་པ་ཞེས་བརྗོད ་པ་ནི་མ་ཡིན་ཏེ། འདི་ནི་མ་ཐོབ་པ་དང་། མ་བསྒོམ་པ་གཉིས་ཀྱི་ཡོངསུ་ཉམས་པ་ལ་བྱའོ།། དེས་ན་དངོས་པོ་གཉིས་པ་འདི་ནི་དཔྱད་ན་ཕྱི་རོལ་པ་རྣམས་ཀྱིས་ཡང་དག་པའི་ལྟ་བ་ཇི་སྙེད་པ་ཡོད་པ་དག་ལས་ཁྱད ་པར་དུ་འཕགསོ་ཞེས་བྱ་བའི་ཐ་ཚིག་གོ།། འཇམ་དཔལ་གང་དུ་ངས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་སོ་སོར་ཐར་པ་འམ། སོ་སོར་ཐར་པ་དང་ལྡན་པའི་ཆོས་ཡོངསུ་བསྟན་པ་གང ་ཡིན་པ་དེ་ནི་འདུལ་བ་ཞེས་བྱའོ།། ཞེས་བྱ་བ་འདི་མཱན་ཆད་ནི་གཉིས་པ་འདུལ་བ་རྣམ་པར་ཕྱེ་སྟེ་བཤད་པ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་མདོར་བསྟན་པྲ་དང་། ཞུས་པ་དང་ལན ་དག་གིས་རྣམ་པར་དབྱེའོ།། འདི་ནི་དང་པོ་མཚན་ཉིད་མདོར་བསྟན་པའོ།། འདི་ལ་གང་དུ་ཞེས་བྱ་བ་ནི་འདུལ་བའི་བསྟན་པ་ལ་གང་དུ་ཞེས་པ་ནི་གནས་སུ་བསྟན་པའོ།། ངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཧཱུཾ། ཕུང་པོ ་ལྔ་ལ་ཐ་སྙད་དུ་བཏགས་པའོ།། འདི་ལྟར་དེ་བཞིན་གཤེགས་པ་དེས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སོ་སོར་ཐར་པ་དང་ལྡན་པའི་ཆོས་ཡོངསུ་བསྟན་པ་གང་ཡིན་པ་སྟེ། རིགས་བདུན་པོ་དག ་ཡང་དག་པར་བླངས་པའི་སྡོམ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་སོ་སོར་ཐར་པ་ཞེས་བྱའོ།། དེ་ལ་བྱེ་བྲག་ཡོད་པ་དང་། ཐེག་པ་གཉིས་ཀྱིས་ཡང་དག་པར་བླངས་པ་གང་ཡིན་པ་དེ་ནི་ལུས་དང་ངག་གི་ཡན ་ལག་བདུན་ཁོ་ན་ལ་ངོ་བོ་ཉིད་དུ་རྣམ་པར་འཇོག་གོ།། བྱང་ཆུབ་སེམས་དཔའ་ནི་སྤྱིར་ལུས་ལ་སོགས་པའི་ལས་གསུམ་པོ་དག་ལས་ངོ་བོ་ཉིད་དུ་འཇོག་གོ།། དེ་ལ་སོ་སོར་ཐར་པ་ཞེས་བྱ་བའང་སོ་སོ་ནས ་ཤད་པ་མི་མཐུན་པས་ཐད་ཡོད་པར་སྨྲ་བྱའི་གཞུང་གིས་ནི་རིགས་བརྒྱད་པོ་དག་གིས་སྡོམ་པ་ཡང་དག་པར་ལེན་པ་དང་པོ་རྣམ་པར་རིག་བྱེད་ཀྱི་སོ་སོ་ནས་སྡིག་པ་སྨྲ་ཚོགས་སྦྱོང་བར་བྱེད་པའི་ཕྱིར་སོ་སོར་ཐར་པ་དང་ལམ ་གྱི་ཞེས་བྱའོ་ཞེས་བཤད་དོ།། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་སོ་སོར་ཐར་པའི་སྡོམ་པའི་བྱེ་བྲག་གི་མིང་བསྟན་པའི་ཕྱིར། ཚིག་ལེའུར་བྱས་པ་ལས། དེ་དག་ཐཾད་ཀྱང་ནི་ཚུལ་ཁྲིམས་དང་། ལེགས་པར་སྤྱད་པ་དང་། ་སྡོམ་པ་ཞེས་བྱ་སྟེ། དང་པོ་ནི་རྣམ་རིག་མིན་ཁོ་ན་སོ་སོར་ཐར་པ་དང་ལས་ཀྱི་ལམ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། མི་མཉམ་པ་རྣམས་མཉམ་པར་འཇོག་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ངེས ་པོའི་ཚིག་ཏུ་ནི་བསིལ་ཕྱིར་ཞེས་བྱ་སྟེ་ཚིགས་བཅད་པ་ལས་ཇི་སྐད་དུ། ཚུལ་ཁྲིམས་ཡང་དག་བླངས་པ་དཔེ།། ལུས་ལ་ཡོངསུ་གདུང་བ་མེད།། ཅེས་འབྱུང་བའི་ཚུལ་ཁྲིམས་ཞེས་བྱ་སྟེ། མཁས་པ་རྣམས་ཀྱི་བསྔགས ་པའི་ཕྱིར།། ལེགས་པར་སྤྱོད་པ་ཞེས་བྱ་སྟེ།། ངེས་པའི་ཚིག་བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལུས་དང་ངག་སྡོམ་པའི་ཕྱིར་སྡོམ་པ་ཞེས་བྱའོ།། སོ་སོར་ཐར་པ་དེ་ནི་གནས་སྐབས་དང་པོ་དང་། ཐ་མི་ལས་བྱེ་བྲག་མེང ་པའི་མིང་དུ་རིག་པར་བྱའོ།། སྐད་ཅིག་མ་དང་པོ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ནི་སོ་སོར་ཐར་པ་དང་། ལས་ཀྱི་ལམ་ཞེས་བྱ་བའི་མིང་ཐོབ་སྟེ། འདི་ལྟར་དང་པོ་སྡོམ་པ་ཡང་དག་པར་ལེན་པ་ན། ་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པས་སོ་སོ་ནས་སྡིག་པ་རྣམ་པ་སྣ་ཚོགས་ཡོངསུ་སྤོང་བར་བྱེད་པའི་ཕྱིར་དང་པོ་སོ་སོ་ནས་སྤོང་བའི་དོན་ལས་བརྩམས་ནས་ནི་སོ་སོ་ཐར་པའི་མིང་དུ་རྣམ་པར ་བཞག་ལ། དེ་ཉིད་ཀྱི་ཚེ་བྱ་བ་མཐར་ཕྱིན་ནས་ལས་རྣམས་བསལ་བའི་དོན་ལས་བརྩམས་ནས་ནི་ལས་ཀྱི་ལམ་གྱི་མིང་དུ་བཞག་པ་ཡིན་པས་དེའི་ཕྱིར་སྐད་ཅིག་མ་དང་པོ་ལས་སོ་སོར་ཐར་པ་ཞེས་བྱའོ།། སོ་སོར་ཐར ་པའི་སྡོམ་པ་ཞེས་ཀྱང་བྱའོ།། རྩ་བ་ལས་ཀྱི་ལམ་ཞེས་ཀྱང་བྱའོ།། སྐད་ཅིག་མ་གཉིས་པ་ནས་མ་བཏང་བའི་བར་གང་ཡིན་པ་དེ་ནི་སོ་སོར་ཐར་པ་ཞེས་ཀྱང་མི་བྱའོ།། སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་མི་བྱའོ།། ལས ་ཀྱི་ལམ་ཞེས་ཀྱང་མི་བྱ་སྟེ། ཕྱིས་འབྱུང་བ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་དང་། ཡང་དག་པའི་རིག་པ་དང་རྗེ་སུ་མཐུན་པ་ལས་ཀྱང་། ཕལ ་ཆེར་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་སྟོན་ཏོ།། དེ་ལ་བྱེ་བྲག་ཡོད་པ་ནི་དོན་རྣམ་པ་གསུམ་གྱི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ།། དང་པོ་ནི་མཛོད་ཀྱི་བསྟན་བཅོས་ལས་བསྟན་པ་དང ་མཐུན་ནོ།། བར་མ་ནི་ཡང་ན་དང་པོར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ།། ཐ་མ་ནི་ཡང་དེ་དང་པོར་འབྱུང་བ་ནི་ཉམ་ང་བའི་དྲན་འགྲོ་ལས་ཡང་དང་པོར་འདའ་བ ་འགྱུར་བའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ།། བཤད་པའི་རྣམས་གཞན་དུ་ན་ཡན་ལག་བདུན་གྱི་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཐ་དད་པ་ལསོ།། སོ་སོར་ཐར་པས་ན་སོ་སོ་ཐར་པ་ཞེས་བྱ་སྟེ། ལྔས་དང་ཏིང་འཛིན ་གྱི་ཡན་ལག་བདུན་གྱི་རྒྱུ་ཐུན་མོང་དུ་ཡོད་པ་དང་མི་མཚུངས་པའི་ཕྱིར་དང་། འབྱུང་བ་ཆེན་པོ་གཅིག་གིས་བྱས་པའི་ཕྱིརརོ།། མེཛོད་ཀྱི་བསྟན་བཅོས་ལས། འདོད་པའི་ཁམས་ན་ཡོད་པའི་རྣམ་པར་རིག་བྱེད་མ་ཡིན ་པའི་རྒྱུ་མཐུན་པ་ནི་ཟུག་པ་དང་བཅས་པ་དང་འབྱུང་བ་ཆེན་པོ་སྐྱེ་བས་ཐ་དད་དེ། དེ་ལ་འབྱུང་བ་ཆེན་པོ་སྐྱེ་བ་ཞེས་བྱ་བའི་ཚིག་ནི་ལུས་དང་ངག་གི་ཡན་ལག་བདུན་པོ་དགྲ་རེ་རེ་འབྱུང་བ་ཆེན་པོ་དག་གིས་ཐ་དད་པར ་བྱས་པར་སྟོན་ཏོ།། ཏིང་ངེ་འཛིན་ལས་སྐྱེས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཡོད་དེ། འདི་ལྟ་སྟེ། བསམ་གཏན་རྣམས་དང་། ཟག་པ་མེད་པའི་སྡོམ་པ་གང་ཡིན་པའོ།། རྣམ་པ་འདི་གཉིས ་ཀྭའི་ཏིང་ངེའི་རྟེན་ལ་བརྟེན་ནས་འཕེལ་བ་དང་། མ་ཟིན་པ་དང་། ཐ་དད་པ་མ་ཡིན་པའི་འབྱུང་བ་ཆེན་པོ་ཞེས་བྱ་བའི་པ་ཚིག་གིས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་ཡན་ལགེ་བདུན་པོ་དག་འབྱུང་བ་ཆེན་པོ་བཞི ་ངག་གིས་རྒྱུ་བྱས་པ་མཚུངས་པ་ཉིད་དུ་བསྟུན་ཏེ་བཤད་པ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། གནས་སུ་གྱུར་པའི་འབྱུང་བ་ཆེན་པོ་རྣམས་སེམས་བཞིན་དུ་གཅིག་པ་ཉིད་དུ་གྱུར་ཅིང་། བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིརརོ་ཞེས་བཤད་དོ།། ་བསྟན་བཅོས་ཡང་དག་པའི་རིག་པ་དང་རྗེསུ་མཐུན་པ་དང་། ཞུང་རབ་ཏུ་བསྟན་པ་ལས་ཀྱང་། མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་འབྱུང་ངོ་།། གཞན་ཡང་བསྟན་བཅོས་ཡང་དག་པའི་རིག་པ་དང་རྗེས་སུ ་མཐུན་པ་དང་། གཞུང་རབ་ཏུ་བསྟན་པ་ལས་ཀྱང་། མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་འབྱུང་ངོ་།། གཞན་ཡང་བསྟན་བཅོས་ཡང་དག་པར་རིག་པ་དང་། རྗེསུ་མཐུན་པ་ལས། ཡང་ན་ལམ་དང་། ཏིང་འཛིན་ལས། ་སྐྱེས་པའི་སྡོམ་པ་གང་ཡིན་པ་དེ་ནི་སེམས་ཀྱི་རྗེ་སུ་འབྲང་བའི་སྡོམ་པ་ཡིན་ལ། སོ་སོར་ཐར་པའི་སྡོམ་པ་ནི་སེམས་ཀྱི་རྗེ་སུ་འབྲང་བ་མ་ཡིན་པའི་ཕྱིར། གཞན་ཡང་བསྟན་བཅོས་རྣམ་པར་གཡེང་བས་བྱས་པའི་དགེ་བ་ནི ་ལུས་དང་ངགེ་དང་སེམས་ཐ་དད་པརྱ་སྤྱོད་ཅིང་ཐུན་མོང་དུ་ཡོད་པའི་རྒྱུ་མཐུན་ཡིན་པའི་ཕྱིར་ཡང་སོ་སྔོར་ཞེས་བྱའོ།། གཞན་ཡང་ཚུལ་ཁྲིམས་ནི་མྱ་ངན་ལུས་འདས་པའི་རྒྱུ་དང་པོ་ཡིན་པའི་ཕྱིར། དེའི་ཕྱིར་བསྟན་པ ་གཞན་བསྟན་པའི་མདོ་ལས་ཚུལ་ཁྲིམས་ནི་རྣམ་པར་གྲོལ་བ་དང་རྗེ་སུ་མཐུན་པའི་ཡང་དག་པ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་གསུངསོ།། ཡང་ན་སོ་སོར་ཞེས་བྱ་བ་ནི་འདི་ལྟ་སྟེ། སོ་སོར་ཐ་དད་པའོ།། ། ་ཐར་པ་ནི་མྱ་ངན་ལས་འདས་པའི་འབྲས་བུའོ།། ལམ་དང་ཏིང་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་ནི་ཡང་དག་པར་གྲོལ་བ་ཐོབ་པར་འགྱུར་བ་ཡིན་ལ། སོ་སྐོར་ཐར་པའི་སྡོམ་པ་ནི་ལུས་དྲང་དྲག་དག ་གི་དགེ་བ་རྣམ་པར་གཡེང་བས་བྱས་པ་ཡིན་ཡང་། མྱ་ངན་ལས་འདས་པའི་འབྲས་བུ་མཐོར་ཐུག་པའི་ཕྱོགས་ཡིན་པས་སོ་སོར་ཐར་པ་ཞེས་བྱའོ།། ཡང་ན་ལམ་དང་ཏིང་འཛིན་ལས་བྱུང་བའི་སྡོམ་པ་གཉིས་ནི་སེམ ་དང་ལྷན་ཅིག་འགྲོགས་པའི་ཡིན་པས་མཚུངས་པར་འབྲས་བུ་མཐར་ཐུག་པ་ལ་གཞོལ་བ་ཡིན་ལ། སོ་སོར་ཐར་པའི་སྡོམ་པ་ནི་འདི་ནི་སེམས་དང་སོ་སོ་ཐ་དད་ཅིང་འགོག་པའི་འབྲས་བུ་ལ་གཞོལ་བ་རིང་བས་སོ་སོར ་ཐར་པ་ཞེས་བྱའོ།། གཞན་ཡང་སོ་སོ་ཐར་པའི་སྡོམ་པ་ནི་ད་ལྟར་གྱི་ཁོ་ན་དགག་པ་དང་། སྦྱོར་བ་དང་། རྩ་བ་དགག་པར་རྟོགས་པ་ཡིན་ལ། ལམ་དང་ཏིང་འཛིན་ལས་བྱུང་བའི་སྡོམ་པ་གཉིས་ཀྱིས་ནི་དུས་གསུམ ་དགག་པར་ཡང་རྟོག་ཤིང་རྩ་བ་ཁོ་ན་དགག་པ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ།། འདིར་ཐེག་པ་ཆེན་པོ་བསྟན་པ་ལས་ནི། རིགས་བདུན་པོ་དག་ཨེང་དག་པར་བླངས་པའི་སྡོམ་པ་དག་གིས་སོ། ་སོ་ནས་ཉེས་པ་སྲུང་བས་ལམ་དང་ཏིང་ངེ་འཛིན་ལས་བྱུང་བའི་སྡོམ་པ་གཉིས་དང་འདྲ་བར་རིག་པ་བདུན་པོ་དག་ཡང་དག་པར་བླངས་པའི་སྡོམ་པས་ཉེ་བར་བསྲུངས་པའི་ཐ་དད་པ་མ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས ་བྱའོ།། ཐར་པ་ཞེས་བྱ་བ་ནི་ཉེས་པ་བདུན་ལས་ཐར་ཅིང་མྱ་ངན་ལས་འདས་པ་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པའི་ཕྱིར་ཐར་པ་ཞེས་བྱའོ་ཞེས་བཤད་དོ།། གང་དུ་ཡང་ཐ་དད་པའི་འབྱུང་བ་ཆེན་པོ་སོ་སོར་ཐར་པ་ཞེས་བསྟན་པ ་ནི་མེད་དོ།། དེ་ལ་སོ་སོར་ཐར་པ་དང་ལྡན་པའི་ཆོས་ཡོངསུ་བསྟན་པ་ཞེས་བྱ་བ་ནི་འདི་ལ་བཤད་པ་གཉིས་ཡོད་དོ།། ཁ་ཅིག་ན་རེ་ཡང་དག་པའི་ཚུལ་ཁྲིམས་ཀྱི་རྒྱུ་དང་། རྐྱེན་དང་། རྗེསུ་མཐུན་པ་གང་ཡིན་པ་དེ་ནི་ལྡན ་པའི་ཆོས་ཞེས་བྱའོ་ཞེསོ།། ཁ་ཅིག་ན་རེ་ལུས་ལ་སོགས་པའི་ལས་གསུམ་པོ་དག་ལས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་ལ། སེམས་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ནི་ལྡན་པའི ་ཆོས་ཞེས་པའོ།། ཆོས་ཀྱི་གསུང་རབ་དེ་ལ་ནི་འདུལ་བ་ཞེས་བསྟན་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོར་ཐར་པ་རྣམ་པ་དུ་མ་དག་གིས་བསྡུས་པ་ལགས་ཞེས་བྱ་བ་ལ་སོགས་པས་ནི ་གཉིས་པ་ཞུས་པ་དང་ལན་དག་གིས་རྣམ་པར་དབྱེ་བ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པའོ།། འདི་ནི་དང་པོ་སྟེ། གཙོ་བོའི་དབང་དུ་མཛད་ནས་ཞུ་བ་གསོལ ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཁོ་ནས་སྨོས་སོ།། རིགས་ཀྱི་བུ་རྣམ་པ་བདུན་དུ་རིག་པར་བྱ་སྟེ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། ། ་འདི་ཡང་མདོར་བསྟན་པ་དང་། རྣམ་པར་ཕྱེ་ནས་བསྟན་པ་ཉིད་དོ།། ཡང་དག་པར་བླངས་པའི་ཆོ་གའི་དངོས་པོ་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ནི་གཉིས་པ་མཚན་ཉིད་རྣམ་པ་བདུན་རྣམ་པར ་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་ཉིད་ལས་རྣམ་པ་བདུན་དུ་དཔེ་སྟེ། འདི་ནི་དང་པོའི་ཡང་དག་པར་བླང་བའི་ཆོ་གའི་མཚན་ཉིད་བསྟན་པའོ།། འདི་ནི་ཚུལ་ཁྲིམས་ཡང་དག་པར་བླང་བའི ་ཆོ་ག་བསྟན་པ་ཡིན་པས་དེའི་ཕྱིར་ཡང་དག་པར་བླང་བའི་ཚི་གའི་དངོས་པོ་ཞེས་བྱའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། ཡང་དག་པར་བླང་བའི་སྤྱོད་ལམ་བསྟན་པ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར ་གྲོལ་བའི་མདོ་ལས་ནི་ཡང་དག་པར་ཐང་བའི་ཆོས་བསྟན་པ་ཞེས་འབྱུང་ངོ་།། སྡོམ་པ་ཡང་དྲུག་པར་བླང་བའི་ཆོས་འདི་རྒྱུ་ཆེར་བཤད་པཱ་ནཱི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སྐུའི་ནང་ནས་བྱང་ཆུབ་སེམས་དཔའི་ནང ་སའི་ནང་ནས་བསྟན་པ་བཞིན་དུ་རིག་པར་བྱའོ།། ཡང་ནི་སྡོམ་པ་ཡང་དག་པ་རེ་བླང་བའི་ཆོ་ག་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སེ་ལས་ཇི་སྐད་དུ། ཇི་ལྟར་དུ་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ་འདི་ལྟ་སྟེ། སྤྱོད་པ་འམ། འཕྲལ་གྱི་བྱ་བ་འམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་ནས་འཇོག་རྟེན་པ་དང་རྗེསུ་མཐུན་ཞིང་འཇིག་རྟེན་པ་དང་མི་འགལ་བ་དང་འདུལ་བ་དང་རྗེསུ་མཐུན་ཞིང་འདུལ་བ་དང་མ ་འགལ་བས་ན་དེའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞི་ནོ།། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ།། ཕམ་པའི་གནས་ལྟ་བུའི ་དངོས་པོ་བསྟན་པའི་ཕྱིར་ན་ཞེས་བྱ་བ་ནི་གཉིས་པ་ཕམ་པའི་གནས་ལྟ་བུའི་དངོས་པོའི་མཚན་ཉིད་བསྟན་པའོ།། འདི་ལྟར་ལྕི་བ་བཞི་པོ་དག་གིས་ཉེས་པ་འབྱུང་བར་འགྱུར་ནཱ་གདོན་མི་ཟ་བར་ཕས་ཕམ་པའི ་ཉོན་མོངས་པའི་དབང་དུ་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་ལསུ་རྒྱལ་བར་འགྱུར་བའི་ཕྱིརོ།། ཕས་ཕམ་པ་དེ་ཡང་རྣམ་པ་བཞི་ཡོད་དོ།། བསྟེན་བཅོས་རྣལ་འབྱོར་སྤྱོད་པའི་སཱ་ལསཱ་ཇི་སྐད་དུ། རྙེད་པ་དང ་བཀུར་སྟི་ལ་ལྷག་པར་ཞེན་ཅིང་། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། སྱེ་རེ་སྣས་ཟང་ཟིང་དང་ཆོས་སེམས་ཅན་ལ་མི་གཏེར་བ་དང་། ཁྲོ་བའི་སྔམས་ཀྱིས་སོམས་ཅན་ལ་རྡེག་ཅིང་ཚིག་རྩུབ་པོ་སྨྲས་པ ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་ཤིང་ལོག་པའི་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཕས་ཕམ་པ་བཞིའོ་བཤད་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞི་ནོ།། ཡང་ན་པས་ཕམ་པ ་ནི་བཅུ་སྟེ། སྔ་མ་བཞིའི་སྟེང་དུ་ཡང་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་དང་། བརྫུན་ཏུ་སྨྲ་བ་དང་། ཆང་འཚོང་བ་དང་། གཞན་གྱི་སྐྱོན་ནས་སྨྲ་བ་བསྣན་ཏེ། ཚངས་པའི ་དྲ་བའི་མདོ་དང་། ཕྲེང་བའི་མདོ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་གསུམ་པ་ལྟུང་བའི་དངོས་པོ་མཚན་ཉིད་བསྟན་པའོ།། ་འདི་ནི་དེ་ལས་གཞན་པའི་ཉེས་པ་ཡང་བ་རྣམས་ཏེ། འཕགས་པ་ཆིངས་པ་དྲ་བའི་མདོ་ལས། དྲི་མ་དང་བཅས་པ་བཞི་བཅུ་རྩ་བརྒྱད་གསུངས་པ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཉེས་པ་ཡང་བ ་རྣམས་བསྟན་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་ནོ།། ལྟུང་བ་དང་བཅས་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བཞི་པ་ལྟུང་བ་དང་བཅས་པའི་ངོ་བོ་ཉིད་བསྟན་པའོ།། གཞན་ཡང་ལྟུང་བྱ་དང་བཅས་པའི ་ངོ་བོ་ཉིད་ཅེས་བྱ་བ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་འགལ་བར་འགྱུར་བའི་ཉེས་པ་བསྟན་པ་རྣམས་ཏེ། བསྟན་བཅོས་དེ་ཉིད་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའ་སྡོམ་པ་ཡོངྒ་སུ་དག་པ ་སྣ་གནས་པོ་ཉིན་གཅིག་བཞིན་དུ་དཀོན་མཆོག་གསུམ་པོ་དག་ལ་མཆོད་པའི་བྱ་བ་རླུང་ངུ་འམ། ཆེན་པོ་ཡང་རུང་སྟེ། ཐ་ནཱ་ལུས་ཀྱི་ཕྱག་གཅིག་ཙམ་བཙལ་བ་དང་། ཐ་ན་དཀོན་མཆོག་གསུམ་ལས་བརྩམས་ཏེ། ཚིག་བཞི་པ ་ཚིག་སུ་བཅད་པོ་གཅིག་ཙམ་དུ་ཚིགས་སུ་བརྗོད་པ་དང་། ཐ་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེ་སུ་དྲན་པ་སྔོན་དུ་འགྲོ་བའི་དང་བ་གཅིག་ཙམ་ཡང་མ་བྱས་པར་ཉིན་མཚན་འདའ་བར་བྱེད་ནོ་ཉེས་པ་དང་བཅས་ཤིང་འགལ་བདང ་བཅས་པར་འགྱུར་ཞེས་བྱ་བ་ནས། རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ལྟ་བུ་བ་མེད་པའི་ལྟུང་བ་མེད་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ལྔ་པ་མེད་པའི་ངོ་བོ་ཉིད་བསྟན་པ་སྟེ། བཅས་པའི་ཁ་ན་མ་ཐོ་བ་ཉིད་དོ།། ཡང་ན་བསྟན ་བཅོས་རྣལ་འབྱོར་སྤྱོད་པོའི་ས་ལས། ཐམས་ཅད་དུ་ཉེས་པ་མེད་པ་ནི་སེམས་འཁྲུག་པ་དང་། སྡུག་བསྔལ་གྱི་ཚོར་བས་ཉོན་པ་དང་། སྡོམ་པ་མ་མནོས་པ་ལ་ནི་ཐམས་ཅད་དུ་ཉེས་པ་མེད་པར་རིག་པར་བྱའོ་ཞེས་བསྟན་པ་ཉིད་དོ།། ། ་གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། ཉེས་པ་མེད་པ་རྣམ་པ་བཞི་སྟེ། གསུམ་ནི་སྡེར་བཤད་པ་དང་མཐུན་ཏེ། ཡང་ན་ལས་དང་པོ་ལས་བསྟན་པའོ།། ལྟུང་བ་ལས་འབྱུང་བ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་དྲུག་པ་ལྟུང ་ལས་འབྱིན་པའི་མཚོན་ཉིད་བསྟན་པ་ནི་སྡིག་པ་བཤགས་ཤིང་ཉེས་པ་ལས་འབྱིན་པའི་ཆོས་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གལ་ཏེ་ཀུན་ནས་དཀྲིས་པ་ཆེན་པོས་བྱང་ཆུབ་སེམས་དཔའ ་ལ་ཕམ་པའི་གནས་ལྟ་བུའི་ཆོས་འབྱུང་བར་འགྱུར་ན་སླར་ཡང་ནོད་པར་བྱའོ།། གལ་ཏེ་ཀུན་ནས་དཀྲིས་པ་འབྲིང་གིས་ཉེས་པར་བྱུང་ན་ནི་དེ་གང་ཟག་གསུམ་མམ། དེ་ཡན་ཆད་ལ་ཉེས་བྱས་བཤགས་པར་བྱའོ།། ཀུན་ནས ་དཀྲིས་པ་ཆུང་ངུས་ཕམ་པའི་གནས་ལྟ་བུ་ཉེས་པ་བྱུང་བ་དང་། དེ་ལས་གཞན་པའི་ཉེས་པ་རྣམས་ནི་གཅིག་གིས་མདུན་དུ་བཤག་པར་བྱའོ།། གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་ཆོས་མཐུན་པ་མེད་ན་བྱང་ཆུབ ་སེམས་དཔའ་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱ་བར་སེམས་བསྐྱེད་པར་བྱ་ཞིང་ཕྱིན་ཆད་ཀྱང་བསྡམ་པར་བྱའོ།། དེ་ལྟར་བྱས་ན་དེ་ཉེས་པ་དེ་ལས་འབྱུང་བ་ཞེས་བྱའོ་ཞེས་བསྟན་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན ་པ་བཞིན་ནོ།། སྡོམ་པ་གཏོང་བ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བདུན་པ་སྡོམ་པ་གཏོང་བའི་མཚན་ཉིད་བསྟན་པ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་གལ་ཏེ་ཀུན་ནས་དཀྲིས ་པ་ཆུང་ངུ་དང་འབྲིང་གི་ཉེས་པ་ཕམ་པ་ལྟ་བུའི་ཉེས་པ་བྱུང་ན་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བཏང་བར་མི་འགྱུརརོ།། ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕམ ་པའི་གནས་ལྟ་བུའི་ཆོས་འདི་དག་རྒྱུན་མ་འཆད་པར་ཀུན་སྤྱོད་པ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་། དེ་ལ་དགའ་བ་དང་། དེ་ཉིད་ལ་ཕན་ཡོན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི ་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ།། ཕམ་པའི་ཆོས་རྣམས་བྱས་པས་དགེ་སློང་གི་སོ་སོར་ཐར་པའི་སྡོམ་པ་བཏང་བར་འགྱུར་བ་བཞིན་དུ། བྱང་ཆུབ་སེམས་དཔས། ཕམ་པའི་གནས་ལྟ་བུའི་ཆོས་གནས་ཅིག ་ཙམ་ཀུན་ཏུ་སྤྱོད་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་མི་འགྱུར་རོ།། བྱང་ཆུབ་སེམས་དཔས་ནི་ཡང་དག་པར་བླངས་པ་ཡོངསུ་བཏང་དུ་ཟིན་ཀྱང་། ཚེ་འདི་ལ་བྱང་ཆུབ་སེམས་བའི ་ཚུལ་ཁྲིམས་ཡང་དག་པའི་སྡོམ་པ་ཡང་དག་པར་བླངས་པ་གནོད་པའི་བསྐལ་པ་ཡོད་དེ། འདི་ལྟ་སྟེ། དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཕམ་པ་བྱུང་བ་བཞིན་དུ། བསྐལ་པ་མེད་པ་ཁོ་ནར་འགྱུར་བ་ནི་མི་ཡིན་ནོ།། ་མདོར་བསྡུ་ན་རྒྱུ་རྣམ་པ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོང་སུ་བཏང་བ་དང་། ཕ་མ་པ ་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ།། བྱང་ཆུབ་སེམས་དཔའི་གང་གིས་སྨོན་ལམ་ཡང་མ་བཏང་ལ། ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོའིའདི་ཀུན་ཏུ་མ་སྦྱང་ན། ཚེ་རྗེསུ ་ཟིན་ཀྱང་། འོག་དང་སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཡོངསུ་བཏང་བར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཚེ་བརྗེས་ཏེ་བརྗེད་ནའང་དགེ་བའི་བཤེས་གཉེན ་བསྟེན་པ་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དང་ཡུང་གསོ་བར་བྱེད་པར་ཟད་ཀྱི། གསར་དུ་ཡང་དག་པར་ལེན་པ་ནི་མ་ཡིན་ཞེས་འབྱུང་བ་ལྟ་བུའོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྐྱེན་རྣམ་པ ་བཞེས་སྡོམ་པ་བཏང་བར་འགྱུརརོ།། ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས། གཞན་ཡང་སྡོམ་པ་དེ་མ་བཏང་བ་ནི་ཚེ་རབས་གཞན་དུ་ཡང་རྗེསུ་འཇུག་པར་རིག་པར་བྱའོ།། གལ་ཏེ་བཏང་ནི་ནི་མ་ཡི་ནོ།། དེ་གཏོང་བ་ནི་མདོར ་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པརུ་ལེན་པའི་སེམས་ཀྱིས་མི་འདྲ་བའི་སེམས་སྐྱེད་བར་བྱེད་པ་དང་། མི་བརྡ་ཕྲད་པའི་དྲུང་དུ་དབུལ་བ་དང་ལྡན་པའི་ཚིག་རྐྱོད་པར་བྱེད་པ་དང་། ཕས་ཕམ་པའི། ་གནས་ལྟ་བུའི་ཆོས་བཞི་པོ་དག་ལ་ཐམས་ཅད་དམ། རེ་རེའི་ཉེས་པ་འབྱིན་པ་དང་། ཕམ་པའི་གནས་ལྟོ་བུའི་ཆོས་བཞི་པོ་དག་ཐམས་ཅད་དམ། དཱི་རེ་རཾ་ལ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་པ་འབྱིན་པར་བྱེད་ན། བྱུང ་ཆུབ་སེམས་དཔས་སྡོམ་པ་བཏང་བར་རིག་པར་བྱའོ།། གལ་ཏེ་ཕྱིས་བླངས་པའི་སེམས་ཡོངསུ་དག་པར་ཐོབ་པར་འགྱུར་ན་ཡང་ཕྱིས་བླངས་པར་བྱའོ་ཞེས་འབྱུང་ངོ་།། ཉན་ཐོས་ཀྱི་ཚུལ་ཁྲིམས་གཏང་བའི་རྐྱེན་མང་ཉུང་ནི ་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རྒྱུ་རྣམ་པ་ལྔས་གཏོང་བར་འགྱུརརོ་ཞེས་བཤད་དེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ནང་ནས། སོ་སོར་ཐར་པའི ་སྡོམ་པ་ཇི་ལྟར་གཏོང་བར་འགྱུར་ཞེ་ན། ཚིག་ལེའུར་བྱས་པ་ལས། སོ་སོར་ཐར་པའི་འདུལ་བ་གཏོང་།། བསླབ་པ་ཕུལ་དང་ཤྲཱི་འཕོས་དང་།། མཚན་གཉིས་དག་ནི་བྱུང་བ་དང་།། རྩ་བ་ཆད་དང་མཚན་འདས་ལས།། ཞེས་འབྱུང ་བེ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། དེ་ལ་འདུལ་བ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ཡིན་པར་བསྟན་པར་དགོངས་ཏེ། དེས་དབང་པོ་རྣམས་འདུལ་བར་བྱེད་པའི་ཕྱིར་རོ།། བསྙེན་གནས་པའི་སྡོམ་པ་མ་གཏོ ་xxx ་xxx ་xxx ་ཞེས་འབྱུང་། བསྟན་བཅོས་ཡང་དག་པར་རིག་པ་དང་རྗེས་མཐུན་པ་དང་། གཟུང་རབ་ཏུ་བསྟན་པ་དང་། ཧཱུཾ་བྲག་ཏུ་བཤད་པ་ཆེན་བྲུ~ཾ་ལས་བསླབ་པར་དཕྲུལ་པའི་ནཱ་ནཱ་སྨཻ་པ་སྐྱེ་འབྱུང་ལཱྀ་ཡང་མཛོད ་པོ་དང་མཐུན་ནོ།། སྣུན་བཅྡོཾས་སེམས་སྣ་ཚོགས་བསྟན་པ་ལས། སྡོམ་པོའི་ཚུལ་ཁྲིམས་ཀྱི་གནས་པས་དང་པོའི་སྲུང་བ་རྣམས་ཀྱིནནིས་པ་ཡིན་པས་གང་ག་མི་ལུས་ལ་གནས་པ་ད ་xxx ་ཞེས་ཀྱང་བྱ་བུ་ལོན་ཆགས་པ་ཞེས་ཀྱང་བྱ་སྟེ། བུ་ལོན་བཙལ་ཟིན་ནས། ཕྱུག་པོ་ཁོ་ན་ཞེས་བརྗོད་པ་བཞིན་ནོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་དེ་སྐད་དུ ་སྟོན་ཏོ།། ཆོས་གསང་བའི་སྡེ་པ་དགྲ་ལ་ནི། རྒྱུ་རྣམ་པ་དྲུག་གིས་གཏོང་བར་འགྱུརརོ་ཞེས་བཤད་དེ། ལྔ་ནི་མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་ནོ།། ཡང་ཆོས་འཇིག་པར་བསྟན་པའོ།། དེའི་ཕྱིར་མཛོད་ཀྱི་བསྟེན ་བཅོས་ལས་སྡེ་པ་གཞན་ཁ་ཅིག་ན་རྭ་ཡང་དག་པའི་ཆོས་ནུབ་པས་ཀྱང་སོ་སོར་ཐར་པའི་སྡོམ་པ་གཏང་བར་འགྱུར་ཏེ། འདི་ལྟར་ཆོས་ནུབ་པའི་ཚེ་བསླབ་པའི་གནས་དང་། མཚམས་གཅོད་པའི་ལས་ལ་སོགས་པ་ཐམས ་ཅད་ཀྱང་ནུབ་པར་འགྱུར་བའི་ཕྱིར་རོ་ཞེས་འབྱུང་ངོ་།། མདོ་སྡེ་པ་དག་གི་གཞུང་གིས། རྒྱུ་རྣམ་པ་ལྔས་སྡོམ་པ་གཏོང་བར་འགྱུར་བར་བཤུད་པའང་མཛོད་ཀྱི་བསྟན་པ་དག་དང་། མཐུན་ཏེ། མཚན་མོ་ཟད་པ་ཞེས་པར་མི་འབྱུང ་བར་ཡང་ཉེས་པ་ལྕི་བར་བྱུང་པོས་བསྣན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས། སྡེ་པ་གཞན་ཁ་ཅིག་ན་རེ་ཉེས་པ་ལྕི་བ་བཞི་པོ་ལྟུང་བར་འགྱུར་བའི་ཉེས་པ་དག་ལས་གང་ཡང་རུང་བའི་ཉེས་པ་གཅིག་བྱུང་ན། ་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་གཏོང་བར་འགྱུ་རོ།། ཞེ་ན། འབྱུང་བ་ཡིནོ།། ཐེག་པ་ཆེན་པོ་བསྟན་པ་དང་སྦྱར་ན། ཉན་ཐོས་ཀྱི་སྡོམ་པ་ནི་རྒྱུ་རྣམ་པ་ལྔས་སྤོང་བར་འགྱུ་རོ་ཞེས་མདོ་སྡེ་པ་དག་གིས་བསྟན་པ་དང ་མཐུན་པར་བཤད་དེ། དེའི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་རྒྱུ་དུས་ན། དགེ་སློང་གི་སྡོམ་པ་བླངས་པ་གཏོང་བར་འགྱུར་ཞེ་ན། མདོར་སྤུ་ན་རྒྱུ་རྣམ་པ་ལྔ་སྟེ། བསླབ་པའི་གཞི་རྣམས་ཕུལ་བའི་ཕྱིར་དང་། ་ལྟུང་བའི་རྩ་བ་ལྷག་པར་སྤྱོད་པའི་ཕྱིར་དང་། མཚན་ནུ་ཅིང་མཚན་གཉིས་སྐྱེ་དེའི་ཕྱིར་དང་། དགེ་བའི་རྩ་བ་ཆད་པའི་ཕྱིར་དང་རིགས་མཐུན་པ་སྤང་བའི་ཕྱིར་དགེ་སློང་གི་སྡོམ་པ་བླངས་པ་གཏོང་བར་འགྱུར་རོ།། དམ་པའི ་ཆེས་རབ་ཏུ་རྣམ་པར་ཞིག་ཅིང་དམ་པའི་ཆོས་ནུབ་ན་ནི་དགེ་སློང་གི་སྡོམ་པོ་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་ཡོངསུ་མི་གཏོང་བར་རིག་པར་བྱའི་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན། ་འཇམ་དཔལ་གང་ངས་མཚན་ཉིད་རྣམ་པ་བཅུ་གཅིག་གིས་ཆོས་རྣམས་བཤད་པ་དང་། རྣམ་པར་ཕྱེ་བ་དང་། བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་མཱ་མོའི་མཚན ་ཉིད་རྣམ་པར་ཕྱེ་སྐྱེ་བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨྲས་ནས། ལནྡྲ་མ་དྲོར་གསུང་བཾ་དང་། ཞུ་བ་གསོལ་བ་སྟེ། འདི་ནི་དྲོང་བྱའོ།། དཱི་ལ་མཚན་ཉིད་རྣམ་པ་བཅུ་གཅིག་གང་ཞེ ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་། ལན་དག་གིས་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདིའི་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟོན་ཏོ།། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། ཀུན་རྫོབ་ཀྱི་མཚན ་ཉིད་དང་། དོན་དམ་པའི་མཚན་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད་དང་། རྣམ་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། དེའི་འབྲས་བུའི་མཚན་ཉིད། ་དང་། དེ་མྱོང་བ་རྣམ་པར་བསྟན་པའི་མཚན་ཉིད་དང་། དེའི་བར་དུ་ཆོད་པའི་ཆོས་ཀྱི་མཚན་ཉིད་དང་། དེ་དང་རྗེ་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་དང་། དེའི་ཉེས་དམིགས་ཀྱི་མཚན་ཉིད་དང་དེའི་ཕན་ཡོན་གྱི་མཚན ་ཉིད་དོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་ལན་དུ་གསུངས་པའོ།། འདི་ཡང་རྣམ་པ་གཉིས་པོ་གྲངས་བཞིན་དུ་མིང་བཀོད་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ། བཤད ་པས་བསྟན་ཏེ། འདི་ནི་དང་པོ་གྲངས་བཞིན་དུ་མིང་བཀོད་པའོ།། མཚམས་རྣམ་པར་གྲོལ་བ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི་མིང་ཅུང་ཟད་འདི་དང་མི་མཐུན་ནོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལྔས ་རྣམ་པར་བཤད་པ་ལས་ནི་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་།། དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་དུ་རླིག་པར་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གོ་རིམ་བཞིན་དུ་མཚན་ཉིད་རྣམ་པ་བཅུ་གཅིག ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་མཚན་ཉིད་རྣམ་པ་བཅུ་གཅིག་བསྟན་པ་ཉིད་ཀྱི་རྣམ་པ་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་དང་པོ་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པའོ།། འདི་ཡང་རྣམ་པ་གཉིས་པོ་གྲངས་སྨོས་པ་དང་། ་གྷོ་རིམྦྷ་བཞིན་དུ་རྣམ་པར་ཕྱེ་སྟེ། བཤད་པས་བསྟན་ཏེ། འདི་ནི་དང་པོའོ།། གང་ཟག་བསྟན་པའི་ཕྱིར་དྲང་། ཀུན་བརྟགས་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་དང་། ཆོསྣ་རྣམས་ཀྱི་བྱེད་པ་དང་། གཡོ་བ་དང་། ལས་བྱེད་པ་བསྟན་པའི ་ཕྱིར་རོ།། ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ནི་མཚན་ཉིད་རྣམ་པ་གསུམ་ལས་བརྩམས་ནས་ཀུན་རྫོབ་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། དང་པོ ་བདག་དང་ཆོས་བྱེད་བསྟན། གཞན་གྱི་རྗེ་སུ་མཐུན་ཕྱིར་ནི་བཤད་ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པོ་ལས། དང་པོ་ཀུན་རྫོབ་ཀྱི་བདེན་པ་ནི་བདག་བསྟན་པ་དང་། ཆོས་བསྟུན་པ་དང་། བྱེད་པ་བསྟན་པའོ།། དེ་ལས་བདག་བསྟན ་པ་ནི་འདི་ལྟ་སྟེ། སེམས་ཅན་དང་། སྲོག་དང་སྐྱེ་བ་པོ་དང་། གང་ཟག་དང་། མི་དང་སྐྱེས་པ་དང་། བུད་མེད་དང་། སངས་རྒྱས་བཤེས་གཉེན་དང་། ཆོས་ཀྱི་སྲུང་བ་ཞེས་བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པའོ།། ་སྨྲོས་བསྟན་པ་ནི་འདི་ལྟ་སྟེ། གཟུགས་ནང་ཚོར་བ་ཞེས་བྱ་བ་ལ་སོགས་པ་བསྟན་པོ་གང་ཡིན་པའོ།། གལ་ཏེ་ཀུནྡ་རྫོབ་ཀྱི་བདེན་པ་དོན་དམྦྷ་པར་ཡོད་པ་མ་ཡིན་ན་དོན་གང་གིས་ཕྱིར་བསྟེན་ཅེ་ན། སྨྲས་པ། གཞན ་ཀྱི་རྗེ་སུ་མཐུན་ཕྱིར་ནི་བཤད་ཅེས་བྱ་བ་སྨོས་ཏེ། འདི་ལྟར་དོན་དམ་པའི་བདེན་པ་རྗེ་སུ་མཐུན་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ཡིན་ནོ་ཞེས་བཤད་དོ།། གཞན་ཡང་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུཾ ་བསྟན་པ་ལས། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་གང་ཞེ་ན། སྨྲས་པ། མཚན་ཉིད་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། བདག་བསྟན་པ་དང་། ཆོས་བསྟན་པ་དང་། དངོས་པོ་བསྟན་པའོ།། དེ་ལ་བདག་བསྟན ་པ་ནི་འདི་ལྟ་སྟེ། སེམས་ཅན་དང་། སྲོག་དང་། སྤྱོད་པ་པོ་དང་། ལྷ་དང་། མྱི་དང་། སྐྱེས་པ་དང་། བུད་མེད་ཅེས་བྱ་བ་ལ་སོགས་པ་གང་ཡིན་པའོ།། ཆོས་བསྟན་པ་ནི་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། ་འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པའོ།། དངོས་པོ་བསྟན་པ་ནི་འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་། སྐྱེས་པ་དང་། འགག་པ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་འདི་ནི་ཀུན་རྫོབ ་ཀྱི་བདུན་པ་ཞེས་འབྱུང་ངོ་།། དེ་ལ་དོན་དམ་པའི་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པ་བདུན་བསྟན་པ་ཡིན་པར་རིག་པར་བྱའོ།། ཞེས་བྱ་བ་ནི་གཉིས་པ་དོན་དམ་པའི་མཚན་ཉིད་བསྟན་པ་སྟེ། བསྟན་བཅོས་རྣམ་པར་བཤད ་པའི་ཚིག་ལེའུར་བྱས་པ་ལས་ཇི་སྐད་དུ། དོན་དམ་པའི་བདེན་པའི་མཚན་ཉིད་ནི་དེ་བཞིན་ཉིད་ནི་བདུན་དག་གོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དོན་དམ་པའི་བདེན་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་རྣམ ་བདུན་པོ་དག་གོ་ཞེས་འབྱུང་སྟེ། གོང་དུ་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ།། རྒྱུ་དང་རྐྱེན་གང་གི་ཕྱིར་དེ་བཞིན་ཉིད་རྣམ་པ་བདུན་ལ། དོན་དམ་པའི་བདེན་པ་ཞེས་བྱ་ཞེ་ན། སྨྲས་པ། ཡེ་ཤེས་མཆོག་གཉིས་ཀྱི་སྤྱོད ་ཡུལ་དུ་གྱུར་པའི་ཕྱིར་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་རྗེ་སུ་ལས་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ། དོན་དམ་པ་འདི་ལ་སྤྲོས་པ་མེད་པའི་ཕྱིར་རོ་ཞེས་པ་གཞན་གྱི་སྤྱོད་ཡུལ་མ་ཡིནོ།། གཞན ་ཡང་བསྟུན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས་ཀྱང་། དེ་བཞིན་ཉིད་རྣམ་པ་བདུན་ལ་དོན་དམ་པའི་བདེན་པ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་མཚན ་ཉིད་ནི་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་བསྟན་པ་ཡིན་པར་རིག་པར་བྱའོ།། ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དམིགས་པའི་མཚན་ཉིད་བསྟན་པའོ།། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་ལ ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་དམིགས་པར་བྱ་བའི་ཡུལ་གང་ཡིན་པ་སྟེ། སྔར་བསྟན་པ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་སོགས་པ་ཉིད་དོ།། །། བམ་པོ་བདུན་ཅུ་པ།། རྣམ་པའི ་མཚན་ཉིད་ནི་བརྟག་པ་རྣམ་པ་བརྒྱད་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་རྣམ་པ་བརྒྱད་ཀྱི་མཚན་ཉིད་བསྣུན་པའོ།། འདི་ཡང་རྣམ་པ་གསུམ་སྟེ། གྲངས་མདོར་སྨོས་པ་དང་། མིང་བཀོད ་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ།། འདི་ནི་དང་པོ་སྟེ། དེ་ལ་རྣམ་པ་ཞེས་བྱ་བ་ནི་ཤེས་པའི་རྣམ་པའོ།། མཚན་ཉིད་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ། ལམ་གྱི་ཕྱོགས་ཡང་དག་པར་བཤད་པ་དང་། ་དམིགས་པའི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རྣམ་པའི་མཚན་ཉིད་ཅེས་བྱའོ།། གལ་ཏེ་དེ་ལྟར་ཅིའི་ཕྱིར་དེ་བཞིན་ཉིད་ལ་སོགས་པ་ལ་རྣམ་པའི་མཚན་ཉིད་ཅེས་བསྟན་ཅེ་ན། སྨྲས་པ ་འདི་ལྟར་ཡུལ་རྣམ་པ་བརྒྱད་སྨོས་ནས་རྣལ་འབྱོར་གྱི་བརྟག་པ་བསྟན་པའི་ཕྱིར་རོ།། བསྟན་པ་རྣམ་པ་བརྒྱད་གང་ཞེ་ན། བདེན་པ་ཁོ་ནའི་ཕྱིར་དང་། གནས་པའི་ཕྱིར་དང་། སྐྱོན་གྱི་ཕྱིར་དང་། ཡོན་ཏན་གྱི་ཕྱིར་དང་། ཚུལ་ཁྲི ་དང་། འཇུག་པའི་ཕྱིར་དང་། རིགས་པའི་ཕྱིར་དང་། བསྡུས་པ་དང་། རྒྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པ་སྟེ། འོག་ནས་རེ་རེ་ནས་སྟོན་པས་དེའི་ཕྱིར་འདིར་མྱ་བསྟན་ཏོ།། བསྟན་བཅོ ་རྣམ་པར་བཤད་པ་ལས་ནི། བདེན་པ་དང་། རྣམ་པར་བཞག་པ་དང་། སྐྱོན་དང་། ཡོན་ཏན་དང་། ཚུལ་དང་། འཇུག་པ་དང་། རིགས་དང་། སྡུས་པ་དང་། རྒྱས་པ་ཞེས་འབྱུང་སྟེ། རེ་རེའི་མགོར་ནི་སོ་སོར་བརྟག་པ ་དང་། མཇུག་ཏུ་ནི་སྤྱོད་པ་ཞེས་འབྱུང་ཡང་། དོན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ནོ།། དེ་ལ་བདེན་པ་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པའོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གོ་རིམ་བཞིན ་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་བརྟག་པ་རྣམ་པ་བརྒྱད་ཀྱི་མཚན་ཉིད་བསྟན་པ་ལས། རྣམ་པ་བརྒྱད་དུ་དབྱེ་སྟེ། འདི་ནི་དང་པོའི་བདེན་པ་ཁོ་ནའི་མཚན་ཉིད་བསྟན་པའོ།། འདི་ལྟར་རྩ་བའི་ཡེ་ཤེས ་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་གྱུར་ཅིང་། རང་བཞིན་མི་འདོར་བ་གང་ཡིན་པ་དེ་ནི་བདེན་པ་ཞེས་བྱའོ།། བརྫུན་པ་མ་ཡིན་ཕྱིར་ནི་ཁོ་ན་ཞེས་བྱ་སྟེ། དེའི་ཕྱིར་བདེན་པ་ཁོ་ན་ཞེས་གསུང་སོ།། གནས་པ་ནི་འདི་ལྟ་སྟེ། གང་ཟག་གི་རྣམ ་པར་བཞག་པ་འམ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་རྣམ་པར་བཞག་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གནས་པའི་མཚན་ཉིད་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བདག་དང་ཆོས་སུ་འཛིན་པ ་གཉིས་རྣམ་པར་བཞག་པ་བསྟན་པའང་། ལུང་བསྟན་པ་རྣམ་པ་བཞི་རྣམ་པར་བཞག་པ་འམ། ཆོས་དང་རྣམ་པར་དབྱེ་བ་རྣམ་པར་བཞག་པ་བསྟན་པའོ།། འདི་ནི་དང་པོ་བདག་དང་། ཆོས་སུ་འཛིན་པ་རྣམ་པར་བཞགས་པ ་བསྟན་པ་སྟེ། འདི་ལྟར་ཀུན་བརྟགས་པས་བདག་དང་ཆོས་ཡང་དག་པ་ཉིད་དུ་འཛིན་པ་དག་ནི་ཡང་དག་པ་མ་ཡིན་པོའི་སེམས་ཀྱི་ཡོད་ཅིང་། དོན་དམ་པར་མེད་པ་ཡིན་ཡང་། ཡང་དག་པ་མ་ཡིན་པའི་སེམས་ཀྱི ་རྗེསུ་ཡོད་པར་འཛིན་པའི་ཕྱིར་རྣམ་པར་བཞག་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཀུན་ཏུ་བརྟག་པའི་བདག་ཡང་དག་པ་དང་། ཆོས་ཡང་དག་པ་ནི་ཡོད་པ་མ་ཡིན་ཡང་། ་ཡང་དག་པ་མ་ཡིན་པའི་སེམས་ཀྱི་རྗེསུ་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བསྟན་པ་ཡིནོ།། མགོ་གཅིག་པ་དང་། རྣམ་པར་དབྱེ་བ་དང་། དྲིས་ནས་ལན་གདབ་པ་དང་། བཞག་པས་ལུང་བསྟན་པ་རྣམ་པར་བཞག་པ ་ཞེས་བྱ་བ་ནི་གཉིས་པ་ལུང་བསྟན་པ་རྣམ་པར་བཞག་པ་ཞེས་བྱ་བ་ནི་གཉིས་པ་ནི་ལུང་བསྟན་པ་རྣམ་པ་བཞི་རྣམ་པར་བཞག་པ་བསྟན་པའོ།། རྒོལ་བའི་ལན་གདབ་པའི་ཆོས་ལས་བརྩམས་ནས ་ལུང་བསྟན་པ་བཞིའི་སྨྲ་བ་རྣམ་པར་བཞག་པས་དེའི་ཕྱིར་རྣམ་པར་བཞག་པ་ཞེས་བྱ་སྟེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་དུ། ལུང་བསྟན་པའི་སྨྲ་བ་རྣམ་པ་བཞི་ནི་མགོ་གཅིག་ཏུ་ལུང་བསྟན ་པ་དང་། རྣམ་པར་ཕྱེ་ནས་ལུང་བསྟན་པ་དང་། དྲིས་ནས་ལུང་བསྟན་པ་དང་། ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པའོ།། དེ་ལ་མགོ་གཅིག་ཏུ་ལུང་བསྟན་པ་ནི་ཁ་ཅིག་འདི་སྐད་དུ། སྐྱེ་བས་ཐམས་ཅད་གདོན་མི་ཟ ་བཱར་འགག་པར་འགྱུར་བ་ཡིན་ནམ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་བསོད་ནམས་ཀྱི་ཞིང་གཤིན་པ་ཡིན་ནམ་ཞེས་དྲིས་པ་ལ་སོགས་པ་ལ། ལན་དུ་དོན་འདི་ཉིད་ནི་དེ་ལྟར་ངེས་པར་ཡིན་ནོ། ་ཞེས་ལུང་བསྟན་པ་ལྟ་བུའོ།། རྣམ་པར་ཕྱེ་ནས་ལུང་བསྟན་པ་ནི་ཇི་ལྟར་ཁ་ཅིག་འདི་སྐད་དུ། ཅི་འགགས་པ་ཐམས་ཅད་སྐྱེ་བར་འགྱུར་རམ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གཅིག་ཁོ ་ནར་ཟད་དམ་ཞེས་དྲིས་པ་ལ་སོགས་པ་ལ་དོན་འདི་ནི་དེ་ལྟར་མ་ངེས་སོ་ཞེས་རྣམ་པར་ཕྱེ་ནས་ལུང་བསྟན་པ་ལྟ་བུའོ།། དྲིས་ནས་ལུང་བསྟན་པ་ནི་ཇི་ལྟར་ཁ་ཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའི་ས་བཅུ ་མཆོག་ཡིན་ནུམ། འོན་ཏེ་མཆོག་མ་ཡིན་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་ཁྱད་པར་འཕགས་པ་མ་ཡིན་ཞེས་དྲིས་པ་ལ་སོགས་པ་ལ་ཁྱོད་གང་ལ ་བལྟོས་ཏེ་འདྲི་ཞེས་དྲིས་ནས་ལུང་བསྟན་པ་ལྟ་བུའོ།། ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ནི་ཇི་སྐད་དུ། ཁ་ཅིག་འདི་སྐད་དུ་བདག་ཅེས་བྱ་བའི་དངོས་པོ་ཉིད་ཡང་དག་པར་ཡོད་པ་ཡིན་ན། ཅི་དགེ་བ་ཞིག་གམ ་འོན་ཏེ་མི་དགེ་བ་ཞིག་ཅེས་འདྲི་བ་དང་། མོ་ག་ཤྲམ་གྱི་བུ་མདོག་དཀར་བ་ཞིག་གམ། འོན་ཏེ་གནག་པ་ཞིག་ཅེས་འདྲི་བ་ལ་སོགས་པ་ལ་ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ལྟ་བུ་སྟེ། ལུང་བསྟན་པར ་བྱ་བ་མ་ཡིན་པའི་ཕྱིར་དང་། སྤྲོས་པ་བསྐྱེད་པའི་ཕྱིརརོ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། ་ས་བཅུ་པའི་འགྲེལ་བ་དང་། མྱ་ངན་ལས་འོདས་པ་ཆེན་པོའི་མདོ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིག་པ་དང་རྗེ་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་རིག་བཱར ་བྱའོ།། གསང་བ་དང་རྣམ་པར་དབྱེ་བས་ལུང་བསྟན་པའི་བྱེ་བྲག་རྣམ་པར་བཞག་པས་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་གསང་བ་དང་རྣམ་པར་དབྱེ་བ་རྣམ་པར་བཞག་པ་བསྟན་པའོ།། འདི་ལྟར་དེ་བཞིན ་གཤེགས་པ་རྣམས་ནི་དབང་གི་རྗེསུ་ཕན་གདགས་པའི་ཕྱིར་ཆེད་འགའ་ནི་གསང་བ་དང་། ཆེད་འགའ་ནི་རྣམ་པར་དབྱེ་བའི་རྣམ་པར་བཞག་པས་ཆོས་སྟོན་པས་སོ།། བསྟན་བཅོས་རྣམ་པར་བཤད་པ་ལས ་གསང་བ་དང་། རྣམ་པར་དབྱེ་བ་སྨྲ་བ་ཞེས་བྱ་བ་འབྱུང་ངོ་།། བསྟན་པ་འདི་གཉིས་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་ཚིག་འདི་ཉེ་ལ། དོན་རིང་བ་གང་ཡིན་པ་དེ་ནི་གསང་བ་ཞེས་བྱ་སྟེ། འཕགས་པ་དམ་པའི ་ཆོས་པདྨ་དཀར་པོའི་མདོ་ལྔས་ཇི་སྐད་དུ། སངས་རྒྱས་ལ་ཕྱག་འཚལ་གཅིག་གང་བརྗོད་པ་དེ་དག་ཐམས་ཅད་སངས་རྒྱས་སུ་འགྲུབ་པར་འགྱུར་ཞེས་གསུངས་པ་ལྟ་བུའོ།། ཚིག་དང་དོན་གཉིས་ཀ་རིང་བ་ནི་རྣམ་པར་དབྱེ་བ ་ཞེས་བྱ་སྟེ། འཕགས་པ་ལེགས་པའི་ཚུལ་ཁྱིམས་བསྟན་པའི་མདོ་ལ་སོགས་པ་ལས། བསྐུལ་པ་གྲངས་མེད་པ་གསུམ་གྱིས་གདོད་སངས་རྒྱས་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ།། ཁྭ་ཅིག་ན་རེ་འཕགས ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆོས་ཐམས་ཅད་སྟོང་ཞིང་དབེན་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་གསང་བ་ཞེས་བྱའོ།། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས། ངོ་བོ་ཉིད་རྣམ་པ་གསུམ ་ཚང་བར་གསུངས་ཤིང་། སྟོང་པ་ཉིད་དང་ལྡན་པ་དང་། མི་སྟོང་པ་དང་ལྡན་པ་གང་ཡིན་པ་དེ་ནི་རྣམ་པ་དབྱེ་བ་ཞེས་བྱའོ་ཞེའོ།། ཁ་ཅིག་ན་རེ་ཐེག་པ་ཆུང་ངུའི་བསྟན་པ་རྣམས་ནི་གསང་བ་ཞེས་བྱའོ།། ཐེག་པ་ཆེན་པོའི་བསྟན་པ ་རྣམས་ནི་རྣམ་པ་ར་དབྱེ་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤུད་པ་ལས་གསང་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆར་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་བསྟན་པ་རྣམ་སོ།། རྣམ་པར་དབྱེ་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར ་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན་པ་རྣམས་སོ་ཞེས་བསྟན་པ་ཡཱི་ནོ།། ཁ་ཅིག་ན་རེ་དགོངས་པ་ཐ་དད་པའི་གསང་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོནཱ་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ལྡེམ་པོར་དགོངས་པ ་ནི་འདི་ལྟ་སྟེ། མིང་དང་། ཚིག་དང་ཡི་གེའི་ཚོགས་རྣམས་ཀྱིས་ཚིག་བཤད་དུ་བརྗོད་པ་དོན་གཞན་དུ་ཡོངསུ་བསྒྱུར་བ་སྟེ། ཇི་སྲིད་དུ། ཕ་དང་མ་ནི་བསད་བྱས་ཤིང་། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། ཡུལེ་འཁོར་དང་བཅས ་བཅོམ་པ་ནས།། མི་དེ་དག་པར་འགྱུར་ཞེས་བྱ།། ཞེས་བྱ་བ་ནི་འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་གྲགས་པ་ནི་ཕ་དང་། མ་དང་རྒྱལ་པོ་དང་། མང་དུ་ཐོས་པའི་བྲམ་ཟེ་རྣམ་གཉིས་དང་། ཡུལ་འཁོར་གྱི་མི་དང་། ཕྱུགས་བསད་པའི་ལས ་ངན་པ་གང་ཡིན་པ་དེ་ནི་ཡོངས་མ་དག་པ་ཞེས་བྱ་སྟེ། འདིར་དག་པར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི་དགོངས་པ་དོན་གཞན་སྟོན་ཏེ། འདི་ལྟ་སྟེ། ལས་དང་། སྐྱེད་པ་དང་། ཉེ་བར་ལྡན་པ་དང་བཅས་པའི་རྣམ་པར་ཤེས ་པ་དང་། ཚུལ་ཁྲིམས་དང་། ལྟ་བ་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་གཉིས་དང་། དམིགས་པ་ལ་སོགས་པའི་སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པའི་དབང་དུ་བྱས་ནས་གོ་རིམ་བཞིན་དུ་ཕ་མ་ལ་སོགས་པར ་བལྟ་བར་བྱ་སྟེ། དེ་དག་དང་ཆོས་འདྲ་བའི་ཕྱི་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞི་ནོ།། ཚིག་དང་དོན་མཐུན་པ་གང་ཡིན་པ་དེ་ནི་རྣམ་པར་དབྱེ་བ་ཞེས་བྱ་སྟེ། འདི་ལྟར་ཕྲ་ལྔ་སོགས་པ ་བསད་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཁ་ན་མ་ཐོ་བའི་ལས་ཡིན་པས་ཡོངསུ་མེ་དགེ་པ་ཞེས་བྱའོ།། ཕ་མ་ལ་སོགས་པ་ལས་བསྙེན་བཀུར་བྱེད་པ་གང་ཡིན་པ་དེ་ནི་ཡོངསུ་དག་པོ་ཞེས་བསྟན་པ་ལྟ་བུའོ།། སྐྱོན་ནི་འདི་ལྟ་སྟེ། ་ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལ་ཉེས་དམིགས་ཀྱི་རྣམ་གྲངས་དཔག་ཏུ་མེད་པའི་བྱེ་བྲག་ཡོད་པར་བསྟན་པ་གང་ཡིན་པ་དག་གོ་ཞེས་བྱ་བ་ནི་གསུམ་པ་ཉེས་དམིགས་ཀྱི་མཚན་ཉིད་བསྟན་པའོ།། འདི་ལྟ་སྟེ། ཟག ་པ་གསུམ་དང་། མདུད་པ་བཞི་དང་། ཀུན་དུ་སྦྱོར་བའི་རྒྱུ་དང་། ཀུན་ནས་དཀྲིས་པ་བཅུ་ལ་སོགས་པའི་རྣམ་གྲངས་སྣ་ཚོགས་ཀྱི་ཉོན་མོངས་ཀྱི་ཉེས་དམིགས་བསྟན་པ་གང་ཡིན་པའོ།། ཡོན་ཏན་ནི་འདི་ལྟ་སྟེ། ངས་རྣམ་པར ་བྱང་བའི་ཆོས་རྣམས་ལ་ཕན་ཡོན་གྱི་རྣམ་གྲངས་དཔག་ཏུ་མེད་པའི་བྱེ་བྲག་ཡོད་པས་བསྟན་པ་གང་ཡིན་པ་དྲུག་གི་ཞེས་བྱ་བ་ནི་བཞི་པའི་ཡོན་ཏན་གྱི་མཆིན་ཉིད་བསྟན་པའོ།། འདི་ལྟ་སྟེ། མངོན་པར་ཤེས་པ་དང་། རྣམ ་པར་ཐར་པ་དང་། ཏིངངེ་འཛིན་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པ་གང་ཡིན་པའོ།། ཚུལ་ནི་རྣམ་པ་དྲུག་ཏུ་རིག་བྱ་སྟེ། ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ ་ཚུལ་ཁྲིམས་ཀྱི་སྒོ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་ལོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་མིང་བཀོད་པའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། དེ་ཁོ་ནའི་དོན་རྟོགས་པ་དང་། ཐོབ ་པའི་རྟོགས་པ་བཤདྲ་བའི་རྟོགས་པ་དང་། མཐའ་གཉིས་པར་བྲལ་བའི་རྟོགས་པ་དང་། བསམ་གྱིས་མི་ཁྱབ་པའི་རྟོགས་པ་དང་། དགོངས་པའི་རྟོགས་པ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། ་རྟོགས་པའི་མཚན་ཉིད་ཅེས་འབྱུང་། ཕལ་ཆེར་མཆིམས་རྣམ་པར་གྲོལ་བའི་མདོ་ལས་གསུངས་པ་དང་མཐུན་ནོ།། ཚུལ་རྣམ་པ་འདི་དྲུག་ནི། བསྟན་བཅོས་རྣམ་པར་བཤད་པ་ལས། བསྡུས་པ་དང་རྒྱས་པའི་སྒོ་རྣམ་པ ་གཉིས་རྣམ་པར་དབྱེ་སྟེ། དེ་ལ་བསྡུས་པ་ཞེས་བྱ་བ་ནི་བསྟན་བཅོས་དེ་ཉིད་ལས་ཚུལ་ལས་བརྩམས་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་པོ་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། དངོས་པོའི་ཚུལ་ལོ་ཞེས་བྱ་བའི་བར་དུའོ།། ། ་དེ་ལ་ཚུལ་སྔ་མ་གསུམ་ནི་ཚུལ་ཕྱི་མ་གསུམ་གྱིས་བཤད་དེ། འདི་ལྟར་མཐའ་གཉིས་རྣམ་པར་སྤང་བའི་ཚུལ་རྒྱས་ནི་དེ་ཁོ་ནའི་དོན་གྱི་ཚུལ་བཤད་པ་ཡིན་པས་སོ།། སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི ་རྣབའ་གཉིས་དང་། རྟག་པ་དང་ཆད་པའི་མཐའ་གཉིས་དང་། བདེ་བ་དང་སྡུག་བསྔལ་གཉིས་སྤངས་ནས། དབུ་མའི་ལམ་དང་མཐུན་པར་འགྱུར་བ་ནི་ཁོ་ནའི་དོན་ཅེས་བྱའོ།། བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ནི་ཟབ ་པའི་ཚུལ་བཤད་པ་ཡིན་ཏེ། འདི་ལྟར་བདག་དང་། སེམས་ཅན་ནས་སངས་རྒྱས་རྣམས་དང་། སྤྱོད་ཡུལ་གྱི་བར་དུ་བསམ་གྱིས་མི་ཁྱབ་པའི་ཕྱིརརོ།། རྒྱུ་བསྒྲུབས་ནས་འབྲས་བུ་ཐོབ་པས་ནི་ཐོབ་པ་བསྟན་ཏོ།། དགོངས་པི་ཚུལ་གྱིས་ནི་བཤད ་པའི་ཚུལ་བཤད་པ་ཡིན་ཏེ། འདི་ལྟར་དོན་གཞན་དང་། དུས་ལ་སོགས་པའི་དགོངས་པ་ལ་བརྟེན་ནས་བརྟན་པ་འབྱུང་བའི་དགོངས་པ་སྟོན་པས་སོ།། དོན་གཞན་ལ་སོགས་པའི་དགོངས་པ་དེ་དག་ནི་བསྟན་བཅོས་ཐེག་པ་ཆེན་པོ་བ ་པའི་འགྲེལ་པ་སློཥྨ་དཔོན་དབྱིག་གཉེན་དང་། རྡོ་རྗེ་ཉིད་མྱེད་ཀྱི་མཛད་པ་དང་། ལྕང་གི་ཚེ་བསྒྱུར་བ་དང་། མཱངྒེ་སྟེའི་རྒྱུན་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་པནྡྷ་ལས་བཱིདྡྷས་པ་དང་། རྣལ་འབྱོར ་སྤྱོད་པའི་ས་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ཁོ་ནའི་དོན་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཚུལ་ཡིན་པའི་ཕྱིར་དེ་ཁོ་ནའི་དོན་གྱི་ཚུལ་ཞེས་བྱ་བ་ལ། དེ་བཞིན་དུ་དགོངས་པ་ཉིད་དོན་གྱི་ཚུལ་ཡིན་པའི་ཕྱིར་དགོངས ་པོའི་ཚུལ་ཞེས་བྱའོ།། ཞེས་བྱ་བའི་བར་དྲི་སྟེ། དེ་དང་དེ་དག་ཏུ་ཕྱིན་ཅི་ལོག་མེད་པའི་ངོ་བོ་ཉིད་གང་ཡིན་པོ་དེ་ནི་ཚུལ་གྱི་དོན་ཡོན་པས་སོ་ཞེས་འབྱུང་སྟེ། དེ་དང་དེ་དག་ཏུ་ཕྱིན་ཅི་ལོག་མེད་པའི་ཕྱིར་ངོ་བོ་ཉིད་གང་ཡིན་པ་ཞེས་བྱ་བ ་དི་ལྟར་སོ་ས་ནས་བདག་ཉིད་ཀྱི་མཚན་ཉིད་ཀྱི་གནས་གང་དུ་ཕྱིན་ཅི་ལོག་མེད་པའི་ངོ་བོ་ཉིད་གང་ཡིན་པ་ནི་ཚུལ་གྱི་དོན་ཡིན་པས་སོ།། དེ་ལ་རྒྱས་པར་བསྟན་པ་ནི་བསྟན་བཅོས་དེ་ལས་དེ་ཁོ་ནའི་ཚུལ་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། འཇིག ་རྟེན་པའི་དེ་ཁོ་ནས་རྣམ་པར་བཞག་པ་མ་ཡིན་པའི་དེ་ཁོ་ནའི་བར་དུའོ།། དེ་ལྔ་འཇིག་རྟེན་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། བརྡ་དང་ཀུན་རྫོབ་ལས་འདྲིས་པའི་རྗེསུ་འགྲོ་བས་ཞུགས་པའི་བློས་དངོས་པོ་གླང་ལྔ་འཇིག་རྟེན་པའི་ལྟ་བ་ཐམས་ཅད ་ཀྱི་ལྟ་བ་མཚུངས་པར་འགྱུར་བ་འདི་ལྟ་སྟེ། སཱ་ལ་འདི་ནི་ས་ཁོ་ན་ཡིན་གྱི། མེ་ལ་སོགས་པ་མ་ཡིན་ཞེས་བྱ་བ་ལྕེ་བུ་སྟེ། མདོར་བསྡུ་ན་འདི་ཡིན་ཏེ། འདི་ནི་མ་ཡིན་ཏེ། འདི་ནི་འདི་ལྟ་བུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དངོས ་པོ་གང་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱི་ངེས་པར་མོས་པའི་སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི་རྣམ་པར་རྟོག་པ་ལོས་གླུགས་པ། མ་བསམ་མ་དཔྱིད་མ་བརྟགས་པར་གཟུང་བ་གང་ཡིན་པ་དེ ་ནིའཇིག་རྟེན་པའི་དེ་ཁོ་ནཱ་ཞེས་བྱའོ།། རིག་པའི་དེ་ཁོ་ནཱ་འདི་ལྟ་སྟེ། མཁས་པ་རྣམས་ཀྱི་མངོན་སུམ་དང་། རྗེསུ་དཔག་པ་དང་ལུང་གི་ཚད་མ་གསུམ་པོ་དག་ལ་བརྟེན་ནས་ཤྲཱིནྡ་དྷུ་རྣམ་པར་བྱ་བ་ངེས་པའི་ཤེས་པའི་སྤྱོད ་ཡུལ་ཤེས་བྱའི་དངོས་པོ་དག་འཐདང་པ་འགྲུབ་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་། རྣམ་པར་བཞིག་པོ་གཎ་ཡིན་པ་དེ་ནི་རིགས་པའི་དེ་ཁོ་ན་ཞེས་བྱའོ།། ཉོན་མོངས་པའི་སྒྲིབ་པ་རྣམ་པོར་དག་པའི་སྤྱོད་ཡུལ་གྱི་དེ། ་ན་ནི་འདི་ལྟ་སྟེ། ཉན་ཐོས་དང་རླུང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མྱེད་པའི་ཐབས་ཀྱི་ཤེས་པ་དང་། ཟག་པ་མེད་པའི་ཡང་དག་པའི་ཤེས་པ་དང་། ཟག་པ་མེད་པའི་རྗེས་ལས་ཐོབ་པའི་འཇིག་རྟེན་པའི་ཤེས་པས ་སྤྱོད་ཡུལ་དུ་བྱ་བའི་ཡུལ་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱའོ།། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པས་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་འདི་ལྟ་སྟེ། ཤེས་བྷྲཱུཾ་ཤེས་པའི་གག ་བྱེད་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་དེ་ལས་རྣམ་པར་གྲོལ་བའི་ཤེས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་ཡུལ་གྱི་དེ་ཁོ་ན་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད ་པོས་བསྟོན་པ་བཞིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་འབྱུང་ངོ་།། གཞན་ང་དྲི་ཉིད་ལས། རྣམ་པར་གཞག་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་དག་གོ།། སྡུག་བསྔལ་ནི་སྔ ་བསྔལ་བར་བདེན་པའི་ཕྱིར་སྡུག་བསྔལ་ཉིད་དུ་རྣམ་པ་རུ་བཞག་པ་ནསྣ་ལམ་ཡཱཾང་ལམ་དུ་བདེན་པའི་ཕྱིར་ལམ་ཉིད་དུ་རྣམ་པར་བཞག་པའི་བར་དུའོ།། རྒྱུ་དང་རྐྱེན་གང་གི་ཕྱིར་རྣམ་པར་བཞག་པ་ཞེས་བྱ་ཞེ་ན། སྐྱེས་པ ་ཀུནི་རྫོབ་རྣམ་པ་གསུམ་གྱིས་རྣམ་པར་བཞིག་པའི་ཕྱི་རོ།། དང་པོ་འཇིག་རྟེན་པའི་ཀུན་རྫོབ་ནི་འདི་ལྟ་སྟེ། ཞིང་དང་། ཁང་ཁྱིམ་དང་བུམ་པ་དང་། དམིག་དང་། ནོག་ཚལ་དང་གྲངས་ལ་སོགས་པ་ནས་བདག་དང་སེམས་ཅན ་ཞེས་བྱ་བ་བྲི་བར་ལ་སོགས་པའི་བར་དུ་རྣམ་པར་བཞག་པ་གང་ཡིན་པའོ།། གཉིས་པ་རིག་པའི་ཀུན་རྫོབ་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་གཞག་པ་གང་ཡིན་པའོ།། གསུམ་པ་ཐོབ་པའི་ཀུན ་རྫོབ་ནི་འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་དང་། དེ་དག་གནས་པའི་ཆོས་རྣམ་པར་གཞག་པ་གང་ཡིན་པའོ།། གཞན་ཡང་རྣམ་པར་བཞགས་པ་རྣམ་པ་བཞི་ཡོད་དེ། འདི་ལྟ་སྟེ། སྔ་མ་གསུམ་དང་། དོན ་དམ་པ་རྣམ་པར་གཞག་པ་གང་ཡིན་པའོ།། དོན་དམ་པའི་བདེན་པ་ཉིད་རྣམ་པར་བཞག་པར་བྱ་བ་མ་ཡིན་ཡང་། ནང་གི་སོ་སོ་རང་གིས་རིག་པར་བྱ་བྷ་ཡིནྡ་པའི་ཕྱིར་ཏེ། དེའི་ཤེས་པཱ་ཥཱིདྷིནྡ་པཱ་དང་། སུ་མཐུན་པར ་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་རྣམ་པར་བཞག་པ་ཡིནོ།། དེ་ལ་རྣམ་པར་བཞག་བླ་མ་ཡིན་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཡང་དག་པའི་ངོ་བོ་ཉིད་གང་ཡིན་པའོ་ཞེས ་འབྱུང་སྟེ། བསྟན་བཅིས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། རྣམ་པར་བཞིག་བླ་མཱ་ཡིན་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། ཡོངས་གྲུབ་པའི་ངོ་བོ་ཉིད་འཕགས་པའི་ཡེ་ཤེས་ཀྱིས་བགྲོད ་པར་བྱ་བའི་འཕགས་པའི་ཡེ་ཤེས་ཀྱི་ས་སྤྱོད་ཡུལ་འཕགས་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པའོ་ཞེས་འབྱུང་ངོ་།། དེ་ལ་ཐོབ་པའི་ཚུལ་ཞེས་འབྱུང་བ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། སེམས་ཅན་ཐ ་ལས་ཀྱི་རྣམ་པར་སྨིན་པས་ཐོབ་པ་ནས། ཉན་ཐོས་ཀྱི་ཐེག་པ་ཐོབ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཐོབ་པ་དང་། ཐེག་པ་ཆེན་པོས་ཐུབ་པའོ།། དེ་ལ་སེམས་ཅན་ཐམས་ཅད་ཀྵི་ལས་ཀྱི་རྣམ་པར་སྨིན་པས་ཐོབ་པ ་དི་ལྟ་སྟེ། སེམས་ཅན་ཐམས་ཅད་ལས་ལས་ཡོངསུ་དག་པ་དང་། ཡོངསུ་མ་དག་པ་བྱས་ཤིང་རང་གི་ལས་གནས་པའི་ཕྱིར་འགྲོ་བ་ལྔ་པོ་དག་ཏུ་འཁོར་ཞིང་རྣམ་པར་སྨིན་པ་སྣ་ཚོགས་མངོན་པར་འགྲུབ་པ་དང་། རྣམ་པར ་སྨིན་པ་སྣ་ཚོགས་མྱོང་བ་གང་ཡིན་པའོ།། དེ་ལ་འབྲས་བུ་ལེན་པ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པ་ཞེས་བྱའོ།། འབྲས་བུ་བྱིན་པ་གང་ཡིན་པ་དེ་ནི་མྱོང་པ་ཞེས་བྱའོ།། གཞན་ཡང་རྒྱུ་བྱེད་པའི་དོན་མངོན་པར་གྲུབ་ནས ་འབྲས་བུ་མྱོང་བ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པ་ཞེས་བྱའོ།། འབྲས་བུ་བྱུང་ནས་ཀུན་ཏུ་སྤྱོད་པའི་སེམས་ཀྱིས་བསྡུས་པ་གང་ཡིན་པ་དེ་ནི་མྱོང་བ་ཞེས་བྱའོ།། དེ་ལ་ཉན་ཐོས་ཀྱི་ཐེག་པ་ཐོབ་པ་ནི་འདི་ལྟ་སྟེ། དུང་པོ་གསུམ་ལས་སྐྱབས ་འགྲོ་བ་ཡང་ཡང་དག་པར་བླངས་ནས་ཡང་དག་པར་ཐོས་པ་དང་། དགེ་སྦྱོང་གི་བར་རྒྱན་གྱི་བོར་ལ་བརྟེན་ནས་རྣམ་པ་ལྔ་ཐོབ་པ་གང་ཡིན་པའོ།། དེ་ལ་ཐོས་པ་དང་རྒྱན་ཐོབ་པ་ནི་ཡང་དག་པའི་ཆོས་ཐོས་པ་སྟེ། བསྟན་བཅོས་རྣལ་འབྱོར། ་སྤྱོད་པའི་ས་ལས་ནི། དགེ་སྦྱོང་གི་རྒྱན་ཞེས་འབྱུང་ངོ་།། དེ་ལ་ཐོས་པ་ལྔ་ནི་མངོན་དུ་བྱས་པ་ཐོབ་པ་དང་། ཤེས་པ་མངོན་དུ་བྱས་པ་ཐོབ་པ་དང་། དད་པ་མངོན་དུ་བྱས་པ་དང་། འབྲས་བུ་མངོན་དུ་བྱས་པ་ཐོབ་པ་དང་། ཡོན་ཏན ་མངོན་དུ་བྱས་པ་ཐོབ་པའོ།། དེ་ལས་མངོན་དུ་བྱས་པའི་ཐོབ་པ་ནི་འདི་ལྔ་སྟེ། ས་གསུམ་པོ་མཐོང་བའི་ས་དང་། བསྒོམ་པའི་ས་དང་། མཐར་ཐུག་པའི་ས་གང་ཡིན་པའོ།། ཤེས་པ་མངོན་དུ་བས་པ་པོ། ནི་འདི་ལྟ་སྟེ། ས་དགུ་པའི ་ཤེས་པ་གང་ཡིན་པ་སྟེ། ཆོས་ཤེས་པ་དང་། རྗེསུ་རྟོགས་པ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། དེ་དག་གི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས ་པ་དང་། མི་སྐྱེ་བ་ཤེས་པ་རྣམསོ།། དད་པ་མངོན་དུ་བྱས་པ་ནི་འདི་ལྟ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ཚུལ་ཁྲིམས་རྣམ་པ་བཞི་པོ་དག་ལ་མངོན་པར་ཡིད་ཆེས་པ་གང་ཡིན་པ་སྟེ། རྒྱ་ཆེར་བསྟན་བཅོས་རྣམ་པར ་བཤད་པ་ལས། བསྟན་པ་བཞིན་དུ་རིག་པར་བྱའོ།། འབྲས་བུ་མངོན་དུ་བྱས་པའི་ཐོབ་པ་ནི་འདི་ལྟ་སྟེ། དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་ཐོབ་པ་གང་ཡིན་པའོ།། ཡོནྡ་ཏན་མངོན་དུ་བྱས་པ་ཐོབ་པ་ནི་འདི་ལྔ་སྟེ། ཚད་མེད་པ ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དྲག་པར་རིག་པ་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན། ་རྣམསོ།། དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་ཐོབ་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། དང་པོ་ནི་སྔར་ངེས་པར་འབྱེད་པའི་ཆ་དང་རྗེསུ་མཐུན་པའི་དགེ་བའི་རྩ་བ་ཐོབ་པའི་ཕྱིར་ཏེ། འདི་ལྟར་སྔ་མའི་ལུས་ཀྱི་སྔར་ངེས་པར་འབྱེད་པའི ་ཆ་དང་། རྗེ་སུ་མཐུན་པའི་དགེ་བའི་རྩ་བ་ཐོབ་པས་ཕྱི་མ་ལུས་ཀྱིས་བསྟན་པ་གཅིག་ཁོ་ན་ལ་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་བའོ།། གཉིས་པ་ནི་ཟག་པ་མེད་པའི་དེ་ཁོ་ན་ཐོབ་པའི་ཕྱིར་ཏེ། འདི་ལྟར ་སྔར་འཕགས་པའི་ལུས་ཐོབ་ནས། གདོད་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་བ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སཱ་ལས་ཀྱང་། གཉིས་པ་ནི་སྔ་རོལ་ཉིད་ནས་ཐོབ་པ་ཞེས་བཤད་དོ།། གསུམ་པ་ནི་རིམས་ཀྱི་ཐབ ་པའི་ཕྱིར་ཏེ། འདི་ལྟར་ལུས་གཅིག་དང་། བསྟན་གཅིག་གིས་ཐོབ་པར་འགྱུར་པ་མ་ཡིན་གྱི། དང་པོ་ངེས་པར་འབྱེད་པའི་ཆ་བཞིའི་དགེ་བ་བསྐྱེད་ནས་མཐར་ཟད་པ་དང་། མི་སྐྱེ་བ་ཤེས་པའི་བར་དུ་རིམས་ཀྱིས་ཐོབ་པ་སྟེ། ་དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སཾ་ལས། གསུམ་པ་ནི་སྔ་རོལ་ཉིད་ནས་མ་ཐོབ་པ་ཞེས་བསྟན་པ་ཡིན་ནོ།། དེ་ལ་ཐོབ་པ་དང་པོ་གཉིས་ཀྱིས་མངོན་དུ་བྱས་པ་དེ་ནི་རང་རྒྱལ་རྣམསུ་འགྱུར་བ་ཡིནོ།། ཐོབ་པཱ་ཐ ་མས་མངོན་དུ་བྱས་པ་གང་ཡིན་པ་དེ་ནི་བསེ་རུ་ལྟ་བུའི་རང་སངས་རྒྱས་ཞེས་བྱའོ།། དེ་ལ་ཐེག་པ་ཆེན་པོས་ཐོབ་པ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོས་ཐོབ་པ་དང་། སེམས་བསྐྱེད་པས་ཐོབ་པ་དང་། བསྡམ་གྱིས་མི་ཁྱབ་པའི ་མཐུས་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པས་ཐོབ་པ་དང་། བསྡུ་བའི་དངོས་པོས་ཐོབ་པ་དང་། ས་རྣམས་ཀྱིས་ཐོབ་པ་དང་། སངས་རྒྱས་ཀྱི་ཆས་ཀྱི་ཆོས་མ་འདྲེས་པས་ཐོབ་པ་སྟེ། འདི་དག་ཐམས་ཅད་ནི་སྔར་བསྟན་པོ་བཞིན་དུ ་རྣམ་པར་དབྱེ་བར་བྱའོ།། སྙིང་རྗེ་ཆེན་པོའི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ།། སེམས་བསྐྱེད་པ་ནི་བསྟན་བཅོས་སེམས་རྣམ་པར་བཤད་པ་ལྔས། སེམས་བསྐྱེད་པ་རྣམ་པ་ག ་བསྟན་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས། མཚན་ཉིད་རྣམ་པ་ལྔས་སེམས་བསྐྱེད་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། བསམ་གྱིས་མི་ཁྱབ་པའི་མཐུ་ནི་མངོན་པར་ཤེས་པ་དྲུག་གི་མཐུ་ཡིན་ཏེ། རྣལ་འབྱོར་སྤྱོད ་པའི་སའི་ནང་ནས་མཐུའི་ལེའུ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། གཞན་ནི་བརྡ་ཕྲད་པར་ཟད་དོ།། དེ་ལ་བཤད་པའི་ཚུལ་ཞེས་བྱ་བ་ནི་མདོར་བསྡུ་ན་རྣམ་པོ་བཅུ་གཉིས་ཡོད་དེ། དངོས་པོ་བཤད་པ་ནི་འདི་ལྟ་སྟེ། སོ་སོ་ཐོ་དད ་པའི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་ཆོས་བསྟན་པའི་འདི་ལྟ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་གནས་དང་། གནས་མ་ཡིན་པ་དང་། དབང་པོ་རྣམས་དང་། བདེན་པ ་རྣམས་དང་། དྲན་པ་ཉེ་བར་གཞག་པ་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་ལ་སོགས་པའི་འདུ་ཤེས་བྱ ་དང་དུ་གྱུར་པ་དཔག་ཏུ་མེད་པ་སྟོན་པའི་བསྟན་པ་རྣམསོ།། རང་གི་གཞུང་ལུགས་རྟག་པའི་བཤད་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་ལ་སོགས་པའི་བསྟན་པ་རྣམས་སོ།། ་གཞན་གྱི་གཞུང་ལུགས་ལ་བརྟགས་པའི་བཤད་པ་ནི་འདི་ལྟ་སྟེ། གཏན་ཚིགས་ཀྱི་རིགས་པའི་གནས་བདུན་ལ་བསྟན་ནས་གཞན་དག་གིས་སྨྲ་བ་ཚྭར་གཅོད་ཅིང་རང་གི་གཞུང་འཛུགས་པའི་བཤད་པ་རྣམས ་ཏེ། གཏན་ཚིགས་ཀྱི་རིགས་པ་བདུན་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། དྲང་བའི་དོན་བསྟན་པ་ནི་འདི་ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པའི་དང་། ལུང་དུ་བསྟན ་པའི་སྡེ་ལ་སོགས་པ་ལས། བཅོམ་ལྡན་འདས་ཀྱིས་དོན་མདོར་སྨོས་ནས་རྒྱ་ཆེར་རྣམ་པར་མ་ཕྱེ་བ་རྣམས་ཡང་རྣམ་པར་ཕྱེ་ནས་སྟོན་པོའི་བསྟན་པ་རྣམསོ།། ངེས་པའི་དོན་བཤད་པ་ནི་འདི་ལྟ་སྟེ། སྔ་མ་ལས་བཟློག་པ་ལས་རིག ་པར་བྱའོ།། ཀུན་རྫོབ་ཀྱི་བདེན་པ་བཤེད་པ་ལ་འདི་ལྟ་སྟེ། ཚིག་གི་ལམ་གྱིས་བརྗོད་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ཀུན་རྫོབ་ཅེས་བྱའོ།། གཞན་ཡང་མིང་དང་འདུ་ཤེས་དང་། བརྗོད་པའི་དབང་དུ་བྱ་བ་འདི་ལྟ་སྟེ། མཚན་དང ་མིང་དང་། རྣམ་པར་རྟོག་པ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཡིན།། དོན་དམ་པའི་བདེན་པ་བཤད་པ་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་བཤད་པ་དང་། དེ་བཞིན་ཉིད་དང་། དེ་ཁོ་ན་ཉིད་དང་། ཡང་དག་པའི་མཐའ་དང་། ་ཆོས་ཉིད་ཅེས་སྟོན་པའི་བསྟན་པ་རྣམ་སོ།། གསང་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་སྟོན་པའི་བསྟན་པ་གང་ཡིན་པ་དག་གོ།། རྣམ་པར་ཕྱེ་བ་བཤད་པ་ལས་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན ་པ་གང་ཡིན་པ་དག་གོ།། ལན་གདབྱེ་པའི་དངོས་པོ་བཤད་པ་ནི་འདི་ལྔ་སྟེ། ཆོས་ཀྱི་མདོ་བཞི་པོ་དག་བཤྲུད་པ་གང་ཡིན་དུ་སྟེ། འདུ་བྱེད་མས་དང་མཱི་དག་པའོ་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ།། ་བར་དུ་བསྟན་པ་དང་། དེ་ལྟ་བུ་ལ་སོགས་པ་ནི་བཤད་པ་རྣམ་སོ།། ལན་མི་གདབ་པའི་དངོས་པོ་བཤད་པ་ནི་འདི་ལྟ་སྟེ། ཁ་ཅིག་འཇིག་རྟེན་རྟག་པ་ཞིག་ཡིན་ནམ། འོན་ཏེ་མོ་རྟག་པ་ཞག་ཡིན་ཞེས་འདྲི་བ་ནས། དེ་བཞིན་དུད ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་དམ་མེད་ཅེས་བྱ་བའི་བར་དུ་འདྲི་བ་ལ། དེ་བཞིན་གཤེགས་པས་དེའི་ཚེ། ཅང་མི་གསུང་ཞིང་ལུང་མ་བསྟན་པར་དེ་དག་ལ་འདི་སྐད་དུ་དངོས་པོ་འདི་དག་ལུང་བསྟན་དུ་མི་རུང་བའོ་ཞེས ་བཀའ་སྩལ་པ་ལྟ་བུའོ།། རྒྱུ་རྣམ་པ་བཞིའི་ཕྱིར་ལཱནྱ་མི་གདབ་པར་རིག་པར་བྱ་སྟེ། དྲང་པོ་བདག་ཉིད་མེད་པའི་ཕྱིར་ཏེ། ཇི་ལྟར་ཁ་ཅིག་བདག་དང་ཕུང་པོ་རྣམས་ཐ་དད་པ་ཞིག་ཡིན་ནམ། འོན་ཏེ་ཐ་མི་དད་པ་ཞིག་ཡིན ་ཞེས་འདྲིས་པ་ལ་སོགས་པ་ལྟ་བུའོ།། གྲཱཉྩིས་པ་ནི་དོན་དང་མི་ལྡན་པར་རབ་ཏུ་འདྲེན་པའི་ཕྱིར་ཤིང་ཤ་པའི་དཔེའི་ལོ་མའི་དཔེའི་མདོ་ལྔས་ཇི་སྐད་དུ། ཆོས་དཔག་ཏུ་མེད་པ་ཞེས་ངས་ཡང་དག་པར་རྟོག་ཀྱང་རགཱ་ཏུ་མ ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་དོན་དང་ལྡན་པ་མ་ཡིན་པ་འདྲེན་པའི་ཕྱི་རོ་ཞེས་གསུངས་པ་ལྟ་བུའོ།། གསུམ་པ་ནི་ཟབ་པའི་ཕྱིར་ཏེ། ཁ་ཅིག་འདི་སྐད་དུ། བདག་ཅེས་བྱ་བ་ཡོད་པ་ཡིན་ནམ། མེད་པ་ཞིག ་ཡིན་ཞེས་འདྲི་བ་ལ་སོགས་པ་དེ་དག་ནི་ལན་གདབ་ཏུ་མི་རུང་བའོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཡོད་པར་ལུང་བསྟན་པར་གྱུར་ན། གང་ཟག་དེ་ཡང་ན་ཕུང་པོ་ལ་བདག་ཡོད་པ་ཉིད་དུ་འཛིན་པ ་འམ། ཡང་ན་ཕུང་པོ་ལས་ལོགས་ཤིག་ན་བདག་ཡོད་པ་ཉིད་དུ་འཛིན་པར་འགྱུར་རོ།། གལ་ཏེ་བདག་མེད་དོ་ཞེས་ལུང་བསྟན་པར་གྱུར་ན་ནི་གང་ཟག་དེ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་ཐ་སྙད་ཀྱང་བདག་བཞིན་དུ་མེད་དོ་ཞེས་བརྗོད ་པར་གྱུར་པས་སོ།། བཞི་པ་ནི་ཆོས་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཆོས་རྣམས་དང་གཅིག་གོ་ཞེ་འམ་ཐ་དད་དོ་ཞེས་ལུང་བསྟན་ཏུ་མི་རུང་སྟེ། དེ་བཞིན་ཉིད་མཚན་ཉིད་དེ་ཆོས་ཉིད་ཀྱིས་གཅིག་པ་དང་། ཐ ་དད་པའི་ངོ་བོ་ཉིད་ཏུ་རྣམ་པར་བཞག་ཏུ་མི་རུང་བས་སོ།། གཞན་ཡང་རྐྱེན་རྣམ་པ་བཞིས་ལུང་བསྟན་དུ་མི་རུང་སྟེ། དངོས་པོ་འདི་ཕྱི་རོལ་པ་དག་གིས་བརྗོད་པའི་ཕྱིར་ཚུལ་བཞིན་མ་ཡིན་པའི་ཕྱིར་དང་། དོན་མི་ལྡན་པའི ་ཕྱིར་དང་། རྩོད་པ་སྨྲ་བའི་ཀུན་ནས་དཀྲིས་པ་བསྐྱེད་པའི་ཕྱིརརོ།། དེ་ལ་མཐའ་གཉིས་རྣམ་པར་སྤང་བའི་ཚུལ་ཞེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་དྲུག་པོ་དེ། ཡང་དག་པར་ཡོད་པས་ཡིན་པ་ལོ་སྒྲོ་འདོགས་པའི་མཐའ་རྣམ ་པར་སྤངས་པ་དང་། ཡང་དག་པར་ཡོད་པ་ལ་སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ནས་རྟག་པ་ཉིད་དུ་འཛིན་པའི་མཐའི་རྣམ་པར་སྤངས་པ་དང་། ཆད་པ་ཉིད་དུ་འཛིན་པའི་མཐའ་རྣམ་པར་སྤངས་པ་དང་། ་འདོད་པའི་བསོད་ཉམས་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་མཐའ་རྣམ་པར་སྤངས་པ་དང་། བདག་ཉིད་དལ་བར་སྦྱོར་བའི་མཐའ་རྣམ་པར་སྤངས་པའོ།། དེ་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཡོད་པར་འཛིན་པ་ནི་སྒྲོ་འདོགས ་པའི་མཐའ་ཞེས་བྱའོ།། གཞན་གྱི་དབང་དང་ཡོངསུ་གྲུབ་པས་ཡང་མེད་པར་འཛིན་པ་ནི་སྐུར་པ་འདེབས་པའི་མཐའ་ཞེས་བྱའོ།། གཞན་དབང་དང་ཡོངསུ་གྲུབ་པ་ཡང་། མེད་པར་འཛིན་པ་ནི་སྐུར་པ་འདེབས་པའི་མཐའ ་ཞེས་བྱའོ།། གཞན་ཡང་ངེས་པར་བདག་ཡོད་པ་ཉིད་དུ་འཛིན་པ་ནི་སེམས་ཅན་དུ་སྒྲོ་འདོགས་པའི་མཐའོ།། ངེས་པར་བདག་མེད་པ་ཉིད་དུ་འཛིན་པ་ནི་སེམས་ཅན་ལ་སྐུར་པ་འདེབས་པའི་མཐའ་སྟེ། དེས་བརྟགས་པའི ་སེམས་ཅན་ཡང་མེད་པར་སྐུར་པ་བཏབ་པའི་ཕྱིརརོ།། སེམས་ཡང་དག་པར་ཡོད་པར་འཛིན་པ་ནི་ཆོས་སུ་སྒྲོ་འདོགས་པའི་མཐའོ།། སེམས་ཡང་དག་པར་མེད་པ་ཉིད་དུ་འཛིན་པ་ནི་ཆོས་ལ་སྐུར་པའི་མཐའ་སྟེ། འདི་ཡང ་བསྟན་བཅྡོཾས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། གཟུགས་ལ་སོགས་པར་རྟག་པར་གནས་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་མུ་སྟེགས་ཅན་གྱི་མཐའོ།། མི་རྟག ་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་མཐའ་སྟེ། འདི་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། བསྟན་པ་བཞིན་དུ་རིག་པར་བྱའོ།། གཞན་ཡང་འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མཐོང་བ་ནི་ཆད་པའི ་མཐའོ།། མྱ་ངན་ལས་འདས་པ་རྟག་པ་ཉིད་དུ་མཐོང་བ་ནི་རྟག་པའི་མཐའ་སྟེ། འདི་ཡང་འཕགས་པ་ཕྲེང་ལྡན་མའི་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། འདོད་པ་ལྔའི་བདེ་བ་ལ་སྤྱོད་པ་གང་ཡིན་པ་དེ་ནི་བདེ་བའི ་མཐའོ།། བདག་ཉིད་ལྟོགས་བཞིན་དུ་དཀའ་བ་སྤྱོད་པ་ནི་སྡུག་བསྔལ་ལ་སྤྱོད་པའི་མཐའ་སྟེ། འདི་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། གོང་དུ་བསྟན་པ་ལྟ་བུའི་ཕན་ཚུན་བལྟོས་པ་རྣམ་པ ་གསུམ་གྱི་མཐའ་གཉིས་སྤངས་ནས་དབུ་མའི་ལམ་ལ་སྤྱོད་པ་གང་ཡིན་པ་དེ་ནི་དོན་སྤངས་པའི་ཚུལ་ཞེས་བྱའོ།། དེ་བསམ་གྱིས་མི་ཁྱབ་པའི་ཚུལ་ཞེས་པ་ནི་མདོར་བསྡུ་ན་བསམ་གྱིས་མི་ཁྱབ་པའི་དངོས་པོ་རྣམ་པ་དྲུག་ཡོད་དེ། ་བདག་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་རྣམས་ཀྱི་བསམ་གཏན ་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའོ།། འདི་དག་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་གོ་རིམ་བཞིན་དུ་བཤད་པར ་བྱ་སྟེ། བསྟན་བཅོས་དེ་ལས་དེ་ལ་བདག་ལ་སེམས་པ་ནི་འདི་ལྟར་འདི་ནི་ལ་ལ་འཇོག་ཚོགས་ལ་ལྟ་བ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། ཅི་བདག་འདས་པའི་དུས་ན་འབྱུང་བར་གྱུར་ཏམ། འོན་ཏེ་བྱུང་བར་མ་གྱུར་ཞེས་བྱ ་སུ་སོགས་པ་སྟེ། ད་ལྟར་དང་། མ་འོངས་པའི་དུས་གཉིས་ལ་ཡང་དེ་བཞི་ནོ།། དེ་ལ་སེམས་ཅན་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ཁོ་ན་ལ་བརྟེན་ནས་འདི་སྙམ་དུ་སེམས་ཅན་དེ་དག་ག་ལས་འབྱུང་། སེཾན ་གྱི་བྱེད་པ་པོ་སུ་ཡིན། སེམས་ཅན་གང་གི་བར་དུ་འགྲོ། སེམས་ཅན་གང་གི་བར་དུ་འགག་པར་འགྱུར་སྙམ་དུ་སེམས་པའོ།། དེ་ལ་འཇིག་རྟེན་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་རྟེན་ས་ལ་བལྟ་བ་བརྟེན་ནས་འདི་སྙམ ་དུ་སེམས་ཏེ། འཇིག་རྟེན་རྟག་གོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་པའི་བར་དུ་ཆོས་ཉིད་ལས་བརྩམས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གི་ཆོས་ཉིད་དང་། སེམས་ཅན་གྱི་ཆོས་ཉིད་དང་། འཇིག་རྟེན་གྱི་ཆོས་ཉིད ་འདི་ཅི་ལས་དེ་ལྟར་འབྱུང་སྙམ་དུ་སེམས་ཤིང་། ཆོས་ཉིད་ཀྱི་རིགས་པ་ཁོ་ནས་མི་འཇུག་པ་ཡིན་ཏེ། དེའི་ཕྱིར་དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ཞེས་བྱའོ།། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན ་པ་ལ་སེམས་པ་ནི་རྣམ་པ་བཞིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། གནས་ཀྱི་བྱེ་བྲག་གི་ཕྱིར་དང་། དངོས་པོའི་བྱེ་བྲག་གི་ཕྱིར་དང་། རྒྱུའི་བྱེ་བྲག་གི་ཕྱིར་དང་། རྣམ་པར་སྨིན་པའི་བྱེ་བྲག་གི་ཕྱིརོ།། དེ་ལ་བསམ་གཏན་རྣམས ་ཀྱི་བསམ་གཏན་པའི་ཡུལ་ནི་རྣམ་པ་གསུམ་གྱིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེ་བཞིན་ཉིད་ཟབ་པའི་དོན་གྱི་ཕྱིར། དབང་སྒྱུར་བ་ཉིད་ཀྱི་ཕྱིར་དང་། ཟག་པ་མེད་པའི་དབྱིངས་ཡང་དག་པ་ཐོབ་པའི་ཕྱིརརོ།། དེ་ལ་སངས་རྒྱ ་ཀྱིས་རྣམ་པར་བཤད་པ་ལས་ནི། བསམ་གྱིས་མི་ཁྱཱ་བ་བྷ་རྣམ་པ་དགུ་ཞེས་སྟོན་ཏོ།། འདི་ལྟར་སྒྱུ་མ་དྲུག་གི་སྟེང་དུ་ཡང་རྣམ་པ་གསུམ་པོ་བསྟན་པར་མི་བྱ་བའི་དངོས་པོ་བནྡྷ་བཞི་དང་། ཡང་དྲུག་པའི་ཆོས་མ ་ཡིན་པ་དང་། ཉོན་མོངས་པས་མངོན་པར་བསྒྲུབས་པས་བསྣན་པས་སོ།། དེའི་ཕྱིར་བསྟུན་བ་ཅོས་དེ་ཉིད་ལས། རྒྱུ་དང་རྐྱེན་གང་གི་ཕྱིར་དངོས་པོ་དགུ་པོ་དག་ལ་བསམ་པར་མི་བྱ་ཞེ་ནཱ། སྨྲས་པ། རྒྱུ་རྐྱེན་རྣམ་པ་ལྔའི་ཕྱིར་ཏེ། བདག ་དང་སེམས་ཅན་ལ་རང་གི་མཚན་ཉིད་མེད་པའི་ཕྱིར་བསམ་པར་མི་བྱ་བ་དང་། འཇིག་རྟེན་དང་ལྟར་མངོན་གྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར་བསམ་པར་མི་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། སྤྱོད་ཡུལ་རྣམ་པ་གཉིས ་ཟབ་པའི་མཚན་ཉིད་ཡིན་པའི་ཕྱིར་བསམ་པར་མི་བྱའོ།། ལུང་མ་བསྟན་པའི་དངོས་པོ་གཅིག་ཏུ་ངེས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་བསམ་པར་མི་བྱ་བ་དང་། ཡང་དག་པའི་ཆོས་མ་ཡིན་པ་དང་། ཉོན་མོངས་པས ་མངོན་པར་བསྒྲུབས་པ་ནི་དོན་དང་མི་ལྡན་པའི་མཚན་ཉིད་རབ་ཏུ་འདྲེན་པའི་ཕྱིར་བསམ་པར་མི་བྱའོ།། གལ་ཏེ་དངོས་པོ་དེ་དག་སེམས་པར་བྱེད་ན་ཉེས་པ་རྣམ་པ་གསུམ་སྐྱེད་པར་རིག་པར་བྱ་སྟེ། སེམས་འཁྲུགས་པའི ་ཉེས་པ་བསྐྱེད་པ་དང་། བསོད་ནམས་མ་ཡིན་བསྐྱེད་པའི་ཉེས་པ་དང་། ལེགས་པར་མི་ཐོབ་པའི་ཉེས་པའོ།། གལ་ཏེ་སེམས་པར་མི་བྱེད་ན། ཡོན་ཏན་རྣམ་པ་གསུམ་འདྲེན་པར་བྱེད་དོ།། གོང་མ་ལས་བཟློག་པ་ལས་རིག ་པར་བྱའོ།། ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞི་ནོ།། དེ་ལ་དགོངས་པའི་ཚུལ་ནི་མདོར་བསྡུ་ན་རྣམ་པ་བཅུ་དྲུག་སྟེ། ཡང་དག་པར་སྟོན་པའི་དགོངས་པ་དང་། འདུན་པའི་ཟློག་པའི་དགོངས་པ་དང་། ཡང་དག་པར་འཛིན་དུ་འཇུག ་བའི་དགོངས་པ་དང་། ཡང་དག་པར་གཟེང་བསྟོད་པའི་དགོངས་པ་དང་། ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ་དང་། གཟུད་པའི་དགོངས་པ་དང་། ཐེ་ཚོམ་གཅད་པའི་དགོངས་པ་དང་། ཡོང་སུ་སྨིན་པར་བྱ་བའི་དགོངས ་པ་དང་། ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ་དང་། རྣམ་པར་གྲོལ་བར་བྱ་བའི་དགོངས་པ་དང་། དོན་གཞན་དང་འབྲེལ་པའི་དགོངས་པ་དང་། རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགོངས་པ་དང་། མཆོག་ཏུ་དགའ་བའི ་དགོངས་པ་དང་། སྨྲ་བ་པོ་ལ་ཉན་པ་རྣམས་རིམ་གྲོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ་དང་། ཕྱིས་ཀྱི་ཚུལ་འཇུག་པར་བྱ་བའི་དགོངས་པ་དང་། དགེ་བ་འཕེལ་བར་བྱང་ཆུབ་ངེས་པ་དང་། མཚན་མ་ཐམས་ཅད་ཀྱིས་ཟིལ་གྱིས ་གནོན་པའི་དགོངས་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སཾ་ལས་ཚུལ་རྣམ་པ་དྲུག་གི་མཚན་ཉིད་རྣམ་པར་བཤད་པ་ཡང་ཕལ་ཆེར་བསྟན་བཅོས་རྣམ་པར་བཤད་པ་ལས་འབྱུང་བ་དང་མཐུན་པར་སྟོན་ཏོ།། གཞན་ཡང ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངསུ་གྲུབ་པའི་ངོ་ཉིད་ལ་ཀུན་བརྟགས ་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་འདོགས་པའི་མཐའ་ཡིན་པར་རིག་པར་བྱའོ།། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངསུ་གྲུབ་པའི་ངོ་བོ་ཉིད་ལ་མེད་དོ་ཞེས་པ་ནི་རང་གི་མཚན་ཉིད་ལ་སྒྱུར ་པ་འདེབས་པའི་མཐའ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་ཐོབ་པའི་ཚུལ་དང་། བཤད་པའི་ཚུལ་གཉིས་ཀ་ནི་བསམ་གྱིས་མི ་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་དེ་ལ་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཡང་ཅི་རིགས་པར་འགྱུར་རོ་ཞེས་འབྱུང་སྟེ་ཞིབ ་ཏུ་དེ་ཉིད་ལས་བསྟན་པ་བཞི་ནོ།། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས།། ཚུལ་རྣམ་པ་དྲུག་གི་བཤད་པ་འཐུང་བ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པར་བཤད་པ་ལས་བསྟན ་པ་དང་། ཅུང་ཟད་ཐ་དད་དེ། དེའི་ཕྱིར་དེ་ཉིད་ལས། ཚུལ་གྱི་སྣོད་ནི་འདི་ལྟ་སྟེ། གང་དུ་ཚུལ་དྲུག་གང་ཞེ་ན། དེ་ཁོ་ནའི་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། ་བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིསོ།། ཚུལ་དྲུག་པོ་འདི་དག་ལས་གོང་མ་གསུཾ་ནི་ཚུལ་འོག་མ་གསུམ་གྱི་གོ་རིམ་བཞིན་དུ་རིག་པར་བྱའོ།། རོ་མྱང་བའི་མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གཟུགས་ལ་རོ་མྱུང་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ནི་སྐུར་པ་འདེབས་པའི་མཐའ་དང་། སྒྲོ་འདོགས་པའི་མཐའ་སྦྱངས་ནས་དེ་ཁོ་ནའི་དོན་གྱིས་ཚུལ་སྟོན་ཏོ།། རོ་མྱང་བ་དང ་ཉིས་དམིགས་དང་། ངེས་པར་འབྱུང་བ་ཡོད་དོ་ཞེས་བྱ་བ་འདི་ནི་སྐུར་པ་འདེབས་པའི་མཐའ་སྤངསོ།། གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ཏེ། ཕུང་པོ་བརྩམས་ལ་ཀུན ་ནས་ཉོན་མོངས་པ་འམ་རྣམ་པར་བྱང་བར་ཟད་ཀྱི། བདག་ནི་མེད་དོ་ཞེས་རབ་ཏུ་བསྟན་ཏོ།། དགེ་སློང་དག་ཅི་ཙམ་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱ་སྔོ་ཞེས་བྱ་བ ་འདྲིས་ནི། ཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡོངསུ་བསྟན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པར་སྟོན་པའི་ཕྱིར་རོ།། མདོ་འདི་དག་ཐམས་ཅད་ནི་བཤད་པའི་ཚུལ་ལོ།། དེ་ཡང་དགོངས་པའི་ཚུལ་གྱིས ་ཁོང་དུ་ཆུད་པར་བྱ་སྟེ། ཡོངསུ་ཤེས་པརྱ་བྱ་བའི་དངོས་པོ་དང་། ཡོངསུ་ཤེས་པར་བྱ་བའི་དོན་དང་། ཡོངསུ་ཤེས་པ་དང་། ཡོང་སུ་ཤེས་པའི་འབྲས་བུ་དང་། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་འདི་དགུ་བཤད་དོ།། ་དེ་ཡོངསུ་ཤེས་པར་བྱ་བའི་དངོས་པོ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པའི་ཡོངསུ་ཤེས་པར་བྱ་བའི་དོན་ནི་འདི་ལྟ་སྟེ། རོ་མྱང་བ་ལ་སོགས་པ་སྟེ། རྣམ་པ་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངསུ་ཤེས ་པའི་ཕྱིར་རོ།། ཡོངསུ་ཤེས་པ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཤེས་པའོ།། ཡོང་སུ་ཤེས་པའི་འབྲས་བུ་ནི་འདི་ལྔ་སྟེ ་ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས་ལྷ་དང་མི་དང་བཅས་པའི་བར་ལས་གྲོལ་བ་ནས་རྣམ་པར་ཐར་པར་རབ་ཏུ་གྲོལ་བ་ཞེས་བྱ་བའི་བར་དུའོ།། དེ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་ནང་དུ་ཤིསོ་ཞེས་བྱ་བའི་བར་འབྱུང་བ་ཡིན་ནོ།། །། བམ་པོ་བདུན་ཅུ་གཅིག་པ།། འཇུག་པ་ནི་འདི་ལྟ་སྟེ། དུས་གསུམ་དང་འདུས་མ་བྱས་ཀྱི་མཚན་ཉིད ་དང་། རྐྱེན་བཞི་པོ་དྲུག་གོ་ཞེས་བྱ་བ་ནི་དྲུག་པ་འཇུག་པའི་མཚན་ཉིད་དོ།། འདི་ལྟར་འདུས་བྱས་ཀྱི་ཆོས་རྣམས་དུས་གསུམ་པོ་དྲག་ཏུ་སྐྱེ་བ་དང་། གནས་པ་དང་། འཇིགས་པའི་དབང་གིས་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། ་རྐྱེན་བཞི་པོ་དག་ཡོད་པར་འགྱུར་བའི་ཕྱིར་འཇིག་རྟེན་དུ་འཁོར་བར་གྱུར་པའོ།། བསྟན་བཙོས་རྣམ་པར་བཤད་པ་ལས། སྔ་ཕྱི་རྒྱུན་གཅིག་ནས་གཅིག་ཏུ་མི་འཆད་ཅིང་། མངོན་སུམ་དུ་གྱུར་པ་གསལ་ཞིང་དམི་གསུ ་རུང་བ། རྒྱུ་དང་བཅས་ཤིང་མི་གནས་པ་རྣམ་པ་གཞན་དུ་འགྱུར་བའོ་ཞེས་བྱ་བ་ནི་འཇུག་པའོ་ཞེས་བྱའོ་ཞེས་བཤད་དོ།། མཚན་ཉིད་བཞི་པ་དང་། དུས་གསུམ་གྱི་དོན་ནི་མཚན་ཉིད་གསུམ་དང་། ལས་འབྱུང་བ་བཞིན ་དུ་རིག་པར་བྱའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས། སྐྱེ་བ་ནི་བསམ་གཏན་གསུམ་པ་དང་། འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། རྐྱེན་བཞི་པོ་དག་གོ།། ཞེས་འབྱུང་བ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ ་ལས་མཚན་ཉིད་འདི་ནི་འདི་ལྟ་སྟེ། འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། རྒྱུ་དང་རྐྱེན་བཞི་པོ་དག་གོ་ཞེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་ནོར་ཏོ།། རིག་པ་ནི་རྣམ་པ་བཞིར་རིག་པར་བྱ་སྡེ་ཞེས་བྱ་བ་འདི་མན་ཆུད་ནི་བདུན ་པ་རིགས་པ་བཞི་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་མདོར་སྨོས་པ་དང་གྲངས་སྨོས་པ་བཞིན་དུ་མིང་བཀོད་པ་དང་། གོ་རིམ་བཞིན་དུ་ཕྱེ་སྟེ་བཤད་པ་སྟེ། འདི་ནི་དང་པོ་སྟེ། བལྟོས་པའི་རིགས་པ་དང་། ་བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ་ཞེས་བྱ་བ་ནི་གཉིས་པ་གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་གྲུབ་པ་ནི་བཞི་སྟེ། ་ཡོད་པར་གྱུར་པའི་གྲུབ་པ་དང་། བྱ་བའི་དངོས་པོ་གྲུབ་པ་དང་། གྲོགས་བྱས་ཏེ་གྲུབ་པ་དང་། ཆོས་ཀྱི་གྲུབ་པའོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདྨོ་ལཱས། མཐུན་པར་གྱུར་པའི་མཚན་ཉིད་ནི ་རྣམ་པ་བཞིར་རིག་པར་བྱ་སྟེ། ཕན་ཚུན་བལྟོས་པའི་མཐུན་པ་དང་། བྱ་བ་བྱེད་པའི་མཐུན་པ་དང་། བྱ་བ་བྱེད་པ་དང་མཐུན་པ་སྐྱེ་བའི་མཚན་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་ཀྱི་མཐུན་པ་ཞེས་འབྱུང་ངོ་།། དེ་ལ་བལྟོས ་པའི་རིག་པ་ནི་འདི་ལྟ་སྟེ། རྒྱུ་གང་དག་དང་། རྐྱེན་གང་དག་གིས་འདུ་བྱེད་རྣམས་སྐྱེས་པ་དང་། རྗེ་སུ་ཐ་སྙད་འདོགས་པ་འབྱུང་བ་གང་ཡིན་པ་དེ་ནི་བལྟོས་པའི་རིགས་པ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པའི ་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི་ཡང་རིགས་པ་རྣམ་པ་བཞིས་རྣམ་པར་ཕྱེ་སྟེ། བཤད་པ་ཉིད་ལས་རྣམ་པ་བཞིར་དབྱེ་སྟེ། འདི་ནི་དང་པོ་བལྟོས་པའི་རིགས་པ་རྣམ་པར་བཤད་པའོ།། འདི་ཡང་རྣམ་པར ་བཤད་པ་དང་། མཇུག་བསྔོ་བས་བསྟན་ཏེ། རིགས་པ་ཕྱི་མ་གསུམ་པོ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། འདི་ལྟར་འདུ་བྱེད་ཀྱི་ཆོས་རྣམས་ནི་རྒྱུ་དང་རྐྱེན་རྣམས་ལ་བལྟོས་པ་དང་། མིང་དང་ཚིག་དང་ཡི་གེའི་ཚོགས ་ལ་ཡང་བལྟོས་ནས། གདོད་གསལ་བར་འགྱུར་པས་དེའི་ཕྱིར་མིང་ལ་སོགས་པ་ནི་བལྟོས་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་ཉན་ཐོས་ཀྱི་ས་ལས་འདི་ལྟ་སྟེ། མདོར་བསྡུ་ན་བལྟོས ་པ་ནི་རྣམ་པ་གཉིས་ཏེ། སྐྱེ་བའི་བལྟོས་པ་དང་། གདགས་པའི་བལྟོས་པའོ།། དེ་ལ་སྐྱེ་བའི་བལྟོས་པ་ནི་འདི་ལྟ་སྟེ། རྒྱུ་གང་དག་དང་རྐྱེན་གང་དག་གིས་ཕུང་པོ་རྣམས་སྐྱེ་བར་འགྱུར་བའི་ཕུང་པོ་སྐྱེ་བ་དེ་ནི་རྒྱུ་དྲི་དག་དང ་རྐྱེན་དེ་དག་ལ་བལྟོས་པ་ཡིན་ནོ།། གདགས་པའི་བལྟོས་པ་ནི་འདི་ལྟ་སྟེ། མིང་གི་ཚོགས་དང་ཚིག་གི་ཚོགས་དང་། ཡི་གེའི་ཚོགས་གང་དག་གིས་ཕུང་པོ་རྣམས་གདགས་པར་འགྱུར་བའི་ཕུང་པོའི་གདགས་པོ་དེ་ནི་མིང་གི་ཚོགས ་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དེ་དག་ལ་བལྟོས་པ་ཡིན་ཏེ། དེ་ནི་ཕུང་པོ་རྣམས་ཀྱི་སྐྱེ་བའི་བལྟོས་པ་དང་། གདགས་པའི་བལྟོས་པའོ་ཞེས་བྱའོ་ཞེས་འབྱུང་སྟེ། བལྟོས་པའི་ཆོས་གང་ཡིན་པ་དེ་ཉིད་ནི་ཕུང་པོར ་གདགས་པའི་རིགས་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། མཚམས་རྣམ་པར་གྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་དང་། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་། ཕལ་ཆེར ་མདོ་དེ་ཉིད་ལས་གསུངས་པ་དང་མཐུན་པར་འབྱུང་བའི་ཕྱིར་བཤད་པ་མང་པོ་མ་བྱས་སོ།། བྱ་བ་བྱེད་པའི་རིགས་པ་ནི་འདི་ལྟ་སྟེ། རྒྱུ་གང་དག་དང་རྐྱེན་གང་དག་གིས་ཆོས་རྣམས་ཐོབ་པའམ། འགྲུབ་པ་འམ། སྐྱེས་པ ་རྣམས་ལས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་བྱ་བ་བྱེད་པའི་རིགས་པ་རྣམ་པར་བཤད་པའོ།། མདོའི་ཚིག་འདི་ཡང་སོ་སོ་བཤད་པ་ཡི་མཐུན་པས། ཁ་ཅིག ་ནཱནུརེ་དབང་པོ་དྲུག་གིས་ཡུལ་དྲུག་མཐོང་བར་འགྱུར་བ་གང་ཡིན་པ་དེ་ནི་ཐོབ་པ་ཞེས་བྱའོ།། འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པའི་གཟུགསུ་འགྱུར་བ་གང་ཡིན་པ་དེ་ནི་འགྲུབ་པ་ཞེས་བྱའོ།། ཆོས་རྣམས་སྐྱེས་ན་ནི ་སོ་སོའི་བྱ་བ་བྱེད་དེ། དཔེར་ན་མིག་གིས་གཟུགས་ལ་ལྟ་བ་ནས་ཡིད་ཀྱིས་ཆོས་འཛིན་པའི་བར་ལྟ་བུའོ་ཞེའོ།། ཁ་ཅིག་ནི་རེ་དགེ་བ་སྤྱད་པས་མྱ་ངན་ལས་འདས་པ་ཐོབ་པ་དང་། ཡོན་ཏན་ཡོངསུ་རྫོགས་པ་འགྲུབ་པའོ།། ་མཐོང་བ་དང་ཐོས་པ་ལ་སོགས་པ་ནི་བྱ་བ་བྱེད་པ་ཞེས་བྱ་སྟེ། དེའི་ཕྱིར་ཉན་ཐོས་ཀྱི་ས་ལས་ཕུང་པོ་རྣམས་རང་གི་རྒྱུ་དང་། རང་གི་རྐྱེན་གྱིས་བསྐྱེད་པ་གང་ཡིན་པ་རྣམས་ནི་རང་གི་བྱེད་པ་དེ་དང་དེ་དག་ལ་སྦྱོར ་བར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན། མིག་གིས་གཟུགས་རྣམས་ལ་ལྟ་བར་བྱེད་པ་དང་། རྣ་བས་སྒྲ་རྣམས་ཉན་པར་བྱེད་པ་དང་། ཡིད་ཀྱི་ཆོས་རྣམས་ལ་ཤེས་པར་བྱེད་པའི་བར་ལྟ་བུ་དང་། གཟུགས་ཀྱི་མིག་གི་སྤྱོད ་ཡུལ་དུ་གནས་པར་བྱེད་པ་དང་། སྦས་རྣ་བའི་སྤྱོད་ཡུལ་དུ་གནས་པར་བྱེད་པ་དང་། དེ་བཞིན་དུ་ཆོས་རྣམས་ཀྱིས་ཡིད་ཀྱི་ཡུལ་དུ་གནས་པར་བྱེད་པའི་བར་ལྟ་བུ་དང་། གཞན་ཡང་དེ་ལྟ་བུ་དང་། མཐུན་པའི་ཆོས་རྣམས ་དེ་དང་། དེ་དག་གི་གཅིག་ལ་གཅིག་བྱ་བ་བྱེད་པའི་རིག་པ་དང་། སྦྱོར་བ་དང་ཐབསུ་གྱུར་པ་གང་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ་ཞེས་འབྱུང་བ་ཡིནོ།། འཐུད་པ་བསྒྲུབ་པའི་རིགས་པ་འདི་ལྟ་སྟེ། རྒྱུ་གང་དག ་དང་རྐྱེན་གང་དག་གིས་དམ་བཅས་པ་དང་། བཤད་པ་དང་། སྨོས་པའི་དོན་བསྒྲུབ་པ་དང་། ཡང་དག་པར་ཁོང་དུ་ཆུད་པར་འགྱུར་པ་གང་ཡིན་པ་དེ་ནི་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གསུཾ ་པ་འཐད་པ་སྒྲུབ་པའི་རིགས་པ་རྣམ་པར་བཤད་པ་སྟོན་ཏོ།། འདི་ཡང་རྣམ་གྲངས་གཉིས་ཀྱིས་བསྟན་ཏོ།། འདི་ནི་དང་པོའི་མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དེ་ལ་རྒྱུ་གང་དག་དང་། ་རྟེན་གང་དག་གིས་ཤེས་བྱ་བ་ནི་འདི་ལྟ་སྟེ། དམ་བཅས་པའི་ཚེ་གཏན་ཚོགས་དང་། དཔེལ་བལྟོས་པ་གང་ཡིན་པ་དེ་ནི་རྒྱུ་དང་རྐྱེན་ཞེས་བྱའོ།། དམ་བཅས་པ་ཞེས་བྱ་བ་ནི། དམ་བཅས་པའི་གཞུང་གི་དོན་རྣམ་པར་བཞག། ་པ་གང་ཡིན་པའོ།། བཤང་བ་ཞེས་བྱ་བ་ནི་བསྒྲུབ་པའི་དོན་གྱི་ཁུངས་སྨོས་པའོ།། དོན་བསྒྲུབ་པ་ཞེས་བྱ་བ་ནི་གོང་མའི་དོན་བཅས་པ་དེ་རྣམ་པར་བཤད་པའོ།། ཡང་དག་པར་ཁྱོང་དུ་ཆུད་པར་བྱེད་པ་ཞེས་བྱ་བ་ནི་གོང་མ ་བཤད་པ་དང་། སྨྱོས་པའི་དོན་རྣམ་པར་བཤད་ནས། ཡང་དག་པར་ཁོང་དུ་ཆུད་པར་བྱེད་པའོ་ཞེའོ།། ཁ་ཅིག་ན་རེ་རྒྱུ་གླང་དང་། རྐྱེན་གང་དག་ཅེས་བྱ་བ་ནི་ཚད་མ་རྣམ་པ་གསུམ།། དམ་བཅས་པ་དང་། བཤད་པ་དང་། སྨོས ་པའི་དོན་ཅེས་བྱ་བ་ནི་དོན་གཅིག་གོ།། དེ་ལ་བྱེ་བྲག་ཡོད་པས་ཡང་ཚང་མ་གསུམི་རྣམ་པར་གཞག་པར་ནུས་པ་ལ་བལྟོས་པ་གང་ཡིན་པ་དེ་ནི་དམ་བཅས་པ་ཞེས་བྱའོ།། སྟོན་པར་བྱེད་བའི་བསྟན་པ་ལ་བལྟོས་པ ་གང་ཡིན་པ་ནི་བཤད་བྱ་ཞེས་བྱའོ།། རྒྱ་ཆེར་བ་ཤཱ་པ་ལ་བལྟོས་པ་གང་ཡིན་པ་དེ་ནི་སྨོས་པ་ཞེས་བྱའོ།། རྒྱུ་དང་རྐྱེན་དེ་དམ་བཅས་པའི་དོན་གླང་ཡིན་པ་བསྒྲུབ་ནས། གཞན་དག་གི་མི་རྟག་པ་ཉིད་དུ་དམ་བཅས ་པ་སྟེ། ཡང་དག་པར་ཁོང་དུ་ཆུད་པར་བྱེད་པའོ་ཞེའོ།། ཉན་ཐོས་ཀྱི་ས་ལས་ནི། འཐང་པ་སྒྲུབ་པའི་རིགས་པ་ནི་འདི་ལྟ་སྟེ། ཕུང་པོ་རྣམས་མི་རྟག་པ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་འམ། སྡུག་བསྔལ་བ ་སྟོང་པ་འམ། བདག་མེད་པ་འམ་ཞེས་ཚད་མ་གསུམ་པོ་འདི་ལྟ་སྟེ། ཡིད་ཆེས་པའི་ལུང་དང་། མངོན་སུམ་དང་རྗེསུ་དཔག་པ་དག་གིས་རྟོགས་པར་བྱེད་ཅིང་། འཐད་པ་སྒྲུབ་པའི་རིགས་པ་ནི་དམ་པ་རྣམས ་ཀྱི་སྙིང་པོ་འཕྲོག་པར་བྱེད་པའི་ཚད་མ་གསུམ་པོ་དེ་དག་གིས་འདི་ལྟ་སྟེ། ཕུང་པོ་རྣམས་མི་རྟག་པ་ཉིད་དམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དམ། སྡུག་བསྔལ་བ་ཉིད་དམ། སྟོང་པ་ཉིད་དམ། བདག་མེད་པ་ཉིད་དུ་རྣམ ་པར་འཇོག་པར་བྱེད་ཅིང་། སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ནི་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱའོ་ཞེས་འབྱུང་ངོ་།། གཞན་ཡང་རིགས་པ་འདི་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་འདི་མན་ཆུང་ནི་རྣམ་གྲངས་གཉིས་པ ་འཐད་པའི་རིགས་པ་སྟོན་ཏོ།། འདི་ཡང་རྣམ་པ་བཞི་སྟེ། གྲངས་མི་དོར་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་དང་། མཚན་ཉིད་མདོར་བཤད་པྟ་དང་། བརྟགས་པ་དང་ལན་དག་གིས་རྒྱ་ཆེར་རྣམ་པར་བཤད་པ་སྟེ། ་འདི་ནི་དང་པོའོ།། ཡོངསུ་དག་པ་དང་། ཡོངསུ་མ་དག་པའོ་ཞེས་བྱ་བ་འདི་ནི་གཉིས་པ་གྲངས་སྨོས་པ་བཞིན་དུ་མི་དཱ་བཀོད་པའོ།། འདི་ལྟར་གཏན་ཆགས་ཀྱིས་དོན་སྒྲུབ་པ་ལ་སྐྱོན་མེད་པའི་ཕྱིར་ཡོང་སུ་དག་པ་ཞེས ་བྱའོ།། སྐྱོན་དང་བཅས་པའི་ཕྱིར་ཡོངསུ་མ་དག་པ་ཞེས་བྱ་སྟེ། འོག་ནས་རྒྱ་ཆེར་སྟོན་ཏོ།། མཚན་ཉིད་རྣམ་པ་ལྔས་ནི་ཡོངསུ་དག་པ་ཞེས་བྱའོ།། མཚན་ཉིད་རྣམ་པ་བདུན་གྱིས་ནི་ཡོངསུ་མ་དག་པ་ཞེས་བྱའོ།། ཞེས་བྱ ་བ་ནི་གསུམ་པ་མཚན་ཉིད་མངོར་བཤད་པ་སྟེ། མཚན་ཉིད་རྣམ་པ་ལྔ་དང་། བདུན་གྱིས་དབང་གི་ཡོང་སུ་དག་པ་དང་། ཡོངསུ་མ་དག་པའོ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ཨ་ང་ན་མདོའི་ཚིག་འདི་མན་ཆང་རྣམ་གྲངས་གཉིས ་པ་ལ་རྣམ་པ་གཉིསུ་དབྱེ་སྟེ། མདོར་བསྟན་པ་དང་། བརྟག་པ་དང་། ལེན་དག་གིས་རྒྱ་ཆེར་བཤད་པའོ།། དང་པོ་ཡང་རྣམ་པ་གསུམ་སྟེ། གྲངས་མདོར་སྨོས་པ་དང་། གྲངས་སྨོས་པ་བཞིན་དུ་མིང་བཀོད་པ་དང་། མཚན་ཉིད ་མདོར་བསྟན་པའོ།། མཚོན་ཉིད་རྣམ་པ་ལྟས་ཡོངསུ་དག་པར་འགྱུར་བ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བརྟག་པ་དང་། ལན་ངག་གིས་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ་ཡོང་སུ་དག་པ་རྣམ་པར་བཤད་པ་དང་། ཡོངསུ་མ་དག་པ་རྣམ་པར་བཤད་པའོ།། ཡོང་སུ་དག་པ་ལ་ཡང་། བརྟག་པ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་བརྟག་པའོ།། མངོན་སུམ་དམིགས་པའི་མཚན་ཉིད་དང་། རང ་གི་རིགས་ཀྱི་དཔེ་ཉེ་བར་སྒྲུབ་པའི་མཚན་ཉིད་དང་། ཡོངསུ་གྲགས་པའི་མཚན་ཉིད་དང་། ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ཕྱིན ་དུ་གསུངས་པའོ།། འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་རྣམ་པ་ལྔ་བཤད་པ་དང་། མཚན་ཉིད་ལྔ་བཤད་པའི་མཇུག་བསྡུ་བའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ལྔ་ཡང་དག་པར་བཤད་པ་དང་། རྒོལ་བ ་དྲག་གིས་རྗེསུ་བཟླས་ཏེ་བཤད་པའོ།། མཚན་ཉིད་ལྔ་ཡང་དག་པར་བཤད་པ་རྣམ་པ་གསུམ་སྟེ། མཚན་ཉིད་ལྔ་མདོར་བཀོད་པ་དང་། གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་དང་། སྤྱིའི་མཇུག་བསྡུ་བ་སྟེ། འཛིན ་དང་པོའོ།། དེ་ལ་མངོན་སུམ་དམིགས་པའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནི་གོ་རིམ་བཞིན་དུ་རྣམ་པར་ཕྱེ་སྟེ། བཤད་པ་སྟོན་ཏོ།། འདི་ཡང་མཚན་ཉིད་རྣམ་པ་ལྔས་བསྟན་པ་ཉིད་ལས་རྣམ་པོར་དབྱེ་སྟེ། འདི་ནི་དྲང་པོ ་ན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་ཏོ།། འདི་ཡང་རྣམ་པ་གསུམ་སྟེ། མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏོ།། འདི་ནི་དང་པོ་མདོར་བསྟན་པ་ཉིད་དོ།། འདི་ལྟ་སྟེ། འདུ་བྱེད ་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་འདི་ནི་འཇིག་རྟེན་ན་མངོན་སུམ་གྱི་མཚན་མས་དམིགས་པ་ཡིན་ཏེ། ཞེས་བྱ་བ་འདི་ནི་གཉིས་པར ་བཤད་པའོ།། མདོའི་ཚིག་འདྲི་ཡང་རྣམ་པ་གཉི་སུ་དབྱེ་སྟེ། དང་པོ་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་དངོས་པོ་བསྟན་ནས་ཡང་དག་པར་བཤད་པའོ།། འདི་ནི་འཇིག་རྟེན་ན། ་མངོན་སུམ་གྱི་ཚད་མས་དམིགས་པ་ཡིན་ཏེ་ཞེས་བྱ་བ་ནི་ཚད་མའི་ཚད་རྣམ་པར་དབྱེ་བའོ།། དེ་ནི་འདི་སྐད་དུ། འཇིག་རྟེན་ན་བཏགས་པ་ཙམ་དུ་མངོན་སུམ་གྱི་ཚད་མ་ཡིན་པ་མངོན་སུམ་གྱི་ཚད་མ་ཡིན་པར་ཟད་དོ།། ། ་མངོན་སུམ་གྱི་ཚང་མ་ཡིན་པའི་ཕྱིར་མངོན་སུམ་གྱི་ཆང་མ་ཞེས་བྱ་སྟེ། འདི་ལྟར་མི་རྟག་པ་རགས་པ་འདིལ་བརྟེན་ནས་མི་རྟག་པ་ཕྲ་མོ་ལ་སོགས་པ་རྗེ་སུ་དཔག་པའི་ཕྱིར་མངོན་སུམ་གྱི་ཚང་མ་ལ་གནས་ནས་དམྱིགས ་པའི་མཚན་ཉིད་ཅེས་བྱའོ།། ཞེས་བསྟན་པར་འགྱུར་རོ།། དངོས་པོ་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ལ་རེ་ཞིག་ཚེ་གཅིག་གི་མི་རྟག་པའི་དོན་རིགས་པ་ལས་བརྟེན་ནུས་མི་རྟག་པ་ཉིད་དུ་མངོན་སུམ་མཐོང་བ་ནི་མི་རྟག་པའི་མངོན ་སུམ་གྱི་ཚད་མ་ཞེས་བྱའོ།། རང་གི་ལུས་ཀྱིས་གནོད་པ་སྣ་ཚོགས་མྱོང་བའི་ཕྱིར་སྡུག་བསྔལ་མངོན་སུམ་དུ་འགྱུར་བའི་ཚད་མ་ལྟ་བྱའོ།། སྨོད་ཅིང་ཚོལ་བ་རྣམས་ལ་རང་དབང་མེད་པའི་ཕྱིར་བདག་མེད་པར་ཤེས ་པཱ་གང་ཡིན་པ་དེ་ནི་བདག་མེད་པའི་མངོན་སུམ་གྱི་ཚད་མ་ཞེས་བྱའོ།། འདི་དག་ནི་ཐོས་པ་དང་བསམ་པའི་ཤེས་རབ་རྣམ་པར་གཡེང་བའི་སེམས་ཀྱིས་རྣམ་པར་རྟོག་པ་ཡིན་པའི་ཕྱིར་མངོན་སུམ་གྱི་ཚད་མ་མ ་ཡིན་ནོ།། འདི་ཉིད་ལ་ནི་འཇིག་རྟེན་གྱི་མངོན་སུམ་ཞེས་བཤད་དོ།། བཤད་པའི་རྣམ་པ་གཞན་དུ་ནཱ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཅེས་བྱ་བ་ནི་འདུས་བྱས་རྣམས་སྤྱིར་བསྡུས་པའོ།། འདུ་བྱེད་ཐམས་ཅད ་སྡུག་བསྔལ་བ་ཉིད་ཅེས་བྱ་བ་ནི་ཟག་པ་དང་བཅས་པའི་འདུ་བྱེད་དག་གོ།། ཆོས་ཐམས་ཅད་བདག་མེད་ཅེས་བྱ་བ་ནི་ཆོས་ཐམས་ཅད་བསྡུ་བའོ།། འདི་དག་ནི་ཆོས་གསུམ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ ་འབྱོར་སྤྱོད་པའི་ས་ལས་ངེས་པའི་དོན་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དོ།། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་ཉིད་དོ།། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དང་། བདག་མེད་པ་ཉིད་དོ་ཞེས་འབྱུང་བ་ཡིནོ།། ་མི་རྟག་པ་ལ་སོགས་པ་འདི་དག་གི་རིགས་པ་ཡང་དོན་རྣམ་པ་གཉིས་དང་ལྡན་ཏེ། དང་པོ་ནི་རང་གི་མཚན་ཉིད་ཀྱི་མི་རྟག་པ་ལ་སོགས་པའི་རིགས་པ་སྟེ། མངོན་སུམ་གྱི་མཚན་མས་དམིགས་པ་སོ་སོ་དྲུག་ཉིད་དང་ལྡན་པའོ།། ་གཉིས་པ་ནི་སྤྱིའི་མཚན་ཉིད་དེ་དཔེར་ན་སྐུད་པས་མེ་ཏོག་རྒྱུས་པ་དང་འདྲ་བར་འདི་ལྟར་མི་རྟག་པ་གཅིག་གིས་ཕུང་པོ་ལ་སོགས་པ་ལ་ཁྱབ་པར་གྱུར་ཏེ། སྡུག་བསྔལ་དང་། བདག་མེད་པ་ཡང་དེ་བཞི་ནོ།། འདིར་མངོན་སུམ་གྱི ་ཚད་མ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་ཕྱི་མ་ལ་བརྟེན་པ་ཡིན་པས། དེའི་ཕྱིར་བརྟགས་པ་ཙམ་དུ་འཇིག་རྟེན་པའི་མངོན་སུམ་ཞེས་བྱ་བ་ཡང་། ཡང་དག་པོའི་མངོན་སུམ་གྱི་ཚད་མ་ནི་མ་ཡིནོ།། བསྟན་བཅོས་རྣལ་འབྱོར ་སྤྱོད་པའི་ས་ལས་ནི་ཡང་དག་པའི་མངོན་སུམ་གྱི་མཚན་མ་ལ་བརྟེན་ནས་འཇིག་རྟེན་གྱི་མངོན་སུམ་གྱི་ཚད་མ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། མངོན་སུམ་དེ་སུའི་མངོན་སུམ་དུ་བརྗོད་པར་བྱ་ཞེས ་ནི། སྨྲས་པ། མཇུག་བསྡུ་ན་བཞི་སྟེ། དབང་པོ་གཟུགས་ཅན་གྱི་མངོན་སུམ་དང་། ཡིད་ཀྱིས་མྱོང་བའི་མངོན་སུམ་དང་། འཇིག་རྟེན་གྱི་མངོན་སུམ་དང་། དག་པའི་མངོན་སུམ་མོ།། དབང་པོའི་གཟུགས་ཅན་གྱིས་མངོན ་སུམ་ནི་འདི་ལྟ་སྟེ། ཇི་སྐད་བསྟན་པའི་མངོན་སུམ་གྱི་མཚན་ཉིད་ཀྱིས་དབང་པོ་གཟུགས་ཅན་ལྔ་པོ་རྣམས་ཀྱིས་སྤྱོད་ཡུལ་གང་ཡིན་པའོ།། ཡིད་ཀྱི་མྱོང་བའི་མངོན་སུམ་ནི་འདི་ལྟ་སྟེ། ཡིད་ཀྱི་སྤྱོད་ཡུལ་གང་ཡིན་པའོ།། ་འཇིག་རྟེན་གྱི་མངོན་སུམ་ནི་འདི་ལྟ་སྟེ། དེ་གཉི་ག་གཅིག་ཏུ་བསྡུས་པ་ནི་འཇིག་རྟེན་གྱི་མངོན་སུམ་ཞེས་བྱའོ།། ཡང་དག་པའི་མངོན་སུམ་ནི་འདི་ལྟ་སྟེ། འཇིག་རྟེན་གྱི་མངོན་སུམི་གང་ཡིན་པ་ངོ་ནི་དག་པའི་མངོན་སུམ ་ཡང་དེ་ཡིནོ།། དག་པའི་མངོན་སུམ་ཡིན་ལ། འཇིག་རྟེན་གྱི་མངོན་སུམ་མ་ཡིན་པ་ཡང་ཡིན་ཏེ། འཇིག་རྟེན་ལྔས་འདས་པའི་སྤྱོད་ཡུལ་གང་ཡིན་པ་སྟེ་ཡོད་པ་ལ་ཡང་ཡོད་པར། མེད་པ་ལ་ཡང་མེད་པར་བླ་ན ་ཡོད་པ་ལ་ཡང་བླ་ན་ཡོད་པར། བླ་ན་མྱེད་པ་ལ་ཡང་བླ་ན་མེད་པར་ཤེས་ཤིང་འཇིག་རྟེན་པ་རྣམས་དང་ཐུན་མོང་མ་ཡིན་པ་འདི་ནི་དགེ་པོའི་མངོན་སུམ་གྱི་ཚ་དེ་མ་ཞེས་བྱའོ་ཞེས་འབྱུང་བ་ཡིན་ཏེ། བསྟན་བཅོས་རྣམ་པར ་བཤད་པ་ལུས་ཀྱང་དེ་སྐད་དུ་བསྟན་ཏོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སུ་བསྟན་པ་དང་སྦྱར་ན། ཟག་པ་མེད་པ་མ་ཡིན་པའི་ཕྱིར་ཡང་འཇིག་རྟེན་གྱི་ཞེས་བྱའོ།། མངོན་སུམ་མ་ཡིན་པའི་ཕྱིར་ཡང་འཇིག ་རྟེན་གྱི་ཞེས་བསྟན་ཏོ།། གལ་ཏེ་དེ་ལྟར་ན་མངོན་སུམ་གང་གིས་ངོ་བོ་ཉིད་བྱེད་ཅེ་ན། སློབ་དཔོན་ཧྱན་ཅིང་གིས་རྣམ་པར་ཤེས་པ་དྲུག་པ་ཐམས་ཅད་ཀྱང་མངོན་སུམ་མ་ཡིན་ལ། རྣམ་པར་གཡེང་བའི་གནས་སྐབས་ཀྱི ་རྣམ་པར་ཤེས་པ་ལྔ་པོ་དག་དང་། དུས་གཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མངོན་སུམ་མ་ཡིན་ནོ།། མཉམ་པར་བཞག་པུའི་སེམས་ཐམས་ཅད་ཀྱང་མངོན་སུམ་གྱིས་བསྡུས་པ་ཡིན་ཞེས་བཤད་དོ།། ་སློབ་དཔོན་ཛི་ནས་བསྟན་བཅོས་ཚང་མ་བསྡུས་པ་མཛད་པ་ལས་ཀྱང་། མཉམ་པར་གཞག་པའི་སེམས་ཐམས་ཅད་ནི་མངོན་སུམ་གྱི་ཚད་མ་ཡིནོ་ཞེས་བཤད་པའི་ཕྱིརརོ།། དེ་ལྟར་བུ་དང་མཐུན་པར་གང་ཡིན་པ་དེ་ནི་མངོན་སུམ ་དུ་དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ།། གནས་མངོན་སུམ་དུ་དམིགས་པའི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ནས་མངོན་སུམ་དུ་དམིགས་པའི ་མཚན་ཉིད་རྣམ་པར་བཤད་པའོ།། འདི་ཡང་རྣམ་པ་གསུམ་སྟེ། མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ།། འདི་ནི་དང་པོ་མདོར་བསྟན་པ་སྟེ། འདི་ལྟར་མི་རྟག་པར་རག་པ་ལ་བརྟེན་ནས་སྐད་ཅིག ་མ་ཤིན་ཏུ་ཕྱེ་བའི་མི་རྟག་པ་ལ་སོགས་པ་རབ་ཏུ་བསྟན་པའོ།། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ལས་ཡོང་སུ་དག་པ་དང་། ཡོངསུ་མ་དག་པ་ཆུང་མི་ཟ་བ་ཉིད་དེ་ཞེས ་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་གསུམ་སྟེ། གནས་མངོན་སུམ་དུ་དམིགས་པའི་ངོ་བོ་ཉིད་གསུམ་བསྟན་པ་དང་། དེ་ལ་ཞེས་བྱ་བ་མན་ཆད་ཀྱིས་དམིགསུ་ཡོད་པར ་གྱུར་པའི་གཏན་ཚིགས་བསྟན་པ་དང་། རྒྱུ་དང་རྐྱེན་དེས་ཤེས་བྱ་བ་མན་ཆད་ཀྱི་ངེས་པར་གྲུབ་པ་ཉིད་དུ་བསྟན་པ་དང་སྟེ། འདི་ནི་དང་པོའོ།། འདི་ལྟར་གནས་མངོན་སུམ་དུ་དམིགས་པ་ནི་རྣམ་པ་གསུམ་ཡོད་པས་འདི་ལྟ་སྟེ། ་འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དང་། ལས་ཡོངསུ་དག་པ་དང་། ཡོངསུ་མ་དག་པ་ཆུད་མི་ཟ་བ་ཉིད་དོ།། དེ་ནི་འདི་སྐད་དུ་མི་རྟག་པར་རགས་པ་ལ་སོགས་པའི་དབང་གིས་ངོ་བོ་ཉིད ་རྣམ་པ་འདི་གསུམ་རྗེསུ་དཔག་ཏུ་ཡོད་པར་གྱུར་ཏོ་ཞེས་བསྟན་པར་འགྱུརརོ།། དེ་གནས་པའི་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་དམི་གསུ་ཡོད་པར་གྱུར་པའི ་གཏན་ཚིགས་བསྟན་པའོ།། འདི་ཡང་གཏན་ཚིགས་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ།། འདི་ལྟར་ངེས་གནས་པའི་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པའི་ཕྱིར་གདོན ་མི་ཟླ་བར་སྐད་ཅིག་ཨའི་སྐྱེ་འགག་དང་བཅས་པ་མི་རྟག་པ་ཕྲ་མོའི་དོན་ཡོད་པར་རྗེསུ་དཔག་པ་སྟེ། འདི་ནི་མངོན་སུམ་གྱི་ཚད་མ་དང་། རྗེསུ་དཔག་པའི་ཚད་མ་ལ་བརྟེན་ནས་སྐྱེས་པར་གྱུར་པའོ།། སེམས་ཅན་གྱི་བྱེ་བྲག ་སྣ་ཚོགས་དང་། ལས་སྣ་ཚོགས་དངོས་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གཉིས་པ་སྡུག་བསྔལ་རགས་པ་ལ་བརྟེན་ནས་དམིགས་པའི་མཚན་ཉིད་བསྟན་པའོ།། འདི་ལྟར་ད་ལྟར་གྱིས་དུས་སུ་སྡུག་བསྔལ་སྣ་ཚོགས ་ཡོད་པ་གང་ཡིན་པ་དེ་ནི་སྔ་མའི་ལས་སྣ་ཚོགས་ལ་བརྟེན་ནས། མངོན་སུམ་དུ་དམིགས་པའི་ཕྱིར་ངེས་གདོན་མི་ཟ་བར་འོངས་པ་ན་ཡང་སྡུག་བསྔལ་བའི་འབྲས་བུ་ཡོད་པར་རྗེསུ་དཔག་པའོ།། སེན་པདེ ་བ་དང་། སྡུག་བསྔལ་གྱི་ལས་ཡོངསུ་དག་པ་དང་། ཡོངསུ་མ་དག་པ་ལ་གནས་པ་ན། མངོན་སུམ་དུ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གསུམ་པ་བདག་མེད་པ་རིགས་པ་ལ་བརྟེན་ནས། བདག་མེད་པ་ཕྲ་བ་རབ་ཏུ་བསྟན་པའོ།། ་འདི་ལྟར་སེམས་ཅན་རྣམས་ད་ལྟར་བདེ་བ་དང་། སྡུག་བསྔལ་གང་ཅི་མྱོང་བ་དག་ནི་ལས་དགེ་པ་དང་། མི་དགེ་བ་ལ་གནས་པ་ཉིད་དུ་མཐོང་བའི་ལས་ཡོང་སུ་དག་པ་དང་། ཡོངསུ་མ་དག་པ་དག་གིས་ནི་གདོན་མི་ཟ་བར ་འབྲས་བུ་རབ་ཏུ་འདྲེན་ཅིང་ཆུད་མི་ཟ་བར་རབ་ཏུ་འདྲན་ཅང་ཆུང་མ་ཟ་ཤེས་པས་བདག་བདེ་བ་དང་། སྡུག་བསྔལ་མྱོང་བ་ཅི་ཡང་མེད་པ་ཁོ་ན་རབ་ཏུ་ཤེས་པའོ།། རྒྱུ་དང་རྐྱེན་དེས་མངོན་སུམ་དུ་མ་གྱུར་པ་ལ་རྗེསུ་དཔག་པར་བྱེད ་པ་ལ་ཞེས་བྱ་བ་ནི་གསུམ་པ་རིག་པའི་སྒོ་ནས་ཕྲ་བ་ཉིད་དུ་རྗེསུ་དཔག་པར་བསྟན་ཏེ། འདི་ལྟར་གོང་དུ་བསྟན་པའི་རྒྱུ་དང་རྐྱེན་རྣམ་པ་གསུམ་པོ་ངསྣ་མི་རྟག་པ་རིགས་པ་དེ་དག་གིས་ཤིན་ཏུ་ཕྱེ་ཞིང་། མཐོང་བར་དཀའ་བའི ་དངོས་པོ་རྗེསུ་དཔག་པར་བྱེད་པའོ།། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་གནས་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ།། རང་གི་རིགས་ཀྱི ་དབྱེས་ཉེ་བར་བསྒྲུབས་པའི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རང་གི་རིགས་ཀྱི་དཔེའི་མཚན་ཉིད་བསྟན་པའོ།། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ།། ་འདི་ནི་དང་པོ་ཆོས་མཚུངས་པའི་དཔེ་མདོར་བསྟན་པའོ།། ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ཀྱི་ཚོགས་ལ་འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་དུ་ཤེས་པའི་སྐྱེ་བ་དང་། འཆི་འཕོ་དག་གིས་དཔེ་ཉེ་བར་བསྒྲུབས་པ་ཞེས་བྱ་བ་ལ ་སོགས་པ་ལ་ནི་གཉིས་པ་ཡང་དག་པར་རྣམ་པར་བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་བཞིར་དབྱེ་སྟེ། མི་རྟག་པའི་དཔེ་བསྟན་པ་དང་། སྡུག་བསྔལ་བའི་དཔེ་དང་། བདག་མེད་པའི་དཔེ་དང་། འབྱོར་པ་དང་། རྒུད་པའི་དཔེ་སྟེ། ་འདི་ནི་དང་པོ་མི་རྟག་པའི་དཔེ་བསྟན་པའོ།། དེ་ལ་ནང་དང་ཕྱི་རོལ་ཅེས་བྱ་བ་ནི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ལས་བརྩམས་ནས་ཕྱི་ནང་གི་དཔེ་བསྟན་པ་སྟེ། ནང་དང་ཕྱི་རོལ་གྱི་ཚོགས་རྣམ་པ་གཉིས་ལ་འཇིག ་རྟེན་པ་དག་གི་ཐུན་མོང་དུ་སྐྱེ་བ་དང་། འཆི་འཕོ་ལ་སོགས་པའི་དངོས་པོ་ཉིད་དུ་ཤེས་པ་མི་རྟག་པ་ཕྲ་མོ་ལྔ་སོགས་པ་དེ་དག་གི་དཔེ་བསྟན་པའི་ཕྱིར་རོ།། ཡང་ནཱ་རགས་པ་དང་། ཕྲུ་བ་མི་དབྱེ་བར་སྤྱིའི་དཔེརྱ་བསྟན་པའོ།། ། ་བསྟན་བཅོས་རྣམ་པར་བཤོད་པ་ལས་ནི། སྐྱེ་བ་དང་འཇིག་པ་དག་གིས་ཞེས་འབྱུང་གི་འཆི་འཕོ་ཞེས་མི་འབྱུང་ངོ་།། འཇིག་རྟེན་པ་རྣམས་ཀྱིས་ཐུན་མོང་དུ་ཤེས་པ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་མཚན་ཉིད ་དཔེར་ཉེ་བར་བསྒྲུབས་པ་ཞེས་བྱ་བ་ནི་གཉིས་པ་སྡུག་བསྔལ་དཔེར་བསྟན་པ་སྟེ། འདི་ལྟར་པ་ཇིག་རྟེན་ན་ཡོད་པ་ལ་སོགས་པའི་སྡུག་བསྔལ་བརྒྱད་པོ་དག་བདག་ཉིད་ཀྱི་སྡུག་བསྔལ་བའི་དཔེར་ཉེ་བར་སྦྱར ་བཱའོ།། འཇིག་རྟེན་པ་རྣམས་ཀྱི་ཐུན་མོང་དུ་ཤེས་པ་རང་དབང་མེད་པའི་མཚན་ཉིད་དམིགས་པ་དག་གིས་དཔེ་ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་གསུམ་པ་བདག་མེད་པའི་དཔེ་བསྟན་པ་སྟེ། བིརྡ་ཕྱུང་བར་ཟད་དོ།། གཞན་ཡང ་ཕྱི་རོལ་དག་ལ་འཇིག་རྟེན་པ་རྣམས་ཀྱི་ཐུན་མོང་དུ་ཤེས་པའི་འབྱོར་པ་ཆུད་པ་དམིགས་པ་དག་གིས་དཔེར་ཉེ་བར་བསྒྲུབས་པ་ཞེས་བྱ་བ་ནི་བཞི་པ་འབྱོར་པ་དང་རྒུད་པའི་དཔེ་བསྟན་པའོ།། དེ་ལྟ་བུ་དང་མཐུན་པ་གང ་ཡིན་པ་དེ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ།། ཡོངསུ་གྲུགས་པའི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནཱི་བཞི་པ ་ཡོངསུ་གྲགས་པའི་མཚན་ཉིད་སྟོན་ཏོ།། འདི་རྣམ་པ་གསུམ་པོ་མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏེ། འདི་ནི་དང་པོའོ།། འདི་ལྟ་སྟེ། འདི་ལྟར་མངོན་སུམ་དུ་དམིགས་པའི ་མཚན་ཉིད་གང་ཡིན་པ་དང་། གནས་མངོན་སུམ་དུ་དམིགས་པའི་མཚན་ཉིད་གང་ཡིན་པ་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་བསྒྲུབ་པ་དམིགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་གྲུབ་པར་བྱ་བ་ལ་གཅིག ་ཏུ་ངེས་པར་གྲུབ་པར་བྱེད་པས་ཞེས་བྱ་བ་ནི་གཉིས་ཡོངསུ་གྲགས་པའི་མཚན་ཉིད་ཡང་དག་པར་བཤད་པ་སྟེ། འདི་ལྟར་མངོན་སུམ་དུ་དམིགས་པ་དང་། དཔེ་དེ་དག་གིས་དམ་བཅས་པའི་དོན་ངེས་པར་གྲུབ་པར་བྱེད ་པའི་ཕྱིར་ཡོངསུ་གྲགས་པ་ཞེས་བྱའོ།། བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཡོངསུ་གྲུབ་པ་ཉིད་ཅེས་འབྱུང་ངོ་།། ཡོངསུ་གྲགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་སྟེ། ་བརྡ་ཕྲད་པར་ཟད་དོ།། ཤིན་ཏུ་རྣམ་པར་དགེ་བའི་ལུང་གི་མཚན་ཉིད་ནི་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་བསྟན་ཏོ།། འདི་ཡང་རྣམ་པ་གསུམ་སྟེ། མདོར་བསྟན་པ་དང ་རྣམ་པར་བཤད་པ་དང་། མཇུག་བསྡུ་བས་བསྟན་ཏེ། འདི་ནི་དང་པོའོ།། འདི་ལྟ་སྟེ། ཐམས་ཅད་མཁྱེན་པས་གསུངས་པ་ཇི་སྐད་དུ་མྱ་ངན་ལས་འདས་པ་ནི་ཞི་བའོ།། ཞེས་བྱ་བ་ལ་ཞེས་པ་ནི་གཉིས་པ་རྣམ་པར་བཤུད ་པའོ།། དེ་ལྟ་བུ་དང་མཐུན་པས་གང་ཡི་ནཱི་པཱ་དེ་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་ཡིན་པོར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པཱ་མཇུག་བསྡུ་བའོ།། རིགས་ཀྱི་བུ་དེ་ལྟ་བས་ན་མཚན་ཉིད་ལྔ་པི་དག་གི་ཕྱིར ་ཤིན་ཏུ་སོ་སོར་རྟག་པ་ཡོངསུ་དག་པའི་རིགས་པ་ཞེས་བྱ་སྟེ། ཡོངསུ་དག་པ་ཡིན་པའི་ཕྱིར་བརྟེན་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་སྤྱིའི་མཇུག་བསྡུ་བའོ།། །། བམ་པོ་བདུན་ཅུ་གཉིས་པ། བྱང་ཆུབ ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུ་མཆིས་པར་རིག་པར་བགྱི་ལགས་ཞེས་བྱ་བ ་འདི་མན་ཆད་ནི་གཉིས་པ་རྒོལ་བ་དག་གི་རྗེསུ་བཟླས་ཏེ་རྣམ་པར་བཤད་པ་ཞེས་བྱ་བ་སྟོན་ཏོ།། འདི་ལྟར་གོང་མ་ལྔ་པ་ཤིན་དང་རྣམ་པར་དག་པའི་ལུང་གི་མཚན་ཉིད་བསྟན་པའི་སྐབས་ནས་ཐམས་ཅད་མཁྱེན་པས ་གསུངས་པ་ཞེས་བྱ་བའི་ཚིག་གསུངས་པས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་མཚན་ཉིད་རྣམ་པ་དུ་དང་ལྡན་པ་ཁོང་དུ་མ་ཆུད་པས་དེའི་ཕྱིར་འདིར་ཡང་བཟླས་ཏེ་བསྟན་པ་ཡིན་ནོ།། འདི་ཡང་རྣམ་པ་གཉིས་ཏེ་ཞུ་བ་གསོལ ་པ་དང་། ལྡན་དུ་གསུངས་པ་སྟེ། འདི་ནི་དང་པོ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཞུས་པའོ།། འདིར་ཐམས་ཅད་མཁྱེན་པ་ཞེས་ཞུས་པ་དང་། གཞན་ནས་རྣམ་པ་ཐ~ཾད་མཁྱེན་པ་ཞེས་གསུངས་པ་ལ་བྱེ་བླག་ཡོད་ཅེ་ན། ་ཡུལ་འདིའི་སློབ་དཔོན་རྣམས་ཀྱིས་བརྒྱུད་དུ་བཤད་པ་ལས། དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། ཀུན་རྫོབ་ལ་གནས་པའི་ཡེ་ཤེས་གང་ཨཱིན་པ་དེ་ནི་རྣམ་པ་ཐང ་མཁྱེན་པ་ཞེས་བྱའོ་ཞེས་བཤད་དོ།། སློབ་དཔོན་ཡང་དག་བདེན་པས་འཕགས་པ་གསེར་འོད་དམ་པའི་བརྗེད་བྱང་བྱས་པ་ལས་ནི། ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་གང་ཡིན་པ ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ།། ཤེས་པ་དང་བཅས་པ་ལ་དམིགས་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། ཐེག་པ་ཆུང་ངུས་པས་འདོད་པའི་དོན་ནི་མཚན་ཉིད་གོང་མ་ལས་བཟློག་པ་ལས་རིག་པར་བྱའོ་ཞེས ་འབྱུང་ངོ་།། གཞན་ཡང་འཕོགས་པ་གསེར་འོད་དམ་པའི་མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ནི།། རྩ་བ་དག་ཏུ་གྱུར་པས་ན།། ཡོན་ཏན་དཔག་ཏུ་མེད་པ་དང་།། རབ་ཏུ་བརྒྱན་པར་གྱུར་པ་ཡིན་ཞེས་གསུངས་པ་ཡིན་ཏེ། ་སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱུང་ལས་རྣམ་པ་ཐམས་ཅད་མཁྱེན་པ་ནི་རྩ་བ་དག་ཏུ་གྱུར་པས་ན་ཞེས་བྱ་བ་ནི་སྔར་ཡེ་ཤེས་སྐྱེ་བ་བསྟན་པའོ།། ཡོན་ཏན་དཔག་ཏུ་མེད་པ་དང་། རབ་ཏུ་བརྒྱན་པར་གྱུར་པ་ཡིན་ཞེས ་བྱ་བ་ནི་ཡོན་ཏན་སྐྱེ་བར་བསྟན་པའོ།། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཤེས་རབ་ཡིན་ལ། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་ནི་མཁྱེན་པ་སྐྱེད་པའི་ཕྱིར་རྣམ་པ་ཞེས་བྱའོ།། ཐམས་ཅད་ཅེས་བྱ་བ་ནི། ་མཁྱེན་པ་དང་ལྡན་པ་ཡིན་ལ་མཁྱེན་པའི་བྱེ་བྲག་ཀྱང་མི་མཚུངས་པའི་ཕྱིར་ཐམས་ཅད་ཅེས་བྱ་བ་གསུང་སོ།། ཐེག་པ་ཆུང་ངུ་པའི་གཞུང་གིས་ཐམས་ཅད་སྟོང་པ་ཉིད་དུ་མཁྱེན་པ་ཞེས་བཤད་དེ། དེ་ལ་སྟོང་པ་ནི་ཐད་ཅེས ་འི་རྩ་བ་ཡིན་ལ། ཐམས་ཅད་ཅེས་བྱ་བ་ནི་སྟོང་བའི་ཡན་ལག་ཡིན་ཏེ། རྩ་བ་ལས་མི་ཐོབ་པ་ཡིན་པས་སྟོང་པ་ལ་རྣམ་པ་ཐམས་ཅད་ཅེས་བྱའོ།། མཁྱེན་པའི་ཤེས་པ་དང་ལྡན་པ་སྟེ། ཤེས་པ་དང་ལྡན་པའི་ནང ་ན་རྣམ་པ་སྣ་ཚོགས་མི་མཚུངས་པའི་ཕྱི་རོ་ཞེས་འབྱུང་།། འདིར་མཁྱེན་པ་རྣམ་པ་གཉིས་བཤད་པ་ཡང་བསྟན་པ་རྣམས་ལ་སོ་སོ་ནས་བཤད་པ་མི་མཐུན་པས་བེའུའི་སྡེ་པ་རྣམས་ནི་གང་ཟག་གི་ཆོས་ཐད། ་པར་ནུས་པ་ལ་ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ནང་ནས། བདག་འཇིག་པའི་ལེའུ་ལས། གལ་ཏེ་ལོགས་ཤིག་ཏུ་གང་ཟག་གི་བདག་ཉིད་ཡང་དག་པར་ཡོད་པར་རྣམ་པར་མ ་བཞག། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ཏེ། སེམས་དང་སེམས་ཅན་ལས་བྱུང་བའི་ཆོས་ཐམས་ཅད་མཁྱེན་པ་ཡིནོ།། སྐད་ཅིག་གཅིག་ལ་ཐ་དད་པར་སྐྱེ་ཞིང་འཇིག་པའི་ཕྱིརོ།། ཐམས་ཅད་ཡོད་པར ་སྨྲ་བའི་གཞུང་གིས་ནི་རྒྱུན་ལ་བརྟེན་ནས་ཐམས་ཅད་མཁྱེན་པ་ཞེས་འདོད་ཀྱི། བདག་ནི་མ་ཡིན་ཞེས་ཟེར་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས། དེ་ནི་བཅོམ་ལྡན་འདས་ཐམས་ཅད་གཅིག་པར་མཁྱེན་པའི་ཕྱིར་ཐ~ཾད ་མཁྱེན་པ་ཞེས་མི་ཟེར་ཏེ་ཞེས་འབྱུང་བ་ཡིན་ཏེ། བཤད་པ་འདི་དང་སྦྱར་ན། བེའུའི་སྡེ་པ་དག་ནི་ངེད་ཐམས་ཅད་མཁྱེན་པ་ཞེས་ཟེར་བར་ཟད་ཀྱི། བདག་གིས་ཤེསོ་ཞེས་མི་སྨྲ་སྟེ། འདི་ལྟར་རྒྱུད་ཀྱི་དབང་དུ་བྱས་ནས་སྤྱོད ་པ་དང་ལྡན་པའི་ཕྱིར་སངས་རྒྱས་ཞེས་བྱ་བའི་མཚན་བརྙེས་པ་ཡིན་ཏེ། ཕུང་པོ་རྣམས་ཀྱི་རྒྱུད་ལ་ནུས་པ་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་ཡོངསུ་གྲུབ་པ་ལས་ཐུགས་ལ་དགོངས་པ་ཙམ་གྱིས་མཁྱེན་པར་མཛད་པའི་དགོང ་པའི་ཡུལ་དག་ལ་ཕྱིན་ཅི་ལོག་མི་མངའ་བར་མཁྱེན་པ་སྐྱེ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའི། སྐད་ཅིག་མ་གཅིག་ལ་ཅོག་ཆར་མཁྱེན་པ་ནི་མ་ཡིན་པའི་ཕྱིར་ཏེ། ཚིགསུ་བཅད་པ་ལས་ཇི་སྐད་དུ། དཔེར་ན་རྒྱུན་གྱིས ་ནུས་པའི་ཕྱིར།། མེ་ཡིས་ཐམས་ཅད་སྲེག་འདོད་ལྟར།། དེ་བཞིན་ཐམས་ཅད་མཁྱེན་འདོད་ཀྱི།། གཅིག་པར་ཐམས་ཅད་མཁྱེན་ཕྱིར་མིན།། ཞེས་བཤད་པ་ལྟ་བུའོ།། དེ་ལྟར་རྒྱུན་གྱི་དབང་དུ་བྱས་ནས་ཐམས་ཅད་མཁྱེན་པ་ཞེས ་བྱའི་བདག་གི་ཀུན་ཤེས་པ་ནི་མ་ཡིན་པར་ཤེས་ནི་འདི་དང་དེ་དག་གིས་བརྟག་པ་དང་སྦྱར་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རུང་། དུས་གསུམ་མངའ་བར་གསུང་བར་ཤེས་པའི་ཕྱིརརོ།། གང་དུ་བསྟན ་ཅེ་ན། ཚིགས་བཅད་པ་ལས་ཇི་སྐད་དུ། འདས་པའི་སངས་རྒྱས་གང་ཡིན་དང་། མ་བྱོན་སངས་རྒྱས་གང་ཡིན་དང་། ད་ལྟར་བཞུགས་པའི་སངས་རྒྱས་གང་།། དེ་དག་སེམས་ཅན་མྱ་ངན་སེལ།། ཞེས་བཤད་པ་ལྟ་བུའོ།། ཁྱོད་ཀྱི ་གཞུང་གིས་ནི་ཕུང་པོ་ཁོ་ན་ལ་དུས་གསུམ་ཡོད་པར་འདོད་ཀྱི། གང་ཟག་ལས་ནི་མ་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་ལྟར་ངེས་ཞེས་འབྱུང་ངོ་།། ཐམས་ཅད་ཡོད་པར་སྨྲ་བ་དེའི་གཞུང་གི་ཐམས་ཅད་མཁྱེན་པ་ཞེས་བྱ་བ ་དེ་ཡང་དག་པ་དང་ཀུན་རྫོབ་ཀྱི་ཡེ་ཤེས་ལས་ཡེ་ཤེས་གང་གི་དབང་དུ་བྱས་ནས་བསྟན་ཅེ་ནི། སྨྲས་པ། ཡང་དག་པ་དང་། ཀུན་རྫོབ་ལ་དམིགས་པ་གཉི་ག་ལ་བརྗོད་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ།། ་དེ་ལྟ་མ་ཡིན་ན་ནི་ཐེག་པ་གཉིས་ཀྱང་ཐམས་ཅད་མཁྱེན་པ་ཞེས་བྱ་བར་འགྱུར་བའི་ཕྱི་རོ།། མདོ་སྡེའི་གཞུང་དང་། གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས། ཡེ་ཤེས་ནི་རྣམ་པ་བཞི་སྟེ། སློབ་དཔོན ་མེད་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། རྩོལ་བ་མེད་པའི་ཡེ་ཤེས་སོ་ཞེས་འབྱུང་སྟེ། རྣམ་པར་ཕྱེ་སྟེ་བཤད་པ་མེད་ན་འདི་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་\ུ0f7f ་མཁྱེན་པ་ཞེས་བྱ་བ་ནི་དོན་དམ་པ་ལ་དམིགས་པའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་དངོས་པོ་ལ་དམིགས་པའི་མཁྱེན་པའོ་ཞེས་ཟེར་རོ།། དགེ་འདུན་ཕལ་ཆེན་པའི་སྡེ་པ་དང་། ལྷན་ཅིག་བརྗོད་པའི་བང ་བ་དང་། བྱ་མཱ་ལོ་བྷཱུའི་སྟེ་པ་དག་ནི་འདི་སྐད་དུ། སྐད་ཅིག་མའི་སེམས་གཅིག་གིས་ཐམས་ཅད་ཁོང་དུ་ཆུད་པར་འགྱུ་རོ།། སྐད་ཅིག་མ་གཅིག་གི་སེམས་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱི་ཆོས་ཐམས་ཅད་ཤེས།། ་ཟུང་བྱ་དང་མི་སྐྱེ་བའི་ཡེ་ཤེས་རྟག་པར་རྒྱུན་དུ་འཇུག། གོ་ཞེས་བཤད་དེ། སྡེ་པ་ཐ་དུད་པའི་གཞུང་ལུགས་ཀྱི་བསྟན་བཅོས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། ཡང ་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཐེག་པ་གཉིས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པར་ལྟ་བས་རྣམ་པ་ཐམས་ཅད ་མཁྱེན་པ་མ་ཡིན་ཞེས་བཤད་དོ།། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ལུང་གི་ཚུལ་ལེགས་པར་མི་རྟོགས་པའི་ཕྱིར་ཏེ། ཚིག་སུ་བཅད་པ་ལས་ཇི་སྐད་དུ། རྒྱུནྡ་དག་གིས་ནུས་བྱའི་ཕྱིར་ནི་ཐམས་ཅད་ཟད་པར་འདོད་ཅིག་ཆར ་ཐམས་སྣང་རིག་མིན་པསྱ། ཐམས་རྒྱུད་མཁྱེན་པ་དེ་ལྟར་འདོད་ནས་སྨྲའོ།། དེ་ལྟ་བས་ན་ཀུན་གནི་རྣམ་པར་ཤེས་པ་མ་ཤེས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་དཀའ་བ་དང་། ས་བར་འགྱུ་རོ་ཞེས ་གཞུང་གིས་དེ་ལྟར་འདོད་པར་ཤེས།། ཆོས་ཐམས་ཅད་བདག་མེད་པའོ་ཞེས་ཐུགས་ཆུང་བ་ཐམས་ཅད་མཁྱེན་པ་མ་ཡིན་ནམ་ཞེ་ན། ཐམས་ཅད་མཁྱེན་པ་ཡིན་མོད་ཀྱི། རྣམ་པ་ཐམས་ཅད་མཁྱེན་པོ་ནི་མ་ཡིན ་ཞེས་འབྱུང་སྟེ། རྒྱུ་རྒྱུར་འདི་ཉིད་ལས་བསྟན་པ་བཞིན་ནོ།། བཤད་པ་འདི་དང་སྦྱར་ན་ཐམས་ཅད་མཁྱེན་པོ་ཞེས་བྱ་བ་ནི་མཚན་ཉིད་ཐ་དྲང་པ་ཉིད་དུ་ཆོས་ཐམས་ཅད་ཐུག་སུ་ཆུད་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས ་ཀྱང་བསྒྲིས་པ་མནོ་ཞེས་བཤད་ཀྱང་འགྲེལ་བ་མེད་དོ།། གཞན་ཡང་བཤད་པ་འདི་དག་དང་སྠཱར་ན་དེ་བཞིན་གོ་ཤེགས་པས་སྐུད་ཅིག་མ་གཅིག་ལ་རང་གི་བོ་ཉྀད་མིརྨོངས་པར་ལྡན་པའི་ཆོས་ལ་སྩོགས ་བཟུག་སུཾ་ལུང་བར་འདོད་པ་ཡང་། ཕལ་ཆེར་དགེ་འདུན་པལ་ཆེན་པའི་སྡེ་བ་དག་དང་མཐུན་ནོ།། དེ་ལ་ཀྱི་བྲག་ཡོད་པ་དེའི་གཞུང་གིས་མ་བཞིའི་དོན་རྣམ་པར་མི་འཇོག་པས་འདིར་བསྟན་བཅོས་རྣམ་པར་རིག ་ཙམ་དུ་གྲུབ་པ་ལ། ལྟ་བའི་རྣམ་པ་མ་གཏོགས་པ་ནི་རྒྱུ་མཚན་ལ་དམིགས་པ་མ་ཡིནོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་རྣམས་ཀྱང་བརྗོད་པར་བྱའོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པོའི་འགྲེལ་པ་ལས་ནི་སློབ་དཔོན་གཉིས་ཀྱི་བཤད་པ་བྱུང་སྟེ།། ཁ་ཅིག་ན་རི་ཡེ་ཤེས་གཉིས་ལ་བྱེ་བྲག་མེད་དོ་ཞེས་ཟེར། ཁ་ཅིག་ན་རེ་བྱེ་བྲག་ཡོད་ཞེས་ཟེར་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ཐམས་ཅད ་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། ཁ་ཅིག་ན་རེ་བྱེ་བྲག་མེད་པས། རེས་འགའ་ནི་ཐམས་ཅད་མཁྱེན་པ་ཞེས་གསུང་སོ།། རེས་འགའ་ནི་རྣམ་པ་ཐམས་ཅད་མཁྱེན་པ ་ཞེས་གསུངསོ་ཞེའོ།། ཁ་ཅིག་ན་རེ་སྤྱིའི་མོཆེན་ཉིད་དུ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། བྱེ་བྲག་གི་མཚན་ཉིད་དུ་ནི་རྣམ་པ་ཐམས་ཅད་མཁྱེན་པའོ།། རྒྱུ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། འབྲས ་བུ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ།། མདོར་བསྟན་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། རྒྱ་ཆེར་སྟོན་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པོ་ཞེས་བྱའོ།། དེ་ལ་ཐད ་མཁྱེན་པ་ཞེས་བྱ་བས་ནི་ཆོས་ཐམས་ཅད་ལ་ཀུན་ཏུ་རྨོངས་པའི་མ་རིག་པ་འཇིག་པར་བྱེད་དོ།། རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་ཆོས་རྣམ་པ་སྣ་ཚོགས་ལ་སོ་སོར་རྟོག་པའི་མ་རིག་པ་འཇིག་པར ་བྱེད་དོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། གཞན་ཡང་ལེའུ་ཕྱི་མ་ལྔས། བཅོམ་ལྡན་འངས་ཉིད་ཀྱིས་ཐམས་ཅད་ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་དངོས་པོའོ།། ལམ་གྱི་རྣམ་པར་ཤེས ་པ་ཉིད་ནི་བྱང་ཆུབ་སེམས་དཔའི་དངོས་པོའོ།། རྣམ་པ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་ཀྱི་དངོས་པོའོ།། ཉན་ཐོས་དང་རང་སངས་རྒྱས་ལ་ནི་ཐམས་ཅད་མཁྱེན་པ་ཁོ་ན་ཡོད་ཀྱི། རྣམ་པ་ཐམས་ཅད་ཤེས་པ་ཉིད ་ནི་མེ་དོ།། གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་ནི་བྱེ་བྲག་གི་མཚན་ཉིད་ལ་རྣམ་པར་རྟོག་པའི་སྤྱོད་པ་དང་ལྡན་ཡང་། ཟད་པར་ཤེས་པར་མི་ནུས་པས་སྤྱིའི་མཚན་ཉིད་ཀྱི་མིང་ཐོབ་པ་ཡིནོ།། སངས་རྒྱས་ཀྱི་ཐ~ཾད ་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡང་དག་པ་ཉིད་ཡིན་ལ། ཐེག་པ་གཉིས་ཀྱི་གདགས་པའི་མིང་ཅན་ནོ།། ཐམས་ཅད་མཁྱེན་པས་མཁྱེན་པར་མཛད་པའི ་ཆོས་གང་ཡིན་ཞེ་ན། སྨྲས་པ། སྐྱེ་མཆེད་བཅུ་གཉིས་ཞེས་འབྱུང་སྟེ། རྒྱ་ཚོར་དེ་ཉིད་ལྔས་བསྟན་པ་བཞི་ནོ།། གཞན་ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ལམ་བརྙེས་པ་ན། ལམ་གྱི་མཁྱེན་པས་ཐམས་ཅད ་མཁྱེན་པ་དང་། རྣམ་པ་ཐམས་ཅད་བརྙེས་པ་ཡིན་ན། འདིར་ཅིའི་ཕྱིར་ཐམས་ཅད་མཁྱེན་པ་དང་ལྡན་པར་བསྟན་ཅེ་ན། སྨྲས་པ། བཅོམ་ལྡན་འདས་ཀྱིས་ལམ་བརྙེས་པ་ན། འདི་ནས་ལམ་གྱི་མཁྱེན་པས་ཐོད ་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕུན་སུམ་ཚོགས་པར་བརྙེས་པ་ཡིན་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྱོད་པར་མི་མཛད་དེ། དཔེར་ན་རྒྱལ་པོ་ཆེན་པོར་དབང་སྐུར ་བུ་ཐོབ་ན། རིན་པོ་ཆེའི་པ་མཛོད་ལ་སོགས་པ་ལ་དབང་ཐོབ་པ་ཡིན་ཡང་། ད་དུང་མ་ཕྱེད་མ་སྤྱད་པ་དང་འདྲ་བར་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཉོན་མོངས་པའི་བག་ཆགས་སྤངས་ནས།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ཉིད་དུ་བསྟན་པར་བཞེད་པའི་ཕྱིརརོ།། སེམས་གཅིག་གིས་ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ནས་ཉོན་མོངས་པའི་བག་ཆགས ་སྤངས་པ་ཡིན་ན། འདྨར་ཅིའི་ཕྱིར་ཐམས་ཅད་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ནས་ཉོན་མོངས་པའི་བག་ཆགས་སྦྱོང་བར་སྟོན་ཙོ་ན། དུས་གཅིག་ཏུ་བརྙེས་པ་ཡིན་མོད་ཀྱི། འདིར ་གཞན་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཡིད་ཆེས་པར་མཛད་པའི་དོང་། རིམས་ཀྱི་བྱེ་བྲག་གིས་རྣམ་པས་བསྟན་ཅེ་ན། སེམས་ཅན་རྣམས་ཡོངསུ་དག་པའི་སེམས་འཐོབ་པར་འགྱུར་བའི ་ཕྱིར་དེ་སྐད་དུ་བསྟན་ཏོ།། གཞན་ཡང་སེམས་གཅིག་གིས་བརྙེས་པ་ཡིན་ཡང་། དང་པོ་དང་། བར་མ་དང་། ཐ་མའི་གོ་རིམ་ཀྱང་ཡོད་པས། དཔེར་ན་སེམས་གཅིག་ལ་མཚན་ཉིད་གཉིས་པ་རྒྱུ་དང་རྐྱེན་ལ ་གནས་པ་དང་། རྒྱུ་དང་རྐྱེན་འགག་པ་གནས་པ་སྐྱེ་བ་ལྟ་བུའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བསྟན་པ་ལས་ཕན་ཚུན་ཟློག་པ་ཡིན་པར་རིག་པར་བྱའོ།། འཕགས་པ་སངས་རྒྱས་ཀྱི ་སའི་འགྲེལ་པ་ལས་ནི་མེ་ལོང་ལྟ་བུའི་ཡེ་ཤེསོ་ཁོ་ན་ལས་བརྩམས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་སྟོན་ཏེ། དུས་ཐམས་ཅད་དུ་རྟག་པར་ཆོས་ཐམས་ཅད་ཐུགསུ་ཆུད་པའི་ཕྱི་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས ་བསྟན་པ་བཞིན་ནོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིརོ་ཞེས་བཤད་དོ།། དེའི་ཕྱིར་དེ་ཉིད་ལས་ཁམས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ ་པ་ཐམས་ཅད་དང་། དུས་ཐམས་ཅད་དུ་མཁྱེན་པ་ཐོགས་པ་མེད་པར་འཇུག་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ།། དེ་ལ་ཁམས་ནི་གཉིས་ཏེ། འཇིག་རྟེན་གྱི་ཁམས་དང་། སེམས་ཅན་གྱི་ཁམ་སོ།། ། ་དངོས་པོ་ནི་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱསོ།། འདུས་བྱས་དང་འདུས་མ་བྱས་པའི་དངོས་པོ་དེ་ཉིད་ལ་ཡང་། རང་གི་མཚན་ཉིད་ཀྱི་ཕྱི་མ་ཕྱི་མའི་རྣམ་པར་རབ་ཏུ་དབྱེ་བའི་ཕྱིར་དང་སྤྱིའི་མཚན་ཉིད་ཀྱི ་རབ་ཏུ་དབྱེ་བའི་ཕྱིར་དང་། རྒྱུ་དང་འབྲས་བུའི་རབ་ཏུ་དབྱེ་བའི་ཕྱིར་དང་། ཁམས་དང་འགྲོ་བ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སོགས་པའི་རབ་ཏུ་དབྱེ་བའི་ཕྱིར་རྣམ་པའི་རབ་ཏུ་དབྱེ་བ་ཚང་མདོ།། ་དེ་ལ་དུས་ནི་རྣམ་པ་གསུམ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ།། ད་ལྟར་ཁམས་ཐམས་ཅད་དང་། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་དང་། དུས་ཐམས་ཅད་མཁྱེན་པ་ནི་ཐམས་ཅད ་མཁྱེན་པའོ་ཞེས་འབྱུང་སྟེ། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅྡོཾས་སཱ་ཡོངསུ་འཛིན་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ།། འདིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ ་པ་དང་། ལུང་གཅིག་ལས་འཕྲོས་པ་དང་། ལུང་སྣ་ཚོགས་ལས་པ་ལང་སྐྱོང་བའི་ཆོས་རྣམ་པ་བཅུ་གཅིག་གིས་ཐམས་ཅད་མཁྱེན་པའི་མཚན་ཉིད་བསྟན་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་འགྲེལ་པ་ལས། ཕུག་རོན་ཤིན་ཏུ་ཡུན་རིང་པོའི་དུསུ་སངས་རྒྱས་སུ་འགྲུབ་པར་འགྱུ་རོ་ཞེས་བསྟན་པ་ལ་སོགས་པའི་བསྟན་པ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པ་ཡིན་པས་ཁུངསུ་བརྗེད ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་མདོར་བསྡུ་ན་རྣམ་པ་ལྟ་སྟེ་ཞེས་བྱ་བ་ལ་འདི་མན་ཆད་ནི་དེ་བཞིན་གཤེགས་པས་ཡང་དག་པར་ལྡན ་དུ་གསུངས་པ་སྟོན་ཏོ།། འདི་ཡང་མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བ་བསྟན་ཏེ། འདི་ནི་དང་པོ་གྲངས་མདོརེ་སྨོས་ནས་ལན་མདོར་གསུངས་པའོ།། གང་སུ་ཡང་རུང་བ་ཞིག་བྱུང་ན། འཇིག ་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གོ་རིམ་བཞིན་དུ་རྣམ་པར་བཤད་པའོ།། འདི་ཡང་མཚན་ཉིད་རྣམ་པ་ལྔ་རྣམ་པར་ཕྱེ་སྟེ། བཤད་པ་འདི་ཉིད་ཀྱིས་རྣམ ་སྔར་དབྱེ་སྟེ། འདི་ནི་དང་པོ་ཀུན་ཏུ་གྲགས་པའི་མཚན་ཉིད་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ཐམས་ཅད་མཁྱེན་པའི་སྒྲ་ཡང་དག་པ་ཉིད་འཇིག ་རྟེན་ཀུན་ཏུ་ཁྱབ་པར་གྱུར་པ་ཞེས་སྟོན་ཏོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱ་བ་ནི་གཉིས་པ་སྐྱེས་བུ་ཆེན་པོ་གྱ་ནོམ་པའི་མཚན་ཉིད་བསྟན་པ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད ་པ་ཆེན་པོ་ལས་ཇི་སྐད་དུ། མཚན་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། རྟགས་བསྟན་པའི་དོན་གང་ཡིན་པ་དེ་ནི་མཚན་གྱི་དོན་ཏོ།། ཁྱད་པར་དུ་འཕགས་པའི་དོན་གང་ཡིན་པ་དེ་ནི་མཚན་གྱི་དོན་ཏོ།། བཀྲ ་ཤིས་ཀྱི་རྟགས་ཀྱི་དོན་གང་ཡིན་པ་དེ་ནི་མཚན་གྱི་དོན་ཏོ།། ཅིའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཁོ་ན་ཡིན་ལ། མི་མང་མི་ཉུང་ཞེ་ན། སྨྲས་པ། གལ་ཏེ་མཚན་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱི ་སྐུ་བརྒྱན་པར་གྱུར་ན་ནི་འཇིག་རྟེན་ན་དཔེ་ཟླ་མེད་པར་གྱུར་ལ། གལ་ཏེ་དེ་ལས་ཉུང་ན་ནི་མ་ཚང་བ་ཉིད་དུ་འགྱུར་བས་སོ།། དེ་ལས་མངས་ན་ནི་འདྲེས་ཤིང་འཁྲུག་པས་ཁྱད་པར་དུ་འཕགས་པ་མ་ཡིན་པ་ཉིད་དུ་གྱུར ་པའི་ཕྱིར་དེ་ལྟར་ངེས་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ལ། ལྷག་པ་དྲང་ཉུང་བ་མེད་པར་ལྟར་སངས་རྒྱས་ཀྱི་མཚན་ཡང་དེ་བཞིན་ཏེ། མ་ཚང་བ་ཅི་ཡང་མེ་དུ་བྱས་སྐྱེད་དུ་མེད་ལ། ་ལྷག་པ་ཅི་ཡང་མེད་པས་དབྱིར་མེང་པའི་ཕྱིའོ།། བྱང་ཆུབ་སེམས་དཔ་འཐོབ་པའི་མཚན་སུམ་ཅུ་རྩ་གཉིས་གང་ཡིན་པ་དང་། འཁོར་ལོམ་སྒྱུར་བའི་རྒྱལ་པོས་ཐོབ་པའི་མཚན་ལ་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ཅེ་ན། སྐྱེས་པ། ་བྱང་ཆུབ་སེམས་དཔའ་ནི་དངོས་པོ་རྣམ་པ་བཞིས་ཁྱད་པར་འཕགས་པ་ཡིན་ཏེ། རབ་ཏུ་སྦྱངས་པ་དང་། གསལ་པ་དང་། ཡོངསུ་རྫོགས་པ་དང་། གནས་ཅོས་པའོ།། གཞན་ཡང་དངོས་པོ་རྣམ་པ་ལྔས་ཁྱད་པར་དུ་འཕ ་ཏེ། གནས་ཐོབ་པ་དང་། ཤིན་ཏུ་མཛེས་པ་དང་། རི་མོ་ཤིན་ཏུ་ཟབ་པ་དང་། ཡང་ཞེས་དམ་པོའི་རྗེས་འབྲང་བ་དང་། ཀུན་ནས་ཉོན་མོངས་པའི་རྗེ་སུ་མི་འབྲང་བའོ།། ཅི་བྱང་ཆུབ་སེམས་དཔའ་མཚན་གྱིས་ལུས་བརྒྱན་པར ་བྱེད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དང་སྣོད་དུ་བྱ་བའི་ཕྱིརརོ།། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་ཁྱད་པར་དུ་འཕགས་པ་དག་ནི་ངེས་པར་ལུས་ཁྱད་དུ་འཕགས་པ་ལ་གནས་པས་དེ་ལ་མ་འོང ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་གྱིས་བྱང་ཆུབ་སེམས་དཔའ་ལ་ཁྱོད་ཀྱི་བདག་ལུས་ལ་གནས་པར་འདོད་ན་སྔར་ཁྱོད་ཀྱི་ལུས་ཡོངས་སུ ་དག་ཅིང་ཁྱད་པར་དུ་འཕགས་པ་དང་། མཚན་དང་དཔེ་བྱད་རྣམས་ཀྱི་རྒྱན་པར་བྱའོ།། གལ་ཏེ་དེ་ལྟ་མ་ཡིན་ན་ནི་བདག་ནི་ཁྱེད་ཀྱི་ལུས་ལ་སྐྱེ་བར་མི་ནུསོ་ཞེས་ཟེར་བས། དཔེར་ན་ལྔ་ལ་ཞིག་བུད་མེད་རིན་པོ་ཆེ་ཆུང་མར ་བླངས་ནས་ཁྱིམ་དུ་བསྡུ་བར་འདོད་པ་ལ་དེས་གསང་ཐབས་ཕོ་ཉ་བཏང་ནས་འདི་སྐད་དུ་ཁྱོད་ཀྱིས་བདག་ཁྱིམ་དུ་འོངས་པར་འདོད་ན་སྦྱོར་ཆག་ཆག་ཐོབ། ཕྱག་དར་བྱོས་ལྔ། མི་གཙང་བྱ་དག་བསལ་ནས་དར་གྱི་ལྔ་ལྔས ་བྲིས་ཤིང་། སྤོས་ཀྱིས་བདུགས་ལ་མེ་ཏོག་ཐོར་ཅིག། བཀོད་པ་རྣམ་པ་སྨྲ་ཚོགས་ཀྱིས་བརྒྱན་པར་གྱིས་ཤིག་དང་། གདོད་བདག་འོང་ངོ་།། དེ་ལྟ་མ་ཡིན་ན་ནི་བདག་ཁྱོད་ཀྱི་ཁྱིམ་དུ་འོང་མི་ནུས་སོ་ཞེས་ཟེར་བ་དང་འདྲེ་བས ་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་བརྒྱན་པར་བྱེད་དོ་ཞེས་འབྱུང་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། ཕལ་ཆེར་བྱེ་བྲག་ཏུ་བཤ་པ་ཆེན་པོ་ལས་འབྱུང་བ་དང་མཐུན་པར ་བཤད་དོ།། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མཚན་གྱིས་དགོངས་པོ་སྟོན་ཏེ།། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། དུས་གསུམ་གྱི ་ཆོས་ནི་མཚན་མ་ཡོད་པ་མ་ཡིན་ན། འདི་ཅིའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་བསྟན། མཚན་གཅིག་ཀྱང་ཡང་དག་པར་ཡོད་པ་མ་ཡིན་ན། སུམ་ཅུ་རྩ་གཉིས་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ། སངས་རྒྱས ་ཀྱི་ཆོས་ལ་བདེན་པ་གཉིས་ཡོད་དེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། ཀུན་རྫོབ་ཀྱི་བདེན་པའི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ།། དོན་དམ་པའི་བདེན་པའི་ཕྱིར་ནི་མཚན་མེད་པར ་བསྟན་ཏོ།། གཞན་ཡང་ལམ་གཉིས་ཏེ། སེམས་ཅན་བསོད་ནམས་ཤྲཱི་སྤྲེ་ལྔ་པཱའི་ལམ་དང་། སེམས་ཅན་ཤེས་རབ་སྒོམ་པར་བྱེད་པའི་ལྡུམ་མོ།། བསོད་ནམས་ཀྱི་ལམ་གྱི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ།། ་ཤེས་རབ་ཀྱི་ལམ་གྱི་ཕྱིར་ནི་མཚན་མེད་པར་བསྟན་ཏོ།། སྐྱེ་བའི་ལུས་ཀྱི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ།། ཆོས་ཀྱི་སྐུའི་ཕྱིར་ནི་མཚན་མེད་པར་བསྟན་ཏེ། འདི་ལྟར་སྐྱེ་བའི་ལུས་གང་ཡིན་པ་དེ་ནི་མཚན ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོས་བདག་ཉིད་པོརྒྱན་པ་ཡིན་ལ། ཆོས་ཀྱི་སྐུ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ ་བརྒྱུད་ལ་སོགས་པས་བདག་ཉིད་བརྒྱུནྡྲ་པས་སྷོ།། སེམས་ཅན་རྣམས་ལ་རྒྱུ་དང་རྐྱེ་ནི་རྣམ་པ་གཉིས་ཡོད་དེ། བསོད་ནམས་ཀྱི་རྒྱུ་དང་རྐྱེན་དང་། ཤེས་རབ་ཀྱི་རྒྱུ་དང་རྐྱེན་ནོ།། བསྟོད་རྣམས་ཀྱི་རྒྱུ་དང་རྐྱེན་ཅན ་སེམས་ཅན་རབ་ཏུ་འདྲེན་པར་བཞེད་པའི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐུ་སྤྱོད་པར་མཛད་དོ།། ཤེས་རབ་ཀྱི་རྒྱུ་དང་རྐྱེན་ཅན་གྱི་སེམས་ཅན་རབ་ཏུ་འདྲེན་པའི་ཕྱིར་ནི། ཆོས་ཀྱི་སྐུ་སྤྱོད་པར་མཛད ་སེམས་ཅན་ནི་རྣམ་པ་གཉིས་ཏེ། ཆོས་རྣམས་ལ་བཏགས་པ་ཅན་གྱི་མིང་ཅན་དང་། མིང་ལ་མངོན་པར་ཞེན་པའོ།། མིང་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཕྱིར་ནི་མཚན་མེད་པར་བསྟན་ཏོ།། ཆོས་རྣམས་ག ་པ་ཙམ་དུ་ཤེས་པའི་སེམས་ཅན་གྱི་ཕྱིར་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ།། གཞན་ཡང་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ནི་མཚན་སུམ་ཅུ་རྩ་གཉིས་བསྟན ་ནས། མཚན་མེད་པའི་ཆོས་འཇིག་པར་མི་མཛད་དོ་ཞེས་འབྱུང་སྟེ། མཚན་སུམ་ཅུ་རྩ་གཉིས་རྒྱ་ཆེར་རྣམ་པར་བཤད་པ་ནི་མཚན་ཉིད་བསྟན་པ་དག་ལས་བྱུང་བ་བཞིན་དུ་རིག་པར་བྱའོ།། སྟོབས་བཅུ་དང་ལྡན ་པས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་བྱ་བ་ནི་གསུམ་པ་སྟོབས་བཅུ་དང་ལྡན་པའི་མཚན་ཉིད་བསྟན་པའོ།། མི་འཇིགས་པ་བཞི་དང་ལྡན་ཞིང་ཆོས་ཡུང་དག་པར་སྟོན་པས་ཕས ་ཀྱི་རྒོལ་བ་ཐམས་ཅད་ཀྱི་བརྒལ་དུ་མེད་ཅིང་། ལོག་པར་སྨྲ་བ་ཐམས་ཅད་ཚར་གཅོད་པ་ཞེས་བྱ་བ་ནི་བཞིའི་མཚན་ཉིད་བསྟན་པའོ།། མདོ་འདི་ཉིད་ལས་མདོར་བསྡུས་ནས་དེ་བཞིན་གཤེགས་པའི་ཡོན་ཏན ་རྣམ་པ་བཞི་བཅུ་རྩ་དྲུག་བསྟན་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་བརྒྱ་བཞི་བཅུ་སྟོན་ཏོ།། བླ་ན་མེད་པའི་གནས་པའི་མདོ་ལས་ནི་ཡོན་ཏན་རྣམ་པ ་བརྒྱ་བརྒྱད་ཅུ་སྟོན་ཏེ། ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་དང་། དགེ་སྦྱོང་བཞི་སྣང ་བ་ཡིན་ཏེ། ཞེས་བྱ་བ་ནི་ལྔ་པ་ལམ་དང་འབྲས་བུ་སྣང་བའི་མཚན་ཉིད་བསྟན་པའོ།། འདི་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཆོས་ལེགས་པར་གསུངས་པའི་ཕྱིར་འཕགས་པའི་ལམ་ཡོན་ལག ་བརྒྱད་དང་། དེས་མངོན་དུ་བྱས་པའི་དགེ་སྦྱོང་གི་འབྲས་བུ་བཞི་དང་། འཕགས་པ་ཉི་ཤུ་རྩ་བདུན་ལ་སོགས་པ་འབྲས་བུ་སྣ་ཚོགས་སྣང་བར་འགྱུར་བ་ཡིན་ལ། གལ་ཏེ་སངས་རྒྱས་བྱུང་བར་མ་གྱུར་ན།། ཐང་མི་སྣང ་བས་དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་མི་ནི་བསོད་ནམས་དང་ཤེས་རབ་དང་ལྡན་མེད་ཀྱི། གལ་ཏེ་སངས་རྒྱུས་འཇིག་རྟེན་དུ་མ་བྱུང་ན་རྣམ་པར་སྨིན་པ་མྱོང་བ་དང་། ལམ་བཐོ ་པར་མི་འགྱུར་ལ། གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱུང་བར་གྱུར་ན་ནཱི། གདོད་ལམ་ཐོབ་པར་འགྱུར་ཏེ། དཔེར་ན་མཱིའི་མིག་དང་ལྡན་ཡང་། མོ་མ་ཤར་ནུ་ཙི་ཡིང་མི་ཐོང་བཱི་མི་འགྱུར་གྱི། ཉི་མ་ཤར་ནས་གདོད ་མཐོང་བར་འགྱུར་བས་བདག་ལ་མིག་ཡོད་པས་ཉི་མ་ཅི་དགོས་ཞེས་བྱ་བར་མི་རུང་བ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཕྱི་ནང་གི་རྒྱུ་དང་རྐྱེན་གྱིས་ཡང་དག་པའི་ལྟ་བ་སྐྱེད་དེ། གཞན་ལས་ཆོས་ཐོས་པ ་དང་། བདག་ཉིད་ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། བསོད་ནམས་ཀྱི་དངོས་པོ་བསྐྱེད་པའི་ཕྱིར་དང་། དགེ་བའི་སེམས་ཀྱི་དངོས་པོ་དང་། ཤེས་རབ་བསྐྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པས། དེའི་ཕྱིར་སངས་རྒྱས་ལས་ཐོས ་པ་ཡིནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིནོ།། དགེ་སྦྱོང་གི་འབྲས་བུ་བཞི་ནི་མཚན་ཉིད་བསྟན་པ་དག་ལྔས་འབྱུང་བ་བཞིན་ནོ།། དེ་ལྟར་སྐྱེ་བའི་ཕྱིར་དང་། མཚན་དང་ལྡན་པའི་ཕྱིར་དང་། ཐེ་ཚོམ་གྷི་དྲ་བ ་གཅོད་པའི་ཕྱིར་དང་། གཞན་དག་གིས་བརྒལ་དུ་མེད་ཅིང་གཞན་དག་ཟིལ་གྱིས་གནོན་པའི་ཕྱིར་དང་། འཕགས་པའི་ལམེ་དང་། དགེ་སྦྱོང་དམི་གིས་པོའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་མཚན་ཉིད་ལྔ ་བཤད་པའི་མཇུག་བསྡུ་བའོ།། འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་རྣམ་པ་ལྔ་རྣམ་པཱར་ཕྱེ་ནས་བསྟན་པས་མཇུག་བསྡུ་བ་དང་། མཚན་ཉིད་ལྔ་པོ་སྤྱིའི་མཇུག་བསྡུ་བའོ།། འདི་ནི་དང་པོ་སྟེ། གྷོ་རིམྦས་བཞིན་དུ ་མཚན་ཉིད་ལྔ་པོ་དག་དང་སྦྱར་བར་བྱའོ།། དེ་ལྟར་སྐྱེ་བ་ཞེས་བྱ་བ་ནི་གང་སུ་ཡང་རུང་བ་ཞིག་བྱུང་ན་འཇིག་རྟེན་དུ་ཞེས་གསུངས་པའོ།། བསྟན་བཅོས་རྣམ་པར་བཤད་པ་ལས་ནི་དེ་ལྟར་འབྱུང་བའི་ཕྱིར་ཞེས་འབྱུང ་སྟེ། གཞན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ནོ།། དེ་ལྟར་རྣམ་པ་ལྔ་པོ་དག་གིས་ཐམས་ཅད་མཁྱེན་པའི་མཚན་ཉིད་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་ལྔ་བཤད་པའི་སྤྱིའི་མཇུག་བསྡུ་བའོ།། ་རིགས་ཀྱི་བུ་དེ་ལྟ་ན་འཐད་པ་བསྒྲུབ་པའི་རིགས་པ་ནི་མངོན་སུམ་གྱི་ཚད་མའི་ཕྱིར་དང་། རྗེ་སུ་དཔག་པའི་ཚང་མའི་ཕྱིར་དང་། འཕགས་པའི་ལུང་གི་ཚང་མའི་ཕྱིར་དང་། མཚན་ཉིད་ལྔ་པོ་དག་གིས་ཡོངསུ ་དག་པ་ཡིནོ་ཞེས་བྱ་བ་ནི་གཉིས་པ་ཚད་མ་གསུམ་ལས་བརྩམས་ནས་མཚན་ཉིད་སྔ་མཱ་ལྔ་པོ་དག་ཡོང་སུ་དག་པའི་མཚན་ཉིད་དུ་བསྟན་པའོ།། འདི་ལྟར་བསྟན་པའི་མཐད་པས་བསྒྲུབ་པའི་རིགས་པ་ལྔས་མཚན ་ཉིད་ལྔར་བསྟན་པ་དེ་ཡང་ཚད་མ་གསུམ་གྱིས་བསྡུས་པ་ཡིན་ཏེ། མཚན་ཉིད་དང་པོ་གཅིག་ནི་མངོན་སུ་ཀྱི་ཚད་མས་བསྡུསོ།། མཚན་ཉིད་བར་མ་གསུམ་ནི་རྗེསུ་དཔག་པའི་ཚད་མས་བསྡུས་སོ།། མཚན་ཉིད་ཕྱི་མ་གཅིག ་ནི་འཕགས་པའི་ལུང་གི་ཚད་མས་བསྡུས་སོ།། ཞེས་བྱ་བའི་ཐ་ཚིག་གོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སཱ་དང་། མཆིམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་། མདོ་ལས་གསུངས་པ་དང་མཐུན་པར་འབྱུང་བའོ།། ་བསྟན་བཅོས་རྣམ་པར་བཤད་པ་ལས་ནི། མཚན་ཉིད་སྔ་མ་ལྔ་པོ་དག་སོ་སོར་སྦྱར་བར་བཤིད་དེ། དེའི་ཕྱིར་བསྟན་བཅྡོཾས་དེ་ཉིད་ལས། ད་ལྟར་ན་འཐད་པས་བསྒྲུབ་པའི་རིགས་པ་ནི། མངོན་སུམ་གྱི་ཚོད་མའི ་ཕྱིར་དང་། རྗེསུ་དཔག་པའི་ཚད་མའི་ཕྱིར་དང་། དཔེའི་ཕྱིར་དང་། ཡོངསུ་གྲགས་པའི་ཕྱིར་དང་། ལུང་གི་ཚད་མའི་ཕྱིར་མཚན་ཉིད་ལྔ་པོ་དག་ཡོངསུ་དག་པའོ་ཞེས་འབྱུང་སྟེ། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི ་མདོ་ལས་ཀྱང་དེ་སྐད་དུ་སྟོན་ཏོ།། དེ་ལ་མཚན་ཉིད་རྣམ་པ་བདུན་གྱི་ཡོངསུ་དག་པར་མི་འགྱུར་བ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་ཉིད་ཡོངསུ་མ་དག་པ་བདུན་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ།། འདི ་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། དེ་ལས་གཞན་པ་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་པ་དང་མཱི་མཐུན་པར་དམིགས་པའི་མཆི ་ཉིད་དང་། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་བསྒྲུབ་པའི་མཚན་ཉིད་དང་། ཡོང་སུ་གྲགས་པ་མ ་ཡིན་པའི་མཚན་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང ་མདོར་བཀོད་པ་དང་། རྣམ་པར་བཤད་པས་བསྟན་ཏེ། འདི་ནི་མདོ་བཀོད་པའོ།། མཚན་ཉིད་བདུན་པོ་འདི་དག་སྐྱོན་དང་བཅས་པའི་ཕྱིར་ཡོངསུ་མ་དག་པ་ཞེས་བྱའོ།། བསྟན་བཅོས་ཡང་དག་པའི་རིག་པ་ལ་འཇུག ་པ་ལས། སྐྱོན་དང་བཅས་པའི་རྒྱུ་རྣམས་ནི་མདོར་བསྡུ་ན་རྣམ་པ་བཅུ་བཞི་ཡོད་པས་རྒྱུ་འདྲ་བ་ཞེས་བཤད་དེ། འདི་ལྟ་སྟེ། ཡོངསུ་མ་གྲགས་པ་ནི་རྣམ་པ་གཉིས་ཡོད་པས་འདི་ལྟ་སྟེ། གང་ཡང་རུང་བ་ཅིག་ཡོངསུ་མ ་གྲགས་པ་ལ་སོགས་པའོ།། མ་ངེས་པ་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པའོ།། ཕན་ཚུན་འགལ་བ་ནི་རྣམ་པ་བཞི་ཡོད་དེ། འདི་ལྟ་སྟེ། ཆོས་རྣམས་ཀྱི ་རང་གི་མཚན་ཉིད་ཕན་ཚུན་འགལ་བའི་རྒྱུ་ལ་སོགས་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། འདིར་བསྟན་པའི་མཚན་ཉིད་བདུན་ལས། མཚན་ཉིད་སྔ་མ་བཞི་ནི་བསྟན་བཅོས་གཏན་ཚིགས ་ཀྱི་རིགས་པ་ལས་བསྟན་པའི་མ་ངེས་པ་དྲུག་ལས། སྔ་མ་ལྔ་པོ་དག་ཡིན་ཏེ། དྲུག་པ་ཕན་ཚུན་འགལ་བར་ངེས་པ་ཉིད་ཅེས་བྱ་བ་མ་རྟོགས་པའི་ཕྱིརརོ།། འདི་ནི་སྔར་བསྟན་བཅོས་ཡང་དག་པའི་རིགས་པ་ལ ་འཇུག་པ་ལས་བསྟན་པའི་མཱ་ངེས་པའི་མཚན་ཉིད་དྲུག་བཀོད་ནས། དེའི་འོག་ཏུ་བ་སྟན་བཅོས་དེ་དང་། མདོའི་ཚིག་འདི་དང་སྦྱར་བར་བྱའོ།། བསྟན་བཅོས་ཡང་དག་པའི་རིག་པ་ལ་འཇུག་པ་ལས། མ་ངེས་པ་ནི་དྲུག ་སྡེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། ཕྱོགས་མཚུངས་པ་ཆ་གཅིག་འཇུག་ལ་ཕྱོགས་ཐ་དང་པཱ་ཀུན་འཇུག་པ་དང་། ཕྱོགས་ཐ་དང་པ་ཆ་གཅིག་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་དང་། གཉི་ཀའི་ཕྱོགས ་ཀྱི་ཆ་གཅིག་འཇུག་པ་དང་། ཕན་ཚུན་འགལ་བར་ངེས་པའོ།། དེ་ལ་ཐུན་མོང་བ་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། གཞལ་བར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུ་ནི་རྟག་པ་དང་མི་རྟག་པའི ་ཕྱོགས་ཀུན་ཀྱང་གཏན་ཚིགས་འདི་ཐུན་མོང་དུ་གྱུར་པས་དེའི་ཕྱིར་མ་ངེས་པ་ཡིན་ཏེ། བུམ་པ་ལ་སོགས་པ་ལྟར་གཞལ་བར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲ་ནི་མི་རྟག་པའོ།། དཔེར་ན་མཁའ་ལྔ་སོགས་པ་ལྟ་བུར་གཞལ ་བྷར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྒྲ་ནི་རྟག་པ་ཡིན་ནོ།། དེ་ལ་ཐུན་མོང་མ་ཡིན་པ་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། ཐོས་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིརརོ་ཞེས་ཟེར་བ་ལྟ་བུ་ནི་རྟག་པ་དང་མི་རྟག་པའི་ཕྱོགས་ཀྱི་གཏན ་ཚིགས་འདི་སྤངས་ནས་རྟག་པ་དང་མི་རྟག་པ་ལས་གུད་ན་གཞན་ཡོད་པ་མ་ཡིན་པའི་ཕྱིརརོ་སོམ་ཉིའི་རྒྱུ་ཡིན་ཏེ། ཐོས་པར་བྱ་བའི་ངོ་བོ་ཉིད་ཅི་འདྲ་བ་ཞིག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལ་ཕྱོགས་མཚུངས ་པ་ཆ་གཅིག་འཇུག་ལ། ཕྱོགས་ཐ་དད་པ་ཀུན་འཇུག་པ་ནི་དཔེར་ན་སྒྲ་ནི་རྩོལ་བ་མ་ཡི་ན་པའོ།། ཞེས་ཟེ་ར་བ་ལྟ་བུ་སྟེ། བར་ཆད་མེད་པས་བསྐྱེད་པའི་མི་རྟག་པ་ཉིད་ཡིནྡ་པའི་ཕྱི་རོ།། དེ་ལ་རྩོལ་བ་དང་། བར་ཆད་མེད ་པས་བསྐྱེད་པ་མེ་ཡིན་པར་དམ་བཅའ་བ་ནི། འདི་ལྟར་གློག་དང་ན་མཁའ་ལ་སོགས་པ་ནི་ཕྱོགས་མཚུངས་པ་མ་ཡིན་པས་མི་རྟག་པ་ཉིད་དེ་གློག་ལ་སོགས་པ་ལ་ནི་ཡོད་ལཱ། ན་མཁའུ་ལ་སོགས་པ་ལ་མེད ་པ་ལྟ་བུའོ།། རྩོལ་བ་མ་ཡིན་པ་བར་ཆད་མེད་པས་བསྐྱེད་པར་དམ་བཅའ་བ་ནི། འདི་ལྟར་བུམ་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཕྱོགས་ཐ་དད་པ་ཡིན་ཏེ། དེ་ལ་གཏན་ཚིགས་འདི་ཚང་བར་ཡོད་པས་གློག ་དང་བུམ་པ་ནི་ཆོས་མཚུངས་པ་ཡིན་པའི་ཕྱིར་མ་ངེས་པའང་ཡི་ནོ།། བླམ་ལ་སོགས་པ་ལྟར་མི་རྟག་པ་ཉིད་ཡིན་པའི་ཕྱིར་དེ་རྩོལ་བ་དང་བར་ཆད་མེད་པས་བསྐྱེད་པའོ།། གློག་ལ་སོགས་པ ་ལྟ་བུར་མི་རྟག་པ་ཉིད་ཡིན་པའི་ཕྱིར་དེ་རྩོལ་བ་མ་ཡིན་པ་བ.རོ་ཆང་མེད་པས་བསྐྱེད་པའོ།། དེ་ལ་ཕྱོགས་ཐ་དད་པའི་ཆ་གཅིག་ལ་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་ནི། དཔེར་ན་སྒྲ་ནི་བརྩོལ་བ་དང ་བཅས་པ་བར་ཆུད་མེད་པས་བསྐྱེད་པའོ་ཞེས་དམ་བཅའ་བ་ལྟ་བུ་སྟེ། མི་རྟག་པ་ཉིད་ཀྱི་ཕྱིརརོ།། རྩོལ་བ་དང་བཅས་པ་བར་ཆད་མེད་པས་སྐྱེད་པར་དམ་བཅའི་བ་ནི་འདི་ལྟར་བུམ་པ་ལ་སོགས་པ་ནི་ཕྱོགས་མཚུངས ་པ་ཡིན་པས་མི་རྟག་པ་ཉིད་དེ་འདི་དག་ལ་ཚང་བར་ཡོད་པས་སོ།། གློག་དང་ན་མཁའ་ལོ་སོགས་པ་ནི་ཕྱོགས་ཀྱི་དང་མ་ཡིན་ཏེ། དེའི་ཕྱོགས་གཅིག་གློག་ནི་ཡོད་པ་ཡིན་ལ། ནམཁའ་ལ་སོགས་པ་ནི་མེད ་པས་དེའི་ཕྱིར་སྔ་མ་བཞིན་དུ་མ་ངེས་པ་ཡིནོ།། དེ་ལ་གཉི་ཀའི་ཕྱོགས་ཀྱི་ཆུ་གཅིག་འཇུག་པ་ནི་སྒྲ་རྟག་ཅེས་ཟེར་བ་ལྟ་བུ་སྟེ། གཟུགས་དང་ཐོགས་པ་མེད་པའི་ཕྱིར།། དེ་ལྷག་པར་དམ་བཅའ་བ་ནི་ནམ ་མཁའ་ལྟ་བུའོ།། རྡུལ་ཕྲ་མོ་ལ་སོགས་པ་ནི་ཕྱོགས་མཚུངས་པ་ཡིན་ཏེ། ཐོགས་པ་མེད་པའི་ཕྱིར་ན་མཁའ་ལ་སོགས་པ་ལ་ནི་ཡོད་ལ། རྡུལ་ཕྲ་མོ་ལ་སོགས་པ་ནི་མེད་པའོ།། བུམ་པ་དང་བདེ་བ་ལ ་སོགས་པ་ནི་ཕྱོགས་པ་དད་པ་ཡིན་ཏེ། བདེ་བ་ལ་སོགས་པ་ནི་ཡོད་ལ། བུམ་པ་ལ་སོགས་པ་ནི་མེད་པས་དེའི་ཕྱིར་གཏན་ཚིགས་འདི་ནི་བདེ་བ་དང་། ནམ་མཁའ་ཆོས་མཚུངས་པ་མེད་པའི་ཕྱིར་མ་ངེས་པ་ཞེས་བྱའོ།། ་དེཕན་ཚུན་འགལ་བར་ངེས་པ་ནི་དཔེར་ན་སྒྲ་ནི་མི་རྟག་པའོ་ཞེས་དམ་བཅའ་བ་ལྟ་བུ་སྟེ། བྱས་པའི་རང་བཞིན་གྱི་ཕྱིརརོ།། དཔེར་ན་བུམ་པ་ལ་སོགས་པ་ལ་རྟག་པའི་སླར་རྣམ་པར་བཞག་པ་ལྟ་བུ་སྟེ་ཐོས ་པར་བྱ་བའི་ངོ་བོ་ཉིད་ཀྱི་ཕྱི་རོ།། དཔེར་ན་སྒྲའི་ངོ་བོ་ཉིད་ལྟ་བུ་སྟེ་འདི་གཉི་ག་ཡང་ཡིད་གཉིས་ཟ་བའི་རྒྱུ་ཡིན་པའི་ཕྱིར་གཉི་ག་མྱ་དེསྭཱ་པཱ་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ཡན་ཆད་དུ་བསྟན་བཅོས་ཡང་དགྲ་བཱི ་རིགས་པ་ལས་འབྱུང་བའི་དྲོན་བཤུད་། གཞན་ནི་མངས་པས་འདིར་མ་བརྗོད་དོ།། དེ་ལ་བསྟན་བཅྡོཾས་དེ་ལས་བྱུང་བ་དང་། མདོ་འདིའི་ཚིག་སྦྱར་བར་བྱ་བ་ཡ་ཧཱ་འདི་ལ་བཤད་པ་གཉིས་ཡོད་དེ། ཁ་ཅིག ་ན་རེ་འདི་ལས་གསུངས་པའི་གཉིས་ཀྱིས་ནི་བསྟན་བཅོས་ལས་འབྱུང་བ་གསུམ་པོ་དག་བསྡུས་ཏེ། འདི་ལྟར་དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་ནི་བསྟན་བཅོས་ལྔས ་འབྱུང་བའི་གསུམ་པ་ཕྱོགས་མཚུངས་པ་ཆ་གཅིག་འཇུག་ལ། ཕྱོགས་ཐ་དད་པ་ལ་ཀུན་འཇུག་པ་དང་། ལྔ་པ་གཉི་གའི་ཕྱོགས་ཀྱི་ཚེ་གཅིག་གིས་འཇུག་པ་ལས། ཕྱོགས་མཚུངས་པ་ཆ་གཅིག ་འཇུག་པ་བསྡུས་སོ།། དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་ནི་བསྟན་བཅོས་ལས་འབྱུང་བའི་བཞི་པ་ཐ་དད་པ་ཆ་གཅིག་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་དང་། ་སྔལྔ་པ་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་ལས་ཕྱོགས་ཐ་དད་པ་ཆ་གཅིག་འཇུག་པ་གསུངསོ།། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་བསྟན་བཅོས་ལས་འབྱུང་བ་དང་པོ་ཐུན་མོང་གཱི་མ་ངེས་པ ་གསུང་སོ།། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཀྱིས་ནི་བསྟན་བཅོས་ལས་འབྱུང་བའི་གཉིས་པ་ཐུན་མོང་པའི་མ་ངེས་པ་བསྡུས་ཞེའོ།། བཤད་པ་འདི་དང་སྦྱར་ན་གཞན་གྱི་རིགས་ཀྱིས་དཔེས་ཉེ ་བར་བསྒྲུབས་པ་དམིགས་པའི་མཚན་ཉིད་ལ་བཤད་པ་རྣམ་པ་གཉིས་ཡོང་དེ། ཁ་ཅིག་ན་རེ་མི་མཚུངས་པའི་དཔེ་ཁོ་ན་ཡོད་པར་ཟད་ཀྱི། མཚུངས་པའི་དཔེ་ནི་མེད་ཀྱི། དཔེར་ན་སྒྲ་ནི་རྟག་པ་ཉིད་དུ་སྒྲུབས་ན ་བྱཱབྱས་ཕྱིའི་ཕྱི་རོ་ཞེས་ཟེར་བ་ལྟ་བུའོ་ཞེའོ།། ཁ་ཅིག་ན་རེ་འདི་ནི་དཔེ་ལ་སྐྱོན་རྣམ་པ་བཅུ་ཡོད་པ་ཉིད་ཞེའོ།། ཡོངསུ་གླགས་པ་མེ་ཡིན་པའི་མཚན་ཉིད་གོང་དུ་སྐྱོན་རྣམ་པར་བཞག་པ་ཉིད་ཀྱི་དམ་བཙའི་བའི ་དོན་ཡོངསུ་མ་གྲུབ་པའོ།། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་ནི་འདི་ལྟ་སྟེ། འཕགས་པ་མ་ཡིན་པའི་ལུང་གིས་མངོན་པར་བསྒྲུབ་པ་གང་ཡིན་པའོ་ཞེའོ།། ཁ་ཅིག་ན་རེ་མདོ་ལས་གསུངས ་པའི་མཚན་ཉིད་རྣམ་པ་ལྔ་ལས། དང་པོ་ནི་བསྟན་བཅོས་ལས་འབྱུང་བའི་གསུམ་པ་ཕྱོགས་མཚུངས་པ་གཅིག་འཇུག་ལ་ཕྱོགས་ཐ་དད་པ་ཀུན་འཇུག་པ་བསྡུསོ།། མདོ་ལས་གསུངས་པའི་མཚན་ཉིད་གཉིས་པས་ནཱི ་བསྟན་བཅོས་ལསྣ་འབྱུང་བའི་བཞི་པ་ཕྱོགས་ཐ་དད་པ་ཆ་གཅིག་འཇུག་ལ། ཕྱོགས་མཚུངས་པ་ཀུན་འཇུག་པ་བསྡུས་པས་སོ།། མདོ་ལས་གསུངས་པའི་མཚན་ཉིད་གསུམ་པས་ནི་བསྟན་བཅོས་ལས་འབྱུང་བའི ་དང་པོ་ཐུན་མོང་བའི་ངེས་པ་བསྡུསོ།། མདོ་ལས་གསུངས་པའི་མཚན་ཉིད་བཞི་པས་ནི་བསྟན་བཅོས་ལས་འབྱུང་བ་གཉིས་པ་ཐུན་མོང་མ་ཡིན་པའི་མ་ངེས་པས་གསུང་སོ།། མདོ་ལས་གསུངས་པའི་མཚན་ཉིད་ལྔ ་པས་ནི། བསྟན་བཅོས་ལས་འབྱུང་བའི་ལྔ་པ་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་བསྡུསོ་ཞེས་ཟེར་ཏེ། སློབ་དཔོན་འདིའི་བཤད་པ་ནི་འདི་ལྟར་གཞན་གྱི་རིགས་ཀྱི་དཔེའི་ཆོས་ལ། རྒྱུའི་ཆོས་ཀྱི་ཆ་ཅུང་ཟད ་ཅིག་དམིགས་པས་ཚང་བར་བྱ་ན། འདི་སྐད་དུ་མཚུངས་པ་དང་ཐ་དད་པའི་དཔེའི་ཆོས་ལ་སོ་སོ་ནས་རྒྱུའི་ཆོས་ཆ་གཅིག་དམྱིགསོ་ཞེས་བརྗོད་པའི་རིགས་པ་ལས། མདོ་འདི་ལས་མདོར་བསྡུ་བར་དགོངས་པའི ་ཕྱིར་གཞན་གྱི་རིགས་ཀྱི་དེཔེས་ཉེ་བར་བསྒྲུབ་པ་དམིགས་པའི་མཚན་ཉིད་འབའ་ཞིག་བསྟན་ཏོ།། མཚན་ཉིད་གཞན་གཉིས་ནི་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ལས་གཞན་པ་དང་མིཐུན་པར་དམིགས་པའི ་མཚན་ཉིད་ཅེས་བྱ་བ་ལས། དེ་ཞེས་བྱ་བ་ལ་གཞུང་དེའོ།། གཞན་པ་ཞེས་བྱ་བ་ནི་རིགས་མཚུངས་པ་སྟེ། འདི་ལྟར་གཞུང་དེ་དང་རིགས་མཚུངས་པའི་ཆོས་ལས་གཏན་ཚིགས་ཀྱི་ཆོས་ཀྱི་ཆ་ཅུང་ཟད་དམིགས ་པས་ཚིག་ཚང་བར་བསྟན་ན། འདི་སྐད་དུ་ཕྱོགས་མཚུངས་པ་ཆ་གཅིག་འཇུག་པ་དང་། ཕྱོགས་པ་དད་པ་ཀུན་འཇུག་པ་ཞེས་བརྗོད་པའི་རིག་པ་ལས། མདོ་ལས་མདོར་བསྡུ་བར་དགོངས་པའི་ཕྱིར་ཕྱོགས་མ་སྲུངས་པ ་ཆ་གཅིག་འཇུག་པ་འབྱའ་ཞིག་བསྟན་ཏོ།། དེ་ལས་གཞན་པ་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ལ་དེ་ཞེས་བྱ་བ་དེ་ནི་གཞུང་དེའོ།། གཞན་ཞེས་བྱ་བ་ནི་རིགས་མཚུངས་པ་སྟེ། འདི་ལྟར་གཞན་དེ་དང ་རིགས་མཚུངས་པའི་ཆོས་ལས་གཏན་ཚིགས་ཀྱི་ཆོས་ཀྱི་ཆ་ཅུང་ཟད་ཅིག་དམྱིགས་པས་ཚིག་ཚང་བར་བསྟན་ན་འདི་སྐད་དུ། ཕྱོགས་པ་དད་པ་ཆུ་གཅིག་འཇུག་པ་དང་། ཕྱོགས་མཚུངས་པ་ཀུན་འཇུག་པ་ཞེས ་བརྗོད་པའི་རིགས་པ་ལས། མདོའི་ཚིག་བསྡུས་པའི་ཕྱིར། ཕྱོགས་ཐ་དད་པའི་ཆ་གཅིག་འཇུག་པ་ཞེས་བྱ་བ་འབྲའ་ཞིག་བསྟན་ཏོ།། མཚན་ཉིད་ནི་སྔ་མ་བཞིན་དུ་རིག་པར་བྱའོ།། །། བམ་པོ་དྲན་ནུ་གསུམ་པ ་དེ་ལ་ཆོས་ཐམས་ཅད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་ཉིད་གོང་མི་བདུན་པོ ་ངག་རྣམ་པར་བཤད་དེ། འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་འདི་ཡང་རྣམ་པ་བཞི་སྟེ། གསུམ་པ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་བསྟན་པ་དང་། ཆོས་ཐམས་ཅད་རྟག་ཞེས་བྱ་བ་མན ་ཆད་ཀྱིས་བཞི་པ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཀྱིས་མཚན་ཉིད་དང་པོ་དང་གཉིས་པ་དང་། དྲུག་པ་ཡོངསུ་འདྲེས་པ་མ་ཡིན་པའི་མཚན་ཉིད་སྤྱིར ་བསྟན་པ་དང་། ཡང་དེ་ལས་གཞན་པ་ཞེས་བྱ་བ་མན་ཆད་ཀྱིས་ལྔ་པ་གཞན་གྱིས་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་དང་། བདུན་པ་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་བསྟན་པ་སྟེ། ་འདི་ནི་དང་པོ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་བསྟེན་པའོ།། དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་དམ་བཅས་པའི་ཆོས་ལས་བྱ་བ་དཔེ་ཆོས་ཐམས་ཅད་དོ།། ཚད་མའི་དོན་ནི་འདི་སྐད་དུ་རེ་ཞིག་དཔེར་ན། ་སྒྲ་ནི་རྟག་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་མཁའ་ལ་སོགས་པ་བཞིན་ནོ་ཞེས་དམ་བཅའ་བ་ལྟ་བུ་སྟེ། རྟག་པ་དང་མི་རྟག་པའི་ཕྱོགས་གཉི་ག་ཡང་རྒྱུ་འདི་ཐུན་མོང་དུ ་གྱུར་པས་དེའི་ཕྱིར་མ་ངེས་པའོ།། བུམ་པ་ལ་སོགས་པ་བཞིན་དུ་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ནི་མི་རྟག་པའོ།། ནམ་མཁའ་ལ་སོགས་པ་བཞིན་དུ་ཤེས་པར་བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ནི་རྟག ་པའོ།། དམ་བཅའ་བའི་ཚོགས་ལས་གཞན་པ་རྣམས་ནི་རྒྱུའི་ཕྱོགས་མཚུངས་པ་ཡིན་པའི་ཕྱིར་དེ་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ།། འདི་ནི་བསྟན་བཅོས་ཡང་དག་པའི་རིགས་པ་ལ ་འཇུག་པ་ལས། ཐུན་མོང་བའི་མ་ངེས་པ་ཞེས་བསྟན་པ་ཉིད་དོ།། བསྟན་བཅོས་ལས་གཞལ་བར་བྱ་བ་ཞེས་འབྱུང་བ་དང་། འདིར་མདོ་ལས་ཤེས་པར་བྱ་ཞེས་གསུངས་པ་ཚིག་མི་མཐུན་ཡང་དོན་ནི་གཅིག་གོ།། ཆོས་ཐད ་རྟག་དང་ངོ་བོ་ཉིད་དང་། ལས་དང་ཆོས་དང་། རྒྱུ་དང་འབྲས་བུའི་མཚན་ཉིད་མི་མཐུན་པ་རྣམས་ཀྱིས་མཚན་ཉིད་མི་མཐུན་པ་གང་ཡང་རུང་བས་ངེས་པར་ཕན་ཚུན་སོ་སོ་ནས་མཚན་ཉིད་མི་མཐུན་པར་དམིགས་པའི ་མཚན་ཉིད་ཅེས་བྱའོ།། ཞེས་བྱ་བ་ནི་གཉིས་པ་མཚན་ཉིད་བཞི་པ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པར་ཕྱེ་སྟེ། བཤད་པས་སྟོན་ཏོ།། མདོའི་ཚིག་འདི་ཡང་ཁོང་དུ་ཆུད་པར་དཀའ་བས ་སྔར་རྟགས་དང་ངོ་བོ་ཉིད་ལ་སོགས་པར་རྣམ་པར་ཕྱེ་སྟེ། དེའི་འོག་ཏུ་དོན་ཉིད་བསྟན་པར་བྱ་སྟེ། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། དབྱིངས་དང་། རང་བཞིན་དང་། ལསྫ་དང་། ཆོས་དང་། རྒྱུ་དང་འབྲས ་ཐེར་རྣམ་པར་སྨིན་པ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། ཆོས་ཐ~ཾད་རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་། རྣམ་པར་སྨིན་པའི་འབྲས་བུའི་མཚནི་ཉིད་ཅེས་བྱ ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་འབྱུང་ངོ་།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། མཚན་ཉིད་རྣམ་པ་ལྔར་བསྡུས་ནས་བསྟན་ཏོ།། དེའི་ཕྱིར་དེ་ཉིད་ལས་རྗེ་སུ་དཔག་པ་ནི་འདི་ལྟ་སྟེ། མངོན་པར་བརྟག་པ་དང་། ་བཅས་པོས་མངོན་པར་རྟག་པ་དང་། མངོན་པར་བརྟག་པར་བྱ་བའི་ཡུལ་ལོ།། དེ་ཡང་རྣམ་པ་ལྷུར་བལྟ་བར་བྱ་སྟེ། རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྒྱུ་དང་འབྲས་བུའོ།། རྟག་ལས་རྗེ་སུ་དཔག་པ་ནི ་འདི་ལྟ་སྟེ། ད་ལྟར་རམ། སྔར་མཐོང་བའི་མངོན་མཚོན་ཉིད་དང་། མཚན་མ་འགའ་ཞིག་གི་འགྲེལ་པ་ལས་ཡུལ་མངོན་པར་བརྟག་པ་གང་ཡིན་པ་སྟེ། དཔེར་ན་རུ་མཚོན་ལེས་ཤིང་རྟ་རྗེསུ་དཔག་པ་དང་། དུད་པ ་ལས་མེ་དང་། རྒྱལ་པོ་ལས་ཡུལ་འཁོར་དང་། ཁྱིམ་ཐབས་ལས་བུད་མེད་དང་། ནོག་དང་རཱ་ལས་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། ངོ་བོ་ཉིད་ལས་རྗེསུ་དཔག་པ་ནི་འདི་ལྟ་སྟེ། མངོན་སུམ་གྱི་ངོ་བོ་ཉིད ་ཀྱི་ལྐོག་ན་འདུག་པའི་ངོ་བོ་ཉིད་བརྟགས་པའམ། ངོ་བོ་ཉིད་ཕྱོགས་གཅིག་ལས་ཕྱོགས་གཅིག་རྟག་པ་ཡིན་ཏེ། དཔེར་ན་ད་ལྟ་ལས་འདས་པ་རྗེསུ་དཔག་པ་དང་། འདས་པ་ལས་མུ་འོངས་པ་དང་། ད་ལྟར་བྱུང ་བ་ཉེ་བ་ལས་ཐག་རིང་བ་དང་། དེ་ལྟར་བྱུང་བ་ལས། མ་འོངས་པའི་རྗེསུ་དཔག་པ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། ལས་རྗེསུ་དཔག་པ་ནི་འདི་ལྟ་སྟེ། བྱེད་པས་ལས་ཀྱི་རྟེན་བརྟག་པ་གང་ཡིན་པ་སྟེ། ་དཔེར་ན་མི་འགུལ་བ་དྲུང་། བྱ་ཚང་གནས་པ་ལ་སོགས་པ་ལས། སྡོང་དུམ་དུ་རྗེ་སུ་དཔག་པ་དང་། འགུལ་བ་དང་། ཡན་ལག་བསྐྱོད་པ་ལ་སོགས་པ་ལས་མི་རྗེ་སུ་དཔག་པ་དང་། རྐང་ལག ་གི་རྗེས་ལས་གླང་པོ་ཆེ་དང་། ལུས་ཀྱི་འགྲོ་བའི་རྗེས་ལས་སྦྲུལ་དང་། སྐད་རྩེ་རེ་རེ་ཟེར་བ་ལས་རྟ་དང་། པ་རོ་སྒྲོག་པ་ལས་སེང་གེ་དང་། འབུའུ་ཞེས་ཟེར་བ་ལས་བྱུ་བ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། ། ་ཆོས་ལས་རྗེསུ་དཔག་པ་ནི་འདི་ལྟ་སྟེ། མ་འབྲེལ་བའི་ཆོས་དང་། འབྲེལ་བ་ལས་དེ་དང་འབྲེལ་པའི་ཆོས་ཉིད་རྟག་པ་གང་ཡིན་པ་སྟེ། དཔེར་ན་མི་རྟག་པ་དང་། འབྲེལ་པ་ལས་སྡུག་བསྔལ་རྗེསུ་དཔག་པ་དང ་སྡུག་བསྔལ་དང་འབྲེལ་པ་ལས་སྟོང་པ་དང་། བདག་མེད་པ་དང་། སྐྱེ་བ་དང་། འབྲེལ་པ་ལས་དགའ་བའི་ཆོས་ཉིད་ཅེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ།། རྒྱུ་དང་འབྲས་བུ་ལས་རྗེ་སུ་དཔག་པ་ནི་འདི་ལྟ ་རྒྱུ་ལྕེས་འབྲས་བུ་འམ། འབྲས་བུ་ལས་རྒྱུ་རྗེསུ་དབྱུག་པ་གང་ཡིན་པ་སྟེ། དཔེར་ན་འགྲོ་བ་ལས་ཡུལ་གཞན་དུ་ཕྱིན་པ་རྗེསུ་དཔག་པ་དང་། ཡུལ་གཞན་དུ་ཕྱིན་པ་ལས་འགྲོ་བ་རྣཾས་དཔག་པ་དང་། ་རྒྱལ་པོ་མཉེས་པར་བྱས་པ་ལས་བྱ་དགའ་ཆེན་པོ་ཐོབ་པ་དང་། བྱ་དགའ་ཆེན་པོ་ཐོབ་པ་ལས་རྒྱལ་པོ་མཉེས་པར་བྱ་བ་རྗེསུ་དཔག་པ་ནས། ལམ་ལས་དགེ་སྦྱོང་གི་འབྲས་བུ་དང་དགེ་སྦྱོང་གི་འབྲས་བུ ་པས་ལམ་རྗེསུ་དཔལ་བའི་བར་དུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ།། དེ་ལས་དེའི་འོག་ཏུ་དོན་ཉིད་བསྟན་པ་ཡང་ཆོས་ཐུང ་བརྟག་པ་དང་། ངོ་བོ་ཉིད་དང་། ལས་ལ་སོགས་པ་གཅིག་ལ་གཅིག་བལྟོས་ནས་ཕན་ཚུན་མི་འདྲ་བས་ཐམས་ཅད་མི་མཐུན་པ་ཞེས་བྱ་སྟེ། དེ་ལ་རེ་ཞིག་དཔེར་ན་སྒྲ་ལ་ཡོད་པའི་ཐོས་པའི་ངོ་བོ་ཉིད་ལ་སོགས ་པ་གང་ཡིན་པ་དེ་ནི་སྒྲ་ཁོ་ན་ལ་ཡོད་ཀྱི། ཆོས་ལ་ཡོད་པ་མ་ཡིན་པས་དེའི་ཕྱིར་འདི་ལ་རྒྱུ་ཞེས་བྱར་མི་རུང་ངོ་།། ཐོས་པར་བྱ་བའི་སྒྲ་དེ་ནི་དམ་བཅས་པའི་ཆོས་ཁོ་ན་ལ་ཡོད་ཀྱི་དཔེ་མཚུངས་པ་ནི་མེད་དོ།། ་རྒྱུའི་རྣམ་པ་ཐ་དད་པ་ཡོད་ཀྱི། ཐོས་པར་རྗེ་སུ་བྱ་བའི་མཚན་ཉིད་ཀྱི་མ་ཡིན་པས་དེའི་ཕྱིར་ཐམས་ཅད་མི་མཐུན་པར་དམི་གོས་པའི་མཚན་ཉིད་ཅེས་བྱའོ།། འདི་ནི་བསྟན་བཅོས་ཡང་དག་པའི་རིག་པ་ལ་འཇུག ་པཱ་ལཱས། ཐུན་མོང་མ་ཡིན་པའི་ངེས་པ་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་ཡང་དག་པའི་རིགས་པ་ལ་འཇུག་པ་ལས་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། ཐོབ་པར་བྱ་བའི་ངོ་བོ ་ཉིད་ཀྱི་ཕྱིརོ་ཞེས་ཟེར་བ་ལྟ་བུའོ།། རྟག་པ་དང་མི་རྟག་པའི་ཕྱོགས་ནི་རྒྱུ་འདི་དང་བྲལ་བ་ཡིན་ཏེ། རྟག་པ་དང་མི་རྟག་པ་ལས་གུད་ན་གཞན་ཡོད་པ་མ་ཡིན་པའི་ཕྱིར་རོ།། ཞེས་འབྱུང་ངོ་།། རིགས་ཀྱི་བུ་དེ་ལ་དེ ་ལས་གཞན་པ་དང་མཐུན་པས་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་མཚན་ཉིད་དང་གཉིས ་པ་དང་དྲུག་པ་ཡོངསུ་གྲགས་པ་མ་ཡིན་པའི་མཚན་ཉིད་དུ་བསྡུས་ཏེ་རྣམ་པར་བཤད་པ་དང་། བསྟན་བཅོས་ལས་གཉི་གའི་ཕྱོགས་ཀྱི་ཆ་གཅིག་དང་། འཇུག་པ་ཞེས་བསྟན་པ་བསྡུ་བ་སྟོན་ཏོ།། འདི་ཡང་རྣམ་པ ་གཉིས་ཏེ། མཚན་ཉིད་རྣམ་པ་གསུམ་གཅིག་ཏུ་བསྡུས་ཏེ་བསྟེན་པ་དང་། ཡོངསུ་མ་གྲགས་པའི་ཕྱིར་ཞེས་བྱ་བ་མན་ཆད་ཀྱིས་བརྟེན་པར་མི་བྱ་བར་བསྐུལ་བའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་དང་པོ ་དང་། ཡོངསུ་སྲེག་པ་མ་ཡིན་པ་རྣམ་པར་བཤད་པ་དང་། མཚན་ཉིད་གཉིས་པ་དང་། ཡོངསུ་གྲགས་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤུད་པའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་དང་པོ་རྣམ་པར ་བཤད་པ་དང་། ཡོངསུ་གླེག་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤད་པའོ།། འདི་ནི་མཚན་ཉིད་དང་པོ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པར་བཤད་པ་སྟེ། དེ་ལས་གཞན་པ ་དང་མཐུན་པར་དམིགས་པའི་མཚན་ཉིད་འདི་ཡང་ཚིག་ཚང་བར་བྱ་སྟེ། བརྗོད་ན་འདི་སྐད་དུ། ཕྱོགས་མཚུངས་པའི་ཆ་གཅིག་འཇུག་པ་དང་། ཕྱོགས་ཐ་དད་པའི་ཕྱིར་འདིར་དེ་ལས་གཞན་པ་དང་མཐུན་པར་མི ་པའི་མཚན་ཉིད་ཅེས་བྱ་བ་ནི་ཕྱོགས་མཚུངས་པའི་ཆ་གཅིག་འཇུག་པའི་དོན་ཏོ།། དྲི་ལྔ་དཔེ་དང་བཅས་པ་ལ་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ་བ་ནི་ཕྱོགས་ཐ་དད་པ་ཀུན་འཇུག་པའི་དོན་ཏེ ་ཞེས་བརྗོད་པར་བྱ་སྟེ། དོན་དེའི་ཕྱིར་མདོའི་ཚིག་འདིས་བསྟན་བཅོས་ཡང་དག་པའི་རིག་པ་ལ་འཇུག་པ་ལས་ཕྱོགས་མཚུངས་པའི་རྨ་གཅིག་འཇུག་པ་དང་། ཕྱོགས་ཐ་དད་པ་ཀུན་འཇུག་པ་དང་། གཉི་གའི་ཕྱོགས་ཀྱི་མ ་གཅིག་འཇུག་པ་ལས་ཕྱོགས་མཚུངས་པའི་ཆ་གཅིག་འཇུག་པའི་དོན་བསྡུས་པ་ཡི་ནོ།། དེ་བཞིན་དུ་འོག་མ་དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན་ཉིད་རྣམ་པ་བཤད་པ་ཡང་གོང་མ་ལས་ཟློག ་ལས་རིག་པར་བྱའོ།། རྒྱུ་དང་རྐྱེན་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པ་མ་ཡིན་པའི་ཕྱིར་དེའི་ཡོངསུ་གླེག་པ་མ་ཡིན་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ཡོངསུ་ཐེག་པ་མ་ཡིན་པའི་མཚན་ཉིད་རྣམ ་པར་བཤད་པའོ།། འདི་ལྟར་དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་ཀྱི་གང་ཡིན་པ་དེ་ཉིད་ཡོངསུ་གྲག་པ་མ་ཡིན་པ་མ་ཡིན་པའི་མཚན་ཉིད་དེ། ངེས་པར་དམ་བཅས་པའི་དོན་བསྒྲུབ་པར་མི་ནུས ་པའི་ཕྱིརརོ།། ཡང་དེ་ལས་གཞན་པ་དང་། མི་མཐུན་པར་དམིགས་པའི་མཚན་ཉིད་དཔེ་དང་བཅས་པ་ལས་ཡང་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མཚན ་ཉིད་དེ་ལ་སྣ་གཞན་པ་དང་མི་མཐུན་པར་དམྱིགས་པའི་མཚན་ཉིད་དང་། ཡོངསུ་སྲེག་པ་མ་ཡིན་པའི་མཚན་ཉིད་རྣམ་པར་བཤད་པ་སྟེ། འདི་ནི་དེ་ལས་གཞན་པ་དང་མི་མཐུན་པར་དམིགས་པའི་མཚན།། ་ཉིད་རྣམ་པར་བཤད་པའོ།། འདི་ཡང་ཚིག་ཚང་བར་བྱས་ཏེ། བརྗོད་ན་འདི་སྐད་ཕྱོགས་ཐ་དད་པ་ཆ་གཅིག་འཇུག་པ་དང་། ཕྱོགས་མཚུངས་པ་ཀུན་འཇུག་པ་དང་། གཉི་གུའི་ཕྱོགས་ཀྱི་ཆ་གཅིག་འཇུག་པའི་དོན་བསྡུས་པ་ཡིན། ་ནོ་ཞེས་བརྗོད་པར་བྱ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ།། རྒྱུ་དང་རྐྱེན་དེས་ན་དེ་གྲུབ་པར་བྱ་བ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་ཡོངསུ་མ་དྲུག་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ཡངསུ་མ་གྲག་པའི་མཚན ་ཉིད་རྣམ་པར་བཤད་པ་སྟེ། གོང་མ་བཞིན་དུ་རིག་པར་བྱའོ།། ཡོངསུ་མ་གྲིག་པའི་ཕྱིར་ལེགས་པར་སོ་སོར་བརྟགས་པའི་རིགས་པ་མ་ཡིན་ཏེ། ཡོངསུ་མ་དག་པའི་ཕྱིར་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་གཉིས་པ་མི་བརྟེན ་པ་བསྐུལ་བའོ།། གོང་དུ་བསྟན་པའི་རིགས་པ་དང་། སྦྱར་ན་ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཀྱང་ཡོངསུ་གྲོག་པ་མ་ཡིན་ན་ཅིའི་ཕྱིར་མདོ་ལས ་དེ་སྐད་དུ་མ་གསུངས་ཞེ་ན། སྨྲས་པ། ངེས་པའི་རིག་པ་ལས་མ་བསྟན་པ་ནི་མདོར་བསྡུས་པའི་ཕྱིར་མ་གསུང་སོ།། གཞན་ཡང་མདོའི་ཚིག་འདིས་སྔ་མ་ལྔ་པོ་དག་ཚང་བར་བསྡུས་ནས་ཡོངསུ་སྲེག་པ་ཡིན་པ་ཉིད་དུ་རབ ་ཏུ་བསྟན་ཏེ། དེ་ལས་གཞན་པ་དང་མཐུན་པར་དམིགས་པའི་མཚན་ཉིད་བཞི་པ་བསྟན་དོ།། དཔེ་དང་བཅས་པས་ཞེས་བྱ་བ་མཚན་ཉིད་ལྔ་པ་བསྟན་ཏོ།། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ ་བས་ནི་མཚན་ཉིད་བཞི་པ་བསྟན་ཏོ།། ཡང་དེ་ལས་གཞན་པ་དང་མི་མཐུན་པར་ནི་བཱི་མཆེན་ཉིད་ཅེས་བྱ་བས་ནི་མཚན་ཉིད་གཉིས་པ་བསྟན་ཏོ།། དཔེ་དང་བཅས་པ་ཞེས་བྱ་བས་ནི་མཚན་ཉིད་ལྔ་པ་ཡང་བཟླས་ཏེ་བསྟན་ཏོ།། ཐཾད་མཐུན ་པར་དམིགས་པའི་མཚན་ཉིད་ཡོད་པ་ཞེས་བྱ་བས་ནི་མཚན་ཉིད་གསུམ་པ་བསྟན་ཏེ། རིགས་པ་དེས་ན་སྔ་མ་ལྔ་པོ་དག་ལུས་བརྩམས་ནས་ཡོངསུ་གྲོག་པ་མ་ཡིན་པ་ཉི་དུལ་ཏུ་བསྟན་པ་ཡི་ནོ།། དེ་ལྟར་བཤད་ནཱ་ནི ་སྔར་ཡོངསུ་དག་པའི་མཚན་ཉིད་བསྟན་པའི་སྐབས་ནས་མངོན་སུམ་དུ་དམིགས་པ་ལ་སོགས་པ་གསུམ་པོ་དག་གིས་ཡོངསུ་གྲག་པ་ཉིད་དུ་བསྟན་པ་དག་དང་ཡང་རྗེསུ་མཐུན་པར་འགྱུར་རོ།། གཞན་གྱི་རིགས་ཀྱི་དཔེས ་ཉེ་བར་བསྒྲུབ་པ་གང་ཡིན་པ་དང་། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་དེ་ནི་རང་བཞིན་ཉིད་ཀྱི་ཡོངསུ་དག་པ་མ་ཡིན་པར་རིག་པར་བྱའོ།། ཞེས་བྱ་བ་ནི་བཞི་པ་མཆིན་ཉིད་ལྔ་པ་དང་། བདུན་པ ་གཅིག་བསྡུས་ཏེ། རྣམ་པར་བཤད་པ་སྟོན་ཏོ།། དེ་ལ་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱ་བ་ནི་མི་མཐུན་པའི་རྒྱུ་ཡིན་ཏེ། དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ་ཞེས་དམ་བཅས་པ་དག་གིས ་བྱས་པའི་ཕྱི་རོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་ལ་ན་མཁའ་ལ་སོགས་པ་ནི་ཆ་མཚུངས་པ་ཡིན་ལ། བུམ་པ་ལ་སོགས་པ་ནི་ཆ་མི་མཚུངས་པ་ཡིན་པས་གཏན་ཚིགས་འདི་ནི་ཆ་མི་མཚུངས་པ་ཁོ་ན་ལ་ཡོད་པ ་དེའི་ཕྱིར་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱའོ།། ཡང་དཔེའི་སྐྱོན་རྣམ་པ་བཅུ་དང་ལྡན་པའོ།། དེ་ལ་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལུང་གི་མཚན་ཉིད་ཅེས་བྱ་བ་ནི་ཕྱི་རོལ་པའི་ལོག་པར ་བསྟན་པ་རྣམ་སྔོ་ཡང་ན་དམ་བཅས་པ་དང་། གཏན་ཚོགས་དང་། དཔེ་སྐྱོན་དང་བཅས་པ་རྣམ་སོ།། ཁ་ཅིག་ན་རེ་བཞི་པོ་འདི་དག་ནི་ཕལ་ཆེར་སྔར་བཤད་པ་དག་དང་མཐུན་ཏཱཾ། དེ་ལ་བྱེ་བྲག་ཡོད་པ་ཡང་། མཚན་ཉིད་བཞི ་པས་ནི་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་ཞེས་བྱ་བ་མ་བསྡུསོ།། མཚན་ཉིད་བཞི་པ་ལས་གཞན་གྱི་རིགས་ཀྱི་དཔེས་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅེས་བྱ་བ་ཉིད་ནི་གཉི་གའི་ཕྱོགས་ཀྱི་ཆ་གཅིག་འཇུག་པ་ཞེས་བྱ་བ ་ཡིན་ཏེ། གཞན་ནཱི་སྔར་བསྟན་པ་བཞིན་ནི་ཞེའོ།། ཁ་ཅིག་ན་རེ་བཞི་པོ་འདི་དགུ་ནི་སྔ་མའི་བཤད་པ་དང་འདྲ་སྟེ། དེ་བྱེ་བྲག་ཡོད་པ་བཞིན་རིགས་ཀྱིས་ཉེ་བར་བསྒྲུབ་པའི་མཚན་ཉིད་ནི་གསུམ་པ་དང་། བཞི་པར་རྟོགས་པ ་ཡིན་ཏེ། གཞན་ནི་སྡེ་མ་བཞིནོ་ཞེའོ།། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་། བསྟན་བཅོས་རྣམ་པར་བཤད་པ་དང་། མདོའི་དཔེ་རྣམ་པ་གཉིས་ལས་བསྟན་པ་དག་དང་སྦྱར་ན་གཞན་གྱི་རིགས་ཀྱི་དཔེས་ཉེ་བར ་བསྒྲུབ་པ་རཱི་ཏྲ་ཚན་ཉིད་ནི་གསུམ་པ་དང་བཞི་པ་ལས་གཞན་གྱི་རིགས་ཀྱི་དཔེ་ཞེས་བྱ་བའི་ཚིག་ཕྱིར་མེད་དོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། རྣམ་པར་བཤད་པ་ལས་མིང་བཀོད་པ་ནི་མཐུན་ལ། བཤད་པ་ནི་ཅུང་ཟད་ཐ ་ད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཆོས་ཐམས་ཅད་རྟགས་དང་། ངོ་བོ་ཉིད་དང་། ལས་དང་། ཆོས་དང་། རྨ་དང་། འབྲས་བུ་ལ་སོགས་པའི་མཐུན་པ་དང་། མི་མཐུན་པའི་མཚན་ཉིད་གང་ཡང ་རུང་བའི་ཆ་ག་ཅིག་ཕན་ཚུན་མཐུན་པ་དང་། མི་མཐུན་པའི་མཚན་ཉིད་གང་ཡིན་པ་དེ་ནི་དེ་ལས་གཞན་པ་དང་མཐུན་པ་དང་། མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ།། ངེས་པར་ཕན་ཚུན་སོ་སོ་ཐ་དད་པའི་མཚན ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱའོ་ཞེས་བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ།། དེ་ལས་གཞན་པའི་མཚན་ཉིད་རྣམས་ནི་མདོ་འདྲི་ལས ་གསུངས་པ་དང་། མཐུན་པར་འབྱུང་ངོ་།། བཤད་པ་འདི་དག་སྦྱར་ན་རྟག་དང་ངོ་བོ་ཉིད་ལ་སོགས་པ་ལྔ་པོ་དག་ནི་མཐུན་པ་དང་མི་མཐུན་པའི་མཚན་ཉིད་དང་གཅིག་ཏུ་ཐ་དད་པའི་མཚན་ཉིད་དུ་ཡང་རྟོགསོ།། དེ་ལ་ཆོས ་ཉིད་ཀྱི་རིགས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལྔ་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་སྟེ། ཆོས་ཉིད་གནས་པ་དང་ཆོས་ཀྱི་དབྱིངས་གནས་གང་ཡིན་པ་དེནི་ཆོས་ཉིད་ཀྱི་རིགས་པ་ཞེས ་བྱའོ་ཞེས་བྱ་བ་ནི་བཞི་པ་ཆོས་ཉིད་ཀྱི་རིགས་པ་རྣམ་པར་ཕྱེ་སྟེ་བཤུད་པའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ལས་བརྩམས་ནས་མདོའི་ཚིག་གསུམ ་པོ་ཆོས་ཉིད་གནས་པ་དང་། ཆོས་གནས་པ་དག་དང་ཆོས་ཀྱི་དབྱིངས་ཀྱི་དོན་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངས་བྱས་པའང་མ་ཡིན།། ་གཞན་དག་གིས་བྱས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་སྟེ། ཆོས་ཉིད་དང་། ཆོས་གནས་པ་དང་། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དོ་ཞེས ་གང་གསུངས་པ་ལ་ཆོས་ཉིད་ནི་གུ་། ཆོས་གནས་པ་ནི་གང་ཆོས་ཀྱི་དབྱིངས་ནི་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་གྲག་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཅེས་བྱའོ།། ཇི་ལྟར་གྲག་པོ་དེ་རིགས་པའི་ཚིག་དང་། ཡི་གེ ་རྣམས་ཀྱིས་རྣམ་པར་བཞུག་པ་དེ་ནི་ཆོ་སྣ་གནས་པ་ཞེས་བྱའོ།། གནས་པ་དེའི་རྒྱུ་ཆོས་ཉིད་དེ་ཡིན་པས་ན་དེའི་ཕྱིར་དབྱིངས་ཞེས་བྱའོ་ཞེས་འབྱུང་ངོ་།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནཔ་ནས་ཉན ་ཐོས་ཀྱི་ས་ལ་སོགས་པའི་ཆོས་ཉིད་ཀྱི་རིག་པ་ནི་འདི་ལྟ་སྟེ། ཅིའི་ཕྱིར་ཕུང་པོ་རྣམས་དེ་ལྟ་བུར་གྱུར་པ་ཡིན། འཇིག་རྟེན་གནས་པ་དེ་ལྟ་བུར་གྱུར་པ་ཡིན། ཅིའི་ཕྱིར་སའི་མཚན་ཉིད་སྲ་བ་ཡིནོ།། ཆུའི་མཚན་ཉིད་གཤེར ་བྱ་ཡིན་མེའི་མཚན་ཉིད་ཆེ་བ་ཡིན། རླུང་གི་མཚན་ཉིད་གཡོ་བ་ཡིན། ཅིའི་ཕྱིར་ཕུང་པོ་རྣམས་མི་རྟག་པ་ཡིན། ཅིའི་ཕྱིར་མྱ་ངན་ལས་འདས་པ་ཞི་བ་ཡིན། དེ་བཞིན་དུ་ཅིའི་ཕྱིར་གཟུགས་ཀྱི་མཚན་ཉིད་གཟུགསུ་རུང་བ་ཡིན། ་ཚོར་བའི་མཚན་ཉིད་མྱོང་བ་ཡིན། འདུ་ཤེས་ཀྱི་མཚན་ཉིད་ཀུན་ཤེས་པ་ཡིན། འདུ་བྱེད་རྣམས་ཀྱི་མཚན་ཉིད་མངོན་པར་འདུ་བྱེད་པ་ཡིན། རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་ཤེས་པའི་བྱེད་པ་ཡིན་ཞེ་ན། དེ་ནི ་ཆོས་ཉིད་ཡིན་ཏེ། ཆོས་དེ་དག་གི་རང་བཞིན་ནི་དེ་ཡིན་ཞིང་། དེ་དག་གི་ངོ་བོ་ཉིད་ལྟ་བུ་ཡིན་པ་ཆོས་ཉིད་དེ་ཁོ་ན་ཡིན་པ་དེ་ཉྀད་འདིར་རིག་པ་ཞེ་བྱའོ་ཞེས་འགྱུའོ།། གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན ་ལྔས་བཏུས་པ་ལས། ཆོས་ལ་བརྩོན་པ་ཆོས་རྣམ་པར་དཔྱད་པ་ནི་རིག་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན། སྨྲས་པ། རིགས་པ་རྣམ་པ་བཞིས་དཔྱོད་དེ། འདི་ལྟ་སྟེ། བལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི ་རིགས་པ་དང་། གཏན་ཚིགས་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ།། དེ་ལ་བལྟོས་པའི་རིགས་པཱ་ནི་འདི་ལྟ་སྟེ། གང་འདུ་བྱེད་རྣམས་སྐྱེ་བ་ན་རྐྱེན་ལ་བལྟོས་པ་གླེང་ཡིན་པ་སྟེ། དཔེར་ན་མྱུ་གྲོ་འབྱུང་བ ་ན་ས་བོན་དང་། དུས་དང་། ཆུ་དང་ཞིང་རྣམས་ལ་བལྟོས་པ་དང་། རྣམ་པར་ཤེས་པ་སྐྱེ་བ་ན་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་ཞེས་བྱ་བའི་རྐྱེན་ལ་སོགས་པ་ལ་བལྟོས་པ་ལྟ་བུའོ།། བྱ་བ་བྱེད་པའི་རིག་པ་ནི་འདི་ལྟ་སྟེ། ་གང་ཟག་གི་མཚན་ཉིད་ཐ་དད་པའི་ཆོས་རྣམས་སོ་སོ་རང་གི་བྱ་བ་བྱེད་པ་གང་ཡིན་པ་སྟེ། དཔེར་ན་མིག་གི་དབང་པོ་ལ་སོགས་པས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་ཀྱི་དངོས་པོའོ།། མིག ་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སོ་སོ་རྣམ་པར་རིག་པར་བྱེད་པའོ།། གསེར་མགར་ལ་སོགས་པ་ལ་བཟོ་རྣམས་ནི་གསེར་ལ་སོགས་པའི་ལས་བྱེད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། གཏན ་ཚིགས་བསྒྲུབ་པའི་རིག་པ་ནི་འདི་ལྟ་སྟེ། གང་བསྒྲུབ་པའི་དོན་ཚད་མ་དང་མི་འགལ་བར་སྟོན་པ་གང་ཡིན་པ་སྟེ། གང་བསྒྲུབ་པའི་དོན་ངོ་བོ་ཉིད་དང་། ཁྱད་པར་གྱི་བསྡུས་པ་མངོན་སུམ་ལ་སོགས་པའི་ཚད་མ་དང་མི ་འགལ་བྷར་དམ་བཅས་པ་ལ་སྩོགས་པ་བསྟན་པའོ།། ཆོས་ཉིད་ཀྱི་རིགས་པ་ནི་འདྲི་ལྟ་སྟེ། ཐོག་མ་མེད་པའི་དུས་ན། རང་དང་སྤྱིའི་མཚན་ཉིད་གནས་པའི་ཆོས་རྣམས་ལ་ཆོས་ཉིད་དུ་གྲགས་པ་གང་ཡིན་པ་སྟེ། དཔེར་ན ་མེས་ནི་ཚིག་པར་བྱེད་དོ།། ཆུས་ནི་འགུལ་བར་བྱེད་ཅེས་བྱ་བ་ལྟ་སོགས་པར་གྲགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། མདོ་ལས་ཇི་སྐད་དུ། མིག་ནི་ཡོངསུ་དག་པ་ཡིན་ཡང་། རྟག་པོ་མེད་པ་གནས་བདག་མེད་པའི་བར ་གྱི་སྟོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། འདིའི་རང་བཞིན་ནི་ཆོས་ཉིད་ཀྱིས་དེ་ཡིན་པས་སོ་ཞེས་གསུངས་པ་ལྟ་བུའོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང ་རྣལ་འབྱོར་སྤྱོད་པའི་ས་དང་། མདོ་སྡེའི་རྒྱན་དང་། རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ལ་སྤྱི་དང་བྱེ་བྲག་ལྔ་ནི་འདི་ལྟ་སྟེ། སྔར་མདོར་བསྟན་ནས་ཚིག་གི་བསྟན་པའི་ཆོས་ཕྱི་མ་ཕྱི་མའི་ཚིག་བྱེ། ་ཐཱག་ཏུ་རྣམ་པར་ཕྱེ་ནས་མཐར་ཐུག་པར་སྟོན་པ་གང་ཡིན་པའོ་ཞེས་བྱ་བས་ནི་བརྒྱད་པ་སྤྱི་དང་བྱེ་བྲག་གི་མཚན་སྟོན་ཏོ།། བསྟེན་བཅོས་རྣམ་པར་བཤད་པ་ལས་ནི་བསྡུས་པ་དང་། རྒྱས་པ་ཞེས་འབྱུང་སྟེ། དེའི ་ཕྱིར་བསྟན་བཅོས་དེ་ཉིད་ལས་བསྡུས་པ་དང་རྒྱས་པ་ནི་འདི་ལྟ་སྟེ། སྔར་ཆོས་ཚིག་གཅིག་བསྟན་པའི་ཚིག་ཕྱི་མ་ཕྱི་མ་དཔག་ཏུ་མེད་པ་དག་གིས་ཕན་ཚུན་རྣམ་པར་ཕྱེ་ནས་མཐར་ཐུག་པ་གང་ཡིན་པའོ་ཞེས་འབྱུང ་གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སྭཱ་སྤྱི་དང་བྱེ་བྲག་གི་སྒོ་ནི་སྔར་ཚིག་གཅིག་མདོར་བསྟན་ནས་ཚིག་ཕྱི་མ་གཞན་གྱིས་རྣམ་པར་ཕྱེ་སྟེ་བཤད་པའོ་ཞེས་འབྱུང་ངོ་།། ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དེ་ལ་སྤྱིའི་མཚན་ཉིད་ནི་མི་རྟག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། བྱེ་བྲག་གི་མཚན་ཉིད་ནི་ཆོས་རྣམས་མི་རྟག་པ་ཡིན་ཡང་སོ་སོའི་བྱེ་བྲག་གི་མཚན ་ཉིད་ནི་ཐ་དད་དེ། སའི་མཚན་ཉིད་ནི་སྲ་བའོ།། ཆུའི་མཚན་ཉིད་ནི་གཤེར་བའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལ་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། ངས་རྣམ་པ་དང་བཅས་པ་དམིགས་པ་དང་བཅས ་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལེན་པར་བྱེད་པ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྟན་པ་གང་ཡིན་པ་དེ་ནི་དེ་དག་གི་རང་གི་ངོ་བོའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་མ་མ ་བསྟན་པ་ལ་མཚན་ཉིད་ནི་རྣམ་པ་བཅུ་གཅིག་ཏུ་ཕྱེ་བ་ལས་མཚན་ཉིད་བཞི་པའི་སྒོ་ནས་བསྟན་ནས། འདི་ནི་མཚན་ཉིད་ལྔ་པ་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ།། འདི་ལྟར་གོང་དུ་བསྟན་པའི་བྱང་ཆུབ་ཀྱི་ཕྱོགས ་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དེ་དག་གི་བདག་ཉིད་ནི་འཛིན་པར་བྱེད་པ་ཡིན་པས། ཡུལ་ལ་དམིགས་པའི་རྣམ་པ་དང་བཅས་པ་དམིགས་པའི་བདག་ཉིད་དང་བཅས་པ་དྲན་པ་ཉེ་བར་གཞག་པ ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལེན་པར་བྱེད་པའི་རང་གི་ངོ་བོ་ཉིད་དོ།། དེ་ལ་དེའི་འབྲས་བུའི་མཚན་ཉིད་ནི་འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཉོན་མོངས་པ་རྣམས་སྤོང་བ་དང་། ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་དང་། ཡོན་ཏན་མངོན་པར་བསྒྲུབ་པ་གང་ཡིན་པ་དང་། དེ་ནི་དེའི་འབྲས་བུ་ཐོབ་པའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་དྲུག་པ་དེའི་འབྲས་བུའི་མཚན་ཉིད ་རྣམ་པར་བཤད་པའོ།། འདི་ལྟར་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམས་ཟིལ་གྱིས་གནོན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་རྣམས་གཏན་དུ་སྤངས་པ་ཐོབ་པའི་མྱ་ངན་ལས་འདས ་པ་དང་། དེ་དག་གིས་མངོན་པར་བསྒྲུབ་པ་འདུས་བྱས་ཀྱི་ཡོན་ཏན་གང་ཡིན་པ་དེ་ནི་འབྲས་བུའི་མཚན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ནི་འདི་ལྟ་སྟེ། དེ་ཉིད་ལས་རྣམ་པར་གྲོལ་བའི ་ཤེས་པས་སོ་སོར་ཡང་དག་པར་མྱོང་བ་གཞན་དག་ལ་རྒྱ་ཆེར་སྒྲོགས་པ་དང་། འཆུད་པ་དང་། ཡང་དག་པར་སྟོན་པ་དེ་ནི་མྱོང་བ་རྣམ་པར་བསྙད་པའི་མཚན་ཉིད་ཅེས་བྱའོ་ཞེས་པ་ནི་བདུན་པ་དེ་མྱོང་བ་རྣམ་པར་བསྐྲད ་པའི་མཚན་ཉིད་རྣམ་པར་བཤད་པའོ།། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དེས་ཉོན་མོངས་པ་སྤངས་པའི་ཤེས་པས་འདུས་བྱས་དང་འདུས་མ་བྱས་ཀྱི་ཡོན་ཏན་མྱོང་བ་གང་ཡིན་པ་དེ་དགེ་བ་གཞན་དག ་སྟོན་པར་བྱེད་པས་སོ།། དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་ལས་བར་ཆད་བྱེད་པ་ཀུནྡ་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དེ་ནི་དེའི་བར་དུ་གཅོད ་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་ནི་བརྒྱད་པ་དེའི་བར་དུ་གཅིད་པོའི་ཆོས་ཀྱི་མཚན་ཉིད་རྣམ་པར་བཤད་པ་སྟེ། བདག་དང་ཆོས་སུ་འཛིན་པ་ཉིད་དང་། སྒྲིབ་པ་གཉིས་པོ་དག་གོ།། དེ་དང་རྗེ་སུ་མཐུན་པའི་ཆོས ་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། དེ་དག་ཉིད་ལ་ཅེས་སྤྲས་བྱེད་པའི་ཆོས་གང་དག་ཡིན་པ་དེ་ནི་དེ་དང་རྗེ་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ།། ཞེས་བྱ་བ་ནི་དགུ་པ་དེ་དང་རྗེསུ་མཐུན་པའི་ཆོས་ཀྱི་མཚན་ཉིད་རྣམ་པར་བཤད ་བཱ་སྟེ། རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བའི་རྩ་བ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་དག་ནི་དེ་དང་རྗེ་སུ་མཐུན་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ་དེའི་ཉེས་དམིགས་ཀྱི་མཚན་ཉིད་ནི་བར་དུ་གཅོད་པའི་ཆོས་དེ་དག་ཉིད་ལ་ཡོད་པའི་སྐྱོན་རྣམས་གང་ཡིན་པ་དེ་ནི་དེའི་ཉེས་དམིགས་ཀྱི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་བཅུ་པ་བར་དུ་གཅོད་པའི་ཆོས་རྣམ ་ས་དམིགས་ཀྱི་མཚན་ཉིད་རྣམ་པར་བཤད་པ་སྟེ། འགྲོ་བ་པ་སྐྱེ་བ་ལ་སོགས་པ་མངོན་པར་འགྲུབ་པའི་ཉོན་མོངས་པ་བྱ་བའི་མཚན་ཉིད་ལ་སྒྲིབ་པར་བྱེད་པ་གང་ཡིན་པ་དག་གོ།། དེའི་ཕན་ཡོན་གྱི་མཚན་ཉིད ་ནིརྦྷེ་སུ་མཐུན་པའི་ཆོས་དེ་དག་ཉིད་ལ་ཡོད་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེའི་ཕན་ཡོན་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་བཅུ་གཅིག་པ་ཕན་ཡོན་གྱི་མཚན་ཉིད་རྣམ་པར་བཤད་པའོ།། བསྐྲུན ་བཅོས་རྣམ་པར་བཤད་པ་ལས་ནི། བསྔགས་པ་བརྗོད་པའི་མཚན་ཉིད་ཅེས་འབྱུང་སྟེ། འདི་ལྟར་རྗེས་མཐུན་པའི་ཆོས་ལ་ཡོན་ཏན་ཇི་སྙེད་ཡོད་པ་གང་ཡིན་པ་དེ་ནི་སྔགས་པ་བརྗོད་པའི་མཚན་ཉིད་ཅེས་བྱའོ་ཞེས ་བཤད་དོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་མདོ་སྡེ་དང་འདུལ་བ་དང་མ་མོ་དག་འདི་ལས་སླར ་རོལ་པ་རྣམས་དང་ཐུན་མོང་མ་ལགས་པ་གཟུངས་ཀྱི་དོན་མདོར་བསྡུས་ཏེ། བཤད་དུ་གསོལ་ཞེས་བྱ་བ་ནི་གོང་དུ་བཞི་པ་སྟེ། སྣོད་གསུམ་རྒྱ་ཆེརུ་རྣམ་པར་བཤད་པ་དང་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་རྣམ་པར་བཤད ་པའོ་ཞེས་གཉིསུ་ཕྱེ་བ་ལས། དེ་ཡན་ཆོད་དུ་སྡེ་སྣོད་གསུམ་རྒྱ་ཆེར་རྣམ་པར་བཤད་ཟིན་ཏེ། འོད་མན་ཆད་ནི་གཉིས་པ་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ་སྟོན་ཏོ།། འདི་ཡང་བཤད་པར་གསོལ་བ་དང་། ་ཡང་དག་པར་བཤད་པས་བསྟན་པར་བྱའོ།། བཤིད་པར་གསོལ་པ་ཡང་རྣམ་པ་གཉིས་ཏེ། ཡང་དག་པར་བཤད་པར་གསོལ་བ་བཏབ་པ་དང་། བཤད་པར་གསོལ་བ་བཏབ་པའི་དགོངས་པ་བསྟན་པ་སྟེ། འདི་ནི་དྲང་པོ་ཡང ་དག་པར་བཤད་པར་གསོལ་བ་བཏབ་པའོ།། དེ་ལ་གཟུངས་ཞེས་བྱ་བ་ནི་དྲན་པ་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ།། དེ་བཤད་པར་གསོལ་བའི་གོང་དུ་བཅོམ་ལྡན་འདས་ཀྱི་སྡེ་སྣོད་གསུམ་རྒྱ་ཆེར་བཤད་པས། འདིར་དེ་བཞིན ་གཤེགས་པས་སྡེ་སྣོད་གསུམ་མདོར་བསྡུས་ཏེ་བཤད་དུ་གསོལ།། དེས་བྱང་ཆུབ་སེམས་དཔའ་རྣམས་ཟབ་མོ་ལྡེམ་པོར་དགོངས་ཏེ། གསུངས་པ་རྣམས་རྗེད་པར་མི་འགྱུར་ཞིང་། གནས་ངན་ལེན་གྱི་ལུས་སྦྱངས ་ནས་འདུས་མ་བྱས་འཐོབ་པར་འགྱུར་བར་དགོངས་པ་སྟེ། མུ་སྟེགས་ཅན་ལོག་པར་བསྟན་པའི་གཟུངས་དང་ཐུན་མོང་དུ་མ་གྱུར་པའི་ཕྱིར་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་ཅེས་བྱའོ།། བཤད་པའི་རྣམ་པ ་གཞན་དུ་ན་གང་ཟག་དང་ཆོས་གཉིས་ཀྱིས་སྟོང་པའི་ཚུལ་གྱིས་གང་ཟག་དང་ཆོས་གཉིས་ཀྱིས་སྟོང་པའོ།། ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་ཡིན་ཏེ། དེ་ཁོང་དུ་ཆུད ་པའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་ལྡེམ་པོར་དགོངས་པའི་རྗེ་སུ་འཇུག་པར་འགྱུར་བའོ།། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། དོན་རྣམ་པ་གསུམ་གྱི་ཕྱིར་འདི་ལྟས་ཕྱི་རོལ་པ་རྣམས ་དང་ཐུན་མོང་མ་ཡིན་པའོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་གཞན་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་མདོར་བསྡུ་ན་མ་འདྲེས་པའི་ཡན་ལག་གསུམ་གྱི་ཕྱིར་འདི་ལས་ཕྱི་རོལ་བ་རྣམས་དང་། ཐུན ་མོང་མ་ཡིན་པར་བསྟན་ཏེ། ལེགས་པར་གསུངས་པ་ཞེས་བྱ་བའི་གྲངས་ཡང་འགྲོའོ།། དེ་ལ་ཡན་ལག་གསུམ་ནི་ཡོངསུ་གྲུབ་པ་དང་། མཐུར་ཐུག་པ་ལས་རྣམ་པར་གྲོལ་བར་བསྟན་པའི་ཕྱིར་དང་། དེ་ཉིད་ཀྱི་ཐབས ་བསྣུན་པའི་ཕྱིར་དང་། དེ་ཉིད་ཀྱི་ནང་གི་སོ་སོ་རང་གིས་རིག་པ་བསྟན་པའི་ཕྱིརརོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ།། ཐུན་མོང་མ་ལགས་པའི་གཟུངས་ཀྱི་དོན་དེས་བྱང་ཆུབ་སེམས་དཔའ་རྣམས་དེ ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་རྣམས་ཀྱི་ལྡེམ་པོར་དགོངས་པའི་རྗེ་སུ་འཇུག་པ་འཐོབ་པར་འགྱུར་ལ་གསོ་ཞེས་བྱ་བ་ནི་གཉིས་པ་བཤད་པར་གསོལ་བའི་དགོངས་པ་བསྟན་པ་སྟེ། འདིར་མདོར ་གསུངས་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་བྱེད་པ་མེད་པ་ལ་སོགས་པའི་ལྡེམུ་པོར་དགོངས་པ་ལ་འཇུག་པར་འགྱུར་བའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ལེགས་པར་ཉོན་ཅིག་དང་། ངས་ཁྱོད་ལ་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་མདོར་བསྡུས་ཏེ། བཤད་པས་ཞེས་བྱ་བ་འདི་མནི་ཆད་བཤད། གཉིས་པ་དེ་བཞིན་གཤེགས་པས ་ཡང་དག་པར་ལྡན་དུ་གསུངས་པའོ།། འདི་ཡང་རྣམ་པ་གཉིས་ཏེ་མཉན་པར་བསྐུལ་ཞིང་བཀའ་བཤད་པར་སྣང་བ་བསྟན་པ་དང་། རིགས་ཀྱི་བུ་ཞེས་བྱ་བ་མན་ཆད་ཞུས་པ་བཞིན་དུ་ཡང་དག་པར་བཤད་པའོ།། དང་པོ ་ཡང་རྣམ་པ་གཉིས་ཏེ། བཤད་པར་གནང་བ་བསྟན་པ་དང་། བཀས་བཤད་པོའི་ཕན་ཡོན་བསྟན་ཏེ། འདི་ནི་དང་པོའོ།། བྱང་ཆུབ་སེམས་དཔའ་རྣམས་ངས་བཤད་པའི་ལྡེམ་པོར་དག་ལ་ལེགས་པར་འཇུག་པར་འགྱུར ་བྱའོ།། ཞེས་བྱ་བ་ནི་གཉིས་པ་དང་བཀས་བཤད་པའི་ཕན་ཡོན་བསྟན་པའོ།། རིགས་ཀྱི་བུ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དང་། རྣམ་པར་བྱང་བའི་ཆོས་གང་ཡིན་པ་དེ་དག་ནི་ངས་ཐམས་ཅད་བྱེད་པ ་མེད་པ་དང་། གང་ཟག་ཅི་ཡང་མེད་པར་བསྟན་ཏེ། རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིརརོ།། ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ལ། ཕྱིས་རྣམ་པར་བྱང་བར་འགྱུར། ་བ་མ་ཡིན། རྣམ་པར་བྱུང་བའི་ཆོས་ཀྱང་ཕྱིས་རྣམ་པར་བྱུང་ལ། སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་མ་ཡིན་ན་ཞེས་བྱ་བ་ནི་འདི་མན་ཆད་ནི་གཉིས་པ་ཞུས་པ་བཞིན་དུ་ཡང་དག་པར་བཤད་པ ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ཚིག་རྐྱང་པས་བསྟན་པ་དང་། ཚིག་སུ་བཅད་པ་བཟླས་ཏེ། བསྟན་པའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ།། རྣམ་པར་བཤད་པ་ཡང་རྣམ ་པ་གསུམ་སྟེ། ཡང་དག་པའི་དོན་ཉིད་བསྟན་པ་དང་། བྱིས་པ་སོ་སོའི་སྐྱེ་བྷྱོ་ཞེས་བྱ་བ་ཡན་ཆད་ཀྱིས་ཀུན་ཏུ་རྨོངས་པས་འཛིན་པའི་ཉེས་དམིགས་བསྟན་པ་དང་། གང་ལ་ལ་ཞེས་བྱ་བ་མན་ཆེད་ཀྱིས་ཁོང་དུ་ཆུད་པའི་ཕན་ཡོན ་བསྟན་ཏེ། འདི་ནི་དང་པོ་ཡང་དག་པའི་དོན་ཉིད་བསྟན་པའོ།། མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཏེ། ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་ཞེས་བྱ་བ་ནས། གང་ཟག་ཅི་ཡང་མེད་ཅེས་བྱ། ་བའི་བར་གྱིས་ནི་སེམས་ཅན་གྱིས་སྟོང་པའི་དོན་བསྟན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ངས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་སོ་སོ་ཐ་དད་པའི་བྱེད་པ་ཅི་ཡང་མེད་པར་བསྟན་ཏེ། ་ཇི་ལྟར་གཟུགས་ལ་སོགས་པ་མཐོང་བ་བཞིན་དུ་གང་ཟག་ལ་ནི་བདག་ཅི་ཡང་མདོ་ཞེས་གསུངས་པས་སོ།། ཡང་ན་བྱེད་པ་མེད་པ་ཞེས་བྱ་བ་ནི་མཆོག་ཏུ་སྨྲ་བ་ཞེས་བྱ་བའི་གཞུང་གི་ཆོས་ལས་གུང་ན་མེད་པ་དགག་པ་ལྟ ་བུ་སྟེ། དེ་ལྟ་བུ་ལ་སོགས་པའི་དོན་གང་ཡིན་པ་དེ་ནི་སེམས་ཅན་གྱི་སྟོང་པའི་དོན་ཏོ།། དེ་ལ་རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིརརོ།། ཞེས་བྱ་བ་ལ་སོགས་པ་ནི་ཆོས་སྟོང་པའི་དོན་བསྟན་ཏེ། འདི་ལྟར་ཆོས་ཐད་ནི་གཟུང ་བ་དང་འཛིན་པ་དང་སྤྲོས་པ་སྣ་ཚོགས་ཀྱི་བྱེད་པ་དང་བྲལ་བའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ། ཕྱིས་རྣམ་པར་བྱང་བར་འགྱུར་བ་མ་ཡིན། རྣམ་པར་བྱང་བའི་ཆོས་ཀྱང ་ཕྱིས་རྣམ་པར་བྱང་ལ། སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་བརྟགས་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ནི་སེམས་ཀྱི་རྗེ་སུ་ནི་ཡོད་པ་ནི་ཡིན་ལ། ་དོན་དམ་པར་ནི་ཡོད་པ་མ་ཡིན་པས་དེའི་ཕྱིར་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ལ། ཕྱིས་རྣམ་པར་བྱང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིནོ།། མདོའི་ཚིག་འདི་ལས་ནི་བརྟག་པའི་ངོ་བོ་ཉིད་ཅེས་བྱ་བའི་ཚིག ་བསྟན་པཱ་མེདཱ་ན། ཇི་ལྟར་ཀུན་ནས་བརྟགས་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་ཤེས་ཞེ་ན། སྨྲས་པ། གོང་དུ་སྤྱིའི་མཚན་ཉིད་སྟོང་པ་ཉིད་དུ་བསྟན་པ་དང་སྦྱར་ན། ཀུན་བརྟགས་པ་ཁོ་ན་བསྩལ་ཀ་ཡིན་གྱི། ངོ་བོ་ཉིད་གཞན ་གཉིས་ནི་མ་ཡིན་པས། དེའི་ཕྱིར་མདོ་འདི་ལས་ཀུན་བརྟགས་པའི་ངོ་བོ་ཉིད་བསྐུལ་བར་ཤེསོ།། ཡང་ན་རྣམ་པ་ཐམས་ཅད་དུ་བྱེད་པ་དང་བྲལ་བའི་ཕྱིར་གོང་དུ་བསྟན་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར ་བྱང་བའི་ཆོས་རྣམས་ཀྱང་བདག་གིར་འཛིན་པ་ལ་སོགས་པའི་སྤྲོས་པའི་བྱེང་པ་དང་བྲལ་བའི་ཕྱིར་ར་ཞེའོ།། ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དང་། རྣམ་པར་བྱུང་བའི་ཆོས་གང་ཡིན། ་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་སྤྱིར་སྨོས་པའོ།། ངས་ཐམས་ཅད་བྱེད་པར་བསྟེན་ཏེ་ཞེས་བྱ་བ་ནི་ཆོས་བདག་མེད་པར་རབ་ཏུ་བསྟན་པའོ།། གང་ཟག་ཅི་ཡང་མེད་པར་བསྟན་ཞེ ་བྱ་བ་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ།། རྣམ་པ་ཐམས་ཅད་དུ་བྱེད་པོ་དང་བྲལ་བའི་ཕྱིརརོ་ཞེས་བྱ་བ་ལ་སོགས་པས་ནི་བདག་མེད་པ་གཉིས་ཅིག་ཅར་བསྟན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར ་བྱང་བའི་ཆོས་རྣམས་གཟུང་བ་དང་འཛིན་པའི་བྱེད་པ་བྲལ་བའི་ཕྱིར་སྔོན་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ལས་ཕྱིས་རྣམ་པར་བྱུང་བར་འགྱུར་བ་མེད་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་དབུས་དང་མཐའ་རྣམ ་པཔར་འབྱེད་པ་ལས། སེམས་ཅན་དང་ཆོས་གཉི་ག་ཡོད་པ་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ངོ་བོ་ཉིད་དེ་གཉི་ག་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ ་པར་བྱང་བའི་དོན་གཉི་ག་དམིགསུ་མེད་པའི་ཕྱི་རོ་ཞེས་བཤད་དོ།། དེ་ལས་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བའོ།། རྣམ་པར་བྱང་བ་ནི་འདི་ལྟ་སྟེ། འགོག་པ་དང་ལམ་མོ།། ཡང་ན་ཀུན་ན། ་ཉོན་མོངས་པའི་ཀུན་ནས་བརྟགས་པ་དང་། ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཞན་གྱི་དབང་ངོ་།། རྣམ་པར་བྱང་བ་ནི་རྣམ་པར་བྱང་བའི་ཕྱོགས་ཀྱི་གཞན་གྱི་དབང་དང་ཡོངསུ་གྲུབ་པ་ཉིད་དོ།། ཡང་ན་ཀུན་ནས་ཉོན་མེང་། ་པཱ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མོ།། རྣམ་པར་བྱུང་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་རྣམ་གཉིས།། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གནས་ངན་ལེན ་གྱི་ལུས་ལ་ཆོས་དོང་གང་ཟག་གི་ངོ་བོ་ཉིད་ཀྱི་བྱེ་བྲག་ལ་མངོན་པར་ཞེན་པའི་བག་ལ་ཉལ་ཡང་དག་པ་མ་ཡིན་པའི་ལྟ་བས་དམིགས་པར་བྱས་པའི་ཕྱིར་བདག་གམ་བདག་གིར་འཛིན་པ་དེས་ན་ཡང་དག་པ ་མ་ཡིན་པས་བདག་གིས་མཐོང་ངོ་།། བདག་གིས་ཐོས་སོ།། བདག་གིས་མནམ་སོ།། བདག་གིས་རེག་གོ།། བདག་གིས་རྣམ་པར་ཤེས་སོ།། བདག་གིས་ཟོས་སོ།། བདག་གིས་བྱསོ།། བདག་ཀུན་ནས་ཉོན་མོངསོ།། བདག ་རྣམ་པར་བྱུང་ངོ་།། ཞེས་འདི་ལྟ་བུ་ལ་སྩོགས་པུ་ལྕོག་པའི་སྦྱོར་བ་འཇུག་གོ་ཞེས་བྱ་བྷ་ནཾ་གཉིས་པ་ཀུན་ཏུ་རྨོངས་པསྱཱ་འུདྡྷི་ནྟེ་པའི་ཉེས་དམིགས་བསྟན་པའོ།། དེ་ལ་བྱིས་པ་སོ་སྒོའི་སྐྱེ་བོ་ཞེས་བྱ་བས་ནི་རྨོངས ་པས་འཛིན་པའི་གང་ཟག་བསྟན་ཏེ། སོ་སོའི་སྐྱེ་བོ་ཞེས་བྱ་བས་ནི་ལྟ་བ་ཐ་དད་པ་འཛིན་པ་ལས་སྐྱེས་པའི་ཕྱིར་སོ་སོའི་སྐྱེ་བོ་ཞེས་བྱའོ།། གནས་ངན་ལེན་གྱི་ལུས་ཞེས་བྱ་བས་ནི་རྨོངས་པའི་ཡུལ་བསྟན་ཏེ། ་ཟག་པ་དང་བཅས་པའི་ཕུང་པོ་ལྔ་དག་སྒྲིབ་པ་གཉིས་པོ་དག་གིས་མངོན་པར་བསྒྲུབས་ཤིང་། གནས་ངན་ལེན་རྗེསུ་འབྱུང་བས་ནཱ་གནས་དྲན་ལེན་གྱི་ལུས་ཞེས་བྱའོ།། ཆོས་དང་གང་ཟག་གི་རླུང ་གི་ངོ་བོ་ཉིད་ཀྱི་བྱེ་བྲག་ལ་མངོན་པར་ཞེན་པ་ཞེས་བྱ་བས་ནི་འཛིན་པ་གཉིས་བསྟན་ཏེ། འདི་ལྟར་གནས་ངན་ལེན་གྱི་ལུས་ལ་ཆོས་ཀྱི་རང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་གི་མངོན་པར་ཞེན་པ་སྐྱེད་པ་དང་། གང་ཟག་གི་རང་གི ་ངོ་བོ་ཉིད་ཀྱི་བྱེ་བྲག་གི་མངོན་པར་ཞེན་པ་སྐྱེད་པ་གང་ཡིན་པ་དེ་ནི་བདག་དང་ཆོས་སུ་འཛིན་པ་གཉིས་ཞེས་བྱའོ།། བག་ལ་ཉལ་ཡང་དག་པ་མ་ཡིན་པའི་ལྟ་བསྣ་དམིགས་པ་བྱས་པའི་ཕྱིར་ཞེས་བྱ་བ་ལ། བག་ལ ་ཉྫལ་ནི་ས་བོན་གྱི་རྣམ་གྲངས་ཏེ། འཛིན་པོ་གཉིས་ཀྱི་ས་བོན་ལ་བག་ལ་ཉལ་ཞེས་བྱའོ།། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། འཛིན་པ་གཉིས་ཀྱི་བྲག་ཆགས་དེའི་བག་ལ་ཉལ་ཞེས་བྱ ་སྟེ། སེམས་ཅན་གྱི་རྗེ་སུ་འབྲང་ཞིང་ཀུན་གཞི་རྣམ་པར་ཤེས་པ་ལ་ཉལ་བ་དང་། ཉེས་པ་རྗེསུ་འཕེལ་བར་བྱེད་པའི་ཕྱིར་བག་ལ་ཉལ་ཞེས་བྱའོ།། དེ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཡིན་ཏེ། ཀུན་དུ ་འབྱུང་བ་དེ་དག་ལ་བལྟོས་ན་བདག་དང་། ཆོས་སུ་འཛིན་པ་གཉིས་ཡོངསུ་བསྒོ་བར་བྱེད་པས་སོ་ཞེས་བཤད་དོ།། བདག་གམ་བདག་གིས་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མའི་ཀུན་དུ་འབྱུང་བའི་ས་བོན་གྱི ་སྟོབས་ཀྱིས་ཚེ་འདི་ལ་བདག་དང་བདག་གིར་འཛིན་པར་བྱེད་ལ། བདག་དྲང་བདག་གིརྭ་འཛིན་པའི་ཕྱིར་ནི་བདག་གིས་མཐོང་ངོ་ཞེས་བྱ་བ་ནས། བདག་གིས་བདག་རྣམ་པར་བྱང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལོག་པའི་རྣམ་པར ་རྟོག་པ་སྐྱེད་པའི་བར་དུ་བྱེད་པར་འགྱུར་བའོ།། །། བམ་པོ་བདུན་ཅུ་བཞི་པ། གང་ལ་ལས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་གནས་ངན་ལེན་གྱི་ལུས་རབ་ཏུ་སྤང་ཞིང་ཉོན་མོངས་པ་ཐམས ་ཀྱི་གནས་མ་ཡིན་པ་ཤིན་ཏུ་རྣམ་པར་དག་པ་སྤྲོས་པ་རྣམས་དང་བྲལ་བ། འདུས་མ་བྱས་གནས་སུ་གྱུར་པ། བརྩོལ་བ་མེད་པ་འཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གསུམ་པ་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་པའོ།། དེ་ལ་ཡང ་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་གོང་དུ་བསྟན་པ་དེ་ལྟར་སེམས་ཅན་དང་། ཆོས་སྟོང་པ་ཉིད་གཉིས་རབ་ཏུ་ཤེས་པ་སྟེ། སྟོང་པ་ཉིད་གཉིས་ཀྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་ཕྲན་ཡོན ་ཐོབ་པར་འགྱུར་བའོ།། གནས་ངན་ལེན་གྱི་ལུས་རབ་ཏུ་སྤོང་ཞིང་ཉོན་མོངས་པ་ཐམས་ཅད་ནི་གནས་མ་ཡིན་པ་ཞེས་བྱ་བ་ནི་གོ་རིམ་བཞིན་དུ་སྡུག་བསྔལ་ཉེ་བར་ཞི་བ་དང་། ཉོན་མོངས་པ་ཉེ་བར་ཞི་བར་སྦྱར་ཏེ། དེའི་ཕྱིར ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མྱ་ངན་ལས་འདས་པ་དེའི་ངོ་བོ་ཉིད་ནི་རབ་ཏུ་ཞི་བ་ཡིན་པར་རིག་པར་བྱ་སྟེ། སྡུག་བསྔལ་མང་པོ་ཐམས་ཅད་གཏན་དུ་ཉེ་བར་ཞི་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་གཏན་དུ ་ཉོ་བར་ཞི་བའི་ཕྱིར་རོ་ཞེས་བཤད་དོ།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མ་འོངས་པ་ཡང་སྲིད་ཕྱི་མའི་སྡུག་བསྔལ་སྣ་ཚོགས་ཡོངསུ་སྤངས་ནས། མ་འོངས་པ་ན་མི་སྐྱེ་བའི་ཆོས ་ཅན་ཐོབ་པའི་ཕྱིར་སྡུག་བསྔལ་མང་པོ་ཞི་བ་ཞེས་བྱའོ།། ཉོན་མོངས་པ་ཐམས་ཅད་གཏན་དུ་སྤངས་ནས་མཐར་མི་སྐྱེ་བའི་ཆོས་ཅན་ཐོབ་པའི་ཕྱིར་ཉོན་མོངེས་པ་ཞི་བ་ཞེས་བྱའོ་ཞེས་བཤུད་དོ།། ཤིན་ཏུ་རྣམ་པར་དག་པ ་སྤྲོས་པ་རྣམས་དང་བྲེལ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་གནས་གྱུར་པའི་མཚན་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཕུང་པོའི་ལྕུག་མ་མེད་པའི་དབྱིངསུ་ཡོངསུ་མྱ་ངན་ལས་འདས་པའི ་གནས་གྱུར་པ་མཚན་ཅི་ལྟ་བུར་བརྗོད་པར་བྱ་ཞེ་ན། སྨྲས་པ། སྤྲོས་པ་མེད་པའི་མཚན་ཉིད་དོ་ཞེས་འབྱུང་ངོ་།། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མྱ་ངན་ལས་འདས་པའི་མཚན་ཉིད་ནི་འདི་ལྟ་སྟེ། ་ཞི་བའི་མཚན་ཉིད་དང་། སྤྲོས་པ་མེད་པའི་མཚན་ཉིད་དེ་ནང་གི་སོ་སོ་རང་གི་རིག་པའི་མཚན་ཉིད་ཁོ་ན་ཡིན་པར་རིག་པར་བྱའོ་ཞེས་བཤད་དོ།། འདུས་མ་བྱས་གནས་སུ་གྱུར་པ། རྩོལ་བ་མེད་པ་ཐོབ་པར་འགྱུར ་ཏེ། ཞེས་བྱ་བ་ནི་འདུས་མི་བྱས་པའི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། འདུས་མ་བྱས་པའི་ཆོས་ཀྱི་སྐུ་ལ་གནས་པ་ལས་རྩོལ་བའི་འབད་པ་མི་མངའ་ཡང་། ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དྲངས་པའི་ཕྱིར་རང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་དེ། དཔེར་ན་རྣལ་འབྱོར་པ་དག་འགོག་པའི་སྙོམས་པར་འཇུག་པ་ལྟས། ལྡང་བ་བཞིནོ་ཞེས་བཤད་དོ།། གཞན་ཡང་བསྣུན ་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གལ་ཏེ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་སྒྲིབ་པ་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྒྲིབ་པ་མི་མདའི་བ་དེ་ཁོ་ན་བཞིན་དུ། དགྲ་བཅོམ་པལ་ཡང་སྒྲུབ ་པ་མེད་པ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པ་ཡང་དེ་བཞིན་གཤེགས་པའི་མཛད་པ་མི་བྱེད་ཅེ་ན། སྨྲས་པ། སྔོན་སྨོན་ལམྲ་བསྒོམ་པ་མེད་པའི་ཕྱིར་དང་། དེ་ལྟ་བུའི་རིགས་པ་ཅན་མ་ཡིན་པའི་ཕྱིར་དགྲ་བཙ ་པ་ནི་ལྡང་བའི་བསམ་པ་མེད་པ་ཁོ་ན་ཡོངསུ་མྱ་ངན་ལས་འདས་པས་ན་དེའི་ཕྱིར་སངས་རྒྱས་རྣམས་ཀྱི་མཛད་པ་མི་བྱེད་དོ།། གང་གི་ཚེ་སྤྲོས་པ་མེད་པའི་དབྱིངས་དེ་གང་གི་གྲངསུ་ཡང་འགྲོ་བ་ཡིན་ན་ཅི་ལྟར ་མངོན་དུ་བྱེད་ཅེ་ན། སྨྲས་པ། སྔོན་ཡང་དག་པའི་སྨོན་ལམ་དང་། ལམ་དེ་ལྟ་བུ་བསྒོམས་པའི་སྟོབས་ཀྱིས་འདི་ལྟ་སྟེ། དཔེར་འགོག་པའི་སྙོམས་པར་ཞུགས་པ་སྙོམས་པར་འཇུག་པ་ལས་ལྡང་བར་བྱའོ།། ་ལྡང་ངོ་སྙམ་དུ་དེ་ལྟར་སེམས་མེད་ཀྱང་སྔོན་མངོན་པར་འདུ་བྱས་པའི་དབང་གིས་ལངས་ནས་ཡང་སེམས་དང་བཅས་པའི་སྤྱོད་པ་ལ་སྤྱོད་པར་བྱེད་པ་བཞིན་དུ། འདི་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ།། ་ཞེས་འབྱུང་སྟེ། འཕགས་པ་གསེར་འོང་དམ་པའི་མདོ་ལས་ཀྱང་དོན་གྱིས་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏོ།། རིགས་ཀྱི་བུ་འདི་ནི་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་དོན་མདོར་བསྟན་པ་ཞེས་བྱའོ་ཞེ ་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགསུ་བཅད་པས་བཟླས་ཏེ། བཤད་པ ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣ་པ་གཉིས་ཏེ། ཚི་གསུ་བཅད་པའི་གླེང་བསླང་བ་དང་། ཚིགསུ་བཅད་པ་ཉིད་ཀྱིས་ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ།། ཀུན་ནས་ཉོན་མོངས་རྣམ་པར་བྱང་བའི་ཆོས།། ཐ ་བྱེད་པ་མེད་ཅིང་གང་ཟག་མེད།། དྲིས་ནི་ང་ཡིས་བྱེད་དང་བྲལ་བར་བཤད།། དེ་དག་ཀུནྡ་ནས་ཉོན་མོངས་སྔ་ཕྱི་མིན།། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིགསུ་བཅད་པ་ཉིད་ཀྱིས་ཡང་དག་པར་བཤད་པ་སྟོན་ཏོ།། འདི ་ཡོང་ཚིགསུ་བཅད་པ་གསུམ་པོ་ཡོད་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ལ་ཚིག་སུ་བཅུད་པ་དང་བློས་ནི་ཡང་དག་པའི་རིགས་པ་རྣམས་བཟླས་སོ།། ཚིག་སུ་བཅད་པ་བར་མས་ནི་རྨོངས་པས་འཛིན་པའི་ཉེས་དམིགས ་རྣམས་ཟློས་སོ།། ཚིགསུ་བཅད་པ་ཐ་མས་ནི་ཁོང་དུ་ཆུད་པའི་ཡོན་ཏན་ཟློས་པ་ཡིན་ཏེ། འདི་ནི་དང་པོའོ།། མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཚིགསུ་བཅད་པ་ཕྱེད་དང་པོས་ནི། གང་ཟག་སྟོང་པ་ཉིད་ཀྱི་ཚུལ་སྟོན། ་།། ཚིག་སུ་བཅད་པ་ཕྱོད་འོག་མས་ནི་ཚོས་སྟོང་པ་ཉིད་ཀྱི་ཚུལ་སྟོན་ཏོ།། བཤད་པའི་རྣམ་གྲངས་གཞན་དུ་ན་མདོའི་ཚིག་འདི་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ཚིག་དང་པོ་གཅིག་གིས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམས་པར ་བྱང་བའི་ཆོས་སྤྱིར་སྟོན་ཏོ།། དེའི་འོག་མ་གཅིག་གིས་ནི་སྟོང་པ་ཉིད་རྣམ་པ་གཉིས་རྣམ་པར་ཕྱེ་སྟེ་བསྟན་ཏོ།། ཚིག་ཕྱི་མ་གཉིས་ཀྱིས་ནི་སྟོང་པ་ཉིད་རྣམ་པ་གཉིས་ཅིག་ཅར་བསྟན་ཏེ། ཚིག་རྐྱང་པ་དང་སྒྱུར་བ་ནི་གྲོང ་དུ་བསྟན་པ་བཞིན་དུ་ཅི་རིགསུ་བྱའོ།། གནས་ངན་ལེན་ལུས་བག་ལ་ཉལ་ལྡང་བས།། དམིགས་པ་བྱས་པས་བདག་དང་བདག་གིར་འཛིན།། དེ་ནས་བརྫུན་དུ་བདག་གིས་མཐོང་སོགས་དང་།། བདག་ཟའོ་བྱེད་དང་ཉོན ་མོངས་རྣམ་དག་སྙམ།། ཞེས་བྱ་བ་ནི་གཉིས་བྱ་རྨོངས་པས་འཛིན་པཱའི་ཉེས་དམིགས་བསྟན་ཏོ།། གང་གིས་ཡང་དག་ཅི་བཞིན་རབ་ཤེས་པ།། གནས་དྲན་ལེན་གྱི་ལུས་ནི་སློང་བྱེད་ཅིང་།། ཀུན་ནུས་ཉོན་མོངས་རྣམ ་དུག་སྤྲོས་མེད་དང་།། འདུས་མོ་བྱསྱ་རྣམས་རྩོལ་བ་མེད་པས་འཐོབ།། ཅེས་བྱ་བ་ནི་གསུམ་པ་ཁོང་དུ་ཆུད་པའི་ཕན་ཡོན་བསྟན་པ་སྟེ། ཚིག་རྐང་པ་དང་པོ་ནི་མདོ་འདི་ཉིད་ཀྱིས་བོརྡ་ཕྲད་པར་ཟད་དོ།། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སེམས་འབྱུང་བའི་མཚན་ཉིད་ཇི་ལྟ་བྱར་རིག ་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་སྟོན་ཏོ།། འདི་ཡང་རྣམ་པ་བདུན་དུ་དབྱེ་སྟེ། དེ་བཞིན་གཤེགས་པའི་ཡང་དག ་པར་ལོངས་སྤྱད་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྱད་ཡུལ་གྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་དང་། མངོན་པར་རྫོགས་པའི་བྱང་ཆུབ་པ་ལ་སོགས་པ་རྣམ་པ ་གསུམ་གཉིསུ་མེད་པའི་མཚན་ཉིད་དུ་བསྟན་པ་དང་། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དམིགས་པ་མཛད་པའི་བྱེ་བྲག་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་། ཐེག་པ་གཉིས ་ཀྱི་རྣམ་པར་གྲོལ་བའི་ལུས་ཀྱི་བྱེ་བྲག་བསྟེན་པ་དང་། དེ་བཞིན་གཤུགས་པ་དང་བྱང་ཆུབ་སེམས་དཔའ་བྱིན་གྱིས་བརླབས་ཀྱིས་མཐུས་སེན་གྱི་ལུས་ཡོང་སུ་འཛིན་པར་བསྟན་པ་དང་། ཞིང་ཡོངསུ་དག་པ་དང་། ་ཡོངསུ་མ་དག་པ་ན་དངོས་པོ་གང་དག་རྙེད་དཀའ་བ་དང་། གང་དག་མོང་པའི་མཚོན་ཉིད་བསྟན་པའོ།། དང་པོ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་ཡང་དག ་པར་བསྟན་པ་དང་། སྤྲུལ་པའི་སྐུ་ལ་སེམས་མངའ་བ་འམ་མི་མངའ་བ་བསྟན་པའོ།། དང་པོ་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། བསྟན་པ་དང་། རྣམ་པར་བཤད། ་པ་སྟེ། འདི་ནི་དང་པོ་ལོངས་སྤྱོད་རྫོགས་པའི་སྐུའི་སེམས་འབྱུང་བའི་མཚན་ཉིད་ཞུས་པའོ།། འདིས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་ཅི་མངོན་ཅེ་ན། སྨྲས་པ། དེའི་འོག་ཏུ་སྤྲུལ་པའི་སེམས་མངའ་བ་ཡང་ཡིན ་མི་མངའ་བ་ཡང་ཡིན་པར་སྟོན་པའི་ཕྱིར་འདིར་སེམས་བསྟེན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་ཡིན་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ ་པདྨ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པས་རབ་ཏུ་ཕྱེ་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ནི་རྩོལ་བ་མི་མངའ་བར་སེམས་ཀྱི་ཆོས་འབྱུང་སྟེ། ་དངོས་པོ་འདི་ནི་སྤྲུལ་པ་ལྟ་བུར་རིག་པར་བྱའོ།། ཞེས་བྱ་བ་ནཱི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལྡན་དུ་གསུངས་པའོ།། མདོའི་ཆོ་ག་འདི་ཡང་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ལ ་སེམས་དང་ཡིད་དང་། རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་རྩོལ་བ་མི་མངའ་བར་བསྟན་པ་དང་། དེ་བཞིན་གཤེགས་པ་ལ་རྩོལ་བཱ་མི་མངའ་བ་ཡང་སེམས་ཀྱི་ཆོས་འབྱུང་བར་བསྟན་པའོ།། སེམས ་དང་། ཡིད་དང་། རྣམ་པར་ཤེས་པའི་དོན་དེ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ།། ཟག་པ་དང་བཅས་པའི་སེམས་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་བྱེ་བྲག་གི་མིང་དུ་སེམས ་དང་ཡིད་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཞེས་བྱའོ།། ཉོན་མོངས་པ་ཅན་གྱི་ཡིད་ནི་ཡིད་ཅེས་བྱའོ།། རྣམ་པར་ཤེས་པ་དྲུག་པོ་དག་ནི་རྣམ་པར ་ཤེས་པ་ཞེས་བྱའོ།། གཉིས་པ་ནི་སྤྱིའི་མིང་དུ་རྣམ་པར་ཤེས་པ་བརྒྱད་པོ་ཐམས་ཅད་ཀྱང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལསྟེ། འདི ་ལྔར་བཅོམ་ལྡན་འདས་ཀྱིས་མདོ་དོང་དེ་དག་ཏུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་པོ་དག་གི་དོན་ཐ་དད་པ་གསུངས་ཏེ། བསགས་པ་ལས་བྱུང་བུས་ན་སེམས་ཞེས་བྱའོ།། སེམས་པས་ན་ཡིད་ཅེས ་བྱཱའོ།། རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཞེས་བྱ་སྟེ། དོན་རྣམ་པ་གསུམ་པོ་དེ་དག་རྣམ་པར་ཤེས་པ་བརྒྱད་པོ་ཀླན་ལྔ་ཁྱབ་པ་ཡིན་ཡང་གཙོ་བོའི་རྗེས་བྱས་ཏེ། བསྟན་ནས་ཀུན་གཞི་རྣམ་པར་ཤེས ་པོ་ནི་སེམས་ཞེས་བྱ་སྟེ། ས་བོན་རྣམས་བསགས་ནས་ཆོས་རྣམས་འབྱུང་བར་བྱེད་པའི་ཕྱིར་རོ།། ཉོན་མོངས་པོ་ཅན་གྱི་ཡིད་ནི་ཡིད་ཅེས་བྱ་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་སྩོགས་པ་ལ་དམིགས ་ཤིང་རྟག་པར་ངེས་པར་བདག་ལ་སོགས་པར་སེམས་པའི་ཕྱི་རོ།། གཞིན་དྲུག་པོ་དག་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། རགས་པར་གཡོ་བ་བར་ཆད་དང་བཅས་པ་ཉིད་རྣམ་པར་རིག་པ་འཇུག་པའི ་ཕྱིར་རོ་ཞེས་འབྱུང་བ་ཡི་ནོ།། གཞན་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོའི་ཚིགསུ་བཅད་པ་ལས་ཇི་སྐད་དུ། ཀུན་གཞི་ལ་ནི་སེམས་ཞེས་བྱ།། སེམས་པའི་བདག་ཉིད་ཡིད་ཅེས་བྱ།། ཡུལ་གྱི་མཚན་ཉིད ་རྣམ་རིག་པ།། དེ་ནི་རྣམ་པརཱ་ཤེས་ཞེས་བསྟན་ཞེས་གསུངས་པ་ལྟ་བུའོ།། གཞན་ཡང་དྲི་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་མདོ་ལས། དེ་བཞིན་གཤེགས་པའི་དྲི་མ་མེད་པའི་རྣམ་པར་ཤེས་པ ་ཞེས་གསུངསོ།། ཚིད་འགའ་ནི་མདོ་ལས། འཇིག་རྟེན་ལས་འདས་པའི་ཡིད་ཅེས་གསུང་སོ།། ཆེད་འགའ་ནི་སེམས་ཞེས་བྱ་བའི་མིང་ནས་སྐབས་ཐམས་ཅད་རྟོག་པར་གསུངས་པས་དེའི་ཕྱིར་སངས་རྒྱུས་ཀྱི ་སའི་གནས་སྐབས་ཀྱང་རྣམ་པར་ཤེས་པ་ལ་སོགས་པ་ཞེས་བྱའོ།། མདོ་འདི་ལས་ནི་ཟག་པ་དང་བཅས་པ་རྣམ་པར་རྟོག་པའི་སེམས་དང་ཡིད་དང་རྣམ་པའི་དབང་དུ་མཛོད་ནས་བསྟན་པའི་ཕྱི་རོ།། དེ་བཞིན ་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པས་རབྷྲྀ་ཏྱཱ་ཕྱེ་བ་མ་ཡིན་ཞེས་གསུངས་ཀྱི། ཟག་པ་མེད་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། ཆོསྣ་བསྡུས་པའི་མདོ་ལས།། ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པོའི་སེམས་སོ་ཞེས་གསུང་སོ།། གཞན་ཡང་བསྟན་བཅོས་བྱང་ཆུབ་ཀྱི་ཚོགས་བསྟན་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ ་ཞེས་བྱ་བ་ནི་མཚན་མར་འཛིན་པ་རྣམ་པར་རྟོག་པ་ཅན་ཞེས་བྱའོ་ཞེས་འབྱུང་ངོ་།། དེ་ལ་འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ནི་རྩོལ་བླ་མི་མངའ་བར་སེམས་ཀྱི་ཆོས་འབྱུང་སྟེ་ཞེས་བྱ་བ ་འདིས་ནི་དེ་བཞིན་གཤེགས་པ་ལ་རྣམ་པར་རྟོགས་པའི་ཡིད་བྱེད་པ་མི་མངའུ་མོད་ཀྱི། སྔོན་གྱི་རྒྱུའི་གནས་སྐབས་ཀྱི་ཤེས་རབ་ཀྱི་སྟོབས་ཀྱི་རྩོལ་བཱ་མི་མངའ་བར་ཡང་སེམས་ཀྱི་ཆོས་འབྱུང་སྟེ། དཔེར་ན ་སྤྲུལ་པཱ་ལྦུ་བུའོ།། ཏིང་འཛིན་གྱི་སྟོབས་ཀྱིས་ཕྱིར་ནི་ཐུགས་ལ་དགོངས་པ་བཞིན་དུ་མངོན་དུ་འརྒྱུཅི་ཞིང་ཡིད་ལྔ་བྱེད་པའི་རྣམ་པར་རྟོག་པའི་དབང་གིས་ནི་མ་ཡིན་པའོ།། བཤད་པའི་རྣམ་པ་གཞན་དུ་ན་ཡང ་དྲུག་པའི་ཏི་འཛིན་ལ་ཞུགས་པ་ནཱ་ཡིད་ལ་བྱེད་པ་མྱི་མངའ་མོད་ཀྱི། མཉམ་པར་བཞག་པོའི་མདུན་རོལ་ན་ཡིད་ལ་བྱས་པའི་སྟོབས་ཀྱིས་སྤྲུལ་པ་སྟོན་པར་མཛད་དོ།། འདི་ཡང་དེ་བཞིན་ཏེ་རྒྱུའི་གནས་སྐབས ་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་ཀྱི་ཆོས་འབྱུང་བའོ།། གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལྕང་གི་ཚེ་བསྒྱུར་བྱ་ལས། བཅོམ་ལྡན་འདས་གཞན་ལ་ཕན་འདོགས་པའི་བྱ ་བ་མཛད་པར་གྱུར། མཇེད་པར་འགྱུར། མཛད་མོད་ཀྱི། དུས་གསུམ་པོ་དག་ཏུ། མངོན་པར་འདུ་མཛད་པའི་དགོངས་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་ཡང་ཕན་འདོགས་པའི་བྱ་བ ་མངོན་པར་འགྲུབ་པར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བླ་དང་། ལྷའི་རྔ་ལ་ཡིད་ལ་བྱེད་པ་མེད་ཀྱང་བྱ་བའི་དངོས་པོ་རྣམས་མངོན་པར་འགྲུབ་པར་འགྱུར་བ་བཞིནོ་ཞེས་བཤད་དོ།། གཞན་ཡང་བསྟན་བཅོས ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལྔ་སློབ་དཔོན་ངོ་བོ་ཉིད་མེད་ཀྱི་བྱས་པ་ལ་སྟེ། རྣམ་པར་མི་རྟོགས་པའི་ཡེ་ཤེས་བསྒྲུབས་པ་ལས་མངོན་པར་འགྲུབ་པའི་སངས་རྒྱས་ཀྱི་འབྲས་བུ་རྣམ་པར་མི་རྟོག་པ་ཡིན་པར ་འགྱུར་ན། ཇི་ལྟར་སེམས་ཅན་ལ་ཕནྡ་འདོགས་པར་བྱ་བ་མཛོད་ཅེ་ན། ཡིད་བཞིན་ནོར་བུ་དང་ནི་ལྷའི་ཆ།། བསམ་མེད་རང་གི་བྱ་བ་གྲུབ་པ་ལྟར།། སངས་རྒྱས་མཛད་པ་སྣ་ཚོགས་གྲུབ་གྱུར་ཀྱང་།། རྟག་པར་དགོངས ་པ་མི་མངའ་དེ་བཞིན་ནོ།། ཞེས་གསུངས་ཏེ། འདི་ཉིད་ཀྱི་འགྲིལ་པ་ལྟས། ཚིགསུ་བཅད་པ་འདི་ལས་ཡིད་བཞིན་ནོར་བུ་དྲུང་། ལྷའི་རྔའི་དཔེ་རྣམ་པ་གཉིས་ཀྱིས་ནི་རྣམ་པཱར་མི་རྟོག་པའི་ཡེ་ཤྲཱིས་བནྡྷས་པ་ལ་རྣམ ་པར་མི་རྟོག་པའི་རྩོལྔ་བ་མི་མངརའ་ཡང་མཛད་པ་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་། བྷཱུའི་རྗེ་ལ་འདི་སྙམ་དུ། བདག་གི་འོད་འབྱུང་བར་བྱའོ།། བདག་གི་སྒྲ་དབྱུང ་སྣུམ་པའི་བསམ་པ་མེད་ཀྱང་སེམས་ཅན་དེ་དག་གིས་བསོད་ནམས་ཀྱི་ལས་ཀྱི་མོས་པའི་མཐུ་ཅི་ལྟ་བ་དང་། བརྡུང་བ་ལ་མི་བལྟོས་པར་ཡང་འོད་སྣ་ཚོགས་གཏོང་ཞེས་སྣ་ཚོགས་འབྱུང་བ་ལྟར་སངས་རྒྱས་རྣམས། ་ཤཱནྣཏཱ། རྣམ་པ་རྟག་ནྣ་ཙྪ་ཡྻཱ་བྷཱུ་དྡྷཊྚ་མྦ་དྷ་ཨཱནྡྷ་ཡང་གས་པ་ནྡྷསམས་སྤྱན་དགུ་མྦྷ་སྨྲ་ས་སྱཱ་ཀྵརྣས་པ་སྦྱས་ཀྱུ་བ་བཙུན་དུ་ན་འད་ས་བྱ་། ་སྨྱོན་ཏོ་མངོན་པར་བསྒྲུབ་པ་ཡིན་ཧཱུ~ཾས་འབྱུ་སྟྭ~ཾ། བློཥྨ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཁྲུལ་པ་དང་། སྙིང་གི་རྒྱུ་བསྒྱུར་བའི་འཁྲུལ་པ་ལས་ཐང་དྲི་སྙིད་དུ་སྟོན་ཏོ།། བྱང་ཆུབ་སེམས་དཔའ་འཛིས་ད ་xxx ་xxx ་xxx ་མོངས་སྤྱོད་རྫོགས་པའི་སྐུས་བསྡུས་པའི་སེམས་བསྐྱེད་པས་དེའི་ཕྱིར་ཞུ་བ་འདི་ཞུས་པ་ཡིན་ཏེ། ཇི་ལྟར་ན་ཡིད་ལ་བྱེད་པ་མེད་པ་ཡོང་སེམས་སྐྱེ་བར་འགྱུར་ནས་ཞུ་བ་ཡིན་ཞེའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམ། ་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྟོན་ཐབས་དང་ཤེས་རབ་བསྒོམ་པ་མངོན་པར་འདུས་བྱས་པའི་དབང་གི་ཕྱིར་སེམས་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་བཞི་པ་རྣམ་པར་བཤད་པ་སྟོན་ཏོ།། ་འདི་ཡང་རྣམ་པ་གསུམ་སྟེ། དོན་ཉིད་ཡང་དག་པར་བསྟེན་པ་དང་། དཔེས་ཉེ་བར་མཚོན་པ་དང་། དཔེ་དང་དོན་དུ་སྦྱར་བའོ།། འདི་ནི་དོན་ཡང་དགེ་པར་བསྟན་པ་སྟེ། འདི་ལྟར་ས་བཅུ་པོ་དག་ཏུ་ཤེས་རབ་དང་། མངོན་པར་འདུས ་བྱས་པའི་དབྱུང་གིས་དགོངས་པ་མི་མངའ་བར་ཡང་སེམས་སྐྱེ་བར་འགྱུར་བས་སོ།། དེ་ལ་མངོན་པར་འདུས་བྱས་པ་ཞེས་བྱ་བ་ནི་རྒྱུའི་གནས་སྐབས་ཀྱི་སྦྱོར་བ་དང་། ཡང་དག་པའི་ཤེས་པ་དང་རྗེས་ལ་ཐོབ་པ་གསུམ ་དག་སྤྱིར་མངོན་པར་འདུས་བྱསྡུ་པ་ཞེས་བྱ་སྟེ། འབད་པའི་རྩོལ་བ་དང་བརྙས་པའི་ཕྱི་རོ།། མཚམས་རྣམ་པར་གྲོལ་བའི་མདོ་ལྔས་ནི། སྔོན་ཤེས་རབ་བསྒོམས་པ་ལས་བྱུང་བའི་ཕྱིརརོ་ཞེས་འབྱུང་།། དགོངས་པ་ཟབ་མོ ་རྣམ་གྲོལ་བའི་མདོ་ལས་ནི། སྟོན་ཐབས་དང་ཤེས་རབ་བསྒོམས་པས་རདྭ་གཱི་དང་གི་འབྱུང་བར་འགྱུར་ཏེ་ཞེས་འབྱུང་།། རིགས་ཀྱི་བུ་དཔེར་ན་གཉིད་ལོག་པ་སེམས་མེད་པ་ལས་སད་པ་ནཱ་མངོན་པར་འདུ་བྱ་བ་མེད་ཀྱང ་ལྗིན་མངོན་པར་འདུས་བྱས་པའི་སྟོབས་ཀྱི་སད་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དཔེ་ཉེ་བར་མཚོན་པ་སྟོན་ཏོ།། འདི་ཡང་དཔེ་རྣམ་པ་གཉིས་ཀྱིས་བསྟན་པ་ལས། འདི་ནི་དཔེ་དང་པོ་སྟེ། འདི་ལྟར་སེམས ་མེད་པའི་གཉིད་ཀྱི་གནས་སྐབས་ན་ཕྱིས་སད་པར་བྱའོ་ཞེས་མངོན་པར་འདུས་བྱས་པ་མེད་ཀྱང་སེམས་སྔ་མའི་དབང་གི་ཕྱིར་ཏེ། གཉིད་མ་ལོག་པའི་མདུན་རོལ་ཏུ་བདག་ཕྱིས་ལྷུང་བར་བྱའོ་ཞེས་མངོན།། ་པར་འདུས་བྱས་པའི་དབང་གི་སད་པའི་སེམས་སྐྱེ་བ་ལྟ་བུའོ།། འགོག་པ་ལ་སྙོམས་པར་ཞུགས་པ་ལྡང་བར་མངོན་པར་འདུ་བྱ་བ་མེད་ཀྱང་མངོན་པར་འདུས་བྱས་པའི་དབང་གི་སྟོབས་ཀྱིས་ཏིང་འཛིན་ལས་ལྡང་བར་འགྱུར ་ཏེ་ཞེས་བྱ་བ་ནི་དཔེ་གཉིས་པ་བསྟན་པའོ།། འདི་ལྟ་སྟེ། དཔེར་ན་འགོག་པའི་སྙོམས་པར་ཞུགས་པའི་ཏིང་འཛིན་ལས་ལྟུང་ངོ་སྙམ་པའི་མངོན་པར་འདུ་བྱ་བུ་མེད་ཀྱང་སེམས་སྔ་མའི་དབང་གིས་ཕྱིར་ཏེ། འདི་ལྟར ་འགོག་པ་ལཱ་མ་ཞུགས་པའི་སྔོན་རོལ་ན་བདག་ཕྱིས་ལྡང་བར་བྱའོ་སྙམ་དུ་མངོན་པར་འདུས་བྱས་པའི་དཔུང་གིས་ཏིང་འཛིན་ལས་ལྡང་བ་ལྟ་བུ་སྟེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཇི་སྐད་དུ་འགོག ་པའི་ཏཱི་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ཇི་སྲིད་དུ་གནས་ཤེ་ན། སྨྲས་པ། འདོད་པའི་ཁམས་ཀྱི་སེམས་ཅན་གྱི་དབང་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་ནི་ཁ~ཾ་གྷྲི་ཟས་ཀྱི་དབང་གིས་གནས་པསྟུ་ཏཱིང་ངེ་འཛིན་ལ ་ཡུན་རིང་དུ་གནས་པ་དག་གི་ཏིང་འཛིན་ལ་གནས་པའི་ཚེ། ལུས་ལ་ཉམས་པ་མེད་ཀྱང་ཏིང་འཛིན་ལས་ལངས་པ་ན་ལུས་འཇིག་པར་འགྱུར་ཏེ། དེའི་ཕྱིར་ཏིང་འཛིན་འདི་ལ་གནས་པ་དུས་ཡུན་མི་རིང་བ་ཞིག་ཏུ ་གནས་པ་ཁོ་ན་ཡིན་པས་དེ་ལྟར་ཡུན་རིང་ན་ཡང་ཉིན་ཞག་བདུན་ལས་མི་འདའ་སྟེ། ཁམས་ཀྱི་ཟས་ཟད་པའི་ཕྱིརརོ།། འདི་ལྟར་ཅི་མངོན་ཞེ་ན། ཀུན་དགའ་ར་བ་ཞིག་ན་དགེ་སློང་གཅིག་འགོག་པའི་སྙོམས་པར་འཇུག ་པའི་ཏིང་འཛིན་ཐོབ་པས་སྔ་དྲོའི་དུས་ཀྱི་ཆོས་གོས་བགོས་ལྷུང་བཟེད་ཐོག་ནས་དགེ་འདུན་གྱི་བཀང་སར་སོང་བ་ལས། དེའི་ཉིནགཱཎྜཱི་བརྡུང་བ་དང་སྦྱར་བ་དག་ཅུང་ཟད་ཅིག་ཐོགས་པ་དང་། དགེ་སློང་དེ་ཡང་བརྩོན ་འགྲུས་ཅན་ཞིག་པས་འདི་སྙམ་དུ་བདག་གིས་ཅི་སྟེ་དགེ་བ་མི་སྤྱོད་པར་དུས་ཟད་པར་བྱེད་ཅེས་ཕྱི་མའི་མཐའ་ལ་མི་རྟོག་པར་བདག་གིས་ནུ་མེ་གཎྜཱི་བརྗོང་བ་ན་གདོད་ལྡང་བར་བྱའོ།། ཞེས་དམ་བཅས་ནས་འགོག་པ ་སྙོམས་པར་ཞུགསོ།། དེའི་ཚེ་དགེ་འདུན་གྱི་ཀུན་དགའ་ར་བ་དྲེར་བུར་ཆུད་ཀྱི་རྐྱེན་བྱུང་བས་དགེ་སློང་རྣམས་སོ་སོར་གྱེས་ནས་གནས་གཞན་དུ་དོང་ངོ་།། ཟླ་བ་གསུམ་འདས་ཏེ་བར་ཆོད་ཀྱི་རྐྱེན་ཞི་ནས་དགེ་སློང་རྣམས་སླར ་ཀུན་དགའ་ར་བར་འདུས་ཏེ་གཎྜཱི་བརྡུངས་མ་ཐག་ཏུ་དགེ་སློང་དེ་ཏིང་འཛིན་ལས་ལངས་ནས་དུས་ལས་འདས་སོ་ཞེས་གྲག་གོ།། གཞན་ཡང་དགེ་སློང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་རྟག་པར་བསོད་སྙོམས ་སློང་སློང་བ་ཞིག་སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་བགོས་ལྷུང་བཟེད་ཐོགས་ནས་གྲོང་ཁྱེར་དུ་འགྲོ་བར་བྱས་པ་ལས་ཆར་ཆེན་པོ་བབས་པས་གོས་ཀྱི་ཁ་དོག་ཉམས་པར་འགྱུར་བར་དོགས་ནས་ཅུང་ཟད་ཅིག་བསྡད ་པ་ལས། དེ་འདི་སྙམ་དུ་བདག་གིས་དགེ་བ་མི་སྤྱོད་པར་ཅིའི་ཕྱིར་དུས་ཟད་པར་བྱེད་ཅེས་ཕྱི་མའི་མཐའ་ལ་མི་རྟོག་པར་ཆར་པ་མ་ཆད་ཀྱི་བར་དུ་སྙོམས་པར་ཞུགས་ལ་ནམ་ཆར་པ་ཆུད་པ་ན་གདོད ་ལྡང་བར་བྱའོ་ཞེས་དམ་བཅས་ནས་འགོག་པ་ལ་སྙོམས་པར་ཞུགསསོ།། ཁ་ཅིག་ན་རཱི་ཟླ་བ་ཕྱེད་ལྗོན་ནས་ཆེར་པོ་གདོད་ཆད་ཅེས་ཟེ་རོ།། ཁྭ་ཅིག་ནཱ་རེ་ཟླ་བ་གཅིག་ལྗོན་ནས་གདོད་ཆར་པ་ཆད་དོ་ཞེས་ཟེར་ཏེ། ཏཱིང་འཛིན་ལྷས ་ལྡེངས་མ་ཐག་ཏུ་དུསྐྱེ་ལས་འདས་སོ་ཞེས་གྲགས་ཏེ། དེ་ནས་འདོད་པའི་ཁམ་སུ་སྐྱེས་པའི་ཏིང་འཛིན་ལ་གནས་པ་གང་ཡིན་པ་དེ་ནི་ཏིང་འཛིན་ལ་གནས་པའི་ཚེ། ལུས་ལ་ཉམས་པར་འགྱུར་བའི་ཕྱིར་ཏྲི་འཛིན ་འདི་ལ་གནས་པ་ད་ནི་ཡུན་མི་རྙིང་བ་ཞིག་ཏུ་གནས་པས། དེ་ལྟ་ཡུན་རྙིང་ན་ཡ་ཉིན་ཞག་བདུན་ལས་མི་འདའ་བར་ཤེས་པར་བྱའོ།། གཟུགས་ཀྱི་ཁམས་ཀྱི་སེན་གྱི་དབང་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་ནི་ཁམ ་གྱི་ཟས་ཀྱི་དབང་གིས་གྲཱ་ན་སྲ་ཤིང་བཟུང་བ་མ་ཡིན་པའི་ཕྱིར་ཏིངེ་འཛིན་འདི་ལ་གནས་པ་བསྐལ་པ་ཆེད་དམ?། བསྐལ་པ་གཅིག་གམ། ཡང་ནུ་དེ་ལས་ལྷག་པ་ཡང་གནསོ།། གལ་ཏེ་དགེ་སློང་འགའ་ཞིག ་དམ་བཅས་པར་འགོག་པའི་སྙོམས་པར་ཞུགས་པ་དེ་ཅི་ལྟར་ལྡང་བར་འགྱུར་ཞེ་ན། སྨྲས་པ། ཆོས་ཉིད་ཀྱིས་ལྡང་བར་འགྱུར་ཏེ། སེམས་ཡོད་པའི་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་དགེ་སློང་དེ་བཟའ་བ་། ་བཏུང་བ་འདོད་པ་འམ། བཤང་ཅིའི་ཕྱིར་འགྲོ་བར་འདོད་པ་སྟེ། འདི་ལྟར་དཱིང་འཛིན་ལ་གནས་པའི་ཚེ། གནོད་པ་མེད་ཀྱང་ལངས་པ་གནོད་པར་འགྱུར་བའི་ཕྱིར་རྒྱུ་དང་རྐྱེན་ངེས་ན།། དོན་མི་ཟ་བར་ལྡང་བར་འགྱུ་རོ་ཞེས ་འཐུང་བ་ལྟ་བུའོ།། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པས། གལ་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཏིང་འཛིན་བྷྲཱུཾ་ནོམ་པ་ལ་ཞུགས་པར་གྱུར་པ་ནཱ། སུ་ཞིག་སློང་བར་ནུས་ཤེ་ན། ་སྨྲས་པ། རྣལ་འབྱོར་པ་དག་དང་པོར་འཇུག་པ་ན་བདག་ཉིད་ཀྱིས་དུས་ཀྱི་ཚད་བྱས་དེའི་འོག་ཏུ་གདོད་ཏཱིང་འཛིན་ལ་འཇུག་པས་དུས་ལ་བབ་ན་དེའི་སེམས་རང་གི་ངང་གི་ཏིང་ངེ་འཛིན་ལྔས་ལྡང་བར་འགྱུར་ཏེ། ་ཇི་སྐད་དུ། དགེ་སློང་ཞིག་འགོག་པ་ལ་སྙོམས་པར་འཇུག་པ་ནྱ་བདག་གོས་གཎྜཱིའི་སྒྲ་ཐོས་པའི་ཚེ་ལྟུང་བར་ཞེས་དམ་བཅས་ནས་འགོག་པའི་སྙོམས་པར་ཞུགས་པ་ལས་དགེ་འདུན་གྱི་གནས་ཁང་དུ ་མཾ་ཤོ་རཱི་བྱཱས་དགེ་སློང་རྣམས་སྐྲག་ནས་གདྡྷི་མ་བརྡུངས་པར་དོང་ངོ་།། ལོ་བཅུ་གཅིག་འདས་ནས་ཡིན་བདག་རྣམས་ཀྱིས་དགེ་འདུན་བསྡུས་ཏེ། གཙུག་ལག་ཁང་བརྩིག་པའི་ཕྱིར་གཱ་བྷཱི་བརྡུངས་པ་ལས ་དེས་གཎྜཱིའི་སྒྲ་ཐོས་ཏེ། ལངས་མ་ཐག་ཏུ་ལུས་ཞིག་ནས་དུས་ལས་འདསོ་ཞེས་བཤད་པ་ལྟ་བུའོ་ཞེས་འབྱུང་།། གཉིད་ལོག་ཡོད་པ་དང་། འགོག་པ་ལ་སྙོམས་པར་ཞུགས་པའི་སེམས་འབྱུང་བ་ཅི ་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་སྔོན་ཐབས་དང་། ཤེས་རབ་བསྒོམ་པ་མངོན་པར་འདུས་བྱས་པའི་དབང་གིས་ཡང་སེམས་ཀྱི་ཆོས་འབྱུང་བར་རིག་པར་བྱའོ་ཞེས་བྱ ་ནི་གསུམ་པ་དཔེ་དང་དོན་དུ་སྦྱ་བ་སྟེ། ཅི་ལྟར་སེམས་མེད་པའི་གཉིད་སྔོན་མངོན་པར་འདུ་བྱ་པའི་དབང་གི་ཕྱིས་སེམས་འབྱུང་བ་བཞིན་དུ། དེ་བཞིན་གཤེགས་པེ་ལྔ་ཡང་མངོན་པོར་འདུ་མཛད ་པ་མི་མངའ་མེད་ཀྱི། སྔོན་རྒྱུའི་གནས་སྐྱབསུ་མངོན་པར་འདུ་མཛད་པོའི་དབང་གིས་སེམས་འབྱུང་བར་འགྱུར་ཞེས་བྱ་བཱ་སྟེ། དེའི་ཕྱིར་འཕགས་པ་སྤངས་རྒྱུ་སྱཱ་ཀྱི་སའི་འགྲེལ་པ་ལས་གཞན་ཡང ་ཡེ་ཤེས་དང་སྤྲུལ་པཱ་དང་། སེམས་ཅནྡ་གྱི་དོནྡ་བྱ་བ་སྒྲུབ་པ་ཐམས་ཅད་ཀྱིས་གོ་འབྱེད་པས་ཀྱང་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས ་ཀྱིས་སེམས་ཅན་གྱི་བྱ་བ་བསྒྲུབས་པའི་རྒྱུ་མཚན་ཐམས་ནཱད་ཀྱི་གོ་འབྱེད་ཅེས་བྱ་བ་སྟེ་ཞེས་བྱ་བ་ནས། གཞན་ཡང་དེ་ལས། དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ལ་འདི་ནི་མཛད་དོ།། འདི་ནི་མྱི་མཛད་དུ ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གི་བྱ་བ་ཐམས་ཅད་སྨོན་ལམ་བཞིན་དུ་འགྱུར་ཏེ། དཔེར་ནི་གཉིད་ལོག་པ་དང་། འགོག་པའི་སྙོམས་པར ་འཇུག་པ་ལྟས་ལྗང་བ་ཡང་ལ་བྱེད་མོད་ཀྱི། ཧཱུཾ་ཝཱར་དམ་བརྙས་པ་བཞིན་དུ་སད་ནཱ་། ཏིང་འཛིན་ལས་ལྷུང་བྷུར་འགྱུར་ཏེ། འཕགས་པ་བློ་གྲོ་ས་རྒྱུ་མ་རྒྱོ་བསྟན་པའི་མདོ་ལས་ཎཱི་སྐད་དུ། དཔེར་ན་དགེ་སློང་གཱཎྚ་བཛྲཱ ་པ་ལ་བབ་ཀྱི་བར་དུ་བྷིན་གྱིས་བརླབས་ཏེ་འགོག་པ་ལ་སྙོམས་པར་ཞུགས་པ་དེའི་རྣ་ལམ་དུ་གཎྜཱིའི་སྒྲ་མྱི་གྲག་ལ་རྣམ་པར་རྟོག་པ་མེད་མོད་ཀྱི། འོན་ཀྱང་དམྦྷ་བཅས་པའི་དབང་གིས་ལྡང་བར་འགྱུ་རོ་ཞེས་ས ་པ་ལྟ་བུ་སྟེ། འཕགས་པ་སངས་རྒྱས་སུའི་འགྲེལ་པ་ལྔས། འཕགས་པ་བློ་གློས་རྒྱ་མཚོ་བསྟན་པའི་མདོ་ཁུངསུ་བསྟན་པ་ནི་འཕགས་པ་འདུས་པ་ཆེན་པོའི་མདོ་ལ་ས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ ་ལེའུ་ཞེས་བྱ་བ་ཉིད་ཡིན་ཏེ། དེའི་ཕྱིར་མདྨོ་དེ་ཉིད་ལས། རིགས་ཀྱི་བུ་དཔེར་ན་དགེ་སློང་འགོག་པ་ལ་སྙོམས་པར་འཇུག་པར་འདོད་པས་སྔར་བདག་གིས་གཎྜཱི་བརྡུངས་པའི་སྒྲ་ཐོས་ནི་གདོད་ལྟུང་བར་བྱའོ་ཞེས་དམ ་བཅས་ནས་སྙོམས་པར་ཞུགས་པའི་ཏིང་འཛིན་ལ་གནས་པའི་ཚེ། གཎྜཱི་སྠཱ་མེད་མོད་ཀྱི། འོན་ཀྱང་སྟོནྡ་གྱི་སྨོན་ལམ་གྱི་དབང་གིས་གཱཎྜཱི་བརྡུངས་པས་ཏཱི་འཛིན་ལྔས་ལྡང་བར་འགྱུར་ཞེས་གསུངས་པ ་ཡིན་ནོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ལ་སེམས་མཆིས་ཞེས་བགྱི་འམ། ་སེམས་མ་མཆིས་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ལ་སེམས་མངའ་བ་འམ་མི་མངའ་བ་སྟོན་ཏོ།། འདིར་ཡང་རྣམ་པ་བཞི་སྟེ། ཞུ་བ ་གསོལ་བ་དང་། ལན་དུ་གསུངས་པ་དང་། བརྟགས་པ་དང་། རྣམ་པར་བཤད་པ་སྟེ། འདི་ནི་ཞུ་བ་གསོལ་བ་ཉིད་ངོ་།། དེ་ལ་སྤྲུལ་པའི་སྐུ་ཞེས་བྱ་བ་ནི་གཞན་ལོངས་སྤྱོད་པ་དང་། སྩོལ་པའི་སྐུ་བསྡུ་བ་སྟེ། སྤྲུལ་པ་དང ་མཚུངས་པའི་ཕྱིརརོ།། སྐུ་གཉིས་པོ་འདི་དག་སེམས་མངའ་བ་ཞེས་བགྱི་འམ། འོན་ཏེ་སེམས་མི་མངའ་བ་ཞེས་བྱ་བའི་ཐ་ཚིག་གོ།། བཅོམ་ལྡན་འདུས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་བྱ། ་རིགས་ཀྱི་བུ་སེམྦྷས་ཡོད་པ་ཡང་མ་ཡིན། སེམས་མེད་པ་ཡང་མ་ཡིནོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་འདོར་གསུངས་པ་སྟེ། ཡོད་ཅེས་བྱིར་ཡཱང་མི་རུང་ལ། མེད་ཅེས་བྱུར་ཡང་མི་རུང ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཙྭིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གསུམ་པ་གཏན་ཚིགས་བརྟག་པ་སྟེ། ཡོད་པ་དང་མེད་པ་ཞེས་གསུངས་ཀྱང་གཏན་ཚིགས་མ་གསུངས་པའི་ཕྱིར་འདིར་བརྟགས་པ་ཡོ་ནོ།། བདག་ཉིད ་བརྟེན་པའི་སེམས་མེད་པའི་ཕྱིར་དང་། གཞན་ལ་བརྟེན་པའི་སེམས་ཡོད་པའི་ཕྱི་རོ་ཞེས་པ་ནི། བཞི་པ་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པའོ།། དེ་ལ་བདག་ཉིད་ལ་བརྟེན་པའི་སེམས་ཞེས ་བྱ་བ་ནི་ལྟ་བའི་རྣམ་པའི་སེམས་ཏེ། བདག་ཉིད་ཀྱི་དམིགས་པའི་བྱེད་པ་ལྟ་བའི་རྣམ་པའི་ས་བོན་ལ་བརྟེན་ནས་སྐྱེ་བའི་ཕྱིརརོ།། གཞན་ལ་བརྟེན་པའི་སེམས་ཞེས་བྱ་བ་ནི་རྒྱུའི་མཚན་ཉིད་ཀྱི་རྣམ་པའི་སེམས་ཏེ། ལྟ་བའི ་རྣམ་པའི་སེམས་ལ་བརྟེན་ནས་སྐྱེ་བ་ཡིན་གྱི། དམིགས་པར་ནི་མི་བྱེད་པའི་ཕྱིརརོ།། འདིར་ལན་དུ་གསུངས་པོའི་དགོངས་པ་ནི་འདི་ལྟ་སྟེ། ལྟ་བའི་རྣམ་པ་ཡང་དག་པའི་སེམས་མེད་པའི་ཕྱིར་ནི་བདག་ཉིད་ལ་བརྟེན ་པའི་སེམས་མེད་པ་ཞེས་བྱ་བ་གསུངསོ།། གཞན་དུ་བརྟན་པའི་རྒྱུ་མཚན་གྱི་རྣམ་པའི་སེམས་ཡོད་པའི་ཕྱིར་ནི་མེད་ཅེས་བྱར་མི་རུང་ངོ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིགྲོ་པ་ཙམ་དུ་གྲུབ་པ་ལས། ་སྤྲུལ་པ་དང་གཞན་ལོངས་སྤྱོད་པའི་སྐུ་དེ་ལ་ཡང་དག་པའི་སེམ་ས་དང་། སྙོམས་ལུས་བྱུང་བ་མི་མངའ་ཡང་། སྔམས་དང་སེམས་ལྔས་བྱུང་བའི་ཆོས་ལྟ་བུར་སྣང་སྟེ། བླ་ན་མེད་པའི་བྱང་ཆུབ་དེའི་རྫུ་འཕྲུལ་གྱིས་མཐུ ་ཤིན་ཏུ་བསམ་པར་དཀའ་བོའི་ཕྱིར་གཟུགས་མེད་པ་ཆོས་སྤྲུལ་ཅིང་སྟོན་པར་བྱེད།། གལ་ཏེ་དེ་མ་ཡིན་ན། ཇི་ལྟར་དེ་བཞིན་གཤེགས་པའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྟོན་པཱར་མཛད་དེ་སྔ་ནས་གཏན་དུ ་སྤང་བའི་ཕྱིར་རོ།། ཇི་ལྟར་ཉན་ཐོས་དང་བྱོལ་སོང་ལ་སོགས་པ་དེ་བཞིན་གཤེགས་པའི་ཡང་དག་པའི་སེམས་ཤེས་པར་ནུས་ཏེ། མཉམ་པ་ཉིད་དུ་བྱང་ཆུབ་སེམས་དེཔས་ཀྱང་ཤེས་པར་མི་ནུས་པའི་ཕྱིར། དེས་ནི་མ ་དག་ལས་རིགས་དཔག་ཏུ་མེད་པ་དག་སྤྲུལ་ནས་ཐམས་ཅད་ཀྱང་སེམས་ཡོད་པ་ལྟ་བུར་སྟོན་ཏོ།། ཞེས་གསུངས་པ་ཡིན་ཏེ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་ལས་ཇི་སྐད་བསྟན ་པ་ལྟ་བུའོ།། གཞན་ཡང་དེ་བཞིན་གཤེགས་པའི་བྱ་བ་སྒྲིབ་པའི་ཡེ་ཤེས་ནི་འཕྲིན་ལྔས་རྣམ་པ་གསུམ་སྟོན་པར་མཛད་དོ་ཞེས་གསུངས་ཏེ། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ།། ་གཞན་ཡང་སྤྲུལ་པ་ལ་གཞན་ལ་བརྟན་པའི་སེམས་ཡོད་པར་གསུངས་ཏེ། གཞན་གྱི་ཡང་དག་པའི་སེམས་ལ་བརྟེན་ནས་མྱུ་མ་ཆེན་གྱི་རྣམ་པར་སྣང་བའི་ཕྱིར་ཏེ། མདོ་འདི་ཉིད་ལ་སོགས་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ།། ། ་སྤྲུལ་པ་ལས་དབང་པོ་དང་། སེམས་ལ་སོགས་པ་མེད་པར་གསུངས་ཀྱང་། གཞན་ལས་དགོངས་ནས་བསྟན་པ་ཡིན་གྱི། དེ་བཞིན་གཤེགས་པ་ལས་བརྩམས་པ་ནི་མ་ཡིནོ།། གཞན་སྤྲུལ་པའི་དབང་པོ་གཟུགས་ཅན ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་ལ་དབང་པོ་སོགས་པའི་ནུས་པ་མེད་པའི་ཕྱིར་ཡོད་པ་ཉིད་དུ་མ་བསྟན་ཏོ་ཞེས་འབྱུང་སྟེ། འཕགས་པ་སངས་རྒྱས་ཀྱི་སྐུའི་འགྲེལ་པ་ལིས་ཕལ་ཆེར་དེ་སྐད་དུ་སྟོན་ཏོ།། ། ་མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་སེམས་མཆིས་པ་ཞིག་ལགས་སམ། སེམས་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ ་སྩལ་པ། སེམས་མེད་དེ་སེམས་རང་དབང་མེད་པའི་ཕྱི་རོ་ཞེས་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་སྐུ་དེ་སེམས་མཆིས་པ་ཞེས་བགྱི་འམ། སེམས་མ ་མཆིས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཡོད་ཅེས་བྱར་ཡང་མི་རུང་ལ། སེམས་མེད་ཅེས་བྱར་ཡང་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། རང་གི་སེམས་ལ་དབང་མ་ཐོབ་པའི་ཕྱིར་སེམས་མེད ་པ་ཞེས་བྱའོ།། གཞན་གྱི་སྟོབས་ཀྱི་ཕྱིར་སེམས་ཡོད་པ་ཞེས་བྱའོ་ཞེས་འབྱུང་།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པའི་སྤྱོད་ཡུལ་གང་ལགས་པ་དང་། དེ་བཞིན་གཤེགས་པའི་ཡུལ་གང་ལགས་པ་དེ་གཉིས་ལ་བྱེ་བྲག་ཏུ་བགྱི་བ་ནི་ཅི་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི ་བྱེ་བྲག་གི་མཚན་ཉིད་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་པོ་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བྱ་ཉིད་།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་འདི་ལྟ་སྟེ། དེ་བཞིནི་གཤེགས་པ་རྣམས་རྣམ་པ་ཐམས་ཅད་དུ་ཐུན་མོང་པ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། ཚད་མེད་པ་དག་གི་བཀོདཔ ་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ན་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར ་བཤད་པ་དང་། མཇུག་བསྡུ་བའོ།། རྣམུ་པར་བཤད་པ་ལ་ཡངྒ་རྣམྦ་པ་གཉི་སུ་དབྱེ་སྟེ། སྤྱོད་ཡུལ་རྣམ་པར་བཤད་པ་ལསྫ། ཡུལ་རྣམ་པར་བཤད་པའོ།། འདི་ནི་དང་པོ་སྤྱོད་ཡུལ་རྣམ་པཪྵ་བཱཤད་པོ་སྟེ། འདི་ལྟར ་དེ་བཞིན་གཤེགས་པ་རྣམས་ཐུན་མོང་དུ་མངའ་བ་བསམ་གྱིས་མི་ཁྱབ་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དགྲ་གིས་བརྒྱན་པ། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱ་སྟེ། འདི་ནི་འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས། ཕུན་སུམ་ཚོགས་པ་བཅོ་བརྒྱད་ཀྱི་བཀོད་པ་དང་ལྡན་པར་བསྟན་པ་ཉིད་དེ། དེའི་ཕྱིར་འཕགས ་པ་སངས་རྒྱས་ཀྱི་སའི་མདོ་ལ་སོགས་པ་ལས། གཞལ་མེ་ད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་དུ་འབར་བ་བཀོད་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཨིནོ།། དེ་བཞིན་གཤེགས་པའི་ཡུལ་ནི་འདི་ལྟ ་སྟེ། རྣམ་པོ་ཐམས་ཅད་དུ་ཁམས་ལྔ་པོ་དག་བྱེ་བྲག་ཏུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པོ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རྣམ་པར་བཤད་པའོ།། འདི་ཡང་རྣམ་པ་གཉིས་ཏེ། ་གྲངས་མདོར་བསྟན་པ་དང་། ཟངས་མདོར་སྨོས་པ་བཞིན་དུ་རྣམ་པར་ཕྱེ་སྟེ། བསྟན་པ་སྟེ། འདི་ནི་གྲངས་མདོར་བསྟན་པའོ།། ལྔ་གང་ཞེ་ན། སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས ་དང་། ཆོས་ཀྱི་ཁམས་དང་། གདུལ་བའི་ཁམས་དང་། གདུལ་བའི་ཐབས་ཀྱི་ཁམས་ཏྱེ་ཞེས་བྱ་བ་ནི་གཉིས་པ་གྲངས་མདོར་སྨོས་པ་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ།། དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་བསྟན ་བཅྡོཾས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེ་ལ་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི ་པོ་དེ་དག་ཡིན་པ་སྟེ། སྔར་ཡིད་ཀྱིས་ལས་བསྟན་པ་བཞི་ནོ།། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། ཕྱོགས་བཅུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་དེ། དེཔེརྱ་ནཱ་འདི་ནི་འཇིག་རྟེན་གྱི་ཁམས ་མི་མཇེད་དེ། དེའི་མིང་ལསཱ་མཱཾ་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་བཞིན་ནོ།། ཆོས་ཀྱི་ཁམས་དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། དགེ་བ་དང་། མཱི་དགེ་བ་དང་། ལུང་དུ་མ་བསྟན་པའོ།། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི ་ཚུལ་གྱི་དཔག་ཏུ་མེད་པའི་ཕྱིར་རིག་པོར་བྱའོ།། གདུལ་བའི་ཁམས་དཔག་ཏུ་མེད་པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་གདུལ་བར་བྱ་བ་ཡིན་པའི་ཕྱིར་གདུལ་བ་ནི་གཅིག་ཏུ་འགྱུར་རོ།། གདུལ་བའི་ཁམས ་རྣམ་པ་གཉིས་ཀྱང་ཡོད་དེ། འཆིང་བ་མཐའ་དག་དང་ལྡན་པ་དང་། འཆིང་བ་མཐའ་དག་དང་མི་ལྡན་པའོ།། དེ་བཞིན་དུ་རྣམ་པ་བདུན་ཡོད་པ་ནས། རྣམ་པའི་རབ་ཏུ་དབྱེ་བས་རྣམ་པ་ལྔ་བཅུ་རྩ་ལྔ་ཡོད ་པའི་བར་དུའོ།། རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། གཞན་ཡང་དེ་ཉིད་ལས། དེ་ལ་སེམས་ཀྱི་ཁམས་དང་། གདུལ་བའི་ཁམས་ལ་ཐེ་དད་དུ ་བྱ་བ་ཅི་ཡོད་ཅེ་ན། སྨྲས་པ། རིགས་ལ་གནས་པ་དང་། རིགས་ལ་གནས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་ཁམསུ་བྱེ་བྲག་མེ་དོ།། རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག ་གནས་པ་གང་ཡིན་པ་དེ་ནི་གདུལ་བུའི་ཁམས་ཞེས་བྱའོ།། དེ་ལ་གདུལ་བའི་ཐབས་ཀྱི་ཁམས་དཔག་ཏུ་མེད་པ་ནི་སྔར་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ།། དེ་ཡང་རྣམ་པའི་དབྱེ་བས་ནི་དཔག་ཏུ་མ ་ཅིའི་ཕྱིར་དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་གོ་རིམ་དེ་ལྟར་བསྟན་ཅེ་ན། སྨྲས་པ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནན་ཏཱ་ནཱ་བཎྜི་ན་འགྲུས་ཀྱིས་སེམས་ཅན་གྱི་དོན་ལ་སྦྱོར་བས་དེའི་ཕྱིར་དང་པོར་སེམས་ཅན ་གྱི་ཁམས་དཔག་ཏུ་མེད་པ་བསྟན་ཏོ།། སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པ་ལས་གདུལ་བར་འགྱུར་བས།། དེའི་ཕྱིར་གཉིས་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་བསྟན་ཏོ།། སེམས་ཅན ་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེ་བྲག་ཀྱང་དམིགས་པས། དེའི་ཕྱིར་གསུམ་པ་ཆོས་ཀྱི་ཁམས་དཔག་ཏུ་མེད་པ་བསྟན་ཏོ།། སེན་དེ་དག ་གི་ནང་ནས་སེམས་ཅན་གང་དག་བསྐུལ་པ་དང་ལྡན་ཞིང་གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱེད་པ་ཡང་མཐོང་བས་དེའི་ཕྱིར་བཞི་པའི་གདུལ་བའི་ཁམས་དཔག་ཏུ་མེད་པ་སྟོན་ཏོ།། ཐིབས་ལ་མཁས ་པ་དེ་དག་གིས་སེམས་ཅན་རྣམས་གཏན་དུ་རྣམ་པར་ཐར་པར་བྱེད་པར་འགྱུར་བས་དེའི་ཕྱིར་ལྔ་པ་གདུལ་བའི་ཐབས་ཀྱི་ཁམས་དཔག་ཏུ་མེད་པ་སྟོན་ཏོ།། དེ་ལྟ་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག ་ཏུ་མེད་པ་ལྔ་པོ་དེ་དག་ནི་ཐམས་ཅད་ལ་མཁས་པ་བྱེད་པར་འགྱུར་བའི་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་དང་། མདོ་སྡེའི་རྒྱུན་དང་། ས་ཡོངསུ་འཛིན་པོ་དང་། འཕགས་པ་ལེགས་པའི་ཚུལ ་ཁྲིམས་བསྟེན་པའི་མདོ་ལས་ཀྱང་དེ་སྐད་དུ་སྟོན་ཏོ།། དེ་དག་ནི་རྣམ་པ་གཉིས་ཀྱི་བྱེ་བྲག་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུས་པའོ།། ། བམ་པོ་བདུན་ཅུ་ལྔ་པ།། བྱང་ཆུབ་སེམས ་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་བྱང་ཆུབ་པ་གང་ལགས་པ་དང་། ཡང་དག་པོའི་ཆོས་ཀྱི་འཁོར་ལོ ་བསྐོར་བ་གང་ལགས་པ་དང་། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་རྣམ་པ་གསུམ་པོ་དེ་དག་གི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། ཞེས་བྱ་བ་འདི་མན་ཆད་ནི་གསུཾ ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་པ་ལ་གསུམ་པོ་དག་གཉིས་མེད་པའི་མཚན་ཉིད་དུ་བསྟན་པ་ཞེས་བྱ་བ་སྟོན་ཏོ།། འདི་ཡང་རྣམ་པ་བཞི་སྟེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། ་བརྟག་པ་དང་། རྣམ་པར་བཤད་པ་སྟེ། འདི་ནི་དང་པོ་རྣམ་པ་གསུམ་པོ་དེ་དག་སོ་སོ་ནས་མཚན་ཉིད་ཇི་ལྟ་བུ་ཞིག་དང་ལྡན་ཞེས་ཞུ་བའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ ་སྩལ་པ། རིགས་ཀྱི་བུ་གསུམ་པོ་དེ་དག་ནི་གཉིསུ་མེད་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དུ་བཞིན་གཤེགས་པས་ཡང་དག་པར་ལྡན་དུ་གསུངས་པ ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། ལན་འདོར་བསྟེན་པ་དང་། ལན་རྣམ་པར་ཕྱེ་སྟེ་བསྣུན་པའོ།། འདི་ནི་དང་པོ་གསུམ་པོ་དེ་དག་གཉིས་མེད་པའི་མཚན་ཉིད་ཡིན་ནོ།། ལྡན་མདོར་གསུངས་སོ།། འདི ་སྟེར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན། ཡང་དག་པའི་ཆོས་ཀྱིའི་ཁྱེར་མོ་བསྐོར་བ་ཡང་མ་ཡིན། ཡང་དག་པའི་ཆོས་ཀྱི་འཁོར་ལོ་མི་བསྐོར་བ་ཡང་མ་ཡིན་ཡོངསུ་མྱ་ངན་ལས་ལ ་པ་ཆེན་པོ་ཡང་མ་ཡིན། ཡོང་སུ་མྱ་ངན་ལས་འདས་པ་ཆེན་པོ་མེད་པ་ཡང་མ་ཡིནོ་ཞེས་བྱ་བ་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བསྟན་པའོ།། རྣམ་པ་གསུམ་པོ་དག་ནི་གཉིསུ་མེད་པའི་མཚན་ཉིད་ཡིན་པས ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མྱ་ཡིན། ཡོངསུ་མྱ་ངན་ལས་འདྲེས་པ་ཡང་མ་ཡིནོ།། རྣམ་པ་གསུམ་མེད་པ་ཡང་མ་ཡིན་ཏེ། ཚིག་ཐ་དད་ཀྱང ་དོན་གཅིག་པའི་ཕྱིརོ།། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱང་ཆུབ་ཐོབ་པ་ཡང་མ་ཡིན། བྱང་ཆུབ་མི་ཐོབ་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པར་འབྱུང་ངོ་།། དཔེ་གཞན་གཉིས ་ལས་ཀྱང་མ་ཡིན་ཞེས་བྱ་བའི་ཚིག་ཏུ་འབྱུང་བས། དེའི་ཕྱིར་མ་ཡིནྡ་ཞེས་བྱ་བའི་ཐ་ཚིག་གིས་ནི་གཉིས་མེད་པའི་མཚན་ཉིད་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གསུམ་པ་གཏན་ཆགས་བསྟན་པ ་སྟེ། གཎྜཱི་སུ་མེད་པ་ཞེས་གསུངས་ཀྱང་། རྣམ་པར་མ་བཤོད་པས་དེའི་ཕྱིར་བརྟག་པ་ཡིན་ནོ།། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་གཏན་དུ་ཡོང་སུ་དག་པ་ཉིད་ཀྱི་ཕྱིར་དང་དེ་བཞིན་གཤེགས་པས་སྤྲུལ ་པའི་སྐུ་ནི་རྟག་ཏུ་ཀུན་ཏུ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བཞི་པ་རྣམ་པར་བཤད་པ་སྟེ། འདི་ལྟར་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་མཚན་ཉིད་གསུམ་པོ་དེ་དག་མེད་ལ།། ་སྤྲུལ་པའི་སྐུ་ནི་དབང་པོ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྟོན་པའི་ཕྱིར། མཚན་ཉིད་གསུམ་པོ་དག་མེད་པ་ཡང་མ་ཡིན།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ཀྱང་། འདི་ལས་གསུངས་པ་དང་མཐུན་པུར ་པར་འབྱུང་ངོ་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས། སྤྲུལ་པའི་སྐུ་ཀུན་ཏུ་སྟོན་པའི་ཕྱིར་ཞེས་འབྱུང་བ་ནི་སྤྲུལ་པའི་སྐུ་ཉིད་ལ་སྤྲུལ་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་རྡོ་རྗེ་གཅོད་པའི་འགྲེལ་པ་ལས། སྤྲུལ་པ་ཡང་དག་སངས་རྒྱས་མིན། ཆོས་བསྟན་པ་ཡང་དེ་མ་ཡིན་ཞེས་འབྱུང་བ་ཡིནོ།། བདག་དང་གཞན་ལོངས་སྤྱོད་པའི་སྐུ་མཚན་ཉིད་འདི་གསུམ་དང་ལྡན་ནམ་ཞེ་ན། ་སྨྲས་པ། ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པར་མཚན་ཉིད་གཅིག་དང་ལྡན་པས། འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ཉིད་དོ།། མཚན་ཉིད་གཞན་གཉིས་ལ་ནི་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག ་ན་རེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛོད། ཡོངསུ་མྱ་ངན་ལས་མི་འདའ་སྟེ། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གིས་མི་མཐོང་། མི་ཐོབ་པའི་ཕྱིར་དང་། སྐུ་འགགས་ནས་ལྷག་མ ་མེད་པའི་མྱ་ངན་ལས་འདས་པ་མངོན་དུ་མཛད་པ་མ་ཡིན་པའི་ཕྱི་རོ་ཞེའོ།། ཁ་ཅིག་ན་རེ་མཚན་ཉིད་གཉིས་དང་ལྡན་ཏེ་མཐོང་བའི་ཆོས་དང་བདེ་བའི་ཆེད་དུ་ཆོས་སྟོན་པའི་ཕྱིར་དང་། སྐུ་འགག་པ་མ་ཡིན ་ཡང་འགོག་པ་མངོན་དུ་མཛད་པའི་ཕྱི་རོ་ཞེའོ།། གཞན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་ཉིད་གསུམ་དང་ལྡན་པར་བཤད་ཀྱང་འགལ་བ་མེད་དེ། ཇི་སྐད་དུ། སངས་རྒྱས་འོད་དཔག་མེད་པར་རྫོགས ་པར་བྱང་ཆུབ་པ་དང་། ཡོངསུ་མྱ་ངན་ལས་འདས་པ་དང་། བྱང་ཆུག་སེམས་དཔའི་སྤྱན་རཱས་གཟིགས་དེའི་རྒྱལ་ཚ་བ་ཡིན་པའི་ཕྱི་རོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་མཚན་ཉིད་རྣམ ་པ་བརྒྱད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་སེམས་ཅན་རྣམས་ནི་སྤྲུལ་པའི་སྐུ་ལ་ལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བགྱིས་པས་བསོད་ནམས་སྐྱེ་བར་འགྱུར་ལགས་ན། དེ་བཞིན་གཤེགས་པ་དང་དེ་དག་ཏུ་རྒྱུ་དང་རྐྱེན་ཅི་ཞིག་མཆིས་ལྕགས་ཞེས ་བྱ་བ་འདི་མན་ཆད་ནི་བཞི་པ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དམིགས་པ་མཛད་པའི་བྱེ་བྲག་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད།། ་ཞུ་བ་གསོལ་བའི་དངོས་པོ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་འདིར་ནི་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པས་གདུལ་བར་བྱ་བའི་སེམས་ཅན་དག་ལ་རྐྱེན་རྣམ་པ་བཞི་ལས་རྒྱུ་དང་རྐྱེན ་གང་ཞིག་མཛད་ནས་བསོད་ནམས་བསྐྱེད་པར་མཛད་པ་ལགས་ཞེས་ཞུ་བ་ཡིན་ཞེའོ།། ཁ་ཅིག་ན་རེ་འདི་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པའི་སྤྲུལ ་པའི་སྐུ་དེ་དག་གི་རྒྱུ་དང་རྐྱེན་གང་ཞིག་མཛད་ཅེས་ཞུ་བ་ཡི་ནོ་ཞེའོ།། ཁ་ཅིག་ན་རེ་འདི་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པ་གདུལ་བར་བྱ་བའི་སེན་དག་ལ་རྒྱུ་དང་རྐྱེན ་གང་ཞིག་མཛད་ནས་ཡོན་ཏན་རྣམས་བསྐྱེད་པར་བགྱིད་ཅེས་ཞུ་བ་ཡི་ནོ་ཞེས་ཟེར་ཏེ། འོག་ནསེ་ལནྡ་དུ་གསུངས་པའི་ཚིག་དང་སྦྱར་ན་དགོངས་པ་རྣམ་པ་འདི་གསུམ་ཡོད་དོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ ་སེམས་དཔའ་འཇམ་དབུལ་ལ་བཀའ་སྩོལྔ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་བཞི་དེ་དག་གི་ལྷག་པར་བྱ་བའི་དམིགས་པ་ཡིན་པའི་ཕྱིར་དང་། སྤྲུལ་པའི་སྐུ་དེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱིས ་བརླབས་པ་ཡིན་པའི་ཕྱིརོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟེ། ལན་དུ་གསུངས་པ་འདི་བཤད་པ་ཨིང་གོང་དུ་ཞུ་བ་གསོལ་བ་ལ་རྣམ་པ་གསུམ་དུ ་བཤད་པ་དང་སྦྱར་ན་གོ་རིམ་བཞིན་དུ་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སྤྲུལ་པའི་དེ་བཞིན་གཤེགས་པ་ནི་སོན་དེ་དག་ལ་རྐྱེན་རྣམ་པ་གཉིས་པོ་བདག་པའི་རྐྱེན་དང་དམིགས ་པའི་རྐྱེན་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་སྤྲུལ་པའི་སྐུ་བདག་པའི་རྐྱེན་དང་། དམིགས་པའོ་རྐྱེན་མཛད་ནས་བསོད་ནམས་སྐྱེ་བར་འགྱུར་བསྡུ་སོ།། རྒྱུའི་གྱོན་པ་མཚུངས་པ་ངོམ་ཐག་པའི་རྐྱེནྡ་ནཱ་མཱ་ཡིན་ཏེ། ་ལུས་པ་དད་པ་དག་ཕན་ཚུན་བལྟོས་ན་རྒྱུའི་རྐྱེན་མ་ཡིན་པའི་ཕྱིར་དང་། བསྐལ་པ་མཚུངས་པ་རྣམས་ཀྱི་སེམས་ལ་སོགས་པ་དུས་མཚུངས་པར་སྐྱེ་བའི་ཕྱིར་མཚུངས་པ་དེ་མ་ཐེག་པ་ཡང་མ་ཡིན་པའི་ཕྱི་རོ།། སྤྲུལ ་པའི་སྐུ་དེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཡིན་པའི་ཕྱིརརོ་ཞེས་བྱ་བ་ནི་སྤྲུལ་པའི་སྐུས་སེམས་ཅན་གྱི་བསོད་ནམས་བསྐྱེད་པར་བཟློས་ཏེ་བཤད་པ་སྟེ། དེས་ན་སྐུ་རྣམ་པ་གཉིས་ཀྱི་བྱིན་གྱིས་བརླབ ་པའི་ཕྱིར་བསོད་ནམས་བསྐྱེད་པ་ཡི་ནོ་ཞེའོ།། ཁ་ཅིག་ན་རེ་ལྡན་དུ་གསུངས་པ་འདིའི་དགོང་སྡེ་པ་ཆོས་ཀྱི་སྒྲ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུ་དེ་ལུ་བལྟོས་ན་ཆོས་ཀྱི་སྐུའི་དབང་དང་། ལོངས་སྤྱོད་རྫོགས ་པའི་རྐྱེན་གྱི་དབང་གིས་ཡིནྡོ་གྱི། རྐྱེན་གཉིས་པོ་དག་མ་ཡིན་ཏཱི། སྤྲུལ་པ་ནི་སེམས་མ་ཡིན་པའི་ཕྱིརརོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ཏེ། མེ་དོའི་ཚིག་འདི་བཤད་དེ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོག་ཊཱི ་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པ་དེ་དག་ནི་བདག་པོའི་རྐྱེན་གྱིས་བསྡུས་པའི་སྤྲུལ་པའི་རྒྱུ་དང་རྐྱེན་ཡིན་ཏོ།། སྐུ་རྣམ་པ་གཉིས་པོ་དེ་དག་གི་དབང་གིས་སྤྲུལ་པའི་སྐུ་འབྱུང་བའི་ཕྱིར་དང་། གཞོན་ཡང ་སྤྲུལ་པའི་སྐུ་དེ་ནི་དེ་བཞིན་གཤེགས་པ་དེ་གཉིས་ཀྱི་བྱིན་གྱིས་བརླབས་ཡིན་པའི་ཕྱིར་སྐུ་རྣམ་པ་གཉིས་པོ་དེ་དག་ནི་སྤྲུལ་པའི་སྐུ་དེ་དག་གི་སྐྱེད་པའི་རྒྱུ་དང་ཡོངསུ་འཛིན་པའི་རྒྱུའོ།། དེ་ལ་རྒྱུ་དང་རྐྱེན ་ཞེས་བྱ་བ་ནི་ཉེ་བར་བསྐྱེད་པའི་ཕྱིར་དོན་གྱི་རྒྱུ་དང་རྐྱེན་ཞེས་གསུངས་ཀྱི། ཡང་དག་པའི་རྒྱུ་རྐྱེན་ནི་མ་ཡིནོ།། ཁ་ཅིག་ན་རེ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་གཉིས་ཀྱི་དེ་བཞིན་གཤེགས་པ་ནི་གདུལ་བར ་བྱ་བའི་སེམས་ཅན་དེ་དག་ནི་དབང་པོ་དང་། དམིགས་པའི་རྐྱེན་རྣམ་པ་གཉིས་ཡིན་པའི་ཕྱིར་བསོད་ནམས་བསྐྱེད་དེ། རྙིང་བའི་རྐྱེན་འདིའི་དབང་གིས་དེ་བཞིན་གཤེགས་པ་རྣམ་པ་གཉིས་སེམས་ཅན་རྣམས་ཀྱི ་བསོད་ནམས་བསྐྱེད་པ་ཞེས་བསྟན་ཏོ།། གཞན་ཡང་སྤྲུལ་པའི་སྐུ་དེ་དག་ནི་དེ་བཞིན་གཤེགས་པ་གཉིས་པོ་དག་གི་མཐུས་བྱིན་གྱིས་བརླབས་པའི་ཕྱིརོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད ་ཀྱང་གསུམ་པ་ནི་ཡང་དག་པ་ཡིན་ཏེ། མདོའི་ཚིག་དང་རྗེ་སུ་མཐུན་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མངོན་པར ་འདུ་བགྱི་བ་མ་མཆིས་པར་འདྲ་ལགས་ན་རྒྱུ་དང་རྐྱེན་གང་གི་སླད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཁོ་ན་ལས་ནི་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འབྱུང་ཞིང་སྤྲུལ་པའི་གཟུགས་བརྙན་དངག ་ཏུ་མེད་པ་དག་ཀྱང་འབྱུང་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལ་ནི་དངོས་པོ་འདི་དག་མི་འབྱུང་ལགས་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་དང་། ཐེག་པ་གཉིས ་ཀྱི་རྣམ་པར་གྲོལ་བའི་ལུས་ཀྱི་བྱེ་བྲག་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། འདི་ལྟར་སངས་རྒྱས་ལ་ཆོས་ཀྱི་སྐུ་དང་། ཐེག་པ་གཉིས་ཀྱི་རྣམ་པར ་གྲོལ་བའི་ལུས་མངོན་པར་འདུ་བགྱི་བ་དང་། རྣམ་པར་གྲོ་ལྔ་བའི་ཡིད་ལ་བགྱི་བ་མ་མཆིས་པ་འདྲ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ནི་ཡེ་ཤེས་བཞིའི་སྣང་བ་ཆེན་པོ་དང ་སྤྲུལ་པའི་གཟུགས་བརྙན་དགེ་འབྱུང་ལ། ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་དངོས་པོ་འདི་དག་མི་འབྱུང་ལགས་ཞེས་བྱ་བའི་ཐ་ཚིག་གོ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ ་འཇིམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་སྟོན་པར་འདུ་བྱེད་པ་མེད་པར་འདྲ་ཡང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་མུ་ཤེལ་དང་མེ་ཤེལ་རྣམ་པ་གཉིས་ནི་སྣང་བ་ཆེན་པོ་འབྱུང་ལ། དྲི་ལས ་གཞན་པའི་མུ་ཤེལ་དང་དེ་དག་ལས་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པ་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། དཔེས་ཉེ་བར ་མཚོན་པ་དང་། དཔེ་དང་དོན་དུ་སྦྱར་བའོ།། དཔེས་ཉེ་བར་མཚོན་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་པ་ཉིད་ལས་རྣམ་པ་གཉིསུ་དབྱེ་སྟེ། འདི་ནི་དཔེ་དྲང་པོ་བསྟན་པའོ།། དང་པོ་ཡང་རྣམ་པ ་གཉིས་ཏེ། ཉི་མ་དང་ཟླ་བ་ལས་སྣང་བ་ཆེན་པོ་འབྱུང་བར་བསྟན་པ་དང་། དེ་གཉིས་ཀྱི་རྒྱུ་བསྟན་པ་སྟེ། འདི་ནི་དང་པོའོ།། ཉི་མ་དང་ཟླ་བའི་མཚན་ཉིད་བསྟུན་པ་ནི། མཛོད་ཀྱི་བསྟེན་བཅོས་ལས་ཇི་སྐད་དུ། ་ཉི་མ་ཟླ་བ་རི་རབ་ཕྱེད། དཔག་ཚང་ལྔ་བཅུ་ལྔ་བཅུ་གཅིག། ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཉི་མ་དང་ཟླ་བ་ལ་དཔག་ཚད་དུ་ཡོད་ཅེ་ན། ཉི་མ་ནི་ལྔ་བཅུ་གཅིག། ཟླ་བ་ནི་ལྔ་བཅུའོ།། ཉི་མའི་དཀྱིལ ་འཁོར་གྱི་འོག་གི་ངོས་ནི་རིན་པོ་ཆེ་མི་ཤལ་ལས་མངོན་པར་གྲུབ་པ་སྟེ་ཆེ་ཞིང་གསལ་བར་བྱེད་པའོ།། ཟླ་བའི་དཀྱིལ་འཁོར་གྱི་འོག་གི་ངོས་ནི་རིན་པོ་ཆེ་ཆུ་ཤེལ་ལས་མངོན་པར་གྲུབ་པ་སྟེ། གསིལ ་ཞིང་གསལ་བར་བྱེད་པའོ།། ཉི་མ་ལ་སོགས་པའི་གཞལ་མེད་ཁང་དེར་སེམས་ཅན་ཇི་ལྟ་བུ་དག་གནས་ཤེ་ན། རྒྱལ་པོ་ཆེན་པོ་བཞིའི་རིགསུ་གཏོགས་པའི་ལྷ་རྣམས་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས ་བསྟན་པ་བཞིན་དུའོ།། བསྟན་བཅོས་ཡང་དག་པའི་རིག་པ་དང་རྗེསུ་མཐུན་པས་ཀྱང་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་། ཐུན་པར་འབྱུང་།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ ་པ་ལས་ཉི་མ་དང་ཟླ་བ་ནི་དཔག་ཚད་ལྔ་བཅུ་ལྔ་བཅུ་ཞེས་བཤད་དོ།། དེ་ནི་འདི་སྐད་དུ། རིན་པོ་ཆེ་ཆུ་ཤེལ་ལ་སོགས་པ་ལ་རྣམ་པར་རྟོག་པ་མེད་ཀྱང་ཉི་མ་དང་ཟླ་བ་ལས་སྣང་བ་ཆེན་པོ་འབྱུང་གི། རིན་པོ་ཆེ་གཞན་ལས ་ནཱི་མ་ཡིནོ་ཞེས་བསྟན་པར་འགྱུ་རོ།། འདི་ལྟར་སེམས་ཅན་མཐུ་ཆེན་པོའི་བྱིན་གྱིས་བརླབས་ཀྱི་ཕྱིར་དང་། སེམས་ཅན་གྱི་ལས་ཀྱི་དབང་གི་ཕྱིརོ་ཞེས་བྱ་བ་ནི། གཉིས་པ་རྣམ་པ་གཉིས་ཀྱི་རྒྱུ་བསྟན་པའོ།། འདི་ལྟར ་ཉི་མ་དང་ཟླ་བའི་རིན་པོ་ཆེ་ལས་སྣང་བ་ཆེན་པོ་འབྱུང་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། མཐུ་ཆེན་པོ་དང་ལྡན་པ་ལྷའི་བུ་ཉི་མ་དང་ཟླ་བས་བྱིན་གྱིས་བརླབས་པའི་ཕྱིར་དང་། སེམས་ཅན་ཐ~ཾད་ཀྱི་ཐུན་མོང་གི་ལས་ཀྱི ་དབང་གི་མངོན་པར་གྲུབ་པའི་ཕྱིརརོ།། དེ་བཞིན་དུ་ཆོས་སྐུ་ཡང་དེ་བཞིན་གཤེགས་པ་མཐུ་ཆེན་པོ་དང་ལྡན་པས་བྱིན་གྱིས་བརླབས་པའི་ཕྱིར་དང་། གཞན་ཡང་སེམས་ཅན་སངས་རྒྱས་མཐོང་བར་འགྱུར ་བའི་ལྔས་ཐུན་མོང་ལས་མངོན་པར་གྲུབ་པའི་ཕྱིར། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འབྱུང་ཞིང་སྤྲུལ་པའི་གཟུགས་བརྙན་འབྱུང་གི་རིན་པོ་ཆེ་གཞན་དགྲ་ནི་མཐུ་ཆེན་པོ་དང་ལྡན་པ་དག་གིས་བྱིན་གྱིས་བརླབས ་པ་མ་ཡིན་པའི་ཕྱིར་དང་། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱི་དབང་ལས་མངོན་པར་གྲུབ་པ་མ་ཡིན་པའི་ཕྱིར་སྣང་བ་རྒྱ་ཆེན་པོར་གཏོང་བར་མི་ནུསོ།། དེ་བཞིན་དུ་ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི ་ལུས་ཀྱང་དེ་བཞིན་གཤེགས་པ་མཐུ་དང་ལྡན་པ་དག་གིས་བྱིན་གྱིས་བརླབས་པ་མ་ཡིན་པའི་ཕྱིར་དང་། སེམས་ཅན་གྱི་ཐུན་མོང་གི་ལས་ཀྱི་དབང་གིས་གྲུབ་པ་མ་ཡིན་པའི་ཕྱིར་སྣང་བ་ཆེན ་པོ་འབྱུང་ཞིང་སྐུའི་གཟུགས་བརྙན་སྟོན་པར་མི་ནུསོ།། གཞན་ཡང་ནོར་བུ་རིན་པོ་ཆེ་ལྔས་བྱི་དོར་ལེགས་པར་བྱས་པ་དེ་དག་ལས་ནི་རྒྱུའི་གཟུགས་བརྙན་འབྱུང་ལ། དེ་ལས་གཞན་པའི་བྱི་དོར་མ་བྱས་པ་དག་ལས ་ནི་མ་ཡིན་ཞེས་བྱ་བ་ནི་དཔེ་གཉིས་པ་བསྟན་ཏེ། འདི་ལྟར་བཟོ་བོ་མཁས་པས་ནོར་བུ་རིན་པོ་ཆེ་བྱི་དོར་ལེགས་པར་བྱས་པ་ལས་ནི་རྒྱན་གྱི་གཟུགས་བརྙན་འབྱུང་གཱ། དེ་ལས་གཞན་པའི་བྱི་དོར་མ་བྱས་པ་དག་ནི་མ་ཡིན། ་པ་བཞི་ནོ།། དེ་བཞིན་དུ་ཆོས་ཀྱི་དབྱིངས་དཔག་ཏུ་མེད་པ་ལ་དམིགས་པའི་ཐབས་དང་ཤེས་རབ་བསྒོམས་པས་ཤིན་དུ་སྦྱང་བ་བྱས་པ་ལས་ཡང་དག་པར་གྲུབ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྣང་བ་ཆེན་པོ ་དང་སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མེད་པ་དྲུག་འབྱུང་གི། རྣམ་པར་གྲོལ་བའི་ལུས་འབའ་ཞིག་ལས་ནི་དངོས་པོ་དེ་དག་ཡོད་པ་མ་ཨི་ནོ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བའོ།། ཆོས་ཀྱི་དབྱིངས་དཔག་ཏུ་མེད་པི་དགྲ་ལ ་དམིགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཆོས་དཔག་ཏུ་མེད་པའི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱའོ།། ཐབས་དང་ཤེས་རབ་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཤེས་པས་དགེ་བ་བསྒོམས་ཏེ། ་ཉོན་མོངས་པ་རབ་ཏུ་བསལ་ནས་ཆོས་ཀྱི་སྐུ་གསལ་བར་བྱེད་པའི་ཕྱིར་ཐབས་ཞེས་བྱའོ།། དེ་ནི་འདི་སྐད་དུ་དེ་བཞིན་ཉིད་ལ་དམིགས་པའི་ཐབས་དང་། ཤེས་རབ་ཀྱིས་ཤིན་དུ་ལེགས་པར་ཉོན་མོངས་པ་སྦྱངས་ཏེ། ཕ་རོལ་ཏུ་ཕྱིན་པ ་དྲུག་བརྩམས་པ་ལས་ནི་ཆོས་ཀྱི་སྐུ་མངོན་པར་གྲུབ་ལ། ཆོས་ཀྱི་སྐུ་ལས་ནི་ཡེ་ཤེས་ཀྱི་སྣང་བ་འབྱུང་ཞིང་། སྤྲུལ་པའི་གཟུགས་བརྙན་སྟོན་པར་འགྱུར་གྱི། གང་ཟག་སྟོང་པ་ཉིད་དུ་ལྟ་བའི་ཤེས་པ་རྣམ་པར་གྲོལ་བའི་ལུས་ལས ་ནི་གནང་བ་ཆེན་པོ་སྟོང་པ་དང་། སྤྲུལ་པའི་གཟུགས་བརྙན་སྟོན་པར་འགྱུར་བ་མ་ཡིནོ་ཞེས་བསྟན་པར་འགྱུར་རོ།། མཚམས་རྣམ་པར་གྲོལ་བའི་མདོ་ལས་ནི་རྣམ་པར་གྲོལ་བའི་ལུས་ལས་དངོས་པོ་འདི་ལྟ་བུའི་ཡོད་པ་མ ་ཡིནོ་ཞེས་འབྱུང་།། དགོངས་པ་ཟབ་མོ་རྣམ་པར་གྲོལ་བའི་མདོ་ལས་ནི། རྣམ་པར་གྲོལ་བའི་ལུས་ལས་དངོས་པོ་འདི་ལྟ་བུ་འབྱུང་བ་མ་ཡིན་ཞེས་འབྱུང་།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདྲ ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་མཐུའི་བྱིན་གྱིས་བརླབས་ཀྱི་སེམས་ཅན་རྣམས་འདོད་པའི་ཁམས་ཀྱི་མི་ལུས་ཕུན ་སུམ་ཚོགས་པ་རྒྱལ་རིགས་དང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། འདོད་པའི་ཁམས་ཀྱི་ལྷ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐཾད་སྣང་ངོ་ཞེས་གང ་གསུངས་པ་དེ་ལ། བཅོམ་ལྡན་འདས་དགོངས་པ་ཇི་ལྟ་བུ་ཞིག་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་དྲུག་པ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱི་མཐུས ་སེམས་ཅན་གྱི་ལུས་ཡོང་སུ་འཛིན་པ་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏོ། འདི་ནི་ཞུ་བ་གསོལ་བ་ཉིད་དོ།། ཞུ་བ་གསོལ་བའི་དགོངས་པ་དེ་ནི་དེ་བཞིན་གཤེགས་པས་དགེ་བ་བཅུའི་ལས ་ཀྱི་ལམ་དང་། ཐེག་པ་གསུམ་གྱི་སྒྲུབ་པ་ལ་སོགས་པ་གསུངས་པས་གང་གིས་བསྟན་པ་བཞིན་དུ་བསྒྲུབ་པ་དགྲ་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་ལ། གང་དག་བསྟན་པ་དང་འགལ་བར་བྱས་པ ་དག་ནི་ལུས་ཡོངསུ་ཉམས་པར་འགྱུར་བར་ཐོབ་པ་དང་ལྡན་ཡང་ཉམས་པ་དུང་ལྡན་ནོ་ཞེས་བཀའ་སྩལ་པའི་རིགས་པ་ལས་ལུས་ཕུན་སུམ་ཚོགས་པ་ཐོབ་པ་དང་ལྡན་པའི་ཕྱོགས་གཅིག་ཁོ་ནུ་གསུངས་ཀྱི། ་ཉམས་པར་འགྱུར་བ་མ་གསུངས་བུ་ལ་དགོངས་པ་ཅི་མཆིས་ཞེས་ཞུ་བ་ཡིནོ།། བཤད་པའི་རྣམ་པོ་གཞན་དུ་ན་ཅི་ཙམ་དུ་སེམས་དང་བཅས་པ་དག་ནི་རང་གི་ལས་ཀྱི་དབང་གིས་ལུས་ཕུན་སུམ་ཚོགས་པ་ཐོབ་པ ་འགྱུར་བ་ཡིན་ན། མདོ་དག་ལས་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་མཐུའི་བྱིན་གྱིས་བརླབས་ཀྱིས་སེམས་ཅན་གྱི་ལུས་ཕུན་སུམ་ཚོགས་པར་བྱེད་ཞེས་གསུངས་པས། དེས་དགོངས་པ་ཇི་ལྟ་བུ ་ཞིག་ཅེས་ཁོང་དུ་མ་ཆུད་ནས་ཞུས་པ་ཡིནོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཛུམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་མཐུས་བྱིན་གྱིས་བརླབས་ནས ་ལམ་གང་དང་སྒྲུབ་པ་གང་གིས་ཐམས་ཅད་དུ་སེམས་ཅན་རྣམས་ལུས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་དག་ཅི་རིགས་པར་དེ་དག་ལ་ལམ་དེ་དང་སྒྲུབ་པ་དེ་ཡང་དག་པར་བསྟན་པས་ཞེས་བྱ་བ་ལ་སོགས་པས་ནི།། ་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ།། རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། དགོངས་པའི་བསྟན ་པ་སྨོས་པ་དང་། གང་དག་ཅེས་བྱ་བ་མན་ཆད་ཀྱིས་བསྟན་པའི་རྗེསུ་གྲུབ་པ་དང་འགལ་བར་བྱེད་པས་སྨོས་ནས་དགོངས་པ་དེ་ཡང་དག་པར་བསྟན་པ་སྟེ་འདི་ནི་དང་པོའོ།། འདི་ལྟར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་དང་། ཐེག་པ་གསུམ་གྱི་སྤྱོད་པ་གསུངས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ལུས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་དག ་ལ་ལམ་དེ་དང་སྒྲུབ་པ་དེ་བསྟན་པར་མཛད་ཀྱང་བསྟན་པ་དང་འགོལ་བར་བྱེད་པ་མེད་པ་ནི་མ་ཡིན་པའི་ཕྱིར། ལྡེམ་པོར་དགོངས་ཏེ་གསུངས་པ་མངོན་པར་གྲུབ་པ་ཡིནོ་ཞེས་བྱ་བའི་ཐ་ཚི་གོ།། ཡང་དག་ལམ་དེ་དང་། ་སྒྲུབ་པ་དེ་ཡང་དག་པར་སྒྲུབ་པར་བྱེད་པ་དག་ནི་ཐམས་ཅད་དུ་ལུས་ཕུན་སུམ་ཚོགས་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བསྟན་པའི་རྗེ་སུ་སྒྲུབ་པ་དང་། འགལ་བར་བྱེད་པ་སྨོས་ནས་དགོདས ་པ་ཡང་དག་པར་བསྟན་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། བསྟན་པའི་རྗེསུ་སྒྲུབ་པའི་ཕན་ཡོན་བསྟན་པ་དང་། བསྟན་པ་དང་འགལ་བའི་ཉེས་དམིགས་བསྟན་པའོ།། འདི་ནི་དྲང་པོ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད ་སེམས་ཅན་གང་དག་ལམ་དེ་དང་སྒྲུབ་པ་དེའི་ཕྱིར་སྤོང་ཞིང་མི་སྙན་པ་བརྗོད་པ་དང་། ང་ལ་ཨང་ཀུན་ནས་མནར་སེམས་ཀྱི་སེམས་དང་། ཁོང་ཁྲོ་བའི་སེམས་བསྐྱོད་ནས་འཆི་བའི་དུས་བྱེད་པ་དག་ནི་ཐམས་ཅད་དུ་ལུས་དམན ་པ་ཐོབ་པར་འགྱུར་བས་ཞེས་བྱ་བས་ནི་གཉིས་པ་བསྟན་པ་དང་འགལ་བའི་ཉེས་དམིགས་བསྟན་པའོ།། སེམས་ཅན་གང་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་རྒྱུབ་ཀྱིས་ཕྱོགས་ཤིང་ཐག་པ་གསུམ་གྱི་སྒྲུབ་པ་དག་ལ་མི་སྙན ་པར་བརྗོད་པ་དང་ལྷས་བྱིན་བཞིན་དུ་སངས་རྒྱུ་སྨྲ་ལ་ཀུན་ནས་མནར་སེམས་ཀྱི་སེམས་བསྐྱེད་པ་དང་། སོར་མོའི་འཕྲེང་བ་ལྟར་སངས་རྒྱས་ལ་ཁྱོང་ཁྲོ་བའི་སེམས་བསྐྱེད་པ་དག་ནི། སྐྱེ་བ་ཐམས་ཅད་དུ་ལུས་ཕུན་སུམ ་ཚོགས་པ་མ་ཡིན་པ་ཐོབ་པར་འགྱུར་བས་སོ།། འཇམ་དཔལ་རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐུས་བྱིན་གྱིས་བརླབས་ནས་ལུས་ཕུན་སུམ་ཚོགས་པ་འབའ ་ཞིག་ཏུ་བྱེད་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་ཀྱི་མཐུས་ནི་སེམས་ཅན་གྱི་ལུས་དམན་པར་བྱེད་པ་ཡང་རིག་པར་བྱའོ།། ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་སྟེ། འདི་ཡང ་རྗེསུ་མཐུན་པར་སྒྲུབ་པའི་ཕན་ཡོན་དང་འགལ་བའི་ཉེས་དམིགས་བསྣུན་པའི་མདྲུག་བསྡུ་བ་ཡིན་ཏེ། མདོ་འདི་ཉིད་ཀྱི་བརྡ་ཕྲད་པར་ཟད་དོ།། བྱང་ཆུབ་སེམ་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་ཞིང་ཡོངསུ་དྲག་པ་ན་དངོས་པོ་གང་ནི་མོད་པ་ལགས། དངོས་པོ་གོང་ནི་དཀའ་བ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བདུན་པ་ཞིང་ཡོངསུ་དག་པ་དང་ཞིང་ཡོངསུ་མ་དགུ་པ་དག་ན་གུང ་དག་རྙེད་པར་དཀའ་བ་དང་། གང་དག་མོད་པའི་མཚན་ཉིད་སྟོན་ཏོ།། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་ཞིང་ཡོངས་དག་པ་དང་མ་དག་པ་དག་ན་དངོས་པོ་གང་དཀོན་པ་དང་། མོད ་པ་ཅིག་ཅར་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལྔ་བཀའ་སྩལ་པ། རིགས་ཀྱི་བུ་ཞིང་ཡོངསུ་དག་པ་དག་ན་དངོས་པོ་བརྒྱད་ནི་མོད་ལ། དངོས་པོ་གཉིས་ནི་དཀོན་ནོ་ཞེས་བྱ་བ་འདི ་མན་ཚད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ།། འདི་ཡང་རྣམ་པ་གཉིས་ཏེ། ཞིང་ཡོངསུ་མ་དག་པ་དག་གི་དངོས་པོ་བསྟན་པ་དང་། ཞིང་ཡོངསུ་དག་པ་དག་གི་དངོས་པོ་བསྟན་པའོ།། ། ་ཞིང་ཡོངསུ་མ་དག་པ་དག་གི་དངོས་པོ་བསྟན་པ་ཡང་རྣམ་པ་གཉིས་ཏེ། གྲངས་སྨོས་ནས་ལན་མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བཤད་པ་སྟེ། འདིའི་ལན་མདོར་བསྟན་པའོ།། དངོས་པོ་མོད་པ་བརྒྱད ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ། བཤད་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། དངོས་པོ་བརྒྱད་རྙེད་བླ་བར་བསྟན་པ་དང་། དངོས་པོ་གཉིས་རྙེད་དཀའ་བར་བསྟེན་པ་སྟེ། འདི་ནི་དངོས་པོ་བརྒྱད ་བླ་བར་བསྟན་པའོ།། འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ་འདི་ནི་བརྟག་པའོ།། མུ་སྟེགས་ཅན་རྣམས་དང་སེན་སྡུག་བསྔལ་བ་རྣམས་དང་རིགས་དང་། རུས་དང་ཚེ་རིགས་འབྱོར་པ་དང་། རྒྱུད་པ་ཐ་དད་པ ་རྣམས་དང་། ཉེས་པ་སྤྱད་པ་སྤྱོད་པ་རྣམས་དང་། ཚུལ་ཁྲིམས་རལཱ་པ་རྣམས་དང་། ངན་སོང་རྣམས་དང་། ཐེག་པ་དམན་པ་རྣམས་དང་། བསམ་པ་དང་སྦྱོར་བ་དམན་པའི་བྱང་ཆུབ་སེམས་དཔའ་རྣམས་སོ་ཞེས་བྱ ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་དངོས་པོ་བརྒྱད་རྙེད་བླ་བའི་ལྡན་དུ་གསུངས་པའོ།། འདི་ལྟ་སྟེ། སྡོམ་པ་ཡང་དག་པར་མ་བླངས་པའི་གང་ཟག་ཉེས་བྱས་པ་གང་ཡིན་པ་དེ་ནི་ཉེས་པར་སྤྱོད་པ་ཞེས་བྱའོ།། ། ་སྡོམ་པ་བླངས་པ་གང་ཡིན་པ་དེས་མཆིམས་ལས་འདས་པ་ནི་ཚུལ་ཁྲིམས་རལ་པ་ཞེས་བྱའོ།། སའི་མདུན་རོལ་པ་དང་པོ་སེམས་བསྐྱེད་པ་ཞན་པ་གང་ཡིན་པ་དེ་ནི་བསམ་པ་དམན་པ་ཞེས་བྱ་སྟེ། ཚིག་གཞན ་ནི་བརྡ་ཕྲད་པར་ཟད་དོ།། དངོས་པོ་དཀོན་པ་གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་དངོས་པོ་གཉིས་རྙེད་དཀའ་བར་བསྟན་པའོ།། འདི་ཡང་བསྟན་པ་དང་ལན་དུ་གསུངས་པར་བསྟན་ཏེ་འདི་རྟག་པའོ།། བྱང་ཆུབ ་སེམས་དཔའ་བསམ་པ་དང་། སྦྱོར་བ་མཆོག་དང་ལྡན་པ་རྣམས་ཀྱི་སྤྱོད་པ་དང་རྣམ་པར་རྒྱུ་ཞིང་འདུ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའོ་ཞེས་བྱ་བ་ནི། གཉིས་པ་དེ་བཞིན་གཤེགས་པས་ཡང ་དག་པར་ལན་དུ་གསུངས་པའོ།། འདི་ལྟ་སྟེ། ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱུ་ཞིང་འདུ་བ་དང་། དེ་བཞིན་གཤེགས་པ་རྟག་པར་འཇིག་རྟེན་དུ་འབྱུང་བ་ཤིན་ཏུ་དཀའ་བས་སོ།། འཇམ་དཔལ ་ཞིང་ཡོངསུ་དག་ན་ནི་གོང་མ་ལུས་བཟློགས་པ་དངོས་པོ་བརྒྱད་ནི་དཀོན་ལ། དངོས་པོ་གཉིས་ནི་མོད་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ཞིང་ཡོངསུ་དག་པ་དག་ན་དངོས་པོ་བརྒྱད་ནི་དཀོན་ལ། དངོས་པོ་གཉིས ་ནི་རྙེད་བླ་བར་བསྟན་པ་ཡང་གོང་མ་ལས་བཟློག་པ་ཡིན་པར་བསྟན་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ།། མཚམས་རྣམ་པར་གྲོལ་བའི་མདོ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་མད ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་།། ཞིང་ཡོངསུ་དག་པ་རྣམས་ཁམས་གསུམ་གྱིས་བསྡུས་སམ་ཞེ་ན། སྨྲས་པ། ཁམས་གསུམ་གྱིས་བསྡུས་པ་མ་ཡིན་ཏེ། དེའི་ཕྱིར་མདོ་འདི་ཉིད་ལས་འཇིག་རྟེན ་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་གསུངས་པ་ཡི་ནོ།། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲེ་བ་ལས། སངས་རྒྱས་ཀྱི་ཞིང་དག་ཏུ་སྐྱེས་པ་རྣམས་འདོད་པའི་ཁམ་སུ་གཏོགས ་པ་ཞིག་ཡིན་ནམ། འོན་ཏེ་འདོད་པའི་ཁམསུ་མ་གཏོགས་པ་ཞིག་ཡིན་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཞིང་གཞན་གང་སྣ་ཚོགས་འདྲེས་ཤིང་ཡོངསུ་མ་དག་པ་གང་ཡིན་པ་དེ་ནི་འདོད་པའི་ཁམས་ཞེས་བྱའོ།། ཡོངསུ་དག་པ་གང ་ཡིན་པ་དེ་ནི་ངན་སོང་གསུམ་དང་། དུག་གསུམ་གྱི་མིང་དང་། ཐེག་པ་གཉིས་ཀྱི་མིང་དང་། སྐྱེས་པ་དང་བུད་མེད་ཅེས་བྱ་བ་ཡང་མེད་ལ། མཆིན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་འོད་དཔག་ཏུ་མེད་པས་འཇིག་རྟེན་གྱི་ཁམས ་སྣང་བར་བྱེད་པ་དང་། སྐད་ཅིག་མ་གཅིག་ལ་ལུས་ཚད་མེད་པ་སྤྲུལ་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཕྱིན་ནས་སེ་ནི་གྲངས་མེད་པ་རྙེད་ཡོངསུ་བཟླས་ཏེ་སླར་རང་གི་གནསུ་ཕྱིན་པའོ།། འཇིག་རྟེན་གྱི་ཁམས ་དེ་ལྟ་བུ་དེ་ནི་ས་ལ་མི་གནས་པའི་ཕྱིར་གཟུགས་ཀྱི་ཁམས་ཞེས་མི་བྱའོ།། འདོད་ཆགས་མེད་པའི་ཕྱིར་འདོད་པའི་ཁམས་ཞེས་མི་བྱའོ།། གཟུགས་དང་ལྡན་པའི་ཕྱིར་གཟུགས་མེད་པའི་ཁམས་ཞེས་མི་བྱའོ་ཞེས་འབྱུང་།། ་གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སནཾ་གྱི་ཁམས་དཔག་ཏུ་མེད་པ་ལ་སོགས་པ་དཔག་ཏུ་མེད་པ་ལྔ་གསུངས་པ་དེ་ལ་འཇིག་རྟེན་གྱི་ཁམས་ཐད་མཚུངས་ཤིང་མཉམ་པ་ཡིན་ནམ། འོན་ཏེ་བྱ། ་བྲག་ཡོད་པར་བརྗོད་པར་བྱ་ཞེ་ན། སྨྲས་པ། བྱེ་བྲག་ཡོད་པར་བརྗོད་པར་བྱའོ།། དེ་དག་ཀྱང་རྣམ་པ་གཉིས་ཏེ། ཡོངསུ་དག་པ་དང་། ཡོང་སུ་མ་དག་པའོ།། དེ་ལ་འཇིག་རྟེན་གྱི་ཁམས་ཡོངསུ་དག་པ་དག་ན་ནི་སེཾནཾ་དམྱལ་བ་རྣམས།། ་ཀྱང་མེད། དུད་འགྲོ་རྣམས་ཀྱང་མེད། ཡི་དགས་རྣམས་ཀྱང་མེད། འདོད་པའི་ཁམས་ཀྱང་མེདདུ། གཟུགས་ཀྱི་ཁམས་ཀྱང་མེད། གཟུགས་མེད་པའི་ཁམས་ཀྱང་མེད། སྡུག་བསྔལ་གྱི་ཚོར་བ་མེད་ལ། དེ་དག་ནི་བྱང་ཆུབ་སེམས ་འི་དགེ་འདུན་འབའ་ཞིག་གནས་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་དག་ཡོངསུ་དག་པ་ཞེས་བྱ་སྟེ། དེ་དག་ཏུ་བྱང་ཆུབ་སེམས་དཔའ་ས་གསུམ་པར་ཆད་པ་རྣམས་སྨོན་ལམ་གྱི་དབང་གིས་སྐྱེའི། དེ་དག་ན ་སོ་སོའི་སྐྱེ་བོའམ། སོ་སོའི་སྐྱེ་བོ་མ་ཡིན་པའི་ཉན་ཐོས་རྣམས་ཀྱི་སྐྱེ་བ་རྣམས་སྐྱེ་བ་མེད་དོ།། གལ་ཏེ་དྲི་དག་ན་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་རྣམས་དང་། སོ་སོའི་སྐྱེ་བོ་མ་ཡིན་པའི་ཉན་ཐོས་རྣམས་ཀྱི་སྐྱེ ་བ་མེད་ན་བྱང་ཆུབ་སེམས་དཔའ་རྣམས་སྨྲ་བ་ན། བྱང་ཆུབ་སེམས་དཔའ་གང་སུ་དག་དེ་དག་ཏུ་ཡིད་ཀྱིས་སྨོན་པར་བྱེད་པ་དེ་དག་ཐམས་ཅད་ནི་དེ་དག་ཏུ་སྐྱེ་བར་འགྱུརརོ་ཞེས། ཅིའི་ཕྱིར་སྨྲ་ཞེ་ན། སྨྲས་པ། གདུལ ་བའི་ལེ་ལོ་དང་ལྡན་པའི་རང་བཞིན་ཅན་དགེ་བའི་རྩ་བ་མ་བསགས་པ་རྣམས་ལ་བསམས་ནས་སྨྲས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་དག་ལྟར་དེ་དག་སྤྲོ་བར་གྱུར་ན་ལེ་ལོ་སྤངས་ཏེ། དགེ་བའི་ཆོས་རྣམས་ལ ་བརྩོན་པར་བྱེད་ཅིང་དེར་རིམ་གྱིས་དེ་དག་ཏུ་སྐྱེ་བའི་ཆོས་ཉིད་འཐོབ་པའི་སྐལ་བ་ཅན་དུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་དེ་ལ་བསམས་པ་ནི་དེ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་།། ཞིང་ཡོང་སུ་དག་པ ་དག་ན་ངན་སོང་ཡང་མེད་ན། ཇི་ལྟར་ལྷ་དང་ཀླུ་ལ་སོགས་པ་སྲིད་ཅེ་ན། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། འདིའི་དྲིས་ཚིག་དང་། ལན་དག་འབྱུང་སྟེ། དེའི་ཕྱིར་དེ་ཉིད་ལས་ཁམས་གསུམ་པ་ལས ་ཡང་དག་པར་འདས་པའི་སྤྱོད་ཡུལ་ཨིན་ནི་ནི། ལྷ་ལ་སོགས་པ་མི་སྲིད་དེ། དེ་དག་ནི་ཁམས་གསུམ་པ་ན་སྤྱོད་པ་ཡིན་པའི་ཕྱི་རོ་ཞེའོ།། དེ་བཞིན་གཤེགས་པའི་རྣམ་པར་རིག་པ་དེ་ལྟ་བུའི་རྣམ་པར་སྣང་སྟེ། སངས ་རྒྱས་ཀྱི་ཞིང་བརྒྱན་པའི་ཕྱི་རོ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀླུ་ལ་སོགས་པ་དག་ཏུ་སྤྲུལ་ནས་མཆོད་པ་བྱེད་པ་ཡིན་པའི་ཕྱིར་དང་། ཡང་བདག་ཉིད་དེ་ལྟ་བུར ་སྤྲུལ་ནས་དེ་བཞིན་གཤེགས་པའི་ཞམ་རིང་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ།། བསྟུན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་དང་། ་མྱིང་གི་ཚེ་བསྒྱུར་བ་ལས་ཀྱང་དེ་སྐད་དུ་སྟོན་ཏོ།། གལ་ཏེ་ཞིང་ཡོངསུ་དག་པ་ནི་ཐེག་པ་དམན་པ་མེད་ན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར ་བྱ་སྟེ། དེ་ལས་ནི་སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཡོད་དེ་དགྲ་བཅོམ་པ་ལ་སོགས་པ་ཡང་དེར་སྐྱེ་བར་འགྱུར་རོ་ཞེས་འབྱུང་ངོ་ཞེ་ན། སྨྲས་པ། འདི་ནི་རིགས་མ་ངེས་པའི་ཉན ་ཐོས་མི་སློབ་པ་ཐེག་པ་ཆེན་པོར་སེམས་བསྒྱུར་བ་རྣམ་པར་འགྱུར་བའི་ལུས་ལེན་པ་དབང་འབྱོར་པའི་གཞོལ་མེད་ཁང་ན་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དག་པ་ཡིན་ཏེ། དང་པོའི་གཞི་ཉིད་ལས་དགོངས་ནས ་དགྲ་བཅོམ་པ་ལ་སོགས་པའི་ཞིང་ཡོངསུ་དག་པར་སྐྱེ་ཞེས་བསྟན་པ་ཡིན་ཀྱི་ཡང་དག་པར་དེ་ན་ཐེག་པ་གཉིས་ཡོད་པ་ནི་མ་ཡིནོ།། གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་འོད་དཔག་ཏུ་མེད་པའི་མདོ་ལས། ཉན་ཐོས་ཀྱི་སློབ་མ ་ཚད་མེད་པ། མཐའ་མེད་པ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྡུག་གོ། ཞེས་གསུངས། གཞན་ཡང་བསྒོམ་པ་བསྟན་པའི་མདོ་ལས། གང་ཟག་འབྲིང་རྣམ་པ་གསུམ་ནི་ཞིང་དེར་གདོད་འབྲས་བུ་བཞི་ཐོབ་པར ་འགྱུར་རོ་ཞེས་གསུངས་ཤེ་ན། སྨྲས་པ། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཡོངསུ་དག་པ་ནི་རྣམ་པ་གཉིས་ཏེ། གཞན་ལོངས་སྤྱོད་པ་དང་། སྤྲུལ་པའི་ཞིང་ངོ་།། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་འགྲེལ་པ་ལས། སངས་རྒྱས་ཤཱཀྱ་ཐུབ་པའོ་ཞིང་ཁམས་ན་འཇིག་རྟེན་གྱི་ཁམས་ཡོང་སུ་དག་པ་ཡོད་དེ། སངས་རྒྱས་འོད་དཔག་ཀྱི་ཞིང་ཡོངསུ་དག་པ་ལྟ་བུའོ།། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས ་ན་ཡང་འཇིག་རྟེན་གྱི། ཁམས་བཀོད་པ་ཡོངས་སུ་དག་པ་ཡོད་དེ། སངས་རྒྱས་པཤཱ་ཀྱ་ཐུབ་པའི་ཞིང་ཡོངས་སུ་དག་པ་ལྟ་བུའོ་ཞེས་འབྱུང་སྟེ། མདོ་འདི་ལས་ནི་གཞན་ལོངས་སྤྱོད་པའི་ཞིང་གི ་དབང་དུ་མུརྗིད་ནས་ཐེག་པ་དམན་པ་མེད་ཅེས་གསུངས་པ་ཡིན་ནོ།། གཞན་ཨང་མདོ་འདི་ལས་བརྩམས་ནས། བསྟན་བཅོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་པ་བསྟན་པ་ལུས། ཐེག་པ་པ ་གཉིས་ཀྱི་རིགས་ཅན་དག་མི་སྐྱེ་ཞེས་བསྟན་ལ། འོད་དཔག་མེད་ཀྱི་མདོ་ལ་སོགས་པ་ལས་ནི་སྤྲུལ་བའི་ཞིང་ལ་དགོངས་ནས་ཉན་ཐོས་ཡོད་པར་གསུངས་ཏེ། འདི་ལྷོཊ་དེ་བཞིན་གཤེགས་པ་དེའི་སྔོན་གྱི་སྨོན ་མ་གྱི་དབང་གི་ཕྱིར་རུ།། གཞན་ཨང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གལ་ཏེ་དེ་ལྟར་སངས་རྒྱས་འོད་དཔག་མེད་དང་། སངས་རྒྱས་མི་གཡོ་བ་ལ་སོགས་པ་སྙིགས་མེ་ལྔའི་དུས ་སུ་བྱུང་བ་མ་ཡིན་ནོ།། ཅིའི་ཕྱིར་ཐེག་པ་གསུམ་ཡོད་པར་འགྱུར་ཅེ་ན། སྨྲས་པ། སངས་རྒྱས་དང་པོ་ཐུགས་བསྐྱེད་པའི་ཚེ། སངས་རྒྱས་རྣམས་ཐེག་པ་གསུམ་གྱིས་སེམས་ཅན་སྒྲོལ་བ་གཟིགས་པས་འདི་སྐད་དུ། ་བདག་ཀྱང་ཐེག་པ་གསུམ་གྱིས་སེམས་ཅན་སྒྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ལུང་དང་། རིག་པ་དེས་ན་སྤྲུལ་བའི་ཞིང་ཡོངསུ་དག་པ་དག་ན་ཡང་ཐེག་པ་གསུམ་ཡོད་པར་གྱུར་བ་ཡིན་ནོ།། དེ་ནས ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགོངས་པ་ཟླབ་མོ་ངེས་པར་འགྲེལ་པའི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་འདིའི་མིང་ཅི་ལགས། བདག ་གི་ཇི་ལྟར་བཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བཀའ་བཞིན་དུ་སྤྱོད་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ།། མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོ་འདི་ལ་ཕྱོགས་རྣམ་པ ་གཉིས་ཡོད་དེ། གླེང་གཞིའི་ཕྱོགས་དང་། འཕགས་པའི་གསུང་རབ་ཡང་དག་པར་བསྟོན་པའི་ཕྱོགས་ཏེ། གསུམ་པ་བཀའ་བཞིན་དུ་ཡང་དག་པར་བསྒྲུབ་པའི་ཕྱོགས་ནི་མེད་དེ་ཞེས་ཟེར་ཏེ། བཤད་པ་འདི་དང ་སྦྱར་ནཱ་ལེའུ་བརྒྱད་པ་འདི་ལ་ཕྱོགས་རྣམ་པ་གཉིས་ཡོད་དེ། ཞུ་བ་དང་ལན་དག་གིས་ཡང་དག་པར་བཤད་པའི་ཕྱོགས་དང་། བཀའ་བཞིན་དུ་ཡང་དག་པར་བསྒྲུབ་པའི་ཕྱོགས་སོ།། དེ་ཡན་ཆད་དུ་ཞུ་བ་དང་། ལན ་དོག་གིས་ཡང་དག་པར་བཤད་པའི་ཕྱོགས་བཤད་ཟིན་ནས། འདི་མན་ཆད་གཉིས་པ་བཀའ་བཞིན་དུ་སྒྲུབ་པའི་ཕྱོགས་སྟོན་ཏོ།། ཁ་ཅིག་ན་རེ་མདོ་འདི་ལས་ཕྱོགས་རྣམ་པ་གསུམ་ཡོད་དེ། ལེའུ་དང་པོ་གཅིག ་ནི་བསྟན་པ་འབྱུང་བའི་རྒྱུ་དང་རྐྱེན་གྱི་ཕྱོགས་ཞེས་བྱའོ།། ལེའུ་གཞན་བདུན་པོ་དག་ནི་འཕགས་པའི་བསྟན་པ་ཡང་དག་པར་བཤད་པའི་ཕྱོགས་ཞེས་བྱའོ།། གསུམ་པ་བཀའ་བཞིན་དུ་ཡང་དགེ་པར་བསྒྲུབ ་པའི་ཕྱོགས་ནི་ལེའུ་བཞི་པོ་དག་གི་མཇུག་ཏུ་བསྟན་པ་དག་ཡིན་ཏེ། འདི་ལྟ་སྟེ། རང་གི་ངོ་བོ་ཉིད་ཀྱི་མཆིན་ཉིད་ཀྱི་ལེའུ་དང་། རྣལ་འབྱོར་རྣམ་པར་འབྱེད་པའི་ལྡེའུ་དང་། ས་དང་ཕ་རོལ་ཏུ་ཕྱིན་པའི ་ལེའུ་དང་། དེ་བཞིན་གཤེགས་པའི་བྱ་བ་བསྒྲུབ་པའི་ལེའུ་སྟེ། དེ་ཡན་ཆད་ཏུ་ལེའུ་སྔ་མ་གསུམ་པོ་དག་ལས་འབྱུང་བའི་བཀའ་བཞིན་དུ་ཡང་དག་པར་བསྒྲུབ་པའི་ཕྱོགས་ནི་བསྟན་ནས། འདིར་ནི་བཞི་པོ་དེ ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་བཀའ་བཞིན་དུ་ཡང་དག་པར་བསྒྲུབ་པའི་ཕྱོགས་བསྟན་པ་ཡིན་ནོ་ཞེའོ།། ཁ་ཅིག་ནུ་རེ་ཕྱོགས་དང་པོ་གཉིས་ནི་བཤད་པ་སྔ་མ་གཉིས་དང་མཐུན་ནོ།། གསུམ་པ་བཀའ ་བཞིན་དུ་ཡང་དག་པར་བསླབ་པའི་ཕྱོགས་ནི་ལོགས་ན་ཡོད་དེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཆོས་ཀྱི་རྒྱལ ་བུ་དང་། ལྷ་དང་མཱི་དང་ལྷ་མ་ཡིན་དང་བྲནྡྷས་པའི་འཁོར་ཐམས་ཅད་རབ་ཏུ་དགའོ་ཞེས་གསུངས་པ་ལྟ་བུའོ།། མདོ་གཞན?་དག་ལྔས་ཚིག་མི་འབྱུང་བ་ནི་རྒྱུ་གར་གྱི་དཔེ་ཉིད་མི་མཐུན་པའི་ཕྱིར་རོ།། ཡང ་ན་ལེ་ཙཱ་བ་དག་གི་བསམི་པ་ཐ་དད་པའི་ཕྱིར་རོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གསུམ་དུ་བཤད་པ་ཡོད་ཀྱང་འདིར་ནི་རེ་ཞིག་གཉིས་པ་དང་སྦྱར་རོ།། ཕྱོགས་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ ་གསོལ་བ་དང་། ལན་དུ་གསུངས་པའོ།། འདི་ནི་དང་པོ་འཕགས་པའི་གསུང་རབ་ཀྱི་མཚན་དང་བཀའ་བཞིན་བསྒྲུབ་པའི་ཆོས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པའི་བྱ་བ་བསྒྲུབས་པ་ངེས་པའི་དོནི་བསྟན་པ་ཞེས་བྱ་སྟེ། ཁྱོད་ཀྱིས་ཡོངས་སུ་གཟུང་བར་བྱའོ།། ཞེས་བྱ་བ་ལ་སོགས་པས་ནི། ་གཉིས་པ་དེ་བཞིན་གཤེགས་པས་ཨཱདྱ་དག་པར་ལན་དུ་གསུངས་པ་སྟོན་ཏོ།། འདི་ཡང་རྣམ་པ་གཉིས་ཏེ། གསུང་རབ་ཀྱི་མཚོན་སྨོས་ནས། འཁོར་རྣམས་བཞིན་དུ་བསྒྲུབ་པར་བསྐུལ་བ་དང་། བསྟན་པ ་ཐོས་པའི་ཕན་ཡོན་བསྟན་པ་སྟེ། འདི་ནི་དང་པོའོ།། དེ་བཞིན་གཤེགས་པའི་བྱ་བ་བསྒྲུབ་པའི་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། འཁོར་འདུས་པ་དེ་ལས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བདུན་ཁྲི་ལྔ་སྟོང་གིས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི། གཉིས་པ་བསྟན་པ་ཐོབ་པའི་ཕན་ཡོན་སྟོན་ཏོ།། འདི་ལྟར ་འཁོར་འདུས་པ་རྡོ་ལས།། བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་བསྟེན་པ་ཐོས་པས་ས་བཅུ་པ་རྒྱུ་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་ཐོབ་ནས་ད་དུང་གྱ་ནོམ་པོར་མངོན་པར ་རྟོགས་པར་སངས་མ་རྒྱས་པས་འབྲས་བུ་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་མ་ཐོབ་པ་ཡིན་ཏེ། གཞན་ལོངས་སྤྱོད་པའི་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས ་མ་ཡིན་པའི་ཕྱིར་རོ།། དཔེ་གཞན་གཉིས་ལས་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་ཆོས་ཀྱི་སྒྲ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཏོ།། ཞེས་འབྱུང་ངོ་།། འཕགས་པ་དགོངས་པ ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་རྒྱའི་སློབ་དཔོནི་ཝེན་ཚིག་གིས་མཛད་པ་རྫོགས་སོ།། ་དེཔལ་ལྟ་བཙན་པོའི་བཀའ་ལུང་གིས།། བུ་ཆེན་གྱི་ལོ་སྡེ་བ་དགེ་སློང་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྐུ ་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་