| Wylie | e-texts produced with BDRC’s OCR application |
རྒྱ་གཱར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ནཱ་ཊཱི་ཀ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ། འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ ་ལོ།། ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་ཆེན་པོ་ཡང་དག་པའི་བསྡུས་པའི་དོན་བཅུ་ནི་འདི་ལྟ་སྟེ། དེ་བཞི་ན་གཤེགས་པ་ལ་ཕྱག་འཚལ་བ་དང་། དེ་ལ་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་དང་། ཡོངས་སུ་མྱ་ང་ནཱི་ལཾས་མི་འདའ་བར་བཞུགས་སུ་གསོལ་བ་དང་། དགེ་བྱའི་རྩ་བ་ཡོངས་སུ་བསྔོ་བ་དང་། དེའི་རབ་ཏུ་དབྱེ་བ་དང་། དེའི་མཐར་ཐུག ་པ་དང་། དེའི་ཕན་ཡོན་ཞེས་པའོ།། དེ་ལ་དང་པོར་བྱེ་བྲག་ཏུ་མ་ཕྱེ་བར་སྤྱིར་ཕྱོགས་ཐམས་ཅད་ཀྱི་ཞིང་ན། དུས་གསུམ་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དགེ་ལ། ལུས་དང་ངག་དང་ཡོད་དག་གིས་མངོན་པར ་ཕྱག་འཚལ་བའི་དབང་དུ་བྱས་ཏེ་གསུངས་པ། ཇི་སྙེད་ཅེས་པ་ལ་སོགས་པ་ལ། ཇི་སྙེད་ཅེས་པ་ནི་ཇི་སྙེད་པ་སྟེ། གྲངས་ཇི་སྙེད་པའོ།། དེས་ཀྱང་ཚད་ཡོངསུ་བཅད་པར་འགྱུར་བས། དེའི་ཕྱིར་སྤྱིའི་སྒྲ་དཔག་ཏུ་མེད་པའི་སྣང ་རྒྱས་བཅོམ་ལྡན་འདས་ངག་བསྟན་པར་གསུངས་པ་ནི། སུ་དག་ཅེས་པ་སྟེ། གྲངས་བགྲང་དུ་མེད་པ་ཞེས་བྱ་བའི་དོན་ཏོ།། ཕྱོགས་བཅུ་ཞེས་པ་ནི་ཕྱོགས་བཅུ་ནའོ།། འཇིག་རྟེན་ཞེས་པ་ནི་འགྲོ་བའོ།། དུས་གསུམ་གཤེགས ་པ་ཀུན་ཞེས་པ་ནི། དུས་གསུམ་དུས་སོན་པ་སྟེ། འཇིག་རྟེན་གསུམ་དུས་ཞེས་པའི་བར་དུའོ།། མི་ཡི་སེང་གེ་ཞེས་པ་ལ། གང་གི་ཕྱིར་སེང་གེ་ཞེས་བྱ་བས་ཐམས་ཅད་སྐྲག་ཅིང་རང་ནི་གང་ལ་ཡང ་འཇིགས་པ་མེད་པའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ལ་དེ་དང་འདྲ་བ་ཡིན་པས། དེའི་ཕྱིར་སེང་གེ་དང་འདྲ་བས་ན་སེང་གྲེ་སྟེ། མཱིའི་སྐྱེ་བ་ཡང་དག་པར་བསྟན་པའོ།། མི་ཡང་དེ་སེང་གེ་ཡང་དེ ་ཡིན་པས་ནི་མིའི་སེང་གེ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ།། དེ་ལ་བདག་གི་ཕྱག་འཚལ་བ་ནི་བཏུད་པའོ།། ཐམས་ཅད་ཅེས་པ་ནི་སྨྲ་བའི་བསམ་པའི་དབང་གིས་ཕྱོགས་གཅིག་ལ་ཡང་ཐམས་ཅད་ཀྱི་སྒྲ་མཐོང་བས་མ ་ལུས་པ་ཡོངསུ་བཟུང་བའི་དོན་དུ་མ་ལུས་ཞེས་གསུངས་སོ།། ལུས་དང་ངག་ཡིད་དང་བས་ཞེས་པ་ནི་མཆོག་ཏུ་དད་པ་བསྐྱེད་པས་སོ།། རབ་ཏུ་དང་བའི་སེམས་ཀྱིས་བསླང་ཕྱིར་ལུས་དང་ངག་རབ་ཏུ་དང་བའོ།། ད་ནི་སོ་སོར་རྣམ་པར་ཕྱེ། ་ནས་ལུས་ལ་སོགས་པའི་ཕྱག་འཚལ་བ་གསུངས་པ་ལ་དང་པོར་རེ་ཞིག་ལུས་ཀྱི་ཕྱག་འཚལ་བ་ནི། བཟང་པོར་སྤྱོད་པའི་སྨོན་ལམ་སྟོབས་ཀྱིས་ནི། ཞེས་བྱ་བ་ལ་སོགས་པ་ལ་བཟང་པོ་ནི་དགེ་བའོ།། བཟང་པོ་ཡང་དེ་སྤྱོད་པ ་ཡང་དེ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བའི་དོན་ཏོ།། དེའི་དོན་དུ་སྨོན་ལམ་ནི་སྨོན་པ་དང་དོན་དུ་གཉེར་བའོ།། དེའི་སྟོབས་ནི་བདུད་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་མི་མཐུན་པའི་ཕྱོགས་ལས་ཀྱང་རྒྱལ་བ་སྟེ། དེའི ་ཕྱིར་དེའི་སྟོབས་ཞེས་པའོ།། འདི་ལྟ་བུར་གྱུར་པའི་རྣམ་པ་ལ་གཞན་པས་ནི་བྱ་བ་འགྲུབ་པར་མི་འགྱུར་རོ།། སངས་རྒྱས་ཅིག་ལ་སེམས་ཀྱི་དམིགས་པའི་ཕྱིར། ཇི་ལྟར་སངས་རྒྱས་ཀྱི་ཞིང་ལ་རྡུལ་དང་མཉམ་པའི་ལུས་ཁོ་ན་ཡོད ་ཀྱིས་སྟོང་པས་གཞན་ཕྱག་ཏུ་ཇི་ལྟར་འགྱུར་ཞེ་ན་གསུངས་པ། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ཡང་སེམས་ཀྱི་མངོན་སུམ་དུ་ཞེས་པའི་དོན་ཏོ།། ཞིང་གི་རྡུལ ་སྙེད་ཅེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་ལུས་ཀྱིས་ཕྱག་འཚལ་བའོ།། སྙེད་ཅེས་པའི་སྒྲས་ནི་མཚུངས་པའི་རྣམ་གྲངས་ཏེ། བྱེ་བྲག་མེད་པར་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས ་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་དེའི་གྲངས་ཀྱིས་ལུས་ཀྱིས་ལུས་ཕྱག་འཚལ་བའོ།། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ་ཞེས་པ་ལ། རྒྱལ་བ་ནི་ཉོན་མོངས་པའི་དགྲ་འམ། བདུད་ལས་རྒྱལ་བ་སྟེ་སངས་རྒྱས་བཅོམ ་ལྡན་འདས་ལ་དེ་སྐད་དུ་བརྗོད་དོ།། ཇི་སྐད་གསུངས་པ། སྡིག་པ་མི་དགེའི་ཆོས་ལས་ང་རྒྱལ་བས།། དེ་བས་ཉེར་འགྲོ་བ་ནི་རྒྱལ་བ་ཡིན།། ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བ་དེ་དག་ཐམས་ཅད་དུས་གསུམ་དུ་བཞུགས ་པ་ལ་ཕྱག་བགྱི་བའོ།། དེ་བཞིན་དུ་ཡིད་ཀྱི་ཕྱག་ནི། རྡུལ་གཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡུལ་གཅིག་གི་སྟེང་དུ་ནི་རྡུལ་གཅིག་གི་རྩེ་མོའོ།། རྡུལ་སྙེང་སངས་རྒྱས་ཞེས་པ་ནི་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་འདིར་ཡང ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པ་མ་ལུས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བདེ་བར་གཤེགས་པའོ།། སངས་རྒྱས་སྲས་ཀྱི་དབུས་ཞེས་པ་ནི་རེ་རེ་ཡང་དཔག་ཏུ་མེད་པའི་བྱང ་ཆུབ་སེམས་དཔའི་ཚོགས་ཀྱི་དབུས་ན་བཞུགས་པ་སྟེ། མོས་ཞེས་པ་འཆད་དོ།། ཇི་ལྟར་རྡུལ་གཅིག་གི་རྩེ་མོ་ལ་ཇི་ལྟ་བ་དེ་ལྟར། རིགས་པ་འདི་ཉིད་ཀྱིས་མ་ལུས་པ་ཐམས་ཅད་ཀྱང་ལྟ་བའོ།། ཆོས་ཀྱི་དབྱིངས་ཞེས་པ་ལ། ་ཆོས་ཐམས་ཅད་དག་གི་རང་བཞིན་ནི་ཆོས་ཉིད་དེ། དེ་ཉིད་ཀྱང་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཞེས་པའོ།། དེ་ལྟ་བུའི་རྣམ་པ་ཁོ་ནས་ན་མཁའི་མཐར་ཐུག་པའི་ཆོས་ཀྱི་དབྱིངས་སུ་རེ་རེ་ཡང་དཔག་ཏུ་མེད་པའི་བྱང་ཆུབ་པའི་བྱང་ཆུབ ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་སངས་རྒྱས་བཅོམ་ལྡན་འདས་རྡུལ་གྱི་སྟེང་དུ་གནས་པ་དག་ཡོངས་སུ་རྫོགས་པ་རྒྱུན་མ་ཆད་པར་ཁྱབ་པར་ཡིད་ཀྱིས་མོས་པར་བྱའོ།། ལུས་དང་ངག་གི་ལས་ནི་ཡིད་ཀྱིས ་མོས་པར་བྱའོ།། ལུས་དང་ངག་གི་ལས་ནི་ཡིད་ཀྱིས་ཀུན་ནས་བསླང་བའི་ཕྱིར་བར་དུ་ཡིད་ཀྱི་ལས་བསྟན་ཏོ།། ད་ནི་ངག་གི་ཕྱག་བསྟན་པ་ནི། དེ་དག་བསྔགས་པ་མི་ཟད་ཅེས་བྱ་བ་ལ། དེ་དག་ཅེས་པ་ནི་དེ་དག་གི་དེ་བཞིན་དུ ་མོས་པ་སྟེ། ཉམས་པ་དང་མཐར་ཐུག་མེད་པ་དང་། ཟད་པ་མེད་པ་དེ་ནི་བསྔགས་པ་མི་ཟད་རྒྱ་མཚོ་སྟེ། ཡོན་ཏན་རྒྱ་མཚོའོ།། གང་དེ་དག་གི་བསྔགས་པ་མི་ཟད་རྒྱ་མཚོའོ།། འདིར་བསྔགས་པའི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས ་ཡིན་ལ་རྒྱ་མཚོའི་སྒྲ་ནི་མང་པོའི་ཚོགས་སུ་བལྟ་བར་བྱ་སྟེ། དེ་དག་གི་ཟད་པ་མེད་པའི་ཡོན་ཏན་རྒྱ་མཚོའོ།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱི་ཞེས་པ་དང་ཡན་ལག་གི་སྒྲ་ནི་འདིར་ཡོན་ཏན་གྱི་རྣམ་གྲངས་སོ།། ་གང་ཞེ་ན། གང་གི་ཕྱིར་ཡན་ལག་ལྔ་དང་ལྡན་པའི་བཅོམ་ལྡན་འདས་ཀྱི་གསུངས་ཞེས་ཉན་ཐོས་ཀྱི་ཐེག་པ་ལས་གསུངས་སོ།། ཐེག་པ་ཆེན་པོ་ལས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་དང་། སྟོང་ཕྲག་བརྒྱ་དང་ལྡན་པ་དང་། དཔག ་ཏུ་མེད་པའི་ཡོན་ཏན་དང་ལྡན་པར་བརྗོད་དོ།། དེ་ལ་ཡང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གོ་བར་བྱའོ།། ཐམས་ཅད་ནི་དབྱངས་ཀྱི་ཡོན་ཏན་རྒྱ་མཚོ་དང་ལྡན་པའི་སྒྲ་སྟེ། གང་དབྱངས་དེའོ།། རྒྱལ་བ་ཀུན་གྱི་ཞེས་བྱ་བ ་ལ་སོགས་པ་ལ། རྒྱལ་བ་ཀུན་གྱི་ཡོན་ཏན་ནི་གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། དཔག་ཏུ་མེད་པའི་ཐུན་མོང་མ་ཡིན་པ་ལུས་དང་ངག་དང་ཡིད་ཀྱིས་རང་བཞིན་ནོ།། དེ་བརྗོད་པ་ནི་མངོན་པར་རྫོགས་པ་སྟེ། རབ་ཏུ ་བསྒྲགས་པའོ།། བདེ་བར་གཤེགས་པ་རེ་རེའི་མདུན་དུ། གནས་ནས་བདག་གིས་ཐམས་ཅད་བསྟོད་པའོ།། ཡང་ན་བསྔགས་པ་མི་ཟད་རྒྱ་མཚོ་ཞེས་པ་ནི་གཞི་མཐུན་པཱ་སྟེ། འདི་ནི་ཡོན་ཏན་གྱི་ཁྱད་པར་རོ།། བདེ་བར་གཤེགས་པ་བདག ་གིས་བསྔགས་པ་མི་ཟད་པའི་ཡོན་ཏན་རྒྱ་མཚོ་བརྗོད་དོ་ཞེས་བྱ་བའི་དོན་ཏོ།། ད་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ཀྱི་བླ་དང་བཅད་པ་དང་། བླ་ན་མེད་པའི་མཆོད་པ་རྣམ་པ་གཉིས་གསུངས་པ་ལ། བླ་དང་བཅས་པའི ་ཚིགས་སུ་བཅད་པ་གཉིས་ནི། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པ་གང་མཆོག་ཏུ་གྱུར་པ་དག་པ་ནི་མེ་ཏོག་དམ་པ་དང་། ཕྱེང་བ་དམ་པ་དང་། རོལ་མོ་དམ་པའོ།། བྱུག་པ་དམ་པ་ནི་ཙན་དན་དང་གུར ་གུམ་ལ་སོགས་པའོ།། གདུགས་ཀྱི་མཆོག་དང་། མར་མེའི་མཆོག་དང་། སྤྲོས་ཀྱི་མཆོག་དང་། གོས་ཀྱི་མཆོག་གོ།། བདུག་པའི་མཆོག་ནི་དྲི་ཞིམ་པ་སྣ་ཚོགས་སྦྱར་བར་གྱུར་པའོ།། ཕྱེ་མའི་ཕུར་མ་ནི་སྣ་ཚོགས་པའི་ཙན་དན་དང ་གུར་གུམ་དང་ག་བུར་དང་ཨ་ཀ་རུའི་རང་བཞིན་རི་རབ་དང་མཉམ་པའོ།། བཀོད་པའི་ཁྱད་པར་འཕགས་པ་མཆོག་དག་གིས་ཞེས་པ་ནི་བཀོད་པའི་མཆོག་གོ། བཀོད་པའི་སྒྲ་ནི་འདིར་ཡང་མང་པོའི་རྣམ་གྲངས་ཏེ། ལྷ་དང་མིའི ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱིས་རྒྱལ་བ་དེ་དག་ཉིད་ལ་མཆོད་པར་བགྱི། ཞེས་པའོ།། བླ་ན་མེད་པའི་མཆོད་པ་གསུངས་པ། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་བླ་ན ་མེད་པ་རྒྱ་ཆེ་བའི་མཆོད་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་མཐུ་ལས་སྐྱེས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲོ་བ། ཆོས་ཀྱི་དབྱིངས་ཀྱི་མཆོག་ཏུ་གྱུར་པར་བདག་གིས་སེམས་ཀྱིས་ལྷག་པར་མོས ་པས་རྒྱལ་བ་དེ་དག་ཉིད་ལ་མཆོད་པ་བགྱི་ཞེས་པའོ།། བཟང་པོ་སྤྱོད་ལ་དང་པའི་སྟོབས་ཀྱིས་ནི་ཞེས་པ་ལ། བཟང་པོ་སྤྱོད་པ་ལ་མོས་པ་དང་། ལྷག་པར་མོས་པ་དང་། མངོན་པར་ཡིད་ཆེས་པ་དང་། ངེས་པའི་སྟོབས་ཀྱིས་སོ།། ་དེ་ལ་བཟང་པོ་སྤྱོད་པ་ནི་མདོ་སྡེ་དུ་མ་དག་ལས་བྱང་ཆུབ་སེམས་དཔས་འདི་ལྟ་བུའི་མཆོད་པ་བྱས་སོ་ཞེས་ཐོས་སོ།། ད་ནི་ཇི་སྐད་དུ་བཤད་པའི་ཕྱག་འཚལ་བ་དང་། མཆོད་པའི་ཉེ་བར་བསྡུ་བ་གསུངས་པ། རྒྱལ་བ་ཀུན་ལ་ཕྱག ་འཚལ་མཆོད་པར་བགྱི། ཞེས་པ་ནི་རྒྱལ་བ་ཐམས་ཅད་ལ་ཕྱག་དང་མཆོད་པ་བྱ་བའོ།། རྒྱུ་མཚོན་གང་གིས་ཀྱང་གང་གི་སྒོ་ནས་དང་། རང་བཞིན་ཏེ། རྣམ་པ་གསུམ་གྱིས་སྡིག་པ་བཤེགས་པ་གསུངས་པ། འདོད་ཆགས ་ཞེས་པ་ལ་སོགས་པ་ལ། དེ་ལ་རྒྱུ་མཚོན་གང་གིས་ཤེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་མཚན་གྱིས་སོ།། གང་གི་སྒོ་ནས་ཤེ་ན། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སོ།། རང་བཞིན་ནི་གང་ཡང་སྐྱེ་བ་འདི་འམ། ་སྐྱེ་བ་གཞན་དུ་སྡིག་པ་བདག་གིས་བྱས་པའམ། བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་སྟེ། དེ་ཐམས་ཅ་ང་རྒྱལ་བ་རྣམས་སྲས་དང་བཅས་པའི་མདུན་དུ་གནས་ནས་སྐྲག་པའི་སེམས་ཀྱིས་སྐད་ཅིག་སྐད་ཅིག་ལོ་བཤགས་པར ་བགྱི་སྟེ་སླར་ཡང་མི་བགྱིད་དོ་ཞེས་པོའོ།། ད་ནི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་གསུངས་པ། ཕྱོགས་བཅུ་རྒྱལ་བ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། གང་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་ན་བཞུགས་པ་བརྡར ་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངེས་པར་འབྱུང་བ་རེ་རེའི་དུས་གསུམ་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་དང་།། ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དང་། གང་ཡང་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དང་། གང་ཡང ་རང་རྒྱལ་བ་རྣམ་པ་གཉིས་པོ་བསྟེ་རུ་ལྟར་གཅིག་པོ་སྤྱོད་པ་དང་། ཚོགས་ཤིང་སྤྱོད་པ་དག་གི་ཡང་དུས་གསུམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་དང་། གང་ཡང་སློབ་པའི་གང་ཟག་བདུན་པོ་དག ་དང་། གང་ཡང་མི་སློབ་པ་དགྲ་བཅོམ་པ་དང་། གང་ཡང་ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམས་པའི་རང་བཞིན་གྱི་དུས་གསུམ་གྱི་བསོད་ནམས་ཏེ། དེ་དག་ཐམས་ཅད་ལ་སྐད་ཅིག ་ཏིག་བདག་གིས་རྗེས་སུ་ཡི་རང་བར་བགྱིའོ།། འགྲོ་བའི་སྒྲ་ནི་མ་ལུས་པའི་ཚིག་ཡིན་པའི་ཕྱིར་སློབ་པ་ལ་སོགས་པའི་བསོད་ནམས་ཀྱང་འདིའི་ནང་དུ་འདུས་པར་འགྲུབ་ན། ཅིའི་ཕྱིར་སོ་སོར་བསྟན་ཅེ་ན། དེ་ནི་མ་ཡིན་ཏེ། འགྲོ ་ཞེས་བྱ་བ་ནི་འགྲོ་བ་སྟེ། ཤིན་ཏུ་སྲེད་པ་དང་བཅས་པས་འཁོར་བར་འགྲོ་བ་ཞེས་བྱ་བའི་དོན་ཏེ། དེ་ལ་ཁ་ཅིག་ནི་ཤིན་ཏུ་འགྲོ་བ་མེད་པ་དང་། གཅིག་ནི་འགྲོ་བ་མེད་པ་ཉིད་པས་འགྲོ་བའི་སྒྲས་བརྗོད་པར་མི་བྱའོ་ཞེས་པས་དབྱེ་བ ་བསྟན་ཏོ།། ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་གསུངས་པ། གང་ཡང་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་སྒྲོན་མ་ནི་འགྲོ་བའི་སྒྲོན་མ་སྟེ། འཇིག་རྟེན་གྱི་ཕྱི་དང་ནང ་གི་བདག་ཉིད་ཅན་གྱི་མུན་པའི་ཚོགས་སེལ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་གྱི་སྒྲོན་མའོ།། བྱང་ཆུབ་བརྙེས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་ཡང་དག་པར ་རྟོགས་པའོ།། མ་ཆགས་བརྙེས་ཞེས་པ་ཆགས་པ་མེད་པའི་མངོན་པར་བྱང་ཆུབ་པའི་སྟོབས་ཀྱིས། དངོས་པོ་མ་ལུས་པའི་དོན་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པས་ཆགས་པ་ཐམས་ཅད་ཡང་དག་པར་བསལ་ནས ་ཟབ་མོའི་ཆོས་ཀྱང་རྟོགས་པ་སྟེ། གཞན་དོན་དུ་གཉེར་བ་ལ་སོགས་པ་དང་ལྡན་པ་དག་གིས་ནི་དཀའ་བ་རྟོགས་པར་འགྱུར་རོ་ཞེས་པའོ།། གང་ཡང་ཆོས་འཆད་པར་མི་བཞེད་པར་འཇིག་རྟེན་གྱི་ཁམས་གསུམ་ན། བྱང་ཆུབ ་ཀྱི་ཤིང་མཆོག་གི་དྲུང་ན་བཞུགས་པ་དེ་དག་ཐམས་ཅད་ལ། བདག་གིས་འཇིག་རྟེན་གྱི་མགོན་པོ་གཅིག་པུ་འགྲོ་བ་མི་ཤེས་པའི་མུན་ག་གིས་གཡོགས་པ་ལ། བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་མཛད་པའི་བན་མེད་པའི ་ཆོས་ཀྱི་འཁོར་ལོ་བསྐོར་བར་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ་མདུན་དུ་གནས་ནས། སོ་སོར་འདི་ལྟ་བུར་གསོལ་བ་གདབ་པར་བྱའོ།། ཞེས་པའོ།། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པ་ནི། ་མྱ་ངན་འདས་སྟོན་གང་བཞེད་ཅེས་བྱ་བ་ལ་སོགས་པ་ལ་གང་ཡ་ཞེས་པར་བྱེ་བྲག་ཏུ་མ་བྱས་པ་ནི། འཕྲལ་དུ་བསྟན་པ་ཡིན་པའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ཞེས་པ་ཉིད་དང་འབྲེལ་ཏོ།། གང་ཡང་ཕྱོགས་བཅུའི ་འཇིག་རྟེན་གྱི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་རབ་ཏུ་སྦྱར་བར་གྱུར་པས་ཡུན ་རིང་པོར་བཞུགས་པར་གསོལ་བ་འདེབས་སོ།། དུས་ཇི་ཙམ་དུ་ཞེ་ན། དུས་གསུམ་པོ་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་བསྐུལ་པར་བཞུགས་པར་རོ།། ཅིའི་དོན་དུ་ཞེ་ན། མགོན་ཐམས་ཅད་མེད་པར་གྱུར་པའི་འགྲོ་བ་ལྔ་ཕན ་པ་དང་བྱེདེ་བའི་དོན་དུའོ།། དེ་ལ་ཕན་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་མྱ་ངན་ལས་འདས་པའི་ལམ་ཐོབ་པའོ།། བདེ་བ་ནི་མངོན་པར་མཐོ་བ་ཐོབ་པའོ།། ད་ནི་ཇི་སྐད་དུ་བཤད་པའི་བརྗོད་བྱ་ཕྱག་འཚལ་བ་ལ་སོགས་པས་བསྐྱེད ་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་མྱ་ཆོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། དེ ་བཞིན་གཤེགས་པ་ལ་བསྐུལ་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པའི་དགེ་བ་གང་བདག་གིས་བསགས་ཤིང་བསྐྱེད་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ་ཞེས ་པའོ།། ད་ནི་བརྒྱད་པ་སྟེ། དེའི་རབ་ཏུ་དབྱེ་བ་ཡིན་པ་ལ། དེ་ནི་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ཆ་ཤས་དང་བཅས་པའི་དབྱེ་བ་སྟེ། དེ་ཡང་རྣམ་པ་བཅུ་དྲུག་གོ།། འདི་ལྟ་སྟེ། བསམ་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། ་མ་གོས་པར་རབ་ཏུ་སྦྱོར་བ་དང་། སེམས་ཅན་ལ་ཕན་པ་དང་། གོ་ཚྭ་དང་། ཕན་པ་འདོད་པའི་བྱང་ཆུབ་སེམས་དཔའི་གྲོགས་པོ་དང་། དགེ་བའི་བཤེས་གཉེན་མཉེས་པར་བྱ་བ་དང་། དེ་བཞིན་གཤེགས་པ་མངོན་སུམ་དུ ་བསྒོམས་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། མི་ཟད་པའི་མཛོད་ཡང་དག་པར་དམིགས་པ་དང་། འཇུག་པ་དང་། སྟོབས་དང་། གཉེན་པོ་དང་། ལས་དང་། རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་དང་། བསྡུས་པ་ཞེས ་པའོ།། དེ་ལ་རྣམ་པ་དང་པོ་ནི་བསམ་པ་སྟེ། དེ་ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་པ་ཡོངསུ་སྐོང་བའི་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། མཆོད ་པར་འགྱུར་བའི་བླ་ན་མེད་པའི་མཆོད་པ་གང་འདས་པ་མྱ་ངན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་དག་དང་། གང་ཡང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ན། འཚོ་ཞིང་གཞེས་པས་འགྲོ་བ་ལ ་ཕན་པའི་བདེ་བ་མཆོག་གི་རྒྱུ་རུ་གནས་པ་དེ་དྲུག་ཀྱང་དེ་བཞིན་དུ་མཆོད་པར་གྱུར་ཅིག། གླང་ཡང་མ་འོངས་པ་ནས་འབྱུང་བར་འགྱུར་བ་དེ་ཡང་ཡིད་ལ་བསམས་པའི་དོན་ཡོངས་སུ་རྫོགས་པ་མྱུར་བ་མྱུར་བར་སངས་རྒྱས་ཀྱི་བྱང ་ཆུབ་ཐོབ་པར་གྱུར་ཅིག་པའོ།། དང་པོའི་ཕྱེད་ཀྱིས་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་བསམ་པའོ།། ཕྱིས་ཀྱི་ཕྱེད་ཀྱིས་ནི་བསམ་པ་ཡོངསུ་བསྐང་བར་བསྟན་ཏོ་ཞེས་པའོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་བསམ་པ ་གང་གསུངས་པ་ནི། ཕྱོགས་བཅུ་ག་ལ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྙེད་ཅེས་པ་ནི་གང་དག་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོད་པ་དེ་ཐམས་ཅད་ཡོངས་སུ་དྲག་ཅིང་བདེ་བ་ཅན ་དང་འདྲ་བར་རྒྱ་ཆེ་བ་དང་། དཔག་ཏུ་མེད་པའི་འཇོག་རྟེན་གྱི་ཁམས་སུ་རྒྱ་ཆེ་བར་སོ་སོར་གནས་པར་གྱུར་ཅིག་པའོ།། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་ཞེས་པ་ནི། བྱང་ཆུབ་ཀྱི་ཤིང་ཀི་དབང་པོའི་དྲུང་དུ ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔས་ཀྱང་ཡོངས་སུ་གང་བར་མཉམ་རྒྱུན་མ་ཆད་པོར་ཁྱབ་པར་གྱུར་ཅིག་པའོ།། སེམས་ཅན་ལ་བདེ་བ་སྟེར་བའི་བསམ་པ་ཡང་གང་གསུངས་པ་ནི།། ་ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྐྱེ་གནས་བཞིས་བསྡུས་པའི་འགྲོ་བ་དྲུག་གི་སེམས་ཅན་དེ་དག་ཟག་པ་མེད་པའི ་བདེ་བ་མཆོག་གི་བདེ་བས་མངོན་དུ་བྱེད་པར་གྱུར་ཅིག། ལུས་དང་སེམས་ཀྱིས་ནད་ཀྱང་མེད་པར་རོ།། རྟག་ཏུ་ནི་རྒྱུན་དུ་གྱུར་ཅིག་པའོ།། དེ་དག་ཀྱང་ཆོས་དང་ལྡན་པའི་སྐྱེད་པའི་ཡོན་ཏན་དེ་དང་རྗེས་སུ་མཐུན་པར་རྙེད་པར ་གྱུར་ཅིག། ཆོས་དང་ལྡན་པའི་བསམ་པ་ཁོ་ནས་འགྲོ་བ་ཐམས་ཅད་རྟག་ཏུ་ཕུན་སུམ་ཚོགས་པར་གྱུར་ཅིག་པའོ།། ། ད་ནི་མི་མཐུན་པའི་ཕྱོགས་སྤང་བར་ཉེ་བར་བསྟན་པའི་ཚོགས་སུ་བཅད་པ་བཞིས་བྱང་ཆུབ་ཀྱི་སེམས ་མི་བརྗེད་པ་རྣམ་པ་གཉིས་པ་གསུངས་པ་ནི། བྱང་ཆུབ་སྤྱོད་པ་དག་ནི་ཞེས་བྱ་བ་ནས་བརྩམས་ནས་ལུས་ཡོངས་སུ་བྱུང་བར་ཤོག་ཅེས་པའི་བྱར་དུའོ།། བྱང་ཆུབ་ཅེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་བོ།། དེའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ།། དེ་དག་གིས་སྤྱད་པ་ནི་རྟོགས་པར་གྱུར་ནས་འགྲོ་བ་ཐམས་ཅད་དུ་མི་བརྗེད་པར་གྱུར་ཅིག་པའོ།། དེ་ལྟར་ཚོ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན་ཞེས་པ་ནི། འཆི་བ་དང་སྐྱེ་བ་དག ་ན་ཡང་རྟག་ཏུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག། ཅེས་པའོ།། སྐྱེ་བོ་དང་འཆི་བས་དབུས་ཀྱི་གནས་བརྗོད་པར་དོན་གྱིས་བལྟ་བར་བྱའོ།། འདིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗོད་པའི་རྒྱུ་དང་པོའོ།། རྒྱལ་བ་ཀུན་གྱི་རྗེས་སུ་སློབ ་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་དུས་གསུམ་དུ་བཞུགས་པ་ཐམས་ཅད་ཀྱི་བསླབ་པ་ལ་སློབ་པ་ནི་བཟང་པོ་སྤྱོད་པོ་ལའོ།། བཟང་པོ་སྤྱོད་པ་ཡོངསུ་རྫོགས་བྱེད་ཅིང་ཞེ་ས་པ་ལ། ཡོངས་སུ་རྫོགས་པ་ནི་ཕུན་སུམ ་ཚོགས་པའོ།། ཇི་ལྟར་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ།། རྟག་ཏུ་མཱ་ཉམས་སྐྱོན་མེད་སྤྱོད་པར་ཤོག་ཅེས་པའོ།། ཇི་ལྟར་དཔེར་ན་ཡི་བཞིན་གྱི་ནོར་བུ་རིན་པོ་ཆེ་གློ་བུར་གྱི་དྲི་མས་མ་གོས་པས་དྲི་མ་མེད ་པའི་ཕྱིར་དྲི་མ་མེད་པ་སྟེ། གཡའ་དང་འདྲ་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་རང་བཞིན་གྱིས་ཡོངསུ་དག་པའོ།། དེ་ཉིད་ཀྱིས་ན་མ་ཉམས་སྐྱོན་མེད་པ་སྟེ། འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པ། གདུང་བ ་ཐམས་ཅད་ཡོངས་སུ་ཞི་བར་བྱེད་པ། ནད་ཐམས་ཅད་སེལ་བ་དུས་མ་ཡིན་པར་འཆི་བ་ཟློག་པར་བྱེད་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཁོ་ན་ལ་གཅིག་ཏུ་འཇུག་པའོ།། དེ་བཞིན་དུ་འདིར ་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རིན་པོ་ཆེ་དང་འདྲ་བའི་རིན་པོ་ཆེ་སྟེ། གློ་བུར་གྱི་དྲི་མ་ལས་དང་ཉོན་མོངས་པའི་དྲི་མ་དང་བྲལ་བར་དྲི་མ་མེད་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སེམས་བསྐྱེད་པ་གཡལ ་དང་འདྲ་བའི་སྐྱོན་དང་བྲལ་བའི་ཕྱིར་རོ།། མེད་ན་མྱི་འབྱུང་བ་ཉིད་ཀྱི་ཕྱིར་ཡང་ཐམས་ཅད་མཁྱེན་པ་སེམས་བསྐྱེད་པ་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་རོ།། ཡོངས་སུ་ནི་ཀུན་ནས་སོ།། དག་པ་ནི་ཡོངས་སུ་དག་པོ་སྟེ། བྱང ་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་བརྩོན་པར་བྱེད་པས་ན། ལྟུང་བས་མ་གོས་པའི་བསླབ་པ་ནི་ཉམས་པ་མེད་པས་ན་མ་ཉམས་པའོ།། འདས་པའི་ཡུལ་ཉམས་སུ་མྱོང་བ་ལས་ལྟོས་པའི་སྲེད་པ་སྐྱེས་པ་དང ་ཡང་མ་འོངས་པ་དང་། སྐྱེ་བ་འདི་ལ་ཆགས་པས་མངོན་པར་དགའ་བའི་སྲེད་པ་དང་ད་ལྟར་བྱུང་བ་ལ་མངོན་པར་ཞེན་པའི་སྲེད་པ་སྟེ། དུས་གསུམ་པོ་འདི་དག་གི་སྲེད་པའི་ཁོབ་དག་གིས་ཅུང་ཟད་ཙམ་ཡང་མ་ཕུག ་པས་ན་སྐྱོན་མེད་པའོ།། སོ་དང་འདྲ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཞིར་གྱུར་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་འདོད་པ་ཕུན་སུམ་ཚོགས་པར་བྱེད་པའོ།། གདུང་བ་རབ་ཏུ་སེལ་བ ་དང་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། ལྷ་དང་མི་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པར་བྱེད་པ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཁོ་ན་ལ་གཅིག་ཏུ་འཇུག་པ་ཁོ་ན་སྟེ། ངེས་པའི་ཚིག་ཏུ་ནི་ལུས་དང་སེམས་ཀྱི ་གདུང་བ་ཐམས་ཅད་སེལ་བའོ།། ཚུལ་ཁྲིམས་ཤེས་པ་ནི་བསིལ་བར་བྱེད་པས་ན་ཚུལ་ཁྲིམས་ཏེ། ཚུལ་ཁྱིམས་སྤྱོད་པ་ཡིན་པས་ཚུལ་ཁྲིམས་སྤྱོད་པའོ།། སྤྱོད་པ་ནི་སྤྱོད་པར་བྱེད་པའོ།། རྣམ་པ་དེ་ལྟ་བུ་ཉིད་ཀྱི ་ཚུལ་ཁྲིམས་ཀྱི་སྤྱོད་པ་དྲི་མ་མེད་པ་ཡོངས་སུ་དག་པ། མ་ཉམས་པ། སྐྱོན་མེད་པ་རྒྱུན་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་བར་ཞེས་པའོ།། ད་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པོའི་རྒྱུ་གཉིས་ལ། ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས ་པ་ལ། ལྷ་ལ་ཡོད་པའི་སྐུད་ནི་ལྷའི་སྐད་དོ།། ཀླུ་དང་གནོད་སྦྱིན་དང་གྲུ་ལོ་བུམ་དང་མི་དག་སྟེ། དེའི་སྐད་ནི་དེ་དག་གི་སྐད་དོ།། མདོར་བསྡུ་ན་ཇི་སྲིད་དུ། འགྲོ་བ་ཐམས་ཅད་ཀྱི་སྐད་དེ་དང་དེས། དེ་དང་དེ་ལ་ཆོས ་བསྟན་པ་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ་ཞེས་པའོ།། འདི་ནི་རྣམ་པ་གསུམ་པ་སྟེ། དེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ངེས་པ་ནི་མཉེན་པ་དང་ཞི་བའོ།། ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུ་སྟེ། ་དེ་ལ་མངོན་པར་བརྩོན་པ་ནི། བདག་ཉིད་རྣམ་པ་ཐམས་ཅད་དུ་བརྩོན་པ་དང་ལྡན་པ་མ་དུབ་པའི་ཡིད་ཀྱིས་སོ།། མ་གྱུར་ཅེས་པ་ནི་ཅུང་ཟད་ཙམ་ཡང་བདག་ཉིད་ཀྱི་བྱང་ཆུབ་སེམས་སོ།། བརྗེད་པར་མ་གྱུར་པ ་འདི་མི་བརྗེད་པར་གྱུར་པ་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བརྱ་དུའོ་ཞེས་པའོ།། ཚིགས་སུ་བཅད་པ་ཕྱེད་དང་བཞིས་གང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་དང་། དེ་དག ་གི་གཉེན་པོའི་ཕྱོགས་ཉེ་བར་བརྟན་པར་བྱས་ནས་འདི་ནི་རྒྱུ་བཞི་པ་སྟེ། ད་ནི་ཚིག་རྐང་གཉིས་ཀྱིས་མི་མཐུན་པའི་ཕྱོགས་སྤང་བར་བྱ་བར་བསྟན་པ་གང་གསུངས་པ། སྡིག་པ་གང་རྣམས་སྒྲིབ་པར་གྱུར ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་སྡིག་པོ་སྒྲིབ་པར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པ་སྟེ། དེ་དག་མ་ལུས་པ་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་ཟད་པར་སྤོང་བར་གྱུར་ཅིག། ་ཅེས་བྱའོ།། ད་ནི་མ་གོས་པའི་སྦྱོར་བ་རྣམ་པ་གསུམ་པ་སྟེ། རྒྱུ་གསུམ་པ་དག། གྲང་ལས། གང་དུ། གང་ལྟར་གསུངས་པ་ནི། ལས་དང་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་ཤེས་པ་ནི་ལས་དང ་ཉོན་མོངས་པ་དང་བདུད་ཀྱི་ལམ་ཡང་ངོ་།། ལས་དེ་ཡང་བྱེ་བྲག་ཏུ་མ་བྱས་པའི་ཕྱིར་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་བྱེ་བྲག་གིས་གསུམ་ཆརྭ་ཡང་བཟུང་ངོ་།། དེ་ལ་མི་དགེ་བའི་ལས་དང་ཉོན་མོངས་པ ་དང་བདུད་ཀྱི་ལམ་དག་ལས་རྣམ་པར་གྲོལ་བ་ནི་དེས་མོ་གོས་པར་རྟག་ཏུ་སྤྱོད་པའོ།། གང་དུ་ཞེ་ན། འཇིག་རྟེན་ལྷ་ལ་སོགས་པར་རོ།། ཇི་ལྟ་བུར་ཞེ་ན། ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན་ཞེས་པ་སྟེ། ཇི་ལྟར་པདྨ ་ཆུ་ལས་སྐྱེས་ཀྱང་ཆུས་མཱི་གོས་སོ།། དེ་དང་འདྲ་བར་སྡིག་པའི་ལས་དང་། ཉོན་མོངས་པ་དང་། བདུད་ཀྱི་ལམ་འཇིག་རྟེན་པའི་ཆོས་དག་གིས་མི་གོས་པར་སྤྱོད་པ་སྤྱད་དོ་ཞེས་པའོ།། དེ་བཞིན་དུ་དགེ་བ་དང་མི་གཡོ་བའི ་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ལ་མི་ཆགས་པར་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་འབའ་ཞིག་ཁོ་ནའི་ཕྱིར་སྤྱད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་པ་ཁོང་ནས་དབྱུང་ངོ་།། ཅི་དང་འདྲ་བར ་ཞེ་ན། ཉི་ཟླ་ན་མཁར་ཐོགས་པ་མེད་ལྟར་སྤྱོད་ཅེས་པ་སྟེ། ཇི་ལྟར་ཟླ་བ་དང་ཉི་མ་དག་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་དང་འདྲི་བར་གཞན་གྱི་དོན་བྱེད་པ་གཅིག་པུས་འཇུག་པའི་ཕྱིར་རོ།། བདག་གི་དོན་ལ་ནི་ཅུང་ཟད ་ཙམ་ཡང་ཆགས་པ་མེད་པར་ཉིན་དང་མཚོན་དུ་ན་མཁའ་ལ་རྒྱུ་བ་དང་འདྲ་བར་ཞེས་པའོ།། དེ་ལྟ་བདུད་ཅེས་པ་ནི་གང་གི་ཕྱིར་དགེ་བའི་བར་དུ་གཅོད་པར་བྱེད་ཅིང་། བྱང་ཆུབ་ཀྱི་ལམ་ལ་འགེགས་པ། ཡང་དག་པའི ་ལམ་ལས་ཟློག་པ་སྟེ། ངེས་པའི་ཚིག་ཏུ་ནུ་ཆོས་ཀྱི་སྲོག་གི་བར་དུ་གཅོད་པར་བྱེད་པའི་རྒྱུ་ཡིན་པས་བདུད་ལ་བདུད་ཙོས་བརྗོད་དོ།། དེ་ཡིད་ལམ་འགྲོགས་པ་ནི་ཕན་པོའི་དངོས་པོ་སྒྱུ་ཡི་བསླུ་བ་སྟེ། སྐྱེ་བ་འདིའམ ་གཞན་ཐམས་ཅད་ལའོ།། ད་ནི་རྣམ་པ་བཞིས་སེམས་ཅན་ལ་ཕན་པར་བྱེད་པ་གང་གསུངས་པ་ནི། ངན་སོང་སྡུག་བསྔལ་ཞེས་པ་ལ་སོགས་པ་ལ། འགྲོ་བའི་སྡུག་བསྔལ་ཐམས་ཅད་ནི་སོང་ན་སོང་གི་སྡུག་བསྔལ་ཏེ། ་ངན་སོང་གསུམ་དུ་སྐྱེད་པ་དེའི་རབ་ཏུ་ཞི་བའོ།། ཅིའི་ཕྱིར་ངན་སོང་གི་སྡུག་བསྔལ་ཁོ་ནར་རབ་ཏུ་ཞི་བ་ཞེས་བརྗོད་ཅེ་ན། དེ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་བདག་ཉིད་ཡིན་པའི་ཕྱིར་དངོས ་སུ་བསྟན་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་བྱེད་པར་རྟོགས་པར་བལྟའོ།། འགྲོ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བདེ་བ་ལྔ་རབ་ཏུ་གཞོག་པར་བྱེད་པའོ།། ཇི་ལྟར་བྱ་ཞེ་ན། འགྲོ་བ་ཐོམས ་ཅད་ཉིད་ལ་ཕན་པ་དང་བདེ་བའི་བསམ་པས་སྦྱོར་བ་གཞན་མི་བྱེད་པར་ཇི་སྲིད་བླ་ན་མེད་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་ཡོངས་སུ་མ་དུབ་པའི་ཡིད་ཀྱིས་སྤྱོད་པའོ།། དུས་ཇི་ཙམ་དུ་ཞེ་ན་གསུངས་པ། ཞིང་གི ་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར་ཞེས་ཏེ། ཇི་ཙམ་པར་ཞེས་པ་ནི་ཞིང་གི་ཁྱོན་ཇི་ཙམ་པར་ཞེས་པ་སྟེ། ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་གི་རྒྱུན་བསྐལ་བློ་གཅིག་ནས་གཅིག་ཏུ་བརྒྱུད་པར་གྱུར་པ་སྟེ། ཕྱོགས ་ཤེས་པ་ཕྱོགས་བཅུ་དེ་སྙེད་དུ་སྤྱོད་དོ་ཞེས་བྱ་བར་འབྲེལ་ཏེ། རྣམ་པ་ལྔ་པ་སྟེ་གོ་ཆ་གསུངས་པ་ལ། དེ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངསུ ་རྫོགས་པ་དང་། དམ་པའི་ཆོས་གསལ་བར་བསྟན་པའོ།། གང་གསུངས་པ། སེམས་ཅན་དག་གི་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་དག་ལ་སྐྱེ་བ་དང་སྐྱེ་བར་རང་བཞིན་གྱིས་གཡོ་སྒྱུ་མེད་པས ་བདེ་བར་དྲི་བ་དང་། སེམས་དང་སྤྱོད་པ་ཡོངསུ་ཤེས་ནས། རྗེས་སུ་འཇུག་པ་སྟེ། རྗེས་སུ་མཐུན་པར་གྱུར་པས་སོ།། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཅེས་བྱ་བ་ལ། བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ནི་བྱང་ཆུབ ་ཀྱི་སྤྱོད་པའོ།། དེ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཕེལ་བའི་བར་དུའོ།། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབསོ་ཀྱིས་ནི་ཞེས་པ་ལེ། བཟང་པོ་སྤྱོད་པ་ཡང་འདིར་ཆོས་སྟོན་པའི་རང་བཞིན་དུ་ཡོངས ་སུ་བཟུང་སྟེ། སྨྲ་བར་འདོད་པའི་བསམ་པས་གསུང་རབ་ཀྱི་ཚིག་ལ་བཟང་པོ་སྤྱོད་པ་ཞེས་ཉེ་བར་བཏོགས་པ་སྟེ། མ་འོངས་པའི་བསྐལ་པ་མཐར་ཐུག་པའི་བར་དུ་མི་སྐྱོ་བའི་ཡིད་ཀྱིས་སྤྱོད་པར་བྱའོ་ཞེས་པའོ།། ། ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་མཚུངས་པའི་བྱང་ཆུབ་སེམས་དཔའི་གྲོགས་པོ་དང་འགྲོགས་པས་ནི་རྣམ་པ་དྲུག་པ་སྟེ། གང་གསུངས་པ། བདག་གི་སྤྱོད་པ་དང་མཚུངས་པ་ཞེས་བྱ་བ་ལ་སོགས་པ་ལ། ་གླགྲང་ཡང་སྤྱོད་པ་མཚུངས་པ་བདག་དང་འདྲ་བའི་བྱང་ཆུབ་སེམས་དཔའོ།། སྤྱོད་ཅེས་པས་ནི་སྤྱོད་པ་དེ་དང་ལྷན་ཅིག་ཏུ་མཚུངས་པ་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་འགྲོགས་པར་གྱུར་ཅིག་པའོ།། ལུས་དང་ངག་དང་ཡིད ་ཀྱིས་ཀྱང་ངོ་ཉིད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་གཅིག་པུའི། སྨོན་ལོ་མ་སྤྱོད་ཅིང་ཉོན་མོངས་པ་མེད་པར་གནས་སོ་ཞེས་པའོ།། ཕན་པའི་བསམ་པས་གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན ་པ་ནི་རྣམ་པ་གསུམ་སྟེ། གང་གསུངས་པ། བདག་ལ་ཕན་པར་འདོད་པའི་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་དགེ་བའི་བཤེས་གཉེན་ཕན་པར་འདོད་པ། བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ། ཆོས་ཀྱི ་གཏམ་བྱེད་པ་དེ་དང་ལྷན་ཅིག་མཚུངས་པར་རྟག་ཏུ་འགྲོགས་པར་གྱུར་ཅིག་པའོ།། དུས་དང་འཁོར་དང་མཆོད་པའི་བྱ་བ་ལ་ངལ་བ་མེད་པར་དེ་བཞིན་གཤེགས་པ་མངོན་སུམ་དུ་བསྒོམ་པ་རྣམ་བྱ་བརྒྱད་གྲང་གསུངས ་པ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བ་ཞེས་བྱ་བ་དག་ལ། ཕྱོགས་བཅུ་པོ་ཀུན་གྱི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་མགོན་པོ་འགྲོ་བའི་གཉེན་གཅིག ་པུ་མ་བསྒྲིབས་པའི་མིག་གིས་རྟག་ཏུ་བལྟའོ།། དེ་དག་ལ་ཡང་སྐད་ཅིག་སྐད་ཅིག་ལ་སོ་སོར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རྒྱ་ཆེ་བ་ན་མཁའི་དབྱིངས་དང་མཚུངས་པ། ཆོས་ཀྱི་དབྱིངས་ཁྱབ་པ་འམ་མཆོད ་པར་བྱའོ།། དུས་ཇི་ཙམ་དུ་ཞེ་ན། མ་འོངས་པའི་བསྒྲལ་པ་ཐམས་ཅད་ཀྱི་མཐར་ཐུག་པར་དུབ་པ་མེད་པའི་སེམས་ཀྱིས་ཤེས་པའོ།། འཛིན་པ་དང་སྟོན་པའི་ལས་དག་གིས་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམ་པ་དགུ་བྱ ་གང་གསུངས་པ་ནི། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་རྒྱལ་བ་ཐམས་ཅད་ཀྱིས་གང་གསུངས་པ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་བསྟན་པ་དང་། དེ་འཛིན ་པའི་སྟོབས་ཀྱིས་འཛིན་པ་དང་། ནན་ཏན་དུ་བྱའོ།། བྱང་ཆུབ་ཀྱི་སྤྱོད་པ་ཡང་ཆོས་སྟོན་པའི་རང་བཞིན་ཏེ། འགྲོ་བ་ལ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱའོ།། གསལ་བར་བྱེད་པ་ནི་ཡང་དྲུག་པར་གསལ་བར་བསྟན་པའོ།། འདིར་ཡང ་བྱང་ཆུབ་ཀྱི་སྤྱོད་པ་ཞེས་པ་ནི་དེ་དང་གསལ་བར་སྟོན་པ་ནི། ཚིག་ལ་མངོན་པར་བརྗོད་དོ།། བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་ཞེས་པ་ལ། བཟང་པོའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། དེ་རྣམ་པར་སྦྱང་བ་ནི་དྲི་མ་མེད ་པར་བྱ་བ་སྟེ། མ་ལུས་པར་བཀྲུས་ནས་རིང་དུ་བྱེད་པས་མ་འོངས་པའི་བསྐལ་པ་ཀུན་ཏུ་སྤྱོད་པ་ནི་ནོན་ཏན་དུ་བྱ་བའོ།། བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་ཚོགས་བསགས་པ་མི་ཟད་པའི་མཛོད་ཡང་དག་པར ་དམིགྲོས་པ་རྣམ་པ་བཅུ་པ་གསུངས་པ་ནི། སྲིད་པ་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པོ་ལྔ། འདོད་པའི་ཁམས་ལ་སོགས་པའི་སྲིད་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་གྱི་དབང་གིས་འཁོར་བྱ་ན་འཁོར་བར་སྐྱེ་བ་དང་། ་ཟད་མི་ཤེས་པའི་བསོད་ནམས་ཀྱི་ཚོགས་དང་ཡང་དག་པར་ལྡན་པར་འགྱུར་བ་དང་། དེ་བཞིན་དུ་ཐབས་དང་ཤེས་རབ་དག་དང་། ཏིང་ངེ་འཛིན་ན་མཁའ་མཛོད་དང་། དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པ་དག་དང་། དེ་བཞིན ་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྙིང་རྗེ་ཆེན་པོས་དམིགས་པ་སྒྱུ་མར་གྱུར་པ་ལ་སོགས་པ་དང་། ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་མི་ཟད་པའི་མཛོད་ཟད་མི་ཤེས ་པའི་ཡོན་ཏན་གྱི་གཏེར་དུ། འགོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བའི་རྒྱུར་གྱུར་ཅིག་ཅེས་པའོ།། རྣམ་པ་བཅུ་གཅིག་པ་ནི་འཇུག་པ་སྟེ། དེ་ཡང་རྣམ་པ་བརྒྱད་དོ།། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང ་ལྟ་བ་ལ་འཇུག་པ་རྣམ་པ་གཉིས་དང་། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང་། བསྐལ་པར་གནས་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པ་ལ་ལྟ་བའི་སྤྱོད་ཡུལ་ལ ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་དུ་བཀོད་པ་དག་ལྟ་བ་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་སྟེ་བརྒྱད་དོ།། དེ་ལ་སངས་རྒྱས་ཀྱི་ཞིང་ལ་འཇུག་པ་རྣམ་པ་གཉིས་ཚིགས་སུ་བཅད་པ་རྣམ་པ་གཉིས ་ས་གང་གསུངས་པ་ནི། རྡུལ་གཅིག་ཅེས་བྱ་བ་ལྔ་སོགས་པ་ལ། རྡུལ་གཅིག་གི་རྩེ་མོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ངོ་།། དེ་ལ་ཡང་ཞིང་ཞེས་པ་ནི་ཞིང ་ཞིང་ངོ་།། བསམ་གྱི་ཁྱབ་པ་ཞེས་པ་ནི་བསམ་གྱིས་མི་ཁྱབ་ཅིང་བསམ་པ་ལས་འདས་པོའི་སངསྤུ་རྒྱུས་བཅོམ་ལྡན་འདས་དག་པ་དང་། སངས་རྒྱས་ཀྱི་སྲས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་དག་གི་དབུས ་ན་བཞུགས་པ་ཞེས་པ་ནི་བཞུགས་པར་གྱུར་པའོ།། བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་པ་ལ། བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་པ་སྟེ། རྟོགས་ནས་སྤྱོད་པའོ།། བལྟ་ཞེས་པ་ནི་ལྟ་བ་ལ་འཇུག་པའོ།། དེ་ལྟ་བུར་གྱུར་པའི་སྨོན་ལམ ་ནི་མི་སྲིད་པས་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་འབྲས་བུ་མེད་པ་འདི་ལྟར་རྟོགས་ཏེ། གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་གཅིག་རྣམ་པར་དབྱེ་བ་ཡང་རྡུལ་གཅིག་གི་རྩེ་མོ་ལ་ལྟ་བར་མི་སྲིད་ན། དེ་ཇི་ལྟར་དུས་གསུམ ་ན་བཞུགས་པ་མ་ལུས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ན། གྲངས་དཔག་ཏུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་དག་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པས ་ཡོངས་སུ་གང་བ། སོ་སོའི་རྣམ་པར་དབྱེ་བ་རྡུལ་གཅིག་གི་རྩེ་མོ་ལྔ་ལྟ་ཞེས་པའི་སྨོན་ལམ་ཇི་ལྟ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ལས་ཀྱི་སྤྲུལ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པས་སྟེང ་དང་འོག་དང་ཐད་ཀཱར་ཐ་དད་པ་ཇི་ལྟ་བ་དེ་བཞིན་དུ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྲུལ་པས་རྡུལ་གཅིག་གི་རྩེ་མོ་ལ་འདི་ལྟ་བུ་ཅིའི་ཕྱིར་སྲིད་པར་མི་འགྱུར། བསམ་གྱིས་མི་ཁྱབ་པ་ཡང་གང་གིསུངས་པ། ངོ་མཚར ་ཅུང་ཟད་ཡོད་པར་ནི།། འཇིག་རྟེན་ཁམས་པས་མ་མཐོང་སྟེ།། དབང་པོས་མངོན་དུ་གྱུར་པ་ཉིད།། དེ་ལ་ངོ་མཚར་ཅི་ཞིག་ཡོད།། བསམ་གཏན་པ་ལོ་ཀླུ་དག་དང་།། སངས་རྒྱས་མཐུ་ཡི་བདག་ཉིད་ཆེ།། འཇིག་རྟེན་མགོན་པོ་སྐྱོབ་པ ་ཡིད། བཞི་པོ་བསམ་མི་ཁྱབ་པ་གསུངས།། ཞེས་སོ།། དེ་ལྟར་ཡང་འདིར་སངས་རྒྱས་ཀུན་གྱི་གསུང་ལ་བློ་ཞན་པ་དག་མི་སྲིད་པའི་དོན་ལ་ཡང་དེ་བཞིན་ཁོ་ན་ཡིན་ནོ་ཞེས་ཤིན་ཏུ་དད་པར་བྱེད་དོ།། འདི་ཡང་ཤིན་ཏུ་གསལ་བར ་རབ་ཏུ་བསྒྲུབས་ཟིན་ཏོ།། ལྐོག་དོན་སངས་རྒྱས་ཀྱིས་གསུངས་པ།། གང་བློ་ཐེ་ཚོམ་སྐྱེ་འགྱུར་བ།། དེས་ནི་འདིར་ནི་ཡིད་ཆེས་པས།། སྟོང་པ་ཉིད་ལ་རབ་ཏུ་བྱ།། འཇིག་རྟེན་ན་ཡང་ཇི་སྲིད་དུ་སྣོད་ཤིན་ཏུ་ཆུང ་བ་ཆུ་དང་པས་ཡོངས་སུ་གང་བ་ལ། ནམ་མཁའ་ལ་བརྒྱན་པའི་གཟའ་དང་རྒྱུ་སྐར་ལ་སོགས་པ་ཐམས་ཅད་མཐོང་བ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་གསུངས་པ། ཆོས་རྣམས་བྲག་ཅ་དང་མཚུངས་པ།། རབ་རིབ ་རྨི་ལམ་མཚན་ཉིད་དང་།། སྒྱུ་མ་སྨིག་རྒྱུ་འདྲ་བ་དང་།། དྲི་ཟའི་གྲོང་ཁྱེར་ལྟ་བུའོ་ཞེས་སོ།། འདི་དག་ཀྱང་གང་ཡང་དུས་གསུམ་དག་གི་ཞིང་བཀོད་པའི་ཚོགས་སུ་བཅད་པས་ཕྱིས་གསལ་བར་སྟོན་པར་འགྱུར་རོ།། དེ་ལྟར་མ ་ལུས་ཞེས་བྱ་བ་ལ་སོགས་སོ་པ་ལི། ཛ་ལྟར་རྡུལ་གཅིག་གི་རྩེ་མོ་ད་ལྟ་བུར་མ་ལུས་ཤིང་ལུས་པ་མེད་པའི་ཕྱོགས་ཐམས་ཅད་ཀྱིའོ།། སྒྲ་ཙམ་ཁྱོན་ཞེས་པ་ནི་སྒྲའི་རྩེ་མོའོ།། འདི་སྐད་བསྟན་པར་འགྱུར་ཏེ། སྐྲའི་རྩེ་མོའི་ཙམྦ ་གྱི་ཁྱོན་གྱི་ཚད་ལ། དུས་གསུམ་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོ་དང་། དེ་དག་གི་ཞིང་རྒྱ་མཚོའོ།། སྤྱད་པ་ཞེས་བྱ་བ་ལ་སྤྱོད་པ་དེ་སྔོན་དུ་བྱ་བ་སྟེ། མ་འོངས་པའི་བསྐལ་པ་རྒྱ་མཚོའི་བར་དུ་འཇུག་པའོ།། ་སངས་རྒྱས་ཀྱི་གསུང་ལ་འཇུག་པ་ཡང་གང་གསུངས་པ། གསུང་གཅིག་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་གསུང་གཅིག་གིས་ཆོས་བསྟན་པ་ལ། གྲངས་ལས་འདས་པའི་སྐྱེ་བོ་མང་པོའི་བྱེ་བྲག ་གིས་དོན་གཞན་དང་གཞན། ཚིག་དང་ཡི་གེ་གཞན་དང་གཞན་དཔག་ཏུ་མེད་པ་ཅིག་ཅར་དཔག་ཏུ་མེད་པའི་གསུང་གི་ཡན་ལག་རྒྱ་མཚོ་དང་ལྡན་པའི་སྒྲ་ཐོས་སོ།། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་ཐམས ་ཅད་ཀྱི་ཡང་དེ་བཞིན་དུ་ཆོས་སྟོན་པའི་དབྱངས་ཀྱིས་ཡན་ལྕག་རྣམ་པར་དག་པ་དཔག་ཏུ་མེད་པ་ཉན་པའི་སྐྱེ་བོ་དག་གིས་འདོད་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དེ་ལྟ་བུར་སངས་རྒྱས་ཀྱི་གསུང་སྒྲིབ་པ་མེད་པར་ཐོས་སོ།། དེ་ལ ་དེ་བཞིན་གཤེགས་པ་རེ་རེའི་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ལ་རྟག་ཏུ་འཇུག་པར་བྱ་ཞིང་མ་ལུས་པར་ཡིད་ལ་བྱའོ་ཞེས་པའོ།། དེ་བཞིན་དུ་ཡང་གསུངས་པ། དེའི་ཕྱིར་ངོ་མཚར་མི་ཆེ་སྟེ། འདི་ནི་ཤིན་ཏུ་ངོ་མཚར་ཆེ། ་མང་པོ་ཉེ་བར་འདུག་པ་ལ།། གང་དེ་མོས་པའི་དབང་གིས་ནི།། ཚིག་གཅིག་གིས་ནི་བཤད་པ་ཡང་།། དུ་མ་ཉིད་དུ་མཚོན་ནས་ནི།། བདག་ཉིད་ལ་ནི་སྟོན་ཏོ་ཞེས།། སྐྱེ་བོ་མང་པོས་གོ་བར་འགྱུར།། ཞེས་སོ།། དེ་བཞིན་དུ་སྡོང་པོ་བཀོད ་པའི་མདོ་བྱམས་པའི་རྣམ་པར་ཐར་པ་ལས་གསུངས་ཏེ། གང་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཆོས་ཀྱི་སྤྲིན་སྟན་གཅིག་ལ་གནས་ཏེ་མ་རྨོངས་པར་འཐུང་བས་བསྐལ་པ་བྱ་བ་ཁྲག་ཁྲིག་པར་དུ་སེམས་ངོམས་པ ་མེད་པར་བློ་ཆེན་པོ་རྒྱ་མཚོ་དང་མཚུངས་པར་བདག་གནས་པར་བྱའོ་ཞེས་སོ།། དང་པོའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྟོན་པ་པོའི་ཆེ་བའི་བདག་ཉིད་དོ།། ཕྱིས་ཀྱི་ཚོགས་སུ་བཅད་པ་ཕྱེད་ཀྱིས་ནི་ཉན་པའི་སྐྱེ་བོའི་བདག ་ཉིད་ཆེ་བ་བསྟན་ཏོ།། གང་ཞེས་པ་ནི་བདུན་པ་སྟེ། གཅིག་གི་ཚིག་ཏུ་བརྗོད་པའོ།། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།། ཞེས་པ་ཡ། སྒྱུ་ཀུན་གྱིས་ཞེས་པའི་ཚིག་གི་ཁ་སྐོང་དུ་བལྟ་བར་བྱའོ།། ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་ཡང་གང་གསུངས་པ། དུས་གསུམ་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཀྱང་དུས་གསུམ་དུ་བཞུགས་པའི་རྒྱལ་བ་ཐམས་ཅད་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ ་འཇུག་པ་དང་ལྡན་པ་གང་མི་ཟད་པ་གྲངས་ལས་འདས་པའི་དབྱངས་ཀྱི་བློའི་སྟོབས་ཀྱིས་ཞེས་པ་ནི། ཡེ་ཤེས་ཀྱི་མཐུའི་བདག་ཉིད་ཀྱིས་ཅིག་ཅར་འཇུག་པ་སྟེ། འཇུག་པར་བྱའོ།། ཐབས་གང་དང་གང་གིས་གང་ལ་ཆོས་སྟོན ་པར་དུས་གང་ལེ་དང་ཡུལ་གང་ལ་མོས་པ་དུ་མའི་སེམས་ཅན་གདུལ་བྱ་ལ་འགྲོ་བ་སྟེ། འདིར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ།། དབྱངས་ཀྱི་སྒྲ་ནི་འདིར་ཡང་ཚིག་ཁ་བསྐྱང་བའི་དོན་ཏོ།། བསྐལ་པར་གནས་པ་ལ་འཇུག ་པ་ཡང་གསུངས་པ། མ་འོངས་བསྐལ་པ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱི་སྐད་ཅིག་གིས་ཕྱོགས་བཅུར་བཞུགས་པ་མ་འོངས་བསྐལ་བར་འཇུག་པ་སྟེ། མདོར་བསྡུ་ན་བསྐལ་པ་གཅིག་ནས་གཅིག་ཏུ་བརྒྱུད ་པར་བདག་གིས་འཇུག་པར་བགྱི་བའོ།། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག་ཅེས་པ་ནི་སྣ་ཚོགས་པ་དུས་གསུམ་གྱི་གྲངས་ལས་འདས་པ་དེ་ཐམས་ཅད་ཡེ་ཤེས་སྐད་ཅི་ག་མ་གཅིག་གིས་མཐར་ཏེ། གཅིག་ཅེས ་པ་ནི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཕྱོགས་གཅིག་གོ།། འཇུག་ཅེས་པ་ནི་ནང་དུ་འདུས་པར་བྱའོ་ཞེས་པའོ།། དེ་བཞིན་གཤེགས་པ་ལ་ལྟ་བ་དང་། དེའི་སྤྱོད་ཡུལ་ལ་འཇུག་པ་གང་གསུངས་པ། དུས་གསུམ་གཤེགས ་པ་མི་ཡི་སེང་གེ་གང་ཞེས་པ་ལ་སོགས་པ་ལ་གང་ཡང་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་མིའི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་བདག་གིས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་སོ།། བལྟ་ཞེས་པ་ནི་བལྟ ་བར་བྱ་བའོ།། དེ་དག་གི་སྤྱོད་ཡུལ་ནི་ཡུལ་ལོ།། སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག་ཅེས་པ་ནི། སྒྱུ་མར་གྱུར་པའི་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཀྱི་རང་བཞིན་དེའི་སྟོབས་ཀྱིས ་རྒྱུན་འཇུག་པར་བྱའོ།། ཞེས་པའོ།། སངས་རྒྱ་ཐོས་ཀྱི་ཞིང་དུ་བཀོད་པ་ཡང་གང་གསུངས་པ། གང་ཡང་པོ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་དུས་གསུམ་བཀོད་པ་སྟེ་ཞིང་མང་པོའོ།། དེ་དག་མངོན་པར ་བབོ་སྒྲུབ་པ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་གཅིག་གི་རྩེ་མོ་ལའོ།། དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་པ་ནི་དེ་ལྟར་ཕྱོགས་བཅུ་མ་ལུས་པའི་རྡུལ་གྱི་རྩེ་མོ་ལ་དེ་དང་འདྲ་བར་སངས་རྒྱས་ཀྱི་ཞིང་བཀོད་པ་དུ ་མ་ལ་ཡེ་ཤེས་ཀྱི་སྐད་ཅིག་གཅིག་གིས་འཇུག་པར་བགྱི་ཞེས་པའོ།། ད་ལྟར་བ་ཉིད་ལ་ཡང་ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་དག་གི་རང་བཞིན་དང་། ཚད་དང་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་ཏུ་བྱས་པ་སོ་སོར་རྡུལ་གཅིག་གི ་རྩེ་མོའི་གནས་སྐབས་སུ་མི་སྲིད་ན། ཡང་ཅིའི་ཕྱིར་དུས་གསུམ་དུ་བཞུགས་པ་མ་ལུས་པའི་སངས་རྒྱས་ཀྱི་ཞིང་དག་དེ་བཞིན་དུ་རང་བཞིན་ལ་སོགས་པའི་དབྱེ་བས་ཕྱེ་བ། སོ་སོར་རྡུལ་གཅིག་གི་རྩེ ་མོ་ལ་ཕྱོགས་བཅུ་རྒྱུན་མ་ཆད་པར་སོ་སོར་གནས་པར་འགྱུར་བ་དེ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། དེ་ལ་ཡིད་ཆེས་པར་གྱིས་ཤིག་དང་འདིར་བརྗོད་པར་བྱ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་ནི་ཡོངས་སུ་མི་གྲུབ་པ། ར ་བཞིན་མེད་པ་སྒྱུ་མི་དང་འདྲ་བ། རྨི་ལམ་དང་འདྲ་བ། མ་སྐྱེས་པ་མ་འགགས་པ། སྐྲ་ཤང་འཛིངས་པ་དང་འདྲ་བ། གདོད་མ་ནས་ཞི་བ། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཇི་ལྟར་མོས་པའི་རྣམ་པར་རྟོག་པ་ཙམ་གྱིས་བསྐྱེད ་པསྣ་ཚོགས་པ་དུ་མའི་ངོ་བོ་སྟེ། རང་གྲི་གོམས་པ་སྣ་ཚོགས་པ་མང་པོ་དག་གི་ཏིང་ངེ་འཛིན་གྱི་མོས་པའི་ཁྱད་པར་གྱིས་བསམ་གྱིས་མི་ཁྱབ་པར་སྤྲོས་ནས། མངོན་པར་བསྒྲུབས་པའི་ཉམས་སུ་མྱོང་བར་འགྱུར་པ་འདི ་དག་རིང་བཞིན་གྱིས་བསྒོམས་པའི་ལས་ཀྱིས་གསལ་བར་རྟོགས་པར་འགྱུར་རོ།། འཇིག་རྟེན་ན་ཡང་ཅུང་ཟད་ཡོངས་སུ་སྦྱངས་པ་ལས་བྱུང་བའི་མཐུས། སྒྱུ་མ་ངོ་མཚར་ཅན་སྣ་ཚོགས་པ་མིག་འཕྲུལ་མཁོན་གྱིས་རབ་ཏུ་བསྒྲུབ ་པ་མཐོང་བས། དེ་ལྟ་བས་ན་ཇི་སྐད་དུ་བསྟན་པ་དེ་ཐམས་ཅད་ལ་ཡིད་ཆེས་པར་བྱ་སྟེ། འདི་ལ་ཅུང་ཟད་ཙམ་ཡང་ཐེ་ཚོམ་མི་བྱའོ།། བདེ་བར་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་བརྒྱད་པ་གང་གསུངས་པ་ནི། གང་ཡང ་མ་བྱོན་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་མ་བྱོན་པའི་མཐར་ཐུག་པར་བཞུགས་པའི་འཇིག་རྟེན་གྱི་སྒྲོན་མ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་མཁའི་ཁམས་ཀྱི ་མཐར་ཐུག་པའི་བར་གྱི་བགྲང་གིས་མི་ལང་བའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་སྐད་ཅིག་ལ་དུས་གཅིག་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་ཅིག། དེ་བཞིན་དུ་གཞན་ཡང་དུས ་གཅིག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་དང་། དེ་བཞིན་དུ་གཞན་ཡོངསུ་མྱ་ངན་ལས་འདའ་བར་སྟོན་པར་འགྱུར་བ་དེའི་ཕྱིར་གསུངས་པ་ནི་དེ་དག་བྱང་ཆུབ་འཚང་རྒྱ་བ་ལ་སོགས་པ་ལ། དེ་དག་ཅེས་པ་ནི་མངོན་པར ་བྱང་ཆུབ་པ་དེ་དག་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ཡས་འདའ་བར་སྟོན་པ་གང་ཡང་འཇིག་རྟེན་གྱི་མགོན་པོ་དེ་དག་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཅིག་ཅར་དུ་ཡིད་མགྱོགས་པ་དང་ཀུན་ཏུ་འགྲོ་བའི་རྫུ་འཕྲུལ ་གྱི་སྟོབས་ཀྱིས་ལུས་ཀྱི་སྤྲིན་ཕྱོགས་བཅུར་སྤྲོས་ནུས། མཆོད་པའི་སྤྲིན་ན་མཁའ་ཁྱབ་པ་དག་ཐམས་ཅད་སོ་སོར་འཕགས་པ། གྲངས་ལས་འདས་པས་རེ་རཱི་ལ་མཆོད་པ་དང་། བསྟོད་པ་བྱེད་པ་དང་། ལན་བརྒྱ་སྟོང་གི ་བར་དུ་གཡས་ཕྱོགས་སུ་བསྐོར་བ་བྱེད་པ་འཁོར་བའི་མཐར་ཐུག་པར་རོ།། མཆིའོ་ཞེས་པ་ནི་ཉེ་བར་འགྲོ་བ་སྟེ། དུས་གཅིག་ཉིད་ལ་ཞེས་པའོ།། བྱང་ཆུབ་ཅེས་པ་ནི་མངོན་པར་བྱང་ཆུབ་པ་དང་མྱ་ངན་ལས་འདའ་བ་སྟོན་པའོ།། ། ་འདི་ཉིད་ནི་ཞི་མཐའ་ཞེས་པ་ནི་ཚིག་ཁ་བསྐང་བའི་དོན་དུ་རྣམ་གྲངས་ཀྱིས་མཚོན་ཏོ་ཞེས་པ་སྟེ། གཙོ་བོ་ཉིད་བརྗོད་པའོ།། འོན་ཀྱང་ཆུའི་ཟླ་བའི་སྣང་བ་དང་འདྲ་བར་དགའ་ལྡན་གྱི་གནས་ན་བཞུགས ་པ་དང་། འཕོ་བ་བལྟམས་པ་དང་། མངལ་ན་གནས་པ་དང་། སྐྱེ་བ་དང་། ལྷ་ཡིས་ཕྱག་བྱས་པ་དང་། སྒྱུ་རྩལ་བསྟན་པ་དང་། ཁབ་ནས་བྱུང་བ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། ་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོར་སེང་གེའི་གདན་ལ་བཞུགས་ནས་བདུད་ཕམ་པར་བྱོས་པའི་དུས་ཏེ། དེ་ཚེ་དང་འདྲ་བ་ཉིད་དུ་འགྲོ་བར་བྱས་པ་དེ་དག་ཉིད་ཀྱི་ཞབས་ཀྱི་དྲུང་དུ་ཞེས་པའི་དོན་ཏོ།། དེ་བཞིན་དུ་ཡང་གསུངས་པ། འཇིག་རྟེན ་ཁམས་ནི་ཐ་དད་པར།། གང་དེ་སེམས་ཅན་གཞལ་ཡས་པར།། སྐད་ཅིག་གིས་ནི་རྟོགས་མིན་ཞེས།། ཞུམ་པའི་སེམས་སུ་མི་བྱའོ།། ཞེས་པའོ།། རྣམ་པ་བཅུ་གཉིས་པ་ནི་སྟོབས་ཏེ། དེ་ཡང་རྣམ་པ་བཅུ་སྟེ། ཚིགས་སུ་བཅད་པ ་གཉིས་ཀྱིས་གདི་གསུངས་པ་ནི། ཀུན་ཏུ་མྱུར་བའི་ཞེས་བྱ་བ་ལ་སོགས་བྱ་ལ། ཀུན་ཏུ་ཞེས་པ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་གཞན་དུ་མི་འགྲོ་བ། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་ཅིག་ཅར་དུ་ཕྱོགས་བཅུར་འགྲོ་བ་དེ་འགྲོ་བ་དེ ་དང་འདྲ་བ་ཉིད་དུ་ཤེས་པའོ།། རྫུ་འཕྲུལ་ཞེས་པ་ལ་རྫུ་འཕྲུལ་ནི་ཕུན་སུམ་ཚོགས་པ་སྟེ། ཇི་ལྟར་འདོད་པའི་རྫུ་འཕྲུལ་ཕུན་སུམ་ཚོགས་པ་བྱེད་དོ་ཞེས་པའི་བར་དུའོ།། རྫུ་འཕྲུལ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སེམས་ཅན་སོ་སོའི ་ཡིད་དགའ་བར་བྱེད་པ་ནི་རྫུ་འཕྲུལ་ཞེས་པའོ།། དེའི་སྟོབས་ནི་དོན་ཡོད་པ་སྟེ། དེས་ན་རྫུ་འཕྲུལ་གྱི་སྟོབས་སོ།། ཀུན་ནས་སྒོ་ཞེས་པ་ལ། ཇི་ལྟར་ཀུན་ནས་སྒོ་ཞེ་ན། དེའི་གནས་སྐབས་ཅུང་ཟད་དང་། དེ་ལ་དམིགས་པ་ཡང་མེད ་པ་དང་། གང་ལ་བྱང་ཆུབ་སེམས་བསྐྱེད་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འདོད་པ་ཡང་མེད་པར་མི་འགྱུར་བ་སྟེ། དེ་ཡང་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་བལྟ་བར་བྱའོ།། ཐེག ་པའི་སྟོབས་ཤེས་པ་ནི་ཐེག་པ་ཆེན་པོའི་སྟོབས་ཏེ། འདིས་འདོང་བར་བྱེད་པས་ན་ཐེག་པ་ཆེན་པོ་སྟེ། ཐེག་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་ཐེག་པ་ཆེན་པོའོ།། ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ངག་གི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོའོ།། རང་བཞིན་ཅི་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོན་པའི་ཐེག་པ་ཆེན་པོ་སྟེ། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པའི ་སླ་བཅུ་ནི་ཐེག་པ་ཆེན་པོའོ།། དེའི་སྟོབས་ནི་མི་མཐུན་པའི་ཕྱོགས་འཇོམས་པོ་ཞེས་བྱ་བའི་བར་དུའོ།། ཀུན་ཏུ་ཡོན་ཏན་ཞེས་པ་ནི་ཐོག་མ་དང་བར་མ་དང་ཐ་མར་དགེ་བའོ།། སྤྱོད་པའི་སྟོབས་ཤེས་པོ་ནི་བྱེ་བྲག་མ་བསྟན་པའི ་ཕྱིར་སྤྱོད་པ་གཉི་གའི་སྟོབས་ཀྱིས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་དང་། བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་སྟོབས་ཀྱང་ངོ་།། ཀུན་ཏུ་ཁྱབ་པ་ཞེས་པ་ནི་ཕྱོགས་བཅུར་འགྲོ་བའོ།། བྱམས་པའི ་སྟོབས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བའི་བསམ་པ་སྤྲོ་བའོ།། བསོད་ནམས་སྟོབས་ཤེས་པ་ལ། བསོད་ནམས་ནི་དག་པར་བྱེད་པས་ན་བསོད་ནམས་སམ། ཡང་དང ་ཐོབ་པ་ལ་སྦྱོར་བར་བསོད་ནམས་སོ།། དེའི་སྟོབས་ནི་བྱང་ཆུབ་སེམས་བསྐྱེད་པ་བསྒོམས་པར་འགྱུར་རོ།། ཇི་སྐད་དུ་གསུངས་པས། བྱང་ཆུབ་སེམས་ནི་བསྐྱེད་པ་ཡི།། བསོད་ནམས་གལ་ཏེ་གཟུགས་འགྱུར་ན།། ་ཁམས་ཀུན་གང་བ་དང་།། དེ་བས་ཀྱང་ནི་ལྷག་པར་འགྱུར་ཞེས་སོ།། དེ་བཞིན་ཐེག་པ་ཆེན་པོ་ལ་ཡང་དག་པར་བརྩོན་པ་ཟབ་པ་རྒྱ་ཆེ་བོའི་དམ་པའི་ཆོས་འཛིན་པ་དང་། ཀློག་པ་དང་འདོན་པ་ལ་མོས་པ་དང་། ཚིག་སུ ་པ་གཉིས་ཀྱི་གཟུངས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཀྱང་འགྱུར་ཏེ། དེས་ན་བསོད་ནམས་ཀྱི་སྟོབས་ནི་ཀུན་ནས་དགེ་བ་སྟེ་ཞེས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ་བསམ་པ་ཁོ་ནས་སྐྱེ་བའི་ཕྱིར་རོ།། ཆགས་པ་མེད་པ་ཞེས་དུས་གསུམ་ལ་མ་བསྒྲིབ་བས་པའི་ཕྱིར་རོ།། ཡེ་ཤེས་སྟོབས་ཤེས་པ་ནི་ཤེས་བྱ་ཐམས་ཅད་ཇི་ལྟ་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ།། ཤེས་རབ་སྟོབས་ན་ཞེས ་པ་ནི་དོན་ཐམས་ཅད་རྟོགས་པར་འགྱུར་བའི་ཕྱིར་རོ།། ཐབས་ཀྱི་སྟོབས་ཞེས་པ་ལ་ཐབས་ནི་ཐབས་ཏེ་བསྒྲུབ་པའོ།། དེའི་སྟོབས་ནི་དོན་ཡོད་པའོ།། ཏིང་འཛིན་སྟབས་ཞེས་པ་ལ། ཏིང་ངེ་འཛིན་དུ་བྱེད་པས་ན་ཏེ། འཛིན་ཏེ། ་བསམ་གཏན་དེའི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པ་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དག་ཐོགས་པ་མེད་པར་མངོན་དུ་བྱེད་པ་དེས་ན། ཏིང་ངེ་འཛིན་གྱི་སྟོབ་སོ།། བྱང་ཆུབ་སྟོབས་དང་ཞེས་པ་ལ།། ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། དེའི་དོན་དུ་སྟོབས་ནི་ནུས་པའོ།། དེ་ཡོངསུ་རྫོགས་པར་བྱེད་པ་ཞེས་པ་ནི་དེའི་ཚོགས་གནས་པར་བྱ་བའོ།། རྣམ་པ་བཅུ་གསུམ་པའི་གཉེན་པོའི་སྟོབས་ཏེ། དེ་ཡང་ལས ་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་མི་མཐུན་པ་ཡིད་རྣམ་པ་གསུམ་སྟེ། གང་གསུངས་པ། ལས་ཀྱི་སྟོབས་རྣམས་ཡོངསུ་རྫོགས་བྱེད་ཅིང་ཞེས་པ་ལ། བྱེ་བྲག་ཏུ་མ་ཕྱེད་པའི་ཕྱིར་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི ་བྱེ་བྲག་གིས། དེ་ཡང་རྣམ་པ་གསུམ་མོ།། དེ་ལ་མི་དགེ་བའི་ལས་ནི་ངེས་པར་མྱོང་བར་འགྱུར་ལ་ཇི་སྲིད་དུ་ངན་འགྲོ་གསུམ་གྱི་འབྲས་བུ་འབྱིན་པའི་ནུས་པ་དང་ལྡན་པའོ།། དེ་ཡོངསུ་དག་པར་བྱེད་པ་ནི་སྤོང་བ་དང་སྒོམ་པར ་བྱེད་པ་སྟེ། གཉེན་པོ་ལ་སོགས་པའི་སྟོབས་ཀྱིས་སོ།། ཇི་སྐད་གསུངས་པ། ལས་བྱས་པ་ཡིད་ཤིན་ཏུ་སྐྲག་པ་ཡིས།། བདག་ལ་རྣམ་སྨད་པས་ནི་ཆུང་འགྱུར་ཏེ།། དེ་དག་བཤགས་དང་བསྡམ་པར་བྱས་པ་ཡིས།། ཤིན་ཏུ ་རྩོད་ནས་འབྱིན་པར་ང་སྨྲའོ་ཞེས་སོ།། གཉེན་པོའི་སྟོབས་ཀྱིས་ཀྱང་ཡོངསུ་དག་པོ་ནི། ཇི་ལྟར་བུ་མོ་བྱམས་མས་ཞིང་ཁྱད་པར་ཅན་ངན་པ་བྱས་པས་བསླང་བའི་མི་དགེ་བའི་ལས། མཐོང་བའི་ཆོས་ཉིད་ལ་འབྲས་བུ་འབྱིན ་པར་བྱེད་པ་ཡང་ཅུང་ཟད་ཙམ་མྱོང་བར་གྱུར་པ་དང་། བསམ་པ་ཁྱད་པར་ཅན་སྐྱེད་ནས་སེམས་ཅན་གྱི་དོན་དུ་སྨོན་པའི་སེམས་བསྐྱེད་པ་ཉིད་ཀྱིས་མ་ལུས་ཐམས་ཅད་མེད་པར་གྱུར་ཏོ།། ཞེསོ།། སེམས ་ཅན་གྱི་དོན་དུ་སྨོན་ལམ་གྱི་སེམས་ཇི་ལྟ་བུ་ཞིག་བསྐྱེད་ཅེ་ན། གསུངས་པ། འགྲོ་བ་འདི་དག་ཐམས་ཅད་ཉིད་ན་སེམས་ཅན་གང་ཅུང་ཟད་རྣམ་པ་འདི་ལྟར་མིའི་ཡུལ་ལ་བདག་ལྟ་བུའི་ལས་བྱེད་པར་འགྱུར་བ་དེ་དག ་ཐམས་ཅད་ཉིད་ཀྱིས་བྱས་པས་བདག་ཉིད་ཀྱི་སྤྱི་བོ་ལ་འཁོར་ལོ་འཁོར་བའི་སྡུག་བསྔལ་ཀུན་ནས་བསྡུས་པ་རྒྱུན་མི་འཆད་པར་ཉམསུ་མྱོང་བར་གྱུར་ཅིང་འཁོར་བའི་སེམས་ཅན་འགའ་ཞིག་ཀྱང་འདི་ལྟ་བུ་མི་མྱོང ་བར་གྱུར་ཅིག་ཅེས་པའོ།། རྟེན་པའི་སྟོབས་ཀྱང་ཇི་ལྟ་བར་ཕག་མོའི་རྟོགས་པ་བརྗོད་པ་ལས། ལྷའི་བུ་ཞིག་འཆི་བའི་དུས་བྱས་ནས་ཕོག་མོའི་མངལ་དུ་སྐྱེ་བ་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་མངོན་དུ་བྱེད ་པ་གསུམ་ལ་སྐྱབསུ་འགྲོ་བ་ཙམ་གྱིས་ཐམས་ཅད་རྩ་བ་ནས་བཏོན་ནས། སུམ་ཅུ་རྩ་གསུམ་པའི་ལྷ་དག་གི་ནང་ནས་ཤི་འཕོས་ཏེ། དགའ་ལྡན་གྱི་ལྷ་དག་གི་ནང་དུ་སྐྱེསོ།། ཆོས་ཐམས་ཅད་བདག་མེད་པར་ཡོང ་དག་པར་རྟོགས་པས་ཀྱང་ཤིན་ཏུ་རྩ་ནས་འབྱིན་ཏེ། ཇི་སྐད་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང་གསུངས་པ། དགེ་སློང་ཞིག་ལ་མི་ཚངས་པར་སྤྱོད་པ་དང་། མི་བསད་པའི་ཕམ་པ་གཉིས་བྱུང་བ་ལས ་ཕྱིས་འགྱོད་པའི་སེམས་ཀྱིས་གདུངས་ནས། སྙིང་འབར་བར་འགྱུར་ཏེ་སྨྱོན་པ་ལྟ་བུར་ལྷ་ཁང་ནས་ལྷ་ཁང་དང་། ཀྲོང་ནས་གྲོང་དང་། ཡུལ་འཁོར་ལ་སོགས་པར་སོང་ནས་སྐྱེ་བོ་མང་པོའི་མདུན་དུ་སྡིག་པ་བསལ་བར ་བྱེད་དེ། ཧ་ཧ་བརྐུ་སོ་བརྐུསོ་ཞེས་ཡང་དང་ཡང་སྡིག་པ་བཤགས་པའི་སྟོབས་ཀྱིས་སྤོང་ཞིང་ཇི་སྲིད་དེའི་ལས་དྲི་ཆུང་བར་བྱེད་པར་གནས་ཏེ། དེའི་དོན་ཁོ་ནས་ཡིད་གདུངས་པར་གྱུར་པ་དང་། དེ་ལས་གཞན་མངོན ་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔས། དེ་དང་དེ་བཞིན་དུ་ཟབ་མོའི་ཆོས་བསྟན་པས། གང་གིས་དེའི་སྡིག་པ་རྣམ་པ་ཐམས་ཅད་བང་ནས་ཆོས་ལ་བདག་མེད་པར་ཡང་དག་པར་རྟོགས་ཏེ། མི་སྐྱེ་བའི་ཆོས ་ལ་བཟོད་པར་གྱུར་ཏོ་ཞེས།། ལྟུང་བའི་འགྱོད་པ་ཐམས་ཅད་སེལ་བར་བྱེད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པ་ཡིན་པས། ཟབ་མོའི་ཆོས་འདི་ལ་མོས་པ་དང་དད་པར་བྱའོ།། ཇི་སྐད་འཕགས་པ་དེ་བཞིན ་གཤེགས་པའི་མཛོད་ལས་རྒྱས་པར་གསུངས་ཏེ། འོད་སྲུངས་གང་ཕར་ཡང་གྱུར་ལ་རང་སངས་རྒྱས་ཀྱང་ཡིན་པ་དེའི་སྲོག་བཅད་ན་འདི་ནི་སྲོག་གཅོད་པའི་ནང་ན་ལྕི་བའོ།། མ་བྱིན་པར་ལེན་པའི་ནང་ན་ལྕི་བ་ནི་འདི ་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའོ།། མི་ཚངས་པར་སྤྱོད་པའི་ནང་ན་ལྕི་བ་འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་སྤྱོད་པའོ།། བརྫུན་དུ་སྨྲ་བའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ ་ལ་སྐུར་བའོ།། ཕྲ་མའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། དགེ་འདུན་གྱི་དབྱེ་ནོ།། ཚིག་རྩུབ་པོའི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། འཕགས་པ་ལ་ཚིག་ངན་པར་སྨྲ་བའོ།། ངག་ཁྱལ་པ་རྣམས་ཀྱི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། ་ཆོས་འདོད་པ་གཡེང་བར་བྱེད་པའོ།། བརྣབ་སེམས་ཀྱི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་རྙིང་པ་ལ་བརྣབ་སེམསོ།། གནོད་སེམས་ཀྱི་ནང་ནི་ལྕི་བ་ནི་འདི་ལྟ་སྟེ། མཚམས་མེད་པ་བྱེད་པའི་སེམས།། ་ལོག་པར་ལྟ་བ་རྣམས་ཀྱི་ནང་ན་ལྕི་བ་ནི་འདི་ལྟ་སྟེ། ཤིན་ཏུ་མཐུག་པའི་ལྟ་བ་སྟེ། འདི་ལྟར་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་ཐམས་ཅད་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་སྟེ། འོད་སྲུངས་དེ་ལ་གལ་ཏེ་སེམས་ཅན ་གཅིག་བརྒྱ་ལམ་ན་འདི་ལྟ་བུའི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་དག་གི་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དང་ལྡན་པར་གྱུར་ན། དེ་ཡང་དེ་བཞིན་གཤེགས་པའི་རྒྱུ་རྐྱེན་དང་ཡང་དག་པར་ལྡན་པའི་ཆོས་བསྟན་པ ་གྲོལ་བར་འགྱུར་ཏེ་དེ་ལ་ཅུང་ཟད་བདག་གམ་སེམས་ཅན་ནམ། སྲོག་གམ། གང་ཟག་གམ། བྱེད་པ་པོ་འམ། མྱོང་བ་པོ་ནི་འགེའ་ཡང་མེདདོ་ཞེས་ཡིད་ལ་བྱས་ཤིང་མདོན་པར་འདུས་ནས། ཉོན་མོངས་པ་མེད་པ་སྒྱུ་མ ་ལྟ་བུའི་ཆོས་ཉིད། ཆོས་ཐམས་ཅད་རང་བཞིན་གྱིས་གསལ་བར་གྲོལ་བར་འགྱུར་བའོ།། གདོད་མ་ནས་རྣམ་པར་དག་པའི་ཆོས་ཐམས་ཅད་ལ། དང་པོ་དང་ལྡན་པས་མོས་པའི་སེམས་ཅན་དེ། ངན་སོང་དུ་འགྲོ་བར ་མི་འགྱུརོ་ཞེས་པ་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་ཕུང་པོ་ལ་དངོས་པོ་མེད་པ་སྟེ། ཉོན་མོངས་པ་ཐམས་ཅད་སྐྱེ་བ་དང་འཇིག་པ་སོ།། རྒྱུ་རྐྱེན་ཚོགས་པའི་སྦྱོར་བ་ལས་སྐྱེས་པ་ཙམ་ཉིད་ན་འགག་པའོ།། སེམས་གང ་སྐྱེས་པ་དང་འགགས་པ་དེ་ཉིད་ནི་ཉོན་མོངས་པ་ཡང་འགགས་པའོ།། གང་དེ་ལྟ་བུར་མོས་པ་དེ་ལྟུང་བ་དང་ལྟུང་བ་མ་ཡིན་པ་ཅུང་ཟད་ཀྱི་གནས་མ་ཡིན་ནོ།། གང་གནས་མེད་པ་གོ་སྐབས་མེང་པ། སྒྲིབ་པ་མེད་པའི ་གོགནས་ལ་ནི་ལྟུང་བ་གནས་པ་ཡོད་པ་མ་ཡིན་ནོ་ཞེསོ།། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་སྔོན་དུ་བྱས་པ་ཉིད་ཀྱིས་མི་དགེ་བས་ཀུན་ནས་བསླང་བའི་ལྟུང་བ་ཐམས་ཅད་ལས་ཤིན་ཏུ་འདོན་པར་འགྱུར་བ ་སྟེ། ཇི་སྐད་དུ་འཕགས་པ་ཨུ་པ་ལས་ཞུས་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལ་སྔ་དྲོའི་དུས་སུ་ལྷུང་བ་བྱུང་བར་འགྱུར་ན། གུང་གི་དུ་སུ་བྱང་ཆུབ་ཀྱི་སི་མས་མངོན་དུ་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ།། དེ་ལྟར་གུང་གི་དུས་སུ་ལྟུང་བ་བྱུང་བར་གྱུར་ན་ནི་ཕྱི་དྲོའི་དུས་སུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི ་ཕུང་པོ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ་ཞེས་པ་ལ་སོགས་པའོ།། ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་བསྐལ་པ་ཆེན་པོའི་མེ་ལྟ་བུ་སྟེ། ཉེས་བྱས་ཐམས་ཅད་སྲེག ་པའོ་ཞེས་བྱ་བ་ལ་སོགས་པའོ།། སུམ་བརྒྱ་པ་ལས་གསུངས་པ། གང་ཡང་རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམ་པ་འདི་ལྟ་བུའི་ཚུལ་གྱིས་མདོ་འདི་ལེན་པར་བྱེད་པ་དང་། འཛིན་པར་འགྱུར་བ་དང་། ་ཀློག་པར་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ཡོངསུ་འགྱུར་བ་དང་། ཤིན་ཏུ་ཡོངསུ་ཡང་འགྱུརརོ།། དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཅན་དེ་དག་གི་སྐྱེ་བ་སྔ་མར་མི་དགེ་བའི་ལོས་བྱས་པས་ངན་སོང་དུ་སྐྱེ་བར ་ངེས་པ་མཐོང་བའི་ཆོས་ཉིད་ལ་མྱོང་བར་འགྱུར་བ་སྐྱེ་བ་སྔོན་མའི་མི་དགེ་བའི་ལས་ཡོངསུ་ཟད་པར་འགྱུར་རོ།། ཞེས་པ་ལ་སོགས་པས། སྡིག་པའི་ལས་གོང་ངེས་པར་མྱོང་བར་འགྱུར་བ་ཤིན་ཏུ་ཡོངསུ་བྱང་བར་བྱེད ་པར་འགྱུར་ཞེས་པའོ།། ཁ་ཅིག་འདི་སྐད་དུ་སྨྲ་སྟེ། ཐ་མི་འབྲིང་གི་སྡིག་པའི་ལསུ་གྱུར་པ་ནི་བཤུགས་པ་ལ་སོགས་པའི་སྟོབས་ཀྱིས་ཀྱང་རྩེ་བ་ནས་འགྱུར་ན། ལྕི་བའི་ལས་མཚམས་མེད་པ་ཐམས་ཅད་ཀྱི་ཐམས་ཅད ་ཀྱི་ཐམས་ཅད་རྩ་ནས་འབྱིན་པ་ཇི་ལྟར་འགྱུར་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། མ་སྐྱེས་དགྲ་ལ་སོགས་པ་མཚམས་མེད་པ་བྱས་པ་གང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བསམ་པའི་དབྱེ་བ་ལ་སོགས་པས་མནར་མེད་པར ་བསྐལ་པར་ཅུང་མཆོག་པ་འམ། ཕྱེད་དུ་གནས་པར་ཇི་ལྟར་འགྱུར་ཏེ། དེ་དག་ཤིན་ཏུ་འགྱོད་པས་སེམས་གདུངས་པའི་ཤུགས་དང་། བཤགས་པ་ལ་སོགས་པའི་སྟོབས་ཀྱིས་དེའི་ལས་བསྲབས་པར་གྱུར་ནས།། ་གང་ལས་དེ་ཕོ་ལོང་འཕངས་པ་ཙམ་གྱི་དུས་སུ་ལས་ཀྱི་འབྲས་བུ་མྱོང་ངོ་ཞེས།། ཅི་དེ་སྲིད་དུ་དེའི་ལས་དེ་རྩ་བ་ནས་ཕྱུང་བར་མ་གྱུར་ཏམ། ཞིང་ཉག་མ་གཅིག་མ་བརྔས་པས་ཞིང་ཐམས་ཅད་མ་བརྔས་པར་གྱུར་པ་མ་ཡིན ་ནོ།། ཡང་མ་ངེས་པའི་ལས་ཀྱིས་ཕུང་པོ་ཇི་ལྟར་ཟད་པར་འགྱུར་ཞེ་ན། སྦྲང་བུའི་རྐང་པའི་ལྷག་མ་ཙམ་གང་གི་ཕྱིར་གཉེན་པོའི་ཕྱོགས་ཀྱི་སེམས་བསྐྱེད་པ་ལས་ཞུགས་པས་ཡོངསུ་ཟད་པར་འགྱུར་བ་ཁོ་ནའོ།། གང་འདི ་སྐད་དུ་གསུངས་པ། བསྐལ་པ་བྱེ་བ་བརྒྱ་རུ་ཡང་།། ལས་ནི་ཆུད་ཟོས་མི་འགྱུར་ཏེ།། ཚོགས་པའི་དུསུ་འབྲས་བུ་ནི།། ལུས་ཅན་ལ་ནི་སྨིན་པར་འགྱུར། ཞེས་པ་ལ་སོགས་པ་དེ་ཇི་ལྟར་མ་ངེས་ཤེ་ན། སྨད་པ་ལ་སོགས་པ་ཀུན་ཏུ ་སྤྱད་པའི་སྟོབས་ཀྱིས་གསལ་བ་དང་ཆུང་བར་མ་བྱས་པ་དེ་དག་ལས་འདི་བསྟན་པར་བལྟ་བར་བྱའོ།། དེ་བཞིན་དུ་ཡང་གསུངས་པ། མི་མཁས་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ།། མཁས་པས་ཆེན་པོ་བྱས་ཀྱང་ངེས་ནི་དེ་ནི་མང ་གི་ནད་པ་སྤྲིང་། ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིང་།། སྣོད་བྱས་ན་ནི་ཆེན་པོ་ཡང་ནི་སྟེང་དུ་ལྡིང་ཞེས།། སྡིག་པའི་ལས་མྱོང་བར་འགྱུར་བར་མ་ངེས་པ་དུས་གསུམ་གྱི་གྲངས་ལས་འདས་པ་དེ་ཡང་། ལས་ཀྱི ་དབང་གིས་ཕྱོགས་ཀུན་ཏུ་དུས་གཅིག་ཁོ་ནས་འཁོར་བའི་རྒྱུན་ངན་འགྲོར་སྐྱེས་པའི་སེམས་ཅན་དག་ལ་ཕན་པ་དང་བདེ་བའི་ཚོགས་ཐོབ་པའི་དོན་དུ་དེ་དང་གྲོགས་མཐུན་པར་རིགས་དང་ཁ་དོག་དང་དབྱིབས་དང་ཚད་དབྱེ་བ ་དབྱེར་མེད་པའི་རྣམ་པར་སྨོན་པའི་འབྲས་བུ་ངེས་པར་བྱེད་པའོ།། དགེ་བའི་ལས་ཀྱི་སྲིད་པའི་འབྲས་བུ་འབྱིན་པའི་ནུས་པ་དང་ལྡན་པས་དེ་ཡང་ཡོངསུ་སྦྱོར་བའོ།། ཇི་ལྟར་ཞེས་པ་ནི་རྣམ་པར་སྨིན་པའི་བྲས ་བུ་བསལ་ནས་བྱང་ཆུབ་ཉི་དུ་སྨིན་ལམ་གྱི་སྟོབས་ཀྱིས་ཡོངསུ་བསྔོ་བར་ངེས་པར་བྱའོ།། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མི་གཡོ་བའི་ལས་ཀྱང་བསམ་གཏན་དང་སྙོམས་པར་འཇུག་པས་བསླང་བ་དེའི་སྟོབས ་དེ་ཉིད་ཀྱིས་དེ་ཡང་སྤངས་ནས། ལས་ཀྱིས་དབང་གིས་སེམས་ཅན་གྱི་འདོད་པ་ཇི་ལྟར་འདོད་པ་བཞིན་དུ་ངེས་པར་སྦྱོར་བ་སྟེ། འདི་ནི་འདིར་སྦྱང་བའོ།། ཉོན་མོངས་སྟོབས་རྣམས་རབ་ཏུ་འཇོམས་བྱེད་ཅིང་ཞེས་པ་ལ། ལུས ་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་སྟེ། འདོད་ཆགས་ལ་སོགས་པའོ།། དེ་དག་གི་སྟོབས་ནི་མཐུ་སྟེ། འགྲོ་བ་དག་གང་གི་དབང་དུ་གྱུར་པའི་དུས་ཉིད་ན། བགྲོད་པ་དང་བགྲོད་པ་ཡང་མ་ཡིན་པ་དང ་ཕན་པ་དང་མི་ཕན་པ་དང་། ཡང་བ་དང་ལྕི་བ་ལ་སོགས་པ་ཐམས་ཅད་མི་ཤེས་པ་སྟེ། དེ་དགེ་ལ་སོགས་པ་བསྒོམ་པ་འཇིག་རྟེན་པའི་ལམ་གྱིས་འཇོམས་པ་ནི་ཟིལ་གྱིས་གནོན་པའོ།། མདོར་བསྡུ་ན་ཉོན་མོངས་པ་དེ་ཉིད ་དབང་དུ་བྱས་ནས་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒོམས་པའོ།། ཞེས་པའོ།། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་ཞེས་པ་ལ། བདུད་ཅེས་པ་ནི་ལྷའི་བུ་ལ་སོགས་པའོ།། དེ་དག་གི་སྟོབས་ནི་བྱང་ཆུབ་སེམས་དཔའི་སྤྱོད ་བར་དུ་གཅོད་པའི་ནུས་པ་སྟེ། དེ་ཡང་ཡེ་ཤེས་ཀྱིས་སྟོབས་ཀྱིས་སྟོབས་མེད་པའི་ནུས་པ་མེད་པ་དང་། མི་གནས་པར་བྱ་བའོ།། བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི་ཞེས་པ་ལ། བཟང་པོ་སྤྱད་པའི་སྟོབས་ཀྱིས་མི་མཐུན་པར ་ཕྱོགས་ཟིལ་གྱིས་མནན་ནས་མངོན་པར་འདུ་བྱ་བ་མེད་པར་བྱེད་པ་སྟེ། དེ་ཐམས་ཅད་མ་ལུས་པར་ཡོངསུ་རྫོགས་པར་བྱའོ་ཞེས་པའོ།། རྫུ་འཕྲུལ་ལ་སོགས་པའི་སྟོབས་རྣམ་པ་བཅུ་གོང་དུ་བསྟན་པ་དང་། འདི་ཉིད་ཀྱིས་ཡང་དེ་མ ་ཐུག་ཏུ་བསྟན་པའི་གཉེན་པོ་རྣམ་པ་གསུམ་ཡང་བསྟན་ནས། ད་ནི་གང་བྱང་ཆུབ་སེམས་དཔའ་དག་ནི་ལས་རྣམ་པ་བཅུ་བཞི་རྒྱས་པར་སྟོན་པ་ལས། ལས་དེ་ཡང་རྣམ་པ་བརྒྱ་དོ།། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་ལ་སོགས་པའི ་ཚིག་སུ་བཅད་པ་གཉིས་ཀྱིས་གང་གསུངས་པ། ཞིང་རྣམས་རྒྱ་མཚོ་ཞེས་པ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དག་བདེ་བ་ཅན་དང་པདྨ་ཅན་དང་འདྲ་བར་སྐད་ཅིག་ལ་ཡོངསུ་དག་པར་བྱ་བའོ།། དེ་བཞིན་དུ་འཁོར་བའི ་བཙོན་ར་ན་ཉོན་མོངས་པའི་ལྕགས་སྒྲོག་གི་བཅིང་བས་བཅིངས་པའི་སེམས་ཅན་རྒྱ་མཚོ་དག་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་དད་པར་བྱས་ནས། རྫ་སུ་བསྟན་པའི་ཆོ་འཕྲུལ་གྱིས་སྐད་ཅིག་ལ་དག་པར་བྱེད་པ། ་ཆོས་རྣམས་རྒྱ་མཚོ་ཞེས་པ་ནི་བསྟན་པའི་ཆོས་རྒྱ་མཚོ་དང་། རྟོགས་པའི་ཆོས་རྒྱ་མཚོ་སྟེ། ཤེས་རབ་ཀྱི་མིག་གིས་སྐད་ཅིག་ལ་མཐོང་བའི་ལྟ་བའོ།། ཤེས་བྱ་མཐའ་ཡས་པའི་ཕྱིར་ཡེ་ཤེས་ཀྱང་མཐའ་ཡས་པ་སྟེ། དེའི་ཕྱིར་གསུངས ་པ། ཡེ་ཤེས་རྒྱ་མཚོན་སོ།། དེ་སྐད་ཅིག་ལ་ཡེ་ཤེས་རྒྱ་མཚོ་རྟོགས་པ་ནི་ཡིད་ཀྱིས་རྟོགས་པར་བྱ་བྱའོ་ཞེས་པའི་བར་དུའོ།། སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ལ། བྱུང་ནུབ་སེམས་དཔའི་སྤྱོད་པ་རྒྱ་མ་དང་། བཟང ་བོཔོ་སྤྱོད་པའི་སྤྱོད་པ་རྒྱ་མཚོ་སྟེ། བྱེ་བྲག་ཏུ་མ་བྱས་པའི་ཕྱིར་ནུ་གཉི་ག་ཡང་ཉེ་བར་བསྟན་པའོ།། དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱིས་ཆོས་འཕེལ་པོར་བྱེད་པ་ཡེ་ཤེས་ཀྱི་ཚིག་སོ།། བཟང་པོ་སྤྱོད་པ་ཡང་འགྲོ་བ་ཐམས ་ཅད་ལ་ཕན་པོ་དང་བདེ་བ་སྐྱེད་པོ་བསོད་ནམས་ཀྱི་ཚོགསོ།། འོན་ཀྱང་བཟང་པོ་སྤྱོད་པ་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཉིད་དོ།། གཉི་ག་ཡང་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ།། འོན་ཀྱང་དངོས་དང་བརྒྱུད་པའི་བྱེ་བྲག་ཉིད།། དེ་སྤྱོད་པ་རྒྱ ་མཚོ་ནི་མངོན་པར་ཤེས་པའི་སྟོབས་ཀྱིས་སྐད་ཅིག་ལ་དག་པར་བྱེད་པ་སྟེ། དྲི་མྦྷ་མེད་པར་བྱེད་པའོ།། སྨོན་ལམ་རྒྱ་མཚོ་ནི་སྐད་ཅིག་གཅིག་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངསུ་རྫོགས་པར་བྱེད་པའོ།། སངས ་རྒྱས་རྒྱ་མཚོ་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྒྱ་མཚོ་ལ་མཆོད་པའི་སྤྲིན་ན་མཁའི་ཁྱབ་པ་དག་གིས་སྐད་ཅིག་ལ་མཆོད་པར་བྱ་བའོ།། བསྐལ་པ་རྒྱ་མཚོའི་སྤྱད་པ་ནི་མི་སྐྱོ་བའི་ཡིད་ཀྱིས་བྱ་བའོ།། སངས་རྒྱས་དང་བྱུང ་ཆུབ་སེམས་དཔའི་རྗེསུ་བསླབ་པར་ཡོངསུ་བསྔོ་བ་ནི་རྣམ་པ་བཅོ་ལྔ་པ་སྟེ། དེ་ཡང་རྣམ་པ་གཉིས་ལས། དེ་ལ་དེ་བཞིན་གཤེགས་པའི་རྗེ་སུ་ཡོངསུ་བསྔོ་བར་བསླབ་པར་གང་གསུངས་པ་ནི། གང་ཡང་དུས་གསུམ་གཤེགས། ་པ་རྒྱལ་བ་ཡིད་ཞེས་བྱ་བ་ལ། གང་ཡང་དུས་གསུམ་དུ་བཞུགས་པའི་རྒྱལ་བ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། སྨོན་ལམ་ཁྱད་པར་ཅན་དེ་ཐམས་ཅད་མ་ལུས་པར་བདག་གིས་ཡོང་སུ་རྫོགས་པར་བགྱི་ཞེས་པ་ནི།། ་ཡོངསུ་རྫོགས་པར་བྱ་བའོ།། བཟང་པོ་སྤྱོད་པ་ཞེས་པ་ནི། བཟང་པོ་སྤྱོད་པའོ།། བྱང་ཆུབ་སངས་རྒྱས་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ།། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་། ཞིང་རྣམ་པར་དག ་པའི་སྨོན་ལམ་རྣམ་པར་དག་པ་དག། འཕགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྗེསུ་བསླབ་པ་དང་། ཡོངསུ་བསྔོ་བའི་ཚིགསུ་བཅད་པ་གསུམ་གྱིས་གསུངས་པ་ནི། སྲས་ཀྱི་ཐུ་བོ་ཞེས་བྱ་བ་ལ་སོགས་པ་ལ། གང ་ཀུན་ཏུ་བཟང་པོའི་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག། དེ་བཞིན་དུ་ཇི་སྲིདདུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་ཇི་སྲིདུ་ཏི་ངེ་འཛིན་དང་། མདོར་བསྡུ་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དག་མ་ལུས་པ་དེ ་སྲི་ཐམས་ཅད་ཉིད་དུ་ལས་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོ་མཆོག་ཏུ་གྱུར་པ་དེས་ན་ཐུ་བོ་ཞེས་གསུངས།། རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱང་ཆུབ་སེམས་དཔའ་དེ ་ལ་མཁས་པ་ཞེས་སོ།། དེ་ཉིད་མཁས་པ་སྟེ། གང་དེ་དང་མཚུངས་པར་སྤྱད་པའི་ཞེས་པ་ནི་མཉམ་དུ་སྤྱད་པའོ།། དེ་ལྟར་དགེ་བའི་རྩ་བ་ཇི་ལྟར་བསྟན་པ་དེ་སྐད་ཅིག་ལ། དེ་ཡོངསུ་བསྔོ་ཞེས་པ་ནི་ཡོངསུ་བསྔོ་བར་བྱའོ།། ལུས་དང་ངག ་རྣམས་དང་ནི་སེམས་ཀྱི་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་དང་ཞིང་ཡོངས་སུ་དག་པའོ།། གང་དང་འདྲ་བར་ཞེ་ན། གང་གི་མིང་ནི་ཞེས་པ་སྟེ། མི་གང་ཡོངསསུ་བསྔོ་བ། བཟང་པོ་ལ ་མཁས་པ་ཞེས་པ་སྟེ། འཕགས་པ་ཀུན་ཏུ་བཟང་པོ་ནི་བཟང་པོ་ལ་མཁས་པའོ།། དེ་འདྲར་ཞེས་པ་ནི་དེ་དང་མཚུངས་པ་ཉིད་དུ་བདག་གྱུར་ཅིག་པའོ།། མཚུངས་ཤེས་པ་ནི་འདྲ་བ་རོ།། དེས་ན་ཞེས་པ་ནི་འཕགས་པ་ཀན་ཏུ་བཟང་པོའོ།། བཟང་པོ ་སྤྱོད་པ་ཞེས་ཏེ། བཟང་པོའི་སྤྱོད་པའོ།། ཀུན་ནས་དགེ་བ་ཞེས་པ་ནི་ཐོག་མ་དང་བར་མ་དང་ཐ་མ་རོ།། འཇམ་དཔལ་གྱི་སྨོན་ལམ་ཞེས་པ་ནི། འཕགས་པ་འཇམ་དཔལ་གྱི་སྨོན་ལམ་གྱི་སྤྱོད་པ། དེའི་སྨོན་ལམ་ཇི་ལྟ་བུ་ཞེ་ན། འཕགས་པ ་འཛུམ་དཔལ་ཆོས་ཀྱིས་རྒྱལ་པོར་གྱུར་པ་ན་གསུངས་པ། ཇི་སྲིད་དང་པོའི་མཐའ་ནས་ནི།། འཁོར་བའི་མཐའ་མ་སྤངས་པ་རུ།། དེ་སྲིད་སེམས་ཅན་ཕན་པ་ཉིད།། བདག་ནི་སྤྱོད་པ་སྤྱོད་པར་ཤོག། ཅེས་པ་ལ་སོགས་པ་རྒྱས་པར་གསུངས ་པའོ།། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱེ་བར།། ཞེས་པ་ནི་མ་འོངས་པའི་བསྐལ་པ་མ་ལུས་པ་ཐམས་ཅད་དུ་ཡང་མ་དུབ་པའི་སེམས་ཀྱིས་བསམ་པས་བྱ་བའོ།། དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དབུའི་བྱ་བའི་ལས་ཡོངསུ་རྫོག ་པར་བྱ་བ་ནི་ཕུན་སུམ་ཚོགས་པར་བྱ་བའོ་ཞེས་པའོ།། ཚད་མེད་པ་དང་། སྦྱོར་བ་དང་། ཡོན་ཏན་དང་། སྤྱོད་པ་དང་། གནས་སྐབས་ཀྱི་ཁྱད་པར་གྱིས་པོསྡུས་པ་རྣམ་པ་བཅུ་དྲུག་པ་གང་གསུངས་པ་ནི་སྤྱོད་པ་དག་ནི་ཞེས་བྱ་བ་ལ ་སོགས་པ་ལ་བདག་གི་སྤྱོད་པ་ཚད་ཡོད་པར་མ་གྱུར་པ་དང་། ཡོན་ཏན་ཚད་གཟུང་དུ་མེད་པར་གྱུར་པ་དང་། སྤྱོད་པ་ཚད་མེད་པར་གྱུར་པ་དང་། ཡོན་ཏན་ཚད་མེད་པར་གྱུར་པ་ལ་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་དེ་དག་གི་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ལ་སོགས་པ་གང་ངོ་མཚར་དུ་གྱུར་པ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་འཚལ་བར་བགྱི་བ་ཞེསོ།། འདི་ནི་དེའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་དྲུག་སྟེ་དོན་བརྒྱད་པོའོ།། ད་ནཽ་དེའི་མཐར་ཐུག ་པའི་དོན་དགུ་པ་སྟེ། དེ་ནི་ཀུན་ཏུ་བཟང་པའི་སྨོན་ལམ་གྱི་མཐར་ཐུག་པ་སྟེ། ནམ་མཁའི་མཐར་ཐུག་པ་ཞེས་པ་ལ་སོགས་པ་གང་གསུངས་པ། ནམ་མཁའི་མཐར་ཐུག་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྲིདདུ་ན་མཁའི་ཁམས་ཀྱི ་ཐར་ཐུག་པར་གྱུར་པ་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དེ་སྲིད་དང་། ལས་དང་ཉོན་མོངས་པ་ཡང་འགྲོ་བ་ཇི་སྲིད་པའི་མཐར་ཐུག་པ་དེ་སྲིད་ཀྱི་བར་དུ། བདག་གིས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་ཡང་གྱུར་ཅིག ་པའོ།། ན་མཁའ་མཐར་ཐུག་པ་མེད་པ་དང་ཡོངསུ་རྫོགས་པ་མེད་པ་དེ་བཞིན་དུ། བདག་གི་སྨོན་ལམ་ཡང་མཐར་ཐུག་པ་མེད་པ་དང་། ཡོངསུ་རྫོགས་པ་མེད་པར་གྱུར་ཅིག་ཅེས་པའོ།། ངན་པོ་ཅུ་པ་ནི་སྨོན་ལམ་གྱི་ཕན་ཡིན་ནོ།། ། ་དེ་ཡང་རྣམ་པ་གཉིས་ཏེ། མཐོང་བའི་ཆོས་དང་། ཕ་རོལ་གྱིའོ།། དེ་ལ་མཐོང་བའི་ཆོས་ལ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཁྱད་པར་ཅན་ཡོངསུ་བཟུང་བ་དང་། དེ་བཞིན་གཤེགས་པ་བལྟ་བ་དང་། བྱང་ཆུབ་སེམས་དཔའི་གྲོགས ་མཐུན་པ་རྙེད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངསུ་ཟད་པའོ།། དེ་ལ་རབ་ཏུ་མྱང་བར་གྱུར་པ་རྒྱ་ཆེ་བ་རྣམ་པ་སྣ་ཚོགས་པའི་རྗེསུ་བཟུང་བའི་དངོས་པོ་ཞིང་ཁྱད་པར་དུ་འཕགས་པའི་གཏམ་བྱང་ཆུབ་ཀྱི ་དོན་དུ་གྱུར་པའི་སྨོན་ལམ་ལ། མོས་པའི་མཆོག་ཁྱད་པར་དུ་འཕགས་པའི་བསོད་ནམས་ཡོངསུ་བསྔོ་བྱ་གང་གསུངས་པ་ནི། གང་ཡིད་ཕྱོགས་བཅུའོ་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་གང་གིས་ཕྱོགས་བཅུ་མཐའ་ཡས་པ་མཐར་ཐུག་པའི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ། རིན་པོ་ཆེ་དང་། གྲོས་དང་། བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། བོ་དན་དང་། རོལ་མོ་དང་། རིན་པོ་ཆེའི་དྲིལ་བུ་དང་། ཕྲེང ་བ་དང་། དྲི་དང་། མེ་ཏོག་དང་། མར་མེའི་ཕྲེང་བ་དག་མི་དང་ལྷའི་ངག་ལས་ཤིན་ཏུ་འདས་པ་བརྒྱན་པ། ལྷ་དང་མི་དག་གི་ཁྱད་པར་དུ་འཕགས་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བདེ་བ ་སྐྱེད་པར་བྱེད་པ། སངས་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་བསྐལ་པར་སངས་རྒྱས་བཅོམ་ལྡན་འདས་དག་ལ་དབུལ་བར་བྱའོ།། གང་ཡང་གཞན་འདི་ལྟ་བུའི་བསྔོ་བའི་རྒྱལ་པོ་འདི་ཐོས་ན་ས། ལན་ཅིག་ཙམ་ཡང་མོས་པ་སྟེ། ་མངོན་པར་ཡིད་ཆེས་པ་ཉིད་ཀྱིས་འདི་ཉིད་ངེས་པར་སྐྱེས་ནས་གང་བྱེད་པའོ།། དེ་གང་ཞེ་ན། བྱང་ཆུབ་མཆོག་གི་རྗེ་སུ་རབ་མོས་ཏེ། ཞེས་པ་ནི་ཐེག་པ་ཆེན་པོ་ལའོ།། དེ་ཡང་སྟོན་པས་བཟང་བའི་བསོད་ནམས་ཁྱད་པར་དུ ་འཕགས་པ་འདི་ཐོབ་པར་འགྱུར་བའོ།། འགྱུར་རོ་ཞེས་བྱ་བར་བསྟན་པ་ནི་དེ་དག་གི་དོན་དྲུག་པའི་རྣམ་པར་དབྱེ་བར་ཡོངསུ་འགྱུར་བ་སྟེ། དེའི་བསོད་ནམས་ཀྱི་མཆོག་ཁྱད་པར་དུ་འཕགས་པ་འདི་ལྟ་བུར་འགྱུར་བའོ།། སྡིག་པའི ་གྲོགས་པོ་ངན་པ་སྤོང་བ་དང་། དེ་བཞིན་གཤེགས་པ་ལ་ལྟ་བ་གང་གསུངས་པ། གྲོགས་པོ་ངན་པ་སྤངས་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གྲོགས་པོ་དྲན་པ་ནི་མི་དགེ་བའི་བཤེས་གོ་ཉེན་ཏེ། ཉན་ཐོས་ལ་སོགས་པའོ།། འཆི་བའི ་དུས་ནཱ་ངེས་པར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའོ།། གང་གིས་མཐོང་ཞེ་ནོ། གང་འདི་ལྟ་བུའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྙིང་པོར་གྱུར་པའི་གཞུང་དང་དོན་དགུ་བློ་ལ་གནས་པའོ།། སྐྱེ་བ ་འདི་ཐོབ་པ་ལ་བསྔགས་པའི་གྲོགས་པོ་བྱང་ཆུབ་སེམས་དཔའ་དང་། གང་ཕྲད་པ་གསུངས་པ་ནི། རྙེད་པར་བ་རྙེད་ཅེས་བྱ་བ་ལ་སོགས་པ་ལ། རྙེད་པ་ནི་བླ་ན་མེད་པའི་སྨོན་ལམ་རིན་པོ་ཆེ་རྙེད་པའོ།། རབ་ཏུ་རྙེད་པ་ནི་དེས་བདེ་བར་འཚོ་བ་དང་། དེ ་དག་སྨོན་ལམ་རིན་པོ་ཆེ་ཉིད་རྙེད་པ་སྟེ། འདི་ཉིད་ཀྱིས་ཡང་སྐྱེ་བ་ན་མཆོག་ཏུ་གྱུར་པ་ཐོབ་པར་བྱ་བའི་དངོས་པོ་ཐོབ་པའི་ཕྱིར་རོ།། ལེགས་པར་འོངས་པ་ནི་མིའི་སྐྱེ་བར།། གང་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་དེ་ཅི་འདྲ་བར་དེ་ཡང་མྱུར་བ ་ཉིདུ་དེ་བཞིན་དུ་དེ་དང་འདྲ་བར་གྱུར་ཅིག་ཅེས་པའོ།། ལས་ཀྱི་སྒྲིབ་པ་ཡོངསུ་ཟད་པའི་ཕན་ཡོན་བཞི་པ་གང་གསུངས་པ་ནི་མཚམས་མེད་ལྔ་པོ་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ནི་མ་བསད་པ་ལ་སོགས་པ་སྟེ། གང ་མི་ཤེས་པའི་དབང་གིས་བྱས་པའོ།། མི་ཤེས་པ་རྩ་བར་གྱུར་པའི་ཕྱིར་ན། གཞན་འདོད་ཆགས་ལ་སོགས་པ་ཡང་ཡང་མ་ཤེས་པའི་དབང་གིས་ཞེས་བརྗེད།། དེ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཇི་སྐད་དུ་བཤད་པ་འདི ་འདོན་པ་ལ་དད་པའི་ཆུ་ཡིས་སྙིང་གང་བར་གྱུར་པས། འདོན་པ་དང་། སྟོན་པ་དང་། ཡིད་ཀྱིས་མོས་པ་དང་། ཀློག་པ་དང་། འཛིན་པ་དང་། བསྒོམ་པ་ལྔ་སྐྲག་པའི་ཤུགས་ཀྱིས་ཉིན་མཚན་དུ་ཡི་དམ་དུ་བྱེད་ན་མཚམས་མེད་པ་ཡང་མྱུར་དུ ་མ་ལུས་པར་ཡོངསུ་ཟད་པ་སྟེ། རྩ་ནས་འབྱིན་པའོ།། ཕ་རོལ་གྱི་ནི་རྣམ་པ་གཉིས་ཏེ། ཕ་རོལ་གྱི་རྒྱུ་དང་འབྲས་བུའོ།། དེ་ལ་ཡེ་ཤེས་དང་མཚན་དང་དཔེ་བྱེད་དང་། རིགས་ཀྱི་མི་མཐུན་པའི་ཕྱོགས་ཀྱིས་མི་བཅིངས་པར་གྱུར་པའི་མཆིན་ཉིད ་གང་གསུངས་པ། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཞེས་པ་ནི་ནི་ཡེ་ཤེས་ཀྱི་སྤྱོད་པ་རྒྱ་མཚོས་འགྲོ་བའི་གཟུགས་ཞེས་པ་ནི། གཟུགས་ཡིད་དུ་འོང་བའོ།། མཚན་ཞེས་པ་ནི་སྐྱེས་བུ་ཆེན་པོའི་མཚན ་སུམ་ཅུ་རྩ་གཉིས་ཏེ། སྤྱི་གཙུག་ལྟར་མ་མངོན་པ་ལ་སོགས་པ་དག་དང་མཚན་གྱི་འཁོར་དཔེ་བྱད་དག་སྟེ། གཞན་ལ་མེད་པ་དེ་དང་ལྡན་པར་གྱུར་པ་ཞེས་གོ་བར་བྱའོ།། རིགས་ཤེས་པ་ལ་རིགས་ཤེས་པ་ནི་བྲམ་ཟེ་དང་། རྗེའུ་རིགས ་དང་། གཞན་པའི་རིགས་སོ།། དུས་ཤེས་པ་རྟོགས་པ་ཁྱད་པར་ཅན་མངོན་པར་ཤེས་པ་ལ་སོགས་པའོ།། འགྱུར་ཞེས་པ་ནི་འགྱུར་བ་སྟེ་སྐྱེ་བར།། ལྡན་ཞེས་པ་ནི་ཡང་དག་པར་ལྡན་པར་གྱུར་པའོ།། བདུད་དང་མུ་སྟེགས་མང་པོས་དེ ་མི་ཐུབ་ཅེས་པ་ནི་མུ་སྟེགས་ཀྱི་ཚོགས་དང་བདུད་ཀྱི་ཚོགས་ཀྱིས་ཀྱང་མི་ཐུབ་པ་སྟེ། ཟིལ་གྱིས་མི་ནོན་ཞིང་ངོ་།། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་བའོ།། གང་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ ་འདྲི་འཛིན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། སྟོན་པར་བྱེད་པའི་འབྲས་བུ་ཡང་དག་པར་བསྡུས་པ་ནི། བྱང་ཆུབ་ཀྱི་སྙིང་པོར་སོང་ནས་སེང་གེའི་གདན་ལ་འདུག་སྟེ། བདུད་ཕམ་པར་བྱས་ནས་མངོན་པར་བྱང་ཆུབ་སྟེ། ཆོས་ཀྱི ་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་ནི། མྱུར་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་ལོ། གང་ཀུན་ཏུ་བཟང་པོའི་སྤྱོད་པ་རིན་པོ་ཆེ་བླ་ན་མེད་པ་འདིའི་ཡང་དག་པར་སྡོད་པ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་ཀྱིས་མྱུར་དུ་འགྲོ་ཞེས་པ་སྟེ། བྱང་ཆུབ་ཀྱི་ཤིང་གི་དབང་པོ་ནི་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའོ།། སོང་ནས་ཀྱང་སྐྱིལ་མོ་ཀྲུང་གིས་འགྲོ་བོ་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་སེང་གེའི་གདན་ལ་བཞུགས་པའོ།། བཞུགས་ནས་ཀྱང ་བདུད་ཀྱི་དཔུང་ཕམ་པར་བྱས་ནས། དེའི་རྗེ་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྟོན་པར་བྱེད་པ་ཞེས་བྱ་བའི་བར་དུའོ།། ཡང་མདོར ་བསྡུས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་ལུས་པའི་ཕུན་སུམ་ཚོགས་པའི་ཕན་ཡོན་གང་གསུངས་པ། གང་གིས་བཟང་པོ་སྤྱོད་ཅེས་བྱ་བ་ལ་སོགས་པའོ།། གང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཛིན་པ་དང་། ཀློག་པ་དང ་གང་ཞིག་སྟོན་པ་དེའི་རྣམ་པར་སྨིན་པ་དེ་སངས་རྒྱས་བཅྡོཾས་རྗེ་བཙུན་གྱིས་མཁྱེན་གྱི། གཞན་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་ནི་མ་ཡིནོ།། སྨོན་ལམ་རིན་པོ་ཆེ་འདིའི་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་མཁྱེན་ཅེ ་ན། གསུངས་པ། བྱང་ཆུབ་མཆོག་སྟེ་བླ་ན་མེད་པ་ཡིང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་འཇིག་རྟེན་ལས་འདས་པ་མ་ལུས་པའི་ཕུན་སུམ་ཚོགས་པ་རྟོགས་པ་དང་། དེ་ཉིད་ཀྱི་ཕན་ཡོན་འདི་ཡང་བརྗོད་པ་གོ་བར་བྱ་སྟེ། དེ་མེད་ན་མི་འབྱུང ་བའི་ཕྱིར་འདི་ལས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བའོ།། དེའི་ཕྱིར་སྨོན་ལམ་གྱི་རྒྱལ་པོ་འདི་ལ་ཡིད་གཉིས་བསྐྱེད་པར་མི་བྱའོ།། ད་ནི་གང་གློག་པའི་ཡོངསུ་བསྔོ་བ་གསུངས་པ། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་ཞེས་བྱ་བ་ལ ་སོགས་པ་ལ། འཕགས་པ་བཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་འདི་ཡང་དེ་བཞིན་ཞེས་པའོ།། དེ་དག་གི་རྗེསུ་བདག་གིས་བསླབ་པར་བྱ་བ་ནི། དགེ་བའི་ཕུང་པོ་འདི་དག་བྱང་ཆུབ་སེམས ་དཔའ་འདི་ལྟར་ཡོངསུ་བསྔོ་བའོ།། ད་ནི་དེ་བཞིན་གཤེགས་པའི་ཡོངསུ་བསྔོ་བ་གཉིས་པ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐ~ཾད་ཀྱིས།། ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་བཞུགས་པའི་རྒྱལ་བ་བཅྡོཾས་དག་གིས་གང་ཡོངསུ་བསྔོ། ་བ་བསྔགས་ཤིང་བསྟོད་པ་མཆོག་ཏུ་གྱུར་པ་བླ་ན་མེད་པ་དེས།། དེས་བདགས་ཤེས་པ་ནི་བདག་གིས་ཀྱང་ཡོངསུ་བསྔོ་བར་བྱ་བ་སྟེ། བསོད་ནམས་ཀྱི་ཕུང་པོ་བསགས་པའདི་དག་ཐང་སྤྱད་པ་བླ་ན་མེད་པ་བཟང་པོའི་སྤྱོད་པསོ།། ད་ནི་ཚིགས ་བཅད་པ་ཕྱེད་ཀྱིས་ནི་སྒྲིབ་པ་སྤངས་པ་དང་། གཞན་ཕྱེད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དང་རྗེསུ་མཐུན་པའི་བདག་ཉི་དུ་བསྒོམ་པའི་ཡོངསུ་བཟུང་བ་གང་གསུངས་པ་ནི། དུས་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དུས་བྱེད་པ་ནི་འཆི་བའོ།། དེའི་དུས ་བྱེད་པ་ནི་འཆི་བའི་དུས་ནའོ།། གང་ཅུང་ཟད་སྒྲིབ་པ་ཡོད་པ་དེ་དག་བཟང་པོའི་སྤྱོད་པས་དེ་ཐམས་ཅད་མ་ལུས་བསལ་བའོ།། མངོན་སུམ་མཐོང་ཞེས་པ་ནི་བཅྡོཾས་སྣང་བ་མཐའ་ཡོས་མཐོང་བའོ།། དེར་ཞེས་པ་ནི་བདེ་བ་ཅན་གྱི་སངས ་རྒྱས་ཀྱི་ཞིང་དེརེ།། འགྲོའོ་ཞེས་པ་ནི་དེ་རུ་འགྲོ་བ་ཞེས་པའོ།། དེ་ལྟར་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་དེར་སོང་ནས་ཀྱང་རྣམ་པ་འདི་ལྟ་བུའི་ཇི་ལྟར་བསྟན་པའི་སྨོན་ལམ་གྱི་ཚོགས་བདག་གི་མངོན་དུ་གྱུར་ཅིག། སེན་མ་ལུས་པ་ཐད་ཉིད ་ལ་ཕན་པར་བྱ་བའི་ཕྱིར། དེ་དག་ཐ་བདག་གིས་ཡོངསུ་རྫོགས་པར་བྱ་བའོ།། དུས་ཇི་སྲི་དུ་ཞེ་ན། གསུངས་པ། འཇིག་རྟེན་ཇི་སྲིད་ཅེས་པ་སྟེ། འཇིག་རྟེན་ཇི་སྲིད་པའི་འགྲོ་བ་ཞེས་པའི་དོན་ཏོ།། ལུང་བསྟན་པ་ཡང་དག་པར་ཐོབ་པ་དང་། སེམས ་ཅན་གྱི་དོན་ཕུན་སུམ་ཚོགས་པ་མཆོག་བྱ་བ་ནི། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་པ་ནི་དེ་ལའོ།། རྒྱལ་བའི་དཀྱིལ་འཁོར་ཞེས་པ་ནི། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཏེ། བཟང་ཞེས་པ་ནི་མཛེས ་པ་ཡིད་དུ་འོང་ཞིང་ཡིད་དང་འཐད་པའོ།། པདྨ་དམ་པ་ཞེས་པ་ནི་པདྨའི་མཆོག་སྟེ། རིན་པོ་ཆེ་སྣ་ཚོགས་པས་སྤྲོས་པའི་རང་བཞིན་མཛེས་པ་ཡི་དུ་འོང་བ། འོད་གསལ་བ་སྣ་ཚོགས་པའི་འོད་ཟེར་མང་པོ་འཕྲོ་བའོ།། སྐྱེ་ཞེས་པ་ནི་འབྱུང་བར་འགྱུར། ་པའོ།། ལུང་བསྟན་ཅེས་པ་ནི་ལུང་སྟོན་པར་བྱེད་པ་སྟེ། འདིས་ལུང་སྟོན་པའོ།། འདིའི་དུས་སུ་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མིང་འདི་ཞེས ་བྱ་བར་འགྱུརརོ་ཞེས་རྣམ་པ་འདི་ལྟ་བུར་ལུང་བསྟན་པའོ།། དེ་ལ་བདག་གིས་ལུང་བསྟན་པ་ཐོབ་པ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེའི་མངོན་སུམ་དུ་དངོས་སུའོ།། དེར་ནི་ཞེས་པ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལས་ལུང ་བསྟན་པ་ཐོབ་ནས། དེ་ནས་སྤྲུལ་པ་བྱ་བ་བརྒྱའི་སྤྲུལ་པའི་སྤྲིན་དུ་མས་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་བྱས་ནས། འགྲོ་བ་སེམས་ཅན་འདི་དག་ལ་ཕན་པ་མང་པོ་གྲངས་ལས་འདས་པ་སྐད་ཅིག་ལ་བྱའོ།། ཉེ་བར་བསྡུ་བ་ནི། ཕྱོགས་བཅུ ་བྱེད་པ་དང་། འཁོར་བ་མ་སྟོངས་ཀྱི་བར་དུའོ།། བློ་ཡིད་སྟོབས་ཞེས་པ་ནི་ཡེ་ཤེས་ཀྱི་སྟོབས་ཏེ།། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་དོ།། ཆགས་པ་མེད་པར་སྤྱད་པར་བྱའོ་ཞེས་བྱ་བའི་བར་དུའོ།། སྨོན་ལམ་རྒྱལ་པོ་འདི་ཡི་འགྲེལ་པོ་བྱས་པ ་ཡོཡིས།། བསོད་ནམས་བདག་གིས་ཐོབ་ལས་འགྲོ་བའི་དོན་གྲུབ་ཅིང་།། ཡང་ནས་ཡང་དུ་དགེ་བ་འདི་ནི་བྱེད་པ་དང་།། འདི་ཡི་རྒྱུ་མཐུན་སྦྱིན་པར་ཡོངསུ་བསྔོ་བར་ཤོག། འཕགས་པ་བཟང་པ་སྤྱོད་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན ་གྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཏྣཱི་ཏ་ཨ་ཙཨཱརྱ་ཨཾ་ནནྠ་དང་། ལཽཙྪ་བ་དགེ་སློང་བྷཱ་དྲ་པཱ་ལས་བསྒྱུར་བའོ།། མངྒ་ལཾ། ་བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས།། ཚེ་རབས་དུ་མར་བསགས་པའི་སྡིག་སྒྲིབ་མ་ལུས་ཀུན།། དགེ་འདིས་དུག་ལྔའི་མེ་ལྕེ་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྷ་བས་སྒོ་གསུམ་ཚིག ་དྲིལ་གྱི་སྨོན་ལམ་བཏབ་པའོ།། །་