CLOSE WINDOW

GT3517: 'phags pa bzang po spyod pa'i smon lam gyis rgyal po'i rgya cher 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱརྱཱ་བྷ་དྲ་ཙརྱཱ་པ་ཎི་དྷཱ་ནཱ་རཱ་ཛ་ཊཱི་ཀ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོང་བའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དོན ་ཀུན་མཁྱེན་པ་དཔག་མེད་ཅིང་།། གསུང་ནི་མཁའ་ལྟར་དཔག་ཏུ་མེད།། ཕྱོགས་དང་དུས་སྐུ་དཔག་མེད་པ།། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ།། འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྨོན་ལམ་འདི་ལ་ནི་བྱང་ཆུབ ་སེམས་དཔའི་ལམ་མོས་པསུ་སྤྱོད་པ་དང་། ལྷག་པའི་བསྡམ་པ་དག་པོའི་སའི་གནས་སྐབས་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཐོབས་དང་བཅས་པ། ཕན་ཡོན་དང་བཅས་པ། འབྲས་བུ་དང་བཅས་པ། བསྒོམ་པའི་ཚུལ་དང་། འདོན་པ་ཙམ་གྱི་ཕན་ཡོན ་བསྟན་ཏོ།། དེ་ལ་ཐབས་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན་ཞེས་བྱ་བ་ནས་བཟུང་སྟེ། དགེ་བའི་ཚོགས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་བསྟན་ཏོ།། དེའི་འོག་ཏུ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་སྨོན་ལམ་གྱིས་དོན་ཐམས་ཅད་བསྟན་ཏེ། དེའི་འོག་ཏུ་འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ ་བསྟན་ཏོ།། དེའི་འོག་ཏུ་བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་བསྟན་ཏོ།། དེའི་འོག་ཏུ་ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས་ཞེས་བྱ་བ་ལ་སོགས ་པ་ཚིགས་སུ་བཅད་པ་གཅིག་གིས་ནི་མི་གོས་པར་སྦྱོར་བ་བསྟན་ཏོ།། དེའི་འོག་ཏུ་ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར།། དྲན་སློང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག ་ཡིས་ནི་སེམས་ཅན་ལ་ཕན་གདགས་པ་བསྟན་ཏོ།། དེའི་འོག་ཏུ་བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་གོ་ཆ་བསྟན་ཏོ།། དེའི་འོག་ཏུ། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ ་ཞུས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་སྐལ་པ་འདྲེ་བར་སྤྱོད་པ་དང་ཕྲད་པ་བསྟན་ཏོ།། དེའི་འོག་ཏུ་བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས ་ནི་དག་པའི་བཤེས་གཉེན་མཉེས་པར་བྱ་བ་བསྟན་ཏོ།། དེའི་འོག་ཏུ་སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་ལ་བལྟ་བ་བསྟན་ཏོ།། དེའི་འོག་ཏུ་རྒྱལ་བ་རྣམས་ཀྱི ་དམུ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དམ་པའི་ཆོས་ཡོངས་སུ་གཟུང་བ་བསྟན་ཏོ།། དེའི་འོག་ཏུ་སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་པུ་འདིས་ནི ་མཛོད་ཟད་མི་ཤེས་པ་ཐོབ་པ་བསྟན་ཏེ།། དེ་ལྟར་ཚིགས་སུ་བཅད་པ་བཅོ་ལྔས་ནི་མོས་པས་སྤྱོད་པའི་ས་བསྟན་ཏོ།། དེའི་འོག་ཏུ་རྡུལ་གཅིག་སྟེང་ན་རྡུལ་སྙེང་ཞིང་རྣམས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར་ཞེས ་བྱ་བའི་བར་འདིས་ནི་ལྷག་པའི་བསམ་པ་དག་པའི་ས་ཡོངས་སུ་བསྟན་ཏོ།། དེ་ལ་དང་པོ། རྡུལ་གཅིག་སྟེང་ན་རྡུལ་སྙེང་ཞིང་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་བལྟ་ས་འཇུག་པ་བསྟན་ཏེ། ་འདིས་ནི་ས་རབ་ཏུ་དགའ་བ་ཡང་བསྟན་ཏོ།། དེའི་འོག་ཏུ་གསུང་གཅིག་ཡན་ལག་རྒྱ་མཚོའོ་སྐད་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གཅིག་གིས་ནི་སངས་རྒྱས་ཀྱི་གསུང་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་དྲི་མ་མེད་པ་ཡང ་བསྟན་ཏོ།། དེའི་འོག་ཏུ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་བསྟན་ཏེ། འདི་ནི་ས་འོད་བྱེད་པ་ཡང་ཡོངས་སུ་བསྟན་ཏོ།། དེའི་འོག ་ཏུ། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་བསྐལ་པ་ལ་འཇུག་པ་བསྟན་ཡ། དེའི་འོག་ཏུ། གང་ཡང་བསྐལ་པ་དུས་གསུམ་ཆད་དེ་དག་ཅེས་བྱ་བ་ལ་སོགས་པ་ཕྱེད་གཞན་གྱིས ་ནི་བསྐལ་པ་ཐམས་ཅད་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་འོད་འཕྲོ་ཅན་ཡང་བསྟན་ཏོ།། དེའི་འོག་ཏུ། དུས་གསུམ་གཤེགསྔ་པ་མི་ཡི་སེང་གེ་གང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་བལྟ་བ་དང་། དེའི ་སྤྱོད་ཡུལ་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་ཤིན་ཏུ་སྦྱང་དཀའ་བ་ཡང་བསྟན་ཏོ།། དེའི་འོག་ཏུ། གང་ཡང་དུས་གསུམ་ངག་གི་ཞིང་བཀོད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་ཀྱི་ཞིང་བཀོད་པ་བསྒྲུབ ་པ་ལ་འཇུག་པ་བསྟན་ཏེ། འདིས་ནི་ས་མངོན་དུ་གྱུར་པ་ཡང་བསྟེ་སྒོ་དེར་འོག་ཏུ་གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམ་ཞེས་བྱ་བ་ལ་སོཌ་པ་ཚིག་སུ་བཅད་པ་གཙིགས་ནི་དེ་བཞིན་ག་ཀྱེ་བའི་དྲུང་དུ་འགྲོ་བར་འཇུག་པ་བསྟན་ཏེ། འདིས་རིས་རིང་དུ་སོང་བ་ཡང་བསྟེདྨོ་འདི་ནི་འཇུག་པ་རྣམ་པ་བརྒྱད། འདིས་ནི་མི་རྟོག་པ་དང་། མངོ་པ་པ་འདུ་བྱེད་པ་མེད་པའི་ལམ་ཡོང་སུ་དག་པ་ཡང་ས ་དེ་འོག་ཏུ་ཀུན་ཏུ་སྦྱར་བའི་རྫུ་འཕྲུལ་རྣས་དང་ཞེས་བྱ་བ་ལ་སོ།། ཚིག་སུ་བཅད་པ་གཉིས་ཀྱིས་ནི་སྟོབས་བཅུ་བསྟན་ཏོ། རབ་ཀྱི་མཐར་ཕྱིན་པར་འགྲོ་བས་སྟོབས་ཏེ། འདིས་ནི་ས་ནི་གཡོ་བ་བསྟན་ཏེ། དེའི་འོག་ཏུ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས ་པ་ཚིགས་སུ་བཅད་པ་གཅག་གིས་ནི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། འདིས་ནི་ས་ལེགས་པའི་བློ་གྲོས་བསྟན་ཏོ།། དེའི་འོག་ཏུ་ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས ་ཀྱི་ནི་ཡོན་ཏན་ཡོངས་སུ་སྦྱངས་པ་རྣམ་པ་བརྒྱད་བསྟན་ཏོ།། དེའི་འོག་ཏུ། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ ་བསྟན་ཏོ།། དེའི་འོག་ཏུ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ་ཞེས་བྱ་བ་དང་། ལུས་དང་དྲག་དང་ཡིད་ཀྱང་རྣམ་དག་ཅིང་ཞེས་བྱ་བ་དང་། ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་ཡོངས་སུ་བཟུང་བ་རྒྱལ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་བསྟན་ཏོ།། ཚིགས་སུ་བཅད་པ་འདི་དྲུག་གིས་ནི་ས་ཆོས་ཀྱི་སྤྲིན་དང་རྒྱའི ་གནས་སྐབས་ཡོངས་སུ་རྫོགས་པ་ཡང་བསྟན་ཏོ།། དེའི་འོག་ཏུ། སྤྱོད་པ་དག་ནི་ཚད་ཡོང་མ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་ཀུན་ཏུ་འོད་སྟོན་ཏེ། ཚིགས་སུ་བཅད་པ་གཅིག་གི་ནི ་དེའི་དགེ་བའི་ཚོགས་ཇི་ལྟར་ཡོངས་སུ་བསྔོས་པ་དེའི་རྒྱ་ཚ་བ་བསྟན་ཏོ།། གཉིས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དུས་ན་ཟད་མི་ཤེས་པར་མཛད་པ་སྟོན་ཏོ།། དེ་ལྟར་ཚིགས་སུ་བཅད་པ་བཅུ་དགུས་བྱང་ཆུབ་སེམས་དཔའི ་ལམ་ལྷག་པའི་བསམ་པ་དག་པའི་སས་རབ་ཏུ་ཕྱེ་བ་འབྲས་བུ་དང་བཅས་པ་བསྟན་ནས་བསྒོམ་པའི་ཕན་ཡོན་མཐོང་བའི་ཆོས་དང་། ཚེ་རབས་གཞན་པ་སྟོན་ཏོ།། དེ་ལ་མཐོང་བའི་ཆོས་ནི་རྣམ་པ་བཞི་སྟེ། གང་ཡང་ཕྱོགས་བཅུའི ་ཞིང་རྣམས་མཐའ་ཡས་པ་ཞེས་བྱ་བ་ལ་སོགས་པ་དཔེ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་སྡུད་པའི་ཕན་ཡོན་ཡང་སྟོན་ཏོ།། གང་གིས་བཟང་སྐྱོང་སྨོན་ལོམ་འདི་བཏབ ་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སངས་རྒྱས་མཐོང་བའི་ཕན་ཡོན་སྟོན་ཏོ།། དེ་དག་རྙེད་པ་ལེགས་རྙེད་བདེ་བར་ཚེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་བྱང་ཆུབ་སེམས་དཔའ་དང་སྐལ ་པ་མཉམ་པ་ཉིད་རབ་ཏུ་འཐོབ་པའི་ཕན་ཡོན་སྟོན་ཏོ།། མཚམས་མེང་ལྔ་པོ་དག་གིས་སྡིག་པ་རྣམས་ཞེས་བྱ་བ་ལ་སོགས་པ་ཆགས་སུ་བཅད་པ་གཅིག་གིས་ནི་སྒྲིབ་པ་བྱང་བའི་ཕན་ཡོན་སྟོན་ཏེ། འདི་བཞིན་ཚེ་འདིའི་ཕན་ཡོན་ཡིན་ནོ།། ་ཚེ་རབས་གཞན་གྱི་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་སོ།། དེ་ལྟ་རྒྱུའི་སྒོ་ནས་ནི། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟོན་ཏོ།། འབྲས ་བུའི་སྒོ་ནས་ནི། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟན་ཏེ།། དེ་ལྟར་སྒོམ་པའི་ཕན་ཡོན་རྒྱས་པར་བསྟན་ནས། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཞེས་བྱ་བ་ལ་སོགས་པ ་ཚིགས་སུ་བཅུད་པོ་གཅིག་གིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་ཁྱད་པར་མ་ལུས་པར་འཐོབ་པའི་ཕན་ཡོན་མདོར་སྟོན་ཏེ། དེ་ལྟར་ཚིགས་སུ་བཅད་པ་བརྒྱད་ཀྱིས་ནི་ཕྲིན་ཡོན་མདོ་དང་རྒྱས་པར་བསྟན་ཏོད། ་འདི་མན་ཆེད་ནི་འདོན་པ་ཙམ་གྱིས་ཕན་ཡོན་ཡོངས་སུ་བསྔོ་བ་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པའི་ཕན་ཡོན་སྟོན་ཏོ།། དེ་ལ་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པའི་མཚན་ཉིད་ནི། འཇམ་དཔལ་ཇི་ལྟར ་མཁྱེན་ཅིང་དཔའ་བ་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ།། དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ཡང་། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས ་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ།། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། མཐུན་པའི་ལུས་ཡོངས་སུ་བཟུང་བར་ཡོངས་སུ་བསྔོ་བ་ནི་བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད ་པ་གསུམ་མོ།། སྨོན་ལམ་ཡོངས་སུ་བསླང་ཞིང་འཇིག་རྟེན་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་བར་ཡོངས་སུ་བསྔོ་བ་ནི། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏོ།། ད་ནི ་ཚིགས་སུ་བཅད་པ་གཉིས་ལྔས། བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པའི་ཞེས་བྱ་བ་ལ་སོགས་པ་ཚོགས་སུ་བཅད་པ་གཅིག་གིས་ནི་བཏོན་པ་དེ་ཡོངས་སུ་བསྔོ་བ་སྟོན་ཏོ།། བཟང་སྤྱོད་ཡོངས་སུ་བསྔོས་པའི་བསོད་ནམས་ནི་ཞེས་བྱ་བ་ལ་སོགས་པ ་ཚིགས་སུ་བཅད་པ་ཐ་མ་གཅིག་གིས་ནི་བསྒོམ་པ་དང་བཏོན་པའི་ཕན་ཡོན་རྣམ་པ་གཉིས་ཡོངས་སུ་བསྟན་ཏོ།། དེ་ལྟར་ན་བཏོན་པ་ཙམ་གྱི་ཕན་ཡོན་ཡོངས་སུ་བསྔོ་བ་འདི་ཡང་ཚིགས་སུ་བཅད་པ་ཐེ་མ་དང་བཅས་ཏེ་ཚིགས་སུ་བཅོད་པ་བརྒྱད་ཀྱིས ་བསྟན་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཁོ་ག་དབུག་པ་ཡིན་ནོ།། དེ་ནི་ཅི་རིགས་པར་སོ་སོར་དབྱེ་བ་རྩམ་མོ།། དོན་བསྒོམ་པ་ནི་སེམས་ཀྱིས་ཆོས་ཡིན་པས་དེ་སྦྱང་བ་ཁོ་ན་ལ་འབད ་པར་བྱའོ།། སེམས་འདི་ནི་རཱི་ནི་པོ་ཆེ་ཐམས་ཅད་ཀྱི་མཆོག་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུ་སྟེ། འདི་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་ལས་སངས་རྒྱས་དཀོན་མཆོག་བླ་ན་མེད་པ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་འབྱུང་ངོ་།། མངོན་པར ་འདུ་བྱེད་པ་མེད་པ་མེད་ན་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་བག་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་འཁོར་བ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འདོད་ཆགས་ལ་སོགས་ཉོན་མོངས་པས།། བསྒོམ་པའི་སེམས་ཉིད་འཁོར ་པ་སྟེ། དེ་དག་ལས་ནི་རྣམ་གྲོལ་བ།། དེ་སྲིད་སྲིད་བུའི་མཐའ་ཞེས་བརྗོད་ཅེས་གསུངས་པ་ལྟ་བུའོ།། སེམས་སྦྱང་བ་དེ་ཡང་དམིགས་པའི་ཁྱད་པར་ལས་འགྱུར་ལ། དམིགས་པ་དེ་ཡང་ཆེ་བའི་བདག་ཉིད་དང་། རྒྱ་ཆེ ་བའི་སྒོ་ནས་ཁྱང་བར་ཅན་དུ་འདོད་དོ།། དེ་ལ་དེ་བཞི་ནི་གཤེགས་པ་ཡོན་ཏན་གྱི་ཚོགས་རྒྱ་ཆེ་བ་ཤིན་ཏུ་དབུག་ཏུ་མེད་པ་གཅིག་ལ་སེམས་བསྒྲིམས་ཏེ། ཇི་ལྟ་བ་བཞིན་དུ་དམིགས་ན་ཡང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར ་བྱེད་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། ཇི་སྙེད་སུ་དགྲ་ཕྱོགས་བཅུའི་འཇིག་རྟེན་ན་ཞེས་བྱ་བ་ལ་སོགས་པ་ཚོགས་སུ་བཅད་པ་གསུངས་སོ།། དེ་ལ་ཇི་སྙེད་ཅེས་བྱ་བ་འདིས་ནི་གྲངས་ཀྱི་ཚད་སྐྱོན ་ཏོ། སུ་དྲག་ཅེས་བྱ་བ་ནི་བགྲང་བར་བྱ་བ་རྣམས་ཏེ། དེ་བཞིན་གཤེགས་པ་ཇི་སྙེད་སུ་དག་ཅེས་བྱ་བའི་ཐ་ཚིག་གོ།། དེ་དག་ཉིད་མ་ལུས་པའི་བརྗོད་པའི་ཕྱིར། ཕྱོགས་བཅུ་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུ་ནའོ།། འཇིག་རྟེན་ན་ཞེས་བྱ་བ་ནི ་སྣོད་ཀྱི་འཇིག་རྟེན་ཡིན་པར་སྟོན་ཏོ།། འདི་སྐད་དུ་ཕྱོགས་བཅུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པ་གླང་དགུ་བཞུགས་པ་ཞེས་བཤོད་པ་སྔོན་ནོ།། འདི་ཙམ་གྱིས་ཀྱིང་མ་ལུས་པར་སྤྲོས་པ་མ་ཡིན་པས་ཁྱད་པར་གཉིས ་པཾཔདུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། ཞེས་བྱ་བ་གསུངས་ཏེ། དུས་གསུམ་གྱིས་བསྡུས་པ་ཞེས་བྱ་བའི་ཐ་ཚིག་གོ། ཅི་སྟེ་དུས་གསུམ་སྨོས་སུ་ཟིན་ཀྱང་ཕལ་ཆེར་སྨོས་པའི་སྒོ་ནས་དུས་གསུམ་གྱིས་བསྡུས་པ་སྨོས་པར ་འགྱུར་རོ་སྙམ་པ་ལ། ཀུན་ཞེས་བྱ་བས་ཀྱང་བྱེ་བྲག་དུ་བྱས་སོ།། དེས་ན་ཕྱོགས་བཅུན་དུས་གསུམ་གྱིས་བསྡུས་པའི་དེ་བཞིན་ག་གླེགས་པ་བཞུགས་པ་ཐམས་ཅད་ཅེས་སྨོས་པ་ཁོ་ནར་འགྱུར་རོ།། མི་ཡི་སང་གེ་ཞེས་བྱ་བ་འདིས་ནི་འདི་སྐད། ་དུ་དེ་བཞིན་གཤེགས་པ་གང་ཡིན་པ་དེ་དག་ཀྱང་མིར་གྱུར་པ་ཁོ་ན་ལས་དེ་བཞིན་གཤེགས་པ་བརྙེས་ཀྱི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ་ཞེས་མི་རྣམས་སྤྲོ་བ་བསྐྱེད་པ་ཡིན་ནོ།། སེང་གེ་ནི་འཇིག་རྟེན་ན་སྲོག་ཆགས ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་ལ་ཐམས་ཅད་ཟིལ་གྱིས་གནོན་ནུས་སོ་ཞེས་གྲགས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕ་རོལ་རྒོལ་བ་དང་ཕྱིར་རྒོལ་བའི་རི་དགས་རྣམས་ཀྱིས་ཟིལ་གྱིས་མི་ནོན་ལ་དེ་ཐམས་ཅད་ཟིལ་གྱིས་གནོན་སྤྱོད་དེ། ་སེང་གེ་དང་འདྲ་བར་སེང་གེ་དྲུག་གྲོ་ཞེས་སྟོན་ཏོ།། ཡུལ་དང་དུས་ཡོངས་སུ་མ་ཆད་པའི་དེ་བཞིན་གྲེ་ཤེགས་བླ་དེ་དག་ཐམས་ཅད་ལྟ་བདག་ཕྱུག་འོམོ་ཞེས་དེ་སྐད་བསྟན་པའི་ཕྱིར། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ་ཞེས་བྱ་བ་གསུངས ་ཏེ། ཐམས་ཅིད་ཅེས་བྱ་བ་ནི་གཅིག་ཀྱང་ཡོངས་སུ་མི་འདོར་བྱེར་བྱ་བའི་ཕྱིར་མ་ལུས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་པའི་ལུགས་ཀྱི་རླུང་པོ་གཅིག་མ་བརྔས་པས་ཞིང་མ་བརྔས་པ་ཡིན་ནོ།། ཞེས་བྱ་བ་དེ་ལྟ་བུ་ཡོངས་སུ་སྨྱུང་བའི་ཕྱིར་རོ།། ་ཕྱག་བྱ་བ་དེ་ཡང་ལུས་འབའ་ཞིག་གིས་ནི་མ་ཡིན་ནོ།། འོ་ན་ཅི་ཞེ་ན། ངག་དང་ཡིད་ཀྱིས་ཀྱང་བྱའོ།། དེ་ལ་ལུས་ཀྱིས་ཕྱག་བྱས་པ་ནི་སྤྱིར་སྨོས་པས་མགོ་བཏུད་པ་དང་ཐལ་མོ་སྦྱར་བ་དང་། ཡན་ལག་ལྔ་པོ་ཐམས་ཅད་ཀྱིས་ཕྱག་བྱ་བ་སྨོས ་པར་འགྱུར་རོ།། ངག་གིས་ཕྱག་བྱ་བ་ནཱི་དང་བས་ཕྱག་བྱ་བ་སྔོན་དུ་འགྲོ་བའི་ཡོན་ཏན་བརྗོད་པའི་ངག་གི་ཕྱག་བྱ་བའོ་ཡིད་ཀྱིས་ཕྱུག་བྱ་བ་ནི་དེའི་ཡོན་ཏན་གྱིས་ངོ་བོ་མངོན་དུ་བྱེད་ཅིང་དེ་ལ་སེམས་འདུན་པའོ།། ་ཕྱག་འཚལ་བ་ཡང་རེས་འགའ་གཞན་གྱི་ངོར་ཡང་བྱེད་པས་དེའི་ཕྱིརརུ་དང་ལས་ཞེས་བྱ་བས་བྱེ་བྲག་ཏུ་བྱས་སོ།། དང་པ་ཡང་རྣམ་པ་གསུམ་སྟེ། དང་པ་ཙོམ་གྱིས་རྗེས་སུ་འབྲང་བའི་ནི་གྲུབ་པའི་མཐོའི་དེ་ཁོ་ན་ཉིད་མ་རིགས་བཞིན་དུ ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་བརྗོད་པ་ཙམ་ལོས་བྱུང་བ་གང་ཡིན་པ་སྟེ་འདི་ནི་ཆུང་ངུའོ།། ཆོས་ཀྱི་རྗེས་སུ་འབྲང་བའི་ནི་ཐེག་པ་ཆེན་པོའི་དོན་གྱིས་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལས་བྱུང་བ་སྟེ། དེ་བས་ཆེས་ལྷག་པའོ།། རྟོགས ་པ་རྙེད་པའི་ནི་ཆོས་ཀྱི་དེ་ཁོ་ན་མངོན་སུམ་དུ་བྱེད་པའི་སྒོ་ནས་རྟོགུས་ནས་དང་བྱ་སྙེད་པ་སྟེ་དེ་བས་ཀྱང་ཆེས་ལྷག་པའོ།། དང་བས་ཞེས་བྱ་བས་ནི་ཁྱད་པར་དུ་མ་བྱས་པའི་ཕྱིར་ཅི་རིགས་པར་རྣམ་པར་གསུམ་ཆར་ཡང་སྨོས་པ་ཡིན་ནོ།། འདིས ་ནི་ངོ་བོ་ཉིད་དུ་ཕྱག་བྱས་པ་བསྟན་ནས། དོ་ནི་མོས་པ་བསྟན་པའི་ཕྱིར། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་ཞེས་བྱ་བས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་གཟུང་ངོ་།། རྡུལ་ཞེས ་བྱ་བའི་སྒྲས་ནི་རྡུལ་ཕྲ་རབ་ཐམས་ཅད་བསྡུའོ།། རྡུལ་ཕྲ་རབ་དེ་དག་སྙེད་དེ་མཉམ་པའི་ལུས་གང་བ་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ཞིང་གི་རྡུལ་སྙེད་ཀྱི་ལུས་དེ་དག་གིས་སོ།། འདི་སྐད་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ ་རབ་ཀྱི་གྲངས་རྙེད་ཀྱི་ལུས་རྣམས་ཀྱིས་རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བཤད་པ་ཡིན་ནོ།། འདིས་ནི་རུས་དང་ཡུལ་ཡོངས་སུ་མ་ཆད་པའི་དེ་བཞིན་གཤེགས་པ་བསྟན་པ་གང་ཡིན་པ་དང་། འོག་ནས་འབྱུང་བ་མོས་པ་གང ་དག་ཡིན་པ་དེ་དག་རེ་རེ་ལི་ཡང་ཞིང་གི་རྡུལ་སྙེད་ཀྱི་ལུས་རྣམས་ཀྱིས་ཕྱག་བྱ་བ་ཡང་སྟོན་ཏོ།། འདི་ཐམས་ཅད་ཀྱང་སེམས་ཀྱི་ཁ་ཕྱི་རོལ་ཏུ་ལྟ་བས་ནི་མཱ་ཡིན་ནོ།། འོ་ན་ཅི་ཞེ་ན། དེ་བཞིན་གཤེགས་པ་རེ་རེ་ཞིང་མདུན་ན་བཞུགས ་བ་བཞིན་ཡིད་ཀྱིས་བསམས་ཏེ་གུས་པ་དང་བཅས་པའི་ལུས་དེ་སྙེད་ཀྱིས་ཤིན་ཏུ་གུས་པས་ཕྱག་བྱའོ།། དེ་ཉིད་བསྟན་པའི་ཕྱིར་རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་ཞེས་བྱ་བ་གསུངས་སོ།། དེ་ཡང་ཇི་ལྟ་བུ་ཡིན་སྙམ་པ་ལ། ་བཟང་པོ་སྤྱོད་པའི་སྨོན་ལས་སྟོབས་དག་གིས་ཞེས་བྱ་བ་གསུངས་སོ།། བཟང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟུང་པོ་སྟེ། ཉོན་མོངས་པས་བྱས་པ་གཅིག་ཀྱང་མི་དམིགས་པར་རྣམ་པ་ཐམས་ཅད་དུ་སྤྱོད་པ་ཡོངས་སུ ་སྦྱོར་བས་རྣམ་པ་ཐམས་ཅད་དུ་མཛེས་པའི་ཕྱིར་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། དེའི་སྤྱོད་པའི་མཚན་ཉིད་ཀྱི་སྨོན་ལམ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་མོ།། དེའི་སྟོབས་ཀྱིས་ཏེ་དྲིའི་མན་ངག་གི་མཐུས་དེ་བཞིན་གཤེགས་པོ་རེ་དག་ཐམས ་ཅད་ལ་ཕྱག་བྱའོ།། ཞེས་འཕགས་པ་ནོར་བཟངས་ལ་དེ་སྐད་ཅེས་བསྟན་ཏོ།། དེ་ལྟར་ནི་དང་པོར་ནི་ངོ་བོ་ཉིད་དུ་ཕྱག་བྱ་བ་ལ་སོགས་པ་སངས་རྒྱས་ལ་ཕྱག་འཚལ་བ་ལ་དམིག་པའི་སེས་པའི་ཁྱད་པར་རྣམས་ཀྱི་རྒྱ་ཆེ་བ་བསྟན་ཏོ།། དེ་བཞིན ་གཤེགས་པ་དེ་དག་ཇི་སྙེད་པར་སེམས་པའི་ཁྱད་པར་ཡང་དེ་སྐྱེད་དོ།། ལས་འདི་ནི་ཤེས་རབ་ཀྱི་བྱེད་པས་བྱས་པའི་ཕྱིར་སེམས་ཡོངས་སུ་སྦྱང་བ་འདྲི་ནི་བསོད་ནམས་ཀྱི་ཚོགས་ཞེས་བྱ་བའང་བཱ་ལ་ཡེ་ཤེས ་ཀྱི་ཚོགས་ཞེས་ཀྱང་བྱའོ།། མོས་པས་ཕྱག་བྱ་བ་ནི་རྡུལ་ཕྲ་རབ་ཐམས་ཅད་ཀྱི་གྲངས་སྙེད་ཀྱི་ལུས་རྗེས་སུ་འཇུག་པའི་ཕྱིར་དང་། སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱེད་པའི་ཕྱིར་དེ་བས་ཀྱང་སྤྱོད་པ་ཤིན་ཏུ་ཡོངས་པ་ཉིད་དང་། ཤིན ་ཏུ་ཟབ་པ་ཉིད་དང་། ཆོས་ཕྲ་བ་ཉིད་དུ་སྟོན་ཏོ།། མྱོས་པའི་དེ་བཞིན་གཤེགས་པ་བསྟན་པའི་ཕྱིར། རྡུལ་གཅིག་སྟེང་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྡུལོ་ཕྲ་རབ་ཀྱི་རྡུལ་གཅིག་གི་སྟེང་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད ་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་སྙེད་ཀྱི་དེ་བཞིན་གཤེགས་པ་མོས་པའི་ཤེས་པས་མངོན་པར་དགོད་དོ།། དེ་དག་ཀྱང་དེ་བཞིན་གཤེགས་པ་ཉག་གཅིག་ནི་མ་ཡིནོ།། འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ ་འཁོར་དང་བཅས་པ་དག་གོ། དེ་དག་ཀྱང་སྤྱོད་ལྔ་གཞན་གྱིས་ནི་མ་ཡིན་ནོ།། འོ་ན་ཅི་ཞེ་ན། བཞུགས་པའོ།། རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ ་རེ་རེ་ཡང་མངོན་པར་དགོད་དོ་ཞེས་དེ་སྐད་བསྟན་པའི་ཕྱིར། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་རྡུལ་ཕྲ་རབ་རེ་རེ་སྨོས་པ་ནི་སྣོད་རྣམས་ཕྲ་མོར་འཇུག་པ་བསྟན་ཏོ།། ཆོས་ཀྱི་དབྱིངས་ཀྱི་བར་སྤྲོས་པས་ནི་མ་ལུས་པར་འཇུག་པར་བསྟན་ཏོ།། ་ཐམས་ཅད་སྨོས་བསྡུ་ནི་བར་མེད་པར་འཇུག་པར་བསྟན་ཏོ།། དེ་བཞིན་དུ་སངས་རྒྱས་སྲས་ཞེས་སྨོས་པ་དང་། བཞུགས་པ་སྨོས་པ་ནི་གནས་པ་པོ་འཁོར་དང་བཅས་པ་གནས་ཁྱད་པར་ཅན་དང་བཅས་པ་གྲངས་མེད་པ་མངོན་སུམ་དུ་བྱ་བ་ཡང ་བསྟན་ཏེ། འདིས་ནི་ཡོངས་སུ་སྦྱང་བའི་ཁྱད་པར་སྔ་མ་ལས་སེམས་ཡོངས་སུ་སྦྱང་བའི་ཁྱད་པར་ལྷག་པར་བསྟན་ཏོ།། དེ་ལྟར་དེ་བཞིན་གཤེགས་པ་རྣམས་བསྟན་ནས། དེའི་ཡོན་ཏན་བརྗོད་པས་སེམས་ཡོངས་སུ་སྦྱང་བའི་ཁྱད་པར ་བསྟན་པའི་ཕྱིར། དེ་དག་བསྔགས་པ་མི་ཟད་རྒྱུ་མཚོ་རྣམས་ཞེས་བྱ་བ་གསུངས་སོ།། དེ་དག་ཅེས་བྱ་བ་ནི་ངོ་བོ་ཉིད་དང་། མོས་པའི་དེ་བཞིན་གཤེགས་པ་དག་གོ། མི་ཟད་ཅེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཚོད་པ་སྟེ། འདིས་ནི། ་དུས་ལ་ཁྱབ་པ་བསྟན་ཏོ།། བསྔགས་པ་རྒྱ་མཚོ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་དུས་ཐམས་ཅད་དུ་ལྗོན་པ་ན་མཁའི་གཏོས་ཁྱབ་པ་དག་སྟེ། འདིས་ནི་ཕྱོགས་ཀྱི་ཚོགས་ལ་ཁྱབ་པོ་བསྟན་ཏོ།། དབྱངས་ཀྱི་ཡན་ལག་ནི་དབྱངས་འགྲུབ ་བའི་རྒྱུ་སྟེ། ལྕེ་དང་རྐན་ལ་སོགས་པའོ།། རྒྱ་མཚོ་ཞེས་སྨོས་པ་ནི་སྒྲ་ཐམས་ཅད་བསྡུས་པར་བསྟན་ཧཱུ~ཾ།། འདི་སྐད་དུ་འགྲོ་བའི་སྒྲ་འགྲུབ་པའི་རྒྱུ་རེ་རེ་ལ་སྒྲ་ཐམས་ཅད་སྤྲུལ་ནས་དངོས་པོ་རེ་རེ་འདོད་པ་བསྟོད་པ་བརྗོད་པའི་སྒྲ་ནི་ཕྱོགས་དང ་དུས་དང་དངོས་པོ་ཐམས་ཅད་ལ་ཁྱབ་པ་དག་གིས་ཞེས་བཤད་པ་ཡིན་ནོ།། སྡིག་པ་མི་དགེ་བའི་ཆོས་ལས་རྣམ་པར་རྒྱལ་བའི་ཕྱིར་རྒྱལ་བའོ།། ལེགས་པར་འདོད་པ་དག་གིས་འདྲེས་པར་བྱ་ཞིང་ཡང་དང་ཡང་གོམས་པར་བྱ་བ་ཡིན ་པས་ཡོན་ཏན་ཏེ། ཕ་རོལ་ཏུ་ཕྱིན་པ་དང་མ་འདྲེས་པ་ལ་སོགས་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་དྲུང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་གོ།། དེའི་ཕྱིར་རྒྱལ་བ་ཐམས་རྒྱུད་ཀྱི ་ཡོན་ཏན་ཐམས་ཅད་སྐད་ཅིག་སྐད་ཅིག་ལ་བརྗོད་ཅིང་ངོ་།། མཛེས་པ་དང་། ཕྱིར་མི་ལྡོག་པ་དང་ཡོངས་སུ་རྫོགས་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་སྟེ། བདེ་བར་གཤེགས་པ་དེ་དག་ལ་སོ་སོར་རེ་རེ་ལ་བདག་གིས་སངས་རྒྱས ་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྐྱེད་ཀྱི་ལུས་རྣམས་ཀྱིས་ཕྱག་འཚལ་ཞིང་མངོན་དུ་ཕྱོགས་ནས་བསྟོད་དོ་ཞེས་བྱ་བ་ཡིན་ནོ།། དེ་ལྟར་རང་འཁྲུངས་དང་རླུང་འཁྲུངས་མུ་ཡིན་པའི་སངས་རྒྱས་ལ་དམིགས་པའི་ཁྱད་པ་ཕྲག ་མེད་པ་གྲངས་མེད་པ་ཡང་བསྟན་ལ། དེ་བཞིན་དུ་ངོ་བོ་ཉིད་དང་། མྱོས་པའི་ཕྱག་བྱ་བ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡོན་ཏན་དང་། བསྟོང་པ་བརྗོད་པའི་སྤྲིན་ཡང་བརྗོད་ནས་དེ་ནི་དེ་དགུ་ཉིད་ལ་མཆོད་པ་བྱ་བ་བསྟན་འི་ཕྱིར ་མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མེ་ཏོག་སྨོས་པ་ནི་རིན་པོ་ཆེ་དང་། གོས་དང་། གསེར་དང་། དངུལ་ལ་སོགས་པ་ལས་བྱས་པི་དྲྀ་དང་ཁ་དོག་དང་དབྱིབས་སྣ་ཚོགས་རྣམས་དང་། ལྷའི་དང་། མས ་དང་། དུས་ཐམས་ཅད་དང་། ཡུལ་ཐམས་ཅད་ན་གྲགས་པ་རྣམས་བསྡུའོ།། དམ་པ་ཞེས་སྨོས་པས་ནི་ཐམས་ཅད་པས་མཆོག་དང་། ཆེ་བ་དང་དཔའ་བ་རྣམས་བསྔོ་བར་རིག་པར་བྱའོ།། ཕྲེང་བ་སྨོས་པས་ནི་ཕྲེང་བའི་ཚུལ་དུ་བཀོད་པ་དུས་མས་ཅད ་དང་། ཡུལ་ཐམས་ཅད་ནས་འབྱུང་བ་དང་། ལྷའི་དང་། མིའི་རྣམས་བསྡུའོ།། དམ་པ་སྨོས་པས་ནི་རྒྱ་ཆེ་བ་དང་། གྲུ་ནོམ་པ་བསྡུ་བྱར་རིག་པར་བྱའོ།། སིལ་སྙན་སྨོས་པས་ནི་དུང་དང་། རྔ་བོ་ཆེ་དང་། རྔ་པ་ཊ་ཧ་དང་། རྫ་རྔ་ལ་སོགས་པའི་ལྷའི ་དང་། མི་རཱི་དང་། དུས་ཐམས་ཅད་པ་དང་། རྣམ་པ་ཐམས་ཅད་བྱེ་དང་། ཡུལ་ཐམས་ཅད་ནས་འབྱུང་བ་རྣམས་བསྡུའོ།། དམ་པ་སྨོས་པས་ནི་ཐམས་ཅད་ཀྱི་མཆོག་བསྡུ་བར་རིག་པར་བྱའོ།། གར་ནི་འདི་ཉིད་ཀྱི་ནང་དུ་འདུས་པར་རིག་པར ་བྱ་སྟེ། སིལ་སྙན་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ།། གྲུ་ནི་བསྟོད་པ་བརྗོད་པའི་སྒྲས་འཕངས་པའི་ཕྱིར་རོ།། བྱུག་པ་སྨོས་པས་ནཱི་ཙན་དུན་དང་གུར་ཀུམ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རྣམས་བྱུག་པ་ཡིན་པར་རིག་པར་བྱ་སྟེ། དྲི་ནི་འོག་ནུས ་འཆང་པའི་ཕྱིར་ཞལ་ཞལ་དང་བསྐུ་བའི་ངོ་བོ་ཉིད་ཡིན་ནོ།། དམ་པ་སྨོས་པས་ནི་ཐམས་ཅད་མཆོག་བསྡུའོ།། བདུགས་སྨོས་པས་ནི་རིན་པོ་ཆེའི་གདུགས་ལ་སོགས་པ་ལྷའི་དང་མེའི་རྣམས་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་ཇི་སྐད་སྨོས་པའི ་ཡོ་བྱད་ཀྱི་ཁྱོད་པར་རྣམས་དང་། དངོས་པོ་དང་། ཡུལ་དང་། དུས་དང་། གནས་སྐབས་དང་། བཀོད་པ་ལ་སོགས་པའི་ཁྱད་པར་གྱི་མཆོག་དང་ལྡན་པ་གཞན་དག་གིས་ཀྱང་རྒྱལ་བ་དེ་དག་ལ་མཆོད་པར་བྱ་བའོ་ཞེས་བྱ་བ་ཡིན་ནོ།། ན་བཟའ་སྨོས་པས ་ནི་རས་དང་དུ་ཀུ་ལའི་རས་དང་ཟར་མའི་རས་དང་མན་རས་ལ་སོགས་པ་དུས་ཐམས་ཅད་པ་དང་ཡུལ་ཐམས་ཅད་ནས་འབྱུང་བ་དང་ལྷའི་དང་མིའི་ཤིན་ཏུ་ཁྱད་པར་ཞུགས་པའི་མཐར་ཕྱིན་པའི་ན་བཟའ་རྣམས་བསྡུའོ།། དམ་པ་སྨོས་པས་ནི ་ཤིན་ཏུ་སྤ་བ་དང་ཤིན་ཏུ་ཆེ་བ་དག་གིས་མཆོད་པར་བྱའོ།། ཞེས་སྦྱར་རོ།། དྲི་སྨོས་པས་ནི་ཙན་དན་ལ་སོགས་པ་བཅོས་མ་དང་བཅོས་མ་ཡིན་པ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ལ་གྲགས་པ ་རྣམས་བསྡུའོ།། མཆོག་སྨོས་པས་ནི་ཤིན་ཏུ་ཕུལ་དུ་ཕྱིན་པའི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདོས་པ་བཀོད་པ་ཐམས་ཅད་ཀྱིས་ཤེས་བྱ་བར་སྟོན་ཏོ།། ཕྱེ་མ་སྨོས་པས་ནི་ཚོན་རིམ་པར་བཀོད་པ་ཁ་དོག་སྤེལ་བ་སྦ་བ་ལ་སོགས་པའི ་བྱེ་བྲག་དང་ལྡན་པར་སྟོན་ཏོ།། རི་རབ་ཅེས་སྨོས་པས་ནི་གྲགས་པའི་ཚད་ཀྱིས་རྒྱ་ཆེ་བར་སྟོན་ཏོ།། མར་མེ་སྨོས་པས་ནི་རིན་པོ་ཆེའི་སྡོང་པོའི་མརོ་མེ་ལ་སོགས་པོ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུས་པར་གསལ་བ་དྲི་སྣ་ཚོགས ་ཀྱིས་རྒྱས་པར་འགེངས་པ་རྣམས་བསྡུའོ།། མཆོག་ཅེས་སྨོས་པས་ནཱི་གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འོད་ཀྱིས་གཞན་ལ་མ་ཡིན་པ་སྟེ་ཐུན་མོང་མ་ཡིན་པ་ཞེས་སྟོན་ཏོ།། བདུག་པ་སྨོས་པས་ནི་བདུག་པའི་ཁྱེད ་པར་གགོ་པུར་དང་། ཨ་ཀ་རུ་དང་། ཙན་དེན་ལ་སོགས་པ་བཅས་མ་མ་ཡིན་པ་དང་། བཅོས་མ་སྟེ་སྦྱོར་བའི་ཁྱད་པར་གྱིས་བསྐྱེད་པ་ལྷའི་དང་མིའི་ལས་འདས་པ་གང་དག་ཡིན་པ་དག་བསྡུའོ།། དམ་པ་སྨོས་པས་ནི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའི་བསོད་ནམས་ཀྱི་ཁྱད་པར་ལས་སྐྱེས་པ་དག་ཅེས་སྟོན་ཏོ།། བཀོད་པའི་ཁང་བཟང་དང་། ཡང་ཐོག་དང་། ལྷ་ཁང་དང་། ལྷ་ཁང་བུམ་པ་ཅན་དང་། གཙང་ཁང་བྱུ་བུའི་བྱེ་བྲག་ལ་སོགས་ཏེ། ཙན་དན་ལ་སོགས་པ་ལས་བྱས་པ་ནས ་སོ་ཕག་ལ་སོགས་པ་ལས་བྱས་པའི་བར་གྱི་རྣམ་པ་དེ་དག་ཐམས་ཅད་ཀྱིས་སོ།། མཆོག་ཅེས་སྨོས་པསྲ་ནི་རིན་པོ་ཆེ་ཐམས་ཅད་ལས་བྱས་པ་ཐམས་ཅད་དུ་ཁྱབ་པ་ཁྱད་པར་ཅན་གྱི་རྣམ་པ་ཐམས་ཅད་དང་ལྡན་པར་རིག་པར་བྱའོ།། ལྷའི་མཆོད་པའི་ཡོ ་བྱད་ཀྱི་ཁྱད་པར་དེ་ལྟ་བུ་དེ་དག་དང་རབ་ཀྱི་མཐར་ཕྱིན་པ་གཞན་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ངོ་བོ་ཉིད་དང་མོས་པ་པ་ཐམས་ཅད་ཁྱབ་པར་བྱས་ནས་སྐད་ཅིག་སྐད་ཅིག་ལ་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་དག་ཐམས ་ཅོད་ལ་མཆོད་པར་བྱའོ་ཞེས་བསྟན་ནས། ད་ནི་མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།། ཞེས་བྱ་བ་ལ་སོགས་པས་བླ་ན་མེད་པའི་མཆོད་པ་སྟོན་ཏོ།། འདིར་གོང་ན་མཆོད་པ་ཁྱད་པར་དུ་འཕགས་པ་གཞན་མེད་པས་བླ་ན་མེད་པ་དག་སྟེ། གང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕན་ཚུན་མཆོད་པ་མཛད་པའི་ཕྱིར་མངོན་པར་སྤྲུལ་པ་རབ་ཀྱི་མཐར་ཐུག་པ་བརྙེས་པའི ་ཡེ་ཤེས་ཀྱི་བསྒྲུབ་པ་ཕྱོགས་དང་དུས་ཐམས་ཅད་དུ་ཁྱབ་པ་མཆོད་པའི་ཡོ་བྱད་རྒྱ་ཆེ་ཞིང་བཟང་བ་ཐམས་ཅད་བསྡུས་པ་བཀོད་པའི་རྣམ་པ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཕྱིན་པ་དང་གང་ཆོས་ཀྱིས་མི་ཆོད་པ་བླ་ན་མེད་པ་ཡོན་ཏན་གྱི་ཚོགས ་ཐམས་ཅད་ཡོངས་སུ་སྦྱོང་བའི་རང་བཞིན་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱི་བསྡུས་པའི་མཆོང་བ་དེ་ལྟ་བུ་དེ་དག་གིས་རྒྱབ་དེ་དག་ལ་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ།། རྡེགས་པ་ཐོབ་པ་མ་ཡིན་ཡང་ལེན་ཀྱང་སེམས་ཅན་ཐམས ་ཅད་ཀྱིས་གནས་སྐབས་དེ་ཐོབ་པར་བྱ་བའི་ཕྱིར་མོས་པའི་ཤེས་པས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཐམས་ཅད་ལྔ་དབུལ་བར་བྱའོ་ཞེས་བསྟན་པའི ་ཕྱིར། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས་ཞེས་བྱ་བ་གསུངས་སོ།། དེ་བས་བདག་གིས་དེ་ལྟར་ཇི་སྐད་སྨོས་པ་ཀུན་ཏུ་བཟང་པོ་སྤྱོད་པ་ཡོངས་སུ་སྦྱང་བ་བྱ་བ་བསྟན་པའི་ཚོགས་མཆོད་པའི་ཡོ་བྱད་ཀྱི་ཁྱད་པར་འཇིག་རྟེན་ཐམས ་ཅོད་ལས་ཤིན་ཏུ་འདྲས་པ་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པས་རྒྱལ་བ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ཏེ་མཆིད་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། དེ་ལྟར་ནས་སངས་རྒྱས་རྗེས་སུ་དྲན་པ་དང་། རྭ་ལ་ཕྱག་འཚལ་བ་དང་། བསྟོད་པ་བྱ་བ་དང་མཐོ ་བའི་མཆོ་ག་རྣམས་ཀྱིས་བསོད་ནམས་ཀྱིས་ཚོགས་བསགས་ནས་དེའི་འོག་ཏུ་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྡིག་པོ་མི་དགེ་བའི་ལྷ་གང་ཅུང་ཟད་བྱས་པ་དང་། བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་དེ་མ་ལུས་པར་བཀྲུ་བའི་དོན་དུ་སོ་སོར ་གཤེགས་པར་བྱ་བ་བསྟན་ཏོ།། ཕྱིར་སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཁོར་བ་ནི་འཁོར་བའི་ཚེ་བདག་བྱིས་པ་མི་དགེ་བའི་ལས་ཅུང་ཟད་བྱས་པ་དང་། བྱེད་དུ་བཅུགས་པ་དང་། རྗེས་སུ་ཡི ་རང་བ་དེ་ཡང་རྒྱུ་རྣམ་པ་གསུམ་གྱིས་འབྱུང་སྟེ། འདོད་ཆགས་ཀྱི་དབང་གིས་ཆགས་ནས་སྲོག་གཅོད་པ་ལ་སོགས་པ་གང་ཅུང་ཟད་བྱེད་པ་དང་། ཞེ་སྡང་གི་དབང་དང་། གཏི་མུག་གི་དབང་ཡང་དེ་བཞིན་ནོ།། དེ་ཡང་ཇི་སྟེ་ན་ལུས་སམ་དག ་གམ་ཡིད་ཀྱིས་བྱས་པ་དེ་དག་ཐམས་ཅད་བདག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་སུམ་དུ་བཞུགས་པ་ཐམས་ཅད་ལ་མངོན་དུ་བཤགས་སོ།། མི་དགེ་བའི་སེམས་པས་རྒྱུ་འདི་ལས་སྒྲུབ་པ་ཡིད་དུ་མི་འོང་བའི་འབྲས་བུར་ནུས ་པ་བཟློག་པར་བྱའོ།། བཀྲུ་བར་བྱའོ།། དྲི་མ་མེད་པར་བྱའོ།། བོག་ཆགས་ཀྱང་མེད་པར་བྱ་སྟེ། ཐེག་པ་ཆེན་པོའི་མདོ་ལས་ཇི་སྐད་གསུང་བའི་ཡོན་ཏན་གྱི་དྲི་རྣམས་ཀྱིས་སེམས་ཀྱི་རྒྱུན་ཤིན་ཏུ་དྲི་ཞིམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ ་ལྟར་བསོད་ནམས་ཀྱི་ཚོགས་ཀྱང་བསགས། མི་དགེ་བ་བསགས་པ་ཡང་སོ་སོར་བསོགས་ནས། གཞན་གྱིས་བྱས་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཡོངས་སུ་བཟུང་བའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་གང་ཕྱོགས་བཅུའི་སེམས་ཅན་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་རྣམས་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བསོད་ནམས་རྣམ་པ་དུ་མ་སྟེ། བསོད་ནམས་ཞེས་བྱ་བའི་སྒྲས་ནཱི་མཱ་ཆགས་པ་དང་ཞེ་སྡང་མེད་པ་གཏི་མུག་མེད ་པས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་དང་། དེས་ཀུན་ནས་བསླང་བཱིའི་ལུས་དང་ངག་གི་ལས་ཡོངས་སུ་གཟུང་ངོ་།། དེ་དག་ཉིད་ཐོབ་པར་བྱེད་པ་དང་། གཙང་བར་བྱེད་པའི་དོན་གྱིས་བསོད་ནམས་ཡིན་ནོ།། དེའི་ཕྱིར་སོ་སོའི ་སྐྱེ་བོ་དང་སློབ་པ་དང་མི་སློབ་པ་དེ་དག་གིས་བསོད་ནམས་གང་ལ་ཡང་ཞེས་བྱ་བ་ཡིན་ཏེ། སློབ་པ་ནི་གང་འཕགས་པའི་ལམ་སྐྱེས་ལ་སྐྱེས་བུའི་དོན་ཡོངས་སུ་མ་རྫོགས་པ་དག་སྟེ། དེ་དག་གིས་བསླབ་པར་བྱ་བ་ཡོད་པའི་ཕྱིར་སློབ་པ ་དག་གོ།། མི་སློབ་པ་ནི་གཞན་གྱི་མུན་དག་གིས་འཕགས་པའི་ལམ་བསྐྱེད་ནས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྤངས་པས་སྐྱེས་བུའི་དོན་ཡོངས་སུ་གྲུབ་པ་ཉིད་ཀྱིས་བསླབ་པར་བྱ་བ་མེད ་བས་མི་སློབ་པ་དག་གོ།། གང་དག་བསྐལ་པ་གཅིག་ཏུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ཏེ་གཞན་གྱིས་མན་ངག་མེད་པར་འཕགས་པའི་ལམ་ཐོབ་ནས་ཁམས་གསུམ་དང་བྲལ་བར་ཞུགས་པ་དེ་དག་ནི་སྙིང་རྗེ་ཆེན་པོ་མེད ་པས་གཞན་ལ་ལུང་འབོག་པའི་བྱ་བ་མེད་པར་བདག་གཅིག་པུ་སངས་རྒྱས་པར་བྱེད་པར་སངས་རྒྱས་རྣམས་སོ།། སངས་རྒྱས་སྲས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མོས་པས་སྦྱོང་བའི་ས་ནས་བཟུང་སྟེ་ཆོས་ཀྱིས་སྤྲིན་གྱི་སའི་བར་ལ ་གནས་པ་གང་ཡིན་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་གདུང་མི་མ་ཆད་པར་བྱ་བའི་ཕྱིར་སྲས་ཞེས་བྱའོ།། རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་རྣམས་ཡིན་ཏེ། དུས་ཐམས་ཅད་དུ་བཞུགས་པ་དེ་དག ་གིས་བསོད་ནམས་གང་ཡིན་པ་དང་། གོང་དུ་བཤད་པ་རྣམས་ཀྱི་བསོད་ནོམས་མཐུའུ་ཡས་པ་བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ་ན་མཁའ་ལྟ་བུར་མུ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ལ ་བདག་རྗེས་སུ་ཡི་རང་ངོ་།། བསོད་ནམས་མཛད་པ་དེ་དག་གི་རང་གི་བསོད་ནམས་ཀྱི་ཚོགས་མངོན་སུམ་དུ་མཛད་ནས་བཞུགས་པ་ལ་ཡང་ཤིན་ཏུ་ཡི་རང་ངོ་།། བདག་ཀྱང་དེའི་རྗེས་སུ་ཕྱིན་ནས་མོས་པའི་ཤེས་པས་དགེ་བའི་རྩ་བ་དེ་དག་ཐམས་ཅད ་རང་གི་རྒྱུད་ལ་བརྙནྡྷ་ནས་རྗེས་སུ་ཡི་རང་བ་འམ། དེ་དག་དྲང་སྤྱོང་པ་ཉིད་དུ་རོ་གཅིག་པས་གཅིག་པར་མོས་ནས་རྗེས་སུ་ཡི་རང་བར་བྱ་དགའ་བ་བསྐྱེད་པར་བྱ་སྟེ། ཐབས་འདིས་གཞན་གྱིས་བྱས་པའི་དགེ་བའི་ཚོགས་མཐའ་ཡས་པ་དེ་ཐམས ་ཅད་ཀྱང་སེམས་ཀྱིས་ཡོངས་སུ་བཟུང་ངོ་།། ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་ལ་སོགས་པས་རོང་གི་བསོད་ནམས་ཀྱི་ཚོགས་ཀྱང་ཡོངས་སུ་བཟུང་། སྡིག་པ་བཤགས་པས་སེམས་ཀྱི་རྒྱུད་ཀྱང་ཡོངས་སུ ་སྦྱངས་གཞན་གྱིས་བྱས་པའི་བསོད་ནམས་ཀྱི་ཚོགས་ཀྱང་རྗེས་སུ་ཡི་རང་པོས་ཡོངས་སུ་བཟུང་སྟེ། དགེ་བོའི་ཕུང་པོ་དཔག་ཏུ་མེད་པ་ཀུན་ཏུ་བསགས་པས་སེམས་ཅན་ལ་ཕན་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་པར་བཞེད་པས། གང ་རྣོརློམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས་བྱ་བ་འདི་གསུངས་སོ།། གང་དག་ཕྱོགས་བཅུའི་འཇིག་རྟེན་ནུ་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡང་ཞིང་རྒྱ་ཆེ་བ་མར་མེའི་སྣོད་ལྟ་བུ་དག་ན་ཐུགས་རྗེ་ཆེན་པོ་སྣུམ་ལྟ་བུ་ཡོངས་སུ་བཀང་བ། སྐྱེས་བུ་ཆེན ་པོའི་མཚོན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟུང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་སྙིང་པོ་ལྟ་བུར་གྱུར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ཡེ་ཤེས་ཆེན་པོའི་མེའི་ཕུང་པོ་རབ་ཏུ་འབར་བ། ཕྱོགས་བཅུ་མཐའ་ཡས་པར་འོད་ཟེར་གྱིས་ཚོགས ་དགེ་བའི་དཀྱིལ་འཁོར་དཔག་ཏུ་མེད་པ་འཕྲོ་བས་གཽ་ཏ་མུག་གི་མུན་ནག་ཆེན་པོ།། མ་ལུས་པར་བཅོམ་པ་དག་ནི་འཇིག་རྟེན་ན་སྒྲོན་མ་ལྟ་བུ་ཡིན་པས་འཇིག་རྟེན་སྒྲོན་མ་སྟེ་དེ་བཞིན་གཤེགས་པ་རྣམ་སོ།། བྱང་ཆུབ་མཆོག་རིམ་པར ་སངས་རྒྱས་ནས་མཆོག་ཏུ་གྱུར་པའི་སངས་རྒྱས་བརྙེས་ཏེ། རྨུགས་པ་མི་མངའ་བ་བརྙེས་པ། འཇིག་རྟེན་ཐམས་ཅད་ཀྱིས་རྟོགས་པར་དཀའ་བའི་ཆོས་ཐུགས་སུ་ཆུད་པས་ཅད་མི་གསུང་བར་བཞུགས་ནས ་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་སངས་རྒྱས་ལྟར་སེམས་ཅན་གྱི་དོན་ལ་མི་གཟིགས་པ་མ་ཡིན་མོད་ཀྱི། བོན་ཀྱང་ཆོས་ཟབ་པར་བསྟན་པ་དང་། དམ་པའི་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་སྐུལ་བ་ལ་བཞེས་ཏེ། དེར་སྨོས་པའི་སེམས་དང ་ལྡན་པ་རྣམས་ལ་དགེ་བའི་ཚོགས་བསགས་པའི་ཕྱིར་བདག་ཉིད་འཁོར་ལོ་མི་བསྐོར་རོ།། དེ་བས་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བདག་གིས་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་བསྐུལ་བས་དེ་དག་ལ་བསྐུལ ་པེར་བྱའོ།། བླ་ན་མེད་པ་ནི་འཇིག་རྟེན་ཐམས་ཅད་ན་འདྲ་བ་མེད་པའི་ཕྱིར་རོ།། དེ་ལྟར་མ་བྱོན་པའི་སངས་རྒྱས་ལ་པུསྨཱ་སྲ་བ་ས་སེམས་ཅན་ཡ་ཕན་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་ནས། ཡཱང་གསོལ་བ་གང་པེ་བས ་ཀྱང་ཡོངས་སུ་སྤྱད་པའི་ཕྱིར། མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་གཤེགས་པ་གང་དག་སངས་རྒྱས་ཀྱི་དུལ་བའི་སེམས་ཅན་རྣམས་ཀྱི་དོན་ཅི་རིགས་པར་མཛད་ནས ་སངས་རྒྱས་ཀྱིས་མཛད་པ་ཡོངས་སུ་རྫོགས་པ་འདྲ་བར་མྱ་ངན་ལས་འདས་པ་སྟོན་པར་བཞེད་པ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཕུང་པོ་རྣམས་ཡོངས་སུ་མདོར་བར་བཞེད་པ་དེ་དག་ལ་སྐྱེ་བོ ་ལྷག་མ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་མི་འཇུག་དུ་གསོལ། སེམས་ཅན་མགྲོན་མ་མཆིས་པར་མི་མཛད་དུ་གསོལ། འགྲོ་བ་ལྷག་མ་དག་ལ་སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་དོན་མཛད་པར ་གསོལ་ཞེས་བདག་རབ་ཏུ་བསྒྲིམས་ནས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་བཱ་ལཱ་སོགས་པས་གསོལ་པ་གདབ་བོ། བསྐུལ་བ་ནི་བདག་ཉིད་བྱེད་པར་འདོད་པ་ལ་བསྐུལ་བ་ཙམ་དུ་ཟད་དེ། དེས་ན་གསོལ་བ་དང་བསྐུལ་བ་དགུ་ནི་བསྒྲིམ་པ་དང་མི ་བསྒྲིམ་པའི་ངོ་བོ་ཡིན་པའི་ཕྱིར་གསོལ་པ་དང་བྱེ་བྲག་ཡོད་དོ།། དུས་ཇི་སྲིད་ཅིག་ཏུ་བཞུགས་པར་གསོལ་བ་གདབ་སྙམ་པ་ལ། ཞིང་གི་རྡུལ་སྙེད་བསྐལ་པར་བཞུགས་པར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སེམས་ཅན་གྱི ་དོན་མཐའ་ཡས་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་སྙེད་ཀྱི་བསྐལ་པར་བཞུགས་སུ་གསོལ་ལོ།། དེས་ན་འདི་སྐད་དུ་སེམས་ཅན་གྱི་ཁམས་ཇི་ཙམ་པ་དྲེ་ཙམ་དུ་སེམས་ཅན་གྱི་དོན་མཛད་པ་ཡོངས ་སུ་མ་གྲུབ་པ་ཉིད་དོ།། དེ་བས་ན་དེ་དོན་དུ་གཉེར་བ་རྣམས་ཡོངས་སུ་མྱ་ངནི་ལས་འདའ་བ་ཉིད་དོ་ཞེས་སྟོན་ཏོ།། ཅིའི་ཕྱིར་བཞུགས་པར་གསོལ་སྙམ་པ་ལ། འགྲོ་བ་ཀུན་ལ་ཕན་ཞིང་བདེ་པའི་ཕྱིར་ཞེས་བྱ་བ་གསུངས་སོ།། འགྲོ་བ་ཀུན ་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་མ་ལུས་པ་ལའོ།། ཕན་པ་ནི་མི་དགེ་བའི་ཆོས་ཐམས་ཅད་ལས་བཟློག་པ་དང་། དགེ་བའི་ཆོས་ཐམས་ཅད་ལ་འཇུག་པའམ། ཚེ་འདི་དང་ཚེ་འདི་མ་ཡིན་པའི་དང་། གཏན་དུ་བདེ་བ་ཐོབ་པའི་རྒྱུའོ། ་བདེ་བ་ནི་ལྷ་དང་མིའོ།། ཡང་ན་བདེ་བའི་མཆོག་ནི་མྱ་ངན་ལས་འདས་པ་སྟེ། དེའི་དོན་དུ་བཞུགས་སུ་གསོལ་ལོ།། ད་ནི་བསོད་ནམས་ཀྱི་ཕུང་པོ་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་བྱས་པའི་ཁྱད ་པར་ལས་སྐྱེས་པ་བར་མཚམས་མེད་པར་ཇི་ལྟར་བཟུང་བ་བསྡོམ་པ་དེ་ཐམས་ཅད་ཁྱད་པར་འཕགས་པའི་འབྲས་བུར་ཡོངས་སུ་བསྔོ་བ་ཐབས་ཀྱིས་བསྡུས་ནས་ཡང་རྒྱ་ཆེན་པོར་བྱ་བའི་ཕྱིར། ཕྱག་འཚལ་བ་དང་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། དེ་ལ་ངོ་བོ་ཉིད་དང་མོས་པའི་ལུས་ཀྱིས་སངས་རྒྱས་མཐའ་ལས་པ་ལ་ཕྱག་འཚལ་བར་དམིགས་པའི་སེམས་པའི་ཁྱད་པར་གང་ཡིན་པ་དེ་དག་ནི་ཕྱོག་འཚོལ་བའི་སྒྲར་བསྟན་ཏོ།། མཆོད་པ་ནི ་མཆོད་པའི་ཡོ་བྱད་མཐའ་མེད་པ་སངས་རྒྱས་མཐའ་ཡས་བྲ་ལ་ཕུལ་བས་བསྡུས་པའི་སེམས་པའི་བྱེ་བྲག་རྣམ་སོ།། བཤགས་པ་ནི་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག ་ལས་བྱུང་བ་ལུས་དང་ངག་དང་ཡིད་ལས་བྱུང་བའི་མི་དགེ་བའི་ཁ་བྱ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བཤོགས་པའི་རོང་བཞིན་གྱི་སེམས་པའི་རྒྱུན་རྣམས་སོ།། རྗེས་སུ་ལཱི་རང་བ་ནི་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བྱས་པ་དང་བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཚོགས་མཐོའི་ཡས་པ་ལ་རྗེས་སུ་ཡི་རང་བར་ཞུགས་པའི ་པའི་ཕུང་པོའོ།། བསྐུལ་བ་ནི་སེམས་ཅན་གྱི་དོན་མཛད་པར་བྱ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཏེ་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར་བསྐུལ་བ་ལ་གཞེས་པ་རྣམས་ལ་སོ་སོར་བསྟི་སྟང་བྱ་བ་སྔོན་དུ་འགྲོ་བའི ་དོན་དུ་གཉེར་བ་བསྡུས་པའི་སེམས་པའི་ཁྱད་པར་རྣམས་སོ།། གསོལ་བ་ནི་རང་གི་མཛད་པ་རྣམས་ཡོངས་སུ་རྟོགས་པར་མཛད་ནས་ཕུང་པོ་ལྷ་མ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པར་བཞེང་པ་རྣམས་ལ ་གསོལ་བ་འདེབས་པ་སྟེ། ཕྱག་འཚལ་པོ་སྔོན་དུ་འགྲོ་བའི་འགོག་པས་བསྡུས་པའི་སེམས་པ་མཆོག་འབྱུང་བ་རྣམས་སོ།། དེ་ལྟར་ཇི་སྐད་སྨོས་པའི་ཚུལ་དུ་རང་གི་རྒྱུད་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་དགེ་བའི་ཚོགས ་མཐའ་ཡས་པ་བསྔགས་པ་གང་ཡིན་པ་དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་དུ་གྱུར་པ་རྣམས་ཀྱི་སྤྱན་སྔར་བཞུག་ནས་དང་པུ་ཕུལ་དུ་བྱུང་བའི་ནོར་བུ་རིན་པོ་ཆེས་དང་བར་བྱས་པའི་སེམས་ཀྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ། ་བར་བྱ། འབྲས་བུའི་ཁྱད་པར་བླ་ན་མྱེད་པ་ལ་ངེས་པར་བྱ་སྟེ། དྲོན་དྲི་ཉེ་བར་བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་གཟུང་བའི་ཕྱིར་ཐབས་ཀྱི་ཁྱད་པར་ཕ་རོལ་མི་དཔོགསོ་བྱང་ཆུབ་སེམས་དབུའི ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པས་འཐོབ་པར་བྱེད་པའི་མཚན་ཉིད་ཀྱི་འདི་ནི་དད་པས་བསྐྱེད་པའི་སེམས་ཀྱིས་ཐོས་པའི་ཚེ་ཡང་སེམས་ཀྱིས་རྒྱུན་རྣམ་པར་དག་པར་བྱེད་པས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་སྒྲུབ་པས་ལྟ་སྨོས་ཀྱང་ཅི ་དགོས། དེ་བས་ན་འདི་ནི་འོག་ནས་འབྱུང་བའི་དོན་རྣམས་ཐམས་ཅད་ལ་ཡང་སོ་སོར་སྦྱང་བར་རིག་པར་བྱའོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྡུད་པའི་ཐབས་སྒྲུབ་པས་རྒྱལ་བ་ཀུན་གྱིས ་རྗེས་སུ་སློ་གྱུར་ཏེ། ཐབས་ཀྱིས་ཡོངས་སུ་ཟིན་པའི་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་རག་ཏུ་སྟོན་པར་བྱེད། རག་ཏུ་འཚོད་པར་བྱེད་ཅེས་བྱ་བ་འདིས་ནི་མོས་པས་སྤྱོད་པའི་སྣའི་དོན་བསྡུས་པ་རོ་བསྟན་ཏོ།། ཡེ་ཤེས་སྤྱོད་པ་རྣམས་པར ་དག་བྱེད་ཅིང་ཞེས་བྱ་བ་ལ། ཡེ་ཤེས་ནི་ཟག་པ་མེད་པ་རྣམ་པར་མི་རྟོག་པའི་ཐེག་པའོ།། དེའི་སྤྱོད་པ་ནི་སཽ་བསྒོམ་པའི་གོ་རིམ་མོ།། དེ་རྣམ་པར་དག་པ་ནི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་པའི་ཡེ་ཤེས་ཀྱིས་སྟེ། འདི་ས་ནི་ས ་བཅུ་བསྡུས་སོ།། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཅེས་བྱ་བ་ལཱ། བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུལ་དུ་བྱུང་བའོ།། དེའི་སྤྱོད་པ་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཀྱིས་བསྡུས་པ་བསྒོམ་པའོ།། དེ་ཡོངས་སུ་རྫོགས། ་པ་ནི་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའི་མངོན་སུམ་དུ་མཛད་པ་ཡིན་ཏེ། འདིས་ནི་ཕན་ཡོན་གྱི་ལུམ་བསྡུས་སོ།། ་དེ་ལྟར་ན་ཚིགས་སུ་བཅད་པ་འདིས་ནི་སྨོན་ལམ་ཆེན་པོ་འདིའི་དོན་ཐམས་ཅད་བསྡུས་པར་བསྟན་པ་ཡིན་ནོ།། འིངོ་མན་ཆད་འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི་མོས་པས་སྤྱོད་པའི་སའི་དོན་གྱི་རིམ ་པ་བརྗོད་དེ།། དེ་བཞིན་གཤེགས་པ་འདས་པ་རྣམས་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་བལྟོས་ནས་ཡིན་གྱི། ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་བལྟོས་ནས་ནི་མ་ཡི།། དེ་བཞིན་གཤེགས ་པ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་བཞུགས་པའི་ཕྱིར་རོ།། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་བཞུགས་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་རྣམས་ཀྱིས་ཕྱོགས་བཅུ་དྲག་ན་ང་ལྟར་སེམས་ཅན་ལོངས་སུ་སྨིན་པར་མཛད་པ ་ཞེས་བྱ་བའི་ཐ་ཚིག་གོ། མཆོད་པར་གྱུར་ཅེས་བྱ་བ་ནི་ཇི་སྐད་བཤད་པའི་མཆོད་པ་དང་། སྒྲུབ་པའི་མཆོད་པ་བླ་ན་མེད་པས་དེ་བཞིན་གཤེགས་པ་འདས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་མཆོད་པར་གྱུར་ཅིག་ཅེས་བྱ་བ་ཡིན ་ཏེ། སྨྲ་བ་པའི་མཆོད་པས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟོན་ཏོ།། གང་ཡང་མ་བྱོན་པ་དེ་དག་རབ་ཏུ་མྱུར་བ་ཁོ་ནར་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་བཞེད་པ་བཞིན་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས ་བྱ་བ་སྟེ། འདིས་ནི་སེམས་ཅན་གྱི་དོན་མཛད་པར་བཞུགས་པ་དེ་དག་སྐད་ཅིག་ཀྱང་ཤོལ་བར་མ་གྱུར་ཅིག་ཅེས་དྲི་སྐད་བསྟན་ཏོ།། ཐུགས་ལ་དགོངས་པ་ནི་བསམ་པ་སྟེ། ཡུན་རིང་པོ་ནས་བཞེད་པའི་དོན་འབྲས་བུའི་ཁྱད་པར ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ་གང་ཡིན་པའོ།། དེ་ཡོངས་སུ་རྫོགས་པ་ནི་བསམ་པ་རྫོགས་པའོ།། དེ་ཉིད་ཀྱི་ཕྱིར། བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པ་དེ ་ཡོངས་སུ་རྫོགས་པར་གྱུར་ཅིགུ་ཅེས་བྱ་བའི་ཐ་ཚིག་གོ། དེ་དག་བདག་ཉིད་འབྲས་བུ་སྒྲུབ་པ་ལ་ཞུགས་མོད་ཀྱི། འོན་ཀྱང་དེ་དག་གྲི་དོན་ཆེན་པོ་འགྲུབ་པ་དང་། བགེགས་མེད་པར་སྨོན་པ་རྣམས ་ཀྱི་བསྐུམ་པ་ཤིན་ཏུ་ངག་པར་འགྱུར་རོ་ཞེས་སྟོན་ཏེ།། ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་བསྟན་ཏེ། ད་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོད ་སྦྱོང་བའི་བསམ་པཱ་བསྟན་པའི་ཕྱིར། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕྱོགས་བཅུ་ན་སངས་རྒྱས་ཀྱི་ཞིང་གི་ཁྱད་པར་ཇི་སྙེད་ཡོད་པ་དེ་དག་རྡོ་ལ་སོགས་པ་ཉེས་པ་མེད་པ ་བདེ་བའི་ཕུལ་དུ་ཕྱིན་པ་བདེ་བ་ཙནྡྲ་དང་འོང་བར་ཡོངས་སུ་དག་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། ཡོངས་སུ་དག་པ་འབའོ་ཞིག་མ་ཡིན་གྱི། ངན་ཡོད་པའི་དངོས་པོ་ཐམས་ཅད་རབ་ཀྱི་མཐར་ཕྱིན་པར་གྱུར་པའི་སྒོ་ནས ་རྒྱ་ཆེ་བར་སྣང་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། དེ་ལྟར་གནས་ཡོངས་སུ་དག་པསྣ་ཡོངས་སུ་དག་པར་བརྗོད་ནས། གནས་པ་ཡོངས་སུ་དག་པ་བསྟན་པའི་ཕྱིར། བྱང་ཆུབ་ཤིང་དབང་རུང་ག་ཤེགས་ཞེས་བྱ་བ་ལ་སོགས་པ ་གསུངས་སོ།། བྱང་ཆུབ་ནི་ཡེ་ཤེས་བླ་ན་མེང་བའོ།། དེ་ཤིང་གི་རྒྱལ་པོ་གང་གི་དྲུང་དུ་བཞུགས་ནས་བརྙེས་པ་དེ་ནི་སེམས་ཅན་གྱི་མཆོག་གི་ཡོངས་སུ་བཟུང་བའི་ཁྱད་པར་གྱི་ཕྱིར་བྱང་ཆུབ་ཤིང་གི་དབང་པོ་སྟེ། ཤིང་ཐམས ་ཅད་ཀྱི་ནང་ན་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་དབང་པོའོ།། བདུད་བཞི་ཕམ་པར་མཛད་པའི་ཕྱིར་གང་དག་དེར་བཞུགས་པ་དེ་དག་བྱང་ཆུབ་ཤིང་དབང་དུང་གཤེགས་སོ།། དེ་དག་གང་ཡིན་སྙམ་པ་ལ། རྒྱལྔ་བ་དང་ཞེས་བྱ ་པ་གསུངས་སོ།། བག་ཆགས་དང་བཅས་པའི་ཉེས་པ་ཐམས་ཅད་ལས་རྒྱལ་བའི་ཕྱིར་ཏེ། དེ་དག་གིས་ཡོངས་སུ་གང་བར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། ཅི་དེ་དག་ཉི་ཚེས་སམ་སྙམ་པ་ལ། སངས་རྒྱས་སྲས་ཀྱིས་ཞེས་བྱ་བ ་གསུངས་སོ།། དེ་ཁོ་ན་ཉིད་རྣམ་པར་སངས་རྒྱས་པའི་སངས་རྒྱས་དེ་དག་ཉིད་ཀྱི་སྲས་སྐུ་དག་པ་མངའ་བ་ཟབ་ཅིང་བཟང་བ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ ་དེ་དགྲ་ཡིན་ནོ།། དེའི་ཕྱིར་སེམས་ཅན་རིན་པོ་ཆེ་ཁྱད་པར་ཅན་དེ་ལྟ་བུ་དག་གིས་སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་དེ་དག་ཡོངས་སུ་གྲང་བར་གྱུར་ཅིག་ཅེས་བྱ་བ་ཡིན་ནི།། དེ་ལྟར་གནས་དང་གནས་པ་ཡོངས་སུ་དག་པས་སངས ་རྒྱུས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་བསྐུམ་པ་བརྗོད་པོས་སེམས་ཅན་ལ་ཕན་པ་དང་བདེ་བའི་བསམ་པས་ཡོངས་སུ་དག་པ་བསྟན་པའི་ཕྱིར། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་ཕྱོགས་བཅུ་དག་ན་གང་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་བྱ་བ་འདིས་ནི་ངན་སོང་བའི་སྡུག་བསྔལ་ལས་ལྡོག་པར་བསྟན་ཏོ།། ཅི་རེ་འགའ་ཞིག་གམ་ཞེ་ན་མ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་གསུང་སོ།། ངན་སོང་བའི ་སྡུག་བསྔལ་དང་བྲལ་དུ་ཟིན་ཀྱང་བདེ་འགྲོར་སྐྱེས་པ་རྣམས་ལ་ནད་ལ་སོགས་པའི་སྡུག་བསྔལ་ཡོད་དོ་སྙམ་པ་ལ། ནང་མེད་གྱུར་ཅེས་བྱ་བ་གསུངས་ཏེ། དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་དང་བློ་བུར་གྱི་སྡུག ་བསྔལ་མ་ལུས་པ་ལས་གྲོལ་བར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། སྡུག་བསྔལ་དེ་དང་བྲལ་དུ་ཟིན་ཀྱང་དྲི་བས་ཆེ་ས་མི་བཟད་པ་དབུ་ལ་སོགས་པའི་སྡུག་བསྔལ་ཡོད་དོ་སྙམ་པ་ལས། འགྲོ་བ་ཀུན་གྱིས་ཆོས་ཀྱི་དོན་རྣམས་ནི་ཞེས་བྱ་བ ་གསུངས་སོ།། འགྲོ་བ་ཐམས་ཅད་དེ། སེམས་ཅན་གྱི་ཕུང་པོ་མ་ལུས་པ་དག་གི་ཆོས་ཀྱི་འདོད་པ་གྲུབ་པའི་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། ཆོས་ཀྱིས་བརྙེད་པའི་དོན་ནི་ཆོས་ཀྱི་དོན་ཡིན་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལས་མ་གྲོལ ་བས་རྙེད་པའོ།། ཡང་ན་ཆོས་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་གཉི་གར་མ་སྨང་བའོ།། ཆོས་ཀྱི་ཞེས་སྨོས་པས་ནི་ཕ་རོལ་ལ་གནོད་པ་བྱས་པའི་སྡུག་བསྔལ་མེད་པར་བསྟན་ཏེ། ཆོས་ཀྱི་ཡིན་ཡང་ཅི་སྟེན་སྒྲུབ་པ་དང་སྲུང་བ་ལ་སོགས་པའི་སྡུག ་བསྔལ་དང་འབྲེལ་པར་འགྱུར་རོ་སྙམ་པ་ལ། མཐུན་པར་གྱུར་ཅིང་ཞེས་བྱ་བ་གསུངས་སོ།། སྒྲུབ་པ་ལ་སོགས་པའི་ཡོངས་སུ་ཉོན་མོངས་པ་མེད་པས་ཤིན་ཏུ་མཐུན་པར་གྱུར་ཅིག་ཅེས་བྱ་བའོ།། དེ་ལྟ་ཡོན་ཡང་འདོད་པས་ཕོངས་པ་ལ་སོགས ་པས་བྱས་པའི་སྡུག་བསྔལ་འབྱུང་བ་ཁོ་ནའོ་སྙམ་པ་ལ། རེ་བའང་འགྲུབ་པར་ཤོག། ཅེས་བྱ་བ་གསུངས་སོ།། ལུས་ཅན་ཐམས་ཅད་ཀྱི་རེ་བ་སྟེ། འདོད་པའི་དོན་གྲུབ་པར་བྱ་བའི་བསམ་པ་གྲུབ་ཅིང་འབྱོར་པར་ཤོག་ཅེས་བྱ་བའི་ཐ་ཚིགོ།། ་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ལ་ཕན་པ་བསྐྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་ད་ལྔར་མ་འོངས་པའི་སངས་རྒྱས་མངོན་པར་རྫོགས་པར་བྱང་ཆུབ་པར་སྨོན་པ་དང་། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་དག་པར་སྨོན་པས་ནི ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བསྟན་ཏོ།། འདི་དང་པོར་མཆོད་པ་རབ་ཏུ་དབུལ་བས་ནི་མོས་པས་སྤྱོད་པས་བསྡུས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། དེ་ལྟར་ཚིགས་སུ་བཅད་པ་གསུམ་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ ་མོས་པས་སྤྱོད་པས་བསྔོས་པ་བརྗོད་ནས། དེ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྩ་བ་དྲུག་ལ་སོགས་པས་ནི་དེ་ལས་གཞན་པ་ཐོབས་བསྟོན་ཏོ།། བྱང་ཆུབ་ཀྱི ་སེམས་མི་བརྗོད་པ་དང་། དེ་དང་མཐུན་པཱའི་ཕུ་རོལཱ་ཏྱཱ་ཕྱིན་པ་སྒྲུབ་པ་ཡང་སྐྱེ་བྷི་དྲན་ནི་འབྱུང་གྲཱི། དེ་ར་མྦྷ་ཡིན་ཏེ། དྲན་པཱ་ཉམས་ན་དེ་གཉི་ག་མེད་དོ།། བྱང་ཆུབ་ཏུ་སྤྱོད་པ་ནི་བྱང་ཆུབ་ཏུ་སྤྱོད་པཱ་སྟེ། དེའི་འཕགས་པ་ཀུན་ཏུ་བཟང་བ ་སྤྱོད་པའི་ལ་ནན་ཏན་བྱེད་པའོ།། དེ་སྤྱོད་ཅིང་སྟེ། ཐོས་པ་དང་བསམ་པ་ལ་སོགས་པའི་རིམ་གྱིས་བསྒོམ་ཞིང་། ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་ཕྱུགས་བདོག་པའི་ཐར་པ་བཞིན་དུ་སྐྱེ་བ་གཅིག་གིས་ནི་མ་ཡིན་ནོ།། འོ་ནུ་ཅི་ཞེ་ན། བསྐལ ་པོ་གྲངས་མེད་པ་དུ་མས་ཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་འཐོབ་པར་བྱ་བ་ཡིན་ནོ།། དེའི་ཕྱིར་སྐྱེ་བ་དྲན་པ་ཉིད་མེད་ན་དེ་ཐམས་ཅད་མི་སྲིད་།། ཚེ་རབས་གཞན་དུ་བརྗེས་ནས་སྡུག་སྟེ། གཉིད་ཀྱིས་ལོག་པའི་གནས ་སྒྲུབས་ན་བདག་སུ་སནུ་པ་དང་། བདག་གི་སྐུ་གནས་གང་ཡིན་པ་དང་། བདག་གིས་བྱ་བ་དང་སྐྱེ་བྱ་བ་གང་ལེན་པ་མི་ཤེས་པ་དེ་ལྟ་བུར་གྱུར་པ་ནི་དགེ་བ་མེད་པ་དང་ཡང་ཤིན་ཏུ་རིང་ན་ཚོགས་ཡོངས་སུ་རྫོགས ་པར་ལྟ་ག་ལ་འགྱུར། དེ་བས་ན་སྐྱེ་བ་དྲན་པར་གྱུར་ཅེས་བྱ་བ་གསུངས་སོ།། སྨོན་ལམ་མ་བཏབ་པར་ཡང་ལྷ་ལ་སོགས་བྲིའོ་ནང་ན་སྐྱེ་བ་དྲན་པ་དག་ཡོང་ངོ་།། སྦྲུམ་པ་ལ། འགྲོ་བ་ཀུན་ཏུ་ཞེས་བྱ་བ་གསུངས་སོ།། འགྲོ་བ་ནི་སེམས ་ཅན་དམྱལ་བ་ལ་སོགས་པ་ལྔ་སྟེ། ལས་དྲང་ཉོན་མོངསྔོ་པའི་དབང་གི་སེམས་ཅན་རྣམས་ཤྲཱི་བའི་འོག་ཏུ་སྐྱེ་བའི་འོག་ཏུ་སྐྱེ་བའི་དོན་དུ་དེ་དག་ཏུ་འགྲོ་བས་ན་འགྲོ་བའོ།། འདི་སྐད་དུ་ལས་ཀྱི་དབང་གིས་འགྲོ་བ་ཐམས་ཅད་དུ་སྐྱེ་བ་ནུ་རྟག ་ཏུ་སྐྱེ་བོ་དྲན་པར་གྱུར་ཅིག་ཅེས་བཤད་པ་ཡིན་ནོ།། འཆི་འཕོ་ནི་ཤི་བ་སྟེ་འཆི་བ་ཞེས་བྱ་བའི་ཐ་ཚིག་གོ།། སྐྱེ་བ་ནི་སྐྱེ་བ་སྟེ་རིས་མཐུན་པའི་ཁྱད་པར་འཐོབ་པའོ།། སྐྱེ་བ་དྲན་དུ་ཟིན་ཀྱང་སོ་སོའི་སྐྱེའོ་གནས་སྐབས་ན་ཁྱིམ་པར་གྱུར་པའི ་ཕྱིར་དང་། དེའི་སྐྱེ་བོ་དང་འགྲོགས་པའི་ཕྱིར་སེམས་ཀྱི་རྒྱུད་སྨྱུང་བ་མ་བྱས་པས་ཚོགས་ལ་སྦྱོར་བ་རྙེད་པར་དཀའ་བསའི་ཆི་འཕོ་སྐྱེ་བ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ནས་འཆི་འཕོ་བ་དང་། གང་དུ་སྐྱེ་བ་དེར་རབ་ཏུ་འབྱུང ་བོར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། སྐྱེ་བོ་དེར་རབ་ཏུ་བྱུང་སྟེ་ཁྱིམ་པའི་ཆ་བྱད་དང་། དེར་འགྲོགས་པ་པོར་ཡང་དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ་རྟག་ཏུ་ཞེས་བྱ་བ་གསུངས་སོ།། དུས་ཐམས་ཅད་དུ་སྟེ་བར་སྐབས་སུ་རབ་ཏུ་བྱུང་བ་མ ་ཡིན་ནོ།། རབ་ཏུ་བྱུང་ཡང་འཆལ་བའི་ཚུལ་ཁྲིམས་སྤྱོད་པའི་ཕྱིར། ཚུལ་ཁྲིམས་ལ་སོགས་པ་ལ་སྐྱོན་བྱུང་ན་ཚོགས་ཡོངས་སུ་རྫོགས་པར་ག་ལ་འགྱུར། དེ་མེད་པའི་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི ་ཡིན་པས་ཡོན་ཏན་འཐོབ་པ་ཐམས་ཅད་ཀྱང་མེང་པོར་འགྱུར་བས་དེའི་ཕྱིར། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ཚུལ་ཁྲིམས་ཀྱི་མཚན་ཉིད་ཀྱི་སྤྱོད་པ་ནི་ཚུལ་ཁྲིམས་སྤྱོད་པའོ།། དེ་ཡང་ཅི་སྟེ་འདོད་ཆགས་ལ ་སོགས་པའི་སྐྱོན་གྱིས་ཀུན་ནས་བསླང་བའི་ཆལ་བའི་ཁྲིམས་ཀྱི་དྲི་མེས་དྲི་མ་ཙོན་དུ་གྱུར་པས་དེའི་ཕྱིར་དྲི་མེད་ཅེས་བྱ་བ་གསུངས་སོ།། དེ་ཡང་ཅི་སྟེ་ན་བསླབ་པ་མཱི་འདོད་པའི་གཏི་སུག་གི་སྤྱོད་པས་བསླབ་པའི་གནས་རྣམས་མི་ཤེས་པའི་ཕྱིར་རམ ་དྲན་པ་ཉམས་ལ་སོགས་པས་ཡོངས་སུ་མ་དག་པར་འགྱུར་རོ།། སྙམ་པ་ལ། ཡོངས་སུ་དྲག་བྱོར་ཞེས་བྱ་བ་གསུངས་སོ།། ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་ནི་དྲི་མ་མེད་ཅིང་ཡོངས་སུ་དག་པ་ཡིན་ནོ།། ཡོངས་སུ་དག་པ་ཡང་ཅི་སྟེ། ་ན་དུས་ཚིགས་ཀྱི་ཉི་མ་དག་ལ་འགྱུར་རོ་སྙམ་པ་ལ། རྟག་ཏུ་ཞེས་བྱ་བ་གསུངས་ཏེ། ཇི་སྲིད་འཚོའི་བར་དུ་ཞེས་བསྟན་པར་འགྱུར་རོ།། ཚུལ་ཁྲིམས་རྣམ་པ་དེ་ལྟ་བུ་ཡང་ཅི་སྟེ་ན་ཕྱོགས་གཅིག་པར་འགྱུར་རོ་སྙམ་པ་ལ། མ་ཉམས་ཞེས་བྱ་བ ་གསུངས་ཏེ། བསླབ་པ་ཡོངས་སུ་རྫོགས་པར་གཟུང་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་ཅི་སྟེ་ན་བག་མེད་པས་སྐྱོན་ཅན་དུ་འགྱུར་རོ་སྙམ་པ་ལ་སྐྱོན་མེད་ཅེས་བྱ་བར་གསུངས་སོ།། དེས་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་དངོས་པོ་དང་བྲལ ་བའི་ཕྱིར་ཀུན་ཏུ་ཁ་ན་མ་ཐོ་བའི་དངོས་པོ་དང་བྲལ་བའི་ཕྱིར་ཀུན་ཏུ་ཁཱ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་སུ་འགྱུར་རོ།། དེའི་ཕྱིར་ཚུལ་ཁྲིམས་རྣམ་པ་དྭེ་ལྟ་བུ་ལ་རྟག་པར་སྤྱོད་ཅིང་རྒྱུན་དུ་ན་ན་ཏན་བྱེད་པར ་ཤོག་ཅིག་ཅེས་བྱ་བ་ཡིན་ཏེ། བདེ་འགྲོར་ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར་ལེན་པས་བདེ་བ་དང་ཡིད་བདེ་བ་འཐོབ་པའི་ཕྱིར་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་གདུང་བཞི་བར་བྱེད་པའི་ཕྱིར་སེམས་བསིལ་པོར་བྱེད་པའི་དོན་གྱིས་ཚུལ་ཁྲིམས ་ཞེས་བྱའོ།། དེ་ལྟར་སྐྱེ་བ་དྲན་པ་དང་རབ་ཏུ་འབྱུང་བ་དང་ཚུལ་ཁྲིམས་ཡོངས་སུ་དག་པས་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་བསྟན་ཏོ།། ང་ནི་སྐྱེ་བ་གཞན་དྲན་པའི་མཐུ་ཉིད་ཀྱིས་སྲོག་ཚོགས་ཐམས་ཅད་ཀྱི་སྐད་ཡོངས་སུ་ཤེས་པའི་ཕྱིར ་སྐད་ཀྱི་བྱེ་བྲག་དེ་དང་དེ་དག་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པཱའི་ཆེད་དུ་སྨོན་ལམ་གྱི་ཁྱད་པར་གྱིས་ལྕི་ལ་སོགས་པའི་ནང་དེ་དང་དོར་སྐྱེས་ན་རང་རང་གི་སྐད་ཀྱི་ཁྱད་པར་རྣམས་ཀྱིས་དེ་དག་ལ་ཆོས་བསྟན་པར་བྱ་བའི་ཕྱིར། ལྷ་ཡི ་སྐད་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཚིགས་སུ་བཅད་པ་འོངས་ནི་རྒྱུད་གཞནི་ཡོངས་སུ་སྨིན་པར་བསྟན་ཏོ།། དེ་ལྟར་དེ་དག་གི་དོན་སྤང་ནས་བདག་དང་གཞན་གྱི་དོན་སྒྲུབ་པ་ལ་བསམ་པ་གཏུམ་པོ་མི་རིགས་ཏེ། དོན་དེ་སྒྲུབ་པའི་ཕྱིར། ་ངེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་སོ།། ངེས་པ་ནི་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བྱམས་པའི་རང་བཞིན་ནོ།། དེ་ནི་སེམས་ཅན་ལོག་པར་སྒྲུབས་པ་ཐམས་ཅད་དང་འགྲོགས་ཀྱང ་ཡོངས་སུ་མི་སྐྱོ་ཞིང་རང་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་གཞན་ལ་གནོད་པ་མི་བྱེད་དེ། དེ་ལྟར་སེམས་ཅན་ཐམས་ཅད་སྦྱང་བ་ལ་ཞུགས་པ་དེ་ནི་བྱམས་པ་དང་། སྙིང་རྗེ་དང་ལྡན་པས་སྒྲིབ་པ་མེད་པར་སེམས་ཅན་གྱི་དོན་སྒྲུབ་བོ།། དེ་ལྟར་ལུས་ང ་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་བསྡུ། ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ་ཞེས་བྱ་བ་འམ། ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་ཏ། རང་གི་ཕུན་སུམ་ཚོགས་པའི་མཐར་ཕྱིན་པར་འགྲོ་བའི་ཕྱིར་རོ།། དེ་བས་ན་དེ་དག་ལ་རབ་ཏུ་བརྩོན་ཏེ་ཤེས ་ཏུ་མངོན་པར་དགའོ།། ཅི་སྟེ་ན་བྱང་ཆུབ་ཀྱི་སེམས་དང་བར་མི་འགྱུར་རམ་སྙམ་པ་ལ། བྱང་ཆུབ་སེམས་ནི་ནམས་ཀྱང་བརྗེད་མ་གྱུར་ཞེས་གསུངས་སོ།། འདི་ས་ནི་ཕ་རོལ་ཏུ་ཕྱིན་པར་བྱ་བ་གོམས་པའི་ཕྱིར་གཉེན་པོ་རྙེད་པས་མོས་པས་སྤྱོད་པའི ་སོ་ན་སེམས་ཅན་གྱི་དོན་གྱི་རྒྱུ་སྨོན་ལམ་གྱི་དབང་གིས་དེ་དང་དེ་དག་དུ་སྐྱེས་ན་ཡང་མྱོས་པའི་དབང་གིས་བྱང་ཆུབ་ཀྱི་སེམས་ནམ་དུ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་སྟོན་ཏོ།། དེ་ལ་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ནི་བྱང་ཆུབ་པོ།། དེར ་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ་བསོད་ནམ་སྟྲ་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་སྣ་ཚོགས་བསགས་པའི་ཕྱིར་རམ། ཇི་ལྟར་ཡོངས་སུ་སྦྱང་བ་བྱས་པའི་མཐུ་ཡོངས་སུ་བཟུང་བའི་དབང་གིས་འཁོར་བ་པཱ་དང་། ངེས་པརུ་འབྱུང་བའི་ཚུལ་རྣམ ་པ་ཐ་དད་པོ་སྣ་ཚོགས་ཀྱིས་བཀྲ་བར་བྱ་བའི་ཕྱིར་སེམས་སོ།། ནམས་ཀྱང་བརྗོད་མ་གྱུར་ཞེས་བྱ་བ་ནི་གཞར་ཡང་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ལ་དེའི་སྐྱེ་བའི་མཐུ་ཉམས་པར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལྟར ་བྱང་ཆུབ་སྟེ་སེམས་དང་མི་མཐུ་ཡོངས་སུ་དག་པ་ལ་ཡཱང་ཅི་སྦྱིན་སྒྲིབ་པ་སམ་ཏུ་འབྱུང་སྲིད་དོ་སྙམ་པ་ལ། སྡིག་པ་གང་རྣམས་སྒྲིབ་བླར་གྱུར་པ་དག། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། སྡོག་པནི། ་འདོད་ཆགས་ལ་སོགས་པ་མི་དགེ་བའི་ཆོས་རྣམས་ཏེ། དེ་དང་། གས་པའི་ལམ་སྐྱེ་བ་ལ་སྒྲིབ་པས་སྒྲིབ་པ་རྣམས་ཏེ། ལས་དང་། ཉོན་མོངས་པ་ད་། རྣམ་པར་སྨིན་པའི་རང་བཞིན་རྣམས་སོ།། དེ་ལ་ལས་ནི་བྱས་ཤིང་བསགས་པས ་རྟོགས་པའི་བར་དུ་གཅོད་པར་གྱུར་པའོ།། ཉོན་མོངས་པས་ནི་ཀེ་ས་བཅུའི་ལས་ཀྱི་ལམ་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་ཐམས་ཅད་དུ་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲིབ་པའོ།། རྣམ་པར་སྨིན་པ་ནི་གང ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པའི་བར་དུ་གཅོད་པ་སྟེ་དེ་ཉིད་སྒྲིབ་པའོ།། དེ་དག་བདག་གི་རྒྱུད་ལ་ཡོངས་སུ་བྱང་བར་ཤོག་ཅེས་བྱ་བ་སྟེ། འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚི་གུ་གོ། ཡོངས་སུ་བྱང་ཡང་ཅི་སྟེན་མ་ལུས ་བྱར་མ་ཡིན་ནོ།། སྣུམ་པ་ལ། མ་ལུས་པར་ཞེས་བྱ་བས་བྱེ་ཟག་ཏུ་བྱས་ཏེ། ཀུན་ནས་དཀྲིས་པ་དང་བག་ཆགས་དང་བཅས་པ་ཡང་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། རིམ་པ་ནི་སྐྱེ་བ་གཞན་དུ་སོང་བའི་ཚེ་དྲན་པ་ཉམ་སྟོན་ཐོག་མ་མེད་པའི ་ཚེརབས་གཞན་ན་གོམས་པ་ཁྱིམ་ཀྱི་གནས་ལ་སྐྱོང་བ་མངོན་དུ་འགྱུར་རོ།། དེ་བས་ན་བྷ་དང་ཐུ་མེ་ལ་སོགས་པ་ལ་ཆགས་པས་ཉམས་ན་ཚུལ་ཁྲིམས་འཇལ་ཅིང་དགེ་བ་ལ་མངོན་པར་མི་དགའོ།། དེ་ནས་ཚུལ་ཁྲིམས་འཚལ་ནི་སེམས ་ཅན་ཡོངས་སུ་སྨིན་པར་བྱེད་པ་རྙེད་པར་དཀའོ།། དེ་ནས་སེམས་དྲི་མ་ཅན་དུ་གྱུར་ན་ཡིད་བཞིན་གྱི་ནོར་བུ་ལྷའི་བུའི་སེམས་ཅན་རྣམས་ལ་ངེས་པར་ཡིད་མི་འགྱུར་རོ།། དེ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་ཐག་རིང་ངོ་།། དེ་ནས་བསོད་ནམས ་ཀྱི་ཚོགས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་ཉམ་མོ།། དེ་ནས་སེམས་ཀྱིས་ཡོན་ཏན་ཐམས་ཅད་ཀྱིས་སྟོང་པ་ལ་ཉེ་བར་སྤྱོད་པ་ཉོན་མོངས་པ་རབ་འབྱམས་མ་བཟློག་པ་དག་འདོད་དགུར་རྣམ་པར་རྒྱུ་རྱ་རོ།། ་འདས་པའི་སྐྱེ་བ་དྲན་པས་དེ་ཉིད་རབ་ཏུ་འབྱུང་ངོ་།། དེ་ནས་ཚུལ་ཁྲིམས་སོ།། དེ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ།། དེ་ནས་ངེས་པར་འགྱུར་རོ།། དེ་ནས་ཕ་རོལ་ཏུ་ཕྱིན་པར་ལ་སྦྱོར་རོ།། དེ་ནས་བྱང་ཆུབ་ཀྱི་སེམས་མི་བརྗེད་དོ། དེ ་ནས་སྒྲིབ་པ་སྤོང་སྟེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བའི་གོ་རིམ་ནི་དེ་ལྟ་བུའོ།། སྐབས་འདིས་ནི་མོས་པས་སྤྱོད་པོས་བསྡུས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། ད་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་མི་གོས་པར་བསྒྲུབ་པ ་བསྟན་པའི་ཕྱིར། ལུས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་གསུངས་སོ།། འདུས་ནི་གང་གི་གང་དུ་དང་། ཇི་ལྟར་མི་གྲོས་པ་དེ་གཽ་རཱི་མ་བཞིན་དུ་སྟོན་ཏོ།། གང་གིས་མི་གོས་ཞེ་ན།། ་ལས་རྣམས་ཀྱིས་སོ།། ལས་ནི་སེམས་དཔའ་དང་ངེས་བྱས་པ་སྟེ། ངོ་བས་ན་མི་དགེ་བའི་ལས་བྱས་པར་གྱུར་པ་དེ་དག་ལས་རྣམ་པར་གྲོལ་བར་སྤྱད་པར་བྱ་བར་སྦྱར་རོ།། ཅི་ལས་འབའ་ཞིག་ལས་སམ་ཞེ་ན། མ་ཡིན་ཏེ། ཉོན་མོངས་རྣམ ་ལུས་ཀྱ་བ་ན་སྐུ་གསུངས་སོ།། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། ལུས་དང་སེམས་ཀྱི་རྒྱུན་གདུང་བར་བྱེད། དྲི་མ་ཅན་དུ་བྱེད་པས། ཉོན་མོངས་པ་རྣམས་སོ།། ཅི་ལས་དང་ཉོན་མོངས་པ ་ཉི་ཚེ་ལས་སམ་ཞེ་ན། མ་ཡིན་ནོ།། འོ་ན་ཅི་ཞེ་ན། བདུད་ཀྱིས་ལས་རྣམས་ལས་ཞེས་བྱ་བ་གསུང་སྟེ། དགེ་བའི་ཆོས་ཀྱི་བར་ཆད་བྱེང་པའི་ཕྱིར་བདོད་རྣམས་སོ།། དེ་དག་ཀྱང་ལྷའི་བུའི་བདུད་ལ་སོགས་པ་དང་། ཉེ་དུ་དང་ཡུལ་དང་ལྷ ་ག་པ་ལ་སོགས་པའོ།། གང་དུ་མི་གོས་སྐྱེས་པ་ལ། འཇིག་རྟེན་འགྲོ་བ་རྣམས་ཞེས་བྱ་གསངས་སོ།། འཇིག་རྟེན་པའི་ཛ་རྗེ་འཇིག་ནོ།། དེ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དང་སྣོད་དོ།། དེ་དག་ནི་འཇིག་རྟེན ་པ་རྣམས་ཏེ། འདི་སྐད་དུ་འགྲོ་བ་རྣམས་སུ་འཁོར་བ་ནཱ་མི་གོས་པར་སྤྱད་ཅེས་བྱ་བ་ཡིན་ནོ།། གོས་པ་ནི་དྲི་མ་ཅན་དུ་བྱེད་པ་སྟེ། དེ་མེད་པའི་ཕྱིར་མི་གོས་པའོ།། ཅི་འདྲ་བར་སྙམ་པ་ལ་འདིར་ཇི་ལྟར་པདྨོ་ཞེས་བྱ་བའི་དཔེས ་གསལ་བར་བྱེད་དེ། དཔེར་ན་པདྨོ་ཆུ་ལས་སྐྱེ་བ་ན་ཆུས་མི་གོས་པར་སྐྱེ་བོ་དེ་བཞིན་དུ་བདག་ཀྱང་འགྲོ་བ་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་སྤངས་ནས་མི་གོས་པར་ཞེས་བྱ་བ་ཡིན་ནོ།། ཉི་མོ་དང་ཟླ་བ་ཇི་ལྟ ་པ་བཞིན་དུ་ཞེས་བྱ་བ་ནི། དཔེར་ནི་ཉི་མ་དང་ཟླ་བ་ན་མཁའི་དཀྱིལ་ནི་རྒྱུ་བས་བསིལ་བ་དང་ཚ་བ་སྒྲུབ་པར་བྱེད་ཀྱང་སྲོག་ཆགས་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་དེ་བཞིན་དུ་བདག་ཀྱང་སེམས་ཅན་ཡོངས་སུ ་སྨིན་པར་བྱ་བའི་ཕྱིར་འཁོར་བའི་ནམཁའ་ལ་རྒྱུ་ཞིང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་ཏེ་སྤྱད་དེ་ཞེས་བྱ་བའོ།། སྐབས་འདིས་ནི་མོས་པས་སྤྱོད་པའི་སྲས་བསྡུས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། དེ་ལྟར་རྗེས་སུ ་ཆགས་པ་དང་ཁོང་ཁྲོ་བ་སྤངས་ཏེ་གནས་པ་ལ་སེམས་ཅན་ལ་ཕན་འདོགས་པའི་བགེགས་མི་འབྱུང་བར་བསྟན་པའི་ཕྱིར། ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་ཉེས་པར་སྨད་པའི་དབང ་གིས་བདེ་འགྲོ་རྣམས་ལས་ངན་སོང་འགྲོ་ཞིང་འོག་ཏུ་འགྲོ་བས་ན་ངན་སོང་ངོ་།། དེ་དག་ཏུ་སྡུག་བསྔལ་ཏེ་མི་བདེ་བ་མྱོང་བ་འདི་དག་ཐམས་ཅད་རབ་ཏུ་ཞི་བར་བྱའོ།། རབ་ཏུ་ཞི་བར་བྱས་ནས་ཀྱང་སེམས་ཅན་དེ་དག་བདེ་བའི ་ཁྱད་པར་ཕུལ་དུ་བྱུང་བ་ལ་དགོང་པར་བྱའོ།། བདེ་བ་ནི་སིལ་བ་མྱོང་བ་སྟེ། དབང་པོ་ལ་ཕན་འདོགས་པའོ།། དེ་ལྟར་ད་ལྟར་བྱུང་བའི་སྡུག་བསྔལ་བསལ་ཏེ། དཔེ་མེད་པའི་བདེ་བ་འཐོབ་པར་བྱེད་པས་སེམས་ཅན་གྱི་དོན ་བྱས་ནས་མ་འོངས་པའི་གཏན་གྱི་བདེ་བ་ལ་རབ་ཏུ་དགོད་པའི་ཕྱིར། འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད་ཅེས་བྱ་བ་གསུངས་སོ།། འགྲོ་བ་ཐམས་ཅད་དེ་སེམས་ཅན་གྱི་ཚོགས་མ་ལུས་པ་ལ་ཕན་པར་བྱ་བའི་ཕྱིར་བླ་ན་མེད ་པོའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་སྤྱད་པར་བྱའོ།། གང་དུ་སྦྱང་སྙམ་པ་ལ། ཕྱོགས་རྣམས་ནི་ན་ཞིང་ཁྱོན་ཇི་ཙམ་པར་ཞེས་བྱ་བ་གསུངས་སོ།། ཕྱོགས་བཅུ་དག་ན་ཞིང་གི་ཁྱོན་ཇི་ཙམ་པ་སྟེ་སངས་རྒྱས་ཀྱི་ཞིང་གི ་ཁྱད་པརརྱ་དྲོ་དག་ཐམས་ཅད་ངུའོ།། འདིས་ནི་མོས་པས་སྤྱོད་པས་བསྡུས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་བྱ་བསྟན་ཏོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་སུ་ཐབས་ཡོངས་སུ་གཟུངས་བསྟན་ནས་ཡེ ་ཤེས་ཀྱི་ཚོགས་ཡོངས་སུ་གཟུང་བའི་ཕྱིར། སེམས་ཅན་དྲག་གི་སྤྱོད་དང་མཐུན་པར་འཇུག་ཅེས་བྱ་བ་ལ་སོགས་པ་གོ་ཆུ་བགོ་བ་བསྟོན་ཏོ།། འཁོར་བ་ན་ལས་དང་ཉོན་མོངས་པསསུ་སྤེལ་པའི་སྲོག་ཆགས་རྣམས་ཆགས་པར ་འགྱུར་བའི་ཕྱིར་སེམས་ཅན་རྣམས་སོ།། དེ་དག་གི་སྤྱོད་པ་ནི་སེམས་ཀྱི་བྱེ་བྲག་གིས་ལུས་དང་ངག་གི་ལས་རྣམས་པ་སྣ་ཚོགས་ཀྱི་རང་བཞིན་ནོ།། དེ་དག་དང་མཐུན་པར་འཇུག་པ་ནི་དེ་དག་གི་བསྡམ་པ་དང་བགྲ་ལ་ཉལ་ཡོངས་སུ ་ཤེས་པའི་ཕྱིར་དེ་དག་གིས་བསམ་པ་དང་མཐུན་པར་དེ་དག་གི་སྤྱོད་པ་དང་མཐུན་པར་འཇུག་པ་སྟེ། སེམས་མགུ་བར་བྱེད་པའི་ཐབས་འདིས་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་རྒྱུར་ཐོས་པ་དང་། ་བསམ་པ་དང་སྒོམ་པ་ཁྱད་པར་ཅན་ལ་སོགས་པའི་རང་བཞིན་གང་ཡིན་པ་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་སྟེ། སྒྲུབ་པར་བྱེད་ཅིང་། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟུང ་པོས་བསྟན་པ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་དཔག་ཏུ་མེད་པ་སྟོན་པའི་རང་བཞིན་གང་ཡིན་པ་དེ་དག་སེམས་ཅན་རྣམས་ལ་སྟོན་ཅིང་རབ་ཏུ་འཆད་ཅིང་སྤྱད་པར་བྱའོ།། དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། མ་འོངས ་བསྐལ་པ་ཀུན་ཏུ་སྤྱོད་གྱུར་ཅིག་ཅེས་བྱ་བ་གསུངས་སོ།། མ་འོངས་པའི་བསྐལ་པ་དེ་དག་ཐམས་ཅད་དུ་སྐྱེ་ཞིང་སྐྱེས་ནས་སེམས་ཅན་མགུ་བར་བྱེད་པས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ཡིནོ།། འདིས་ནི་སེམས ་ཅན་གྱི་སྤྱོད་པ་མཐུན་པར་འཇུག་པས་མོས་པས་སྦྱོང་བས་བསྡུས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྙིད་དེ། གཞན་གྱིས་བསམ་པ་ཡོངས་སུ་ཤེས་པ་ནི་མཉམ་པར་བཞག་པ་མེད་པར་མི་འབྱུང་ངོ་།། དེ་ལྟར་གོ་ཆ་ཆེན་པོ ་བགོས་པ། སེམས་ཅན་མགུ་བར་བྱས་བུ་ལྷུར་ལེན་པ་དང་། བྱང་ཆུབ་སེམས་དཔའ་སྐལ་བ་མཚུངས་པ་དང་ཕྲད་པར་བསྟན་པའི་ཕྱིར། བདག་གི་སྤྱོང་དང་མཚུངས་པར་གང་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གང་དག་བྱང ་ཆུབ་ཏུ་སེམས་བསྐྱེད་དེ། བཟང་པོ་སྤྱོང་པ་ལ་ནན་ཏན་བྱེད་པ་དེ་དག་ནི་དེ་དང་སྐལ་པ་འདྲ་བས་ན་མཚུངས་པ་སྟེ། དེའི་དངོས་པོ་ནི་མཚུངས་པ་ཉིད་དོ།། སེམས་ཅན་གང་དོག་བདག་དོང་མཚུངས་པར་གྱུར་པ་སྤྱོད་པ་མཐུན་པར་གྱུར་པ ་དེ་དག་དང་བདག་ཕྲད་པར་གྱུར་ཅིག་པོ་ཡྻད་པ་ནི་སྟོན་ཅིག་འགྲོགས་པ་སྟེ། ལུས་དང་ངག་དང་ཡིད་ཀྱིས་གཅིག་ཏུ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་ནན་ཏན་བྱེད་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། དུས་ཇི་སྲིད་ཅིག་གིས་བ་ར་དུ་སྙམ་པ་ལ། རྟག ་ཏུ་ཞེས་བྱ་བ་གསུངས་སོ།། འདིས་ནི་བྱང་ཆུབ་སེམས་དཔའ་བསྐལ་པ་འདྲ་བ་དང་འགྲོགས་པས་ཆོས་རབ་ཏུ་རྣམ་པར་འབྱང་བའི་ཕྱིར་མོས་པས་སྤྱོད་པས་འདུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། ང་ནི་སྤྱོད་པ་མཚུངས་པའི ་བྱང་ཆུབ་སེམས་དཔའ་དང་མཐུན་པར་བྱ་བ་གོམས་པར་བྱས་ནས། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག་ཅེས་བྱ་བ་ལ་སོགས་པས་དགེ་བའི་བཤེས་གཉེན་མཉེས་པར་བྱ་བ་སྟོན་ཏེ། གང་བདག ་ལ་ཞེས་འམ་པ་དག་ལ་སྐྱོབས་འགྱུར་བ་ནི་གྲོགས་པོ་རྣམས་སོ།། བདག་ལ་ཕན་པར་འདོད་པ་ཞེས་བྱ་བ་ནི་བྱང་ཆུབ་མཆོག་ཐོབ་པར་བྱེད་པ་དང་སྟེ། བདག་འཁོར་བ་ན་འཁོར་བའི་ཚེ་མཆོག་ཏུ་ཕན་འདོད་པར་འདོད་པ་མཆོག་ཏུ ་བྱམས་པའི་རང་བཞིན། ཅན་ཀུན་ཏུ་བཟང་པོའི་ལུང་ཕྱིན་ཅི་མ་ལོག་པ་སྦྱིན་པ་དེ་དག་དང་ཕྲད་པར་གྱུ་རི་ཙོགྶ། ཕྱིར་ཞིང་འགྲོགས་པར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། ཅིས་རེས་འགའ་ཞིག་གམ་ཞེ་ན། མ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་གསུང ་སོ།། དུས་ཐམ་སྲ་སམ་དུ་སྟེ་ཐམས་ཅད་ཀྱི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུའོ།། དེ་ལྟར་ཕན་པའི་ཕྱིར་ཞུགས་པ་དེ་ལྟ་བུ་དེ་དག་ལྔ་བདག་གིས་ཅི་ཞིག་བྱ་སྙམ་པ་ལ། ནམས་ཀྱང་ཡིང་མི་དབྷདཱ་ཞེས་བྱ་བ་གསུང་སྟེ། ལུས་དང ་དང་། དང་ཡིད་རྣམས་ཀྱིས་དེའི་ལུང་དང་འགལ་བར་མི་སྤྱོད་པའི་ཕྱིར་ལན་འགྲའ་ཡང་དེ་དག་ཡིད་འབྱུང་བར་མི་བྱའོ།། ཡང་དག་པའི་སྒྲུབ་པ་ལ་ནན་ཏན་བྱེད་པས་ཀུན་ཏུ་མཉེས་པར་བྱའོ།། འདིས་ནི་དགེ་བའི་བཤེས་གཉེན ་མཉེ་ས་པར་བྱ་བའི་ཐབས་ཡོངས་སུ་ཤེས་པས་མོས་པས་སྤྱོད་པས་བསྡུས་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། དེ་ལྟར་གོ་ཆ་བོ་གོས་པ་བསྐལ་པ་འདྲ་བའི་བྱང་ཆུབ་སེམས་དཔའ་མཉེས་པར་བྱ་བ་ལྷུར་ལེན་པས་སྨོན ་ལམ་གྱི་སྟོབས་ཀྱིས་དགེ་བའི་བཤེས་གཉེན་བླ་ན་མེད་པ་ཡང་དག་པར་མཉེས་པར་བྱ་བས་སངས་རྒྱས་བལྟ་བ་བསྟན་པའི་ཕྱིར། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ་ཞེས་བྱ་བ་ལ་སྩོགས་པ་གསུངས་སོ།། མངོན་སུམ་ནི ་མངོན་སུམ་སྟེ། ཉོན་མོངས་པ་ལས་རྒྱལ་བ་བལྟ་བར་བྱའོ།། ཅི་བར་འགའ་འམ་སྙམ་པ་ལ་རྟག་ཏུ་ཞེས་བྱ་བ་གསུངས་ཏེ། དུས་ཐམས་ཅད་རུའོ།། ཅི་རྒྱལ་བ་ཉག་གཅིག་གམ། ཞེ་ན། མ་ཡིན་ནོ།། འོ་ན་ཅི་ཞེ་ན། སངས་རྒྱས་སྲས ་ཀྱི་བསྐོར་བའི་མགོན་པོ་རྣམས་ཞེས་བྱ་བ་སྨོས་སོ།། བདོག་དང་གཞན་མངོན་པར་རྟོགས་ནས་དངོས་པོར་མངོན་པར་ཞེན་པའི་གཉིད་དང་བྲལ་ཏེ་བདག་ཉིད་སངས་རྒྱས་པའི་ཕྱིར་སངས་རྒྱས་རྣམས་སོ།། དེ་རྣམས་ཀྱི་སྲས་ནི་བུ་རྣམས ་ཏེ། ཆོས་མ་ནོར་བར་བསྟེན་པ་ལས་སྐྱེས་ཤིང་བྱུང་བས་སྲས་རྣམས་སོ།། སངས་རྒྱས་ཀྱི་སྲས་དེ་དག་གིས་ཡོངས་སུ་བསྐོར་ཅིང་ཀུན་ནས་བསྐོར་བ་དྲི་རྟག་ཏུ་བལྟ་ཞེས་བྱ་བར་སྦྱར་རོ།། དེ་ལྟ་བུ་དེ་དག་མཐོང་ནས་ཅི་ཞིག་བྱ་སྙས ་པ་ལྔ། དེ་དག་ལའང་མཆོད་པ་རྒྱ་ཆེརརོ་བགྱི་ཞེས་བྱ་བ་གསུངས་སོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་བཅས་པ་དེ་དག་ལ་མཆོད་པ་བྱ་བ་ནི་ཡོ་བྱད་ཁྱད་པར་རྣམ་པ་སྣ་ཚོགས་སྤེལ་ཏེ། རྣམ་པར་བཀོད་པས་རབ་ཏུ་ཕྱེ་བུཾ་མ ་ཏོག་རིན་པོ་ཆེ་ལ་སོགས་པ་བླ་ན་ཡོད་པ་འམ་བླ་ན་མེད་པ་དག་གིས་མཆོད་ཅིང་རྗེད་པར་བྱ་བ་ཡིན་ནོ།། ཅི་འདྲ་སྙམ་པ་ལ། རྒྱ་ཆེར་ཞེས་བྱ་བར་གསུངས་ཏེ། དངོས་པོ་དང་བསམི་པས་མཐར་ཐུགས་པ་མེད་པར་བྱ་བའོ།། དུས་ཇི་སྲིད ་ཅིག་གི་བར་དུ་སྙམ་པ་ལ། མུ་འོངས་བསྐལ་པ་ཀུན་ཏུ་ཞེས་བྱ་བ་གསུངས་ཏེ། ད་ལྟར་དང་འདས་པ་དང་མ་འོངས་པ་ཞེས་བྱའོ།། འོངས་པ་མ་ཡིན་པས་ན་མ་འོངས་པ་སྟེ། འབྱུང་བར་འགྱུར་རོ་ཞེས་བྱ་བའི ་ཐ་ཚིག་གོ།། དུས་ཀྱི་རྒྱུན་མི་ཐུང་བས་ན་བསྐལ་པ་སྟེ། མ་འོངས་པའི་བསྐུལ་པོ་ཐམས་ཅད་དུ་བྱེ་བྲག་མེད་པར་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ།། མི་སྒོ་བར་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའོ།། སངས་རྒྱས་ལ་བལྟ་བ་དྲང་མཆོད ་པ་བསྟན་པ་འདིས་ནི་མིས་པས་སྤྱོད་པས་བསྡུས་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མཐོང་བའི་ཕྱིར་རོ།། དེ་ལྟར་དེ་བཞིན་གཤེགས་པ་དེ་དག་མཐོང་ཕྲེང་མཆོད་ནས་གཞན་ཅི་ཞིག་ཏུ ་སྒྱུམ་པཾ་ལ། རྒྱ་ལྔ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་ཞེས་བྱ་བ་ལ། དམ་པ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་སོ།། ཡང་ན་དེ་ནི་དམ་པ་ཡང་ཡིད་ལ་ཆོས ་ཡིན་པས་དམ་པའི་ཆོས་སོ།། འཛིན་ཞེས་བྱ་བ་ནི་མི་བརྗེད་པའི་ཚུལ་གྱིས་ཚིགས་དང་དོན་མཛིན་ཅིང་རང་གི་སེམས་ལ་མངོན་དུ་འཇོས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རྣམས་ཀྱིས་དམ་པའི་ཆོས་ལུང་དང་རྟོགས་པའི ་བདག་ཉིད་འཛིན་ཅིང་མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི་ཞེས་བྱ་བར་སྦྱར་རོ།། ཅི་དམ་པའི་ཆོས་བཟུང་བར་འབའ་ཞིག་ཏུ་ཟད་དམ་ཞེ་ན་མ་ཡིན་ནོ།། འོ་ན་ཅི་ཞེ་ན་བྱང་ཆུབ་སྤྱོད་པ་ཡོངས་སུ་སྟོན་པར་བྱེད་ཅེས་བྱ་བ་གསུངས་སོ།། ་བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། དེའི་ཕྱིར་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་ཐོབ་པར་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པའི་མཚན་ཉིད་དོ།། དེ་ཡོངས་སུ་སྨྱོན་པ་ནི་ཀུན་ཏུ་རབ་ཏུ་བཤད་པ་སྟེ། སེར ་སྣའི་དྲི་མི་དང་བྲལ་བའི་སེམས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་སོང་ནས་ཡོངས་སུ་མི་སྐྱོ་བར་སེམས་ཅན་རྣམས་ལ་ཅི་རིག་པར་ཐེག་པ་ཆེན་པོའི་ཆོས་སྟོན་པར་བྱེད་ཅིང་ཞེས་བྱ་བའི་དོན་ཏོ་ཅི་དེ་ཙམ་ཞིག་བྱ་བར་ཟད་དམ་ཞེ་ན། ་མཱི་ཡིན་ནོ།། འོ་ན་ཅི་ཞེ་ན། བཟང་པོ་སྤྱོད་པ་རྣམ་པར་སྦྱང་བར་ཡང་ཞེས་བྱ་བ་གསུངས་སོ།། བཟང་པོ་ནི་མཁས་པ་འཕགས་པ་ཀུན་ཏུ་བཟང་པོའོ།། དེ་སྤྱོད་པ་ནི་བཟང་པོ་སྤྱོད་པོའོ།། ཡང་ན་དེ་ནི་དགེ་བ་ཐམས་ཅད་ཡོངས་སུ་ཐོབ་པར་བྱེད ་པའི་ཕྱིར་སྤྱོད་པ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་བཟང་པོ་སྤྱོད་པའོ།། དེ་དག་རྣམ་པར་སྦྱང་བ་ཞེས་བྱ་བ་ལ། ཀུན་ཏུ་སྤྱད་པ་ནི་རྣམ་པར་སྦྱང་བའོ།། ཡང་ན་སྔར་ཐོས་པ་དང་བསམ་པ་ཙམ་གྱིས་སེམས་ལ་གཏད་དེ་རྒྱས་པར་བྱས་ནས ་ཕྱིས་སྦོམ་པོའི་ཡེ་ཤེས་ཀྱིས་ཡོངས་སུ་མཐར་ཐུག་པར་བྱེད་པ་ནི་རྣམ་པར་སྣང་བའོ།། དེ་ལྟར་དམ་པའི་ཆོས་འཛིན་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་སྟོན་པ་དང་། བཟང་པོ་སྤྱོད་པ་སྦྱོང་བུན་ཅི་ཞིག་བྱ་སྙམ་པ་ལ། མ་འོངས་བསྐལ་པ་ཀུན ་ཏུ་སྤྱད་པར་བགྱི་ཞེས་བྱ་བ་གསུངས་སོ།། འདིས་ནི་སྨོན་ལམ་ཡོངས་སུ་རྫོགས་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་སྟོབས་ཟིལ་གྱིས་གནོན་པའི་ཕྱིར་མོས་པས་སྤྱོད་པས་བསྡུས་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ།། དེ་ལྟར་དགེ་བའི ་@ལས་དཔག་ཏུ་མེད་པ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པའི་ཕྱིར། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན་ཞེས་བྱ་བ་གསུངས་སོ།། འདིར་འབྱུང་བས་སྲིད་པ་སྟེ་འཁོར་བའོ།། དེ་དག་ནི ་ཐམས་ཅད་ཀྱང་ཡིན་པ་སྲིད་པ་ཡང་ཡིན་པས་སྲིད་པ་ཐམས་ཅད་དེ། ཁམས་གསུམ་མཐའ་དག་གིས་བསྡུས་པའི་འགྲོ་བ་རྣམས་སོ།། ལས་ཀྱི་དབང་དམ་སྨོན་ལམ་གྱི་སྟོབས་ཀྱིས་དེ་དག་ཏུ་འཁོར་ཞིང་སྐྱེ་བ་གཅིག་ནས་གཅིག་བརྒྱུད ་མྱོང་པ་ན་ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར་ཅེས་བྱ་བའི་ཐ་མ་དང་སྦྱར་རོ།། བསོད་ནམས་ཡང་ཤེས་དག་ནི་མི་ཟད་རྙེད་ཅེས་བྱ་བ། གོམས་པར་བྱེད་པའི་ཕྱིར་བསོད་ནམས་སོ།། ཤེས་པའི་ཕྱིར་ཡེ་ཤེས་ཏེ། བསོད་ནམས་དང་ཡེ ་ཨེས་དེ་དག་གིས་མི་ཟད་པ་ནི་ཡོངས་སུ་མི་གཏུགས་པའོ།། རྙེད་པ་ནི་ཐོག་པ་སྟེ་རབ་ཏུ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ཇི་སྐད་སྨོས་པའི་ཐབས་ཡོངས་སུ་བཟུང་བས་སེམས་ཅན་གྱི་ཁམས་ཇི་སྙིད་པ་དེ་སྙེད་ཀྱི་བསོད་ནམས་དང་ཡེ ་ཤེས་མི་ཟད་པ་རྙེད་དེ་བདག་དང་གཞན་གྱི་དོན་མ་ལུས་པ་བསྒྲུབ་པའི་ཕྱིར་ཡང་ཤེས་རབ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་མི་ཟད་པ་ཉིད་ཐོབ་པར་བྱ་བར་བཞེད་ནས། ཤེས་རླབས་དང་ཏིང་འཛིན་རྣམ་ཐར་དང་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། རབ་ཏུ་ཤེས་པའི་ཕྱིར་ཤེས་རབ་པོ།། བ་སེམས་པའི་དོན་བསྒྲིམ་མི་དགོས་པར་ཐོབ་པར་བྱེད་པས་ཐབས་སོ།། དམིགས་པ་ལ་སེམས་ཡང་དག་པར་འཛིན་པས་ཏིང་ངེ་འཛིན་ཏོ།། བསྒྲིབ་པ་རྣམས་ལས་སེམས ་བྱེ་བྲག་ཏུ་ཐར་པར་བྱེད་པས་རྣམ་པར་ཐར་པ་སྟེ། ཇི་སྐད་སྨྲས་པ་དེ་དག་དང་བདེ་བར་གཤེགས་པའི་སྲས་མཐའ་དག་གི་རྒྱུད་ལ་ཡོད་པའི་ཡོན་ཏན་གྱི་ཚོགས་རྨད་དུ་བྱུང་བ་གྲངས་མེད་དཔག་ཏུ་མེད་པ་གཞན་དག་གིས་ཀྱང་མི་ཟད ་མཛོད་དུ་གྱུར་ཅེས་བྱ་བ་ཡིན་ནོ།། མི་ཟང་མཛོད་གྱུར་ཅེས་བྱ་བ་ནི་མཛོད་ཟུང་མི་ཤེས་པར་གྱུར་ཅིག། ཅེས་བྱ་བའི་ཐ་ཚིག་ཏེ། སངས་རྒྱས་ན་འཁོར་བ་ཇི་སྲིད་པར་བཞུགས་པའི་རྒྱུན་གྱིས་རྟག་པ་ཉིད་ཀྱིས་མི་ཟད་པ་ཡང་ཡིན་ལ། དེའི ་རྒྱུད་ལ་མངའ་བའི་ཡོན་ཏན་སྟོབས་དང་མི་འཇིག་པ་ལ་སོགས་པའི་སྣོད་ཡིན་པའི་ཕྱིར་མཛོད་ཀྱང་ཡིན་ནོ།། ཡང་ན་སངས་རྒྱས་ནི་ཡོན་རིན་པོ་ཆེ་ཐུན་མོང་ང་ཐུན་མོང་མ་ཡིན་པ་ཟད་མི་ཤེས་པ་རྣམས་ཀྱི་སྣོད་ཡིན་པའི་ཕྱིར་མཛོད་དེ། གཉི་གའི ་དཔེ་ཡང་ནུ་མཁའོ།། ཡོན་ཏན་ཐམས་ཅད་ཡོངས་སུ་དག་སྟེ། ཟད་མི་ཤེས་པ་འདིས་ནི་མོས་པས་སྤྱོད་པས་བསྡུས་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ།། དེ་ལྟར་ཕྱག་འཚལ་བ་ལ་སོགས་པ་དང་། བཤད་མ་ཐག་པ ་མོས་པས་སྤྱོད་པསྡུ་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱས་པས་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་བསྟན་ནས། ད་ནི་ལྷག་པའི་བསམ་པ་དག་པའི་སོ་ལ་འཇུག་པ་སྟོན་ཏོ།། དེ་ཡང་རྣམ་པ་བརྒྱད་དོ།། དེ ་ལ་སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པ་ནི། རྡུལ་གཅིག་སྟོང་ན་རྡུལ་སྙེང་ཞིང་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པའོ།། རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་རྡུལ་ཕྲ་རབ་ཤིན་ཏུ་ཆང་མེད་གྲངས་མེད་པ་སྙེད་ཀྱི ་སངས་རྒྱས་ཀྱི་ཞིང་ཐམས་ཅད་བལྟའོ།། ཅི་སྟེ་འབའ་ཞིག་གམ་སྙམ་པ་ལ། དེ་མ་ཡིན་ཏེ། གཞན་ཡང་། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས་ཞེས་བྱ་བ་གསུངས་སོ།། སངས་རྒྱས་ཀྱི ་ཞིང་དེ་དག་སོ་སོ་ལ་ཡཱ་ས་དྷ་རྒྱས་བཅོམ་ལྡན་འདས་ཡོན་ཏན་བསྡམ་གྱིས་མི་ཁྱབ་པ་གྲངས་མེད་པ་དགུ་བལྟ་སྟེ། བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི་ཞེས་འོག་ནུས་འབྱུང་བ་འདི་དང་སྦྱར་རོ།། ཅི་སངས་རྒྱས་ཉག་གཅིག་བལྟ ་བར་བྱ་འམ་ཞེ་ན། མ་ཡིན་ནོ།། འོ་ན་ཅི་ཞེ་ན། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པ་མ་བརྔོས་ཤིང ་ཕན་ཚུན་གནོད་པར་མི་མངའ་བར་གཞུགས་པ་མཚམས་ཡོད་པར་བཞུགས་པ་རྣམས་བལྟ་བར་བྱའོ།། ནམ་ཞིག་དེ་ལྟར་བལྟ་བོར་འདོད་ཅེ་ན། བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་སྨོ་སོ།། བྱང་ཆུབ་སྣརུམས་དཔེའི་སྤྱད་པ་སྤྱོད་པ་སྟེ། ས ་རྣམས་དང་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ།། རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལ་སངས་རྒྱས་ཀྱི་ཞིང་དེ་སྙེད་དང་། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་། ་བཅས་པ་དེ་སྙེད་ཇི་ལྟར་རུང་སྟེ། ཐ་མལ་པར་གནས་པའི་བློས་ནི་ཐམས་ཅད་པས་ཕྲ་བའི་རྡུལ་ཕྲ་རབ་ལ་དཔག་ཏུ་མེད་པ་གྲངས་ལས་འདས་པའི་ཞིང་དང་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟའོ།། ་ཞེས་བྱ་བ་དེ་ཡིད་མི་མཆིས་པ་མ་ཡིན་རྣམ་ཞེ་ན། བསྒོམ་པའི་སྟོབས་གོམས་པར་མ་བྱས་པ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ཐེག་པ་ཆེན་པོའི་དོན་གྱི་དེ་ཁོ་ནམ་རྟོགས་པ་རྣམས་ནི་ཡིད་མ་ཆེས་པ་འདན་ནོ།། རྣམ ་པུར་རིག་པ་ཙམ་དུ་མོས་པ་ཐེག་པ་ཆེན་པོའི་དོན་བསྒོམ་པ་ལ་བརྩོན་པ་རྒྱུའི་སྟོབས་ཅན་དག་ནི་ཡིད་ཚུས་ཏེ། འདི་ལྟར་རྨི་ལམ་ན་ཁང་བུ་དོག་པ་ན་གནས་པའི་གླང་པོ་ཆེའི་ཁྱུ་དང་སྐྱེ་བོ་མང་པོ་འས་པ་དང་། ནགས་ཆེ་ལ ་ཐིབས་པོ་དང་། ཀླུ་དང་མཆེའུ་དང་ལྟེང་ཀ་བཀྲོད་པ་རྣམ་པ་སྣ་ཚེགས་མཐོང་།། མང་པོ་གྲངས་མེད་པ་དེ་སྙེད་ཅིག་དེ་ནཱ་གནས་པར་ཡབ་མི་རུང་ན་དེའི་ཚེ་དེ་དག་ཀྱང་དམིགས་པ་ལ་སད་པའི་དུས་ན་ཡང་དྲ་མོ། དེ་ལྟ་བས་ན་བསམ་གཏན ་པ་རྣལ་འབྱོར་ཅན་གྱི་དབང་ཕྱུགས་རྣམས་ཀྱི་གནས་འདི་བསམ་གྱིས་མི་ཁྱབ་པས་ཡོངས་སུ་སྦྱང་བ་བྱས་པའི་སེམས་ལ་ཡིད་མི་ཆེས་པ་ཅི་ཞིག་ཡོད་དེ། བསྟན་བཅོས་དང་མདོ་དག་ལས་མང་དུ་དཔྱང་ཟིན་ཏོ།། འདི་ནི ་འཇིག་རྟེན་ན་ཡུང་མཐོང་སྟེ། དབར་ནི་སྒྱུ་མ་མཁན་གྱིས་རྔ་བརྡུངས་པ་ལས་དངོས་པོ་ཐམས་ཅད་འཇུག་པ་དང་། འབྱུང་བ་ལ་སོགས་པ་སྣང་བ་ལྟ་བུའོ།། གལ་ཏེ་དེ་ནི་འཁྲུལ་པ་ཙམ་དུ་ཟད་དོ།། ཞེ་ན། འདུས་བྱས་ཐམས ་ཅད་ཀྱང་དེ་བཞིན་ཏེ། ཇི་སྐད་དུ་སྐར་མ་རབ་རིབ་མར་མེ་དང་། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་པ་ལྟ་བུའོ།། དཔེས་ན་འདི་ནི་མཁས་པ་རྣམས་ཀྱི་རིགས་པ་དང་། ཁུང་དག་གིས་བསྒྲུབ་པར་བྱ། ་@#བ་ཡིན་གྱི་འདི་ལ་ཐེ་ཚོམ་ནི་མི་བྱའོ།། ཡང་ན་རྣལ་འབྱོར་གྱི་སྟོབས་གྱི་རྡུལ་ཕྲ་རབ་དངོས་པོ་ཐམས་ཅད་ཀྱི་གནས་ཇི་ཙམ་དུ་རྒྱས་པར་བྱེད་དོ།། ད་ནི་དེ་ལྟར་ཕྱོགས་རྣམས་མ་ལུས་ཐམས་ཅད་དུ་ཞེས་བྱ་བ་ལ ་སོགས་པས་བསྒོམ་པ་རྒྱས་པར་བྱས་པ་སྟོན་ཏོ།། དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་སྨྲས་པའི་ཚུལ་དུའོ།། མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་བཅུ་མ་ལུས་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རེ་རེའི་སྟེང་དུ་སངས ་རྒྱུས་རྒྱ་མཚོ་ལ་མོས་པ་འཇུག་གོ་ཞེས་བྱ་བ་ཡིན་ནོ།། དེ་ལྟར་ཕྱོགས་ལ་ཁྱབ་པར་བསྟན་ནས་དུས་ལ་ཁྱབ་པར་བསྟན་པའི་ཕྱིར། སྭ་པ་ཤཱི་ལཾ་དུ་ཞེས་བྱ་ཛྲ་གསོས་སོ།། བྱིས་པས་ནི་དེ་ཁོ་ན་ཉིད་མ་པ་དག་སྟེ་དགེ་བའི་ལས་ལ་ནན་གྱིས་གཟུགས་དགོས་པས ་བྱིས་པོ་དག་གློ། དེ་དག་གིས་ལམ་སྟེ། འགྲོ་བ་རྣམས་སུ་འགྲོ་བ་ལ་སོགས་པའི་རྒྱུན་གྱིས་ཀུན་ནས་ཉོན་མོངས་པར་གྱུར་པའི་འཇིག་རྟེན་གྱི་ཁམས་སོ།། དེ་ཉིད་ནུ་འདས་པ་དང་མ་འོངས་པ་དུསྒྲ་རྣམ་པར་བཞག་པ་ཡོད་ཀྱི ་གཞན་ནི་མ་ཡིན་ཏེ། དེ་བས་ན་དེར་གཏོགས་པའི་སངས་རྒྱས་དང་ཞིང་དང་བསྐལ་པར་སྤྱོད་པས་བསྡུས་པ་རྣམས་ལ་འཇུག་གོ།། ཞེས་བྱ་བར་སྦྱར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ན་མི་རང་གི་འོད་ཀྱི་དཀྱིལ་འཁོར ་གྱི་སྣང་བས་མུན་པ་མུན་ནག་མ་ལུས་པར་བསལ་བའི་ཕྱིར་སངས་རྒྱས་ཉི་མ་རྟག་ཏུ་ཤོར་རོ།། དེའི་ཕྱིར་དེ་དག་ན་བྱང་ཆུབ་སེམས་དཔའ་རྣམ་རྟོག་པར་སད་པས་དུས་རྣམ་པར་བཞག་པ་ཉིད་མེད་དོ། གཟའ་དང་སྐར་མའི་ཚོགས ་མེད་པའི་ཕྱིར་ཉིན་མཚམ་ལ་སོགས་པ་རྣམ་པར་བཞག་པ་མེད་པའི་ཕྱིར་ཡང་དུས་རྣམ་པར་བཞག་པ་མེད་དོ།། སངས་རྒྱས་ཀྱི་ཞིང་བལྟ་བ་ལ་འཇུག་པ་འདིས་ནི་འོག་མྱུར་དེ་ཁོ་ན་ཉིད་རྟོགས་ན་རབ་ཏུ་དགའ་བ་ཐོབ་པའི་ཕྱིར་ས་རབ ་ཏུ་དགའ་བོ་དང་། སངས་རྒྱས་ལ་མཆོད་པ་ལ་སོགས་པའི་སྦྱིན་པས་ལྷག་པའི་བསམ་པ་དག་པའི་སས་བསླུས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་ཏོ།། དེ་ལྟར་སངས་རྒྱས་ཀྱི་ཞིང་བཽལྟ་བ་ལ ་འཇུག་པ་བརྗོད་ནུས། ད་ནཱི་གསུང་གཅིག་ཡན་ལག་རྒྱ་མཚོའི་སྐད་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་གསུངས་ལ་འཇུག་པ་སྟོན་ནོ།། དེ་ལ་གསུང་གྲི་དཀྱིལ་འཁོར་གྱི་མེ་ལོང་གཅིག་ཤར་བ་ལ་སེམས ་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་གཟུགས་བརྙན་ཅིག་ཅར་དུ་དམིགས་པས་སེམས་ཅན་དུ་མའི་དྲི་བའི་དོན་གྱི་ཡུལ་ཕན་ཚུན་མི་མཐུན་པ་ཐ་དད་པ་དག་ཏུ་སྲདྲིས་ཀྱང་བརྗོད་པ་མེད་ཅིང་འབྲང་མི་དགོས་པར་འདྲི་བ་ཐམས་ཅད་ལུང་སྟོན་པ ་དམིགས་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བུ་བཞིན་དུ་འབྱུང་བ་ཡིན་ཏེ། སངས་རྒྱས་ཀྱི་གསུང་བསམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བོ་མཐའ་ཡས་པའི་ཡིད ་ཚིམ་པར་བྱེད་པོ་དེ་ལྟ་བུར་འཇུག་པར་བྱ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། འདིས་ནི་ས་དྲི་མ་མེད་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་ནི་འདོད་པོའི་དངོས་པོ་འགྲུབ་པའི་ཕྱིར ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏོ།། དེ་ལྟར་སངས་རྒྱས་ཀྱི་གསུང་ལ་འཇུག་པ་བརྗོད་ནས། ཆོས་ཀྱི་འཁོར་ལོ་བསྐོར་བྱ་ལ་འཇུག་པར་བྱ་བ་བསྟན་པའི་ཕྱིར། གསུངས་དབྱངས་ཟད་མི ་ཤེས་པ་དེ་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབྱངས་ནི་གང་ལ་བརྗོད་པར་བྱ་བ་དྲུང་། བརྗོད་པར་བྱེད་པའི་དངོས་པོས་བརྗོད་པར་བྱ་བར་མི་རྟོགས་པས་པ་རོ་ཙམ་དུ་ཟད་པ་སྟེ། ཙཱ་ཅོའི་སྒོ་བཞིན་ནོ།། དབྱངས་དེ་ལ་མོས ་པའི་སྟོབས་ཀྱི་གསུང་གྲོངས་མེད་པ་ཡོད་པའི་ཕྱིར་གསུང་དབྱངས་ཞེས་བསྟན་ཏེ། གསུང་ནི་བརྗོད་པར་བྱ་བ་དང་།། བརྗོད་པར་བྱེད་པའི་དངོས་པོཟད་མི་ཤེས་པ་དག་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ཇི་སྙེད་པ་དག ་ལའོ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དུས་གསུམ་པོ་དག་ཏུ་གཤེགས་ཤིང་རྣམ་པར་བཞུགས་པས་ན་དུས་གསུམ་གཤེགས་པ་དག་སྟེ། ཐམས་ཅད་ཀྱང་ཡིན་ལ་དུས་གསུམ་གཤེགས ་པ་ཡང་ནི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ།། དུས་གསུམ་གཤེགས་པ་ཡང་ན་ལྡན་པ་ཞེས་ཆག་རྣམ་པར་སྦྱར་རོ།། དུས་གྲོསམ་སྨོས་པས་ནི་སངས་རྒྱས་སངས་རྒྱུས་རྣམས་ཀྱི་ཆོས་མ་ལུས་པ་ལ་འཇུག་པ་བསྟན་ཏོ།། ཐམས ་ཅད་སྨོས་པས་ནི་བར་ཚད་མེད་པར་འཇུག་པ་བསྟན་ཏོ།། འདི་སྐད་དུ་གསུང་གི་དཀྱིལ་འཁོར་གཅིག་གིས་བསྡུས་པ་སྐད་ཀྱི་ཁྱད་པར་ཐམས་ཅད་དང་ལྡན་པ་དེ་དག་གིས་ཕྱོགས་དང་དུས་ཐམས་ཅད་ན་རྣམ་པར་བཞུགས་པའི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་གདུལ་བྱའི་བསམ་པ་ཐ་དད་པས་སོ་སོར་ཐ་དད་པར་བཤད་པར་བྱའོ།། ཞེས་བཤད་པ་ཡིན་ནོ།། དེ་ཉིད་བསྟན་པའི་ཕྱིར། འཁོར་ལོའི་ཚུལ་རྣམ་རབྱཱ་ཏཱ་སྐོར་བྱེད་ཅིང་ཞེས་བྱ་བ་གསུངས ་སོ། འཁོར་ལོའི་ཚུལཱ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའོ།། གདུལ་བྱའི་རྒྱུད་ལ་འགྲོ་བས་འཁོར་ལོ་སྟྭཾ། དེ་དྲུག་ལ་འཇུག་པར་བྱ་བ་ནི་རབ་ཏུ་དྲུགའ་བས་སེམས་ཅན་རྣམས་ལྔ་སྟོན་པའོ།། ཆེ་བོའི་བདག་ཉིད་དེ་ཐམས་ཅད ་ལ་ཡང་རང་གི་བློའི་སྟོབས་ཀྱིས་བདོག་འཇུག་པར་བྱ་སྟེ། བཟང་པོ་སྤྱོང་པས་སྒྲུབ་པའི་ནན་ཏན་གྱིས་ཐོབ་པའི་ཤེས་རབ་ཕུལཱ་དུ་བྱུང་བསྡུ་འདིས་འཇུག་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ ་འཇུག་པ་དེས་ནི་ཡང་དྲུག་པ་ཇི་ལྟ་བུ་བཞིན་དུ་ཆོས་བསྟན་པ་བརྟགས་པའི་འོད་ཀྱི་སྨོད་པས་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་མི་ཤེས་པའི་མུན་པ་སེལ་བའི་ཕྱིར་ས་འོད་བྱེང་པ་ཡང་བསྟན་ལ། སེམས་ཅན་ཁོག་པར ་སྒྲུབ་པ་དང་དུ་ལེན་པའི་ཕྱིར་དོན་གྱིས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟནྡ་ཏོ།། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་བསྟན་ནས། བསྐུལ་པོ་ལ་འཇུག་པོ་བསྟན་པར་བརྗོད་ནས་མ་འོངས་བསྐལ་པ་ཐམས ་ཅད་འཇུག་པར་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྣམ་པར་མི་རྟག་པའི་ཡེ་ཤེས་ཀྱི་སྐད་ཅིག་མེ་ལོ་གི་དཀྱིལ་འཁོར་གཅིག་ལ་མི་འོངས་པ་འབྱུང་བར་འགྱུར་པའི་བསྐལ་པ་ཐམས་ཅད་འཇུག ་པར་བྱ་ཞིང་ཁོངས་སུ་གཏོགས་པར་བྱའོ།། བསྐལ་པ་སྨོས་པས་ནི་དུས་དེར་གཏོགས་པ་བདེ་བར་གཤེགས་པ་སྲས་དང་ཉན་ཐོས་ལ་སོགས་པའི་དཀྱིལ་འཁོར་གྱི་བསྐོར་བ་ཐམས་ཅད་དང་། འགྲོ་བའི ་གཏོགས་པ་རུས་ལ་སོགས་པའི་བྱེ་བྲག་དུ་མས་ཐ་དད་པ་ཇི་ལྟར་གནས་པི་སྲོག་ཆགས་ཐམས་ཅད་བསླུས་ཏེ། དངོས་པོ་དེ་བཞིན་དུ་སྣང་བའི་ཕྱིར་རོ།། ཇི་ལྟར་སྐད་ཅིག་གཅིག་ལ་མ་འོངས་པའི་བསྐལ་པ་ཐམས་ཅིང ་འཇུག་པར་བྱ་བ་དེ་བཞིན་དུ་སྐད་ཅིག་གཅིག་པ་ཉིད་དུ་མོས་པའི་སྒོ་ནས་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་བསྐལ་པ་བེམས་ཙོང་སྐུད་ཅིག་གཅིག་ལ་འཇུག་པར་བྱ་ཞིང་ཁོངས་སུ་གཏོགས་པར་བྱ་བའི ་ཕྱིར། གང་ཡང་དུས་གསུམ་བསྐལ་པ་ཚད་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། འདིས་ནི་སྐད་ཅིག་གཅིག་ལསྐད་ཅིག་གཅིག་གིས་བསྐལ་པ་ཐམས་ཅ་ད་ལུ་འཇུག་པ་སྟེ། ཁོངས་སུ་གཏོགས་པར ་པོབོབྱའོ། དེ་ལྟར་སྦྲིད་པའི་ཁྱད་པར་བསྟན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་ཡོངས་སུ་གྲུབ་པའི་བྱེ་བྲག་འདིས་ནི་བྱང་ཆུབ་ཀྱི་ཡན་ལག་གཏོགས་པའི་འོད་འཕྲོ་བ་ཐོབ་པས་ས་འོད་འཕྲོ་བ ་ཅན་ཡང་བསྟན་ཏོ།། དེ་ལྟར་བསྐལ་པ་ཐམས་ལ་འཇུག་པ་བརྗོད་ནས་སངས་རྒྱས་བལ་བ་དང་། དེའི་སྤྱོད་ཡུལ་ལ་འཇུག་པ་བསྟན་པའི་ཕྱིར། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་ཅེས་བྱ་བ་ལ ་སྩོགས་པ་གསུངས་སོ།། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ན་གཤེགས་པ་མིའི་སེང་གེ་སྟེ། མིའི་གཙོ་བོ་རྣམ་པར་རྟག་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ལོང་གི་དཀྱིལ་འཁོར་དུ་ཆུད་པ་གང་དག ་ཡིན་པ་དེ་དག་ཐམས་ཅད་བདག་བྲགས་སྐད་ཅིག་གཅིག་ལ་བལྟ་བར་བྱ་ཞིང་། དེ་དག་གི་སྤྱོད་ཡུལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་བྱའོ།། ཇི་ལྟ་བུ་སྙམ ་པ་ལསྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་དག་གིས་ཞེས་བྱ་བ་གསུངས་སོ།། སྒྱུ་མུར་གྱུར་པའི་རྣམ་པར་ཐར་པའི་ཏིང་ངེ་འཛིནྡོ་གང་ལུ་གནས་པ་དེ་དགྲ་དངོས་པོ་ཐམས་ཅད་སྒྱུ་མར་ལྟ་བུརརཾ་གཟིགས་པས་ཇི་ལྟར་མོས ་བུ་བཞིནདུ་ལུས་རྣམ་པར་གནས་པར་གྲུབ་བོ།། སངས་རྒྱས་བལྟ་བ་དང་དེའི་སྤྱོད་པ་ལ་འཇུག་པ་དེས་ནི་བདུད་ཐམས་ཅད་ཀྱི་ཤིན་ཏུ་ཐོབ་པར་དགའ་བའི་ཕྱིར་ས་ཤིན་ཏུ་སྦྱང་དཀའ་བ་ཡང་བསྟན་ལ། སྒྱུ་མ་ལྟ་བུ་ལྱ ་སོགས་པའི་ཏིང་ངེ་འཛིན་གྱི་སྟོབས་ཐོབ་པས་བསམ་གཏོན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏོ།། དེ་ལྟར་སངས་རྒྱས་བལྟ་བུ་དང་། དེའི་སྤྱོད་ཡུལ་ལ་འཇུག་པོ་བརྗོད་ནས། དཾ་ནི་སངས་རྒྱས་ཀྱི་ཞིང་བཀོད ་པ་སྒྲུབ་པ་ལ་འཇུག་པ་བསྟན་པའི་ཕྱིར། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དུས་གསུམ་གྱིས་བསྡུས་པ་ཞིང་རྣམས་ཀྱི་བཀོད་པ་རྒྱན་གྱིས་ཁྱད་པར་ཁ་དོག་དང་དབྱིབས། ་ཚོགས་ལ་སོགས་པའི་རང་བཞིན་གང་དག་ཡིན་པ་དེ་དག་རྡུལ་ཕྲ་རབ་གྱི་རྡུལ་གཅིག་ལ་མོས་པའི་ཤེས་པས་མངོན་སུམ་དུ་བྱ་བ་ནི་མངོན་པར་སྒྲུབ་པའོ།། རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་དེ་བཞིན་དུ་ཕྱོགས ་བཅུའི་རྡུལ་ཕྲ་རབ་རེ་རེ་ལ་ཡང་བར་མེད་པར་མོས་པར་ཁྱབ་པར་བྱ་བའི་ཕྱིར། དེ་ལྟར་མཾ་ལུ.་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་གསུངས་སོ།། ཕྱོགས་ཐམས་ཅད་དུ་ཡང་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང ་བཀོད་པ་ཐམས་ཅད་ལ་འཇུག་པར་བྱའོ་ཞེས་བྱ་བ་ཡིན་ནོ།། སངས་རྒྱས་ཀྱི་ཞིང་གཏོས་ཀྱིས་ཤིན་ཏུ་ཐ་གྲུ་ཆེ་བ་གྲངས་ཀྱིས་མཐའ་ཡས་པ། དུས་ཀྱི་བྱེ་བྲག་གིས་དུས་གསུམ་དུ་གཏོགས་པ་རྣམས་ཀྱང་རྡུལ་ཤིན་ཏུ་ཕྲ་བའི་རྡུལ་བླ་རབ་ཀྱི ་རྡུལ་གཅིག་ལ་འཇུག་པའི་ཡེ་ཤེས་ཀྱི་ཆེ་བ་ཉིད་བསྟན་པ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ས་མངོན་དུ་གྱུར་པ་ཡང་བསྟན་ཏོ།། དེ་ལྟར་སངས་རྒྱས་ཀྱི་ཞིང་བཀོད་པ ་སྒྲུབ་པ་ལ་འཇུག་པ་བརྗོད་ནས། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པར་བྱ་བའི་ཕྱིར། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མ་བྱོན་པ་ནི་མ་ཕྱིན་པ་སྟེ་སྔ་མ་བཞིན་ནོ།། འོད་ཟེར་རབ ་ཏུ་འགྱེད་པས་ཕྱི་ནང་དུ་བཅས་པའི་མི་ཤེས་པའི་མུན་པ་ཆེན་པོ་སིལ་བའི་ཕྱིར་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པའི་ཕྱིར་འཇིག་རྟེན་རྣམ་པ་གཉི་གའི་ཡང་སྒྲོན་མ་དང་འདྲ་བས་སྒྲོན་མ་དག ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སོ།། མུ་བྱོན་པ་དེ་དག་བླ་ནུ་མེད་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་ཏེ། འདུལ་བ་ཇི་ལྟར་བ་དག་གི་ནང་དུ་སྤྲུལ ་པས་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་སྟོན་པའི་དུས་དང་། ལོངས་སྤྱོད་རྫོགས་པའི་སྐུས་བྱང་ཆུབ་སེམས་དཔའི་ཆེན་པོ་དག་དང་ཐབས་གཅིག་ཏུ་ཐེག་པའི་ཆོས་བླ་ན་མེད་པའི་འབྲེལ་བའི་གཏམ་རྫོགས་པར་ལོངས་སྤྱོད་པའི ་དུས་དང་། མི་གནས་པའི་མྱ་དུནྡ་ལས་འདས་པ་ཉིད་ཡིན་ཡང་ངེས་འདུལ་བའི་བསམ་པ་ཡོངས་སུ་སྨིན་པར་བྱ་བའི་དབང་གིས་མྱ་ངན་ལས་འདས་པ་སྟོན་པའི་དུས་ན་མུ་བྱོན་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དྲུང་དུ་ཅིག་ཅར ་དུ་འཆིའོ།། དེར་འགྲོ་བས་ནི་དེའི་དུས་ན་ཐོབ་པར་བྱ་བའི་ཡོན་ཏན་གྱི་ཁྱད་པར་ཐོབ་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་འདི་ནི་འཇུག་པ་བརྒྱད་པའོ།། འདིས་ནི་སངས་རྒྱས་ཀྱི ་ཆོས་རིང་དུ་རྟོགས་པའི་ཕྱིར་ས་རིང་དུ་སོང་བ་བསྟན་ལ། རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་ལྡན་པས་གཅིག་ན་གནས་ཀྱང་ཐབས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ལུས་ཅིག་ཅར་དུ་སྟོན་པའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང ་བསྟན་ཏོ།། དེ་ལྟར་འཇུག་པ་རྣམ་པ་བརྒྱད་བརྗོད་ནས། ད་ནི་དེ་ལྟར་ལམ་ལ་ཞུགས་པའི་ཡོན་ཏན་གཉེན་པོར་གྱུར་པ་རྣམས་ལ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཟིལ་གྱིས་མི་ནོན་པའི་ཕྱིར་དང་། ངེས་ཟིལ་གྱིས ་གནོན་པའི་ཕྱིར། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་རྣམ་པ་གཉིས་ཀྱིས་སྟོབས་རྣམ་པ་བཅུ་གསུངས་སོ།། དེ་ལ་འབྱོར་པ་ནི་རྫུ་འཕྲུལ་ཏེ། སེམས ་ཀྱི་འགྲོ་བ་དང་འོངས་པ་ལ་དབང་འབྱོར་པའོ།། འ་གྲོ་བ་དེ་ཡང་ན་མཁའ་ལ་སོགས་པ་ལ་རིང་བ་དང་། མྱུར་དུ་འགྲོ་བ་སྟེ། ཅིག་པ་ལ། ཡང་ཐང་གར་འགྲོའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དེ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཀུམ་ཏུ་མྱུར ་བ་ཞེས་བྱ་བ་གསུངས་སྟེ། གང་དུ་འདོད་པ་དང་ཇི་ལྟར་འདོད་པ་ལ་སོགས་པའི་བར་དུ་ཐམས་ཅད་ལ་ཐགས་ཐོགས་མེད་པར་འགྲོ་བའི་ཕྱིར་རོ།། ཐེག་པ་ནི་ཐེག་པ་ཆེན་པོ་ལ་སོགས་པའི་བྱེ་བྲག་གིས་ཐེག་པ་རྣམ་པ་གསུམ་མོ།། ་དེ་ལ་ཐེག་པ་ཆེན་པོ་ནི་བྱང་ཆུབ་ཀྱི་ལམ་འབྲས་བུ་དང་བཅས་པ་སྟེ། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དང་བླ་ན་མེང་བའི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཉན་ཐོས་ཀྱི་ཐེག་པ་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཞེས་བྱ་བ་སྟེ་སྡེ་སྣོད་གསུམ་དང ་དེ་ལ་རག་ལས་པ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། དེས་ཐོབ་པར་བྱ་བའི་འབྲས་བུ་བཞིའོ།། རང་སངས་རྒྱས་ཀྱི་ཐེག་པ་ནི་བདེན་པ་བཞི་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཙམ་དང་། དེས་ཐོས་པར་བྱ་བ་འབྲས་བུའི་ཁྱད་པར་རོ།། དེའི ་སྟོབས་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཐམས་ཅད་དུ་ཐོགས་པ་མེད་པར་ཤེས་པའོ།། དེའི་ཕྱིར་ཀུན་ནས་སྒོའི་ཞེས་བྱ་བ་གསུངས་ཏེ་འདུལ་བྱ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་ཀྱི་ཕྱད་པར་ལུང ་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ།། ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་ཞེས་བྱ་བ་ལ། སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་པའོ།། དེའི་སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་དང་། དེས་ཟིལ ་གྱིས་གནོན་པར་ནུས་པའོ།། དེ་ཉིད་ཀྱི་ཕྱིར་ཟབ་ཅིང་རྒྱ་ཆེ་བ་ཤིན་ཏུ་ཡོངས་སུ་དག་པ་གྲངས་མེད་པོ་བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་གྲུབ་པའི་ཕྱིར་ཀུན་ཏུ་ཡོན་ཏན་ཞེས་བྱ་བ་གསུངས་སོ།། ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས་ཞེས ་བྱ་བ་ལ། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྒྲུབ་པའི་མཚན་ཉིད་དོ།། དེའི་སྟོབས་ཀྱིས་ཁྲོ་བ་ལ་སོགས་པ་སེམས་ཅན་ལ་རྣམ་པར་འཚེ་བ་ལ་སོགས་པའི་མཚན་ཉིད་ཀྱིས་ཟིལ་གྱིས་མི་ནོན་པའོ།། ཀུན་ཏུ་ཁྱབ་པ་ནི ་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་སྡུག་བསྔལ་གསུམ་དེ་ང་ལྡན་པ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ།། ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། ཞེས་བྱ་བ་ལ་བསོད་ནམས་ནི་སྦྱིན་པ་ངང་ཚུལ་ཁྲིམས་ལ་སོགས ་པའི་སེམས་པ་སྟེ། གཙང་བར་བྱེད་པའི་ཕྱིར་རོ།། དེའི་སྟོབས་ནི་ཆགས་པ་ལ་སོགས་པས་ཟིལ་གྱིས་གནོན་ནུས་པའོ།། ཀུན་ཏུ་དགེ་བཾ་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་གཞི་དང་འཇུག་ལ་སོགས་པ་དང་། ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ ་པས་ཀྱང་ཡོངས་སུ་དག་པ་ཞེས་བྱ་བའི་ཐ་ཚིག་གོ།། ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས་ཞེས་བྱ་བ་ལ། ཡེ་ཤེས་ནི་རྣམ་པར་རྟོགས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དེ། དེ་ཡང་ཆོས་བདག་མེད་པའི་རང་བཞིན་ནོ།། ། ་དེའི་སྟོབས་ནི་མི་མཐུན་པའི་ཕྱོགས་མ་ལུས་པར་སེལ་བའོ།། དེ་ཡང་འཇིག་རྟེན་འགའ་ཞིག་ལ་ཆགས་ཀྱང་སྲིད་སྙམ་པ་ལ། བྱེ་བྲག་བསྟན་པའི་ཕྱིར། ཆགས་པ་མེད་པར་གྱུར་པ་ཞེས་བྱ་བ་ལ་གསུངས་ཏེ། ཐམས ་ཅད་དུ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ།། ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས་ཞེས་བྱ་བ་ལ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར ་འབྱེད་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པའི་བྱེ་བྲག་ཏུ་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་སེམས་ལས་བྱུང་བའི་ཆོས་གང་གིས་ཡོངས་སུ་གཅོད་པ་དེ་ལ་ཤེས་རབ་ཅེས་བྱའོ།། དེའི་སྟོབས་ཀྱི་ཐམས་ཅད་དུ་ཐོགས་པ་མེད ་པར་ནུས་པའོ།། ཐབས་ནི་ཤེས་རབ་ཀྱི་བྱེ་བྲག་ཉིད་དེ། འདོད་པའི་དོན་བསྒྲུབ་པར་བྱ་བའི་ཁྱད་པར་གྱི་མཚན་ཉིད་འགའ་ཞིག་ལ་ཐེབས་ཞེས་བྱའོ།། དེའི་སྟོབས་ནི་སྒྲུབ་པ་ཐམས་ཅད་ཡོངས་སུ་ཤེས་པའོ།། ཏིང་འཛིན་ནི་སེམས་རྩེ་གཅིག་པ་སྟེ། ་འདོད་པ་ལ་དམིགས་ཤིང་སེམས་གཞོན་དུ་མི་འཕོ་བའོ།། དེའི་སྟོབས་ནི་དངོས་པོ་མཐའ་ཡས་པ་ཡུལ་དུ་གྱུར་པ་ཉིད་དོ།། དེ་ལྟ་བས་ན་ཇི་སྐད་སྨོས་པའི་ཡོན་ཏན་མི་མཐུན་པའི་ཕྱོགས་ཀྱིས་མི་ཆོམས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ཚོགས། ་སུ་རྫོགས་པར་བྱའོ་ཞེས་བྱ་བ་འདི་ནི་སྟོབས་སོ།། སྟོབས་བཅུ་པོས་མི་མཐུན་པའི་ཕྱོགས་ཀྱིས་མི་གཡོ་བའི་ཕྱིར་མི་གཡོ་བའི་ས་བསྟན་ཏོ།། དོན་གྱིས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་ཏེ། སྨོན་ལམ་གྱི་དབང་གིས་དེ་ལྟ་བུའི ་རྩོར་འགྲུབ་པའི་ཕྱིར་རོ།། དེ་ལྟར་སྟོབས་རྣམ་པ་བཅུ་བརྗོད་ནས་མི་མཐུན་པའི་ཕྱོགས་སྤྱོང་བ་བསྟན་པས་བཞེད་ནས། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལས་ཀྱི་སྟོབས་ནི་ལས་ཀྱི་སྟོབས ་ཀྱི་སྟེ། ཆེན་པོ་ཉིད་ཀྱིས་རྣམ་པར་སྨིན་པར་ངེས་པའོ།། དེ་ཡོངས་སུ་དག་པར་བྱེད་པ་ནི་ངན་སོང་བའི་ལས་ཐམས་ཅད་ཤིན་ཏུ་སྤོང་བའོ།། ཉོན་མོངས་པ་ནི་འདོད་ཆགས་ལོ་སོགས་པ་སྟེ། ལུས་དང་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི ་ཕྱིར་རོ།། དེ་དག་གི་སྟོབས་ནི་ཆེན་པོ་དང་འབྲིང་པོའི་རང་བཞིན་ནོ།། དེ་ཀུན་ཏུ་འཇོམས་པར་བྱེད་པ་ནི་ཀུན་ཏུ་མི་སྤྱོད་པ་དང་། དེའི་བག་ཆགས་ཀྱང་གཅོད་པའོ།། བདུད་རྣམས་ནི་ཕུང་པོ་དང་། འཆི་བདག་དང་། ལྷའི་བུ་རྣམས་སོ།། དེ་ལ་ཕུང་པོ་རྣམས ་ཀྱེ་ནི་དེ་ལ་དམིགས་པའི་དོད་པའི་འདོད་ཆགས་སྤངས་པའི་ཕྱིར་དང་། ཇི་ལྟར་འདོད་པ་བཞིན་གནོས་པའི་ཕྱིར་སྟོབས་མེད་པར་བྱེད་པ་སྟེ་ཡོངས་སུ་སྦྱོང་བའོ།། འཆི་བདག་ནི་བསམ་གཏན་གྱི་སྟོབས་ཐབས་ཀྱིས་ཟིན་པས་ཚེ་བཏང་ནས་ཀྱང་ཡང་ཇི ་སྲིད་འདོད་ཀྱི་བར་དུ་གནས་པས་བྱིན་གྱིས་རློབ་པས་སྟོབས་མེད་པར་བྱེད་པ་སྟེ་ཡོངས་སུ་སྦྱོང་བའོ།། ལྷའི་བུའི་བདུད་སྟོབས་དྲང་བཅས་པོ་ནི་བྱམས་པའི་སྟོབས་ཀྱིས་ཕམ་པར་བྱས་ཏེ་སྟོབས་མེད་པར་བྱེད་པའོ།། རྣམ་པ་འདིས་བྱང་ཆུབ ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྤྱོད་པས་བསྡུས་པའི་སྟོབས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ཡིན་ཏེ། འདི་ནི་མི་མཐུན་པའི་ཕྱོགས་སྤོང་བའི་སྒོ་ནས་གཉེན་པོའི་མཚན་ཉིད་ཀྱི་སྒྲུབ་པ་ཡིན་ནོ།། འདིས་ནི་མི ་མཐུན་པའི་ཕྱོགས་མཐའ་དག་ཟིལ་གྱིས་གནོན་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་སྟོབས་བླ་ན་མེད་པ་རྙེད་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། དེའི་ཕྱིར་འདི་ལ་བདེ་བར་གཤེགས་པས་བློ་གྲོས ་ལེགས་པའོ་ཞེས་ཀུན་ནས་བསྔགས་པར་འོས་པ་ཡོད་པའི་ཕྱིར་ས་ལེགས་པའི་བློ་གྲོས་ཀྱང་བསྟན་ཏོ།། ད་ནི་དེ་ལྟར་སྒྲུབ་པ་དང་ལྡན་པའི་རང་གི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཞིང་རྣམས་རྒྱ་མཚོ་རྣམ་པར་དག ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ཚོགས་སུ་བཅད་པ་གཉིས་ཀྱིས་ལས་རྣམ་པ་བརྒྱད་གསུངས་སོ།། ཞིང་གི་ཁྱད་པར་སྔ་མ་གང་དག་རང་གི་མོས་པའི་ཤེས་པ་མི་གསལ་བའི་རྣམ་པ་ཅན་གྱིས་རང་གི་སེམས་ཀྱི་མེ་ལོང་གི་དཀྱིལ ་འཁོར་ལ་གཟུགས་བརྙན་གྱི་ཚུལ་དུ་བཀོད་པ་དེ་དག་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྟོབས་རྙེད་པ་དེ་ཉིད་ལ་གསལ་བར་བྱེད་པ་ནི་རྣམ་པར་དག་པར་བྱེད་པ་སྟེ། རང་དང་གཞན་གྱི་བདག་ཉིད་དག་ལ་རང་གི་རྒྱུད་ཉིད་ཀྱི་དབང་གིས ་ཇི་ལྟ་བ་བཞིན་དུ་ཡང་དག་པར་དམིགས་པ་ཡིན་ནོ།། ཞིང་ཞེས་བྱ་བ་ནི་གང་ལས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དགེ་བའི་སྲོག་མི་ཟད་པར་བྱེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འབྲུ་རྣམས་འཁྲུད་པ་སྟེ། ་དེ་ནི་ང་རྒྱལ་མེད་པ་ལ་སོགས་ཡོན་ཏན་འབྱོར་པ། སྙིང་རྗེ་དང་བྱམས་པའི་ཟེར་གྱིས་བརླན་པ། ཉོན་མོངས་པའི་སྡོང་དུམ་དང་བ་ཚྭ་ལ་སོགས་པའི་ཉེས་པ་མེད་པ་དག་གོ། དེ་ལྟར་ན་བླ་ན་མེད་པའི་སངས་རྒྱས་ཀྱི་མྱུ་གུ་འཁྲུང་བར ་ནུས་པའི་ཕྱིར་སེམས་ཉིད་སངས་རྒྱས་ཀྱི་ཞིང་སྟེ་འབྲས་བུ་ལ་སོགས་པའི་ཞིང་བཞིན་ནོ།། རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཀྱི་ཁྱད་པར་སྣ་ཚོགས་པ་ཐུན་མོང་མ་ཡིན་པ་རྒྱ་ཆེ་ཞིང་ཟབ་པ་དོན་ཆེ་ཞིང་རིན་པོ་ཆེ་དང་སྲིད་པའི ་ལོངས་སྤྱོད་ཀྱི་བྱེ་བྲག་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་གནོད་པ་ཐམས་ཅད་དང་བྲལ་བ་རྣམས་ཀྱི་ཚོགས་ནི་རྒྱ་མཚོའོ།། གང་ནི་འཇིག་རྟེན་མཐའ་དག་གི་མིག་གཅིག་ཏུ་གྱུར་པ་སངས་རྒྱས་ཀྱི་ཡེ་ཤེས་སྣ་ཚོགས་བསམ། ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བ་སྟོན་པའི་ཕྱིར་སངས་རྒྱས་སྲས་དང་བཅས་པ་ཁང་པ་བརྩེགས་པ་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། རྒྱན་དང་། ན་བཟའ་ལ་སོགས་པ་ཡོ་བྱད་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་ལྷ་དང་མིའི ་ལས་ཤིན་ཏུ་འདས་པ་རྣམས་ཀྱིས་བརྒྱན་པ་འཇིག་རྟེན་མཐའ་དག་ལས་འདས་པའི་སྐུས་འདུལ་བའི་མོས་པ་ཇི་ལྟ་བ་བཞིན་དུ་སྤྱོད་ལམ་གྱིས་བཞུགས་པ་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་རྣམས ་ན་མདོ་སྡེ་ཟབ་ཅིང་རྒྱ་ཆུ་བ་སྟོན་པས་ལོངས་སྤྱོད་རྫོགས་པར་མྱོང་བར་གྱུར་པ་དཔག་ཏུ་མེད་པ་རྒྱ་མཚོ་ཆེན་པོའི་ཆུའི་རྡུལ་ཕྲ་རབ་དང་མཉམ་པ་དེ་དགུ་རུང་གི་སེམས་ཡོངས་སུ་སྦྱོང་བ་སྟེ། འདི་ནི་ཞིང་རྒྱ་མཚོ་རྣམ་པར་དག་པའོ།། ་སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་དགྲོལ་ཞེས་བྱ་བ་ལ། འཁོར་བ་ལ་ཆགས་པ་ནི་སེམས་ཅན་ཏེ། དེ་དག་བགྲང་བ་ལས་ཤིན་ཏུ་འདས་པ་ནི་རྒྱ་མཚོའོ།། དུས་ཇི་ལྟ་བ་དང་སྐལ་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་དང་ཤེས ་བྱའི་སྒྲིབ་པ་སྤང་བའི་མན་ངག་གི་ཉོན་མོངས་པའི་འཆིང་བ་ཤིན་ཏུ་མི་ཟད་པ་དམ་པོ་གཅོད་པ་ནི་དེ་དག་རྣམ་པར་དགྲོལ་བའོ།། རང་གི་བདག་ཉིད་འཛིན་པའི་ཕྱིར་ཆོས་རྣམས་ཏེ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའི་རྒྱུད་ལ་མངའ་བ་སྙིང་རྗེ་ཆེན་པོ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་གྲངས་མེད་པ་མཐའ་ཡས་པ་ཟབ་པ་རྒྱ་ཆེ་བ་ཤིན་ཏུ་རྣམ་པར་དག་པ་མཐུ་ཆེ་བ་སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཕན་པར་བྱེད་པ ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པ་མཆོག་ཏུ་མཐར་ཕྱིན་པ་སྟེ། རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་པ་དེ་དག་གི་རྒྱ་མཚོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རེ་རེའི་རྒྱུད་ལ་མུ་ངའ་བའི་ཚོགས་སོ།། དེ་དག་མཐོང་བར་བྱེད་པ་ནི། ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ལོང་གི་དཀྱིལ་འཁོར་ལོ་རབ་ཏུ་འགོད་པའོ།། ཡེ་ཤྲཱིས་ནི་སངས་རྒྱས་བཅོམ་ལྡན་འདས་བསྐལ་པོ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་ལྡན་པ་འོག་མིན་པ་རྣམས ་ཀྱི་ནང་ན་རྒྱལ་པོའི་གནས་ཁང་པ་བརྩེགས་པ་ཤིན་ཏུ་བཟང་པོ་ནཱ་བཞུགས་པ་རྣམས་ཀྱི་བྱ་དཀའ་བ་བརྒྱ་སྟོང་གིས་རྣམ་པར་སྦྱངས་པ་རྣམ་པ་བཞི་པོ་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་བསྒྲུབ་པ་ཞེས ་བྱ་བ་འཁྲུལ་པ་རྣམ་པ་སྣ་ཚོགས་དང་བྲལ་བ་དྲི་མ་མེང་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཁྱད་པོར་གྱིས་རྟོག་པའི་དྲ་བ་མ་ལུས་བཟང་བར་མཛད་པ་ན་སྐྱེ་བ་གང་ཡིན་པའོ།། དེ་ནི་སངས་རྒྱས་ཀྱི་རྒྱུད་ཐ་དད་པ་དང་། སྐད་ཅིག་ཐ་དད་བས ་ངད་པའི་ཕྱིར་རྒྱ་མཚོའོ།། དེ་རྟོགས་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་དམ་པའི་ཆོས་མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། བསྒོམ་པའི་རིམ་པས་མངོན་སུམ་དུ་བྱེད་པའོ།། སྤྱོད་པ་ནི་མ་ལུས་པ་ལ ་མཆོད་པ་དང་། ཕྱག་བྱ་བ་དང་། སྡིག་པོ་བཤགས་པ་དང་། རྗེས་སུ་ཡཱི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། ཡོངས་སུ་བསྔོ་བ་དང་། སེམས་ཅན་མ་ལུས་པ་ལ་ཕན་འདོགས་པ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས ་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་ཡོངས་སུ་རྫོགས་པ་ལ་སོགས་པའི་མཚན་ཉིད་དེ། ཉན་ཐོས་དང་། རང་སངས་རྒྱས་དང་། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམ་པ་ཙམ་གྱིས་སྐྲག་པར་བྱེད ་བའོ།། དེ་རྣམ་པར་དག་པར་བྱེད་པ་ནི་དངོས་པོ་དང་། དུས་དང་། ཕྱོགས་རྣམ་པར་དབྱེ་བ་དང་། བསྡུ་བ་དང་། རྒྱས་པར་བྱ་བ་དང་། གཞན་ལ་ཕྲན་གདགས་པ་དང་། རང་གི་རྒྱུད་རྣམ་པར་སྦྱང་བ་ལ་སོགས་པ་ཇི་ལྟར་བསྟན་པ་རྣམས་སྣོད་དང ་གྲངས་ཀྱི་ཚང་དང་། དུས་དང་། ཡུལ་རྣམ་པར་དབྱེ་བ་དང་། ཡོ་བྱད་རྣམ་པར་དགོད་པ་སྤྲུལ་པ་ལ་སོགས་པའི་བྱ་བའི་ཁྱད་པར་མཐར་ཕྱིན་པ་རྣམས་ཀྱི་མོས་པའི་སྟེ་བས་ཀྱིས་སྒྲུབ་པའོ།། སྨོན་ལམ་ནི་ཤེས་རབ་ཀྱི་བྱེ་བྲག་ཉིད་དེ་བདག ་དང་གཞན་ལ་ཕན་འདོགས་པ་རྣམ་པ་དུ་མ་ཐབས་དང་བཅས་པ་བྱང་ཆུབ་ཀྱི་མཐར་ཕྱིན་པར་འགྲོ་བ་ལ་སོགས་པ་དོན་དུ་གཉེར་བའི་རྣམ་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སོ་སོའི་ཁམས་དང་། འགྲོ་བ་དང་། སྐྱེ་གནས ་དང་། རིགས་དང་། རྒྱུད་དང་། རུས་ཀྱི་བྱེ་བྲག་གིས་ཐ་དད་པས་མང་བའི་ཕྱིར་རྒྱ་མཚོ་ཞེས་བྱ་བར་གྱུར་ཏོ།། དེ་ནི་དུས་མཐའ་ཡས་པར་ཡོངས་སུ་སྦྱང་བའི་ཤེས་རབ་དང་ཐབས་དང་། ཏིང་ངེ་འཛིན་དང་། གཟུངས ་དང་། རྣམ་པར་ཐར་པ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་མཐར་འབྱིན་པ་ནི་རབ་ཏུ་རྫོགྲོས་པར་བྱེད་པའོ།། སངས་རྒྱས་ནི་གང་དག་སེམས་ཅན་གྱི་ཁམས་སྡུག་བསྔལ་བ་ལ་གཟིགས་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི ་ཐུགས་ཀྱིས་ཕན་མ་གཏགས་པ་ལ་ཡང་བྱེ་བྲག་ཏུ་མ་བྱས་པ་སེམས་ཅན་གྱི་ཁམས་ཟད་པར་སྲས་ཀྱིས་ཚུལ་དུ་བདག་གིར་མཛད་ནས། དེ་སྒྲལ་བའི་ཕྱིར་གོ་ཆ་ཆེན་པོ་མནབས་ཏེ། འཁོར་བའི་རྒྱ་མཚོ་སྡུག་བསྔལ་ཉམ་ང་བ་བ ་སྟོང་དུ་མ་དང་ལྡན་པ་བརྒལ་ནས་ཤེས་རབ་དང་ཐབས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དེ། མི་ཤེས་པའི་མུན་པ་མ་ལུས་པར་བསལ་བ་ཡེ་ཤེས་ཀྱི་ཉི་མ་སའི་ཕུག ་མཐའ་དག་གིས་སྒྲོན་མ་གཅིག་པུར་གྱུར་པ་ཤར་བས་མ་རིག་པའི་གཉིད་དང་བྲལ་ཏེ་སངས་རྒྱས་པའི་ཕྱིར་སངས་རྒྱས་ཉིད་དོ།། དེ་དག་གི་རྒྱུད་ཐ་དད་པཱ་དང་དུས་ཐ་དད་པས་གྲངས་པ་ལས་འདས་པའི་ཕྱིར་རྒྱ་མཚོའོ།། མཆོད་པའི ་ཡོ་བྱད་ཡུལ་དང་། དུས་དང་དངོས་པོ་དང་། བཀོད་པར་ཁྱད་པར་བཞུགས་པ་ཐམས་ཅད་དང་ལྡན་པའི་རང་བཞིན་གྲངས་མེད་པའི་མཆོད་པའི་སྤྲི་ན་རྣམས་ཀྱིས་ན་མཁའི་དཀྱིལ་འཁོར་མཐའ་ཡས་པ་ཁྱབ་པར་བྱས་ཏེ། དེ་རེ་རེ་ལ་ཡང ་དུས་མཐའ་ཡས་པར་ཤིན་ཏུ་བརྗོད་པ་ནི་མཆོད་པའོ།། བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི་ཞེས་བྱ་བ་ལ། བསྐལ་པ་ཞེས་བྱ་བ་ནི་བར་གྱི་བསྐལ་བ་ལ་སོགས་པ་རྣམས་པ་མང་སྟེ། དེ་ལ་བསྐལ་པ་དང་པོ་པ་མིའི་ཚེ་དཔག་ཏུ་མེད་པ ་ནས་བཟུང་སྟེ། རིམ་གྱིས་མིའི་ཚེ་ལོ་བཅུའི་བར་དུ་གྱུར་པ་དེ་ནི་མར་འགྲིབ་པ་ཞེས་བྱ་བ་བར་གྱི་བསྐལ་པ་གཅིག་གོ། དེ་ནས་ཡང་ཚེ་ལོ་བརྒྱད་ཁྲི་བར་གྱུར་ལ་འགྲིབ་པའི་རིམ་གྱིས་ཚེ་ལོ་བཅུ་པར་གྱུར་པའི་བར་འདི་ནི་ཡར་སྐྱེ་བ་དང ་མར་འགྲིབ་པ་ཞེས་བྱ་བ་རབ་ཀྱི་བསྐལ་པ་གཉིས་པའོ།། དེ་ལྟ་བུ་བཅཝ་བརྒྱད་ཀྱི་ཐ་མར་ཡར་སྐྱེ་བ་ཞེས་བྱ་བ་གཅིག་དང་། དང་པོའི་མར་འགྲིབ་པ་ཞེས་བྱེ་བ་དང་། བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་རྟེན་འཆགས་སོ།། བར་གྱི་བསྐོལ་པ་ཉི ་ཤུར་ནི་ཆགས་ནས་གནས་སོ།། བར་གྱི་སྐལ་པ་ཉི་ཤུར་ནི་འཇིག་རྟེན་འཇིག་གོ། བར་གྱི་བསྐལ་པ་ཉི་ཤུར་ནི་ཞིག་ནས་འདུག་གོ། བར་གྱི་བསྐལ་པ་དེ་ལྟ་བུ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་གོ། འདི་ནི་བསྐལ་པ་ཆེན་པོ་ཞེས་བྱ་སྟེ། ་དེ་དག་བགྲང་བ་ལས་འདས་པ་ནི་རྒྱ་མཚོའོ།། གཞན་གྱི་དོན་འབའ་ཞིག་བསྒྲུབ་པའི་ཕྱིར་དེར་ཞུགས་པ་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པ་རོ་གཅིག་པ་གཉེན་པོའི་མཆོག་ཐོབ་པ་རྣམས་འགྲོ་བའི་དོན་སྤྱད་པ་བསྒྲུབ་པའི་ཕྱིར། སྡུག ་བསྔལ་དུ་མའི་སྐྱེ་མཆེད་འཁོར་བའི་བཙོན་ར་ན་དུས་རིང་པོར་ཡང་གནས་ཤིང་སེམས་ཅན་དམྱལ་བ་ལ་སོགས་པར་ཡང་གནས་པ་ནི་སྤྱོད་པའོ།། དེར་ཡང་དེ་ལ་ཕན་གདགས་པའི་བསམ་པ་ལ་ཞུགས་པ་གནོད་པ་མ་བྱས་པའི་དགྲ་བོ ་གཞན་དག་གིས་གཙེས་པ་རྣམས་ལག་པ་དང་རྐང་པ་དང་རྣ་བ་དང་སྣ་དང་ལ་སོགས་པ་གཅོད་ཅིང་སྲོག་ལ་འབེབས་པའི་རང་བཞིན་ཅན་རྣམས་དང་། ཕྱི་རོལ་གྱི་འཚེ་བ་རྣམ་པ་མཐའ་ཡས་པ་གྲངས་པ་དང་རླུབ་ང་ཚ ་ལ་སོགས་པ་ཡུན་རིང་དུ་རྒྱུན་མི་མ་ཆད་པར་གནོད་པ་དག་གིས་ཀྱང་སྒྱིད་ལུག་པར་མི་འགྱུར་བ་ནི་མི་སྐྱོ་བའོ།། འདི་ནི་ལས་རྣམ་པ་བརྒྱད་དེ། དེ་ལྟར་ལས་རྣམ་པ་བརྒྱད་ཀྱིས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་སྦྱངས་ནས། ་ད་ནི་རྒྱུའི་གནས་སྐབས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་བསྟན་པའི་ཕྱིར། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དུས་གསུམ་ནི་འདས་པ་དང་མི་འོངས་པ་དང ་ད་ལྟར་བྱུང་བ་དག་ཅེས་བྱ་བ་དག་སྟེ། གཟུགས་ལ་སོགས་པའི་ཕུང་པོ་དག་ཉིད་མི་རྟག་པས་འཇོམས་པའི་ཕྱིར་དུས་ཡིན་གྱིས། ཕྱི་རོལ་པ་རྣམས་ཀྱི་ལྟར་ཕུང་པོ་ལ་མ་གཏོགས་པའི་དུས་ནི་མེད་དོ།། དེ་དག་ལས་ཀྱང་འདས་པ་ལ་སོགས་པའི་བྱེ ་བྲག་གི་རྣམ་པ་གསུམ་དུ་ཐ་དད་དོ།། དེར་གཤེགས་པ་ནི་དེའི་བདག་ཉིད་དུ་བཞུགས་པའོ།། བདུད་བཞི་ལས་རྒྱལ་བའི་ཕྱིར་རྒྱལ་པོ་སྟེ་དུས་གསུམ་དུ་གཤེགས་པའི་རྒྱལ་བ་དེ་དག་གོ།། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ།། དེ་ལ་སྨོན ་ལམ་གྱི་བྱེ་བྲག་ནི་ཡོན་ཏན་ཐོབ་པ་བླ་ན་མེད་པ་དཔག་ཏུ་མེད་པ་གྲངས་མེད་པ་གཏིང་དང་ཕ་རོལ་མི་དཔོགས་པ་དོན་དུ་གཉེར་བའི་བྱེ་བྲག་རྣམས་ཏེ། དེ་དག་ཐམས་ཅད་བདག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པ་ཡོངསུ ་བཟུང་སྟེ། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཡོངས་སུ་བསྐང་ཞིང་ཡོངས་སུ་ཀུན་ནས་རྫོགས་པར་བསྒྲུབས་ཏེ། གླུ་མེད་པའི་བྱང་ཆུབ་ཐམས་ཅུད་མཁྱེན་པའི་ཡེ་ཤེས་རྣམ་པར་འཚང་རྒྱ་བར་བྱ། རྟོགས་པར་བ། མངོན་སུམ་དུ་བྱའོ་ཞེས་བྱ་བའི་ཐ་ཚིག ་གོ། དེ་ལྟར་རྒྱུའི་གནས་སྐབས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་བརྗོདདེ་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བླངས་པ་ཤིན་ཏུ་རྒྱས་པར་བྱ་བའི་ཕྱིར་ད་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར ་ཡོངས་སུ་བ་སྔོ་བ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་སྟོན་ཏོ།། དེ་ལ་བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས་འདོད་ཆེན་པ་དང་། འདོད་ཆེན་པ་མ་ཡིན་པ་དང་རྣམ ་པ་གཉིས་བསྟན་ཏེ། འདོད་ཆེན་པ་ནི་གང་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཐུར་གྱིས་ཚོགས་ཡོངས་སུ་རྟོགས་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་མངོན་པར་སངས་རྒྱས་ནས་ཀྱང ་སེམས་ཅན་གྱི་དོན་དུ་སེམས་ཅན་གྱི་ཁམས་ཇི་སྲིད་དུ་དེ་སྲིད་དུ་བཞུགས་པའོ།། འདོད་ཆེན་པ་མ་ཡིན་པ་ནི། གང་དག་སེམས་ཅན་གཅིག་འཁོ་ར་བ་ལས་མ་གྲོལ་གྱི་བར་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་འཚང་རྒྱ་བར་མི་བྱའི། བྱང་ཆུབ་སེམས་དཔའི་གནས་ཉིད་ན་སེམས་ཅན་གྱི་དོན་བྱེད་ཅིང་འདུག་གོ་ཞེས་སྨོན་ལམ་དེ་སྐད་བཏབ་པ་སྟེ། དེ་དག་ནི་ཚོགས་ཡོངས་སུ་རྫོགས་ཀྱང་དམ་བཅས་པ་ཡོངས་སུ་མ་རྫོགས་པས། མངོན་པར་འཚང་མི་རྒྱའོ།། ་དེ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ནི་ཐུ་བོ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་པས་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ།། སྔ་མུ་རྣམས་ཀྱི་ནཱང་ན་ནཱི ་འཕགས་པ་བྱམས་པའོ།། དེ་ལ་ཆོས་ཀྱི་སྐུའི་རྒྱུ་མཐུན་པཱ་ལས་སྐྱེས་པའི་ཕྱིར་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་སྨོས་སོ།། གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ་ཞེས་བྱ་བ་ནི། གང་གི་མིང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་འཁོར ་གྱི་དཀྱིལ་འཁོར་རྣམས་སུ་རྣམ་པ་ཐམས་ཅད་བཟང་པོའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་བཟང་པོ་ཀུན་ཏུ་བཟང་པོ་ཞེས་བསྒྲགས་པའོ།། མཁས་པ་དེ་དང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་གསུངས་པ་ཐེག་པ་ཆེན་པོ་བླ་ན་མེད་པ་དཔག་ཏུ་མེད་པ་རྣམ་པ་ཐམས་ཅད་ཉན་པ་དང་། ལེན་པ་དང་། འཛིན་པ་དང་། འཆང་བ་དང་། རྣམ་པར་འབྱེད་པའི་ཕྱིར་མཁས་པས་མཁས་པ་ཞེས་བྱའོ།། བདག། གིས་ལུས་དང ་ངག་དང་ཡིད་རྣམས་ཀྱི་སྤྱོད་པའི་ཁྱད་པར་མཐའ་ཡས་མུ་མེད་བ་དགྲ་གྲིས་མཐུན་པའི་ཡོན་ཏན་གྲུབ་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་སྦྱོང་བ་འདི་ཡང་མཁས་པ་དེའི་སྤྱོད་པ་དང་མཐུན་པ ་ཡོངས་སུ་བསྔོ་ཞིང་དེའི་འབྲས་བུ་ཐོབ་པར་བྱ་བར་མངོན་སུམ་དུ་བྱས་ཏེ་ཇི་ལྟར་དེའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་ལྟར་བདག་གི་ཡང་དེ་བཞོན་དུ་ཤོག་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལྟར ་བྱེ་བྲག་མེད་པར་དེའི་སྤྱོད་བ་དང་མཐུན་པར་ཡོངས་སུ་བསྔོ་བ་བརྗོད་ནས། དྷ་ནི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་ལུས་རྣམ་པར་དགུ་པ་ནི ་གང་གདུལ་བྱའི་སྐྱེ་བོ་ལ་བལྟོས་ནས་དེ་དང་དེར་དེ་ལྟ་དེ་ལྟ་བུའི་གཟུགས་དེ་སྟོན་པ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་ཡང་ལུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱེ་བ་གྲངས་པ་ཉེ་བར་སྟོན་པ་དང་། ལུས ་གཅིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པར་སྟོན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཞབས་དྲུང་ནས་མྱ་གཡོས་པ་སྟོན་པ་ལ་སོགས་པ་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པས་ཡོངས་སུ་ཟིན་པ་ནི་ལུས་རྣམ ་པར་དག་པའོ།། ངགཱ་རྣམ་པར་དག་པ་ནི་དབྱངས་ཀྱི་དཀྱིལ་འཁོར་གཅིག་ལ་སྐད་ཐམས་ཅད་སྟོན་པ་སྟེ། སྒྲ་ཀུན་ཏུ་སྟོན་པ་ལ་སོགས་པ་ཡོན་ཏན་གྲངས་མེད་པའི་ཚོགས་དང་ལྡན་པ་ནི་ངགུ་རྣམ་པར་དག་པའོ།། ཡིད ་རྣམ་པར་དག་པ་ནི་སྐད་ཅིག་སྐད་ཅིག་ལ་སྤྱོད་པའི་དཀྱིལ་འཁོར་མ་ལུས་པ་མངོན་སུམ་དུ་བྱེད་པ་དང་། ཕྱོགས་བཅུ་མ་ལུས་པ་དང་། དུས་ཐམས་ཅད་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱེད་པ་དང་། ཆོས ་སོ་སོ་ཐ་དད་པ་དཔག་ཏུ་མེད་པ་དག་མངོན་སུམ་དུ་བྱེད་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ནི་ཡིད་རྣམ་པར་དག་པའོ།། ལུས་དང་ངག་དང་ཡིད་རྣམ་པར་དག་པ་འདིས་སྤྱོད་པ་རྣམ་པར་དག་པར་འགྱུར ་བས?། སྤོང་བ་རྣམ་དག་ཅེས་བྱ་བ་གསུངས་ཏེ། ཀུན་ཏུ་བྱང་ར་སྤྱོད་པ་ཇི་ལྟར་བཙམས་པ་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམ་པར་དགུ་པན ་སྤྱོད་པ་རྣམ་པར་དག་པའོ།། དེ་ལྟར་ལུས་དང་དུགྲོ་དང་ཡིད་ཡོང་སུ་དག་པས་སྤྱོད་པ་ཡོངས་སུ་དག་པ་འབའ་ཞིག་དུ་ཟད་དམ་ཞེ་ན། ཞིང་རྣམ་པར་དག་པར་ཡང་འགྱུར་བས་ཞིང་རྣམས་ཡོངས་དག་དང་ཞེས་བྱ་བ་གསུངས ་སོ། དེ་ལ་ལུས་རྣམ་པར་དག་པར་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་དོག་དང་དབྱིབས་སྣ་ཚོགས་དམ་པ་རྒྱ་ཆེ་བ་དང་། ལྷ་དང་མི་ལས་འདས་པ་དག་སྟོན་པ་དང་། ངག་རྣམ ་པར་དགུ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་མན་ངག་ཕྱིན་ཅི་མ་ལོགས་པ་ཟབ་ཅིང་རྒྱ་ཆེ་བ་མཐའ་མེད་པ་སྒྲོགས་པ་དང་། ཡིད་རྣམ་པར་དག་པས་སྣོད་ཀྱི ་འཇིག་རྟེན་ཐ་གྲུ་ཆེ་ཞིང་དབྱིབས་མཉམ་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་བརྒྱ་སྟོང་དུ་མས་རྣམ་པར་མཛེས་པར་བྱས་པ། ནགས་ཚལ་དང་སྐྱེད་མོས་ཚལ་དང་ཁྲི་སྟན་ལ་སོགས་པ་སྣ་ཚོགས་དུ་མས་ཁྱབ་པ་སྟོན་པ་ནི ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། འདི་ནི་ཡོངས་སུ་དག་པ་རྣམ་པ་ལྔ་སྟེ། དེའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་མཁས་པ་གསལ་བ་དེའི་ཡོངས་སུ་བསྔོ་བ ་ཅི་འདྲ་བར་གྱུར་པ་ལྟར་བདག་གོ་སྔོ་པ་འདྲ་རྣམ་པ་ལྔ་ཡོངས་སུ་དག་པར་བྱ་བའི་ཕྱིར་དེ་འདྲ་བར་གྱུར་ཅིག་ཅེས་བདུག་ཀྱང་དེ་དང་མཚུངས་པར་ཤོག་ཅེས་བྱ་བ་འདིས་སྟོན་ཏོ།། བདག་ཅེས་བྱ་བ་ནི་བདག་ཉིད་ཀྱི་དབང ་དུ་བྱས་པའོ།། དེ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་ངོ་།། མཚུངས་པར་ཞེས་བྱ་བ་ནི་བྱེ་བྲག་མེད་པར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པ ་དང་མཐུན་པ་དང་། དེའི་སྔོ་བ་དང་མཐུན་པ་བསྟན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་ཐོབ་ཅིང་རྒྱུ་ཆེ་བའི་ཐུགས་དང་ལྡན་པའི་སྤྱོད་ཡུལ་ཡང་ཡོངས་སུ་རྫོགས་པར་བྱའོ་ཞེས་བསྟན་པའི་ཕྱིར ་ཀུན་ནས་དགེ་བ་བཟང་པོ་སྐྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྣམ་པ་ཐམས་ཅད་དུ་མཛེས་པ་དང་རང་བཞིན་གྱིས་རྒྱུད་རྣམ་པར་དག་པའི་ཕྱི་རི་དགེ་བ་སྟེ། ཀུན་ཏུ་བཟང་པོ་སྤྱོད་པ་ཀུན་ཏུ་དགེ་བ་མཆོག་ཏུ་ཡིད ་འཕྲོགས་པ་མཆོག་ཏུ་མཛེས་པ་ངོས་འདིའི་སྐུ་འཇམ་ཞིང་མདངས་སྡུག་པ་བླ་ན་མེད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་མཚན་འཇམ་དཔལ་ཞེས་བྱ་བར་བསྟན་ཏོ།། དེའི་སྨོན་ལམ་ནི་གང་སེམས་ཅན་གྱི་ཁམས་མཐའ ་ཡས་པ་བྱང་ཆུབ་གྱི་སེམས་བསྐྱེད་པ་དང་། སྤྱོད་པ་རབ་འབྱམས་ཡོངས་སུ་སྦྱོང་དུ་གཞུག་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དགོད་པ་དོན་དུ་གཉེར་བ་སྟེ་སྨོན་ལམ་བཟང་པོ་དེ་ལྟ་བུ་སྤྱད་པར་བྱའོ།། དུས་ཇི་སྲིད་ཅིག ་གིས་བར་དུ་སྙམ་པཱ་ལ། མ་འོངས་བསྐལ་པ་ཀུན་ཏུ་ཞེས་བྱ་བ་གསུངས་སོ།། མ་འོངས་པ་འབྱུང་བར་འགྱུར་བའི་བསྐལ་པ་མཐའ་ཡས་པ་ཀུན་ཏུའོ།། དེར་ཡང་སྐད་ཅིག་རེ་རེ་ལ་རབ་ཏུ་དགའ་བའི་བྱེ ་བྲག་ཁྱད་ཞུགས་པ་ཐོབ་ནས་ཅུང་ཟད་ཀྱང་མི་སྐྱོ་བར་ཏེ་ལུས་དང་སེམས་མི་སྐྱོ་བར་ཞེས་བྱ་བའི་ཐ་ཚིག་གོ། ཕ་རོལ་མི་དཔོགས་པའི་སྨོན་ལམ་དེ་ལྟ་བུ་བརྩམས་ན་འགའ་ཞིག་པར་མ་དོར་ལྡོག་པར་འགྱུར་ཡང་སྲིད་སྙམ་པ་ལ་བྱ། ་བྲག་བསྟན་པའི་ཕྱིར། བྱ་བ་དེ་ཀུན་མ་ལུས་རྫོགས་པར་བགྱི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འདོད་པའི་སྨོན་ལམ་གྱིས་བྱེ་བ་དེ་རྫོགས་པར་བྱ་བས་གྲུབ་པར་བྱའོ།། ཀུན་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་རྣམས་སོ།། མ་ལུས་པ་ནི ་རྡུལཱུ་ཕྲ་རབ་ཙམ་ཡང་མ་ལུས་པར་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ལས་རྣམ་པར་དག་པ་དེ་བརྒྱད་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོས་པ་འདིས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། སའི ་མཐའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་རོ།། ནམ་མཁའ་ལྟར་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འཁོར་གྱི་དཀྱིལ་འཁོར་དག་གི་ནང་དུ་ཅི་རིགས་པར་ཆོས་ཆེན་པོའི་ཆུའི་རྒྱུན་གྱིས་ཆར་ཅིག་ཅར ་འབེབས་པས་ཆོས་ཀྱི་སྤྲིན་ཀྱང་བསྟན་པ་ཡིན་ནོ།། དེ་ལྟར་ཇི་སྐད་བཤད་པའི་ཚུལ་ཁྲིམས་བཅུ་རྣམས་སུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་ཏེ་སྒྲིབ་པའི་རྒྱུན་མ་ལུས་པར ་ཡོངས་སུ་ཟད་ནས་ས་བཅུ་གཅིག་པ་སངས་རྒྱས་ཀྱིས་ཀུན་ཏུ་འོད་ལ་ཕྱིར་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་ཅིང་ཟད་མི་ཤེས་པར་མཛད་པ་ཚིགས་སུ་བཅད་པ་གཉིས་ཀྱིས་གོ་རིམ་བཞིན་དུ་ཡོངས་སུ ་བསྟན་པའི་ཕྱིར། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་རྗེས་སུ་བསྒྲུབས་པས་སྤྱོད་པའི་རླབས་ནི་འདི་ཙམ་ཞིག་གོ། ་དུས་ནི་འདི་སྲིད་ཅིག། ཏུའོ།། དེ་ནི་རྣམས་ཀྱི་རྣམ་པར་དག་པ་ནི་འདི་ཙམ་ཞིག་གོ།། ཡོངས་སུ་སྦྱངས་པ་བྱས་པའི་ཁྱད་པར་ནི་འདི་ཙམ་དག་གོ།། བརྩམས་པ་ནི་འདི་སྙེང་དོ་ཞེས་སྤྱོད་པ་ཚད་ཡོད་པར་མ་གྱུར་ཅིག་ཅེས་བྱ་བ་སྟེ། ་དེ་ལྟར་ན་གྲངས་མེད་པའི་མཐར་ཐུག་པར་འགྱུར་རོ།། ཅི་སྤྱོད་པ་འབའ་ཞིག་དེ་ལྟར་ཤིན་ཏུ་རྒྱུས་སམ་འོན་ཏུ་གཞན་ཡང་སྙམ་པ་ལ། ཡོན་ཏན་དག་ཀྱང་ཚང་གཟུང་མེད་པར་ཤོག་ཅེས་བྱ་བ་གསུངས་སོ།། ཡོན་ཏན་རྣམས་ནི ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། ཡོན་ཏན་ནི་འདི་སྙེད་ཅིག་གོ། དུས་ནི་འདི་སྲིད་ཅིག་ཏུའོ།། འབད་པའི་བྱེ་བྲག་ནི་འདི་ཙམ་ཞིག་གོ། དགེ་བའི་བཤེས་གཉེན་ནི་འདི་ཙམ་ཞོག་ལ་བསྙེན་བཀུར་བྱས་སོ།། དེ་བཞི ་གཤེགས་པ་འདི་སྙེད་ཅིག་ནི་མཉེས་པར་བྱས་སོ།། ཞེས་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་མཐུན་མོང་བ་དང་། ཐུན་མོང་མ་ཡིན ་པ་རྣམས་ཚང་ཡོད་པར་མ་གྱུར་ཅིག་ཅེས་བྱ་བ་དེ་སྐད་ཅིག་སྐད་ཅིག་ལ་ཡོན་ཏན་བྱེ་བ་ཕྲག་བརྒྱ་མཐའ་ཡས་པ་ཐོབ་པས་ཡོན་ཏན་རྣམས་ཚང་ལས་འདས་པའོ།། སྤྱོད་པ་ཚང་མེད་པ་ལ་གནས་ནས ་ཀྱང་ཞེས་བྱ་བ་ན་ད་ལྟར་སྤྱོད་པ་ཚད་མེད་པ་ལ་གནས་ཏེ་འདུག་ནས་སོ།། དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་དང་གཞན་ཡང་ཕྱོགས་ཀྱི་མཐས་ཀླས་པ ་ཐམས་ཅད་རྣམ་པར་གནོས་པ་དག་གི་རྣམ་པར་འཕྲུལ་པའི་ཆེ་བ་ཉིད་རྣམ་པ་ཐ་དད་པ་དུ་མ་སྟོན་པར་འཚལ་བར་བགྱིའོ་ཞེས་བྱ་བར་སྦྱོར་རོ།། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བསྒྲུབས་པ་རྗེས་སུ་སློབ་པར་ཡོད ་སུ་བསྔོ་བའི་ཐབས་ཀྱིས་རྒྱས་པར་བྱས་པ་ཕྱོགས་དང་དུས་ཀུན་ཏུ་ཁྱབ་པ་དེ་ཡང་ཟང་མི་ཤེས་པར་མཛད་པར་བཞེད་ནས། ནུ་མཁོའི་མཐོར་ཐུག་གྱུར་པ་ཇི་ཙམ་པར་ཞེས་བྱ་བ་ལ་སོགས་བུ་གསུངས་ཏེ། ནམཁའ་མཐའ་ཡས ་ཡས་པའི་མཐར་ཐུག་པ་ཇི་ཙམ་པར་བདག་གི་སྨོན་ལམ་གྱིས་མཐའ་ཡང་དེ་ཙམ་མོ་ཞེས་བྱ་བ་ཡིན་ནོ།། མཐར་ཐུག་པ་ནི་ངེས་པར་གནས་པ་སྟེ། མཐས་ཀླས་པའོ་ཞེས་བྱ་བའི་ཐ་ཚིག་གོ། འདི་སྐད་དུ་ན་མཁའ་མུ་མེད་པ་ཇི་ལྟ ་པ་དེ་བཞིན་དུ་བདག་གི་སྨོན་ལམ་ཡང་མུ་མེད་པར་གྱུར་ཅིག་ཅེས་བཤད་པ་ཡིན་ནོ།། དེ་ལྟར་ན་མཁའི་དཔེས་སྨོན་ལམ་རེ་རེའི་ཚད་ཀྱང་མཐར་ཐུག་པ་མེད་པར་བསྟན་ནས། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ་ཞེས་བྱ ་བས་སེམས་ཅན་མཐར་ཐུག་པ་མེད་པར་སྟོན་ཏེ། སེམས་ཅན་གྱི་ཁམས་མ་ལུས་པ་གྲངས་ལས་ཤིན་ཏུ་འདས་པས་མཐའ་ཐུག་པ་མེད་པ་གང་ཡིན་པ་དེ་དག་གི་སྨོན་ལམ་བདག་གི་མཐའ་ཐུག་པ་མེད་པར་གྱུར་ཅིག་ཅེས ་བྱ་བ་ཡིན་ནོ།། དེ་ལྟར་སེམས་ཅན་མཐར་ཐུག་པ་མེད་པར་སྟོན་ཏེ། ཇི་ཙམ་ལུས་དང་ཞེས་བྱ་བ་ལས་འབྱུང་བ་མཐར་ཐུག་པ་མེད་པར་སྟོན་ཏེ། འདི་སྐད་དུ་ཇི་ལྟར་སོ་སོའི་སྐྱེ་བོ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སུ་ལས ་འབྱུང་བ་མཐའ་ཐུག་པ་མེད་པ་དེ་བཞིན་དུ་བདག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་སྨོན་ལམ་འབྱུང་བ་ཡང་མཐེར་ཐུག་པར་མ་གྱུར་ཅིག་ཅེས་བཤད་པ་ཡིན་ནོ།། དེ་ལྟར་ལས་འབྱུང་བ་མཐའ་ཐུག་པ་མེད་པར་བཤད་ནས། ཉོན་མོངས ་ཞེས་བྱ་བ་ལ་སོགས་པས་མི་མཐུན་པའི་ཕྱོགས་མཐའ་ཐུག་པོ་མེད་པར་སྟོན་ཏེ། ཇི་ལྟར་སེམས་ཅན་གྱིས་ཁམས་མ་ལུས་པའི་འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་འཕགས་པའི་ལམ་མེད་པར ་མཐར་ཐུག་པ་མེད་པར་གྱུར་པ་དེ་བཞིན་དུ་དེའི་གཉེན་པོར་གྱུར་པ་བདག་གི་སྨོན་ལམ་གྱི་ཁྱད་པར་རྣམས་ཀྱང་སེམས་ཅན་སོ་སོའི་སྤྱོད་པའི་དོན་བྱ་བའི་ཕྱིར་མཐའ་ཐུག་པར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། སྐབས་འདིས་ནི ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བསྟན་ཏོ།། ད་ལྟར་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་བའི་དཀྱིལ་འཁོར་ཐབས་དང་བཅས་པ་མོས་པས་སྤྱོད་པའི་སས་རབ་ཏུ་ཕྱེ་བ་བསམ་པ་དག་པའི་སས་བསྡུས་པ་ཇི་སྐད་སྨོས་པའི་ཡོངས་སུ་བསྔོ ་བས་མཐའ་ཡས་པར་བྱས་པ་ཟད་མི་ཤེས་པ་ཉིད་དུ་བསྟན་ཏོ།། ཇི་ལྟར་ཇི་སྐད་སྨོས་པའི་སྨོན་གྱི་དོན་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་དེ་ལ་མོས་པའི་ཕན་ཡོན་འབྲས་བུར་གྱུར་པ་ཤིན་ཏུ་ཆེ་བཱའོ ་ཕྱིར་དང་། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ་ཞེས་བྱ་བ་ལ་སྩོགས་པ་གསུངས་སོ།། དེ་ལྟར་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡོས་པ་ཞེས་བྱ་བ་འདིས་ནི་ཐ་གྲུ་ཆེ་བར་བསྟན་ཏོ།། རཱིན་ཆེན་སྨོས་པས་ནི་རིན ་ཚོན་རིན་ཐང་རྗེ་བས་སྦྱིན་པར་བྱ་བའི་ཁྱད་པར་བསྟན་ཏོ།། བརྒྱན་ཅེས་བྱ་བ་སྨོས་པས་ནི་ཁེ་དོག་དང་དབྱིབས་ལྀ་སོགས་པ་ཐ་དད་པའི་བཀོད་པ་སྣ་ཚོགས་བསྟོན་ཏོ།། རྒྱལ་པ་རྣམས་ལ་ཞེས་བྱ་བ་འདིས་ནི་འབྲས་བུར་གྱུར་པ ་ཤིན་ཏུ་བླ་ན་མེད་པ་རབ་ཏུ་དག་པ་མཐའ་ཡས་པའི་ཞིང་ཁྱད་པར་ཅན་བསྟན་ཏེ། ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང་ཞེས་བྱ་བ་ལ། ལྷ་དང་མིའི་བདེ་བ་སྨོས་པས་ནི་ཕན་འདོགས་པའི་བོད་པའི་ཁྱེད་པར་བསྟན་ཏོ།། ་ཞིང་གི་རྡུལ་སྙེད་བསྒྲལ་པར་ཕུལ་པ་ཞེས་བྱ་བ་འདིས་ནི་ཁྱད་པར་ཅན་བསྟན་ཏོ།། ད་ལྟར་རྣམ་པ་ཁྱད་པར་ཅན་དེ་དག་གིས་ཁྱད་པར་དུ་འཕགས་པའི་སྦྱིན་པ་ཡང་སྨོན་ལམ་ཁྱད་པར་ཅན་འདི་ལན་ཅིག་ཐོས་ནུས་དད་པ ་བསྐྱེད་པའི་སེམས་ཀྱིས་མོ་ས་པས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་དང་འདྲ་བར་བསྟན་པའི་ཕྱིར། གང་གིས་བསྔོ་བའི་རྒྱལ་པོ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ངང་པ་དང་མོས་པ་ཕུན་སུམ་ཚོགས་པ ་འགའ་ཞིག་གིས་ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་མཆོག་བདེ་བྱར་གཤེགས་པ་མཐའ་ཡས་པས་བསྔགས་པ་ཇི་སྐད་བསྟན་བུ་འདི་ཐོས་ནས་ཐོས་པ་དང་། བསུམ་པ་ལ་སོགས་པའི་རིམ་གྱིས་ལན་ཅིག་སྟེ། ལན་འགའ ་ཞིག་སེམས་ལ་བཞག་ནས་མོས་ཤིང་དད་པ་བསྐྱེད་ནས་ཏེ། མྱོས་པའི་ཤེས་པས་མངོན་སུམ་དུ་བྱེད་ཞེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་དེ་ལྟར་བསོད་ནམས་ཀྱི་ཚོགས་ཕུལ་དུ་བྱུང་བར་བསྟན་སྙམ་པ་ལ། བྱང་ཆུབ་མཆོག ་གི་རྗེས་སུ་རབ་མོས་ཤིང་ཞེས་བྱ་བ་གསུངསོ།། བྱང་ཆུབ་མཆོག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་པས་ཤིན་ཏུ་ཁྱད་ཞུགས་པས་མཆོག་ཏུ་གྱུར་པའི་ཕྱིར། ་རོ།། རབ་ཏུ་མོས་པ་ནི་མངོན་པར་འདོད་པའོ།། ཅི་རོར་གྱུར་སྙམ་པ་ལ། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ་ཞེས་བྱ་བ་གསུངས་སོ།། དམྱ་བ་ནི་གོང་དུ་སྨོས་པའི་སྦྱིན་པ་བས་སོ།། མཆོག་ནི་དེ་ལས་གཞན་པོའི ་བསོད་ནམས་ཀྱི་ཁྱད་པར་ཐམས་ཅད་ཐོབ་པའོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་ཡོངས་སུ་སྡུད་པའི་ཁྱད་པར་གྱི་ཕྲན་ཡོན་བརྗོད་ནས་སྡིག་པ་དང་གྲོགས་པོ་ངན་པ་བསལ་བས་མྱུར་བ་ཉིད་དུ་སངས་རྒྱས་མཐོང་བའི་ཕན་ཡོན ་བསྟན་པའི་ཕྱིར། དེས་ནི་ངན་སོང་རྣམས་ཀྱང་སྤངས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེས་ནི་ཞེས་བྱ་བ་ནི་སེམས་ཅན་གྱི་མཆོག་སྐྱེས་བུ་ཁྱད་པར་ཅན་གྱིས་སོ།། སྤངས་པ་ནི་ཐག་བསྲིངས་ཏེ་ཡོངས ་བཏང་བའོ།། དེ་དག་གང་ཞིག་སྒྱུམ་པ་ལ་ངན་སོང་ཞེས་བྱ་བ་གསུངས་ཏེ། ངན་སོང་ངན་འགྲོ་རྣམས་ཏེ། ལུས་ཀྱི་དབང་གྱིས་ཡང་དེར་མི་སྐྱེ་བའི་ཕྱིར་རོ།། རྟག་ཏུ་ལྷ་དྲང་མིའི་ནང་དུ་སྐྱེ་བ་རག་ཏུ་རྙེད་པས ་ངན་སོང་འབའ་ཞིག་སྤངས་པ་མ་ཡིན་གྱི་ངན་སོང་གི་རྒྱུར་གྱུར་པ་གྲོགས་པོ་ངན་པ་རྣམས་ཀྱང་སྤངས་སོ།། སྨད་བའི་གྲོགས་པོ་རྣམས་ནི་གྲོགས་པོ་ངན་པ་རྣམས་ཏེ། གང་དག་ཚེ་འདི་ཉིད་ཚེ་ལ་བདེ་བྱར་བྱ་བའི་ཕྱིར་ཁྱིམ་གྱི ་གནས་ལ་སོགས་པ་ལ་མཛུད་པ་དང་། ཐེག་པ་དེའི་སྣོད་དུ་གྱུར་པ་རྣམས་མྱུར་དུ་མྱ་ངན་ལས་འདས་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་དང་ཕྲལ་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འཛུད་པ་ཡིན་ནོ།། དེ་དག་ཀྱང་ངོགྱེ ་བའི་བཤེས་གཉེན་ལ་ཡང་དག་པ་ཇི་ལྟ་བ་བསྙེན་བཀུར་བྱས་པ་དང་། དེའི་མན་ངག་སྤྱད་པ་ལ་ནན་ཏན་བྱས་པས་ཡོངས་སུ་སྤངས་པ་ཡིན་ནོ།། ད་ལྟར་སྨོན་ལམ་བསྒོམས་པོའི་དབང་གྱིས་ངན་སོང་རྒྱང་བསྲིངས་པ་དང་གྲོགས་པོ ་ངརྒྱ་པས་དེས་མྱུར་དུ་བཅོམ་ལྡན་འདས་འོད་དཔག་མེད་ང་ཡང་མཐོང་བར་འགྱུར་རོ།། འདྲི་འི་འོད་དཔག་ཏུ་མྱོང་པ་ནམཁྱུའི་དཀྱིལ་མཐའ་དག་ཁྱབ་པར་བྱིང་བས་ངན་སྟོང་གི་སྡུག་བསྔལ་སྣ་ཚོགས་ཞི་བར་བྱེང་བྱ་དང་། ལཱུ་ད་མཱིཥྐཾ ་xxx ་པ་ཞེས་བྱ་བུ་གསུངས་ཏེ། གང་གིས་བཟང་པོ་སྤྱོད་པ་ཞེས་བྱ་བ་སྨོན་ལམ་གྱི་རྒྱལ་པོ་འདི་བཏབ་པའོ།། དེ་ལྟར་སངས་རྒྱས་མཐོང་བའི་ཕན་ཡོན་བསྟན་ནས། བྱང་ཆུབ་སེམས་དཔའ་དང་མཚུངས་པ་ཉིད་ཐོབ་པའི་མཚན་ཉིད་ཀྱི་ཕན་ཡོན ་བསྟན་པོའི་ཕྱིར། རྙེད་པ་ལེགས་རྙེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། འདོད་པའི་དོན་སྔོན་མ་ཐོབ་པ་རྙེད་པ་དེ་ཉིད་ལེགས་པར་རྙེད་པ་སྟེ། དོན་ཡངས་ཤིང་རྒྱ་ཆེ་བ་རྙེད་པའི་ཕྱིར་ལེགས་པར་གྱུར་པའོ།། དེ་དགུ་ནི་ལེགས་པར་རྙེད་པ ་འབྲུའ་ཞིག་ཏུ་མ་ཟད་ཀྱི་སྐྱེས་བུ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ལེགས་པར་འཚོ་བ་ཡང་ཡིན་ཏེ། གང་དག་སྲོག་ལ་འབབ་པའི་སྡུག་བསྔལ་དག་གིས་ཀྱང་གཞན་གྱི་དོན་ཉིད་སྒྲུབ་པ་དེ་དག་ལེགས་པར་འཚོ་བ་ཡིན་གྱི་གཞན་དག ་ནི་ཤི་བ་དང་མཚུངས་སོ།། དེ་ཉིད་ཀྱི་ཕྱིར་ལེགས་པར་འོངས་པ་སྟེ། སྐྱེས་བུའི་དོན་སྒྲུབ་པར་བཟོད་པའི་ཕྱིར་མི་སྲིད་པ་འདིར་ལེགས་པར་འོངས་པའོ།། དེ་ཉིད་ཀྱི་ཕྱིར་གང་དག་སེམས་ཅན་གྱི་དོན་གཞལ་དུ་མེད་པ་བྱེད་ཅིང་མཆོག ་ཏུ་དགའ་བའི་ཤས་ཆེ་བར་གྱུར་པ་དེ་དག་ཁ་ཅིག་སྐྱེས་བུ་མཆོག་ཅེས་བྱའི། དེ་ལ་ས་གཞན་པ་དག་ནི་རྩཝ་རུལ་པ་དང་མཚུངས་དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྒྱུས་བྱང་ཆུབ་སེམས་དཔའ་ཆེན ་པོ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཅི་འདྲ་བར་གང་དག་དེའི་སྨོན་ལམོ་རྗེས་སུ་སྒྲུབ་པ་དེ་དག་ཀྱང་རིང་པོར་མི་ཐོགས་པར་དེ་བཞིན་དུ་འགྱུར་ཏེ། མྱུར་བ་ཁོ་ནར་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་བསོད་ནམས་ཡོངས ་སུ་སྡུད་པ་དང་། སྔངས་རྒྱས་མཐོང་བ་དང་། བྱང་ཆུབ་སམྦས་དཔའ་དང་མཚུངས་པ་ཉིད་ཐོབ་པའི་ཕན་ཡོན་བརྗོད་ནཱ་ས་ན། མཱམས་མེད་ལྔ་པོ་དགུ་གི་སྡིག་པ་རྣམས་ཞེས་བྱ་བ་ལ་སོགས་པས་སློབ་པ་འབྱང ་བའི་ཕན་ཡོན་གསུངས་ཏེ། མཚམས་མེད་ཅེས་བྱ་བ་ནི་ཤི་མ་ཐག་ཏུ་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོ་བཱས་པར་གཅད་པར་མི་ནུས་པའི་ཕྱིར་མཚམས་མེད་པའོ།། ལྡེ་ནི་ཕ་དང་། མ་དང་དགྲ་བཅོམ་པ་པས་དུ་བ་དང་། ་དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བ་རྣམས་སོ།། སྡིག་པ་ནི་ངན་སོང་དུ་ལྟུངདྲ་བར་བྱེད་པས་རྣམ་པར་སྨིན་པ་སྨད་པའི་ཕྱིར་རོ།། གང་གིས་མི་ཤེས་དབང་གིས་ཞེས་བྱ་བ་ནི་མི ་དགེ་བའི་གྲོགས་པོ་དང་བསྟེན་པས་གང་གི་ལས་ཀྱི་རྣམ་པར་སྨིན་པ་ཆེན་པོ་མ་ཤེས་ནས་ཅི་ཞིག་ལྟར་བྱས་ཏེ་བསྒྲུབས་པ་རྣམས་སོ།། དེ་ཡི་བཟང་པོ་སྤྱོད་པ་འདི་བརྗོད་ན་ཞེས་བྱ་འི་ནི་སུས་བཟང་པོ་སྤྱོད་པ་ཞེས་བྱ་བ་སྨོན་ལམ་གྱི་རྒྱལ་པོ ་འདི་བརྗོད་ནི་ཏེ་དད་པས་འདོན་ཅིང་སྨོས་པས་མོས་ནའོ།། མྱུར་དུ་མ་ལུས་ཡོངས་སུ་བྱད་པར་འགྱུར་ཞེས་བྱ་བ་ལ། མྱུར་བ་ནི་རིང་པོར་མི་ཐོགས་པར་རོ།། ཡོངས་སུ་བྱང་བ་ནི་ཡོངས་སུ་ཟད་པའོ།། འགྱུར་བ་ནི་བྱེད་པའོ།། མ་ལུས་པ་བས ་བྱ་བ་ནི་ལྷག་མ་མེད་པ་སྟེ། སྲིང་ཟང་ཙམ་ཡང་མི་གནས་སོ།། ནིས་བྱ་བའི་ཐ་ཚིག་གོ།། དེ་ལྟ་ཆེ་འདིའི་ཕན་ཡོན་རྣམ་པ་བཞིའི་ཁྱད་པར་བསྟན། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་ཞེས་བྱ་ཐོལ་སེམ་ས་པས་ཚར་བསོགས་། ་ཕན་ཡོན་གསུངས་སོ།། དེ་ལ་རེ་ཞིག་རྒྱུར་གྱུར་པའི་ཕུན་ཡོན་སྟོན་ཏེ། ཡེ་ཤྲཱིས་ནི་མི་ཤེས་པ་ཐམས་ཅད་སེལ་བའི་ཕྱིར་རོ།། གཟུགས་ནི་ལུས་ཀྱི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ།། མཚན་རྣམས་ནི་དབུ་གདུགས་ལྟ་བུ་ལ་སྔོགས་པའོ།། ་ཁ་དོག་ནི་པགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུའོ།། རིགས་ནི་རིགས་གཉི་ག་ཡོངས་སུ་དག་པའོ།། དེ་བས་ན་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་དེ་དག་དང་ལྡན་ཞིང་ཡང་དག་པར་ལྡན་པར་འགྱུར་བ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པས། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅེས་བྱའོ།། མུ་སྟེགས་ཅན་དག་ནི་གང་དག་འདི་ལས་ཕྱི་རོལ་པ་དགྲ་སྟེ་ལམ་དྲན་པར་ཞུགས་པ་རྣམས་སོ།། བདུད་རྣམས་ནི་དགེ་བའི་ཚོགས་ཀྱི་བྱར ་ཆད་བྱེད་པ་དག་གོ། དེ་དག་ནི་ཚེགས་ནི་མང་པོའོ།། མུ་སྟེགས་ཅན་དང་བདུད་ཀྱི་ཚོགས་དེ་དག་གིས་མི་ཐུབ་པ་ནི་ཟིལ་གྱིས་ནོན་པར་མི་འགྱུར་བ་སྟེ། དེ་ཟིལ་གྱིས་ནོན་པར་ནུས་པ་ནི་ཚིག་འོག་ནས་འབྱུང་བླ་དང་སྦྱར་རོ།། དེའི་ཕྱིར་ཡོན ་ཏན་དེ་ལྟ་བུ་དང་ལྡན་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཇིག་རྟེན་གསུམ་པོ་ཀུན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད ་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་གང་དུ་སྐྱེས་པ་དེར་མཆོད་པར་འགྱུར་ཏེ། ལྷ་དང་མི་རྣམས་ཀྱིས་བསྟི་སྟང་དུ་བྱེད་པར་འགྱུར་རོ།། ཞེས་བྱ་བར་སྦྱར་རོ།། དེ་ལྟར་ཚེ་རབས་གཞན་གྱི་རྒྱུར་གྱུར་པའི་ཕན ་ཡོན་བརྗོད་ནས། ད་ནི་བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་ཞེས་བྱ་བ་ལ་སོགས་པས་འབྲས་བུར་གྱུར་པའི་ཕན་ཡོན་གསུངས་ཏེ། མྱུར་ཞེས་བྱ་བ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དག་པས ་མྱུར་བ་སྟེ། དེས་རྟག་ཏུ་བྱས་པ་དང་གུས་པར་བྱས་ཏེ་གོམས་པས་སྨོན་ལམ་གྱི་རྒྱལ་པོ་འདིའི་མཐུས་འགྲོའོ།། བྱང་ཆུབ་ཤིང་དབང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའོ།། བྱང་ཆུབ་ནི་བླ་ན་མེད་པའི་ཡེ་ཤེས་ཏེ། དེ་ཤིང ་གི་རྒྱལ་པོ་གང་གི་དྲུང་དུ་བཞུགས་ནུས་བརྙེས་པ་དེ་ནི་ཤིང་ཐམས་ཅད་ཀྱི་ནང་ན་ལྷོ་དང་མིས་མཆོད་པར་བྱ་བ་ཉིད་ཀྱིས་མཆོག་དུ་བྱུང་བའི་ཕྱིར་དབང་པོའོ།། འགྲོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དུང་དེར་རོ།། སོང་ནས ་སེམས་ཅན་ཕན་ཕྱིར་ངུར་འདུག་སྟེ་ཞེས་བྱ་བ་ལ་སོགས་འདུག་ཅེས་བྱ་བ་ནི་སྐྱིལ་མོ་ཀྲུང་བཅས་པའོ།། ཅིའི་ཕྱིར་སྦྲུམ་པ་ལ། སེམས་ཅན་ཕྲན་ཕྱིར་ཞེས་བྱ་བུ་གསུངས་ཏེ། ལྷ་དང་མིར་བཅས་པའི་འགྲོ་བ་དག་མཐོ་རིས་དང་བྱུང ་གྲོལ་ཐོབ་པར་བྱ་བྱའི་ཕྱིར་དེ་ལྟར་འདུག་ནས་བྱམས་པའི་སྟོབས་ཀྱིས་བདུད་དཔུང་དང་བཅས་པ་ཕམ་པར་བྱས་ཏེའོ།། བྱང་ཆུབ་སངས་རྒྱས་ཞེས་བྱ་བ་ནི་བླ་ནོ་མེད་པ་ཡང་དག་པར་རྫོགས་བླའི་བྱང་ཆུབ་མངོན་སུམ་དུ་བྱས་ནས་སོ།། ་འཁོར་ལོ་རབ་ཏུ་སྐོར་ཞེས་བྱ་བ་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་སྟོན་ཅེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་ཚེ་འདི་དང་ཚེ་རབས་གཞན་གྱི་འབྲས་བུའི་ཕན་ཡོན་རྒྱས་པར་བཤད་པ་ཡིན་ནོ།། ད་ནི་གང་ཡང་བཟང་པོ་སྤྱོད་པའི ་སྨོན་ལམ་འདྲི་ཞེས་བྱ་བ་ལ་སོགས་པས་ཕྱན་ཡོན་གྱི་ཁྱད་པར་སྤྱིར་མདོར་བསྡུས་ཏེ་སྟོན་ཏོ།། གང་ཞེས་བྱ་བ་ནི་ལ་ལ་ཞིག་གོ། འདི་ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའོ།། འཛིན་པ་ནི་ཕྱིན་ཅི་མ་ལོག་པར་ཚིག་དང་། ་དོན་སྒྲུབ་པའི་སྒོ་ནས་མི་བརྗེད་པའི་ཚུལ་དུའོ།། ཀློག་པ་ནི་གླེགས་བུམ་ལ་བྲིས་པ་ཀློག་སྟེ། ཚུལ་དུའོ།། སྟོན་པ་ནི་གཞན་དག་ལ་ཚིག་དང་དོན་གྱི་ཚུལ་གྱིས་སྟོན་པའོ།། དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན་ཅེས་བྱ་བ་ལ། བཟུང ་བོ་སྤྱོད་པ་འཛིན་པ་དང་། ཀློག་པ་དང་སྟོན་པ་དེའི་རྣམ་པར་སྨིན་པ་སྟེ། རྣམ་པར་སྨིན་པའི་འབྲས་བུ་གྲང་ཡིན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་རྣམ་པར་མཁྱེན་ཅིང་བྱེ་བྲག་ཏུ་ཐུགས་སུ་ཆུད་ཀྱི། གཞན་གྱིས་ནི་དེའི ་རྣམ་པར་སྨིན་པའི་རང་བཞིན་ཡོངས་སུ་ཤེས་བཱར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ།། རྒྱུ་དང་མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པོ་ནི། ལྷ་དང་མེ་རྣམས་ཀྱི་ནང་ནཱ་ལུ་སྭ་དང་། ལྗོངས་སྤྱོད་དང་། རིགས་དང་། གཟུགས་དང་། ནད་མེད་པ་དང་། ་ཡིད་གཞུངས་པ་དང་། ཡིད་སྔོ་བ་ལ་སོགས་པ་ཕྱི་རོལ་མི་དཔོགས་པ་གང་ཡིན་པའོ།། དེ་ལྟར་རྣམ་པར་སྨིན་པའི་འབྲས་བུ་བརྗོད་ནས་བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག་ཅེས་བྱ་བས་རྒྱུ་མཐུན་པའི་འབྲས་བུའི་བྱེ་བྲག་མཆོག་ཏུ ་གྱུར་པ་སྟོན་ཏོ།། བྱང་ཆུབ་མཆོག་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཐམས་ཅད་ཀྱི་རྩེ་མོར་ཕྱིན་པ་སྟེ། དེ་སྤྱོད་པ་མཐའ་དག་གི་འབྲས་བུར་འགྱུར་རོ།། སོམ་ཉི་མ་བྱེད་ཙོག་ཅེས་བྱ་བ་ནི་འདི་ལ་སོམ་ཉི་མི་བྱའོ།། ངེས ་བར་དེའི་འབྲས་བུ་སངས་རྒྱས་སུ་འགྱུར་རོ་ཞེས་དེ་ལྟར་ངེས་པར་གཟུང་བར་བྱའོ།། དེ་ལྟར་བསྒོམ་པའི་ཕན་ཡོན་ཇི་སྐད་བསྟན་ཅིང་ཇི་སྐད་བཤང་བ་རབ་ཏུ་བསྟན་ནས། ད་ནི་འཇམ་དཔལ་དཔའ་བོས་ཇི་ལྟར ་མཁྱེན་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་པཱ་ཙམ་གྱིས་བསགས་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟོན་ཏེ། ཇི་ལྟར་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱིས་དགེ་བའི་རྩ་བའི་ཚོགས་ཡོངསུ་སུ་བསྔོ་བ་མཁྱེན་པ་བཞིན ་དུའོ།། ཅི་འདྲ་བ་ཞོག་སྙམ་པ་ལ། དཔའ་བོ་ཞེས་བྱ་བ་སྟེ། དཔའ་བོ་ནི་ཤྲས་རབ་ཀྱི་རལ་གྲི་དང་ཅན་དྲི་མྱེ་མེད་བྱ་བླ་ན་མེད་པ་བདར་བས་དངོས་པོ་ལ་མངོན་པར་ཞེན་པའི་དགྲའི་ཚོགས་ཐམས་ཅད་བཅོམ་པའི་ཕྱིར་རོ།། ཀུན་ཏུ་ཡང་པོ ་དེ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་ཀུན་ཏུ་བཟང་པོ་དེ་ཡང་ཇི་ལྟར་ཡོངས་སུ་བསྔོ་བའི་ཆོ་གའི་ཚུལ་མཁྱེན་པ་བཞིན་དུའོ།། དེ་དག་གི་ནི་རྗེས་སུ་བདགེ་སློབ་ཅིང་། ཞེས་བྱ་བ་ལ་སོགས་པ་ལ། ཀྭ་བྱ་བ་ནི། ་དེ་ལ་སོགས་པ་གཞན་ལོ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྒྱ་མཚོའི་ཕ་རོལ་ཏུ་སོང་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཏེ། དེ་དག་ཀྱང་དེ་བཞིན་པའོ།། རྗེས་སུ་སློབ་ཅིང་ཞེས་བྱ་ཐཱ་ནི། འི་རྗེས་སུ ་ཅིང་ངོ་།། དགེ་བ་འདི་དག་ཐམས་ཅད་རག་ཏུ་བསྔོ་ཞེས་བྱ་བ་ལ། འདི་དག་ཐམས་ཅད་ཅེས་བྱ་བ་ནི་སྨོན་ལམ་གྱིས་ཀུན་ནས་བསླང་བ་འདི་དག་ཐམས་ཅད་མ་ལུས་པར་ཞེས་བྱ་བའི་ཐ་ཚིག་གོ། བསྔོ་ཞེས་བྱ་བ་ནི་བླ་ན་ཡང་དང་། ་བར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱེད་པའོ།། ཅི་ཞིག་བསྔོ་ཞེས་ན། དགེ་བ་ཞེས་བྱ་བ་གསུངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་གཉིས་ཀྱི་རྗེས་སུ་སློབ་པས་ཡོངས་སུ་བསྔོ་བར་མ་ཟད་ཀྱི། གཞན་ཡང་དེའི་གོང་ནས་གོང་དུ ་ཁྱད་པར་དུ་འཕགས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོའོ་ཞེས་བསྟན་པའི་ཕྱིར། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གཤེགས་པ་ནི་འདས་པ་དང་མ་འོངས་པ ་ངང་ད་ལྟར་བྱུང་བའི་སངས་རྒྱ་སྣ་བཅོམ་ལྡན་འདས་ཐམས་ཅད་ཀྱིས་སོ།། བསྔོ་བ་གང་ལ་བསྔགས་པ་ཞེས་བྱ་བ་ནི་བསྟོད་པའོ།། མཆོག་ཅེས་བྱ་བ་ནི་ཡོངས་སུ་བསྔོ་བ་ཐམས་ཅད་པས་རབ་ཏུ་བསྔགས་པ་ཉིད་ཀྱིས་མཆོག་ཏུ་གྱུར ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་བཅོམ་ལྡན་འདས་ཀྱིས་མི་དམིགས་པའི་རྣམ་པས་ཡོངས་སུ་བསྔོ་བ་གསུངས་པོ་གང་ཡིན་པའོ།། དེས་བདག་གིས་དགེ་བ་ཞེས་བྱ་བ་ལ་ངེས་ཞེས་བྱ་བ་ནི་མི་དམིགས ་པར་ཡོངས་སུ་བསྔོ་བ་བདེ་བར་གཤེགས་པ་དང་། དེའི་སྲས་མཐའ་དག་གི་བསྔགས་ཤིང་བསྟོད་བྱས་སོ།། འདི་ཀུན་ཀྱང་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་དགེ་བའོ།། ཀུན་ཞེས་བྱ་བ་ནི་བཟང་པོ་སྤྱོད་པ་བསྒོམས་པས་བསྡུས་པ་ས་ཡང་ངོ་།། ། ་དེ་གཉི་ག་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་པས་ཡང་ངོ་།། མཆོག་ཏུ་བཟང་པོ་སྤྱད་ཕྱིར་བསྔོ་བར་བགྱི་ཞེས་བྱ་བ་ལ་མཆོག་ཏུ་བཟང་པོ་སྤྱད་ཕྱིར་ཞེས་བྱ་བ་ནི་མཆོག་ཏུ་བཟང་པོ་བསྒྲུབ་པའི་ཕྱིར་རོ།། བསྔོ་བ་ནི་ཡོངས་སུ་བསྔོ་བའོ།། ་འདི་སྐད་དུ་བཟང་པོ་སྤྱོད་པ་སྟོན་པ་ལས་བྱུང་བའི་དགེ་བའི་རྩ་བ་གང་ཡིན་པ་འདི་དང་། གང་ཡང་བཟང་པོ་སྤྱོད་པ་བསྒོམས་པ་སཱ་ཡེ་བསྡུས་པ་སྔ་མ་དེ་དང་དེ་གཉི་ག་ཡང་བཟང་པོ་སྦྱོང་བའི་སྨོན་ལམ ་བསྒྲུབ་པའི་ཕྱིར་སྦྱར་བར་བྱའོ་ཞེས་བཤད་པ་ཡིན་ནོ།། དེ་ལྟར་བཏོན་པ་ཙམ་གྱི་རྗེས་སུ་སློབ་པའི་ཡོངས་སུ་བསྒོ་བ་བསྟན་ནས། དེ་ནི་བདག་ནི་འཆི་བའི་དུས་བྱིང་གྱུར་པ་ན་ཞེས་བྱ་བ་ལ་སོགས་པས་མ་འོངས་པ་ན་ཕ་རོལ་ཏུ ་ཕྱི་ན་པ་ཡོངས་སུ་རྫོགས་པར་བྱ་བ་དང་མཐུན་པའི་ལུས་ཡོངས་སུ་བཟུང་བར་ཡོངས་སུ་བསྔོ་བ་སྟོན་ཏོ།། བདག་ཅེས་བྱ་བ་ནི་བདག་ཉིད་དུ་སྟོན་ཏོ།། དུས་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་དང་སྐད་ཅིག་ཐང་ཅིག་ལ་སོ་གས་པར ་བགྲང་བ་སྟེ། དེ་ཡང་སྔོན་གྱི་འདུ་བྱེད་ཀྱིས་འཕང་བའི་ལུས་རིགས་མཐུན་པ་གཞན་དགྲ་ན་གནས་པའི་དོན་བྱེད་པ་ནི་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ན་གནས་པ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། སྒྲིབ་པ་ཞེས ་བྱ་བ་ལ་སོགས་པ་ནི་སེམས་ཀྱི་རྒྱུན་ལ་སྒྲིབ་ཅིང་ཁེབས་པར་བྱེད་པ་སྟེ། དགེ་བའི་ཆོས་སྐྱེ་བ་ལ་སྒྲིབ་པ་རྣམས་སོ།། དེ་དག་ཀྱང་ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པའི་སྒྲུབ་པའི་རང་བཞིན་དག་སྟེ། མཚམས་མེད་པའི་ལས ་རྣམས་དང་། ཉོན་མོངས་མི་ཟད་ངན་འགྲོ་དང་། སྒྲ་མི་སྙན་དང་འདུ་ཤེས་མེད། སེམས་ཅན་སྒྲིབ་པ་གསུམ་དུ་འདོད་ཅེས་གང་བཤད་པ་སྟེ། སྒྲིབ་པ་དེ་ལྟ་བུ་དེ་དག་གོ། ཐམས་ཅད་ནི་ཡོངས་སུ་མ་ལུས་པའོ།། ཕྱིར་ཞེས་བྱ་བ་ནི་བྱེ་བྲག་ཏུ ་འམ་རྒྱང་བསྲིངས་པའོ།། བསལ་ཏོ་ཞེས་བྱ་བ་ནི་བདག་གི་རྒྱུད་ལ་ཡང་མི་སྐྱེ་བའི་ཆོས་ཉིད་དུ་བྱས་ཏེའོ།། འོད་དཔག་མེད་པ་དེ་ནི་མངོན་སུམ་བལྟ་ཞེས་བྱ་བ་ལ་སོགས་པ་ལ། མངོན་སུམ་ནི་མངོན་དུའོ།། འོད་དཔག་མེད་པ་ཞེས ་བྱ་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ངོ་།། བལྟ་ཞེས་བྱ་བ་ནི་བལྟ་བར་བྱ་བའོ།། བདེ་བ་ཅན་གྱི་ཞིང་དེར་མཆི་བར་བགྱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོང་དཔག་མེད་དེ་ཉིད་གྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་མཆོག་ཏུ་བདེ་ཞིང་ཡིད་བདེ་བའི་གནས་གཅིག་ཏུ་གྱུར་པ་བདེ་བྱོར་གཤེགས་པའི་སྲས་དབྱུག་ཏུ་མེད་པས་ཡོངས་སུ་གང་བ་དེར་མཆིའོ་ཞེས་བྱ་བ་ཡིན་ཏེ། བདག་དེར་སྐྱེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བར་དར་ཞེས་བྱ་བ་ལ་སོགས་པཱ་ལ། རྒྱལ་བའི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་འོད་དཔག་མེད་དེའི་འཁོར་གྱི་དཀྱིལ་འཁོར་ཏེ། ག་ལ་བཅོམ་ལྡན་འདས་འོད་དཔག་མེད་དེ་བྱང་ཆུབ་སེམས ་དཔའ་དག་པ་རྣམས་དང་ཐབས་གཅིག་ཏུ་བླ་ན་མེད་པའི་འབྱོར་པས་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པ་འབྱོར་པའོ།། རྒྱལ་བའི་དཀྱིལ་འཁོར་དེ་ཅི་འདྲར་སྙམ་པ་ལ། བཟང་ཞིང་དགའ་བ་ཞེས་བྱ་བ་གསུངས་སོ།། དེ་ལ་བཟང་བ་ནི་ཁ་དོག ་དང་དབྱིབས་སྣ་ཚོགས་ཕུན་སུམ་ཚོགས་པའི་ཁྱད་པར་ལ་སོགས་པ་དང་ལྡན་པའོ།། དགའ་བ་ནི་ལས་བཟང་པོ་སྣ་ཚོགས་ཀྱི་བྱེ་བྲག་གིས་སྤྲས་པ་དང་། ལྷ་དང་མིའི་ལས་ཤིན་ཏུ་འདས་པའི་ཡོན་ཏན་གྱིས་ཉམས་དགའ་བ་དང་། སེམས ་དགའ་བའི་ཕྱིར་དགའ་བའོ།། དེར་ཞེས་བྱ་བ་ནི་དེར་ཏེ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར་ཞེས་བྱ་བར་སྦྱར་རོ།། པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས་ཞེས་བྱ་བ་ལ། པདྨ་སྨོས་པས་ནི་སྐྱེ་བའི ་གནས་ཀྱི་ཁྱད་པར་སྟོན་ཏེ། མངལ་ལ་སོགས་པ་ནས་མི་སྐྱེ་བའོ།། དམ་པ་ཞེས་བྱ་བ་ནི་མཆོག་སྟེ། རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་གྱུར་པའོ།། མཛེས་པ་ཞེས་བྱ་བ་ནི་མངངས་སྡུག་པ་དང་ལྡན་པ་སྟེ། མཆོག་ཏུ་ཡང་འཕྲོག་ཅིང་བལྟ་ན ་སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ། སྐྱེས་ཞེས་བྱ་བ་ནི་བྱུང་བའོ།། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག་ཅེས་བྱ་བ་ལ་སོགས་པ་ལ། ལུང་བསྟན་པ་ནི་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བར་ཇི་ལྟར་འདོད་པའི་ཞིང་དང་འཁོར་ལ ་སོགས་པའི་ཁྱད་པར་དང་ལྡན་པར་འགྱུར་བར་འཁོར་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ་འམ། སེམས་ལ་གཟུགས་བརྙན་དུ་མཛད་པའོ།། ཐོབ་ཅེས་བྱ་བ་ནི་ཐོས་པའོ།། སུ་ལས་ཞེ་ན། རྒྱལ་བ་འོད་དཔག་མེད ་ལས་མངོན་སུམ་དུ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འོད་དཔག་མིང་དེ་ལས་མངོན་སུམ་དུ་ཞལ་ནས་མངོན་དུ་ཐོབ་ཀྱིས། ལྐོག་ནས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ལུང་བསྟན་པ་ཡང་དེར་ནི་རབ་ཐོབ་ནས་ཞེས་བྱ་བ་ལྔ་སོགས ་པ་ནི་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ལས་མངོན་སུམ་དུ་ལུང་བསྟན་པ་ཐོབ་ནས་སོ།། སྤྲུལ་པ་བྱེ་བ་ཕྲག་བརྒྱ་དུ་མ་ཡིས་ཞེས་བྱ་བ་ལ། སྤྲུལ་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་གྱི་སྟོབས་གྱིས་བསྐྱེད ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་དག་བྱེ་བག་ཕྲག་བརྒྱ་ནི་སྤྲུལ་པ་བྱེ་བ་ཕྲག་བརྒྱའོ།། དུ་མ་ཞེས་བྱ་བ་ནི་ཀུན་ཏུ་གྲངས་མེད་པའོ།། ཕྱོགས་བཅུ་རྣམས་སུ་ཞེས་བྱ་བ་ནི་ཕྱོགས་བཅུ་ཐམས་ཅད་དུའོ།། བློའི ་སྟོབས་ཀྱིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་པས་ཞེས་བྱ་བའི་ཐ་ཚིག་གོ། རྟོགས་པར་འདོད་པའི་དོན་ཐམས་ཅད་དེ་ལ་འགོད་པས་བློའོ།། སེམས་ཅན་རྣམས་ལ་ཕན་པ་ཞེས་བྱ་བ་ནི་སེམས ་ཅན་རྣམས་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དགེ་བའི་རྩ་བ་སྐྱེད་པའོ།། མང་པོ་ཞེས་བྱ་བ་ནི་མཐའ་ཡས་པ་རྣམས་སོ།། བགྱི་ཞེས་བྱ་བ་ནི་བསྒྲུབ་པོ་ཞེས་བྱ་བའོ།། དེ་ལྟར་སེམས་ཅན་ལ་ཕན་འདོགས་པ་བསྟན་ནས་སྤྱོད་པ་ཡོངས་སུ་རྫོགས ་པར་བྱ་བ་དང་། སེམས་ཅན་གྱི་དོན་གྱི་མཐའ་གཏུགས་པ་བསྟན་པའི་ཕྱིར། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུའོ།། ་སོང་ནས་ཞེས་བྱ་བ་ནི་སྐྱེ་གནས་སོ།། སྨོན་ལམ་འདི་དག་ཅེས་བྱ་བ་ནི་སྨོན་ལམ་ཇི་སྐད་བསྟན་པ་རྣམས་སོ།། ཐམས་ཅད་མ་ལུས་མངོན་དུ་གྱུར་པར་ཤོག་ཅེས་བྱ་བ་ནི་ཐམས་ཅད་གཅིག་ཏུ་བསྡུས་ནས་མངོན་དུ་གྱུར་ཅིང་མངོན་དུ་གྱུར་པར་གགཅིག ་སྦྱར་རོ།། དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐང་ཞེས་བྱ་བ་ནི་དེ་དག་མ་ལུས་པར་ཡོངས་སུ་བསྐང་བའོ།། ཡོངས་སུ་བསྐངས་ན་ཅི་ཞིག་བྱ་སྙམ་པ་ལ། འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི་ཞེས་བྱ་བ་གསུངས་ཏེ། བདག་གིས ་སེམས་ཅན་རྣམས་ལ་ཕན་པར་བགྱི་ཞེས་བྱ་བ་ནི་སྒྲུབ་པར་བགྱི་ཞེས་བྱ་བ་ཡིན་ནོ།། དུས་ཇི་སྲིད་ཅིག་གི་བར་དུ་སྙམ་པ་ལ། འཇིག་རྟེན་ཇི་སྲིད་ཅེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་འཇིག་རྟེན་ཇི་སྲིད་ཀྱི་བར་དུའོ།། ་འདི་སྐད་དུ་ཇི་ལྟར་འཇིག་རྟེན་ཐམས་ཅད་ཀྱི་མཐར་ཐུག་པ་མེད་པ་དེ་བཞིན་དུ། སྙིང་རྗེ་ཆེན་པོའི་གཞན་གྱི་དབང་ཅན་འགྲོ་བའི་དོན་བསྒྲུབ་པའི་ཕྱིར་ཅི་ལ་ཡང་མ་རག་པར་ཆས་བུ་བདག་གི་ཡང་མཐའ་ཐུག་པར་མ་གྱུར་ཅིག་ཅེས་བཤད་པ ་ཡིན་ནོ།། དྲི་ལྟར་བསགས་པའི་བསོད་ནམས་ཡོངས་སུ་བསྔོ་བ་བསྟན་ནས། ད་ནི་བཟང་པོ་སྤྱོད་པའི་སྨོན་ལམ་སྟོན་པ་ཡིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བཏོན་པའི་ཡོངས་སུ་བསྔོ་བ་མདོར་བསྡུས་པ་ཏེ་སྟོན་ཏོ།། བཟང ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ།། དེའི་སྤྱོད་པ་ནི་བཟང་པོ་སྤྱོད་པ་སྟེ། ཡོན་ཏན་སྣ་ཚོགས་རྒྱ་ཆེ་བ་དུ་མ་དང་ལྡན་པའོ།། དེ་ཉིད་ཀྱི་སྨོན་པའི་བྱེ་བྲག་གི་རང་བཞིན་ཡིན་པས་སྨོན་ལམ་ཞེས་བྱའོ།། དེ་བཞིན་དུ་དེ་སྟོན་པའི་སྒྲའི ་རང་བཞིན་ལོ་ཡང་སྨོན་ལྡམ་ཞེས་བརྗོད་པར་འགྱུར་ཏེ། འདུལ་བ་བཞིན་ནོ།། དེ་བཏོན་ཞེས་བྱ་བ་ནི་གླེགས་བོམ་དུ་བྱས་པ་ལ་སོགས་པ་བཏོན་པའོ།། དགེ་བོ་ཅུང་ཟད་བདག་གི་ཅི་བསགས་པ་གང་ཞེས་བྱ་བ་ནི་བདག་གིས་དགེ་བ་བསོད་ནམས ་བསགས་པ་གང་ཡིན་པ་སྟེ། ཀུན་ཏུ་བསགས་ཤིང་ཚོགས་སུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེས་ནི་ཞེས་བྱ་བ་དག་པས་ཞེས་བྱ་བར་སྦྱར་རོ།། གྲོ་བའི་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ཟད་པར་བགྱིའོ།། སྨོན་ལམ་ཞེས་བྱ་བ་ནི ་སྨོན་པའི་ཁྱད་པར་ཏེ། བཟང་པོ་སྤྱོད་པ་ཞེས་བྱ་བ་འདི་ཉིད་དོ།། དགེ་བ་ཞེས་བྱ་བ་ནི་དཀར་པོ་སྟེ་དེ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། སྐད་ཅིག་ཏུ་ཡང་ཐམས་ཅད་འབྱོར་པར་ཤོག་ཅེས་བྱ་བ་ནི་སེམས་ཅན་རེ་རེའི་སྐད་ཅིག་སྐད ་ཅིག་ལ་འབྱོར་པ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ།། བཟང་སྤྱོང་ཡོངས་སུ་བསྔོས་པའི་བསོད་ནམས་ནི་ཞེས་བྱ་བ་ལ་སོགས་པ་འདི་མན་ཆད་ཀྱིས་ནི་བཏོན་པ་དང་བསྒོམ་པས་བསྡུས་པའི་སྨོན་ལམ ་བྱེ་བྲག་མེད་བུར་ཡོངས་སུ་བསྔོ་བ་སྟོན་ཏེ། ཀུན་ཏུ་བཟང་པོའི་སྤྱོད་པ་ཐོག་མ་དང་ཐ་མ་མེད་པ་ཟླབ་ཅིང་རྒྱ་ཆེ་བའི་རང་བཞིན་བསྐལ་པ་མི་ཉུང་བར་བསགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྔོས་པའི་སྟེ། ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་བླ་ན་མེད་པར་ཡོངས་སུ་ཀུན་ཏུ་བསྔོས་པའི་འོ།། མཐའ་ཡས་ཤིན་ཏུ་ཁྱད་པར་འཕགས་པ་ཐོབ་གང་ཞེས་བྱ་བ་ནི་བསོད་ནམས་དགེ་པ་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཐོབ་པ་གང་ཡིན་པ་སྟེ། སེམས་ཅན ་ལ་ཕན་པ་དང་བདེ་བ་བསྐྱེད་པའི་གནས་ཡིན་པའི་ཕྱིར་དང་། ཐབས་ཀྱི་ཁྱད་པར་དུ་བག་ཏུ་མེད་པ་དག་བསྒྲུབ་པའི་ཕྱིར་དང་དུས་དཔག་ཏུ་མེད་པོར་བསྒྲུབ་པའི་ཕྱིར་བསོད་ནམས་མཐའ་ཡས་སོ།། ཤིན་ཏུ་ཁྱད་པར་འཕགས་ཞེས་བྱ་བ་ནི་མཆོག ་ཏུ་ཁྱད་པར་འཕགས་པ་གཙོ་བོར་གྱུར་པ་སྟེ། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པ་ཅིའི་ཕྱིར་དང་། མི་དམིགས་པའི་རྣམ་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་བསོད་ནམས་ཤིན་ཏུ་ཁྱད་པར་དུ་འཕགས་པར་རིག ་པར་བྱའོ།། འདིས་ནི་བསོད་ནམས་འདིའི་དོན་ཆེ་བ་ཉིད་དང་མཐུ་ཆེ་བ་ཉིད་སྟོན་ཏོ།། དེའི་ཞེས་བྱ་བ་ནི་བསོད་ནམས་རྣམ་པ་འདི་ལྟ་བུ་ངེས་སོ།། འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས་ཞེས ་བྱ་བ་ནི་སྐྱེས་ཤིང་སྐྱེས་པ་འགྲོ་བའི་ཕྱིར་འགྲོ་བའོ།། སྡུག་བསྔལ་ཆུ་བོར་བྱིང་བ་ཞེས་བྱ་བ་ལ། སྡུག་བསྔལ་རྣམས་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་། བྲལ་བ་ལ ་སོགས་པ་རྣམ་པ་དུ་མ་སྟེ། དེ་དག་དང་ལྡན་པ་དང་། དེ་དག་གིས་བསྡོམས་སམ། བདེ་བ་ལ་བྱེ་བྲག་གྲམ། ཐཱ་ག་རིང་པོར་འབྲལ་ཞིང་འགྱེས་པར་བྱེད་པའི་ཕྱིར་རོ།། དེ་ཉིད་དུ་ཆུ་བོ་སྟེ། ཡུན་རིང་པོ་ནས་འཕེལ་བའི ་རྒྱུན་འཇུག་པ་དང་མི་ཟློགས་པར་འཇུག་པ་དང་། དེའི་རྒྱུ་ལས་བྱུང་བ་མི་དགེ་བའི་ལས་དུ་མ་འོབྱུང་བའི་རང་བཞིན་གྱིས་ངན་སོང་དུ་སོན་ཅིང་ལྟུང་བའི་ཕྱིར། ཆུའི་ཆུའོ་དང་འདྲ་བའི་ཕྱིར་རོ།། ཆུ་བོར་བྱིང་བ་ནི་ངེས་པར ་དེའི་བདག་ཉིད་དང་ལྡན་པ་གནས་པ་སྟེ། དེའི་དབང་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། འོང་དཔག་མེད་པའི་གནས་རབ་འགྲོ་བར་ཤོག། ཅེས་བྱེ་བ་ལ་བཅོམ་ལྡན་འདས་འོང་དཔག་མེད་ཀྱིས་གནས་ནི་སངས་རྒྱས་ཀྱི་ཞིང ་ངོ།། ཅི་འདྲ་སྙམ་པ་ལ། རབ་ཅེས་བྱ་བ་གསུངས་ཏེ། ཡོན་ཏན་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། འོདཔག་ཏུ་མེད་པ། རྒྱ་ཆེ་བ་བརྒྱ་ཕྲག་གིས་རབ་ཏུ་བརྒྱན་པ། མཆོག་ཏུ་བདེ་བ་དང་ཡིད་བདེ་བའི་གནས་སུ་གྱུར་པ། ་མི་གནས་པའི་མྱ་ངན་ལས་འདས་པཱ་གནས་ལྟ་བུར་སྐྱེ་བོ་མཐའ་དགུ་ལ་ཕན་པ་སྐྱེད་པར་གྱུར་པའོ།། འགྲོ་བར་ཤོག་ཅེས་བྱ་བ་ནི་འགྲོ་བ་འམ་འཇུག་པར་ཤོག་ཅིག་ཅེས་བྱ་བར་འགྱུར་ཏེ། འགྲོ་བ་བྱམས་ཅད ་འཇུག་པར་ཤོག་ཅིག་ཅེས་བྱཱ་བཥྚི་ཐ་ཚིག་གོ།། སྤྲིན་ཏུ་བཟང་པོ་མཚན་དོན་མཐུན་པ་ཡི།། མཻཥྚཱ་བྱུབྱུང་པོའི་སྤྱོད་པ་རྣམས་བའི།། དགེ་བཀུན་ཏུ་བཟང་པོ་དེ་ཡིས་ནི།། འཇོག་རྟེཙྪཀུན་ཏུ་བཟུང་པོ་འདྲ་བ་རྒོ། ་ཤཱཀྱའི་བཤེས་གཉེན་བློ་ལྷུན་གྱིས། ཤཱཀྱའི་གདུང་རྒྱུད་འཕེལ་བྱའི་ཕྱིརརྱ།། ཀུམྦྷཏྠ་བཟང་པོའི་སྤྱོད་པ་མོ།། རྒྱ་ཆེར་འབྲེལ་པ་རབ་བཟང་བྱོས།། འཕགས་པ་བཟང་པོ་སྤྱོང་པའི་སྨོན་ལམ་གྱི་རྒྱལ་བའི ་རྒྱུར་འགྲེ་ལྦུ་པ། སློབ་དཔོན་ཤཱཀྵའི་བྱ་ཤེས་གཉེན་གྱི་སྡེ་མཛད་པ། རྫོགས་སྷོ།། ། རྒྱ་གར་གྱི་མཁན ་བོ་ཤཱཀྱ་སི་ཧ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ནུས་ནས་གཏན་ལ་ཕབ་པའོ།། ། ་