| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ས་མཱནྟ་བྷ་དྲ་ཙརྱ་པྲ་ཎཱི་དྷཱ་ན་ཨནྟྲ་སཾ་གྲ་ཧྞ་ཀྲྀ་ཏྱཱ་ཨཱ་ནྱཱ་གུ་ནྟ་ག་བཱ་ད་ནན?། བོད་སྐད་དུ། ཀུན་ཏུ་བཟུང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལ་དོན་རྣམ་པ་བཅུ་ཡོད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང་། དེ་ལ་མཆོད་པ་དང་། ཉེས་པ་བཤགས་པ ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བསྐུལ་པ་དང་། དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་དང་། དགེ་བའི་རྩ་བ་རབ་ཏུ་བསགས་པ་ཡོངས་སུ་བསྔོ་བ་དང་། དེའི་རབ་ཏུ་དབྱེ་བ་དང་། ་དེའི་མཐའ་དང་། དེའི་ལེགས་པའོ།། དེ་ལ་ཕྱོགས་བཅུའི་ཞིང་དང་དུས་ཐམས་ཅད་དུ་གཤེགས་པའི་སངས་རྒྱས་རྣམས་ལ་ལུས་དང་ངགྲ་དང་ཡིད་ཀྱི་ཕྱག་བྱ་བ་ལས་བརྩམས་ཏེ་གསུངས་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་ཞེས་བྱ་བ་ལ ་སོགས་པའོ།། ལུས་ཀྱིས་ནི། ཞིང་གི་རྡུལ་སྙེང་ལ་སོགས་པའོ།། ཡིད་ཀྱི་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ལ་སོགས་པའོ།། ངག་གིས་ནི་དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ།། མཆོད་པ་ནི་རྣམ་པ་གཉིས་ཏེ། བླ་ན ་ཡོད་པ་དང་། བླ་ན་མེད་པའོ།། བླ་ན་ཡོད་པ་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའོ།། བླ་ན་མེད་པ་ནི། མཆོད་པ་གང་རྣམས་བླ་མེད་ཅེས་བྱ་བ་ལ་སོགས་པའོ།། རང་བཞིན་དང་གཞི་དང ་གནས་ཀྱི་ཉེས་པ་བཤགས་པ་ལས་བརྩམས་ཏེ་གསུངས་པ། འདོད་ཆགས་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པའོ།། བསོད་ནམས་ཀྱི་རྗེས་སུ་ཡི་རང་བའི་དབང་དུ་བྱས་ཏེ་གསུངས་པ། ཕྱོགས་བཅུའི་ཞེས ་བྱ་བ་ལ་སོགས་པའོ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་བ་ལས་བརྩམས་ཏེ། གསུངས་པ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་གླཤེགས་པ་བཞུགས་པར་གསོལ་པ་ནི ་མྱ་ངན་འདས་སྟོན་གང་བཞེད་ཅེས་བྱ་བ་ལ་སོགས་པའོ།། དགེ་བོའི་རྩ་བ་རབ་ཏུ་བསགས་པ་ཡོངས་སུ་བསྔོ་བ་ནི། ཕྱག་འཚལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ཀུན་ཏུ་བཟང་པོའི་སྨོན་ལམ་རབ་ཏུ་དབྱེ་བ་ནི་རྣམ་པ་བཅུ་དྲུག་གོ།། ་འདི་ལྟ་སྟེ། བསམ་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། མི་ཆགས་པའི་སྦྱོར་བ་དང་། སེམས་ཅན་ལ་ཕན་གདགས་པ་དང་། གོ་ཆ་དང་། བསྐལ་པ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པ་དང་། དགེ་བའི་བཤེས་གཉེན་དང ་འགྲོགས་པ་དང་། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། མི་ཟད་པའི་མཛོད་རབ་ཏུ་རྙེད་པ་དང་། འཇུག་པ་དང་། སྟོབས་དང་། གཉེན་པོ་དང་། ལས་དང་། རྗེས་སུ་སློབ་པར་བསྔོ་བ་དང་། བསྡུ ་པའོ།། དེ་ལ་བསམ་པ་ནི་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་ཡོངས་སུ་བསྐང་བའི་བསམ་པ་ནི་གང་གསུངས་པ། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་བྱང ་བའི་བསམ་པ་ནི་ཕྱོགས་བཅུ་ག་ལའི་ཞིང་ཞེས་བྱ་བ་ལ་སོགས་པའོ།། སེམས་ཅན་ལ་ཕན་པ་དང་བདེ་བའི་བསམ་པ་ནི་གང་གསུངས་པ། ཕྱོགས་བཅུའི་སེམས་ཅན་ཞེས་བྱ་བ་ལ་སོགས་པའོ།། གཉེན་པོ་དང་བཅས་པས་མི ་མཐུན་པའི་ཕྱོགས་སྤང་བ་བསྟན་པས་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པ་སྟེ་གང་གསུངས་པ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པའོ།། གང་ལས་ཅི་ལ་ཇི་ལྟར་མི་ཆགས་པའི་སྦྱོར་བ་དེ་བསྟན་པའི་ཕྱིར ་གསུངས་པ། ལས་དང་ཉོན་མོངས་བདུད་ཀྱི་ལས་ཞེས་བྱ་བ་ལ་སོགས་པའོ།། ཚེ་འདི་དང་། གཞོན་དུ་སེམས་ཅན་ལ་ཕན་པའི་དབང་དུ་བྱས་ཏེ་གསུངས་པ། ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅེས་བྱ་བ་ལ་སོགས་པའོ། སེམས ་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བ་དང་། དམ་པའི་ཆོས་རབ་ཏུ་བསྟན་པས་གོ་ཆ་རྣམ་པ་གསུཾ་སྟེ་གང་གསུངས་པ་སེམས་ཅན་རྣམས་ཀྱི་སྤྱོད་དང་མཐུན་པར་འཇུག་ཅེས་བྱ་བ་ལ་སོགས་པའོ ་ལུས་དང་ངག་དྲང་སྤྱོད་པ་དང་། སྨོན་ལམ་གྱི་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པ་སྟེ། གང་གསུངས་པ། བདག་གི་སྤྱོང་དང་མཐུན་པར་གང་སྦྱོར་བ་ཞེས་བྱ་བ་ལ་སོགས་པའོ།། ཕན་པའི་བསམ་པ་བསྟན་པ་དང་། ནན ་ཏན་གྱི་དགེ་བའི་པོ་ཤེས་གཉེན་གྱི་དབང་དུ་མཛད་ནས་གང་གསུངས་པ། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག་ཅེས་བྱ་བ་ལ་སོགས་པའོ།། དུས་དང་འཁོར་དང་མཆོད་པ་བྱེད་པ་ལ་ཡོངས་སུ་མི་སྐྱོ་བས་དེ་བཞིན་གཤེགས་པ ་མངོན་དུ་འགྱུར་བ་སྟེ། གང་གསུངས་པ། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་བལྟ་ཞེས་བྱ་བ་ལ་སོགས་པའོ།། འཛིན་པ་དང་ཡོངས་སུ་སྦྱང་བ་དང་བཤད་པས་དམ་པའི་ཆོས་ཡོངས་སུ་གཟུང་བར ་གསུངས་པ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས་པའོ།། བསོད་ནམས་དང་ཡེ་ཤེས་ལྔ་སོགས་པ་ཚོགས་བསྒྲུབས་པས་མི་ཟད་པའི་མཛོད་དེ་རབ་ཏུ་རྙེད་པར་གང་གསུངས་པ། སྲིད་པ་ཐམས་ཅད་དུ་ནི་འཁོར ་བུ་ནི་ཞེས་བྱ་བ་ལ་སོགས་པའོ།། འཇུག་པ་ནི་རྣམ་པ་བརྒྱད་དོ། སངས་རྒྱས་དང་དེའི་ཞིང་མཐོང་བ་ལ་འཇུག་པ་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། གང་གསུངས་པ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཞེས་བྱ་བ་ལ ་སོགས་པའོ།། སངས་རྒྱས་ཀྱི་གསུངས་ལ་འཇུག་པ་ནི་གང་གསུངས་པ།། གསུང་གཅིག་ཡན་ལག་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ།། ཆོས་ཀྱི་འཁོར་ལྷོ་རབ་ཏུ་བསྐོར་བ་འཇུག་པར་གསུངས་པ་ནི། དེ་དག་གི་ཡང་གསུང་དབྱངས ་ཞེས་བྱ་བ་ལ་སོགས་པའོ།། བསྐལ་པར་རབ་ཏུ་འཇུག་པ་ནི་གང་གསུངས་པ། མ་འོངས་བསྐལ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པ་ནི་གང་གསུངས་པ། དུས་གསུམ་གཤེགས་པ ་མི་ཡི་སེང་གེ་ཞེས་བྱ་བ་སོགས་པའོ།། སངས་རྒྱས་ཀྱི་ཞིང་སྒྲུབ་པ་ལ་འཇུག་པར་གསུངས་པ། གང་ཡང་དུས་གསུམ་ངག་གི་ཞིང་གི་རྒྱན་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་འཇུག་པ་བརྒྱད་པ་ནི་གང ་འཇུག་པ་བརྒྒ་དཱ་པ་ནཱ་གངྒཱ་གཱསུངྱས་ག་གང་ཡང་མ་བྱོན་འཇིག་རྟེན། སྒྲོན་མ་དག་ཅེས་བྱཱ་བ་ལ་སོགས་པའོ།། སྟོ་བས་ནྟི་རྣམ་པ་བཅུ་སྟེ། ཚིགས་སུ་བཅད་པ་གཉིས་ལཱུ་རྫྫ་འཕྲུལ་ལ་སོགས་པའོ།། ཀུན་ཏུ་སྦྱར་བུའི་རྫུ་འཕྲུལ་སྟོབས་སྐྱེས་བྱཱ་བཱ་ལཱ་སོགས་པའོ།། ་གཉེན་པོ་ནི་ལུས་དང་ཉོན་མོངས་པ་དེང་བདུད་ཀྱི་སྟོབས་མོ་མཐུན་པའི་ཕྱོགས་རབ་ཏུ་གཞོམ་པའི་ཕྱིར་རྣམ་པ་གསུམ་དུ་གསུངས་པ། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། ཞེས་བྱ་བ་ལ་སོགས་པའོ།། སངས་རྒྱས་ཀྱི ་ཞིང་རྒྱ་མཚོ་ཡོངས་སུ་སྦྱངས་པ་ལ་སོགས་པ་ལས་ནི་རྣམ་པ་བརྒྱད་དེ། ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པའོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ནི་རྣམ་པ་གཉིས་ཏེ། དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་བསྒོ་བ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི་ཞེས་བྱ་བ་ལ་སོགས་པའོ།། ལུས་དང་ངག་དང་ཡིད ་ཀྱི་ཞིང་དང་སྨོན་ལམ་རྣམ་པར་དག་པས་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་སློབ་པར་བསྔོ་བ་ནི་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་པ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ་ཞེས་བྱ ་བ་ལ་སོགས་པའོ།། ཚད་དང་སྦྱོར་བ་དང་ཡོན་ཏན་དང་སྤྱོད་པ་དང་གནས་ཀྱི་བྱེ་བྲག་གིས་ཀུན་ཏུ་བསྡུ་བ་གསུངས་པ། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ།། དེ་ལ་སྨོན་ལམ་གྱིས་མཐའ་མེད་པའི་དཔེན་རྣམ ་ཏྱནྟུ། བ་ཞོར་གསུངས་ཏེ།། ན་མཁའི་མཐར་ཐུག་གྱུར་པ་ཞེས་བྱ་བ་ལ་སོགས་པའོ།། སྨོན་ལམ་གྱི་ལེགས་པ་ནི་ཡོན་ཏན་རྣམ་པ་གཉིས་ཏེ། ཚེ་འདི་དང་ཕྱི་མའི་འོ།། དེ་ལ་ཚེ་འདིའི་རྣམ་པ་བཞི་ནི་འདི་ལྟ་སྟེ། བསོད ་ནམས་ཀྱི་ཚོགས་ཡོངས་སུ་བཟུང་བ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་རྙེད་པ་དང་། ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའོ།། དེ་ལ་མང་པོ་དང་། རྒྱ་ཆེ་བ་དང་། སྣ་ཚོགས་པ་དང་། རྗེསུ་གཟུང ་པ་དང་། དངོས་པོ་དང་། ཞིང་དམ་པའི་བསོད་ནམས་ཀྱི་དཔེ་དང་། བྱང་ཆུབ་འདོད་པ་དང་། སྨོན་ལམ་ལ་མོས་པས་བསོད་ནམས་ཀྱི་མཆོག་དམ་པ་ཡོངས་སུ་འཛིན་པར་གསུངས་པ་སྟེ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ ་ཞེས་བྱ་བ་ལ་སོགས་པའོ།། ངན་སོང་དང་ལོག་པའི་གྲོགས་པོ་ཡོངས་སུ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་ཏེ། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། རབ་ཏུ་བསྔགས་པ་རྙེད་པ་འཚེ་བའི ་འཐོབ་པསྨྲ་བྱང་ཆུབ་སེམས་དཔའ་དང་བསྐུལ་བ་མཉམ་པ་རྙེད་པར་གསུངས་ཏེ། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ་ཞེས་བྱ་བ་ལ་སོགས་བྱའོ།། ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའི་ཡོན་ཏན་ལེགས་པ་བཞི་པ་ནི་གང་གསུངས་པ། ཚམས་མེད ་ལྔ་པོ་དག་གི་སྡིག་པ་རྣམས་ཞེས་བྱ་བ་ལ་སོགས་པའོ།། ཕྱེ་མའི་ཡང་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང་། འབྲས་བུས་བསྡུས་པའོ།། དེ་ལ་རྒྱུས་བསྡུས་པ་ནི། ཡེ་ཤེས་དང་མཚན་དང་དཔེ་བྱད་བཟང་པོའི་ལུས་དང་ནང་མེད་པའི་ལུས་ཀྱི་མཚན ་ཉིད་དུ་གང་གསུངས་པ། ཡེ་ཤེས་དང་ནི་གཟུགས་དང་མཚན་ཞེས་བྱ་བ་ལ་སོགས་པའོ།། འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། སེང་གེའི་ཁྲི་ལ་འདུག་པར་སྟོན་པ་དང་། བདུད་རྣམས་རག་ཏུ་ཕམ་པ་དང་། མངོན་པར་རྫོགས ་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་བསྐོར་བ་ལ་སོགས་པའི་མཚན་ཉིད་དུ་གསུངས་པ། བྱང་ཆུབ་ཤིང་དབང་དུ་དེ་མྱུར་ཞེས་བྱ་བ་ལ་སོགས་པའོ།། མདོར་ན་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་ཐོབ་པ་ནི་ལེགས་པའི། ་གུང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཞེས་བྱ་བ་ལ་སོགས་པའོ།། འདི་མན་ཆད་ཀྱི་བསྔོ་བ་གསུམ་ནི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་སྒྲིབ་པ་མེད་བྱས་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་འཛིན་ཅིང ་སྨོན་ལམ་ཡོངས་སུ་རྫོགས་པས་འཇིག་རྟེན་ན་གནས་ཏེ་སེམས་ཅན་གྱི་དོན་སྒྲུབ་པར་གསུངས་པ། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་ཞེས་བྱ་བ་ནས་བཟུང་སྟེ། འཇིག་རྟེ་ནཱ་ཇི་སྲིད་སེམས་ཅན་ཕན་པར་བགྷྣ་ཞེས་བྱ་བའི་བར་རྣམ་སོ།། ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་པ་རྫོགས་སོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། བཟང་པོ་སྤྱོང་པོའི་སྨོན་ལམ་གྱི་བསྡུས་པའི་དོན་ནི་རྣམ་པ་བཅུའོ།། ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང་། དེ་ལ་མཆོད་པ་དང་། སྡིག་པ་བཤགས་པོ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དེ་བཞིན་གཤེགས་པ་བཞུགས་པ ་གསོལ་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་། དྲིའི་རབ་ཏུ་དབྱེ་བ་དང་། དེའི་མཐའ་དང་། དེ་དག་གི་ལེགས་པ་རྣམས་སོ།། དེ་ལ་མི་དབྱེ་བའི་སྤྱིས་ནི་ཕྱོགས་བཅུའི་དུས་གསུམ་གྱི་ཞིང་ཐམས་ཅད་ཀྱི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བའི་ཕྱིར། ཇི་སྙེད་སུ་དག་ཅེས་བྱ་བ་ལ་སོགས་པ་བཤད་དོ།། ཇི་སྙེད་ཅེས་བྱ་བ་ནི་གྲོངས་ཇི་ཙམ་པོའི་ཚད་དེ། དེ་དག་གི་ཚང་ཆུང་བར་མ་གྱུར་པས་ན ་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤྱིར་བསྟན་པའི་ཕྱིར། སུ་དག་ཅེས་བྱ་བ་བཤོད་དེ། གྲངས་ཆུད་པ་མེད་པའོ།། ཞེས་བྱ་བའི་ཐ་ཚིག་གོ།། ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཅུའོ།། འཇིག་རྟེན་ཞེས་བྱ་བ་ནི་འགྲོ་བ་རྣམས་སོ།། དུས ་གསུམ་གཤེགས་པ་ཞེས་བྱ་བ་ནི་དེས་པ་སུམ་གྱིས་ཀུན་ཆུབ་པས་ཏེ། དྲུས་གསུམ་གྷི་ཞེས་བྱ་བའི་ཐ་ཚིག་གོ།། མི་ཡི་སེང་གེ་ཞེས་བྱ་བ་ལཱ་སེང་གེ་ནརྀ་ཐམས་ཅད་དུ་བག་བརྐྱང་ཞིང་གར་ཡང་དགོས་པ་མེད་ལ། དེ་དང་འདྲ་བ་ལྟར་བཅས ་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་སེང་གེ་དང་ཡང་འདྲ་ལ། མེའི་ཚེ་ཡང་སྟོན་པའི་ཕྱི་རི་མི་ཡང་ཡིན་ལ་སེང་གེ་ཡང་སིནྡྲ་པས་མིའི་སེང་གེའོ།། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་ཕྱོགས ་གཅིག་ཏུ་ཡང་བརྗོད་དུ་རུང་བས་ནི་འདིར་ནི་མ་ལུས་ཞེས་བྱ་བ་བརྗོད་དོ།། ལུས་དང་རེག་ཡིད་དང་བས་ཕྱག་བགྱིའོ།། ཞེས་བྱ་བ་ནི་མཆོག་ཏུ་དང་བ་བསྐྱེད་པ་སྟེ། སེམས་དང་བ་ངེས་བསྐྱེད་པས་ན་ལུས་དང་ངག་ཀྱང་དང་བའོ།། ད་ནི་ལུས་ལ ་སོགས་པས་ཕྱག་བྱ་བ་སོ་སོར་ཕྱེ་སྟེ་བཤད་དོ།། དེ་ལ་ལུས་ཀྱི་ཕྱག་བྱ་བ་ནི། ཞིང་གི་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་ལུས་ཀྱི་ཕྱག་བྱ་བའོ།། སྙེད་ཅེས་བྱ་བ་ནི་དཔེའི་རྣམ་གྲངས་ཏེ། ཕྱོགས་བཅུ་དུས ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཀྱི་ལུས་རག་ཏུ་བཏུང་བས་ཕྱག་བྱ་བའོ།། རྒྱལ་བྱེ་ཀུནྡ་ལ་རབ་ཏུ་ཕྱགུ་འཚལ་ལོ།། ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་དང་བདུད་ལས་རྒྱལ་བསཱི་ན་སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་བ་ཞེས་བྱ་སྟེ། ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སྡིག་པའི་ཆོས་རྣམས་ལོ་རྒྱལ་བས།། ཉེར་འགྲོ་དེ་ནི་རྒྱལ་བ་ཡོ་ནི་ཞེས་གསུངས་པ་ལ་སོགས་པའོ།། དེ་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ལེ་ཕྱག་བྱའོ།། བཅོམ་ལྡན ་འདས་གཅིག་ལ་སེམས་ཀྱིས་དམིགས་པ་ན་གཞིལ་ལ་མ་ཁྱབ་པར་འགྱུར་རོ་སྙམ་པ་ལ། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་ཞེས་བྱ་བ་བཤད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ཞིང་ཡང་མངོན་སུམ་དུ་བསམ་པའི ་དོན་ཏོ།། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དགུ་གིས་ཞེས་བྱ་བ་ལ། བཟང་པོ་ནི་དགེ་བའོ།། བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བའི་ཐ་ཚིགློ་གོ། དེར་སྨོན་པའི ་སྨོན་ལམ་ཡིན་པས་ནི་སྨོན་ལམ་ཞེས་བྱའོ།། དེའི་སྟོབས་ཀྱིས་ཉོན་མོངས་པ་ལ་སོགས་པས་ཟིལ་གྱིས་མི་ནོན་ཅིང་མི་ཐུན་པའི་ཕྱོགས་བཅོམ་པས་ན་སྟོབས་དག་གིས་ཞེས་བྱ་བ་སྟེ། རྣམ་པ་གཞན་ལས་ནི་འདི་ལྟ་བུའི་བྱེད་པ་མི་འབྱུང་བའི ་ཕྱིར་རོ།། ད་ནི་ཡིད་ཀྱིས་ཕྱག་བྱ་བ་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་བྱ་བ་ལ་སོགས་པའོ།། རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་རྣམས་ཞེས་བྱ་བ་ནི་ཁྱད་པར་དུ་མ་སྨོས་པའི་ཕྱིར་ཕྱོགས ་བཅུ་དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཀྱི་ཞིང་གི་རྡུལ་སྙེད་ཀྱི་བདེ་བར་གཤེགས་པ་རྣམས་སོ།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག་ཅེས་བྱ་བ་ནི་རེ་རེ་ཞིང་ས་བ་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཚོགས་ཀྱི ་དབུས་ན་བཞུགས་པའོ།། རྡུལ་གཅིག་གི་སྟེང་དུ་ཇི་ལྟར་བསམས་པ་དེ་བཞིན་དུ་ཐམས་ཅད་དུ་ཡང་བསམ་པར་བྱ་བའི་ཕྱིར་རོ།། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་ཞེས་བྱ་བཤད་དེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར ་བྱེད་པའི་ཕྱིར་ན་མཁའི་མཐོས་ཀླས་པ་ཐམས་ཅད་དུ་ཡང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་རེ་རེ་ལྀ་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་རྣམས་ཀྱིས་གང་ཞིང་བར་མཚམས་མེད་པར ་ཁྱབ་པར་ཡིད་ཀྱིས་མོས་པར་བྱའོ།། ལུས་དང་ངག་གི་ལས་ཡོད་ཀྱིས་བསྐྱེད་པས་ན་བར་དུ་ཡིད་ཀྱིས་ལས་བཤད་དོ།། ད་ནི་དག་གིས་ཕྱག་བྱ་བ་ནི། དེ་དག་བསྔགས་པ་མི་ཟད་ཅེས་བྱ་བ་ལ་སོགས་པའོ།། དེ་དག་ཅེས་བྱ་བ་ནི་ཇི་ལྟར་མོས ་བོར་བྱ་བ་དག་གོ།། མཐར་ཡང་འགོད་པ་མེད་པས་ན་དེ་མི་ཟད་པའོ།། བསྔགས་པ་རྒྱ་མཚོ་ཞེས་བྱ་བ་ནི་ཡོན་ཏན་རྒྱ་མཚོ་སྟེ། དེ་དག་གི་བསྔགས་པ་རྒྱ་མཚོ་བཞིན་མི་ཟད་པའོ།། བསྔགས་པ་ཞེས་བྱ་བ་ནི་ཡོན་ཏན་གྱི་རྣམ་གྲངས་སོ།། ་རྒྱ་མཚོ་ཞེས་བྱ་བ་ནི་མང་པོའི་དོན་དུ་རིག་པར་བྱའོ།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས་ཞེས་བྱ་བ་ལ། ཡན་ལག་ཅེས་བྱ་བ་ནི་ཡོན་ཏན་གྱིས་རྣམ་གྲངས་སོ།། ཇི་ལྟ་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས། བཅོམ་ལྡན་འདས་ཀྱི ་དབྱངས་ནི་ཡན་ལག་ལྔ་དང་ལྡན་ཞེས་འབྱུང་བ་དང་། ཐོག་པ་ཆེན་པོ་ལས། ཡན་ལག་དྲུག་ཅུ་དང་ལྡན་ལ། ཡན་ལག་སྟོང་ཕྲག་བཅུ་དྲུག་དང་ལྡན། ཚད་མེད་པའི་ཡན་ལག་དང་ལྡན་ཞེས་འབྱུང་སྟེ། དེ་ལྟར་ཡོན་ཏན་ལྔ་ལ་སོགས་པ་དང་ལྡན ་པར་རིག་པར་བྱའོ།། །། ད་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བླ་ན་ཡོད་པ་དང་། བླ་ན་མེད་པའི་མཆོད་པ་རྣམ་པ་གཉིས་ལས་བླ་ན་ཡོད་པའི་ཚིགས་སུ་བཅད་པ་གཉིས་ཏེ། མེ་ཏོག་དམ་པ་ཞེས་བྱ་བ ་ལྔལ་སོགས་པའོ།། མེ་ཏོག་ལ་སོགས་པ་དམ་པ་གང་ཡིན་པ་དེ་དག་ནི་མེ་ཏོག་དམ་པ་དང་ཕྲེང་བ་དམ་པ་དང་། སིལ་སྙན་དམ་པ་དང་། བ་དན་དང་། ཙན་ངན་དང་། ཀུརརཱ་གུམ་ལྔ་སོགས་པའི་བྱུག་པ་དམ་པ་དང་། གདུགས་དམ་པ་དང་། མར ་མེ་དམ་པ་དང་། བདུག་པ་དམ་པ་དང་། ན་བཟའ་དམ་པ་དང་། སྤོས་སྣ་ཚོགས་སྦྱར་བའི་དྲི་དམ་པ་དང་། ཙན་དན་དང་། གུར་ཀུམ་དང་། ག་པུར་དང་། ཨ་ཀ་རུ་ལ་སོགས་པའི་ཕྱེ་མའི་ཕུར་མ་རི་རབ་དང་མཉམ་པ་རྣམས་ཀྱིས་སོ།། ཁྱད་པར ་ཅན་གྱི་རྒྱན་མཆོག་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་རྒྱན་མཆོག་ཅེས་བྱ་བ་ནི་མདོ་པོའི་རྣམ་གྲངས་སོ།། ལྷ་དང་མིའི་རྣམ་པ་ཐམས་ཅད་དང་ལྡན་པའི་དམ་པ་རྣམས་ཀྱིས་རྒྱལ་པོ་དེ་དག་ཐམས་ཅད་ལ་མཆོད་པར་བགྱིའོ།། ད་ནི་བླ་ན་མེད་པའི་བཤད ་@པར་བྱ་སྟེ། མཆོད་པ་གང་རྣམས་བླ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། བླ་ན་མེད་པའི་མཆོད་པ་རྒྱ་ཆེ་བ་ནི་བྱང་ཆུབ་སེམས་ད་པའི་ཏིང་ངེ་འཛིན་གྱི་ཁྱང་བར་གྱི་མཐུ་ལྔས་སྐྱེས་པ་སངྱས་རྒྱུས་ཀྱི་ཞིང་ཐམས་ཅད་དུ་ཁྱབ ་བཱར་ཆོས་ཀྱི་དབྱེངས་དམ་པས་རྒྱལ་བ་དེ་དག་ཀུན་ལ་བདག་གིས་བྱསམ་པའོ།། བཟང་པོ་སྤྱོད་པ་ལ་དེད་པའི་སྟབས་དག་གིས་ཞེས་བྱ་བ་ནི་བཟང་པོ་སྤྱོད་པ་ལ་མོ་སྣ་བྷཱ་དང་། དད་ཅིང་ངེས་པར་ཡིད་ཆེས་པ་དེའི་སྟོབས་ཀྱིས་སོ།། བཟང་པོ་སྤྱོད་པ ་ནི་མདོ་སྡེ་དུ་མོ་ནས་བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་སྣ་ཚོགས་འབྱུང་བའོ།། དོ་ནི་ཇི་ལྟར་བཤད་པའི་ཕྱག་བྱ་བ་དང་མཆོད་པ་རྣམས་མཇུག་བརྟུལ་པའི་ཕྱིར། རྒྱ་ལྟ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་བྱ་བྱ་བ་ཤུད་དྷི། ་རྒྱལ་བ་ཐམས་ཅད་ལ་ཕྱག་བྱ་ཞིང་མཆོད་པར་བྱའོ།། རླུང་བཞིན་དང་རྒྱུ་དང་གནས་དང་གསུམ་གྱིས་སྡིག་པ་བཤགས་པར་བཤད་དེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་རང་བཞིན་ནི།། སྡིག་པ ་བདག་གིས་བགྱིས་བཙོ་མཆིས་པ་ཞེས་བྱ་བ་སྟེ། ཚེ་འདི་དང་ཚེ་གཞིན་དུ་བྱས་པ་དང་། བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་རྣམས་སོ།། རྒྱུ་གུང་གིསྟྲ་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་སོ།། གནས་གང་ཞེ་ན། ལུས ་དང་ངག་དང་ཡིད་ལ་གནས་ནསོ།། དེ་ལྟ་བུ་དེ་དག་ཐམས་ཅིང་རྒྱལ་བ་ཀུན་དང་། དེའི་སྲས་རྣམས་ཀྱི་སྤྱན་སྔར་འདུག་པ་བཞིན་དུ་ཤིན་ཏུ་འགྱོད་པའི་ཡིད་ཀྱིས་སྐད་ཅིག་རེ་རེ་ལ་ཡང་ཐེ་ཤགས་ཤིང་བསྐུར་ཏེ་བསྒྲག་པར་བྱའོ།། ང་ནི་བས ་ནམས་ཀྱི་རྗེས་སུ་ཡི་རང་བ་བཤད་དེ། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པའོ།། ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་བསོད་ནམས་དང་། དུས་གསུམ་དུ་གང་སློབ་པའི་གང་ཟག་བདུན ་དང་། གང་མི་སློབ་པའི་དགྲ་བཅོམ་པ་དང་། གང་རང་རྒྱལ་བའི་རྣམས་ཏེ། དེ་ཡང་བསེ་རུ་ལྟ་བུ་དང་། སྡེས་རྒྱུ་བ་དང་རྣམ་པ་གཉིས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དུས་གསུམ་གྱི་བསོད་ནམས་དང་། གང་ཐོག་མར་སེམས ་བསྐྱེད་པ་རྣམས་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དང་། སངས་རྒྱས་བཅོམ་ལྡན་འདུས་གང་དུས་གསུམ་དུ་གཤེགས་པ་རྣམས་ཀྱི་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་གཏོགས་པ་ཕ་རོལ་ཏུ་ཕྱིན་པ་དང་། ས་ལ ་སོགས་པ་ལ་སྐྱེས་པ་དང་། དུས་གསུམ་དུ་གཤེགས་པ་འཇིག་རྟེན་གྱི་དྲུང་། འཇིག་རྟེན་ལས་འདས་པ་རེ་རེའི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསམ་དུ་མེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་དག་ཐམས་ཅད ་ལ་སྐད་ཅིག་རེ་རེ་ཞིང་ཡང་རྗེས་སུ་ཡི་རང་བར་བྱའོ།། འགྲོ་བཱ་ཞེས་བྱ་བའི་ཚིག་ནི་མ་ལུས་པར་བསྙེགས་པས་སློབ་པ་ལ་སོགས་པའི་བསོད་ནམས་ཀྱང་འདུས་ན་ཅིའི་ཕྱིར་ཐ་དད་དུ་སྨོས་ཤེ་ན། དེ་ལྟ་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ ་སྲེད་པ་དང་བཅས་པས་འཁོར་བས་འཁོར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་གང་ཡང་འགྲོ་བ་མེད་ན་ཇི་ལྟར་འགྲོ་བ་ཞེས་བྱ། དེ་བས་ན་སོ་སོར་བསྟན་ཏོ།། ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བཤད་དེ། གང་རྣམས་ཕྱོགས་བཅུའི ་ཞེས་བྱ་བ་ལ་སོགས་པའོ།། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས་བྱ་བ་ནི་འགྲོ་བའི་སྒྲོན་མ་སྟེ། འཇིག་རྟེན་གྱི་ཕྱི་དང་ནང་གཱི་མུན་པ་མང་པོ་རྣམ་པར་སེལ་བས་ན་སངས་རྒྱས་བཅོམ་ལྡན་འདས ་འཇིག་རྟེན་གྱི་སྒྲོན་མའོ།། བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའོ།། མ་ཆགས་བརྙེས་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་སྟོབས་ཀྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མ་ལུས་པར་སྤྲིངས ་སུ་མཁྱེན་པས་ཆགས་པར་གྱུར་པ་ཐམས་ཅད་ལས་འདས་པའོ།། ཆོས་ཟབ་མོ་རྟོགས་པར་བྱ་བ་ལ་གཞན་དག་མི་འདོད་ཅིང་། བརྩོན་འགྲུས་རྩོམ་པས་ཁོང་དུ་ཆུད་པར་བྱ་བར་དཀའ་བས་ན་ཆོས་འཆང་བའི་ཕྱིར་སྤྲོ་བར་མི་མཛད་པར་འཇིག ་རྟེན་སྣ་ཚོགས་པའི་བྱང་ཆུབ་ཀྱི་ཤིང་དམ་པའི་དྲུང་དུ་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ལ་འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་ནག་གསལ་བར་བྱ་ཞིང་བླ་ན་མེད་པའི་ཡེ་ཤེས་ཀྱིས་སྣང་བར་བྱ་བར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ ་བསྐོར་བའི་ཕྱིར་པུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་སྦྱརཱ་ཏེ་མདུན་ན་འདུག་པ་བཞིན་དུ་བསྐུལ་བར་བྱའོ།། ད་ནི་དེ་བཞིན་གཤེགས་པ་བཞུགས་པར་གསོལ་བ་གདབ་པ་ནི། མྱ་ངན་འདས་སྟོན་གང་བཞེད་ཅེས་བྱ་བ་ལ་སོགས་པ་སྟེ། ་གང་ཞེས་བྱ་བ་ཁྱད་པར་དུ་མ་བརྗོད་ཀྱང་གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག་ཅེས་བྱ་བ་དང་སྦྱར་རོ།། ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་མྱ་ངན་ལས་འདས་ཞིང་མྱ་ངན་ལས་འདའ་བ་སྟོན་པར་བྱེད་པ ་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་སྦྱར་ཏེ་སུན་རིང་དུ་བཞུགས་པར་གསོལ་བ་གང་བ་བོ། ཅིའི་ཕྱིར་ཞེ་ན། མགོན་མེད་པར་གྱུར་པའི་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཏེ། དེ་ལ་ཕན་པ་ཞེས་བྱ་བ་ནི་བདེ་བ་དང་ལྡན་པའི ་མྱ་ངན་ལས་འདས་པའི་ལམ་འཐོབ་པར་བྱེད་པའོ།། བདེ་བ་ཞེས་བྱ་བ་ནི་ལྷའི་ལོངས་སྤྱོད་ཐོབ་པར་བྱེད་པའོ།། དུས་ཇི་སྲིད་དུ་ཞེ་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་རྡུལ་སྙེད་ཀྱི་བསྐལ་པར་བཞུགས་སུ་གསོལ་བྱའོ།། ་ད་ནི་ཇི་ལྟར་བཤད་པའི་ཕྱག་བྱ་བ་ལ་སོགས་པ་ཚད་མེད་པ་ལས་བྱུང་བའི་བསོད་ནམས་མ་ལུས་པ་རྣམས་ཡོངས་སུ་བསྔོ་བར་བྱ་སྟེ། ཕྱག་འཚལ་བ་དང་། མཆོད་ཅིང་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ ་བསྐོར་བར་བསྐུལ་བྱ་དང་། བདེ་བར་གཤུགས་པ་བཞུགས་པར་གསོལ་པ་རྣམས་ཀྱི་དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་དེ་དག་ཐམས་ཅད་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། ད་ནི་དེའི་རབ་ཏུ ་དབྱེ་བ་སྟེ་བརྒྱད་པའོ།། དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཡན་ལག་རབ་ཏུ་དབྱེ་བ་སྟེ། དེ་དག་ནི་རྣམ་པ་བཅུ་དྲུག་གོ། འདི་ལྟ་སྟེ། བསམ་པ་དང་། བྱང་ཆུབ་ཀྱི་སེམས་མི་རྗེད་པ་དང་། ཆགས་པ་མེད་པར་སྦྱོར་བ་དང་། སེམས་ཅན་ལ་ཕན་གདགས་པ ་ང་། གོ་ཆ་བགོ་བ་དང་། སྐལ་བ་མཐུན་པའི་བྱང་ཆུབ་སེམས་དཔའ་བསྟེན་པ་དང་། དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་དང་། དེ་བཞིན་གཤེགས་པ་མངོན་སུམ་དུ་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བསྡུ་བ་དང་། མི་བཟད་པའི ་@མཛོད་རྙེད་པ་དང་། འཇུག་པར་བྱ་བ་དང་། སྟོབས་དང་། གཉེན་པོ་དང་། ལས་དང་། རྗེས་སུ་སློབ་ཅིང་བསྔོ་བ་དང་། བསྡུ་བར་བྱ་བ་རྣམས་སོ།། དེ་ལ་བསམ་པ་ནི་རྣམ་པ་དང་པོ་སྟེ། དེ་ཡང་རྣམ་པ་གསུམ་མོ།། དེ་བཞིན ་གཤེགས་པ་ལ་མཆོད་ཅིང་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ།། མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་བླ་ན་མེད་པའི་མཆོད་པས་སོ།། འདས་པས་བསྟན་པ་ནི་སངས ་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྣམས་སོ།། གང་ང་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་གནས་ཤིང་བཞུགས་པ་འཇིག་རྟེན་གྱི། ཁམས་སྣ་ཚོགས་ན་འགྲོ་པ་ཐམས་ཅད་ལ་ཕན་པ་དང་བདེ་བ་ལ་སྟོབས་པ་ལ་བརྩོན་པ་དེ་དག་ལ་ཡང་དེ ་བཞིན་དུ་མཆོད་པར་གྱུར་ཅིག་པའོ།། གང་ཕྱིས་བྱོན་པར་འགྱུར་བ་དེ་དག་གི་བསམ་པ་ཀུན་རྫོགས་ནས་སངས་རྒྱས་དང་བྱང་ཆུབ་ཏུ་མྱུར་དུ་གྱུར་ཅིག་པའོ།། དེ་ལ་ཕྱེད་ཡན་ཆད་ནི་དེ་བཞིན་གཤེགས་པ་ལ་མཆོད་པར་བསམ་མོ།། ཕྱེད་མན ་ཆད་ནི་དགོངས་པ་རྫོགས་པར་བསྟན་པའོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པར་བསམ་པ་ནི། ཕྱོགས་བཅུ་ག་ལིའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ག་ལའི་ཞེས་བྱ་བ་ནི་གང་ཡང་རུང་བའོ།། ཇི་སྙེད་པ་ཞེས་བྱ་བ་ནི་གང་ཡང་རུང་བའོ།། ་བདེ་བ་ཅན་གྱི་འཇིག་རྟེན་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཡོངས་སུ་དག་པར་གྱུར་ཅིག་པ་དང་སྣང་བ་མཐའ་ཡས་ཀྱི་བ་ཞིན་དུ་འཇིག་རྟེན་གྱི་ཁམས་ཐ་དད་པ་གཞན་ཡང་ཡོངས་པར་གྱུར་ཅིག་པའོ། ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཀུན་ཏུ་གང་ཞིང་མཚམས་མེད་པར་གྱུར་ཅིག་པའོ།། སེམས་ཅན་ཐམས་ཅད་ལྔ་ཕན་ཞིང་བདེ་བའི ་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་བ་ཞེས་བྱ་བ་ལ་སྲོག་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གང་ན་སྐྱེ་བ་རྣམ་པ་བཞིར་བསྡུས་པ་དང་། རྒྱུད་དྲུག་གི་སེམས་ཅན་དེ་དག་ཡུན་དུ་བདེ་བའི་མཆོག་གི་བདེ་བར་གྱུར་ཅིག་པའོ།། ་ནད་མེད་པ་ནི་ལུས་དང་སེམས་ཀྱི་ནད་དང་རྟག་པར་བྲལ་བར་གྱུར་ཅིག་པའོ།། དེ་ལྟར་ཆོས་ཀྱི་སྙེད་པ་དང་མཐུན་པ་ནི་ལྡན་པར་གྱུར་པའོ།། འགྲོ་བ་ཆོས་ཀྱི་བསམ་པ་ཅན་ཐམས་ཅད་འདི་ལྟར་རྟག་ཏུ་གྲུབ་པ་དང་ཕུན་སུམ་ལྡན་པར ་གྱུར་པའོ།། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི་གཉེན་པོ་དང་བཅས་པ་དང་། མི་མཐུན་པའི་ཕྱོགས་སྤང་བར་བསྟན་པས་རྣམ་པ་གཉིས་ཏེ། དེ་དག་ནི་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནས་བཟུང་སྟེ། དེ་དག་མ ་ལུས་ཡོངས་སུ་བྱུང་བར་ཤོག་ཅེས་བྱ་བའི་བར་དུའོ།། བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། དེ་ལྟར་སྤྱོད་པའི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེ་དག་སྤྱོད་ཅིང་སྒྲུབས་པས་ནི་འགྲོ་བ་ཀུན་ཏུ་ཡང་ཚེ་རབས ་དྲན་པར་གྱུར་ཅིག། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། ཞེས་བྱ་བ་ནི་ཤི་ཞིང་སྐྱེས་པ་ན་ཡང་རྟག་ཏུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག་པའོ།། སྐྱེས་ནས་ཤི་བའི་བར་ལ་བཤད་པར་བལྟ་བའོ།། འདི་ནི་བྱང་ཆུབ་ཀྱི་སེམས་མི་ཉམས ་བཱི་རྒྱུ་དང་དངོས་པོ་དང་ཟླའོ།། འདི། རྒྱལ་སྨན་ཧཱུ~ཾ་ས་སྒྲོ་སྐ་ས་བྱ་ན་རྒྱལ་བ་ས་གས་དྲུག་ཤུགས་པ་བཟླས་སྱཱ་སྒྲུབ་པ་ས་ས་སྒྲུ་ག།། བ་སྤྱང་སང་དུ ་རྫོགས་པར་བྱ་དྷའོ།། རྫོགས་པར་ཇི་ལྟར་བྱ་ཞེ་ན། ཚུལྔ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར།། རྟག་ཏུ་མ་ཉམས་སྐྱོན་མོང་སྤྱོད་པར་ཤོག་ཅེས་བྱ་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གློ་བུར་གྱི་དྲི་མ་དང་བྲལ་བས་ན། དྲི་མ་མིང ་པའོ།། ག་ཡོའི་སྐྱོན་ཀུན་བསལ་བས་ན་རླུང་བཞིན་གྱིས་ཡོངས་སུ་དྲུག་པ་སྟེ། དེ་ལྟ་བས་ན་མ་ཉམས་སྦྱིན་མེད་པ་ཞེས་བྱ་བ་སྟེ། འདོད་པ་ཀུན་ཕུན་སུམ་ལྡན་པར་བྱེད། གདུང་བ་ཀུནྡ་ཡོངས་སུ་མེད་པར་བྱེད། ནདུ་ཐམས་ཅད་དང་བྲལ ་བཱར་བྱེད་པའོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཚུག་ཁྲིམས་ཀྱང་རིན་པོ་ཆེའི་བཞིན་དུ་གློ་བུར་གྱིས་ལས་དང་ཉན་མོངས་པ་དང་མ་འདྲེས་པས་ནི་དྲིག་བྲལ་བ་སྟེ་དྲི་མ་མེད་པའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་སེམས་བསྐྱང ་པའི་གླུ་མའི་སྐྱོན་དང་བྲལ་ཞིང་ཐམས་ཅད་མཁྱེན་པའི་སེམས་བསྒྲེད་བ་རིན་པོ་ཆེ་བཞིན་དུ་སུམ་ཏུ་དྲུག་བས་ན་ཡོངས་སུ་དགུ་པའོ།། བྱང་ཆུབ་སེམས་དཔའི་བསྒྲུབ་པ་ལ་ཤིན་ཏུ་གུས་པར་བྱས་ནས་ཉེས་པ་མི་སྦྱོང་བས་ན་ཉམས་པ་ཟོད ་པའི་ཕྱིར་ཉམས་པ་མེད་པའོ།། འདས་པའི་ཡུལ་ལ་རེ་བའི་སྲེད་པ་སྐྱེ་བ་དང་། མ་འོངས་པ་དང་ཚེ་ཕྱི་མ་རྣམས་སུ་སྨོན་པའི་སྲེད་པ་དང་། དེ་ལྟར་བྱུང་བ་ལ་ཞེན་པོའི་སྲེད་པ་སྟེ། དུས་གསུམ་གྱི་སྲེད་པའི་ཁབ་ཀྱིས་ཅུང་ཟད་དུ་ཡང་མ་གཅེས ་བྱས་ན་སྐྱོན་མེད་པའོ།། ས་བཞིན་དུ་སངས་རྒྱས་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འདོད་པ་ཐུན་སྒྱུམ་ལྡན་པར་བྱེད་བ་དང་། ཐམས་ཅད་ཀྱི་བདུ་པ་ཡོངས་སུ་སོལ་བ་དང་། ཐམས་ཅད་ཀྱིན་འཇོམས་བླ་དང་། ལྷ་དང་མི་རྣམས་ཀྱི ་དོན་ཚད་མེད་པར་སྒྲུབ་པ་འབའ་ཞིག་པ་ལ་འཇུག་པ་སྟེ། སྒྲའི་ཚུལ་དུའང་ལུས་དང་སེམས་ཀྱི་གདུང་བ་བསིལ་བར་བྱེད་པོས་ན་ཚུལ་ཁྲིམས་སོ།། ཚུལ་ཁྲིམས་ནི་སྦྱང་བར་བྱ་བ་ཡིན་པས་ན་སྤྱོད་པ་ཞེས་བྱ་བའོ།། དེ་ལྟར་རྟག་པར་ནམ་བྱུང ་ཆུབ་ཀྱི་བར་དུ་སྤྱོད་པ་ནི་ཚུལ་ཁྲིམས་སྤྱོད་པ་དྲི་མ་མེད་ཡོངས་སུ་དག་པ་འམ་མ་ཉམས་པ་སྐྱོན་མེད་པར་སྤྱོད་པ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གཉིསྔོ་པའོ།། ལྷ་ཡི་སྐད་དང་ཞེས་བྱ་བ་ལ་སོགས་པ་ནི་ཝཱ་ལ་ནཱི་ལྷའི་སྐད་ཀྱིས ་སོ།། ཀླུ་དང་གནོད་སྦྱིན་དང་གྲུལ་བུམ་དང་མི་རྣམས་ལ་ཡང་སོ་སོའི་སྐད་དང་སྒྲ་ཡིས་སོ།། མདོར་ན་འགྲོ་བ་ཇི་སྙེད་པ་ཐམས་ཅད་ཀྱི་སྐད་དུ་དེ་དག་ཐམས་ཅད་ལ་དེ་ལྟ་བུའི་སྐད་དུ་ཆོས་བཤད་པ་ནི་ནམ་བྱང་ཆུབ་ཀྱི་བར་དུའོ།། འདི་ནི་རྒྱུ་གསུམ ་པའོ།། ངེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ངེས་པ་ནི་སེམས་ཀྱི་རྒྱུད་མཉེན་པའོ།། ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུ་པའོ།། དེ་ལྔ་རབ་ཏུ་བརྩོན་པ་ནི་མི་སྐྱོ་བའི་ཡིད་ཀྱིས་ཡོངས་སུ་བརྩོན་པར་བྱེད་པའོ།། བྱང་ཆུབ་ཀྱི་སེམས ་ནི་ནམ་དུ་གར་ཡང་མི་འདོར་བར་བྱ་བ་སྟེ། མི་འདོར་བར་ནི་ནམ་བྱང་ཆུབ་པའི་བར་དུ་སྟེ། འདི་ནི་རྒྱུ་བཞི་པོའོ།། ཚིགས་སུ་བཅད་པ་ཕྱེད་དང་བཞི་པོས་ནི་བྱང་ཆུབ་ཀྱི་སེམས་ལ་མི་མཐུན་པའི་ཕྱོགས་ཀྱིས་སྒྲིབ་པར་གྱུར་པ་དེ་དག་གིས་གཉེན་པོ། ་བསྟན་པའོ།། ད་ཚིགས་བཅད་ཕྱེད་ཀྱི་ནི་མི་མཐུན་པའི་ཕྱོགས་རབ་ཏུ་སྦྱོང་བར་སྟོན་ཏེ། གང་ཞེ་ན་སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག་ཅེས་བྱ་བ་ལ་སོགས་པའོ།། སྡིག་པ་སྒྲུབ་པར་གྱུར་པ་བྱངང་ཆུབ ་སེམས་ལ་བར་ཆད་བྱེད་པ་དེ་དག་ཐམས་ཅད་ཀུན་ཡོངས་སུ་ཟད་ཅིང་སྤོང་བར་གྱུར་ཅིག་པའོ།། དེ་ནི་ཆགས་པ་མེད་པར་སྦྱོར་ནི་རྣམ་པ་གསུམ་པ་སྟེ། གང་ལས་དང་། གང་ན་དང་། ཇི་ལྟར་དང་གསུམ་མོ།། ལསི་དང་ཉོན་མོངས་ཞེས་བྱ་བ ་ལ་སོགས་པའོ།། གྲོང་ལས་ཤེ་ན། ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་རྣམས་ལས་སོ།། ལས་དེ་དམིགས་ཀྱིས་མི་ཕྱེ་བ་ན་དགེ་བ་དང་མི་དགེ་པ་དང་མི་གཡོ་བ་དང་རྣམ་པ་གསུམ་ཅར་གཟུང་ངོ་།། དེ་ཡ་མི་དགེ་བའི་ལས་དོང་ཉོན ་ངེས་པ་དང་བདུད་ཀྱི་ལས་རྣམས་ལས་རྣམ་པར་གྲོལ་ཞིང་དེ་དག་ལ་མི་ཆགས་པར་རྟག་ཏུ་སྤྱོད་པ་སྟེ། གང་ན་ཞེ་ན་ལྷ་ལ་སོགས་པའི་འཇིག་རྟེན་འགྲོ་བ་ན་གནས་པའི་ཚེའོ།། ཇི་ལྟ་བུ་ཞེ་ན། ཇི་ལྟར་པདྨོ་ནས་མི་ཆགས་པ་བཞིན་ཞེས་བྱ ་སྟེ། ཇི་ལྟར་པདྨོ་ཆུ་ལས་སྐྱེས་ཀྱང་ཆུས་མི་ཆགས་པ་བཞིན་དུ་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་ཆགས་པར་སྤྱོད་པའོ།། དེ་ལྟར་དགེ་པ་དང་མི་གཡོ་བ་གཉིས་ལྔས་ཀྱང་འབྲས་བུ་རྣམ ་པར་སྨིན་པ་ལས་རེ་བ་མེད་པར་བྱ་ཞིང་ཆགས་པ་མེད་པར་བྱ་སྟེ། འགྲོ་བ་ཐམས་ཅད་ལ་ཕན་ཞིང་བདེ་བ་འབའ་ཞིག་སྤྱོད་ཅིང་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་བརྗོད་དོ།། ཇི་ལྟར་ཞེ་ན། དཔེར་ན། ཉི་ཟླ་ན་མཁར་ཐོགས ་པ་མེད་ལྟར་སྤྱད་ཅེས་བྱ་བ་སྟེ། ཉི་མ་དང་ཟླ་བ་ནི་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་ཞུགས་ཤིང་བདག་གིས་ཅུང་ཟད་ལའང་མི་ཆགས་པར་ཉིན་མཚན་དུ་ན་མཁའ་ལ་རྒྱུ་བ་དེ་དང་འདྲ་བར་རོ།། དེ་ལ་བདུད་ཅེས ་བྱ་བ་ནི་དགེ་བོའི་སྲོག་གི་བར་ཆད་བྱེད་པས་བྱང་ཆུབ་དང་མི་མཐུན་པར་བྱེད་ཅིང་དམ་པའི་ལམ་ལས་ཟློག་པ་སྟེ། སྒྲའི་ཚུལ་དུའང་ཆོས་ཀྱིས་འཚོ་བའི་བར་ཆད་བྱེད་ཅིང་གསོད་པས་ན་བདུད་ཅེས་བྱའོ།། དེའི་ལས་ནི་ཕན་པའི་དངོས་པོ་ལ་སྨྲས ་འཚེ་བ་པའོ།། ཚེ་འདི་དང་ཕྱི་མོ་ལ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་སྟེ་རྣམ་པ་བཞི་པའོ།། དེ་ཡང་གང་ཞེ་ན། ངན་སོང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའོ།། འགྲོ་བྱ་ཐམས་ཅད་སྡིག་པས་སྡུག་བསྔལ་ཞིང་ངན ་སོང་རྣམ་པ་གསུམ་དུ་སྐྱེས་པ་དེ་དག་རབ་ཏུ་ཞི་བར་བྱའོ།། དེ་ལ་ཡང་ཅིའི་ཕྱིར་ངན་སོང་གི་སྡུག་བསྔལ་འབའ་ཞིག་ཞི་བ་ཞེས་བྱ་ཞོ་ནི། དེ་དག་གིས་ཤིན་ཏུ་གནོད་པར་བྱེད་པས་ན་གཙོ་བོར་བཤད་པ་ཡིན་གྱིས་འཁོར་བ་ཐམས ་ཅད་ཀྱི་སྡུག་བསྔལ་ཡང་དེ་བཞིན་དུ་རབ་ཏུ་ཞི་བར་བྱ་བར་རིག་པར་བྱའོ།། ཅིའི་ཕྱིར་འགྲོ་བ་ཐམས་ཅད་མཆོག་ཏུ་བདེ་བ་ལྔ་འགོད་པར་བྱ་ཞེ་ན། དེ་ལྟར་འགྲོ་བ་ཐམས་ཅད་ལ་ཕན་པར་སྤྱད་པར་བྱས་པ་སྟེ། བླ་ན་མེད་པའི་ཡེ་ཤེས ་ཐོབ་ཀྱི་བར་དུ་ཡོངས་སུ་མི་སྐྱོ་བའི་ཡིད་ཀྱིས་གཞན་དུ་མི་སྦྱོར་བར་སྤྱོད་པར་བྱ་བའོ།། ཇི་སྲིད་ཀྱི་བར་དུ་ཞེ་ན། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར་ཞེས་བྱ་བ་སྟེ། ཇི་ཙམ་པ་རོ་ཞེས་བ་ནི་ཇི་སྲིད་པའོ།། ཞིང་གི་ཁྱོན་ཞེས ་བྱ་བ་ནི་སངས་རྒྱས་ཀྱི་ཞིང་གི་ཁྱོན་ཇི་ཙམ་པ་སྟེ། བསྒྲལ་པ་གཅིག་ནས་གཅིག་ཏུ་གནས་པའོ།། ཕྱོགས་ཞེས་བྱ་བ་ནི་ཕྱོགས་བཅུར་སྒྱུར་བར་བྱའོ།། གོ་ཆ་བཱགོས་པ་ནི་རྣམ་པ་ལྔ་སྟེ། དེ་ཡང་རྣམ་བྱ་གསུམ ་མོ། སེམས་ཅན་གྱི་སྤྱོད་པའི་རྗེས་སུ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང་། དམ་པའི་ཆོས་རབ་ཏུ་བསྒྲགས་པ་རྣམས་ཏེ། དེ་ཡང་གང་ཞེ་ན། སེམས་ཅན་དག་གི་སྤྱོད་པ་དང་མཐུན་པར་ཅེས་བྱ་བ་ལ་སོགས ་པའོ།། སེམས་ཅན་རྣམས་ལ་སྒྱུ་མེད་པའི་རང་བཞིན་སྤྱོད་པ་དང་། བདེ་བར་གནས་པ་དང་། སེམས་ཀྱི་རྗེས་སུ་མཐུན་པར་འཛིན་ཅིང་སྤྱོད་པའོ།། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་པའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་བ་སྟེ། ་དེ་ཡོངསུ་རྫོགས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པར་བྱེད་པའོ།། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་ཞེས་བྱ་བ་བ་འདི་མོ་མྱོང་བ་འིས་བྱ་བ་སྟེ་མ་ཞེ་ཀྵ་། ཀྱི་བ་ལ་ན་པ་ཛོ་སྐབ་ཀུར་ཏུ་སྟོ་རྒྱ་མི་བྱ་ས་པ་ཙྪ་། ལུས་དང་ངག་དང་ཡོད་ཀྱི་སཽ་སྤྱོད ་པ་དང་། སྨོན་ལམ་གྱིས་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའི་དང་མཐུན་པར་བསྟན་པ་སྟེ་དེ་ན་རྣམ་པ་དྲུག་པའོ།། དེ་ཡང་གང་ཞེ་ན། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ་ཞེས་བྱ་བ་ལ་སོགས་པའོ།། བདག་གི་བྱང་ཆུབ ་སེམས་དཔའི་སྤྱོད་པ་དང་མཐུན་པར་གང་སྤྱོད་པ་དེ་དག་དང་རྟག་པར་ནམ་བྱང་ཆུབ་པའི་བར་དུ་འགྲོགས་པ་དང་། ལུས་དང་ངག་དང་ཡིད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་དེ་དང་ལྷན་ཅིག་ཏུ་སྤྱོད་པར་ཤོག་ཙོག་པའི ་ཕན་པར་བསམ་པའི་མན་ངག་སྒྲུབ་པ་ནི་དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་སྟེ། དེ་ནི་རྣམ་པ་བདུན་པའོ།། དེ་ཡང་གྲང་ཞེ་ན། བདག་ལ་ཕན་པན་པར་འདོད་པའི་གྲོགས་པོ་ཞེས་བྱ་བ་ལ་སོགས་པའོ།། དགེ་བའི་བཤེས་གཉེན ་གང་ཕན་པར་འདོད་པས་བཟང་པོ་སྤྱོད་པ་སྟོན་པ་དང་། འཆད་པ་དང་། ཆོས་ཀྱི་གཏམ་ཟེར་བ་དེ་དང་བདག་རྟག་པར་ལྷན་ཅིག་ཏུ་མཚུངས་པར་སྦྱོར་བར་གྱུར་ཅིག་པའོ།། དེ་བདག་གིས་ནམས་ཀྱང་གཞར་ཡང་ཡིད་དབྱུང་བར་མི་བྱ་སྟེ། ནམ ་བྱང་ཆུབ་པའི་བར་དུ་རྟག་པར་དེ་དང་མཐུན་པར་གྱུར་ཅིག་པའོ།། དུས་དང་འཁོར་དང་མཆོད་པ་བྱ་བ་ལ་སྐྱོ་བ་མེད་པ་ནི་དེ་བཞིན་གཤེགས་པ་མངོན་དུ་བྱེད་པ་སྟེ། དེ་ནི་རྣམ་པ་བརྒྱད་པའོ།། དེ་ཡང་གང་ཞེ་ན། སངས་རྒྱས་སྲས་ཀྱིས ་བསྐོར་བའི་མགོན་པོ་རྣམས་ཞེས་བྱ་བ་ལ་སོགས་པའོ།། མངོན་སུམ་ཞེས་བྱ་བ་ནི་མངོན་སུམ་དུ་བྱཱ་བུ་སྟྭ~ཾ། ཕྱོགས་བཅུ་ཀུན་གྱིའོ།། རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་འོད ་མགོན་པོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་གཉེན་གཅིག་པུར་གྱུར་པའོ།། རྟག་ཏུ་བལྟ་ཞེས་བྱ་བ་ནི་སྐྱོན་མེད་པའི་མིག་གོས་སོ།། དེ་དག་ཀུན་རེ་རེ་ལ་ཡང་རྣམ་པ་ཐམས་ཅད་དྲང་ལྡན་པ་རྒྱ་ཆེན་པོ་ན་མཁའ་དང་མཉམ་པ་ཆོས་ཀྱི ་དབྱིངས་ཀུན་ཏུ་ཁྱབ་པའི་མཆོད་པས་མཆོད་པར་བྱའོ།། ཇི་སྲིད་ཀྱི་བར་དུ་ཞེ་ན། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བ་སྟེ། སྐྱོ་བ་མེད་པའི་ཡིད་ཀྱིས་མ་འོངས་པོའི་བསྐལ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་བར་དུའོ། ་འཛིན་པ་དང་། བཤད་པ་དང་། ཡོངས་སུ་སྦྱང་བ་དང་གསུམ་ནི་དམ་པའི་ཆོས་ཡོངས་སུ་བསྡུ་བ་སྟེ་ད་ནི་རྣམ་པ་དགུ་པའོ།། དེ་ཡང་གང་ཞེ་ན། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་ཞེས་བྱ་བ་ལ་སོགས ་པའི། དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་བཤད་པའི་ཆོས་དེ་དག་གཟུངས་ཀྱི་སྟོབས་ཀྱིས་འཛིན་པས་ན་འཛིན་ཅིང་ཞེས་བྱའོ།། བྱང་ཆུབ་སྤྱོད་པ་ནི་བསྒྲགས་པར་བྱ་བའི་ཆོས ་ཉིད་དོ།། ཀུན་ཏུ་སྣང་བར་བྱེད་ཅེས་བྱ་བ་ནི་འགྲོ་བ་རྣམས་ལ་ཡོངས་སུ་བསྒྲགས་ཤིང་རབ་ཏུ་བསྟན་པའོ།། བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། དེ་རྣམ་པ་རྣམ་པར་སྦྱང་བ་ནི་དྲི་མ་མེད ་པར་བྱ་བ་སྟེ། ཉེས་པ་ཐམས་ཅད་རིང་དུ་སྤོང་བའོ།། མ་འོངས་སྐལ་པ་ཀུན་ཏུ་སྤྱད་པར་བགྱི་ཞེས་བྱ་བ་ནི་དེ་ལྟར་བརྩལ་པའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་ཚོགས་ཐོབ་པས་མི་ཟད་པའི་མཛོད་རྙེད་པ་སྟེ་འདི ་ནི་རྣམ་པ་བཅུ་པའོ།། དེ་ཡང་གང་ཞེ་ན། སྲིད་པ་ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པའོ།། འདོད་པ་ལ་སོགས་པའི་སྲིད་པ་ཐམས་ཅད་ན་སེམས་ཅན་གྱི་དོན་དུ་འཁོར་བརླ་འཁོར་ཞིང་སྐྱེ་བར་བསོད་ནམསྣ་དང་ཡེ་ཤེས་ཀྱི་ཚོགས་མི་ཟད ་པ་ཐོབ་པས་ལྡན་པར་གྱུར་ཅིག། དེ་ལྟར་ཤེས་རབ་དང་། ཐབས་དང་། ཏིང་ངེ་འཛིན་ན་མཁའི་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་རྣམས་དང་། དེ་ལྟར་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཐོགས་པ་མེད་པ ་དང་། སྒྱུ་མར་གྱུར་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་མཛོད་མི་ཟད་པ་དང་། མི་ཟད་པའི་ཡོན་ཏན་གྱི་གཏེར་དུ་འགྲོ་བ་ཐམས་ཅད་ལ་བདེ་ཞིང་ཕན་པའི་ཕྱིར་གྱུར་ཅིག་པའོ།། ་འཇུག་པ་ནི་རྣམ་པ་བཅུ་གཅིག་པ་སྟེ། དེ་ཡང་རྣམ་པ་བརྒྱད་དོ།། འདི་ལྟ་སྟེ། སངས་རྒྱས་དང་། དེའི་ཞིང་བལྟ་བར་འཇུག་པ་རྣམ་པ་གཉིས་དང་། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་དང་། བསྐལ་པར ་འཇུག་པ་དང་། དེ་བཞིན་གཤེགས་པ་བལྔ་ཞིང་དེའི་སྤྱོད་ཡུལ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་མངོན་པར་བསྒྲུབ་པར་འཇུག་པ་དང་། དེ་བཞིན་གཤེགས་པ་ཝཱ་བསྙེན་བཀུར་བྱ་བར་འཇུག་པ་དང་བརྒྱད་དོ།། དེ་ལ་སངས་རྒྱས་དང་དེའི ་ཞིང་བལྟ་བར་འཇུག་པ་རྣམས་པ་གཉིས་ནི་ཚོགས་བཅད་རྣམ་པ་གཉིས་ཀྱིས་ཏེ། དེ་ཡང་གང་ཞེ་ན། རྡུལ་གཅིག་སྟེ་དཱ་ན་ཞེས་བྱ་བ་ལ་སོགས་པའོ།། རྡུལ་གཅིག་གི་སྟེང་དུ་ཕྱོགས་བཅུའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི ་ཞིང་གི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཏེ། ཞིང་དེར་ཞེས་བྱ་བ་ནི་ཞིང་དེ་དང་དེ་རོ།། བསམ་གྱིས་མི་ཁྱབ་ཅེས་བྱ་བ་ནི་བསམ་ཡས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ།། སངས་རྒྱས་སྲས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས ་དཔའ་རྣམས་ཀྱིའོ།། དབུས་ན་བཞུགས་ཞེས་བྱ་བ་ནི་དབུས་ན་བཞུགས་པའོ།། བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་ནི་བྱང་ཆུབ་སྤྱད་པ་སྤྱོད་པ་སྟེ་སྤྱད་པ་རབ་ཏུ་སྒྲུབ་པ་ནའོ།། བལྟ་བར་བགྱི་ཞེས་བྱ་བ་ནི་འཇུག་པའི།། བྱང ་ཆུབ་སེམས་དཔའི་སྨོན་ལམ་མི་སྲིད་པར་བཏབ་ན་དོན་མེད་པར་འགྱུར་རོ།། ཇི་ལྟར་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་གི་ཕྱོགས་ཆུ་གཅིག་ཀྱང་རྡུལ་གཅིག་གི་སྟེང་ངུ་དུས་པ་སྟན་མི་གླིང ་ན་ཇི་ལྟར་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཞིང་རེ་རེ་ནི་ཡང་གྲངས་མེད་པའི་སངསུ་རྒྱས་བཅོམ་ལྡན་གྲངས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔོའི ་བས་ཀུན་ཏུ་གྲང་བ་དེ་སྙེད་དུ་རྡུལ་གཅིག་གི་སྟེང་དུ་སོ་སོར་བལྟ་ཞིང་སྨྱོན་པར་ཛཱི་ལྟར་བྱ་ཞེས་དཱསྨཱ་ལུ་པ་དང་། དེ་ལྟར་མ་ཡིནྡ་ཏཾ། འདི་ལྟར་བསམ་ཀྱིས་མི་ཁྱབ་མེའི་ལས་འཇིག་རྟེན་ཁམས་སྣ་ཚོགས་པ་སྨྲ་སོ། གི་ལ་སོཀ ་པ་སྤྲུལྔ་པ་བཞིན་ཏེ། དེ་ལྟར་བསམ་དུ་མེད་པའི་སྨེ་ཤེས་ཀྱིས་སྦྲུལ་ནི་རྡུལ་གཅིག་གི་སྟེང་དུ་ཅིའི་ཕྱིར་མི་སྲིད་དེ། བསམ་གྱིས་མི་ཁྱབ་པར་ཡུང་ལས་ཀྱང་པོ་ཤད་པ། མཁས་པ་དཀ་གི་སྭ་ས་འདི་ལ།། མཧེ་འཀྟའི་ས་ཅུང་ཐ་མེད། ་སྒྱུ་མིའི་རྣམ་པར་གྱུར་པ་ལི།། ཡ་མཚོན་དུ་ནི་སུ་ཞིག་འཛིན།། བསམ་གཏན་ལས་དང་ཀླུ་རྣམས་དང་།། སངས་རྒྱས་རྣམས་ཀྱི་ཆེ་བ་ཉིད།། འཇིག་རྟེན་མགོན་པོ་འདྲེན་པ་དེས།། བསམ་གྱིས་མི་ཁྱད་རྣམ་བཞི་པ་བཤང་།། དེ་ལྟ་བས ་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ལ་མོ་སྲིད་པར་འཛིན་པ་དེ་དག་ཀྱང་འདིས་ཡིང་ཆེས་པར་གྱིས་ཤིག། འཇིག་རྟེན་ན་ཡང་ཤིན་ཏུ་ཆུང་བའི་སྣོད་དུ་ཨུ་དང་པས་བཀང་བ་ལ། བཟའ་སྐ་པོ་ཆགས་ནས། མས ་ཅད་སྣང་བ་བཞིན་ནོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། གཟུགས་བརྙན་བཞིན་པ་ཆོས་རྣམས་ཏེ། རབ་རིབ་རྨི་ལམ་མཚན་ཉིད་དང་། སྒྱུ་མ་སྨིག་རྒྱུ་འདྲ་བ་དང་། དེ་འདྲར་མ་ལུས་ཐམས་ཅད་དོ།། ཞེས་བྱ་བ་ལ་སོགས ་པ་ནཱི་ཇི་ལྟར་རྡུལ་གཅིག་གི་སྟེང་ན་བཞུགས་ཞེས་བྱ་བ་ལ་སོགས་པ་བཞིན་ནོ།། དེ་ལྟར་མ་ལུས་ཞེས་བྱ་བ་ནི་མ་ལུས་པའི་ཕྱོགས་ཐམས་ཅད་དོ།། སྒྲ་ཙམ་ཁྱོན་ཞེས་བྱ་བ་ནི་སྒྲའི་ཚད་ཙམ་སྟེ། དེ་ཡང་བཤད་པར་བྱ་བ་ནི་སྒྲའི ་རྩེ་མོ་ཙམྦྷ་གྱི་ཁྱོན་ཏོ།། དུས་གསུམ་ནི་རུས་གསུམ་དུ་གཤེགས་པ་རྣམས་ཀྱིའོ།། སངས་རྒྱས་རྒྱ་མཚོ་ཞེས་བྱ་བ་ནི་དེ་དག་གོ་ཞིང་རྒྱ་མཚོར་ཡང་བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག་ཅེས་བྱ་བ་ནི་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད ་པ་ན་མཐོང་ན་མཐོང་བར་ཤིག་ཅིག་པའོ།། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དེ་གང་ཞེ་ན། གསུང་གཅིག་ཡན་ལག་ཅེས་བྱ་བ་ལ་སོགས་པའོ།། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བཤོད་པ་ལ་ཉན་པ་གྲངས་མེད་པ་མོས ་བ་ཐ་དད་པ་དག་ལས་དོན་ཐ་དད་པ་དང་ཚིག་དང་ཡི་གེ་འབྲུ་ཐ་དད་པ་ཚད་མེད་པ་རྣམས་གློ་བར་འགྱུར་བས་ན་རྒྱ་མཚོ་ཞེས་བྱ་སྟེ། དེ་ལྟར་རྒྱལ་བ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་དུ་ཆོས་བཤད་པའི ་གསུང་སྒྲ་རྣམ་པར་དག་པས་ཉན་པ་གྲངས་མེད་པའི་འགྲོ་བ་རྣམས་ཇི་ལྟར་འདོད་པ་འགྲོ་བ་ལྟར་སངས་རྒྱས་ཀྱི་གསུང་སྒྲོ་སྐྱོན་མེད་པའི་རྣ་བས་དེ་དག་གི་གསུང་སྒྲ་རྒྱ་མཚོ་ཀུན་ལ་རྟག་པར་འཇུག་པར་བྱ་སྟེ་མ་ལུས་པར ་@ཡིད་ལ་བྱའོ།། ལུང་ལུས་ཀྱང་འདི་སྐད་དུ་གསུངས་ཏེ། འཁོར་བར་འཁོར་བ་མང་པོའི་རྣམས།། དང་པའི་རྣམ་པ་སྣ་ཚོགས་ལ།། གསུང་གཅིག་ཏུ་ནི་བཤང་མོད་ཀྱིས།། དུ་མའི་རྣམ་པར་གོ་བར་གྱུར།། བདག ་ལ་ཉི་ཚེར་འཆང་ངོ་སྙམ།། འགྲོ་བ་ཀུན་གྱིས་ཇི་ལྟར་གོ།། ཡ་མཚན་དི་ལས་ཅི་ཞིག་ཆེ།། དེ་ལྟར་ངོ་མཚར་ཅི་ཞིག་ཡོད།། འདི་ལྟ་སྟེ། སྡོང་བྱོས་བརྒྱ་ནི་པའི་མདོ་སྡེ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་བཤད་པ། ཕྱོགས་བཅུའི་བདེ་བར ་སྐྲ་ཤེགས་པ་རྣམས་ཀྱི་ཆོས་སྤྲིན་ལ། གནས་གཅིག་འདུག་ནས་རྨོངས་པ་མེད་པར་གྱུར་ཏེ་ཝཱན། བསྐལ་པ་བྱེ་བ་མང་པོར་སེམས་ཀྱིས་ངོམས་པ་མེད།། བློ་ཚེ་ན་རྒྱ་མཚོ་དང་ནི་མཉས་པར་སྤྱོད་པར་ཤོག། ཚིགས་སུ་བཅད་པ་སྔ་མ་གཉིས ་ཀྱིས་ནི་འཆད་པའི་ཆེ་བ་ཉིད་བསྟེན་པའོ།། ཚིགས་སུ་བཅད་པ་འོག་མས་ནི་ཉན་པའི་ཆེ་བ་ཉིད་བསྟན་ཏོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་འཇུག་པ་སྟེ། དེ་ཡང་གང་ཞེ་ན། དེ་དག་གི་ཡང་གསུངས་དབྱངས་མི་ཟད་བྲ་ལ་ཞེས་བྱ་བ་ལ་སོགས་པའོ།། ་དེ་དག་གི་ཞེས་བྱ་བ་ནི་དུས་གསུམ་དུ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིའོ།། ཆོས་ཀྱི་འཁོར་ལ་བསྐོ་ནི་དེ་ལ་འཇུག་པའོ།། མི་ཟད་པ་ནི་བགྲང་ལས་འདས་པའི་གསུང་སྨྲའོ།། དེ་ལ་བློ་ཡི་སྟོབས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེན་པོས ་སྐད་ཅིག་ཏུ་འཇུག་ཅིང་སྟེབས་པའོ།། ཚུལ་རྣམས་ཞེས་བྱ་བ་ནི་གང་དང་གང་གིས་ཐབས་ཀྱིས་གང་དང་གང་ལ་ཚིས་འཆང་པ་ནི་དུས་གང་དང་ཡུལ་གང་དུ་དང་པ་སྣ་ཚོགས་ཀྱི་སེམས་ཅན་དག་ལས་འདུལ་བར་འཇུག་པའོ།། བསྐལ་བར་འཇུག ་བ་སྟེ། དེ་ཡང་གང་ཞེ་ན། སྐད་ཅིག་གཅིག་གིས་ཤེས་བྱ་བ་ལ་སོགས་པ་སྟེ། སྐད་ཅིག་མའི་ཡེ་ཤེས་གཅིག་གིས་ཕྱོགས་བཅུ་རྣམས་ཀྱིའོ།། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་ཞེས་བྱ་བ་ནི་བསྐུལ་པ་ཐམས་ཅད་འཇུག ་པར་ཡང་ཞེས་བྱ་བ་ནི་བསྐལ་པ་གཅིག་ནས་གཅིག་ཏུ་བདག་འཇུག་པའོ།། མདོར་ན་གང་ཡང་བསྐལ་པ་དུས་གསུམ་ཚང་དེ་དག་ཅེས་བྱ་བ་ལ་སོགས་པ་སྟེ། དུས་གསུམ་དུ་བགྲང་བ་དེ་དག་ཐམས་ཅད་སྐད་ཅིག་མའི་ཡེ་ཤེས་གཅིག་གིས ་ཆ་ཤཱསྱ་ཀྱིས་རྟོགས་པར་བྱའོ།། དེ་བཞིན་གཤེགས་པ་བལྟ་ཞིང་དེའི་སྤྱོད་ཡུལ་ལས་འཇུག་པ་སྟེ། དེ་ཡང་གང་ཞེ་ན། དུས་གསུམ་གཤེགས་པ་མི་ཡཱི་སེང་གེ་གང་ཞེས་བྱ་བ་ལ་སོགས་པ་སྟེ། གང་ཕྱོགས་བཅུ་དུས་གསུམ་དུ་གཤེག ་པའི་མིའི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་སོ།། དེ་དག་བདག་གིས་སྐད་ཅིག་མའི་ཡེ་ཤེས་གཅིག་གིས་བལྟ་བར་བྱ་བ་ནི་མཐོང་བར་བྱའོ།། དེ་དག་གིས་སྤྱོད་ཡུལ་ནི་དེ་དག་གི་སྤྱོད་ཡུལ་ལོ།། སྒྱུ་མརོ་གྱུར་པའི་རྣམ་ཐར་སྟོབས་ཀྱིས ་འཇུག་ཅེས་བྱ་བ་ནི་སྒྱུ་མར་གྱུར་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཀྱིས་བདག་ཉིད་དེའི་མཐུས་རྟག་པར་འཇུག་པའོ།། སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པར་འཇུག་པ་སྟེ། དེ་ཡང་གང་ཞེ་ན། གང་ཡང་དུས ་གསུམ་དག་གི་ཞིང་ཞེས་བྱ་བ་ལ་སོགསོ་བའོ།། གང་ཡང་དུས་གསུམ་ངག་གི་ཞིང་གི་རྒྱན་ནི་ཞིང་མང་པོ་སྟེ། དེ་དག་མངོན་པར་བསྒྲུབ་ཅེས་བྱ་བ་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་གཅིག་གི་སྟེང་དུ་མངོན་པར་སྒྲུབ་པའོ།། དེ་ལྟར་མ ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ནི་ཇི་ལྟར་མ་ལུས་པའི་ཕྱོགས་ཀྱི་རྡུལ་གྱི་སྟེང་དུ་སྒྲུབ་པ་དེ་བཞིན་དུ་ཡེ་ཤེས་ཀྱི་སྒྲ་སྐད་ཅིག་མ་གཅིག་གིས་ཞིང་མང་པོ་རྣམས་མངོན་པར་སྒྲུབས་ནས་འཇུག་པར ་དུ་ལྟར་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། ཚང་དང་། ཁྭ་དོག་དང་། དབྱིབས་དག་སོ་སོར་ཐ་དད་པ་མང་པོ་མ་འདྲེས་པ་རྣམས་ཀྱང་རྡུལ་གཅིག་གི་སྟེང་དུ་བཞག་པར་མི་རླུང་ན། སོ་སོར་ཐ་དད་པ་མང་པོ་རྣམས་རྡུལ་གཅིག་གི ་སྟེང་དུ། ཕྱོགས་མཚམས་མེད་ཅིང་། མ་འདྲེས་པར་ཇི་ལྟར་གཞག་པོར་བྱ་སྟེ། དེ་ལྟ་བས་ན་འདི་ལ་ཇི་ལྟར་ཡིད་ཆེས་པར་བྱ་སྙམ་པ་ལ། དེའི་ལེན་དུ་དེ་བྱས་ན་ཆོས་ཐམས་ཅད་ནི་ཡོངས་སུ་མ་རྫོགས་པ་སྟེ། ངོ་བོ ་ཉིད་མེད་པ། སྒྱུ་མ་ལྟ་བུ། མ་སྐྱེས་པ། མུ་བགགས་པ། སྒྲ་ཤང་འཛིངས་པ་ལྟ་བུར་ཐོག་མཱ་ནས་ཞི་ཞིང་རང་བཞིན་གྱིས་སེམས་ལས་འདས་པ་ལ་ཇི་ལྟར་མོས་པས་བརྟགས་པ་ཙམ་གྱིས་འབྱུང་བ་ནི་རྣམ་པ་སྣ་ཚོགས་དུ་མའི་གཟུགས ་སུ་རབ་ཏུ་བསྒྲིམས་བཾསྟྲ་རྣམ་པ་མང་པོའི་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བའི་ཁྱད་པར་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་སྣ་ཚོགས་མྱོང་བས་ན་དངོ་ས་བློ་འདི་དག་པར་དུ་གསལ་བར་སྣང་ངོ་།། འཇིག་རྟེན་ན་ཡང་སྟེགས་ཅུང་ཟད ་ཙམ་ལས་མཐུ་སྐྱེས་པའི་མིག་འཕྲུལ་གྱིས་རབ་ཏུ་བསྒྲུབས་ནི་ངོ་མཚར་དང་ལྡན་པའི་སྒྱུ་མའི་མཛེས་པ་ཡང་སྟོང་ངོ་།། དེ་ལྟ་བསན་འདྲི་དག་ཐམས་ཅད་ནི་ཇི་ལྟར་སྐྱེས་པ་བཞིན་ཡིད་ཆེས་པར་བྱས་ཏེ། འདི་ལྟར་མིང་གཉིས་ནི་ཅུ ་ཀྱང་མ་བྱེད་ཅིག། དེ་བཞིན་གཤེགས་པ་ལ་བསྙེན་བསྒྱུར་བྱ་བར་འཇུག་པ་དང་བརྒྱུད་དེ། དེ་ཡང་གང་ཞེ་ན། གང་ཡང་མ་བྱོན་ཞེས་བྱ་བ་ལ་སོགས་པ་སྟེ། གང་མ་བྱོན་པ་ནི་ཕྱི་མ་མ་འོངས་པའི་མཐར་ཐུག་པ་རྣམས་སོ།། འཇིག་རྟེན ་སྒྲོན་མ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་ན་མཁའི་མཐའ་ཀླས་པ་ནས་བཞུགས་པ་བགྲང་བ་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱིས་སྐད་ཅིག་གིས ་དུས་མཉམ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་བྱང་ཆུབ་ཏུ་མངོས་པ་རྫོག་པར་སངྱས་པ་སྟེ་འདི་བཞིན་དུ་དུས་མཉམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་དང་། དེ་བཞིན་དུ་མྱ་ངན་ལས་འདས་པ་སྟོན་པར ་བཤད་དེ། དེ་དགེ་མངོན་སུམ་དུ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པའོ།། དེ་དག་ཅེས་བྱ་བ་ནི་དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པར་མཛད་པ་དང་། དེ་དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད་པ་དང་། མྱ་ངན་ལས་འདས་པར ་རྣམས་རབ་ཏུ་སྟོན་པའི་མགོན་པོ་ཐམས་ཅད་ཀྱིས་ཞབས་ཀྱི་དྲུང་དུ་ཡིད་མྱུརྱ་བ་དང་། ཀུན་ཏུ་མྱུར་བུ་ཞེས་བྱ་བའི་རྫུ་འཕྲུལ་གྱི་སྟོབས་གཉིད་ཀྱིས་མཐུས་ལུས་ཀྱི་སྦྱིན་ཕྱོགས་བཅུ་བཀང་སྟེ། མཆོད་པའི་སྤྲིན་ན་མཁའ་ཁེབས་པའི ་དམ་པ་བགྲང་བ་ལས་འདས་པ་ཐམས་ཅད་ཀྱིས་མཆོད་པ་དང་། བིསྟོང་ཅིང་བརྗེད་པ་དང་། བསྐོར་བ་བརྒྱ་སྟོང་དུ་མ་བྱེད་ཅིང་འཁོར་བའི་མཐའི་བར་འགྲོ་བ་ནི་བསྟོན་པར་འཇུག་པའོ།། རིམ་པར་འཚང་རྒྱ་ཞེས་བྱ་བ་ནི་མངོན་པར ་བྱང་ཆུབ་པའོ།། མྱ་ངན་ལས་འདས་པ་སྟོན་པ་ཞེ་འམ། རབ་ཏུ་ཞི་མཐའ་ཞེས་བྱ་བ་ནི་ཚིག་བསྐང་བའི་ཕྱིར་རྣམ་གྲངས་སུ་རིག་པར་བྱ་སྟེ་གཙོ་བོར་བཤད་པའོ།། དེ་ཡང་ཆུ་ཟླའི་གཟུགས་བརྙན་བཞིན་དུ ་དགའ་ལྡན་གནས་ཀྱིས་གཞལ་མེད་ཁང་ན་བཞུགས་པ་ལས་འཆི་བོ་སྟེན་པ་དང་། མངལ་ན་གནས་པའི་ཚེ་དང་། ལྷ་ཕྱག་བྱས་པ་དང་། བཟོ་བསྟན་པ་དང་། མངོན་པར་བྱུང་ནས་རབ་ཏུ་བྱུང་སྟེ་དཀའ་བོ་སྤྱོད་པ་དང་། བྱང་ཆུབ་ཀྱི ་སྙིང་པོར་བཞུད་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སེང་གེའི་གདུན་ལ་བཞུགས་པས་བདུད་ཕམ་པར་མཛད་པའི་དུས་སུ་གོང་མ་བཞིན་ཉེ་བར་འགྲོ་བ་ནི་དེ་དག་གི་ཞབས་ཀྱི་དྲུང་དུ་ཡུད་ཙམ་གྱིས་སོ།། སྟོབས་ཏེ་རྣམ་པ་བཅུ་གཉིས་པའོ།། ། ་དེ་དག་ཀྱང་རྣམ་པ་བཅུ་སྟེ་ཚིག་བཅད་གཉིས་ཀྱིས་སོ།། དེ་ཡང་གང་ཞེ་ན། རྫུ་འཕྲུལ་སྟོབས་རྣམས་དང་། ཞེས་བྱ་བ་ལ་སོགས་པ་སྟེ། འཕྲུལ་པར་བྱེད་པས་རྫུ་འཕྲུལ་ཞེས་བྱ་བས་ན་ཇི་ལྟར་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ ་སྟེ། ཆོ་འཕྲུལ་ཞེས་བྱ་བའི་ཐ་ཚིག་གོ།། རྫུ་འཕྲུལ་ཇི་ལྟར་ཆོ་འཕྲུལ་དུ་ཤེས་པར་བྱ་ཞེ་ན། སོ་སོའི་སེམས་ཅན་རྣམས་ཀྱི་ཡིད་འཕྲོག་ཅིང་མགུ་བར་བྱེད་པས་ན་ཆོ་འཕྲུལ་ལོ།། དེའི་སྟོབས་ཀྱི་གྲང་ན་མི་ཟ་བས་ན་རྫུ་འཕྲུལ་གྱི་སྟོབས་སོ།། ་ཀུན་ཏུ་མྱུར་བའི་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་གཞན་དུ་བགྲོང་ངོ་།། གོ་ཚ་ལ་ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱིས་སྐད་ཅིག་གིས་ཕྱོགས་བཅུར་མི་ཐོག་པར་འགྲོ་བའོ།། ཐེག་པའི་སྟོབས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི ་སྟོབས་ཀྱིས་ཏེ། དྲ་བས་ན་ཐེག་པ་ཆེན་པོ་དེས་ཐེག་པས་ན་ཐེག་ཆེན་པོའོ།། ཡང་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་སྨིན་བསྣུ་ན། ཐེག་པ་ཆེན་པོ་སྟེ། དངོས་སུན་སངས་རྒྱས་ཀྱི་བྱུང་ཆུབ་ཐོབ་པར་བྱེད་པའི་ལས་བ་སོང་རྣམས ་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་ཐེག་པ་ཞེས་བྱའོ།། ཡང་ན་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བྱའོ།། དེ་དག་གི་སྟོབས་ནི་མཱི་མཐུན་པའི་ཕྱོགས་ཀྱི་སྟོབུས་ཇི་སྙེད་པས་མི་ཆོམས་པའོ།། ཀུན་ནུས ་སྒོའི་ཞེས་བྱ་བ་ནི་ཀུན་གྱི་སྒོ་སྟེ། ཇི་ལྟ་ཞེ་ན། དེའི་ལུས་དང་དམིགས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་གཞན་ལ་ཕན་པར་མི་འདོ་བ་གང་ཡང་མེད་པའོ།། དེ་ནི་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ལྟོས་ཤིག། སྤྱོད ་པའི་སྟོབས་རྣམས་ཞེས་བྱ་བ་ནི་སྤྱོད་པ་གཉིས་ཀ་བྱེ་བྲག་བྱེད་པའི་སྟོབས་ཏེ། བྱང་ཆུབ་སེམས་དཔའི་སྟོབས་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་སྟོབས་ཀྱིས་སོ།། ཀུན་ཏུ་ཡོན་ཏནོ་ཞེས་བྱ་བ་ནི་ཐོག་མ་དྲང་བར་མ་དང་ཐ་མར་དགེ་བའོ། ་བྱམས་པ་དག་གིས་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བདེ་བ.རརུ་སེམས་པས་ཁྱབ་པའོ།། ཀུན་ཏུ་ཁྱབ་པ་ཞེས་བྱ་བ་ནི་ཕྱོགས་བཅུར་ཁྱབ་པའོ།། བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་ཅིང་གཅད་པར་བྱེད་པས་ན ་བསོད་ནམས་སོ།། ཡང་ན་ཕྱེ་ཕྱིར་ཞིང་བསོད་པར་གྱུར་པས་ན་བསོད་ནམས་སོ།། དེའི་སྟོབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྒོམས་པོ་ལས་བྱུང་བ་སྟེ། འདི་སྐད་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། གལ་ཏེ་དེ་ནི་གཟུགས་གྱུར ་ནད་དན་མཁའི་ཁམས་ཀྱང་གང་གྱུར་ཅིང་།། དེ་བས་དེ་ན་ལྷག་པར་འགྱུར་ཞེས་གསུངས་སོ།། དེ་བས་ན་ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་འཛིན་པ་དང་། ཀློག་པ་དང་། འཆད་པ་དང་། མྱོས ་ནས་ཚིགས་བཅུད་གཉིས་ཙམ་ཡང་གཟུང་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པར་གྱུར་པ་དེའི་བསོད་ནམས་ཀྱི་སྟོབས་སོ།། ཀུན་ནས་དགེ་བའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་དགེ་བ་དང་། ཕན་པ་སེམས་ཤིང ་སྒྲུབ་པའི་ཕྱིར་རོ།། ཡེ་ཤེས་སྟོབས་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པར་བྱེད་པ་ནི་ཡེ་ཤེས་སོ།། ཆགས་པ་མེད་པར་གྱུར་པའི་ཞེས་བྱ་བ་ནི་དུས་གསུམ་དུ་མི་ཐོགས་པའོ།། ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ནི་དངོས་པོ ་རྣམས་ཇི་ལྟ་བ་བཞིན་དུ་སྟོབས་པའོ།། ཐབས་ཀྱི་སྟོབས་ཞེས་བྱ་བ་ནི། སྒྲུབ་པར་བྱ་བའི་རི་གུས་པ་ནི་ཐབས་ཏེ་སྒྲུབ་པའི་སྟོབས་ལ་ཐོགས་པ་མེད་པའོ།། ཏིང་ངེ་འཛིན་སྟོབས་ཞེས་བྱ་བ་ནི་སྟོབས་དྲང་བྱེད་པའི་ཏིང་ངེ་འཛིན་བསམ་གཏན་ནོ།། ་དེའི་མཐུས་འགྲོ་བ་ཐམས་ཅད་དུ་ཀྱིས་དོན་བྱ་བའི་ཕྱིར་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་སྡུད་པ་ཡི་མ་ཐོགས་པ་དེ་ནི་ཏིང་ངེ་འཛིན་གྱི་སྟོབས་སོ།། བྱང་ཆུབ་སྟོབས་རྣམས་ཞེས་བྱ་བ་ནི་བྱང་ཆུབ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་པ་སྟེ། དེ་ཐོབ་པར་བྱེད་པ་ནི་སྟོབས་སོ།། ཡང་དག་བསྒྲུབས་པར་བྱེད་ཅེས་བྱ་བ་ནི་དེའི་ཚོགས་སྒྲུབས་པའོ།། གཉེན་པོ་སྟེ་རྣམ་པ་བཅུ་གསུམ་པའོ།། དེ་ཡང་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་རྣམས་ཀྱིས་མི་མཐུན ་པའི་ཕྱོགས་རྣམས་འཇོམས་བྱ་སྟེ་རྣམ་པ་གསུམ་མོ།། དེ་ཡང་གང་ཞེ་ན། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་ལུས་རྣམས་དམིགས་ཀྱིས་ཕྱེ་བས ་ན་ལུས་དེ་ཡང་རྣམ་པ་གསུམ་མོ།། དེ་ལ་མི་དགེ་བླའི་ལས་ཀྱིས་གདོན་མི་ཟ་བར་མྱོང་བར་གྱུར་པ་ནི་ངན་སོང་གིསུམ་དུ་འབྲས་བུ་སྟོན་པར་འགྱུར་བའི་སྟོབས་ཏེ། དེ་སྦྱོང་བ་ནི་སྨན་བྱ་ལ་སོགསྨྲ་བའི་མཐུས་སྐྱུགས་པ་ལྟ་བུ་སྟེ། ་འདི་སྐད་དུ། མ་རུངས་པ་ཡི་ལས་བྱས་པ།། བདག་གིས་འགྱོད་པས་སྲབས་པར་འགྱུར།། བཤགས་ནུས་བསྡམས་པ་བྱས་ནས་ནཱ།། དེ་དག་རྩི་ནས་འདོན་པར་བཤད།། གཉེན་པོའི་སྟོབས་ཀྱིས་ཀྱང་ཀུན་ཏྱཱ་འབྱུང་བར་རུང་སྟེ། ་དཔེར་ན་འཛའ་བོའི་བུ་མོས་མ་ལ་བརྙས་པའི་རྒྱུའི་མི་དགེ་བའི་ལས་ནི་ཞིང་གིས་ཁྱད་པར་གྱིས་ཚེ་འདི་ཉིད་ལ་འབྲས་བུ་ཅུང་ཞིག་སྨིན་ནས་དེའི་བསམ་པའི་ཁྱད་པར་གྱིས་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་སེམས་བསྐྱེད་པས ་མེ་ལུས་པར་ཤིན་ཏུ་རྩ་བ་ནས་བྱུང་ནས་བཅོམ་མོ།། དེ་ལ་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་སེམས་བསྐྱེད་པ་ཇི་ལྟ་ཞེ་ནི་སྨྲས་པ། འདི་ལྟར་གང་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱིས་འདི་ལྟར་བདག་བཞིན་དུ་མ་ལ་བརྣས་པའི ་ལས་བྱས་པ་དེ་དག་ཐམས་ཅད་བདག་ཉིད་ཀྱི་མགོ་ལ་འཁོར་ལོས་བསྐོར་བའི་སྡུག་བསྔལ་གྱིས་ཕུང་པོ་ཆེན་པོ་མཚམས་མེད་པ་རྣམས་ནམ་འཁོར་བའི་མཐའི་བར་དུ་བདག་གིས་མྱོང་བར་གྱུར་ལ། སེམས་ཅན་གཞན་སུས ་ཀྱང་མྱོང་བར་མ་གྱུར་ཅིག་ཅེས་སེམས་བསྐྱེད་པའོ།། རྟེན་གྱི་སྟོབས་ཀྱིས་ཀྱང་ཇི་ལྟར་ཆེད་དུ་བརྗོད་པའི་སྡེ་ལུས་འཕོ་བར་འདོད་པའི་ལྷའི་བུ་གཞན་ཞིག་བརྩེགས་པ་ཕག་གི་མངལ་དུ་སྐྱེ་བར་ངེས་པའི་ལས་ཀྱི ་འབྲས་བུ་མངོན་པར་གྱུར་ནས་གསུམ་ལ་སྐྱབས་སུ་སོང་བ་ཙམ་གྱིས་ཐམས་ཅད་སྦྱངས་ཏེ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་ལས་ཤི་འཕོས་ནས་དགའ་ལྡན་གནམ་དུ་སྐྱེས་སོ།། ཆོས་ཐམས་ཅད་ལ་བདག་མེད་པོར་རྟོགས་པས་ཀྱང་ཤིན ་ནས་བྷཱ་བྷུང་། འཌཱུ་ཏེ། འདི་སྐད་དུ་ལས་སོ་སྒྲི་པ་བའི་འདི་རྒྱུ་སྟྭ~ཾ། དགེ་སློང་གཞིན་ཞིག་མི་ཚས་པར་སྤྱད་པ་ད། མེ་བས་དེ་བ་རཱི་བས་འབ་པ་གཉིས་བདུནད་དེ་མི་དགེ་ར་བས་ལོང་ག ་ཧཱུ~ཾ་སྨན་པ་བཞིན་དུ་གཙུག་ལག་ཁང་ནས་གཙུག་ལ་ཡཱ་ཁདྨ་གཞན་དུ། གྲོང་ནས་གྲོང་གཞན་དུ། ཚོང་དུས་ལ་སོགས་པར་སོང་ནས་སྡིག་པ་དེ་དཀ་འགྲོ་བ་ཐམས་ཅད་ཀྱི་མདུན་དུ་འཆགས་ཏེ། ཨེ་མའོ་བདག་ཉམས་སོ།། བདག་ཉམས ་སྒོ་ཞེས་ཕྱི་ཕྱིར་སྨྲས་ཏེ། སྡིག་བཤགས་པའི་སྐུས་ཤིང་གིས་བྲུང་ནས་ཇི་ཙམ་ན་ལས་དེ་བསྲབས་པར་གྱུར་ཀྱང་། དེའི་ཕྱིར་དེ་ཤིན་ཏུ་སེམས་ལ་གདུང་ཞིང་འདུག་པ་དེ་ཝ་མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན ་ཞིག་གིས་ཟོབོ་མོ་ཆོས་ཇི་ལྟ་ཇི་ལྟ་བར་བཤད་དོ།། གང་གིས་ངོའི་སྡིག་པ་ཐམས་ཅད་ཐམས་ཅད་དུ་རྩ་བ་ནས་ཕྱིན་ནས། ཆོས་ཐམས་ཅད་བདག་མེད་པར་རྟོགས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ངན་སོང་ཐམས ་ཅད་ཀྱི་ཉེས་པ་ཐམས་ཅད་ཀྱི་ཐེ་ཚོམ་སེལ་བ་དང་། སྒྲིབ་པའི་ཆོས་ཐམས་ཅད་སྤྱོད་པ་ནི་ཟབ་མོའི་ཆོས་ལ་མོས་པ་འདི་ཡིན་ཏེ། འདི་བཞིན་དུ་མོས་པར་བྱོས་ཤིག་ཅེས་གསུངས་སོ།། ཇི་ལྟར་འཕགས་པ་དེ་བཞིན་གཤེགས་པའི ་མཛོད་ཀྱི་མདོ་ལས་ཀྱང་། འོད་སྲུང་གང་གིས་ཕ་ཡང་ཡ་ནཱི་ལ། རང་སངས་རྒྱས་ཀྱང་ཡིན་པ་དེ་འཚོ་བ་དང་བྲལ་ན་འདི་ནི་སྲོག་གཅོད་པའི་ནང་ན་མཆོག་གོ། མུ་བྱིན་པར་ལེན་པའི་མཆོག་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་རྐུ ་བའོ།། འདོད་པས་ལོག་པར་གཡམ་པའི་མཆོག་ནི་འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཡིན་པ་ལ་ཉལ་བའོ།། བརྫུན་དུ་སྨྲ་བའི་མཆོག་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་བའོ།། ཕྲ་མའི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ ་འདུན་གྱི་དབྱེན་བྱས་པའོ།། ཚིག་རྩུབ་མོའི་ནང་ན་མཆོག་ནི་འདི་ལྟ་སྟེ། འཕགས་པ་རྣམས་ལ་འཕྱ་བའོ།། ཚིག་ཀྱལ་བའི་ནི་ང་ན་མཆོག་ནི་འདི་ལྟ་སྟེ། ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པའོ།། ཆགས་པའི་མཆོག་ནི་འདི་ལྟ ་སྟེ། ལྗང་དག་པར་སྣང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པའོ།། ངན་སེམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། འཕགས་པ་རྣམས་ལ་མི་བསྟེན་པའོ།། ལོག་པར་ལྟེ་བའི་ནང་ན་མཆོག་ནི་འདི་ལྟ་སྟེ། ་བ་ལ་ཤིན་ཏུ་ཞེན་པའོ།། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། འོད་སྲུངས་གལ་ཏེ་སེམས་ཅན་འགའ་ཞིག་གིས་ཁ་ན་མ་ཐོ་བ་ཆེན་པོ་མི་དགེ་བའི་བཅུའི་ལས་ཀྱི་ལམ་འདི་དག་དང་ལྡན ་པར་གྱུར་པ་དེས་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་པ་ཤུད་པ་ལ་ཞུགས་ནས། འདི་ལ་བདག་གམཱ། སེམས་ཅན་ནམ། འཚོ་བ་འམ། གང་ཟག་གམ། བྱེད་པ་བ་མཱ། སོ་སོར་མྱོང ་པར་བྱེད་པ་གང་ཡང་མེད་དེ། དེ་བས་ན་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་པར་འདུས་མེ་བྱས་པ། སྒྱུ་མའི་ཆོས་ཉིད་ཉོན་མོངས་པ་མེད་པ། རང་བཞིན་གྱིས་ཡོངས་སུ་དགུ་པ་དང་། ཐོག་མ་ནས་རྣམ་པར་དུག་པས་ཆོས་ཐསྨོས ་ཅད་ལ་མངོན་པར་དད་ཅིང་ཤིན་ཏུ་མྱོས་པའི་སེམས་ཅན་དེ་ནི་ངན་སོང་དུ་འགྲོ་བར་ངས་མ་གསུངངོ་།། ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་ཉོན་མོངས་པ་ཐམས་ཅད་ནི་བྱུང་ནས་ཞིག་སྡེ་མེད་པར་འགྱུརརོ།། རྒྱུ་དང་རྐྱེན་འདསུ་ནས་ཚོགས་ཤིང་སྐྱེ་སྐྱེས ་མཱ་ཐག་ཏུ་ཡང་འགགས་པར་འགྱུར་རོ།། བཅོམ་ལྡན་འདས་གང་སེམས་བསྐྱེད་པ་ཞི་བ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་ཞི་བར་གྱུར་ཅིང་། གང་འདི་བཞིན་དུ་ཤིན་ཏུ་མོས་པ་དྲི་ནི་ནམ་ཡང་སྡིག་པའི་རྒྱུར་མི་འགྱུར་རོ།། གང་གི་ཕྱིར ་སྒྲིབ་པ་མེད་པ་ལ་སྡིག་པར་འགྱུར་བའི་གནས་མེད་ཅིང་སྐབས་མེད་དོ་ཞེས་གསུངས་སོ།། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་མངོན་དུ་བྱས་ན་ཉེས་པ་ཐམས་ཅད་ཀྱི་རྒྱུར་འགྱུར་བའི་མི་དགེ་བ་ཤིན་ཏུ་འབྱུང་བར་འགྱུར་ཏེ། ཇི་སྐད་དུ ་འཕགས་པ་ཨུ་པ་ལས་དྲིས་པའི་མདོ་ལས་གསུངས་པ་དེ་སྟེ་བྱང་ཆུབ་སེམས་དཔའ་སྔ་དྲོ་ཉེས་པ་བྱུང་ན་ཉི་མ་གུང་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་ཡས་པར་རིག་པར་བྱའོ།། དེ་བཞིན་དུ ་ཉི་མ་གུང་ལ་ཉེས་པ་བྱུང་ན་ཕྱི་དྲོ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མི་ཟད་པར་རིག་བྱར་བྱའོ།། ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སྔ་ཡང་གསུངས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཉེས་བྱས་ཐམས་ཅད ་སྲེག་པའི་བསྐལ་པའི་མེ་ལྟ་བུར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པའོ།། སུམ་བརྒྱ་པ་ལས་གསུངས་པ། རབ་འབྱོར་རིགས་ཀྱི་བུ་འ་མ་རིགས་ཀྱི་བུ་མོ་གང་གིས་འདི་ལྟ་བུའི་མདོ་སྡེ་འཆང་བ་དང་། འཛིན་པ་དང་། ཀླག་པ་དང་། ཀུན་ཆུབ་པར ་བྱེད་པ་དེ་ལ་ཡོངས་ཀྱིས་བརྙས་པར་འགྱུར། ཤིན་ཏུ་ཡོངས་ཀྱིས་བརྙས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཅན་དེ་དྲག་གིས་ཚེ་རབས་སྔ་མཱ་སྔ་མ་ལ་མི་དགེ་བའི་ལས་བྱས་ཏེ། གང་ངན་སོང་དུ་སྐྱེ་བར་འགྱུར་བ་དེ་དག་ཚེ་འདི ་ལས་ཡོངས་ཀྱི་བརྙས་པས་ཚེ་རབས་སྔ་མའི་ལས་མི་དགེ་བ་དེ་དག་བྱང་བར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་བཤད་དོ།། ཁ་ཅིག་འདི་སྐད་དུ་སྡིག་པའི་ཡིས་ཆུང་ངུ་དང་འབྲིང་པོ་དག་ནི་བཤགས་པ་ལ་སོགས་པའི་མཐུས་བྱ་བར་འགྱུར ་གྲང་ན། མཚམས་མེད་པ་ལ་སོགས་པ་ལྕི་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་བར་ཇི་ལྟར་འགྱུར་ཞེས་ཟེར་བ་དག་ཀྱང་ཡོད་དོ།། དེའི་ལྡན་དུ་མ་སྐྱེས་དགྲ་ལ་སོགས་པས་མཚམས་མེད་པ་བྱས་པས་བསམ་པ་ཆུང་ངུ་དང་འབྲིང་པོ་དང ་ཆེན་པོའི་རིམ་པས་མནར་མེད་པར་བསྐལ་པ་ཆུང་ངུའམ་ཉུང་ངུ་འམ་ཕྱེ་དུ་གནས་པར་འགྱུར་བ་ལས་དེ་དག་ཕྱིས་ཤིན་ཏུ་འགྱོད་པའི་མེས་གདུངས་པའི་སེམས་ཀྱིས་འགྱོད་ནས་བཤགས་པའི་མཐུས་ནད་ལས་དེ་བསྲབས་པར་འགྱུར་ཏེ། གང་འགྲོ ་ལོང་བརྡབས་པའི་དུས་ཙམ་དུ་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་གྱུར་ཏོ།། ཞེས་གསུངས་ན། དེ་ཅི་དེ་ཙམ་གྱིས་ཀྱང་ལས་རྣམས་ཤིན་ཏུ་རྩ་བ་ནས་འབྱུང་བར་མི་འགྱུར་བ་མ་ཡིན་ཏེ་འགྱུར་རོ།། ཅི་སོས ་མ་གཅིག་ཆོད་པས་སོགས་མ་ཀུནི་བརྡབས་པར་འགྱུར་ར་མི། ག་གསུངས་པ། བསྐལ་པ་བརྒྱ་དག་སྙེང་དུ་ཡང་།། ལས་རྣམས་ཆུང་ཟླར་མི་འགྱུར་ཏེ།། ཚིགས་པ་སུ་ཥཱ་།། ལུས་ཤཱན་རྣམས་ལྔ་འབྲས་བུར་སྨཻ་ནི་ཞེས་བྱ་བ ་ལ་སོགས་པ་དེ་ཇི་ལྟར་ང་མེ་པཱ་བྱ་ཞེ་ན། རྣམ་པར་འགྱོད་པ་ལ་སོགས་པ་སྤྱོད་པའི་མཐུས་ལས་གང་བདག་མངོན་པར་མི་སྦྱངས་ཤིང་བསྲབས་པར་མ་བྱས་པ་དེ་དག་ནི་ད་རྣ་བའི་ཆོས་འདི་ཡིན་པར་རིག་པར་བྱའོ།། དེ་ལྟར་ཡང ་གསུངས་པ། མི་ཤེས་པས་ནི་སྡིག་པ་ཆུང་བྱས་འོག་ཏུ་འགྲོ།། མཁས་པས་ཉེས་པ་ཆེ་བྱས་ཀྱང་ནི་སྤོང་བར་འགྱུར།། བསྒོངས་པའི་ལྕགས་ནི་ཆུང་ཡང་ཆུ་ཡི་འོག་ཏུ་འབྱིང་། ནི་ཉིད་སྣོད་དུ་བྱས་ན་ཚྭ་ཡང་སྟེང་ན་འཕྱོ་ཞེའོ།། ངེས ་པར་མི་མྱོང་བའི་དུས་གསུལ་གྱིས་སྡིག་པའི་ལས་བགྲང་བ་ལས་འདས་པ་དེས་ཡང་ལས་ཀྱིས་དབང་གིས་ཕྱོགས་བཅུ་ཀུན་ཏུ་སྐད་ཅིག་གིས་འཁོར་བའི་མཐའི་བར་དུ་རྒྱུན་ཏུ་ན་སེང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ལ ་ཕན་པ་དང་བདེ་བའི་ཕྱིར་དེ་དག་གི་རེས་དང་རྒྱ་དང་ཁ་དོག་དང་དབྱིབས་དང་ཚང་ཐ་དད་པར་འབྲས་བུ་རྣམ་པར་སྨིན་པར་གདོན་མི་ཟ་བར་མི་བྱེད་དོ།། དགེ་བའི་ལས་ཀྱིས་ཀྱང་སོགས་པའི་འབྲས་བུ་སྨིན་པར་བྱ་ནུས་པའི་མཐུ་འདི ་ལྟར་ཡོངས་སུ་འབྱུང་ངོ་།། ཇི་ལྟ་ཞེ་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལས་བྱང་ཆུབ་ཉིད་དུ་སྨོན་ལམ་གྱི་མཐུས་བསྔོས་ཤིང་གདོན་མི་ཟད་པར་བྱེད་པའོ།། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མི་གཡོ་བའི་ལས ་བསམ་གཏན་ལ་སྙོམས་པར་འཇུག་པའི་རྒྱུ་དེའི་སྟོབས་ཉིད་ཀྱང་དེ་ལས་བཟློག་ཏེ། ལས་ལ་དབང་བས་སེམས་ཅན་གྱིས་དྲིན་དུ་གར་དགའ་བར་སྦྱོར་བ་སྟེ། འདི་ནི་དག་པར་བྱེད་པའོ།། ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར ་བྱེད་ཅེས་བྱ་བ་ནི་ལུས་དང་སེམས་ཀྱི་རྒྱུད་སྦྱིན་རྨོངས་པར་བྱེད་པ་ནི་ཉོན་མོངས་པ་སྟེ་འདོད་ཆགས་ལ་སོགས་པའོ།། དེ་དག་གི་སྟོབས་ལྷག་པར་ཆི་བས་དེའི་མཐུས་འགྲོ་བ་ཐམས་ཅད་ལ་རིགས་པཾ་དང་མི་རིགས་པ་དང་། ཕན་པ་དང ་མི་འཕེན་པ་དང་། ལྕི་བ་དང་ཡང་བ་ལ་སོགས་པ་ཐམས་ཅད་མི་ཤེས་པ་ལ་སོགས་པ་དེ་ལ་མི་གཙང་བ་ལ་སོགས་པ་བསྒོམ་པས་འཇིག་རྟེན་གྱི་ལམ་གྱིས་ཡོངས་སུ་སྦྱངས་པ་སྟེ་མངོན་པར་གཞིལ་བའོ།། འདོར་ན་ཉོན་མོངས་པ ་ལས་དབང་བས་བྱང་ཆུབ་ཀྱི་ཡན་ལག་གི་དངོས་པོར་འགྱུར་བའོ།། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་ཞེས་བྱ་བ་ལ་བདུད་ནི་ལྷའི་བུ་ལ་སོགས་པ་སྟེ། དེ་དག་གཱ་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་བར་ཆད ་བྱེད་ནུས་པ་དེ་ལོ་མངོན་པར་ཤེས་པའི་སྟོབས་ཀྱིས་སྟོབས་མེད་པ་དང་། མཐུ་མེད་པ་དང་། གནས་མེད་པར་བྱེད་པའོ།། བཟང་པོ་སྤྱོད་པའི་སྟོབས་ཀུན་རྫོགས་པར་བགྱི།། ཞེས་བྱ་བ་ནི་བཟང་པོ་སྤྱོད་པའི་སྟོབས་ནི་གཉེན ་པོའི་མི་མཐུན་ཕྱོགས་རྣམས་ཀྱིས་མི་ཚུགས་ཤིང་མངོན་པར་འདུ་མི་བྱེད་པའོ།། དེ་དག་ཀུན་མ་ལུས་པར་རྫོགས་པར་བྱེད་པ་ནི་གོང་དུ་བཤད་པའི་རྫུ་འཕྲུལ་ལ་སོགས་པ་སྟོབས་བཅུ་བཤད་པ་དང ་གོང་དུ་སྨོས་པའི་གཉེན་པོ་རྣམས་གསུམ་མོ།། གང་བྱང་ཆུབ་སེམས་དཔའི་ལས་ནི་རྣམ་པ་བཅུ་བཞི་པ་སྟེ། དེ་ཡང་རྣམ་པ་བརྒྱད་དོ།། ཞི་དུ་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ ་རྣམ་པ་གཉིས་ཏེ། དེ་ཡང་གང་ཞེ་ན། ཞིང་རྣམས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་བདེ་བ་ཅན་དང་པདྨོ་ཅན་ལྟར་དགྲ་པར་བྱེད་པའོ།། དེ་བཞིན་དུ་འཁོར་བ་ན་རྒྱུ་ཉོན་མོངས་པའི་ལྕགས ་སྒྲོགས་གི་ཆུང་བས་བཅིངས་པའི་སེམས་ཅན་རྒྱ་མཚོ་སྙེད་ལ་རྫུ་འཕྲུལ་དང་ཀུནུ་བརྗོད་པའི་ཆོ་འཕྲུལ་རྣམ་པ་གཉིས་ཀྱིས་མགུ་བར་བྱས་ནས་རྗེས་སུ་བསྦྱིན་པའི་ཆོ་འཕྲུལ་གྱིས་སྐད་ཅིག་ཏུ་རྣམ་པར་གྲོལ་བར་བྱེད་པའོ།། ཆོས ་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་ཞེས་བྱ་བ་ནི་ཐོབ་པར་བྱ་བློའི་ཆོས་རྒྱུ་མཆི་སྙིང་དང་། བཤུད་བུའི་ཆོས་རྒྱ་མཚོ་སྙེད་ཤེས་རབ་ཀྱི་མིག་གིས་སྐད་ཅིག་རེ་རེ་ལ་ཡང་མཐོང་བར་བྱའོ།། ཤེས་པར་བྱབ་མཐོ་ཡས་པས་ན ་ཡེ་ཤེས་ཀྱང་མཐའ་ཡས་པ་སྟེ། དེ་བས་ན་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་སྟེ། རབ་ཏུ་རྟོགས་པར་བྱེད་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བ་སྟེ། རྟོགས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ནི་བྱང་ཆུབ་སེམས ་དཔའི་སྤྱོད་པ་དང་། བཟང་པོ་སྤྱོད་པ་གཉིས་དམིགས་ཀྱིས་མ་ཕྱེ་བས་ན་གཉི་ག་གཟུང་བར་རིག་པར་བྱའོ།། དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབས་པ་སྟེ། ཡེ་ཤེས་ཀྱི་ཚོགས་སོ།། བཟང་པོ་སྤྱོད་པ་ཡང་འགྲོ་བ་ཐམས ་ཅད་ལ་ཕན་པ་དང་བདེ་བར་བྱེད་པ་སྟེ་བསོད་ནམས་ཀྱི་ཚོགས་སོ།། བཟང་པོ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་གཉི་ག་ཡང་བྱང་ཆུབ་སྒྲུབ་པ་ཡིན་མོད་ཀྱི། མངོན་གསུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པ་ཙམ་ཞིག་བྱེ་བྲག་ཡོད་དོ།། སྤྱོད་པ ་རྒྱུ་མཚོ་དག་མངོན་པར་ཤེས་པའི་སྟོབས་ཀྱིས་སྐད་ཅིག་མཱ་རེ་རེས་རྣམ་པར་དག་པར་བྱེད་པ་ནི་དྲི་མ་མེད་པར་བྱེད་པའོ།། སྨོན་ལམ་རྒྱ་མཚོ་ཞེས་བྱ་བ་ནི་སྐད་ཅིག་མཱ་རེ་རེ་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱིས་མཐུས་རྫོགས་པར་བྱེད ་པོའོ།། སངས་རྒྱས་རྒྱ་མཚོ་ཕྱོགས་བཅུ་ནས་མཆོད་པའི་སྤྲིན་གྱིས་ན་མཁའིའ་ཁྱབ་བོར་སྐད་ཅིག་གིས་རབ་ཏུ་མཆོད་པའོ།། བསྐལ་པ་རྒྱ་མཚོ་མི་སྒྲོ་སྤྱད་པར་བགྱི་ཞེས་བྱ་བ་ནི་མི་སྐྱོ་བའི་ཡིད་ཀྱིས་སོ།། སངས་རྒྱས་དང་བྱང་ཆུབ་སེམས ་དཔའི་རྗེས་སུ་སློབ་པར་བསྔོ་བ་ནི་རྣམ་པ་བཅོཾ་ལྔ་བྷ་སྟེ། དེ་ཡང་རྣམ་པ་གཉིས་ས་དེ་ལ་དེ་བཞིན་གཤེགས་བཱིའི་རྗེས་སུ་སློབ་པར་བསྔོ་བ་གང་ཞེ་ན། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་སི་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བ ་དུས་གསུམ་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་དང་སྨོན་ལམ་གྱི་ཁྱད་པར་དེ་དག་ཐམས་ཅད་བདག་གིས་མེ་ལུས་པར་རྫོགས་པར་བགྱིའོ་ཞེས་བྱ་བ་སྟེ། ཡོངས་སུ་རྫོགས་ཤིང་རབ་ཏུ་ཆུད་པར་བྱའོ།། བཟང་པོ་སྤྱོད་པས་ཞེས ་བྱ་བ་ནི་བཟང་པོ་སྤྱོད་པས་སོ།། བྱང་ཆུབ་སངས་རྒྱས་ནས་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱའོ།། ལུས་དང་ངག་དང་ཡིད་རྣམས་ཀྱི་སྤྱོད་པ་དང་ཞིང་དང་སྨོན་ལམ་རྣམས་རྣམ་པར ་པས་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་བསྒྲུབ་པར་བསྔོ་བ་སྟེ། ཚོགས་བཅད་གསུམ་མོ།། དེ་ཡང་གང་ཞེ་ན། སྲས་ཀྱི་ཐུ་བོ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ ་ཀྱི་བཟང་པོ་སྤྱོད་པ་གང་ཡིན་པ་དང་། དེ་ལྟར་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཇི་སྙེད་པ་དང་། ཏིང་འཛིན་ཇི་སྙེད་པ་དང་། མངོན་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་སོགས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མཐར་ཕྱིན་པ་ནི་འཕགས་པ་ཀུན་ཏུ་བསང ་ཆུབ་སེམས་དཔའ་སྟེ། དེ་བས་ན་སྲས་ཀྱི་ཐུ་བོ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་རྒྱལ་བ་ཀུན་གྱིས་སྲས་ཀྱི་ཐུ་བོ་ནི་འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའོ།། མཁས་པ་དེ་དང་ཞེས་བྱ་བ་ནི་དེ་ཉིད་མཁས ་མཚུངས་པར་སྤྱད་པའི་ཕྱིར་ཞེས་བྱ་བ་ནི་མཐུན་པར་སྤྱོད་པ་སྟེ། ཇི་ལྟར་བསྟན་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་སྐད་ཅིག་རེ་རེ་ལ་ཡོངས་སུ་བསྔོ་བར་བྱ་བའོ།། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་ཞེས་བྱ་བ་ནི་ལུས་དང་ཡང་ཡིད ་རྣམས་ཀྱི་སྤྱོད་པོ་རྣམ་པོར་དག་པ་དང་། ཞིང་རྣམས་རྣམ་པར་དག་པ་སྟེ། བཟང་པོ་མཁས་པ་ཞེས་བྱ་བ་ནི་འཕགས་པ་ཀུན་ཏུ་བཟང་པོ་མཁས་པའོ།། ཅི་འདྲ་བར་ཞེས་བྱ་བ་ནི་ཇི་ལྟ་བུ་ཡིན་པར་རོ།། དེ་འདྲ་ཞེས་བྱ་བ་ནི་དེ་འ ་ཀྱང་གྱུར་ཅིག་པའོ།། མཚུངས་པར་ཞེས་བྱ་བ་ནི་འདྲ་བར་རོ།། ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་ཐོགས་མ་དང་ཐ་མ་དང་བར་དུ་དགེ་བའོ།། འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ ་གྱི་སྨོན་ལམ་སྤྱོད་པར་ཤོག། ཅིག་པའོ།། དེའི་སྨོན་ལམ་ཇི་ལྟ་བུ་ཞེ་ན། གཞུང་ལས་འཕགས་པ་འཇམ་དབུལ་ན་མཁའ་ཞེས་བྱ་བའི་རྒྱལ་པོར་གྱུར་པའི་ཚེ་འཁོར་བ་ཐོག་མ་དང་ཐ་མྲ་དང་བྲལ་བ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་རྣམས་ལ་ཚད་མེད ་བའི་ཕན་པ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེན་པོ་རྣམས་སོ།། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བ་ནི་མ་འོངས་པའི་བསྐུལ་པ་ཐམས་ཅད་མ་ལུས་པར་མི་སྐྱོ་བའི་ཡིད་ཀྱིས་གཞན་དུ་མི་སེམས་པར་སངས་རྒྱས་དང་། བྱང་ཆུབ ་སེམས་དཔའ་དེ་དག་གི་བྱ་བའི་ལས་མ་ལུས་པ་ཡོངས་སུ་རྫོགས་པར་བྱ་ཞིང་རབ་ཏུ་བསྒྲུབ་པར་བགྱིའོ།། སྦྱོར་བ་དང་ཡོན་ཏན་དང་སྤྱོད་པ་དང་གནས་དང་ཚད་མེད་པའི་ཁྱད་པར་བསྡུ་བ་ནི་རྣམ་པ་བཅུ་དྲུག་པ་སྟེ། དེ་ཡང་གང་ཞེ་ན། སྦྱོང་བ ་དག་ནི་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་པྲ་ལ་སོགས་པའོ།། བདག་གི་སྤྱོད་པ་ཡང་ཚད་ཡོད་མ་གྱུར་ཅིག་ཅེས་བྱ་བ་ནི་ཆུ་དུ་མེད་པར་གྱུར་ཅིག་པ་སྟེ། ཚད་མེད་པའི་སྤྱོད་པ་དང་། ཚད་མེདེ་བའི་ཡོན་ཏན་ལ་གནས་པས་དེ་ལྟར་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམ་པར་སྤྲུལ་པའི་འཕྲུལ་གྱི་ཡ་མཚན་ཐམས་ཅད་ཡོངས་སུ་ཤེས་པར་གྱུར་ཅིག་པའོ།། དེའི་བྱེ་བྲག་རྣམ་པ་བཅུ་དྲུག་སྟེ། དེ་ཡང་བརྒྱད་པའོ།། ད་ནི་དེའི་མཐའ་སྟེ་རྣམ་པ་དགུ་པའོ།། བཟང་པོ་སྤྱོད་པའི་སྨོན་ལམ་གྱི ་མཐའ་དེ་ཡང་ན་མཁའ་ལ་སོགས་པ་དཔེར་བརྗོད་པ་རྣམ་པ་བཞི་སྟེ། དེ་ཡང་གང་ཞེ་ན། ན་མཁའི་མཐར་ཐུག་གྱུར་པ་ཇི་ཙམཱ་པ་ཞེས་བྱ་བ་ལ་སོགས་པའོ།། ཇི་ཙམ་ཞེས་བྱ་བ་ནི་ན་མཁའི་མཐའི་མཐའ་ཇི་ཙམ ་པ་སྟེ། ན་མཁའི་མཐའ་ཙམ་དུ་གྱུར་ཅིག་པའོ།། སེམས་ཅན་ཀུན་གྱི་མཐའ་ཇི་ཙམ་པ་དང་། འགྲོ་བ་རྣམས་ཀྱི་ལས་དང་ཉོན་མོངས་པོའི་མཐའ་ཇི་ཙམ་པར་བདག་གི་བཟང་པོ་སྤྱོད་པའི་སྨོན་ལོམ་གྱི་མཐའ་ཡང་དེ་ཙམ་དུ་གྱུར་ཅིག ་པའོ།། ནམ་མཁའ་ལ་སོགས་པ་ལ་ཡང་ཡོངས་སུ་ཟུད་ཅིང་ཐུག་པ་མེད་དེ། དེ་ལྟར་བདག་གི་སྨོན་ལམ་འདིའི་མཐའ་ཡང་ཟད་ཅིང་ཐུགས་པ་མེད་པར་གྱུར་ཅིག་པའོ།། སྨོན་ལམ་གྱི་ཡོན་ཏན་ནི་རྣམ་པ་བཅུ་པ་སྟེ། ཚེ་འདི་དང་། ཕ་རོལ་གྱི ་རྣམ་པ་གཉིས་སོ།། དེ་ལ་ཚེ་འདིའི་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཁྱད་པརླ་ཙན་ཡོངས་སུ་སྡུད་པ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་དང་སྐལ་པ་མཐུན་པ་ཐོབ་པ་དང་། ལས་ཀྱི་སྒྲིབ་པ ་ང་བ་རྣམས་སོ།། དེ་དངོས་པོ་ཆེ་བ་དང་རྒྱ་ཆེ་བ་དང་སྣ་ཚོགས་ཀྱི་དངོས་པོ་བསྡུ་བ་དང་། ཞིང་ཁྱད་པར་ཅན་གྱིས་ངེས་དང་། གང་གིས་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྨིན་ལམ་འདི་ལ་དང་པས་བསོད་ནམས་ཁྱད་པར་ཅན་ཡོངས་སུ་སྡུད་པར ་འགྱུར་ཏེ། དེ་ཡང་ཞེ་ན། གང་ཡང་ཕྱོགས་བཅུའི་ཞེང་རྣམས་མཐའ་ཡས་པ་ཞེས་བྱ་བ་ལ་སོགས་པའོ།། འདི་ལྟར་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་འམ་གོང་གིས་ཕྱོགས་བཅུ་མཐའ་ཡས་པ་མུ་མེད་པ་ན་སངས་རྒྱས་ཀྱི་ཞིང་རྣམས ་རིན་པོ་ཆེ་སྣ་ཚོགས་དང་། ན་བཟའ་དང་། བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་དང་། སྤོས་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། ཕྲེང་བ་ལ་སོགས་པ་དང་། སིལ་སྙན་མཱིའི་ལས་འདས ་པ་འཕྲུལ་གྱི་རྒྱན་རྣམས་ཀྱིས་རབ་ཏུ་བརྒྱན་པ་དང་། མིའི་མ་ཡིན་པའི་འཕྲུལ་གྱི་རྒྱན་རྣམས་ཀྱིས་རབ་ཏུ་བརྒྱན་པ་དང་། མེའི་མ་ཡིན་པའི་འཕྲུལ་གྱི་ཞལ་ཟས་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བདེ་བ་སྐྱེད་པ་རྣམས་སངས་ཀྱི་ཞིང་གི་རྡུལ་དང ་མཉམ་པའི་བསྐལ་བར་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་ཞིང་ཕུལ་བ་བས། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། ལྷན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི་ཞེས་བྱ་བ་སྟེ། འདི་ནི་འདི་ཉིད་དོ་ཞེས་ངེས་པ་བསྐྱེད་པར་བྱས་པ་སྟེ། དེ་ཡང་གང ་ཞེ་ན། བྱང་ཆུབ་མཆོག་གི་རྗེས་སུ་མོས་ཤིང་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཞུགས་པ་དེས་སྔ་མའི་སྦྱིན་པའི་བསོད་ནམས་པས་འདྲིའི་བསོད་ནམས་ཁྱད་པར་ཅན་དུ་འགྱུར་རོ།། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པོས་དེ་བཞིན་གཤེགས་པ ་མཐོང་བ་སྟེ། དེ་ཡང་གང་ཞེ་ན། དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། ངེས་སྤང་བར་བྱ་བ་ནི་སྡིག་པ་དང་ངན་སོང་གསུམ་མོ།། དེས་ནི་གྲོགས་པོ་ངན་པ་སྤང་བར་འགྱུར་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་མི ་དགེ་བའི་བཤེས་གཉེན་རྣམས་སོ།། འཆི་བའི་ཚེ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་དེ་ཡང་དེས་མྱུར་དུ་གདོན་མི་ཟ་བར་མཐོང་བར་འགྱུར་ཏེ། གང་གིས་མཐོང་ཞེ་ན། གང་གིས་འདི་ལྟར་བཟང་པོ་སྤྱོང་བའི་སྨོན་ལམ ་འདིའི་དོན་དང་། ཚིགས་བཅས་པར་སེམས་ཀྱིས་ཆུབ་པའོ།། ཚེའི་འཚོ་བ་དགེ་བ་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཐུན་པ་ཐོབ་པ་སྟེ་དེ་ཡང་གང་ཞེ་ན། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ་ཞེས ་བྱ་བ་ལ་སོགས་པའོ།། བླ་ན་མེད་པའི་སྨོན་ལམ་རིན་པོ་ཆེའི་ཐོབ་པ་ནི། རབ་ཏུ་རྙེང་པོ་སྟེ། བདེ་བར་འཚོ་བ་རྙེད་པ་སདྨ་སྨོན་ལམ་རིན་པོ་ཆེ་འདི་ལྟ་བུ་ཐོས་པསྡུ་སོ།། དེ་ལྟ་བས་ན་ཆེའི་མཆོག་ཐོབ་པར་བྱ་བའི་དངོས་པོ་ཐོབ་པར་འགྱུར་བའི ་ཕྱིཕྱིར་རོ།། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས་ཞེས་བྱ་བ་ནི་དགེ་བར་འོངས་པའོ།། ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར་ཞེས་བྱ་བ་ནི་དེ་ལྟར་རིང་པོར་མི་ཐོགས་པར་འགྱུར་བའོ།། ལས་ཀྱི་སྒྲིབ་པ་ཡོངས་སུ་འབྱུང་བའི་ཡོན་ཏན་ནི། ་ནོརྣམ་པ་བཞི་པ་སྟེ། དེ་ཡང་གང་ཞེ་ན། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས་ཞེས་བྱ་བ་ལཾ་སོགས་པའོ།། སྡིག་པ་མཚམས་མེད་པ་ལྔ་ནི་མྱེ་བསྡང་པ་ལ་སོགས་པའོ།། གང་གིས་མི་ཤེས་དབང་གིས་བྱས་པ་དག་ཅེས་བྱ་བ་ནི་མི་ཤེས ་པའི་རྩ་བ་ལས་བྱུང་བའི་ཕྱིར་འདོད་ཆགས་ལ་སོགས་པ་གཞན་དག་ལ་ཡང་མི་ཤེས་པའི་དབང་གིས་ཞེས་བྱ་བའོ།། དེ་ཡིས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་གོང་བཞིན་དུ་བཟུང་ནས་དང་པའི་ཆུས་སེམས་བརླན་པར་བྱས་ཏེ ་བརྗོད་པ་དང་། འཆད་པ་དང་། མོས་པར་བྱེད་པ་དང་། ཀློག་པ་དང་། འཆང་བ་དང་། སྒོམ་པ་རྣམས་བྱས་ན་མཚམས་མེད་པའི་སྡིག་པ་ཡང་མྱུ་ར་དུ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ།། ཚེ་ཕྱི་མའི་ཡང་རྣམ་པ་གཉིས་ཏེ།། རྒྱུས ་བསྡུས་པ་དང་།། འབྲས་བུས་བསྡུས་པའོ།། དེ་ལ་རྒྱུས་བསྡུས་པ་ནི་ཡེ་ཤེས་དང་། མཚན་དྲང་དཔེ་བྱད་ཀྱིས་ལུས་བརྒྱན་པ་དང་། ནད་མེང་བའི་མཆོག་གི་མཚན་རྣམས་ཏེ། དེ་ཡང་གང་ཞེ་ན། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པའོ།། ་ཡེདྱ་ཤེས་ཞེས་བྱ་བ་ནི་ཤེས་པ་སྟེ། སྤྱོད་པ་ཐམས་ཅད་དཔེ་ལྡན་པའོ།། གཟུགས་ཞེས་བྱ་བ་ནི་གཟུགས་ཡིད་འཕྲོག་པའོ།། མཚན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དབུའི་གཙུག་གཏོར་ལ་སོགས་པའོ།། མཚན་གྱི ་འཁོར་དཔེ་བྱད་ཡིན་པས་ན་དེ་དང་ཡང་ལྡན་པར་རིག་པར་བྱའོ།། རིགས་ཞེས་བྱ་བ་ནི་བྲམ་ཟེ་དདུ་རྗེའུ་རིགས་ལ་སོགས་པ་གཞན་དྲག་ཀྱང་ངོ་།། ཁ་དོག་ཅེས་བྱ་བ་ནི་རུས་ཚན་པོ་བཙུན་པ་རྣམསོ།། ལྡན་པར་ཞེས་བྱ་བ་ནི་ཀུན་དང་ལྡན་པའོ།། འགྱུར་ཞེས་བྱ་བ ་ནི་དེ་ལྟར་འགྱུར་བའོ།། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅེས་བྱ་བ་ནི་བདུད་མང་པོ་དང་། མུ་སྟེགས་ཅན་མང་པོས་མི་ཚུགས་ཤིང་ཟིལ་གྱི་མི་ནོན་པའོ།། མཆོད་པར་གྱུར་ཅིག་ཅེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པར་གྱུར ་ཅིག་པ་སྟེ། གང་གིས་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལས་འཛིན་ཅིང་སྟོན་ཅིང་། འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་སོང་བ་དང་། སེང་གེའི་གདན་ལ་བཞུགས་པར་བསྟན་པ་དང་། བདུད་རྣམས་རབ་ཏུ་བཏུལ་བ་དང་། མངོན་པར་བྱང ་ཆུབ་པ་སྟེ། ཆོས་ཀྱི་འཁོ་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་དོ།། དེ་ཡང་གང་ཞེ་ན། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། བཟང་པོ་སྤྱོད་པ་བླ་ན་མེད་པ་འདིས་ཤིན་ཏུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མྱུར ་@དུ་འགྲོའོ།། བྱང་ཆུབ་ཤིང་དབང་དྲུང་ཞེས་བྱ་བ་ནི་བྱང་ཆུབ་ཤིང་དབང་གི་དྲུང་དུའོ།། སོང་བས་ཀྱང་སྐྱིལ་མོ་ཀྲུང་བཅས་ཏེ་སེང་གེའི་གདན་ལ་འགྲོ་བ་ཐམས་ཅད་ལ་བདེ་ཞིང་ཕན་པའི་ཕྱིར་འདུག་ནས་བདུད་སྡེ་དང་བཅས་པ་རབ་ཏུ ་སྟེསྟེ། དེ་ནས་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པར་བསྟན་ཏོ།། ་དེ་ཡང་གང་ཞེ་ན། གང་ཡང་གང་ཞེ་ན། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཞེས་བྱ་བ་ལ་སོགས་པའོ།། གང་གིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཚང་བ་དང་སྟོན་པ་དང་། ཀློག་པའི་རྣམ་པར་སྨིན་པ་ནི་སུ་གང་གིས་ཤེས་ཤེ་ན། ཉན་ཐོས ་དྲུང་། རང་སངས་རྒྱས་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ཏེ། གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་ཏེ། སྨོན་ལམ་རིན་པོ་ཆེའི་རྣམ་པར་སྨིན་པར་ཇི་ལྟར་མཁྱེན་ཅེ་ན། བྱང་ཆུབ་མཆོག་ལ་ཞེས་བྱ་བ་སྟེ། བླ་ན་མེད་པའི་བྱང་ཆུབ་མཆོག ་གི་འབྲས་བུའོ།། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཡང་མ་ལུས་པར་འདིར་བཤད་པར་རིག་པར་བྱ་སྟེ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ནི་འདིའི་ཞར་གྱིས་འབྱུང་བར་རིག་པར་བྱའོ།། དེ་བས་ན་སྨོན་ལམ་འདི་ལ་དོགས་པ ་དང་སེམ་ཉིད་མ་བྱེད་ཅིག་ཅེས་པའོ།། ད་ནི་བསྔོ་བ་བསྟན་པ་ཞེས་བྱ་བ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་ཅེས་བྱ་བ་ལ་སོགས་པའོ།། འཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཀྱང་དེ་བཞིན་དུ་སྟེ། དགེ ་བའི་ཕུང་པོ་འདི་དག་ཐམས་ཅད་དེ་དག་གིས་རྗེས་སུ་བསྔོ་ཞིང་སློབ་པ་ནི་བྱང་ཆུབ་སེམས་དཔའི་བསྔོ་བའོ།། འདི་ནི་དེ་བཞིན་གཤེགས་པའི་བསྔོ་བ་སྟེ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པའོ།། དུས ་གསུམ་གྲཝ་ཤེགས་པའི་རྒྱལ་བ་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བླ་ན་མོང་བ་མཆོག་ཏུ་བསྔོ་བར་བསྔགས་ཤིང་བསྟོད་པ་སྟེ། དེ་ལྟར་བདག་གིས་བསྔོ་བ་ནི་བླ་ན་མང་པ་མཆོག་ཀུན་ཏུ་བཟང་པོའི་སྤྱོང་བའི་དགེ་བོའི་ཚོགས་འདི་ཀུན་ཀྱང་དེ་ལྟར ་རོ། འདི་ལ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྡིག་པའི་སྒྲིབ་པ་སྤོང་བའོ།། ཕྱེད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ལུས་ཡོངས་སུ་བཟུང་བའོ།། དེ་ཡང་གང་ཞེ་ན། བདག་ནི་འཆི་བའི་དུས་བྱེད་ཅེས་བྱ་བ་ལ་སོགས་པའོ།། འཆི་བར་བྱེད་པ་ནི་འཚོ་བ ་སྟེ། འཆི་བའི་དུས་སུ་བཟང་པོ་སྤྱོད་པ་ལ་གང་གིས་སྒྲིབས་པར་འགྱུར་བའི་སྒྲིབ་པ་དེ་ཐམས་ཅད་ཕྱིར་བསེལ་པོའོ།། མངོན་པར་མཐོང་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་མངོན་སུམ་དུ་མཐོང་བའོ།། དེར་ཞེས་བྱ་བ་ནི་བ་བ་ཅན ་འཇིག་རྟེན་དུ་འགྲོ་བ་ལ་བྱའོ།། དེར་སོང་ན་ཞེས་བྱ་བ་ནི་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་དེར་སོང་བ་སྟེ། ཇི་ལྟར་སྨྲས་པ་བཞིན་སྨོན་ལམ་དུ་བཏོབ་པ་དེ་ཀུན་བདག་གིས་མངོན་སུམ་དུ་རྫོགས་པར་གྱུར་ཅིག་པའོ།། དེ་དགུ་མ་ལུས་བདག་གིས་ཡོངསུ་སུ ་བཞིང་ཞིས་བྱེ་བ་ནི། སེམས་ཅན་ཐམས་ཅད་ལ་འདི་ལྟ་བུ་ཕན་པར་བྱ་བར།། ཇི་སྲིད་བུ་ཞེ་ན། འཇིག་རྟེན་རྗེ་སྲིད་ཅེས་བྱ་བ་དྷེ། འཇིག་རྟེན་ཇི་སྲིད་པར་འགྲོ་བ་རྣམས་ཀྱི་དོན་བྱེ་བའོ།། ལྷག་མི་ནི་ལུང་བསྟན་པ་ཐོབ་པོ་དང་། སེམས་ཅན་། ་སྒྲུབ་པ་སྟེ། གང་ཞེ་ན། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འཁོར་འདུས་པའོ།། བཟང་པོ་ཞེས་བྱ་བ་ནི་མཛེས་པའོ།། དགའ་བ་ཞེས་བྱ་བ ་ཡིད་དགའ་བར་འགྱུར་བའོ།། པདྨ་དག་པ་ཞེས་བྱ་བ་ནི་པདྨོ་དམ་པའོ།། མཛེས་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པས་འཚེར་བའོ།། སྐྱེས་ཞེས་བྱ་བ་ནི་མངོན་དུ་བྱུང་བའོ།། ལུང་བསྟན་ཅེས་བྱ་བ་ནི་ལུང་བསྟན་པས་ན་ལུང་སྟོན་པ་སྟེ། དུས་འདི ་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ལུང་སྟོན་བུ་སྟེ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལས་བདག་གིས་ལུང་བསྟན་པ་མངོན་གསུམ་དུ་ཐོབ་པར་བྱའོ་སྙམ་པའོ།། ་དེར་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལས་ལུང་བསྟན་པ་རབ་ཏུ་ཐོབ་ནས། བྱེ་བ་བརྒྱ་ཕྲག་དུ་མར་སྤྲུལ་པའི་ཆོ་འཕྲུལ་གྱི་སྤྲིན་གྱིས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་སྤྲུལ་ནས། སེམས་ཅན་ཐམས་ཅད་ལ་ཕན་པའི་རྣམ་པ་མང ་པོ་གྲངས་མེད་ཚད་མེད་པ་སྐད་ཅིག་གིས་སོ་སོར་ཐམས་ཅད་དུ་བྱེད་པ་སྟེ། བློའི་སྟོབས་ཀྱི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཐུ་ཆེན་པོ་སྟེ། མི་ཆགས་ཤིང་ཐོགས་པ་མེད་པས་ཞེས་བྱ་བའི་ཐ་ཚིག་གོ།། ་འཕགས་པ་བཟང་པོ་སྤྱོང་པའི་སྨོན་ལམ་གྱིས་རྒྱལ་པོའི་བཤད་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། ། ་