CLOSE WINDOW

GT3515: 'phags pa bzang po spyod pa'i smon lam gyi rgyal po chen po'i bshad sbyar
Wyliee-texts produced with BDRC’s OCR application

@#རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ནཱ་མ་ཧཱ་རཱ་ཛ་ནི་བནྡྷ་ན། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤང་སྦྱར། ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། བཟང་པོ་སྤྱོད་པའི ་སྨོན་ལམ་གྱི་རྒྱལ་པོ་ཆེན་པོ་ལ་དོན་མདོར་བསྡུ་ན་བཅུ་སྟེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བ་དང་། དེ་ལོ་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡོ་རིང་བ་དང་། ཆོས་ཀྱི་འཁོར་ལོ ་བསྐོར་བར་བསྐུལ་བ་དང་། དེ་བཞིན་གཤེགས་པ་རྣམས་བཞུགས་པར་གསོལ་བ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་། དེའི་རབ་ཏུ་དབྱེ་བ་དང་། དེའི་མཐར་ཐུག་པ་དང་། དེའི་ཕན་ཡོན་ནོ།། དེ་ལ་ཕྱོགས་བཅུ་ཀུན་གྱི་ཞིང་ལ་སོགས་པ་ན ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྤྱིར་ལུས་དང་ངག་དང་ཡིད་རྣམ་པར་མ་ཕྱེ་བར་ཕྱག་འཚལ་བའི་དབང་དུ་མཛད་ནས་གསུངས་པ་ནི། ཇི་སྙེད་སུ་དག་ཅེས་བྱ་བ་ལ་སོགས་པའོ།། ཇི་སྙེད་ཅེས་བྱ་བ་ནི་ཇི་སྲིད་པ་སྟེ་ཚད ་ཇི་ཙམ་ཡིན་པའོ།། དེར་ཕྱིར་ཚད་ཡོངས་སུ་བཅང་བར་འགྱུར་རོ།། དེས་ན་སྤྱིའི་སྒྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་གཞལ་དུ་མེད་པ་ཉིད་དུ་སྟོན་པས་གསུངས་པ་ནི་སུ་དག་ཅེས་བྱ་བ་སྟེ། གྲངས་དང་མིང་གི་སྒོ་ནས་ཚད་ལས་འདས་པ ་ཞེས་བྱ་བའི་དོན་ཏོ།། ཕྱོགས་བཅུའི་འཇིག་རྟེན་ན་ཞེས་བྱ་བ་ནི་ཕྱོགས་བཅུ་པོ་རྣམས་ཀྱི་འགྲོ་བ་ནའོ།། དུས་གསུམ་ཀུན་གཤེགས་མི་ཡི་སེང་གེ་རྣམས་ཞེས་བྱ་བ་ནི་དུས་གསུམ་པོར་གྱུར་པ་མཐའ་དག་སྟེ། དུས་གསུམ་ན་བཞུགས་པ་རྣམས ་ཞེས་བྱ་བའི་དོན་ཏོ།། མི་ཡི་སེང་གེ་ཞེས་བྱ་བ་ནི་ཐམས་ཅད་ལ་འཇིགས་པ་དང་བྲལ་ཞིང་གང་ལས་ཀྱང་དོགས་པ་མེད་པ་ནི་སེང་གེ་ཞེས་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱང་ལྷ་དང་བཅས་པའི་འཇི ་རྟེན་ན་དེ་དང་འདྲ་བ་ཡིན་ཏེ། དེས་ན་སེང་གེ་དང་འདྲ་བས་སེང་གེའོ།། མ་རྣམས་སུ་སྐྱེ་བ་ཀུན་ཏུ་བསྟན་པའི་ཕྱིར་དེ་དག་ནི་མི་ཡང་ཡིན་པས་ན་སངས་རྒྱས་བཅྡོཾས་རྣམས་ནི་མིའི་སེང་གེ་ཡིན་ནོ།། དེ་དག་ཐམས་ཅད་ལ་བདག་གིས་ཕྱག་བགྱིས ་ཏེ་རབ་ཏུ་འདུད་ངོ་དོ།། བརྗོད་པར་འདོད་པའི་དབང་གིས་ཕྱོགས་གཅིག་བརྗོད་པས་ཐམས་ཅད་ཀྱི་སྒྲ་མཐོང་བ་དེས་ན་ལྷག་མ་མ་ལུས་པ་ཡོངས་སུ་གཟུང་བའི་དོན་དུ་མ་ལུས་ཞེས་གསུངས་སོ་ལུས་དང་ངག་དང་ཡིད་རབ་ཏུ་དང་བ་ནི ་མཆོག་ཏུ་དྲང་བར་གྱུར་པ་སྟེ། སེམས་རབ་ཏུ་དང་བས་ཀུན་ནས་བསླང་བའི་ཕྱིར་ལུས་དང་ངག་ཀྱང་རབ་ཏུ་དང་བ་ཡིན་ནོ།། ད་ནི་ལུས་ལ་སོགས་པ་སོ་སོ་རྣམ་པར་ཕྱེ་བས་ཕྱག་འཚལ་བ་གསུངས་ཏེ། དེ་ལ་རེ་ཞིག་ལུས་ཀྱིས་ཕྱག་འཚལ ་བ་ནི། ཞིང་གི་རྡུལ་སྐད་ལུས་རབ་བཏུང་བ་ཡིས་ཞེས་བྱ་བ་ལ་སོགས་པས་ཡིན་ཏེ། སངས་རྒྱས་ཀྱི་ཞིང་གང་གི་རྡུལ་དང་མཉམ་པའི་ལུས་རབ་བཏུད་པས་སོ།། སྙེད་ཀྱི་སྒྲས་ནི་འདིར་དཔེ་དང་མཐུན་པའི་རྣམ་གྲངས་ཡིན་ཏེ། ཁྱད་པར ་མེད་པའི་ཕྱིར་རོ།། ཕྱོགས་བཅུ་དུས་གསུམ་དུ་སོན་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་དང་མཉམ་པའི་ཞིང་དེའི་གྲངས་ཀྱི་ལུས་རབ་ཏུ་བཏུང་བས། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ ་ལས་རྒྱལ་བའི་ཕྱིར་དང་བདུད་ལས་རྒྱལ་བའི་ཕྱིར་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རྒྱལ་བ་ཞེས་བརྗོད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྡིག་པའི་ཆོས་ལས་ང་རྒྱལ་ཏེ། དེས་ན་ཉེར་འགྲོ་ང་རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས ་པ་བཞིན་ནོ།། དུས་གསུམ་དུ་གཤེགས་པའི་རྒྱལ་བ་དེ་དག་ཐམས་ཅད་ལ་རབ་ཏུ་ཕྱག་འཚོ་ལོ།། བཅོམ་ལྡན་འདས་གཅིག་ལ་སེམས་ཕྱོགས་པར་གྱུར་པའི་ཕྱིར་ན་གཞན་ལ་ཡིད་ཀྱིས་སྟོང་པའི་ལུས་ཞིང་གི་རྡུལ་དང་མཉམ་པ་ཁོ ་ནུ་རབ་ཏུ་ཕྱག་འཚལ་ལམ་ཅི་ཞེ་ན་མ་ཡིན་ནོ།། ཞེས་བརྗོད་པ་ནི། རྒྱལ་བ་ཀུན་ལ་མངོན་ཕྱོགས་ཡིད་ཀྱིས་སུ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་རྣམས་རེ་རེ་ལོ་མངོན་དུ་ཕྱོགས་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏེ།། བཟང་པོ་སྤྱོད་པའི ་སྨོན་ལམ་སྟོབས་ངག་གིས་ཞེས་བྱ་བ་ལ། བཟང་པོ་ནི་དགེ་བའོ།། དེ་ནི་བཟང་པོ་ཡང་ཡིན་པས་ན། བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་ཞེས་བྱ་བའི་དོན་ཏོ།། དེའི་དོན་ཏུ་སྨོན་པ་ནི་སྨོན་ལམ་སྟེ་དོན་དུ་གཉེར་བའོ།། དེའི་སྟོབས་ནི ་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་དང་། མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལྔ་པ་ཡིན་ཏེ། དེས་ན་དེའི་སྟོབས་ཀྱིས་ཏེ། རྣམ་པ་གཞན་དུ་ནི་འདི་ལྟ་བུའི་ཚུལ་གྱིས་བྱ་བ་མི་སྲིད་པའི་ཕྱིར་རོ།། དེ་བཞིན་དུ་ཡིད་ཀྱིས ་ཕྱག་འཚལ་བ་ནི། རྡུལ་ཅིག་སྟེང་ན་ཞེས་བྱ་བ་ལ་སོགས་པའོ།། རྡུལ་གཅིག་སྟེ་ན་ཞེས་བྱ་བ་ནི་རྡུལ་གཅིག་གི་ཐོག་ནའོ།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པའི་དབུས་ན ་སོ་སོར་བཞུགས་པའོ།། སངས་རྒྱས་རྡུལ་སྙེད་རྣམས་ཞེས་བྱ་བ་ནི་འདིར་ཡང་ཁྱད་པར་མེད་པའི་ཕྱིར་ན་ཕྱོགས་བཅུ་དུས་གསུམ་དུ་རྗེས་སུ་སོན་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བདེ་བར ་གཤེགས་པ་རྣམས་མྱོས་ཞེས་འཆད་པར་འགྱུར་བ་དང་འབྲེལ་ལོ།། ཇི་ལྟར་རྡུལ་གཅིག་གི་སྟེང་དེ་ལྟར་ཏེ་ཚུལ་འདི་ཉིད་ཀྵི་མ་ལུས་པར་མཐའ་དག་པར་རོ།། ཆོས་ཀྱི་དབྱིངས་ཞེས་བྱ་བྱ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི ་ཆོས་ཉིད་དོ།། དེ་ཉིད་ནི་དབྱིངས་ཞེས་བྱ་བའོ།། རྣམ་པ་དེ་ལྟ་བུའི་ཆོས་ཀྱི་དབྱིངས་ན་མཁའི་ཁམས་ཀྱི་མཐས་གཏུགས་པ་སྟེ། རྡུལ་གཅིག་གི་སྟེང་ན་གནས་པའི་བྱང་ཆུབ་སེམས་དཔའི་ཚིགས་དཔག་ཏུ་མེད་པས་སོ་སོར་བསྐོར་བའི ་བཅོམ་ལྡན་འདས་རྣམས་ཀྱིས་གང་ཞིང་བར་ཆད་མེད་པར་ཁྱད་པར་ཡིད་ཀྱིསོ་མོས་པའོ།། ལུས་དང་ངག་གི་ལས་དག་ནི་ཡིད་ཀྱིས་ཀུན་ནས་བསླང་བའི་ཕྱིར་ན། ཡིད་ཀྱིས་ལམ་རབ་ཏུ་བསྟན་ཏོ།། ད་ནི་དེ་དག་བསྔགས་པ་རྒྱ་མཚོ་མི ་ཟད་རྣམས་ཞེས་བྱ་བ་ལྔ་སོགས་པས་ངག་གིས་ཕྱག་འཚལ་ལོ།། དེ་དག་ཅེས་བྱ་བ་ལ། དེ་ལྟར་ལྷག་པར་མོས་པར་བྱས་པ་དེ་དག་ལ་ཏེ། གང་དག་ལ་སྔགས་པ་རྒྱ་མཚོ་སྟེ། ཡོན་ཏན་རྒྱ་མཚོ་ཡོད་པ་དང་ཉམས་པ་དང་མཐའ ་གཏུགས་པ་མེད་པའི་ཕྱིར་ཟད་པ་མེད་པས་མི་ཟད་པ་ཡོད་པ་དེ་དག་ནི་བསྔགས་པ་རྒྱ་མཚོ་མི་ཟད་རྣམས་སོ།། འདིར་བསྔགས་པའི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས་ཡིན་ལ། རྒྱ་མཚོའི་སྒྲ་ནི་དོན་མང་པོ་བརྗོད་པ་ཡིན་པར་རྟོགས་པར ་སྟེ། བསྔགས་པ་རྒྱ་མཚོ་མི་ཟད་པ་མངའ་བ་དེ་དག་ལའོ།། དབྱངས་ཀྱི་ཡན་ལག་རྒྱ་མཚོ་སྒྲ་ཀུན་གྱིས་ཞེས་བྱ་བ་ལ། འདིར་ཡང་ཡན་ལག་གི་སྒྲ་ནི་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ།། ཇི་ལྟར་ཡིན་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ལས ་ཡན་ལག་ལྔ་དང་ལྡན་པར་བརྗོད་པ་དང་། ཐེག་པ་ཆེན་པོར་ཡང་ཡན་ལག་དྲུག་ཅུ་དང་ལྡན་པ་དང་། ཡན་ལག་སྟོང་ཕྲག་བཅུ་དང་ལྡན་པ་དང་། ཡན་ལག་དཔག་ཏུ་མེད་པ་དང་ལྡན་པར་བརྗོད་པ་དེར་ཡང་ཡོན་ཏན་ལྔ་དང་ལྡན་པ་ཞེས་བྱ་བ ་ལ་སོགས་པར་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དབྱངས་ཀྱི་ཡན་ལགས་དང་ལྡན་པའི་སྒྲ་སྟེ་དོན་གྱི་ཚུལ་གང་ཡིན་པ་རྒྱ་མཚོ་དཔག་ཏུ་མེད་པ་དེ་དག་ཀུན་གྱིས་སོ།། རྒྱལ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལས། རྒྱལ་པོ་རྣམས་ཀུན་གྱི་ཡོན་ཏན ་ཏེ། བྱང་ཆུབ་ཀྱི་སེམས་བསྐྱོད་པ་ནས་ཉེ་བར་བཟུང་ནས་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གཞལ་དུ་མེད་ཅིང་ཐུན་མོང་མ་ཡིན་པ་གང་དག་ཡིན་པ་དེ་དག་རབ་བརྗོད་ཅིང་སྟེ་མངོན་པར་སྨྲ་བར་བྱེད། རབ་ཏུ་སྒྲོགས་པར་བྱེད་ཅིང་ངོ་།། ་བདེ་བར་གཤེགས་པ་སོ་སོ་ནས་མདུན་ན་བཞུགས་པ་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་བདག་གི་བསྟོད་པར་བགྱིའོ།། ཡང་ན་བསྔགས་པ་རྒྱ་མཚོ་མི་ཟད་ཅེས་བྱ་བ་ནི་གཞི་མཐུན་པ་ཉིད་ཀྱི་སྒོ་ནས་ཡོན་ཏན་ཞེས་བྱ་འདི་ཉིད་ཀྱིས་ཁྱད ་པར་ཡིན་ཏེ། བདེ་བར་གཤེགས་པ་རྣམས་ཀྱི་ཡོན་ཏན་བསྔགས་པ་རྒྱ་མཚོ་མི་ཟད་པ་རབ་ཏུ་རྗོད་ཅིང་། ཞེས་བྱ་བའི་དོན་ཏོ།། ད་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་བླ་ན་ཡོད་པ་དང་། བླ་ན་མེད་པའི་མཆོད་པ་རྣམ་པ ་གཉིས་གསུངས་ཏེ། མེ་ཏོག་དམ་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་བླ་ན་ཡོད་པ་ཡིན་མེ་ཏོག་ལ་སོགས་པ་རྣམས་ཀྱི་ནང་ན་དམ་པ་གང་དག་ཡིན་པའི་མེ་ཏོག་དམ་པ་དེ ་དྲུག་དང་། ཕྲེང་བ་དྲམ་པ་དང་། སིལ་སྙན་དམ་པ་དང་། གུར་གུམ་དང་ཙན་དན་ལ་སོགས་པའི་བྱུག་པ་དམ་པ་དང་། གདུགས་དམ་པ་མཆོག་དང་། མར་མེ་མཆོག་དང་། གདུག་པ་དམ་པ་དང་། ན་བཟའ་དམ་པ་དང་། དྲི་དམ་པ་དང་། ་དྲི་སྣ་ཚོགས་སྦྱར་ཅིང་ལེགས་པར་བསྒྲུབས་པའི་ཕྱེ་མའི་ཕུར་མ་སྟེ། ཙན་དན་དང་གུར་གུམ་དང་གླ་པུར་དང་། ཨ་ཀ་རུ་ལ་སོགས་པ་སྣ་ཚོགས་ཀྱི་རང་བཞིན་རི་རབ་དང་མཉམ་པ་དང་། བཀོད་པའི་ཁྱད་པར་འཕགས་པ་མཆོག་ཀུན་གྱིས ་ཞེས་བྱ་བ་བཀོད་པ་དམ་པ་དང་། འདིར་བཀོད་པའི་སྒྲ་ནི་ཚོགས་པའི་རྣམ་གྲངས་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་ལྷ་རྫས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྣམས་ཀྱིས། རྒྱལ་བ་ཐམས་ཅད་ལ་མཆོད་པར་བགྱི་བའོ།། མཆོད ་པ་གོང་རྣམས་བླ་མེད་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པ་ཡང་གསུངས་སོ།། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་མཐུས་བསྐྱེད་པའི་མཆོད་པ་གང་རྣམས་བླ་ན་མེད་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲོས་པས། ་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པས་རྒྱ་ཆེ་བ་དེ་དག་རྒྱལ་བ་ཐམས་ཅད་ལ་བདག་ལྷག་པར་མོས་སོ།། བཟང་པོ་སྤྱོད་པ་དང་པའི་སྟོབས་དོག་གིས་ཞེས་བྱ་བ་ལ། བཟང་པོ་སྤྱོད་པ་ལ་ལྷག་པར་མོས་ཤིང་མངོན་པར་ཡོད་ཆེས ་པ་དང་། མངོན་པར་ངེས་པ་དེའི་སྟོབས་ཀྱིས་ཏེ།། དེ་ལ་མིང་དུ་མ་དག་ལས་བཟང་པོ་སྤྱོད་པ་ན་དེ་ལྟར་རྣམ་པ་སྣ་ཚོགས་པའི་མཆོད་པ་བྱང་ཆུབ་སེམས་དཔའི་བྱམས་པ་ལྟར་མོས་པ་ཡིན་ནོ།། ད་ནི་ཇི་སྐད་བརྗོད་པའི་ཕྱག་འཚལ་བ་དང ་མཆོད་པ་ཉེ་བར་བསྡུས་པ་གསུངས་པ་ནི། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི་ཞེས་བྱ་བ་སྟེ། རྒྱལ་བ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པར་བགྱི་བའོ།། ཀུན་ནས་སློང་བ་དང་། གནས་པ་དང་། ངོ་བོ་ཉིད་རྣམ་པ་གསུམ་གྱི་སྒོ ་ནས་སྡིག་པ་བཤགས་པ་གསུངས་པ་ནི། འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སྡིག་པ་ཀུན་ནས་སློང་བའི་རྒྱུ་གང་ཞིག་ཡིན་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་ནི་ཀུན་ནས་སློང་བའི་རྒྱུ་ཡིན་ནོ།། གནས་གང་ཡིན་ཞེ ་ནུན། གནས་ནི་ལུས་དང་ངག་དང་ཡིད་ཡི་ནོ།། ངོ་བོ་ཉིད་ནི། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ་ཞེས་བྱ་བ་སྟེ། སྐྱེ་བ་འདི་འམ་སྐྱེ་བ་ཕྱི་མ་དག་ཏུ་བདག་ཉིད་ཀྱིས་བྱས་པ་དང་བྱེད་དུ་བཅུག་པ་དང་ཁྱེད་པ་ལ་རྗེས་སུ་ཡི་རང་བའོ།། ། ་དེ་ཐམས་ཅད་ནི་དེ་དག་ཐམས་ཅད་རྒྱལ་བ་སྨྲས་དང་བཅས་པ་རྣམས་ཀྱི་མངོན་སུམ་དུ་འདུག་པ་ལྟ་བུས་སྐད་ཅིག་ཙམ་འགྱོང་བཞིན་པས་སོ་སོར་བཤགས་པར་བྱ་ཞིང་བསལ་བར་བགྱིའོ།། ད་ནི་ཕྱོགས་བཅུའི་འགྲོ་བ་ཀུན་དང་ཞེས་བྱ ་པ་ལ་སོགས་པས་བསོད་ནམས་ལ་རྗེས་སུ་ཡི་རང་བ་གསུངས་སོ།། ཕྱོགས་བཅུའི་འགྲོ་བའི་བསོད་ནམས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བ་དུས་གསུམ་པ་གང་ཡིན་པ་དང་། གང་ཡང་སློབ་པའི་གང་ཟག་བདུན ་པོ་རྣམས་དང་། གང་ཡང་མི་སློབ་པའི་དགྲ་བཅོམ་པ་རྣམས་དང་། རང་རྒྱལ་རྣམ་པ་གཉིས་པོ་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་རྣམས་ཀྱི་བསོད་ནམས་དུས་གསུམ་ལ་འཇིག་རྟེན་ལས་འདས་པ་གང་ཡིན། ་པ་དང་། གང་ཡང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་དུ་གཤེགས་པ་རྣམས་ཀྱི་བརྡ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་ཉེ་བར ་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དང་ས་ལ་སོགས་པ་ལས་ངེས་པར་སྐྱེས་པ་རེ་རེ་ཞིང་དུས་གསུམ་དུ་གྱུར་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་ཡེ ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་བར་བགྱིད་དོ།། འགྲོ་བའི་སྒྲ་མ་ལུས་པ་བརྗོད་པར་བྱེད་པ་ཉིད་ཀྱིས་སློབ་པ་ལ་སོགས་པའི་བསོད་ནམས་འདུས་པར་གྲུབ་བཞིན་དུ་སོ་སོར་ཉེ་བར་བླངས་པ་ལ ་དོན་ཅི་ཞིག་ཡོད་ཅེ་ན། དེ་ནི་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྟེ་སྲེད་པ་དང་བཅས་པ་ཞེས་བྱ་བའི་དོན་ནམ། འཁོར་བར་འགྲོ་བ་ཞེས་བྱ་བའི་དོན་ནོ།། དེ་ལ་ཁ་ཅིག་ལ་ནི་ཤིན་ཏུ་འགྲོ་བ་མེད་པའི་ཕྱིར་དང་། ཁ་ཅིག་ནི་མི་འགྲོ་བ་ཉིད་ཀྱིས ་འགྲོ་བའི་སྒྲར་བརྗོད་པར་བྱ་བ་མ་ཡིན་ཏེ། དེས་ན་ཐ་དད་པར་བསྟན་པ་ཡིན་ནོ།། ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕྱོགས་བཅུའི་འཇིག་རྣམས་ན་འགྲོ་བའི ་སྒྲོན་མ་སྟེ། འཇིག་རྟེན་གྱི་ཕྱི་དང་ནང་གི་མུན་པའི་ཚོགས་རྣམས་སེལ་བར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་གྱི་སྒྲོན་མ་ཡིན་ནོ།། བྱང་ཆུབ་རྣམས་སངས་རྒྱས་ཞེས་བྱ་བླ་ནི་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའོ།། མ་ཆགས་པས་སྙེས་ཞེས་བྱ་བ་ནི་མ་ཆགས་པ་ཉིད་ཐོབ་པ་སྟེ། མངོན་པར་བྱང་ཆུབ་པའི་ཆོས་ཀྱི་ཚུལ་ལས་དོན་མ་ལུས་པའི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་ན ་ཚུགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ།། ཆོས་ཟབ་མོ་རྟོགས་པ་ནི་དོན་དུ་མི་གཉེར་ཞིང་མངོན་པར་མི་བརྩོན་པ་གཞན་དགྲ་གིས་རྟོགས་པར་དཀའ་བ་དེས་ན་གང་དག་ཆོས་བསྟན་པ་ལ་སྤྲོས་པ་མེད་པར་འཇིག་རྟེན་གྱི་ཁམོས་སྣ ་ཚོགས་པ་རྣམས་ན་བྱང་ཆུབ་ཀྱི་ཤིང་སྣ་ཚོགས་པ་རྣམས་ན་བྱང་ཆུབ་ཀྱི་ཤིང་མཆོག་གི་དྲུང་དུ་གཤེགས་ནས་བཞུགས་པ་གང་ཡིན་པའི་འཇིག་རྟེན་གྱི་མགོན་པོ་དེ་དག་ཐམས་ཅད་ལ་བདག་གིས་འགྲོ་བའི་མི་ཤེས་པའི་མུན་པ་བསལ ་བའི་ཕྱིར་དང་། བླ་ནུ་མེང་པའི་ཡེ་ཤེས་ཀྱི་སྣང་བ་བྱིས་པའི་ཕྱིར་ན། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་སའི་སྟེང་དུ་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་བར་བྱས་ནས་སོ་སོའི་མདུན་དུ་གནས་པ་ལྟ་བུས་བསྐུལ་བར་བགྱིད་དོ།། ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་བསྐུལ་བའོ།། ད་ནི་མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ་ཞེས་བྱ་བ་ལ་སོགས་པས་གསོལ་བ་འདེབས་སོ།། གང་ཞེས་བྱ་བ་ནི་ཁྱད་པར་མེད་པ་ཡིན་ཡང་སྐབས་ཡིན་པའི་ཕྱིར་ཕྱོགས་བཅུའི་འཇིག ་རྟེན་སྒྲོན་མ་ཞེས་བྱ་བ་དང་མངོན་པར་འབྲེལ་ཏོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དག་མྱ་ངན་འདས་སྟོན་ཏེ། མྱ་ངན་འདས་པ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་བདག་གིས་ཐལ་མོ་རབ་ཏུ ་སྦྱར་ནས་ཡུནྡ་རིང་དུ་བཞུགས་པའི་དོན་དུ་གསོལ་བར་བགྱི་སྟེ། ཞུ་ཐུར་འདུལྔ་ལོ།། དུས་ཇི་སྲིད་དུ་ན་ཀེ་ནཱ། བསྐལ་ཟླ་ཞིང་གི་རྡུལ་སྐྱེད་དེ་དུས་གསུམ་དུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་དང་མཉམ་པར་བཞུགས་པའོ།། ་ཙཽའི་དོན་དུ་ཞེ་ན། མགོན་མེད་པར་གྱུར་པའི་འགྲོ་བ་ཀུན་ལ་ལྡན་ཞིང་བདེ་བའི་ཕྱིར་རོ།། དེ་ལ་ཕན་པ་ནི་གཏན་དུ་བའི་གྲུབ་པ་དང་བདེ་བ་སྟེ། མྱ་ངན་ལས་འདས་པའི་ལམ་འཐོབ་པའོ།། བདེ་བ་ནི་ལྷ་གྲངས་ཀྱི་ཉེ་བར་སྦྱོང་བ་འཐོབ་པའོ།། ད ་ནི་ཇི་སྐད་བརྗོད་པའི་ཕྱག་འཚལ་བ་ལ་སོགས་པས་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པར་ཡོངས་སུ་བསྔོ་བར་བྱེད་པ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་ཞེས་པ་ལ་སོགས་པས་སོ།། ཕྱག་འཚལ་བ་དང ་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁར་ལོ་བསྐོར་བར་བསྐུལ་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གཏབ་པས་དགེ་བ་ཅུང་ཟད་བདག་གིས་ཊཱི་བསགས་པ་སྟེ་ཉེ་བར ་བསྒྲུབས་པ་དེ་དག་ཐམས་ཅད་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་བསྔོ་བར་བགྱིའོ།། ད་ནི་བརྒྱད་པ་དེའི་རབ་ཏུ་དབྱེ་བ་སྟེ། ཀུན་ཏུ་བཟང་པོའི་སྨོན་ལམ་དེའི་ཡན་ལག་སོ་སོའི་རབ་ཏུ་དབྱེ་བ་ཡིན་ནོ།། དེ ་ཡང་རྣམ་པ་དྲུག་སྟེ། འདི་ལྟ་སྟེ་བསམ་པའི་སྒོ་ནས་དང་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་དང་། མ་གོས་པའི་སྦྱོར་བའི་སྒོ་ནས་དང་། སེམས་ཅན་ལ་ཕན་པའི་སྒོ་ནུས་དང་། གོ་ཆའི་སྒོ་ནས་དང་། སྐལ་བ་མཉམ་པའི་བྱང་ཆུབ ་སེམས་དཔའ་དང་འཕྲད་པའི་སྒོ་ནུས་དང་། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པའི་སྒོ་ནས་དང་། དེ་བཞིན་གར་ཤེགས་པ་མངོན་དུ་གྱུར་པའི་སྒོ་ནུས་དང་། དམ་པའི་ཆོསྡེ་ཡོངས་སུ་འཛིན་པའི་སྒོ་ནས་དང་། མི་ཟད་པོའི་མཛོད། ་ཐོབ་པའི་སྒོ་ནས་དང་། འཇུག་པའི་སྒོ་ནུས་དང་། སྟོབས་ཀྱི་སྒོ་ནས་དང་། སྒྲུབ་པའི་སྒོ་ནས་དང་། ལས་ཀྱི་སྒོ་ནས་དང་། རྗེས་སུ་སློབ་པ་ཡོངས་སུ་ཕྱེ་བའི་སྒོ་ནས་དང་། བསྡུ་བའི་སྒོ་ནས་སོ།། དེ་ལ་བསམ་པའི་སྒོ་ནས་ནི་རྣམ་པ་དང ་པོའོ།། དེ་ཡང་རྣམ་པ་གསུམ་པ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་དགོངས་པ་ཡོངས་སུ་རྫོགས་པའི་བསམ་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ།། མྱ་ངན་ལས་འདས་པ་བསྟན་ཟིན་པའི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བླ་ན་མེད་པའི་མཆོད་པས་མཆོད་པར་གྱུར་ཅིང་ཕྱོགས་བཅུའི་འཇིག་རྟེན་ཏེ། འཇིག་རྟེན་གྱི་ཁམས་དུ་མ་རྣམས་ནི་འགྲོ་བ་མཐའ་དག་ལ་ཕན་པ་དང་། བདེ་བ་སྒྲུབ་པ་ལྷུར་མཛད་པ་དང་། དེ་ལྟར ་བཞུགས་ཤིང་འཚོ་བ་གང་ཡིན་པ་དེ་དག་རྣམས་ཀྱང་དེ་བཞིན་དུ་མཆོད་པར་གྱུར་ཅིག་པའོ།། གང་ཡང་མ་བྱོན་པ་འབྱུང་བར་འགྱུར་བ་དེ་དག་ཀྱང་རབ་མྱུར་བར་ཏེ་དཀའ་བ་མེད་པ་ཁོ་ནར་བསམ་རྫོགས་བྱི་ང་ཆུབ་རྣམ་པར་སངས་རྒྱས་སྤྱོན ་ཅིག་པའོ།། ཕྱེད་ལྔ་མས་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་བསམ་པ་དང་། ཕྱེད་ཕྱེ་མས་ནི་དགོངས་པ་ཡོངས་སུ་རྫོགས་པའི་བསམ་པ་བསྟན་ཏོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་བསམ་པ་ནི། ཕྱོགས ་བཅུའི་ཞིང་རྣམས་གང་དག་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། ཕྱོགས་བཅུ་རྣམས་ན་སངས་རྒྱས་ཀྱི་ཞིང་རྣམས་གང་དག་ཅེས་བྱ་བ་གང་དག་ཡོད་པ་ཇི་སྙེད་ཅེས་བྱ་བ་ནི་སྲིད་པ་དེ་དག་ཐམས་ཅད་བདེ་བ་ཅན་བཞིན་དུ་རྒྱ་ཚོར ་ཡོངས་སུ་དག་པར་གྱུར་ཏེ། དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁས་ཀྱི་གན་རྣམ་སོ་སོར་ཐ་གྲུ་ཚ་བར་གྱུར་ཅི་དེ་བྱང་ཆུབ་ཤིང་དབང་དུང་གཤེགས་རྒྱལ་བ་སྟེ། བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་གང་བར་ཏེ། ཀུན་ནས ་པར་མཚམས་མེད་པར་ཁྱབ་པར་ཤོག་ཅེས་བྱ་བའོ།། སེམས་ཅན་ཐམས་ཅད་བདེ་བའི་ལྷག་པའི་བསམ་པ་ནི། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུ་རྣམས་ན་སྐྱེ་གནས་བཞིས་བསྡུས་པ་འགྲོ་བ་དྲུག ་གིས་སེམས་ཅན་གང་རྣམས་ཇི་སྙེད་ཡོད་པ་དེ་དག་རྟག་ཏུ་སྟེ། གཏན་དུ་ལུས་དང་སེམས་ཀྱི་ནང་དང་བྲལ་བར་གྱུར་ཅིག་ཉམས་པ་མེང་པ་མཆོག་ཏུ་གྱུར་པའི་བདེ་བས་བདེ་བར་གྱུར་ཅིག། དེ་དག་གི་ཆོས་དོང་ལྡན་པའི་དོན་དེའི་མཐུན་པ་སྟེ་རྗེས ་སུ་མཐུན་པར་གྱུར་པར་ཤོག། འགྲོ་བ་ཀུན་གྱི་ཆོས་དང་ལྡན་པའི་རེ་བ་ཡང་རྟག་ཏུ་འགྲུབ་པར་ཤོག་སྟེ། ཡོངས་སུ་རྫོགས་པར་གྱུར་ཅིག་པའོ།། དེ་ནི་མི་མཐུན་པའི་ཕྱོགས་སྤངས་པ་ཉེ་བར་སྟོན་པའི་སྒོ་ནས་ཚིགས་སུ་བཅད་པ་བཞེས་རྣམ་པ ་གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི། བྱང་ཆུབ་སྤྱོད་པ་དགུ་ནི་བདག་སྤྱོད་ཆེ། ཞེས་བྱ་བ་ནས་བརྩམས་ནས་དེ་དག་མ་ལུས་ཡོངས་སུ་བྱུང་བར་ཤོག་ཅེས་བྱ་བའི་བར་གྱི་སྐུ་གང་གསུངས་པ་ཡིན་ནོ།། བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང ་དགུ་པར་རྫོགས་པའི་བྱང་ཆུབ་སྟེ། དེའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པའོ།། དེ་ལ་བདག་སྤྱོད་པའི་ཚེ་འགྲོ་བ་ཀུན་དུ་སྐྱེ་བ་དྲན་པར་གྱུར་ཅིག། དེ་བཞིན་དུ་ཚེ་རོབས་ཀུན་ཏུ་འཆི་འཕོ་བ་དང་སྐྱེ་བ་ན་བདག་ནི་རབ་ཏུ་འབྱུང་བར་ཤོག། ཅེས་བྱ་བ་འཆི ་འཕོ་བ་དང་སྐྱེ་བ་དག་གིས་ནི་དོན་གྱིས་ན་བར་གྱིས་གནས་སྐབས་བརྗོད་པ་ཉིད་དུ་བལྟ་བར་བྱ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་རྒྱུ་དང་པོ་ཡིན་ནོ།། དེ་བཞིན་དུ་རྒྱལ་བ་ཀུན་གྱི་རྗེས་སུ་སློབ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། དུས ་གསུམ་དུ་གཤེགས་པའི་རྒྱལ་བ་མ་ལུས་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པར་བྱེད་ཅིང་། བཟང་པོ་སྤྱོད་པ་ཞེས་བྱ་བ་ལ། བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་པས་ཞེས་བྱ་བ་ཡང་དག་པར་སྒྲུབ་པར་བྱེད་པ་ན་ཅི་ཞིག་གིས་བདག་གིས ་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། རྟུག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག། ཅེས་བྱ་བ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་གློ་བུར་གྱི་དྲི་མ་དང་མི་ལྡན་པ་ཉིད་ཀྱིས་དྲི་མ་མེད་པ་དང་། ལུས་ཀྱི་ཉེས་པ་དང་བྲལ ་བོའི་ཕྱིར། རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིརརོ་མ་ཉམ་ས་པ་དང་སྐྱོན་མེད་པ་ཡིན་ཏེ། འདོད་པ་ཐམས་ཅད་སྐོང་བར་བྱེད་པ་དང་། ཡོངས་སུ་གདུང་བ་ཐམས་ཅད་སེལ་བར་བྱེད་པ་ཡིན་ཅིང་ནད་ཐམས་ཅད་དང ་བྲལ་བར་བྱེད་པ་དང་། དུས་མ་ཡིན་པར་འཆི་བ་རབ་ཏུ་ཞི་བར་བྱེད་པ་དང་། གཞན་གྱི་དོན་སྒྲུབ་པ་ལ་འཇུག་པ་འབའ་ཞིག་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱང་རིན་པོ་ཆེ་དང ་འདྲ་བས་རིན་པོ་ཆེ་ཡིན་ཏེ། གློ་བུར་གྱི་ལོས་དང་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པའི་ཕྱིར་དྲི་མ་མེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སེམས་བསྐྱེད་པའི་ལུས་ཀྱི་སྐྱོན་དང་བྲལ་བའི་ཕྱིར་དང་། མེད་ན་མི་དབྱུང་བ་ཉིད ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་ཀུན་ནས་ཡོངས་སུ་དག་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་གུས་པར་བྱེད་པ་ཉིད་ཀྱིས་ལྟུང་བ་ཀུན་ཏུ་མི་སྤྱོད་པའི་ཕྱིར་ན ་བསླབ་པ་མ་ཉམས་པས་མ་ཉམས་པ་དང་། འདས་པོའི་ཡུལ་ཉམས་སུ་མྱོང་བ་ལ་བལྟོས་ནས་སྲེད་པ་སྐྱེ་ཞིང་མ་འོངས་པའི་སྐྱེ་བ་ལོ་ཡང་འདིར་བདག་ཉིད་དུ་མངོན་པར་དགའ་བ་དང་། ད་ལྟར་བྱུང་བ་ལ་ལྷག་པར་ཞེན་པའི་སྲིད་པོ་སྟེ་དུས་གསུམ ་པའི་སྲེད་པས་སྟེན་པར་བྱེད་པ་འདི་དག་གིས་ཅུང་ཞིག་ཀྱང་སྐྱོ་བ་མེད་པའི་ཕྱིར་སྐྱོན་མེད་པ་ཡིན་ཞིང་ས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་དང་། འགྲོ་བའི་འདོད་པ་ཐམས་ཅད་ཡོངས ་སུ་སྐོང་བའི་ཕྱིར་ཡོངས་སུ་གདུང་བ་ཐམས་ཅད་སེལ་ཅིང་ནད་ཐམས་ཅད་སེལ་བ་དང་། ལྷ་དང་མི་རྣམས་སུ་དཔག་ཏུ་མེད་པའི་ཚེ་སྒྲུབ་པ་དང་། གཞན་གྱི་དོན་བསྒྲུབ་པ་ལ་འཇུག་པ་ལ་འཇུག་པ་འབའ་ཞིག་ཏུ་གྱུར་པ་ཡིན་ནོ།། ངེས་པའི ་ཚིག་གིས་ལུས་དང་སེམས་ཀྱི་གདུང་བ་ཐམས་ཅད་སྤེལ་བར་བྱེད་པའི་ཕྱིར་ན་བསིལ་བར་གྱུར་པ་ཉིད་ཀྱིས་ཚུལ་ཁྲིམས་སོ།། ཚུལ་ཁྲིམས་སྤྱོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉིད་སྤྱོད་པ་ཡིན་པས་ཚུལ་ཁྲིམས་སྤྱོད་པ་སྟེ། སྨྱུང་བས་ན་སྤྱོད ་པབཔའོ།། རྣམ་པ་དེ་ལྟ་བུའི་ཚུལ་ཁྲིམས་སྤྱོད་པ་དྲི་མ་མེད་པ་ཡོངས་སུ་དག་པ་མ་ཉམས་པ་སྐྱོན་མེད་པ་ལ་བྱང་ཆུབ་ཀྱི་བར་དུ་རྟག་ཏུ་སྤྱོད་པར་ཤོག་ཅིག་ཅེས་བྱ་བ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་གཉིས་པ་ཡིན་ནོ།། ལྷོའི ་སྐད་དང་། ཞེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ལ་ལྷའི་སྐད་ཀྱིས། ཀླུ་དང་གནོད་སྦྱིན་དང་། གྲུལ་བུམ་དང་མི་རྣམས་ལ་ནི་དེའི་སྐད་དེ་སྒྲ་རྣམས་ཀྱིས་ཏེ་མདོར་ན་འགྲོ་བ་ཀུན་གྱིས་སྒྲ་རྣམས་ཇི་ཙམ་པ་དེ་དང་དེ་དག་གིས་དེ་དག་ལ་དེ་ལྟར ་སོ་སོར་བྱང་ཆུབ་ཀྱིས་བར་དུ་དམ་པའི་ཆོས་བསྟན་ཏོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མོ་བརྗེད་པའི་རྒྱུ་གསུམ་པ་ཡིན་ནོ།། ངེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་རྒྱུད་འཇམ་པའོ།། ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་བཅུའོ།། ་དེ་དག་ལ་བརྩོན་པ་ནི་བདག་ཉིད་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་གྲིམས་ཤིང་ཡིད་མི་སྐྱོ་བའོ།། ནམས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ནམྦ་ཡང་བརྗེད་པར་མ་གྱུར་ཅིག་པ་སྟེ། འདི་ནི་རྒྱུ་བཞི ་པའོ།། ཚིགས་སུ་བཅད་པ་ཕྱེད་དང་བཞི་པོ་འདི་དག་གིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་གང་ཡིན་པ་དེ་དག་གི་གཉེན་པོ་བསྟན་པར་མཛད་པ་ཡིན་ནོ།། དེ་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་མི་མཐུན་པར ་ཕྱོགས་སྤོང་བ་སྟོན་པ་ནི། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། སྡིག་པ་གང་རྣམས་བྱང་ཆུབ་སེམས་ལ་བར་དུ་གཅོད་པར་བྱེད་པའི་སྒྲིབ་པར་གྱུར་པ་དེ་དག་ཐམས ་ཅད་དུ་ཐམས་ཅད་མ་ལུས་པར་ཡོངས་སུ་བྱང་བར་ཏེ་སྤངས་པར་ཤོག་ཅིག་ཅེས་པའོ།། དེ་ནི་རྣམ་པ་གསུམ་མ་གོས་པའི་སྦྱོར་བ་རྒྱུ་རྣམ་པ་གསུམ་པོ་གྲང་ལས་གང་དུ་ཇི་ལྟརརོ་ཞེས་བྱ་བས་གསུངས་པ་ནི། ལས་དང་ཉོན་མོངས་ཞེས་བྱ་བ་ལ་སོགས ་པའོ།། རྣམས་ལ་ས་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་། བདུད་ཀྱི་ལས་རྣམས་ལས་ཏེ། ལས་འདི་ཡང་ཁྱད་པར་མེད་པའི་ཕྱིར་ན་དྲུག་པ་དང་མི་དགེ་བ་དང་། མི་གཡོ་བ་རྣམ་པ་གསུམ་གང་ཡང་གཟུང་ངོ་།། དེ་ལ་མི་དགེ་བའི་ལས་དང ་ཉོན་མོངས་པ་བདུད་ཀྱི་ལས་རྣམས་ལས་གྲོལ་པ་དེ་དག་གིས་མ་གོས་པར་འཇིག་རྟེན་གྱི་འགྲོ་བ་ལ་སོགས་པ་རྣམས་སུ་རྟག་ཏུ་སྤྱད། ཙྭི་དང་འདྲ་བར་ཞེ་ན། ཇི་ལྟར་པདྨ་ཆུས་མི་ཆགས་པ་བཞིན་ཞེས་བྱ་བ་སྟེ། དཔེར་ན་པདྨ་ཆུར་སྐྱེས་པ་ཆུས ་མི་གོས་པ་དེ་བཞིན་དུ་བདག་ལས་དང་ཉོན་མོངས་པ་དང་བདུད་ཀྱི་ལས་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མ་གོས་པར་རོ།། དེ་བཞིན་དུ་དག་པ་དང་མི་གཡོ་བའི་ལས་རྣམས་སུ་ཆགས་པ་མེད་པ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ལ་མི ་བལྟོས་པར་འགྲོ་བ་མཐའ་དག་ལ་ཕན་པ་དང་སྒྲུབ་པའི་དོན་ཉིད་འབའ་ཞིག་ཏུ་སྤྱད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞེས་ཁོ་ནས་དབྱུང་ངོ་།། ཅི་འདྲ་བར་ཞེ་ན། ཉི་ཟླ་ན་མཁའར་ཐོགས་པ་མེད་ལྟར་ཞེས་བྱ་བ་སྟེ། དཔེར་ན་ཉི་མ ་དང་ཟླ་བ་དག་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་ལྟར་གཞན་གྱི་དོན་བྱེད་པ་ལ་རོ་གཅིག་ཏུ་འཇུག་པའི་ཕྱིར་རང་གི་དོན་ལ་ཆགས་པ་ཕྲ་མོ་ཡང་མེད་པར་ཉིན་དང་མཚན་མོར་ན་མཁའ་ལ་རྒྱུ་བ་དེ་བཞིན་དུ་སྦྱང་བའོ།། དེ་ལ་བདུད་ཅེས་བྱ་བ་ནི་དགེ་བའི ་བར་ཆད་བྱེད་ཅིང་། བྱང་ཆུབ་ཀྱི་གེགས་སུ་གྱུར་པ་ལམ་དམ་པ་ལས་ལྡོག་པར་བྱེང་བ་ཡིན་ནོ།། དམ་པའི་ངེས་ཚིག་ནི་ཆོས་ནི་དུམ་པཱ་ཡིན་ལ་ཆོས་ཀྱི་འཚོ་བ་འགོག་པར་བྱེད་པའི་ཕྱིར་ག་སོང་བར་བྱེད་པསོ་ན་བདུད་ཅེས་བརྗོད་དོ།། དེའི་ལམ་ནི་རྒྱུས ་ཕན་པའི་དངོས་པོ་ལས་ཕྱིར་ཕྱོགས་པའོ།། རྣམ་པ་བཞི་པ་འདི་དང་ཕ་རོལ་ཏུ་སེམས་བསྐྱེད་མ་ལུས་པ་ལ་ཕན་འདོགས་པ་ནི་ཞིང་གི་ཁྱོན་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། འགྲོ་བའི་ངན་སོང་གི་སྡུག་བསྔལ་ངན་སོང་གསུམ ་གྱི་དབྱེ་བ་ཅན་ཐམས་ཅད་དང་ཞི་བྱེད་ཅིང་ངོ་།། ཅིའི་ཕྱིར་དྲན་སོང་གི་སྡུག་བསྔལ་ཁོ་ན་ཞི་བར་བྱེད་པར་གསུངས་ཤེ་ན། དེ་བདག་ནི་ཤིན་ཏུ་གདུང་བར་བྱེད་པ་ཡིན་པའི་ཕྱིར་གཙོར་ཉེ་བར་བླངས་པ་ཡིན་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད ་ཉིད་ཞི་བར་བྱེད་པ་ཞེས་བྱ་བར་རིག་པར་བྱའོ།། ཕུལ་དུ་བྱུང་བའི་བདེ་བ་དག་ལ་འགྲོ། ཀུན་བགློད་པ་ནའོ།། ཅི་ཞིག་བྱེད་ཅེ་ན། འགྲོ་བ་ཐམས་ཅད་ལ་ནི་ཕན་ཕྱིར་སྱཱད་དཾ། ཡོད་སྐྱོ་བ་མཱད་པཱར་སྦྱོར་བ་གཞན་མེང་བར། བླ་ན་མེད་པའི་ཡེ་ཤེས་ཐོབ་པར ་བྱེད་པའི་དོན་དུ་ཞེས་བྱ་བའི་དོན་ཏོ།། སྤྱད་པ་ནི་འབང་པོར་བྱ་བའོ།། དུས་ཇི་སྲིད་དུ་ཞེ་ན། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར་ཞེས་བྱ་བ་སྟེ། ཇི་ཙམ་པར་ཞེས་པོ་ནི་ཇི་སྲིད་དུའོ།། ཞིང་གི་ཁྱོན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཇི་སྲིད་པའི་ཁྱོན་རབ་ཏུ ་རྒྱགས་དང་། རྒྱུན་ཏེ་སྐབས་བརྒྱུད་མས་འབྱུང་བའོ།། ཕྱོགས་རྣམས་ཞེས་བྱ་བ་ནི་སྲོག་བཅུ་པ་རྣམས་སུ་སྟེ་དེ་སྲིད་དུ་སྤྱད་ཅེས་འབྲེལ་ཏོ།། རྣམ་པ་ལྔ་པ་ནི་གོ་ཆའོ།། དེ་ཡང་རྣམ་པ་གསུམ་སྟེ། སངས་རྒྱས་ཀྱི ་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འདུག་པ་དང་། དམ་པའི་ཆོས་རབ་ཏུ་སྦྱིན་པའི་སྒོ་ནུས་ཏེ། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། བྱང་ཆུབ ་སྤྱོད་པ་ཡོངསསུ་རྫོགས་བྱེད་ཅིང་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་དོན་དུ་སྦྱོང་བ་ནི་བྱང་ཆུབ་སྤྱོད་པ་སྟེ། དྲི་ཡོངས་སུ་རྫོགས་པར་བྱེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་པར་བྱེད་ཅིང་ཞེས་བྱ་བའི་དོན་ཏོ།། སྐྱེ་བ་དང་སྐྱེ་བར་སེམས་ཅན་རྣམས་ཀྱི་སྙོམས ་ཀྱི་སྤྱོད་པ་རྣམས་ཤེས་པར་བྱས་ནས། རང་བཞིན་གྱིས་རྒྱུ་མེད་ཅིང་འགྲོགས་ན་བདེ་བས་དེ་དག་དང་མི་མཐུན་པ་མེད་པར་རྗེས་སུ་མཐུན་པར་འཇུག་པའོ།། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་ཞེས་བྱ་བ་ལོ་འདིར་བཟང་པོ་སྤྱོད་པ་ནི་ཆོས་སྟོན་པའི ་རརླུང་བཞིན་ཡིན་པར་བཟུང་སྟེ། རབ་ཏུ་སྟོན་པར་བརྗོད་པར་འདོད་པའི་ངག་ལ་བཟང་པོ་སྦྱོང་བར་བཏགས་པའི་ཕྱིར་ན། དེ་འགྲོ་བ་ལ་རབ་ཏུ་སྟོན་པ་དང་བརྗོད་པ་དང་གསལ་བར་བྱེད་ཅིང་། མ་འོངས་པ་བསྐལ་པ་ཕྱི་མའི་མཐར་ཐུགས་པ་ཀུན་ཏུ་མཱི ་མི་སྐྱོ་བར་སྤྱོད་པར་འགྱུར་ཞེས་བྱ་བ་དང་། རྣམ་པ་དྲུག་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་སྨོན་ལམ་གྱིས་སྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་པ་ནི། བདག་གི་སྐྱོང་དང་མཚུངས་པར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན། ་བདག་གི་སྤྱོད་དང་སྟེ་སྤྱོད་པའི་སྒོ་ནས་མཚུངས་པར་གང་སྤྱོད་པ་སྟེ། མཉམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག་སྟེ། ཇི་སྲིད་བྱང་ཆུབ་ཀྱི་བར་དུ་ལྷན་ཅིག་གནས་པར་གྱུར་ཅིག་པའོ།། ལུས་དང་དྲག་རྣམས ་དང་ནི་ཡིད་ཀྱིས་ཀྱང་དེ་དག་ཉིད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་གཅིག་དང་སྨོན་ལམ་གཅིག་ཏུ་སྤྱད་དེ་ཀུན་ནས་ཉོན་མོངས་ཅན་མ་ཡིན་པར་གནས་པར་བྱའོ།། རྣམ་པ་བདུན་པ་ཕན་པའི་བསམ་པས་ཉེ་བར་བསྟན་པ་བསྒྲུབ་དག་གིས་དགེ ་བུའི་བཤེས་གཉེན་མཉེས་པར་བྱེད་པའི་སྒོ་ནས་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་གང་ཞེས་བྱ་བ་ལ་སོགས་རྣམས་ཀྱིས་གང་གསུངས་པ་ཡིན་ནོ།། གྲོགས་པོ་གང་དག་ཕན་པར་འདོད་ཅིང་བཟང་པོ་སྤྱོད་པ་རབ་ཏུ་སྟོན་པར་བྱེད་ཆད་པར ་བྱེད་ལ་ཆོས་སྨྲ་བར་བྱེད་པ་དེ་དག་དང་ཡང་བདག་ལྷན་ཅིག་རྟག་ཏུ་ཕྲད་བར་ཏེ་ཉེ་བར་གནས་པར་ཤོག་ཅིང་དེ་དག་ཀྱང་བདག་གིས་ནམས་ཀྱང་སྟེ་འགའི་ཚེ་ཡང་ཡིད་མི་འབྱུང་སྟེ་ཅུང་ཟད་ཙམ་སུན་པར་ཡང་མི་བྱའི།། ཇི་སྲིད་བྱང་ཆུབ་ཀྱི་བུར་དུ་གཏན་དུ ་རྗེས་སུ་མཐུན་པར་འཇུག་པར་བྱའོ།། རྣམ་པ་བརྒྱུད་པ་དུས་རིང་བར་མཆོད་པ་བྱ་བས་མི་སྐྱོ་བར་དེ་བཞིན་གཤེགས་པ་མངོན་དུ་གྱུར་པ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས་ཞེས་བྱ་བ་ལ་སོགས་པའོ།། ཕྱོགས་བཅུ་པོ་རྣམས་ཐམས ་ཅད་དུ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་ཞེས་བྱ་བ་འགྲོ་བའི་གཉེན་གཅིག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་རྣམས་རྟག་ཏུ་ཐོགས་པ་མེད་པའི་མིག་གིས་མངོན་སུམ་དུ་ཞེས་བྱ་བ་མངོན་དུ་ཕྱོགས་ཤིང ་མངོན་དུ་གྱུར་པར་བལྟ་བར་བགྱི་ཞིང་། དེ་དག་ལ་ཡང་སོ་སོར་སྐད་ཅིག་རེ་རེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མཆོད་པ་ན་མཁའ་ལྟར་ཡངས་པ་རྒྱ་ཆེན་པོར་གྱུར་པ་ཆོས་ཀྱི་དབྱིངས་ཁྱབ་པ་དྲུག་བགྱིའོ།། དུ ་ཇི་སྲིད་དུ་ཞེ་ན། མ་འོངས་བསྐུལ་བ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བ་སྟེ། ཕྱི་མའི་མཐའི་མུར་ཐུག་པ་མ་འོངས་པའི་བསྐལ་པ་ཐམས་ཅད་དུ་སྐྱོ་བ་མེད་པའི་ཡིད་དང་ལྡན་པས་བགྱི་བའོ།། རྣམ་པ་དགུ་པ་འཛིན་པ་དང་སྟོན་པར་བྱེད་པའི་བྱ་བ་དག་གིས ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་རྒྱལ་བ་རྣམས་ཀྱི་དམ་ཆོས་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་པོ་གང་ཡིན་པ་དེ་དག ་གཟུགས་ཀྱི་སྟོབས་ཀྱིས་འཛིན་པར་བྱེད་ཡང་དག་པར་འཛིན་པར་བྱེད་པ་དང་། ཆོས་སྟོན་པོའི་རང་བཞིན་གྱི་བྱང་ཆུབ་སྤྱོད་པ་འགྲོ་བ་ལ་ཀུན་ཏུ་སྣང་བྱེད་ཅིང་ཞེས་བྱ་བ་ཡང་དག་པར་འཆད་པར་བྱེད་ཅིང་ངོ་།། འདིར་ཡང་བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནི་དེ་སྟོན་པར ་བྱེད་པའི་ཚིག་ལ་བརྗོད་པ་ཡིན་ནོ།། བཟང་པོར་སྤྱོད་པ་རྣམ་པར་སྦྱོང་བ་ནི་ཞེས་བྱ་བ་ལ། བཟང་པོ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ཏེ། དེ་རྣམ་པར་སྦྱོང་བ་ནི་དྲི་མ་མེད་པར་བྱེད་པ་ཡིན་པས། མ་འོངས་བསྐལ་པ་ཀུན་ཏུ་སྟེ་དུས་རིང་པོར་བྱེད ་པས་མ་ལུས་རྣམས་སུ་སྤྱད་པར་བགྱི་ཞེས་བྱ་བ་ནི་འབད་པར་བགྱི་བའོ།། རྣམ་པ་བཅུ་པོ་བསོད་ནམས་དང་ཡེ་ཤེས་ལ་སོགས་པ་རྙེད་པས་ན་མི་ཟད་པའི་མཛོད་ཐོབ་པ་ནི། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ ་ཡིན་ཏེ། འདོད་པ་ལ་སོགས་པའི་སྲིད་པ་ཐམས་ཅད་དུ་ཡང་སེམས་ཅན་གྱི་དོན་གྱི་དབང་གིས་འཁོར་བ་སྟེ་སྐྱེ་བ་ན་བསོད་ནམས་དང་ཡེ་ཤེས་དག་ནི་མི་ཟད་རྙེད་དེ་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཅིག། དེ་བཞིན་དུ་ཐབས་དང་། ཤེས་རབ་དང ་ན་མཁའ་མཛོད་དང་། དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྙིང་རྗེ་ཆེན་པོ་དང་། དྲི་མི་མེད་པ་དང་། སྒྱུ་མའི་རྣམ་པ་ལ་སོགས་པ་རྣམས་ནས་བྱང་ཆུབ་སེམས་དཔའི ་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་མི་ཟད་མཛོད་དེ། འགྲོ་བ་ཐམས་ཅད་ལ་ཕན་པོ་དང་བདེ་བ་བསྐྱེད་པའི་དོན་དུ་ཡོན་ཏན་ཟད་མི་ཤེས་པའི་གཞིར་གྱུར་ཅེས་བྱ་བའོ།། རྣམ་པ་བཅུ་གཅིག་པ་ནི་འཇུག་པའོ།། དེ་ཡང་རྣམ་པ་བརྒྱད་དེ། ་འདི་ལྟ་སྟེ་སངས་རྒྱས་ཀྱི་ཞིང་།། བལྟ་བ་ལ་འཇུག་པ་རྣམ་པ་གཉིས་དང་། སངས་རྒྱས་ཀྱི་གསུང་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང་། བསྐལ་པའི་འཇུག་པ་ལ་འཇུག་པ་དང་། དེ་བཞིན་གཤེག ་པ་ལ་ལྟ་བ་དང་། དེའི་སྤྱོད་ཡུལ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་མངོན་པར་སྒྲུབ་པ་ལ་འཇུག་པ་དང་། དེ་བཞིན་གཤེགས་པའི་ཐད་དུ་འགྲོ་བ་ལ་འཇུག་པ་ནི་བརྒྱད་པའོ།། དེ་ལ་སངས་རྒྱས་ཀྱི་ཞིང་བལྟ་བ་ལྔ་འཇུག་པ་རྣམ་པ་གཉིས ་ནི་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅོད་པ་གཉིས་ཀྱིས་གང་གསུངས་པ་ཡིན་ཏེ། རྡུལ་གཅིག་ཉིད་ཀྱི་སྟེང་ན་ཕྱོགས་བཅུ་དུས་གསུམ་དུ་སོན་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་སངས ་རྒྱས་ཀྱི་ཞིང་རྣམས་ཞིང་དེར་ཞེས་བྱ་བ་ཞིང་དང་རྣམས་སུ་བསམ་གྱིས་མི་ཁྱབ་ཅེས་བྱ་བ་བསམ་དུ་མེད་ཅིང་བསམ་པ་ལས་འདས་པའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས། སངས་རྒྱས་སྲས་ཀྱི་ཞེས་བྱ་བ ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུས་ན་བཞུག་པ་ཞེས་བྱ་བ་བཞུག་པར་གྱུར་པ་རྣམས་ལ་བལྟ་བར་བགྱི་ཞེས་འབྲེལ་ཏེ། བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སྤྱོད་པ་སྒྲུབ་པར་བྱེད་ཅིང་ངོ་།། ལྟེ་བར་བགྱིའོ།། ཞེས་བྱ་བ་ནི་འཇུག་པར ་བགྱིའོ།། གལ་ཏེ་དེ་ལྟ་ཡིན་ན་མི་སྲིད་པོ་དོན་དུ་གཉེར་པོ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་འབྲས་བུ་མེད་པའི་སྨོན་ལ་མོ་ཉིད་འདེབས་པར་བྱེད་པར་མེའི་གྱུར་རཱམ། འདི་ལྟར་རེ་ཞིག་སངས་རྒྱས་ཀྱི་ཞིང་གཅིག་ཉོད་རྣམ་པར་དབྱེ་བ ་སོ་སོ་དང་བཅས་པ་མ་ལུས་པར་རྡུལ་གཅིག་གླ་སྟེང་དུ་མཐོང་བ་མི་སྲིད་པ་ཡིན་ན་དེ་ཇི་ལྟར་བགྲང་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་རྣམས་ཀྱིས་གང་བའི་སངས་རྒྱས ་ཀྱི་ཞིང་དུས་གསུམ་དུ་སྟོན་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པ་སོ་སོར་རྣམ་པར་ཕྱེ་བ་རྣམས་རྡུལ་གཅིག་གི་སྟེང་དུ་མཐོང་བར་གྱུར་ཅིག་ཅེས་སྨོན་ལམ་ཇི་ལྟར་འདེབས་པར་བྱེད་ཅེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར ་བསམ་གྱིས་མི་ཁྱབ་པའི་ལས་ཀྱིས་སྤྲུལ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་སྟོང་དང་འོག་དང་ཐད་ཀར་ཡུལ་ཐ་དད་པ་ཡིན་པ་དེ་བཞིན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱིས་སྤྲུལ་པ་རྣམས་རྡུལ་གཅིག་གིས་ཡང་སྟེང་དུ ་དེ་ལྟར་ཅི་སྟེ་མི་སྲིད། བསམ་གྱིས་མི་ཁྱབ་པ་ཉིད་ཀྱང་།། གང་ཚེ་ས་ནི་མཁས་རྣམས་ལ།། མཚར་མིན་ཅུང་ཟད་ཡོད་མིན་པ།། དེ་ཚེ་དབང་པོ་རྣམས་ཀྱིས་ནཱི།། རྟོགས་པ་ཉིད་ལ་མཚུར་ཅི་ཡོད།། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས།། བསྣམ ་གཏན་ལས་ཚུལ་ཀླུ་རྣམས་དང་།། སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱི།། བསམ་མི་ཁྱབ་པར་བཞིར་གསུངས་སོ་ཞེས་བརྗོད་པ་འཛིན་ནོ།། དེ་ལྟར་ན་མི་སྲེད་པའི་དོན་ཡིན་ཡང་བློ་རྣམ་པར་འགྱུར་བ་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི ་གསུང་འདི་ཐམས་ཅད་ལ་དེ་ཁོ་ན་ལྟར་ཡིན་ནོ་སྙམ་དུ་མངོན་པར་དད་པར་བྱའོ།། འདི་ལ་ཤིན་ཏུ་གསལ་བར་རབ་ཏུ་བསྒྲགས་པ་ཡིན་ཏེ། སངས་རྒྱས་ཀྱིས་གསུང་ལྐོག་གྱུར་ལ།། གང་ཞིག་ཐེ་ཚོམ་སྐྱེད་བྱེད་དེས།། འདི་ཉིད་དུ་ནི་སྟོང་ཉིད ་ལ།། ཡང་དགྲ་པཱ་ནི་ཡིད་ཆེས་བྱའོ་ཞེས་བྱ་བའོ།། འཇིག་རྟེན་ན་ཡང་རེ་ཞིག་ཆུ་དང་བས་ཁེངས་པའི་སྣོད་ཤིན་ཏུ་ཆུང་ངུའི་ནང་དུ་གཟའ་དང་སྐུར་མ་དང་རྒྱུ་སྐར་ལ་སོགས་པས་བརྒྱན་པར་བྱས་པའི་ན་མཁའ་ཐམས་ཅད་མཐོང་བ་ཁོ ་ནའོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆོས་རྣམས་གཟུགས་བརྙན་དང་མཚུངས་ཏེ།། རབ་རིབ་རྨི་ལམ་མཚན་ཉིད་ཅན།། སྒྱུ་མ་སྨིག་རྒྱུ་དང་འདྲ་ཞིང་།། དྲི་ཟླའི་གྲོང་ཁྱེརརུ་ལྟ་བུ་ཡིན། ཞེས་གསུངས་སོ།། འདི་ཡང་གང་ཡང་དུས ་གསུམ་དག་གི་ཞིང་བཀོད་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིར་ཕྱིས་གསལ་བར་བྱའོ།། དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ནི་རྡུལ་གཅིག་གི་སྟེང་དུ་ཇི་ལྟ་བ་དེ་ལྟར་རོ།། མ་ལུས་ཕྱོགས་རྣམས ་ཐམས་ཅད་དུ་ནི་ཕྱོགས་མ་ཚང་བ་མེད་པ་རྣམས་སུའོ།། སྒྲ་ཙམ་ཁྱོན་ལ་ཞེས་བྱ་བ་ལ་སྒྲའི་ཁྱོན་ནི་སྒྲའི་སྟོང་ངོ་།། འདི་སྐད་དུ་སྒྲ་ཉག་མ་ཙམ་གྱིས་སོ། སྐངས་སུ་དུས་གསུམ་གྱི་ཚད་དང་མཉམ་པ་དུས་གས ་དུ་གཏོགས་པའི་སངས་རྒྱས་རྒྱ་མཚོ་རྣམས་དང་། དེའི་ཞིང་རྒྱ་མཚོ་རྣམས་སུ་སྤྱོད་ཅིང་ཞེས་བྱ་བ་སྤྱོད་པ་ལ་འཇུག་བཞིན་པས། བསྐལ་པ་རྒྱ་མཚོར་རབ་ཏུ་འཇུག་སྟེ་འཇུག་པར་བྱའོ་ཞེས་བརྗོད་པ་ཡིན་ནོ།། སངས་རྒྱས་ཀྱི་གསུང་ལ་འཇུ ་ནི།། གསུང་གཅིག་ཡན་ལག་རྒྱ་མཚོའི་སྐད་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡོན་ནོ།། ཆོས་སྟོན་པར་མཛད་པའི་དེ་བཞིན་གཤེགས་པ་གཅིག་གི་གསུངས་དབྱངས་རྒྱ་མཚོ་སྒྲ་སྐད་རྣམས་ལ་ཏེ། བགྲང་བ་ལས་འདས་པ་ཉན ་པ་པོ་སྐྱེ་བོའི་མོས་པའི་དབྱེ་བ་ཉིད་ལས་གཅིག་པ་ཁོ་ནར་ཚིག་དང་ཡི་གེ་གཞན་དང་གཞན་རྣམས་སུ་ཐ་དད་པ་ཉིད་ཀྱི་གཞན་དང་གཞན་དུ་གྱུར་པ་རྣམས་ཉན་པའི་སྒོ་ནས་དེ་ཁོ་ན་བཞིན་དུ་ཆོས་སྟོན་པར་མཛད་པ་ཕྱོགས་བཅུ་དུས་གསུམ་དུ་བཟུགས ་རྒྱལ་པོ་ཀུན་གྱི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་གང་ཡིན་པ་ཆོས་ཉན་པར་བྱེད་པའི་འགྲོ་བ་དཔག་ཏུ་མེད་པ་ཀུན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་གྱུར་པའི་དབྱངས་སངས་རྒྱས་ཀྱི་གསུང་དེ་ལྟ་བུ་གྱུར་པ་ཡིན་པ་སྟེ། དེ་ལྟར་ཐོས་པའི ་རྣ་བས་འཇུག་པར་བགྱི་སྟེ། དེ་བཞིན་གཤེགས་པ་གཅིག་གི་གསུང་གི་ཡན་ལག་རྒྱ་མཚོའི་སྒྲ་སྐད་ངོ་ཉིད་ལ་འཇུག་པར་བགྱིའོ།། དེ་སྐད་དུ་ཡང་མོས་པ་སྣ་ཚོགོས་ཅན་གྱིས་ནི།། འཁོར་མེ་རྣམས་ནི་གནས་པ་ལ།། གསུང་གཅིག་བཀ་གི ་བན།། གསུང་རྣམས་དུ་མར་གོ་འགྱུར་ཞིང་།། ང་ཡི་ཆེད་དུ་ཡིན་ནོ་ཞེས། སྐྱེ་བོ་ཀུན་གྱི་རྟོགས་འགྱུར་གང་།། འདི་ལས་ཆེས་སྨད་ཅི་ཡོད་དེ།། འདི་ལ་སྐུ་ཆེས་མཚུར་ཅི་ཞིག་ཡོད།། ཅེས་གསུངས་པ་དང་། དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད ་པའི་མདོའི་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང་། འདི་ནི་གང་དག་ཐེག་མཆོག་ལ་གནས་རྨོངས་མེད་པ།། བསྒྲལ་པ་བྱེ་བ་ཁྲུག་ཁྲིག་མང་པོ་རྣམས་སུ་ཡང་།། ངོམས་མེད་སེམས་ཀྱིས་ཕྱོགས་བཅུའི་བདེ་གཤེགས་རྣམས ་ཀྱིས་ནི།། ཆོས་སྤྲིན་མཐུན་པར་བྱེད་པ་རྣམས་ཀྱི་གནས་པ་ཡིན་ཞེས་གསུངས་པ་ཡིན་ཏེ། ཚིགས་སུ་བཅད་པ་སྔ་མ་གཉིས་ཀྱིས་ནི་འཆད་པ་པོའི་ཆེ་བ་དང་། ཚིགས་སུ་བཅད་པ་ཕྱི་མས་ནི་ཉན་པ་པོའི་སྐྱེ་བོའི་ཆེ་བའི་བདག་ཉིད་ཡིན་ནོ།། གྲང ་ངག་གཅིག་གསུངས་ཡན་ལག་རྒྱ་མཚོའི་སྒྲ་སྐད་ལ། རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ་ཞེས་བདུན་པོ་གཅིག་གི་ཚིག་གིས་མཐའ་ཅན་དུ་འདོད་པ་སྟེ་དེ་དག་གིས་ནི་ཏེའི་སྒྲ་ཚིག་གིས་བསྐོར་བ་ཡིན་པར་བལྟ་བར་བྱའོ།། ཆོས་ཀྱི ་འཁོར་ལྷོ་བསྐོར་བ་ལ་འཇུག་པ་ནི་དུས་གསུམ་གཤེགས་པ་རྒྱལ་བ་འཁོར་ལོ་མི་ཞེས་བྱ་བ་ལ་སོགས་པ་གླང་གསུངས་པ་ཡིན་ཏེ། དེ་དག་རྣམས་ཐམས་ཅད་ཀྱི་དོན་ཞེས་བྱ་བ་ནི་དུས་གསུམ་གཤེགས་པ་རྒྱལ་བ་རྣམས་ཀྱིའོ།། ཅི་འདྲ་བ ་རྣམས་ཀྱི་ཞེ་ན། འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་མཛད་རྣམས་ཀྱི་གསུངས་དབྱངས་མི་ཟད་པ་གང་ཡིན་པ་ཟད་པ་ལས་འདས་པ་དེ་རྣམས་ལ་བློའི་སྟོབས་ཀྱིས་ཞེས་བྱ་བ་ཤེས་པའི་བདག་ཉིད་ཆེ་བས་ཅིག་ཅར་དུ་འཇུག་པར་བགྱི་ཞིང ་@ཞུགས་པར་བགྱིའོ།། ཐབས་གང་དང་གང་གིས་ཆོས་བསྟན་པ་གང་དང་ག་ཡིན་པས་དུས་གང་དང་གང་གི་ཚེ། ཡུལ་གང་དང་གང་དུ་མོས་པ་སྣ་ཚོགས་ཅན་གྱི་སེམས་ཅན་རྣམས་འདུལ་བྱར་གྱུར་པ་དེ་ནི་འདིར་ཚུལ་ཡིན ་པར་ལྟའོ།། དབྱངས་ཀྱི་སྒྲ་ནི་འདིར་ཡང་ཚིག་གིས་ཁ་བསྐོང་གི་དོན་དུའོ།། བསྐལ་པའི་འཇུག་པ་ལ་འཇུག་པ་ནི་མ་འོངས་བསྐལ་པ་ཀུན་གྱི་བསྐལ་པ་འཇུག་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུར་རྟོགས་པའི་མ་འོངས་གྱི ་སྐལ་པ་ཀུན་གྱི་བསྐལ་འཇུག་ལ་ཞེས་བྱ་བ་བསྐལ་པ་ལྔ་བརྒྱུད་པར་འབྱུང་བ་རྣམས་ལ་མདོར་བསྡུས་ཏེ་བདག་ནི་འཇུག་པར་བགྱིའོ།། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག་ཅེས་བྱ་བ་ནི་དུས་གསུམ་གྱི་གྲགས་སྙེད་པ་སྟེ། དེ་དག་ཐམས་ཅད་ཤེས ་ར་སྐད་ཅིག་གིས་ཆ་ཤས་ཞེས་བྱ་བ་སྐད་ཅིག་མ་གཅིག་གིས་ཕྱོགས་ཅིག་ཏུ་ཞུགས་པར་སྤྱད་པ་བྱེད་དེ་ཞུགས་ཞེས་བྱའོ།། དེ་བཞིན་གཤེགས་པ་བལྟ་བ་དང་དེའི་སྤྱོད་ཡུལ་ལ་འཇུག་པ་ནི་དུས་གསུམ་གཤེགས་པ་མི་ཡི་སྲེང་སྐྱེ་གང་ཞེས་བྱ་བ་ལ ་སོགས་པ་གང་གསུངས་པ་ཡིན་ཏེ། ཕྱོགས་བཅུ་པོ་རྣམས་ཀྱི་དུས་གསུམ་དུ་གཤེགས་པོའི་མེའི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཤེས་པའི་སྐད་ཅིག་གཅིག་གིས་བདག་གིས་བལྟ་ཞིང་། དེ་དག་གི་ནི་སྤྱོད་ཡུལ་ཏེ། ཡུལ ་ལ་ལང་འཇུག་པའི།། སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མར་གྱུར་པ་ཞེས་བྱ་བ་ཤེས་པའི་རང་བཞིན་ཡིན་ལ་དེའི་སྟོབས་ཀྱིས་རྟག་ཏུ་འཇུག་པའོ།། སངས་རྒྱས་ཀྱི་ཞིང་མངོན་པར ་བསྒྲུབ་པ་ལ་འཇུག་པ་ནི་གང་ཡང་དུས་གསུམ་དག་གི་ཞིང་དཀོད་པ་ཞེས་བྱ་བ་ལ་སོགས་པས་གང་གསུངས་པ་ཡིན་ཏེ། གང་ཡང་དུས་གསུམ་ངག་གི་ཞིང་བཀོད་པ་རྒྱ་མཚོ་དེ་དག་རྡུལ་གཅིག་གི་སྟེང་ན་རྫུ་འཕྲུལ་གྱི་སྟོབས་མངོན་པར་བསྒྲུབ་པར་བྱ་ཞིབ ་དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ་ཞེས་བྱ་བ་དེ་ནི་དེ་ལྟར་དེ་ཕྱོགས་མ་ལུས་པ་ཐམས་ཅད་དུ་ཞིང་གི་བཀོད་པ་རྣམས་རྡུལ་གཅིག་གི་སྟེང་དུ་དེ་ཁོ་ན་བཞིན་མངོན་པར་བསྒྲུབ་པར་བགྱི་སྟེ། ཤེས་པའི་སྐད་ཅིག་གིས་འཇུག་པར་བྱའོ།། གལ་ཏེ་རེ་ཞིག ་དཱདུལྟར་བ་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་གི་རང་བཞིན་དང་། ཚད་དང་མདོག་དྲང་དབྱིངས་ཀྱི་དབྱེ་བས་ཐ་དད་པ་རྣམས་རྡུལ་གཅིག་གི་སྟེང་ན་གནས་པ་ལ་མུ་ཡིན་ན། དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཕྱོགས་བཅུ་ན་ཡོད་པ་རྣམས་དེ་བ་ན ་བཞིན་རང་བཞིན་ལ་སོགས་པའི་དབྱེ་བས་ཐ་དད་པ་རྣམས་རྡུལ་གཅིག་གི་སྟེང་དུ་བར་མཆོད་ཅིང་མ་འདྲེས་པར་གནས་པར་ཇི་ལྟར་འགྱུར་ཏེ། ངས་ནི་འདི་ཇི་ལྟར་ཡིང་ཆེས་པར་བྱ་ཞེ་ན། འདིར་བརྗོད་པ་གང་གི་ཕྱིར་ཡོངས་སུ་མ་ཆུབ་སྡིང་ངོ་བོ་ཉིད་མང་བྱ ་སྒྱུ་མ་ལྟ་བུ་མ་སྐྱེས་པ་མ་འགགས་པ་སྐྲ་ཤད་ལྟ་བུ་གདོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་མོས་པ་ཇི་ལྟ་བ་བཞིན་རྟོགས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་རྣམ་པ་སྣ་ཚོགས་པ་དུ་མའི་རང་བཞིན་གྱི་ཆོས་ཐམས་ཅིང་ནི་ལེགས་པར་བསྒོམ ་ཤིང་རྣམ་པ་སྣ་ཚོགས་པར་གྱུར་པའི་ཏིང་ངེ་འཛིན་དང་རྣམ་པར་ཐར་པའི་ཁྱད་པར་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པར་ཉེ་བར་དགོད་པར་ཉམས་སུ་མྱོང་བར་འགྱུར་བ་ན། ལེགས་པར་བསྒོམས་པར་བྱེད་པའོ།། གནས་འདིར་གསལ་བར་འཇོག་པར ་བྱེད་པ་ཡིན་ཏེ། འཇིག་རྟེན་ན་ཡང་འཚེ་བ་མང་བ་ཡིད་ཆེས་པ་ཅུང་ཟད་ཙམ་གྱིས་ནུས་པ་བསྐྱེད་པའི་མིག་འཕྲུལ་མཁན་བློ་གྲོས་མཆོག་ཏུ་མ་མཚན་པར་བྱེད་པའི་སྒྱུ་མ་སྒྲུབ་པར་བྱེད་པ་རྣམས་མཐོང་བ་ཁོ་ན་ཡིན་པ ་དེའི་ཕྱིར་ཇི་སྐད་བརྗོད་པ་འདི་ཐམས་ཅད་ཡིད་ཆེས་པར་བྱ་བ་ཡིན་གྱི། འདི་ལ་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གང་ཡོང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས་ཞེས་བྱ་བ་ལ་སོགས་པ ་གང་གསུངས་པ་ཡིན་ཏེ། གང་ཡང་མ་བྱོན་པའི་དུས་ཕྱི་མའི་མཐའི་མུར་ཐུག་པར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་སྒྲོན་མ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐའི་གཏུགས་པ་གཞན་ནི་བཞུགས་པ་བགྲང་བ་ལས་བླངས ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་རྣམས་སྐད་ཅིག་སོ་སོར་དུས་མཚུངས་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་བཞིན་དུ་གཞན་དག་དུས་མཚུངས་པ་ཁོ་ནར་ཆོས་ཀྱི ་འཁོར་ལོ་བསྐོར་བ་དང་། དེ་བཞིན་དུ་གཞན་དག་མྱ་ངན་ལས་འདས་པ་སྟོན་པར་འགྱུར་བ་དེ་དག་གི་དྲུང་དུ་སྟེ། དེས་ན་དེ་དག་རྣམ་པར་འཚང་རྒྱ་འཁོར་ལོ་བསྐོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་དག་ཅེས་བྱ་བ་ནི་དེ་དག་གིས་ཏེ། ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པ་སྟོན་པ་དང་། དེ་བཞིན་དུ་འཇིག་རྟེན་གྱི་མགོན་པོ་གཅིག་པུ་པ་དེ་དག་ཀུན་གྱི་ཞབས་དྲུང་དུ། ཡིད་མགྱོགས་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས ་ཅིག་ཅར་ལུས་ཀྱི་སྦྱིན་མ་འོངས་ཕྱོགས་བཅུ་ཁྱབ་པར་བྱས་ནས། ན་མཁའ་ཁྱབ་པའི་མཆོད་བྱི་སྦྱིན་མཆོག་ཏུ་ཁྱད་པར་དུ་འཕགས་པ་བགྲང་བ་ལས་འདས་པ་རྣམས་ཀྱིས་རེ་རེ་ལ་མཆོད་པ་དང་བསྟོད་པ་འབུལ་བ་དང་། ལན་བརྒྱ་དང་ལནྡ་སྟོང་དུ་བསྐོར ་པ་བྱེད་ཅིང་འཁོར་བ་ཇི་སྲིད་ཀྱི་བོར་དུ་བདག་མཆིའོ་ཞེས་བྱ་བ་དུས་མཚུངས་པར་འགྲོ་བའོ།། རྣམ་པར་འཚོང་ནཱ་ཞེས་བྱ་བ་ནི་མངོན་པར་འཚང་རྒྱ་བའོ།། མྱ་ངན་འདས་པ་སྟོན་ཅེས་བྱ་བ་འདི་ལ་རབ་ཏུ་ཞི་མཐའ་ཞེས་བྱ་བས་བཤད་པ་ནི་ཚིག་ཁ་བས ་བིའི་དོན་དུ་ཡིན་པར་རྟོགས་སོ།། གཙོ་བོ་ཡིན་པའི་ཕྱིར་དེ་སྐད་གསུངས་པར་ཟད་ཀྱི་འོན་ཀྱང་ཆུ་ཟླ་སྣང་བ་ལྟར་དགའ་ལྡན་གྱི་གཞལ་ཡས་ཁང་ན་བཞུགས་པ་དང་འཆིའི་འཕྲོ་བ་སྟོན་པ་དང་། ལྷུམས་ན་བཞུགས་པ་དང་། བལྟམ་པ་དང་། ལྷའི་གམ་སུ ་གཤེགས་པ་དང་། བཟོ་དང་སྒྱུ་རྣལ་སྟོན་པ་དང་། ཁ་བོ་ནས་འབྱུང་བ་དང་། རབ་ཏུ་འབྱུང་བ་དང་། དགེའི་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དུ་སྟེང་གོའི་གདན་ལ་བཞུགས་ནས་བདུད་བཏུལ ་དུས་རྣམས་སུ་ཡང་དེ་དག་གི་ཞིབས་དྲུང་དུ་དེ་ཁོན་བྱུང་དུས་ཅིག་པར་ཉིད་མཆི་བའོ།། དེ་སྐད་དུ་ལྷུང་། གང་ཕྱིར་སེམས་ཅན་གཞལ་མིང་རྣམས།། སོ་སོར་འཇིག་རྟེན་ཁམས་རྣམས།། སྐད་ཅིག་སྙིད་ཅིག་འཚང་རྒྱ་དེས།། ཞུམ་པ་དང་དུ་ཐཱ་མེ་བྱ་ཞེས ་གསུངས་སོ།། རྣམ་པ་བཅུ་གཉིས་པ་ནི་སྟོབས་སོ།། དེ་ཡང་རྣམ་པ་བཅུ་སྟེ། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ།། གྲུབ་པས་ན་རྫུ་འཕྲུལ་དེ་ཡང་དོག་པར་གྲུབ་ཅིང་འདོད་པ་ཇི་ལྟ་བ ་བཞིན་རྫོགས་པར་བྱེད་པའི་ཆོ་འཕྲུལ་ཞེས་བྱ་བའི་དོན་ཏོ།། རྫུ་འཕྲུལ་ཆོ་འཕྲུལ་ཡིན་ནོ་ཞེས་ཇི་ལྟར་རྟོགས་ཤེ་ན། སེམས་ཅན་སོ་སོ་བ་རྣམས་ཀྱི་ཡིད་འཕྲོག་ཅིང་མགུ་བར་བྱེད་པས་ན་ཆོ་འཕྲུལ་ཡིན་ནོ།། དེའི་སྣོབ ་ནི་དོན་ཡོད་པ་ཉིད་དོ།། ཀུན་ཏུ་མྱུར་བའི་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སྡོམས་དཔའའི་གཞིན་དུ་མི་འགྲོ་བས་ཀུན་ཏུ་རྒྱུ་བའི་རྫུ་འཕྲུལ་གྱིས་ཅིག་ཆར་ཕྱོགས་བཅུར་འགྲོ་བ་དེ་བཞིན་དུའོ།། ཐེག་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི ་སྟོབས་ཀྱིས་ཏེ། འདིས་འགྲོ་བོར་བྱེད་པས་ན་ཐེག་པའོ།། ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་ཡིན་པ་འམ། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ཐེག་པ་ཆེན་པོའོ།། དེའི་རང ་བཞིན་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ལུམ་ཡིན་ཏེ། ཐེག་པ་ཆེན་པོ་ནི་བསྟོད་ནམས་དང་ཡེ་ཤེས་ཞེས་བྱ་བ་ཉིད་ཡིན་ནོ།། ཡང་ནི་ཕ་རོལ་ཏུ་ཕྱིན་པ་ས་དང་བཅས་པ་ཐེག་པ་ཆེན་པོ་ཡིན་ནོ།། དེའི་སྟོབས་ནི་ཐོགས་པ ་མེད་པ་ཉིད་དང་མི་མཐུན་པའི་ཕྱོགས་ཀྱིས་མི་རྫིབ་ཞེས་བྱ་བའི་དོན་ཏོ།། ཀུན་ནས་སྒོའི་ཞེས་བྱ་བ་ནི་ཐམས་ཅད་ནས་འཇུག་པའི་སྒོའོ།། ཇི་ལྟར་ཞེ་ན། གུང་བྱང་ཆུབ་ཀྱི་སེམས་མྱི་སྐྱེ་བ་དང་། གང་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང ་བདེ་བར་བསྔགས་པར་མ་གྱུར་པའི་གནས་སྐབས་དང་། དམིགས་པ་དེ་ནི་གང་ཡང་ཡོད་པ་མི་སོན་ཏེ། འདི་ཐམས་ཅད་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པའི་མདོར་བལྟ་བར་བྱའོ།། སྤྱོད་པོའི་སྟོབས་རྣམས་དང་ཞེས་བྱ་བ་ནི་ཁྱད་པར་མེད་པའི་ཕྱིར ་སྤྱོད་གཉིས་ཀའི་སྟོབས་ཀྱི་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་དང་། བཟང་པོ་སྤྱོད་པའི་སྟོབས་ཀྱིས་སོ།། ཀུན་ཏུ་ཡོན་ཏན་ཞེས་བྱ་བ་ནི་ཐོག་མ་དང་བར་དང་། ཐ་མར་དགེ་བས་སོ།། བྱམས་པའི་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམ ་ཐམས་ཅད་ལ་བ་བའི་བསམ་པས་ཁྱབ་པར་བྱས་པའོ།། ཀུན་ཧཱུ~ཾ་ཁྱབ་པ་ཞེས་བྱ་བ་ནི་ཕྱོགས་བཅུ་ཁྱབ་པས་སོ།། བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་པར་བྱེད་ཅིང་གཙང་བར་བྱས་པས་བསྟོད་ནམས་ཡིན་པ་འམ། ཡང་ནས་ཡང་ལེགས ་འགྱུར་བས་ན་བསོད་ནམས་ཏེ། དེའི་སྟོབས་ནི་བྱང་ཆུབ་དུ་སེམས་བསྐྱེད་པ་ཉིད་ཀྱིས་འགྱུར་རོ།། ཇི་སྐད་དུ་བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། གལ་ཏེ་ངོ་ལ་གཟུགས་མཆིས་ན།། ནམ་མཁའི་ཁམས་ནི་ཀུན་གང་ནས།། དེ་བས་ཀྱང་ནི་ལྷག ་པར་འགྱུར་ཞེས་གསུངས་སོ།། དེ་བཞིན་དུ་ཐེག་པ་ཆེན་པོ་དང་ལྡན་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་འཛིན་པ་དང་། གློག་པ་དང་། སྟོན་པ་དང་། མོས་པ་དང་། ཚིགས་སུ་བཅད་པ་གཉིས་ཀྱི་གཟུངས་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ ་བསྔོས་པས་ཀྱང་འགྱུར་ཏེ། བསོད་ནམས་ཀྱི་སྟོབས་དེས་སོ།། ཀུན་ཏུ་དགེ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་བསམ་པས་བསྒྲུབ་པའི་ཕྱིར་རོ།། ཡེ་ཤེས་སྟོབས་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་རིག་པའི ་ཤེས་པ་ཡིན་པའི་ཕྱིར་རོ།། ཆགས་པ་མེད་པར་གྱུར་པ་ཞེས་བྱ་བ་ནི་དུས་གསུམ་པོ་རྣམས་ལ་ཆགས་པ་མེད་པའི་ཕྱིར་རོ།། ཤེས་རབ་སྟོབས་ཞེས་བྱ་བ་ནི་དོན་དེ་ཁོ་ན་སྟོབས་པས་སོ།། ཐབས་ཀྱི་སྟོབས་ནི་ཉེ་བར་འགྲོ་བས་ན་ཐབས། ་@#དེའི་སྟོབས་ནི་དོན་ཡོད་པ་ཉིད་དོ།། ཏིང་འཛིན་སྟོབས་ཞེས་བྱ་བ་ནི་ཡང་དག་པར་འཛིན་པས་ཏིང་ངེ་འཛིན་ཏེ་བསྡམ་གཏན་ནོ།། དེའི་སྟོབས་ནི་འགྲོ་བ་མཐའ་དག་གི་དོན་བྱ་བའི་ཆེད་དུ་མངོན་པར་ཤེས་པ་ལ་སོགས་པའི ་ཡོན་ཏན་མངོན་པར་སྒྲུབ་པ་ལ་ཐོགས་པ་མེད་པ་ཉིད་དོ།། ཏིང་ངེ་འཛིན་གྱི་སྟོབས་ངེས་སོ།། བྱང་ཆུབ་སྟོབས་རྣམས་ཞེས་བྱ་བ་ལ། བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྟོབས་གང་ཡིན་པ་དེ་མཐུའོ།། ཡང་དག་པར་སྒྲུབ ་པར་བྱེད་པའོ།། རྣམ་པ་བཅུ་གསུམ་པ་ནི་གཉེན་པོའོ།། དེ་ལ་མི་མཐུན་པའི་ཕྱོགས་ལས་དང་ཉོན་མོངས་པ་དང་བདུད་ཀྱི་སྟོབས་འཇོམས་པ་ལས་རྣམ་པ་གསུམ་པ་ནི། ལས་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གང ་གསུངས་པ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་ན་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་དབྱེ་བ་ལས་ཏེ་རྣམ་པ་གསུམ་མོ།། དེ་ལ་རེ་ཞིག་ངེས་པར་མྱོང་བར་འགྱུར་བའི་མི་དགེ་བའི་སྟོབས་ནི་ངན་སོང་གསུམ་བསྐྱེད་པར་ནུས་པ་སྟེ། ཡོངས་སུ་དག་པར་བྱེད ་སེལ་བར་བྱེད། རྣམ་པར་སུན་འབྱིན་པ་ལ་སོགས་པའི་སྟོབས་ཀྱིས་སྦྱོར་བར་བྱེད་པ་སྟེ། སྡིག་པ་ཤིན་ཏུ་མི་བཟང་བྱས་པ་དྲག། བདག་ལ་རྣམ་པར་སློང་བས་སྲབས་པར་བྱེད།། རབ་ཏུ་བཤགས་དང་སྡོམ་པཪྻ་བྱེད་པས་ནི།། དེ་དག་རྩཝ་ནཱས་ན ་པར་ངས་བཤད་དོ་ཞེས་ཇི་སྐད་གསུངས་པ་བཞིན་ནོ།། གཉེན་པོའི་སྟོབས་ཀྱིས་ཀྱང་རྣམ་པར་དགེ་བར་བྱེད་དེ། དཔེར་ན་མཛའ་བོའི་བུ་མོས་མ་ལ་གནོད་པ་བྱས་པས་ཀུན་ནས་བསླང་བའི་མི་དགེ་བའི་ལས་ཀྱིས་ཞིང་གི་ཁྱད་པར་ལས་མཐོང་བའི ་ཆོས་ཉིད་ལ་རྣམ་པར་སྨིན་པའི་འབྲས་བུ་སྟེར་བར་ཞུགས་ཏེ་འབྲས་བུ་ཅུང་ཟད་ཀྱང་ལྷག་པའི་བསམ་པའི་ཁྱད་པར་སྐྱེས་པ་སེམས་ཅན་གྱི་དོན་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཁོ་ནས་དེ་མ་ལུས་པར་དྲུངས་ཕྱུང་ཞིང་བཅོམ་པ་བཞིན་ནོ།། ་སེམས་ཅན་གྱི་དོན་དུ་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅི་འདྲ་བ་ཞིག་ཡིན་ཞེ་ན། སྨྲས་པ། འགྲོ་བ་ཐམས་ཅད་ན་སེམས་ཅན་གྲང་སུ་དག་བདག་དང་འདྲ་བར་མ་ལ་གནོད་པ་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱི་དོན་དུ་སྤྱི་བོར་འཁོར་ལོས ་བྲལ་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མཐའ་ཡས་པ་སྡུག་པ་བདག་ཁོ་ནས་འཁོར་བ་ཇི་སྲིད་དུ་རྒྱུན་མ་ཆད་པར་མྱོང་བར་གྱུར་ཏེ། འདིར་ནམ་ཡང་སེམས་ཅན་གཅིག་ཀྱང་འོང་བར་མ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ།། རྟེན་གྱི་སྟོབས་ཀྱིས་ཀྱང ་དཔེར་ན་ཕག་མོའི་རྟོགས་པ་བརྗོད་པ་ལས། ལྷའི་བུ་ཚེ་ཟད་པ་འགའ་ཞིག་གྲོང་གི་ཕག་མོའི་མངལ་དུ་སྐྱེ་བར་བྱེད་པ་ངེས་པར་མྱོང་བར་འགྱུར་བའི་ལས་འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པར་གྱུར་ལ། དེ་ཡང་གསུམ་ལ་སྐྱབས་སུ་སོང ་བ་ཙམ་གྱིས་ཐམས་ཅད་གཏན་དུ་དྲུངས་ཕྱུང་ནུས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་བཞིན་ནོ།། ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ལས་ཀྱང་གཏན་རྩ་བ་ནས་ཕྱུང་བར ་འགྱུར་ཏེ། ཇི་སྐད་དུ་ཁས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་མདོ་ལས་དཔེར་ན་དགེ་སློང་གཞན་ཞིག་གིས་མི་ཚངས་པར་སྤྱོད་པ་དང་། མི་བསོད་པའི་ཕས་ཕམ་པ་གཉིས་བྱས་ཏེ། ཕྱི་ནས་དེ་སྐྱོ་བ་སྐྱེས་ཤིང་སྙིང་ལ་གདུང་བ་སྐྱེས་པར་གྱུར་ཏེ། སྨྱོན་པ ་@བཞིན་དུ་གཙུག་ལག་ཁང་ནས་གཙུག་ལག་ཁང་དང་། གྲོང་ནས་གྲོང་དང་སྲང་ནས་སྲང་དུ་རྒྱུ་ཞིང་སྐྱེ་བོ་ཐམས་ཅད་ཀྱི་མདུན་དུ་བདག་བཅོམ་མོ།། བདག་བཅོམ་མོ་ཞེས་ཡང་དག་པར་སྒྲོགས་ཏེ། ཡང་ནས་ཡང ་ཀྱི་ཧུ་ཀྱི་ཧུད་ཞེས་ཟེར་ཞིང་སྡིག་པ་བཤགས་པའི་སྟོབས་ཀྱིས་འདོར་བར་བྱེད་པ་ནས་ལས་དེ་བསྲབས་པའི་བར་དུ་བྱས་པར་གྱུར་ཏོ།། དེ་དེ་ལྟར་སེམས་ཤིན་ཏུ་གདུངས་པར་གྱུར་པ་ན་མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས ་དཔའ་གཞན་ཞིག་གང་གིས་ཆོས་ཟབ་མོ་དེ་ལྟ་དེ་ལྟ་བུ་བསྟན་པས་ཆོས་ཐམས་ཅད་བདག་མེད་པ་ཉིད་རྟོགས་ནས་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་ནས་སྡིག་པ་དེ་ཐམས་ཅད་དྲུང་ཕྱུང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར ་གསུངས་པ་བཞིན་ནོ།། ཟབ་མོའི་ཆོས་ལ་ལྷག་པར་མོས་པ་འདི་ནི་ལྟུང་བ་དང་འགྱོད་པ་ཐམས་ཅད་སེལ་བ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྐྱོང་བར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་དང་བར་བྱ་སྟེ། ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས ་པའི་མཛོད་ཀྱི་མདོ་ལས། འོད་སྲུངས་གང་ཞིག་པ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེ་སྲོག་དང་བྲལ་བར་བྱེད་པ་འདི་ནི་སྲོག་གཅོད་པ་རྣམས་ཀྱི་ནིང་ན་ལྕི་བ་ཡིན་ནོ།། འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན ་པར་ལེན་པ་རྣམས་ཀྱི་ནང་ནས་ལྕི་བ་ཡིན་ནོ།། འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཡིན་པ་དེ་ལ་ལོག་པར་བསྒྲུབ་པ་འདི་ནི་འདོད་པས་ལོག་པར་སྤྱོད་པ་རྣམས་ཀྱི་ནང་ནི་ལྕི་བ་ཡིན་ནོ།། འདི་ལྟ་སྟེ་དེ་བཞིན་གཤེགས་པ་ལོ ་སྐུར་པ་འདེབས་པ་འདི་བརྫུན་དུ་སྨྲ་བ་རྣམས་ཀྱི་ནང་ནུ་ལྕི་བའོ།། འདི་ལྟ་སྟེ་དགེ་འདུན་གྱི་དབྱེན་བྱེད་པ་འདི་ནི་ཕྲ་མ་རྣམས་ཀྱི་ནང་ན་ལྕི་བ་ཡིན་ནོ།། འདི་ལྟ་སྟེ། འཕགས་པ་རྣམས་ལ་གཤེ་བ་འདི་ནི་ཚིག་རྩུབ་མོ་རྣམས་ཀྱི་ནང་ན་ལྕི་བ་ཡིན། ་ནོ། འདི་ལྟ་སྟེ་ཆོས་འདོད་པ་རྣམ་པར་གཡེང་བ་འདི་ནི་དྲུག་འཁྱལ་པ་རྣམས་ཀྱི་ནང་ན་ལྕི་བའོ།། འདི་ལྟ་སྟེ་ཡང་དག་པར་སོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པ་འདི་ནི་བརྣབ་སེམས་ཀྱི་ནང་ན ་ལྕི་བའོ།། འདི་ལྟ་སྟེ་མཚམས་མེད་པ་ཉེ་བར་རྩོམ་པ་འདི་ནི་གནོད་སེམས་ཀྱི་ནང་ན་ལྕི་བའོ།། འདི་ལྟ་སྟེ་ལྕི་བ་ཤིན་ཏུ་ཐིབས་པོར་གྱུར་པ་འདི་ནི་ལོག་པར་ལྟ་བ་རྣམས་ཀྱི་ནང་ན་ལྕི་བ་ཡིན་ཏེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི ་དོག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ།། འོད་སྲུངས་གྲལ་ཏེ་སེམས་ཅན་ཅིག་འགའ་ལ་ལ་ཞིག་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ལས་ཁ་ན་མ་ཐོ་བ་ཆེན་པོ་འདི་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པའི ་ཆོས་བསྟན་པ་རྒྱུ་རྐྱེན་དུ་ལྡན་པ་ལ་འཇུག་སྟེ། འདི་ལ་གང་ཞིག་བྱེད་པ་འམ་གང་གིས་མྱོང་བར་བྱེད་པའི་བདག་གྲམ། སེམས་ཅན་ནམ། སྲོག་གམ། གང་ཟག་ནི་འགའ་ཡང་མེད་དོ་སྙམ་ཞིང་དེ་ལྟར་ཆོས་ཐམས་ཅད་བཅོས་བུ་ཉིད་དང་། ་མངོན་པར་འདུས་མ་བྱས་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཉིད་དང་། སྒྱུ་མའི་ཆོས་ཉིད་དང་། རང་བཞིན་གྱིས་འོད་གསལ་བ་ཉིད་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་ཉིད་ལ་མངོན་པར་དད་པར ་བྱེད། ལྷག་པར་མོས་པར་བྱེད་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ནི་ཚོགས་སུ་གྱུར་པ་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་སྐྱེ་བ་དང ་འཇིག་པས་ཉམས་པར་གྱུར་པ། རྒྱུ་དང་རྐྱེན་ཚོགས་པ་ལས་སྐྱེ་ཞིང་སྐྱེས་མ་ཐག་ཏུ་ཡང་འགག་པར་གྱུར་པ་སྟེ། སྐྱེ་བ་འཇིག་པ་གང་ལྡན་པ་དེ་ནི་ཉོན་མོངས་པ་རྣམས་ཐམས་ཅད་ཀྱི་ཡང་འཇིག་པ་ཡིན་ནོ་ཞེས་དེ་ལྟར་མོས་པ་གང་ཡིན་པ་དེ་ལ་ནི ་ལྟུང་བ་མེད་ཅིང་ལྟུང་བའི་གནས་ཡོད་པ་མ་ཡིན་ནོ།། སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པར་འགྱུར་བ་གང་ཡིན་པ་དེ་ན་གནས་མ་ཡིན་ཞིང་གོ་སྐབས་མེད་དོ།། ཞེས་གསུངས་པ་བཞིན་ནོ།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་དུ་བྱས ་བོ་ཉིད་ལས་ཀྱང་ལྟུང་བས་ཀྱང་ལྟུང་བས་ཀུན་ནས་བསྐྱང་བའི་མི་དགེ་བ་འདི་ཤིན་ཏུ་བསལ་བར་གྱུར་པ་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་སྔ་དྲོའི་དུས་ན་ལྟུང་བ་ད་བ ་པ་ཉི་མ་བྱེད་ན་བྱང་ཆུབ་ཀྱི་སེམས་མངོན་དུ་བྱུང་ན་བྱང་ཆུབ་སེ་ལ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་མཐའ་མེད་པ་ཉིད་དུ་རིག་པར་བྱའོ།། དེ་བཞིན་དུ་ཉི་མ་ཕྱེད་ན་ལྟུང་བ་དང་བཅས་པ་ཕྱི་དྲོའི་དུས་ན། བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་ན་བྱང་ཆུབ་སེམས ་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐོའི་མེད་པ་ཉིད་དུ་རིག་པར་བྱའོ།། ཞེས་གསུངས་པ་བཞིན་ནོ།། དེ་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཉེ་བར་བྱས་པ་ཐད་ངེས་པར་སྲེག་པ་ཧྲཱིཿསྭཱ ་པར་སྲེག་པའི་མེ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། སུམ་བརྒྱ་པ་ལས་ཀྱང་། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་རང་བཞིན་གྱི་མདོ་སྡེ་འདི་དག་འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་པ ་དང་། ཀློག་པར་འགྱུར་པ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དེ་དག་ནི་གདུང་བར་འགྱུར་ཤིན་ཏུ་གདུང་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་ཚེ་རབསེ་སྔ་མའི་མི་དགེ་བའི་ལས་ངན་སོང་འགྲུབ་པ་དང་རྗེས་སུ ་མཐུན་པ་བྱས་པ་གང་ཡིན་པ་དེ་དག་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་ལོངས་སྤྱོད་པས་ན་སྔོན་གྱི་མི་དགེ་བའི་ལས་དེ་དག་ཟད་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་ངེས་པར་མྱོང་བར ་འགྱུར་བའི་སྡིག་པའི་ལས་ཤིན་ཏུ་ཡོངས་སུ་དག་པར་བྱས་པར་འགྱུར་རོ།། ཞེ་ས་བསྟན་པ་ཡིན་ནོ།། ཁ་ཅིག་འདི་སྐད་ཅེས་སྡིག་པའི་ལས་ཆུང་ངུ་དང་འབྲིང་དག་ནི་སྡིག་པ་བཤགས་པ་ལ་སོགས་པའི་སྟོབས་ཀྱིས་ཤིན་ཏུ་གསལ ་བར་འགྱུར་མོ་དེ། མཚམས་མེད་པ་ལ་སོགས་པ་ལས་ལྕི་བ་རྣམས་ཀྱི་ཐམས་ཅད་རྩ་བ་ནས་བྱང་བར་ཇི་ལྟར་འགྱུར་ཞེས་ཟེར་པོ་གང་ཡིན་པ་དེ་དག་ལ་བརྗོད་པ། བསམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་ལས་རྒྱལ་པོ་མ ་སྐྱེས་དགྲ་ལ་སོགས་པ་མཚམས་མེད་པ་བྱེད་པ་གང་ཡིན་པ་རྣམས་ཀྱིས་མནར་མེད་པར་བསྐལ་པ་འམ་བསྐལ་བ་དང་ཉེ་བ་འམ་བསྐལ་པ་ཕྱེད་དུ་གནས་པར་བྱ་དགོས་པ་ཤིན་ཏུ་འགྱོད་པའི་སེམས་གདུང་བར་འགྱུར་པ་དེ་དག་གི། ་ལས་རྣམས་ཡང་དག་པར་བཤགས་པ་ལ་སོགས་པའི་སྟོབས་ཀྱིས་བསྲབས་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ་དེ་ལ་ལས་དེས་འབྲས་བུ་ཕོ་ལོང་ལྟུང་བའི་དུས་ཙམ་ཞིག་ཡང་དག་པར་མྱོང་བར་གྱུར་ཏོ་ཞེས ་གསུངས་པ་ཡིན་ནོ།། དེས་ན་དེ་ཙམ་གྱིས་ལྔས་དེ་ཤིན་ཏུ་རྩ་བ་ནས་བྱུང་བར་དོན་ལ་མོ་སོང་དམ་ཅི། གཤོལ་གཅིག་གིས་མ་རྨོས་པ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ།། གལ་ཏེ་སྦྲང་བུའི་རྐང་པ་ཙམ་གྱིས་ཁྱད་པར་ཅན་ཡང་མི་འགྱུར་བར ་ངེས་པའི་ལས་ཀྱི་ཚོགས་ཡོངས་སུ་ཟད་པར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་གལ་ཏེ་གཉེན་པོའི་སེམས་པ་འཇུག་པ་འབད་ན་ཟད་པར་འགྱུར་བ་ཁོ་ནའོ།། འོ་ན་བསྐལ་པ་བྱེ་བ་བརྒྱར་ཡང་ནི།། ལས་རྣམས་ཆུད་མི་ཟ་བ་དེ།། ཚོགས་ཤིང་དུས་ལ ་བབ་པ་ན།། ལུས་ཅན་རྣམས་ལ་འབྲས་བུ་འབྱིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ཇི་ལྟར་དྲང་ཞེ་ན། ལས་གང་དག་སྣུམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པའི་སྟོབས་ཀྱིས་མ་སྤངས་ཤིང་མ་བསྲབས་པ་དེ་དག ་ལ་དེ་སྐད་བསྟན་པར་བྱའོ།། དེ་སྐད་དུ་ཡང་། མི་མཁས་སྡིག་པ་ཅུང་ཟད་བྱས་ཀྱང་འོག་འགྲོ་ཞིང་།། མཁས་པས་ཆེན་པོ་བྱས་ཀྱང་དོན་མེད་རབ་སློང་སྟེ།། ལྕགས་ནརྀ་ཆུ་ཡང་ཆུ་སྟེང་བཞག་ནི་ནུབ་འགྱུར་བ།། དེ་ཉིད་ཆེ་ཡང་སྣོད་དུ་བྱས་ན་ལྡིང ་བཞིན་ཞེས་གསུངས་སོ།། མྱོང་བར་མ་ངེས་པའི་སྡིག་པའི་ལས་དུས་གསུམ་པ་བགྲང་བ་ལས་འདས་པ་གང་ཡིན་པ་དེ་ཡང་ཡོངས་སུ་དག་པར་བྱེད་པ་ནི་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་དང་ཉེ་བར་བསྒྲུབ་པའི ་ཕྱིར་ལས་ལ་དབང་བ་ཉིད་ཀྱིས་ཕྱོགས་བཅུ་རྣམས་སུ་ཅིག་ཅར་ཁོ་ནར་འཁོར་བ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་དེ་དང་སྐལ་བ་མཉམ་པའི་སྐྱེ་བ་དང་། མདོག་དང་དབྱིབས་དང་ཚད་ཀྱི་དབྱེ་བ་ཐ་དད་པའི་རྣམ་པར་སྨིན་པ་སྐྱེས་པས་ངེས ་པར་བྱེད་པ་དང་དགེ་བའི་ལས་ཀྱི་སྟོབས་སྲིད་པའི་འབྲས་བུ་སྐྱེད་པར་ནུས་པ་དེ་ཡང་ཡོངས་སུ་དག་པར་བྱེད་དོ།། ཇི་ལྟར་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་སྤངས་ནས་བྱང་ཆུབ་ཉིད་དུ་སྨོན་ལམ་གྱིས་ཡོངས་སུ་བསྔོ་བར་བྱེད་པས་ངེས་པར་བྱེད་པ ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ། མི་གཡོ་བའི་ལས་བསམ་གཏན་དང་། གཟུགས་མེད་པས་ཀུན་ནས་བསླང་བ་དེའི་ལས་ཀྱང་དེ་ཉིད་ཡིན་ཏེ། དེ་ཡང་བསལ་ནས་ལས་ལ་དབང་བ་ཉིད་ཇི་ལྟར་འདོད་པ་བཞིན་སེམས་ཅན་གྱི་དོན་དུ་ངེས ་པར་བརྩོན་པར་བྱེད་པ་སྟེ། འདིར་སྦྱོར་བར་བྱེད་པ་ནི་འདི་ཡིན་ནོ།། ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་བྱེད་དེ་ཞེས་བྱ་བ་ལ། ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ།། དེ་དག་གི་སྟོབས ་ནི་གང་གི་དབང་གིས་འགྲོ་བ་མཐའ་དག་བགྲོད་པར་བྱ་བ་དང་། བགྲོད་པར་མི་བྱ་བ་དང་། ཕན་པ་དང་མི་ཕན་པ་དང་། ལྕི་བ་དང་། ཡང་བ་ལ་སོགས་པ་ཐམས་ཅད་མི་ཤེས་པར་འགྱུར་བ་ཤས་ཆེར་འཇུག་པ་ཉིད་དོ།། དེ་འཇོམས་པར་བྱེད་པ་ནི ་མི་སྡུག་པ་ལ་སོག་པ་བསྒོམས་པ་དང་། འཇིག་རྟེན་པའི་ལམ་གྱིས་ཟིལ་གྱིས་གནོན་པར་བྱེད་པ་སྟེ། མདོར་ན་ཉོན་མོངས་པ་ལ་དབང་བས་དེ་དག་ཉིད་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒོམ་པར་བྱེད་པའོ།། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད ་ཅིང་ཞེས་བྱ་བ་ལ། བདུད་ཅེས་བྱ་བ་ནི་ལྷའི་བུ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྟོབས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སོགས་པ་ལ་བར་ཆད་བྱེད་པར་ནུས་པ་དེ་སྟོབས་མེད་པར་རབ་ཏུ་བྱེད་པ་ནི་མངོན་པར ་ཤེས་པའི་སྟོབས་ཀྱིས་གཟི་བརྗིད་མེད་ཅིང་མཐུ་མེད་ཅེས་བྱ་བར་སྒྲུབ་ཅིང་ངོ་།། བཟང་པོ་སྤྱོད་པའི་སྟོབས་ཀུན་རྫོགས་པར་བགྱི་ཞེས་བྱ་བ་ལ། བཟང་པོ་སྤྱོད་པའི་སྟོབས་ནི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་ལྷུན་གྱིས་གྲུབ་པར ་འཇུག་པ་ཉིད་དོ།། ཀུན་ཞེས་བྱ་བ་ནི་དེས་ལུས་པའོ།། རྫོགས་པར་བགྱི་ཞེས་བྱ་བ་ནི་སྔར་བརྗོད་པ་རྫུ་འཕྲུལ་གྱི་སྟོབས་ལ་སོགས་པ་རྣམ་པ་བཅུ་དང་། བཤད་མ་ཐག་པའི་གཉེན་པོ་རྣམ་པ་གསུམ་པ་འདིས་རྫོགས་པར་བགྱི་བའོ།། ང་ནི་རྣམ་པ་བཅུ ་བཞི་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་གང་ཡིན་པ་དེ་སྟོན་ནོ།། ལས་དེ་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་སོགས་པ་རྣམ་པ་བརྒྱད་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ་ནི། ཞིང་རྣམས་རྒྱ་མཚོ་ཞེས་བྱ་བ་ལ་སོགས ་པ་གང་ཡིན་པ་སྟེ། བདེ་བ་ཅན་དང་པདྨ་ཅན་ལ་སོགས་པ་ལྟ་བུ་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་སྐད་ཅིག་རེ་རེ་ལ་རྣམ་པར་དག་པར་བྱེད་པ་དང་། དེ་བཞིན་དུ་འཁོར་བའི་བརྩོན་རང་ཉོན་མོངས་པའི་ལྕགས་སྒྲོགས་གིས་འཆིང་བས་ཉེ་བར་བཅིངས ་པའོ།། སེམས་ཅན་རྒྱ་མཚོ་རྫུ་འཕྲུལ་དང་། ཀུན་རྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་མགུ་བར་བྱས་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་རྣམ་པར་གྲོལ་བར་བྱེད་པ་དང་། ཆོས་རྣམས་རྒྱ་མཚོ་ཞེས་བྱ་བ་ནི་བསྟན་པའི་ཆོས་རྒྱ་མཚོ་དང་། རྟོགས་པའི ་ཆོས་རྒྱ་མཚོ་རྣམས་ཤེས་རབ་ཀྱི་མིག་གིས་སྐད་ཅིག་སོ་སོ་ལ་མཐོང་བར་བྱེད་ལྟ་བར་བྱེད་པ་དང་། ཤེས་བྱ་མཐའ་ཡས་པ་ཉིད་ཀྱིས་ཡེ་ཤེས་མཐའ་ཡུས་པ་ཡིན་པ་དེ་བས་ན། ཡེ་ཤེས་རྒྱ་མཚོ་ཞེས་གསུངས་པའི་ཡེ་ཤེས་རྒྱ་མཚོ་དེ་དག་སྐད ་ཅིག་སོ་སོ་ལ་འཇུག་ཅིང་རྟོགས་པར་བྱེད་པ་དྲི་མངོན་དུ་མཐོང་བ་ཞེས་བྱ་བའི་དོན་དང་། སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་དང་། བཟང་པོ་སྤྱོད་པའི་སྤྱོད་པ་གཉིས་ཀ་གཟུང་བར་རིགས་ཏེ། ཁྱད་པར་མེད་པའི་ཕྱིར ་རོ།། དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་སྒྲུབ་པར་བྱེད་པ་ཡེ་ཤེས་ཀྱི་ཚོགས་སོ།། བཟང་པོ་སྤྱོད་པ་ཡང་འགྲོ་བ་མཐའ་དག་ལ་ཕྱིན་པ་དང་བདེ་བ་བསྐྱེད་པ་དང་རྗེས་སུ་མཐུན་པ་བསོད་ནམས་ཀྱི་ཚོགས་སོ།། གཞན་ཡང་བཟང་པོ་སྤྱོད ་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཁྲོ་ན་ཏེ། གཉིས་ཀ་ཡང་སངས་རྒྱས་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ།། འོན་ཀྱང་དངོས་དང་བརྒྱུད་པའི་ཞེས་བྱ་བའི་ཁྱད་པར་དེ་ཙམ་དུ་ཟད་དེ། སྤྱོད་པ་རྒྱ་མཚོ་དེ་དག་མངོན་པར་ཤེས་པའི་སྟོབས་ཀྱིས་སྐད་ཅིག་རེ་རེ། ་ལ་ཡང་རྣམ་པར་སྦྱོང་ཞིང་དྲི་མ་མེད་པར་བྱེད་པ་དང་། སྐད་ཅིག་རེ་རོ་ལ་སྨོན་ལམ་རྒྱ་མཚོ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་རྫོགས་པར་བྱེད་པ་དང་། སྐད་ཅིག་རེ་རེ་ལ་ཕྱོགས་བཅུའི་སངས་རྒྱས་རྒྱ་མཚོན་མཁའ་ཁྱབ ་པའི་མཆོད་པ་རྣམས་ཀྱིས་རབ་ཏུ་མཆོད་པར་བྱེད་ཅིང་། བསྐལ་པ་རྒྱ་མཚོར་མི་སྐྱོ་བ་སྤྱད་པར་བགྱི་སྟེ།། མི་སྐྱོ་བའི་སེམས་ཀྱིས་མཆོད་པར་བགྱིའོ།། རྣམ་པ་བཅོ་ལྔ་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པའི་ཡོངསུ ་བསྔོ་བའོ།། དེ་ཡང་རྣམ་པ་གཉིས་ལས། དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པའི་ཡོངས་སུ་བསྔོ་བ་ནི།། གོང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ་གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྨོན་ལམ་གྱི་བྱེ་བྲག་དེ་ཀུན་མ་ལུས་པར་བདག་གིས་རྫོགས་པར་བྱས་ཤིང་ཡང་དག་པར་བསམས་ནས། བཟང་པོ་སྤྱོད་པ་ཞེས་བྱ་བ་བཟང་པོའི་སྤྱོད ་པས་བྱང་ཆུབ་འཚང་རྒྱ་བགྱི་ཞེས་བྱ་བ་བླ་ནཱ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱའོ།། ལུས་དང་ངག་དང་ཡིད་དང་སྤྱོད་པ་དང་ཞིང་དང་སྨོན་ལམ་རྣམ་པར་དག་པ་རྣམས་ཀྱིས་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས ་དཔའི་རྗེས་སུ་སློབ་པར་ཡོངས་སུ་བསྔོ་བ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་བོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས ་དཔའི་རྣམ་པར་ཐར་པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཇི་སྙེད་པ་དང་། མདོར་བསྡུས་ན་དེ་ལྟ་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཇི་སྙེད་པ་དེ་སྐད་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དེས་ན་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ནི་སྲས་ཀྱི་ཐུ་བོ་པ་ཡིན་ནོ།། ཐུ་བོ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བ ་བོ་ཞེས་བྱ་བའི་མིང་གང་ལ་ཡོད་པའི་མཁས་པ་དེ་དང་ཞེས་བྱ་བ་ལ་མཁས་པ་དེ་ཉིད་དང་། མཚུངས་པར་སྦྱོང་བའི་ཕྱིར་ཞེས་བྱ་བ་ནི་བསྐལ་པ་འདི་ཡི་བར་དུ་སྤྱད་པའི་ཕྱིར་ན་ཇི་སྐད་བསྟན་པའི་དགེ་བ་འདི་དག་ཐམས་ཅད་སྐད་ཅིག་རེ་རེ་ལ ་ཡོངས་སུ་བསྔོ་ཞེས་པའོ།། ལུས་དང་ངག་དང་ཡིད་ཀྱང་ཞེས་བྱ་བ་ལ་སོགས་པ་ནི། ལུས་དང་དག་དང་ཡིད་རྣམ་པར་དག་པ་དང་ཞིང་རྣམ་པར་དགེ་བའོ།། མཁས་པ་བཟང་པོའི་ཞེས་བྱ་བ་ནི་མཁས་པ་འཕགས་པ་ཀུན་ཏུ་བཟང་པོའོ།། ་བསྔོ་བ་ཞེས་བྱེ་བ་ནི་ཡོངས་སུ་བསྔོ་བྱེད་པའོ།། ཅི་འདྲ་བ་ཞེས་བྱ་བ་ནི་ཇི་ལྟ་བར་རོ།། དེ་འདྲ་ཞེས་བྱ་བ་ནི་དེ་འདྲ་བ་ཁོ་ནར་བདག་ཀྱང་དེ་དྲང་ཞེས་བྱ་བ་ནི་འཕགས་པ་ཀུན་ཏུ་བཟང་པོ་དང་མཉམ་པར་ཤོག་ཅིག་པའོ་ཞེས་བྱ་བ་ནི་བཟུང་པོ་སྤྱོང་པའི ་དོན་དུའོ།། ཀུན་ནས་དགེ་བ་བཟང་པོ་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་དགེ་ཤིང་ཤིས་ལ་ལེགས་པའོ།། འཇམ་དཔལ་གྱིས་ནི་སྨོན་ལམ་ཞེས་བྱ་བ་ནི་འཕགས་པ་འཇམ་དཔལ་གྱི་སྨོན་ལམ་ལ་སྤྱད་པར་བགྱི་བའོ།། དེའི་སྨོན་ལམ ་གང་ཡིན་ཞེ་ན། ཇི་སྐད་དུ་འཕགས་པ་འཇོམ་དཔལ་རྒྱལ་པོ་ན་མཁར་གྱུར་པས། འཁོར་བ་ཐ་མ་མེད་པ་ཡི།། སྔོན་གྱི་ཐ་མ་ཇི་སྲིད་པ།། དེ་སྲིད་སེམས་ཅན་ཕན་དོན་དུ།། སྤྱོད་པ་དཔག་ཡས་སྤྱད་པར་བགྱི་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར ་གསུངས་པ་བཞིན་ནོ།། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར་ཞེས་བྱ་བར་ནི་མ་འོངས་པའི་བསྐལ་པ་མ་ལུས་པ་ཐམས་ཅད་དུ་ཡིད་མི་སྐྱོ་ཞིང་། བསམ་པ་གཞན་མེད་པར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་བྱ་བ་སྟེ། ལས་དེ་དག་མོ་ལུས་པ ་རྫོགས་པར་བགྱིའོ།། རྣམ་པ་བཅུ་དྲུག་པ་སྦྱོར་བ་དང་། ཡོན་ཏན་ཆད་མེད་པ་དང་། སྤྱོད་པ་ལ་གནས་པ་རྣམས་ཀྱིས་གསུངས་པ་ནི།། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག། ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ་བདག་གི་སྤྱོད་པ་རྣམས་ཚད་མེད་པར་གྱུར་ཅིག། ཡོན་ཏན་རྣམས་ཀྱང་ཚད་མེད་པར་གྱུར་ཅིག། སྤྱོད་པ་ཚད་མེད་པ་དང་ཡོན་ཏན་ཚད་མེད་པ་རྣམས་ལ་གནས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་རྣམ་པར་འཕྲུལ་པ་རྨད་དུ་བྱུང ་བའི་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་ཀྱི་ཚེ་འཚལ་བར་བགྱི་བའོ།། དེ་རྣམས་ནི་བརྒྱད་པ་དེའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་དྲུག་ཡིན་ནོ།། ད་ནི་དོན་དགུ་པ་དེའི་མཐར་ཐུག་པ་ཇི་སྲིད་དུ་གྱུར་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མཐའ ་ཇི་སྲིད་པ་དང་། འགྲོ་བ་ལས་ཀྱི་མཐའ་ཇི་སྲིད་པ་དང་། ཉོན་མོངས་པའི་མཐའ་ཇི་སྲིད་པ་དེ་སྲིད་པར་གྱུར་པ་དང་། བདག་གི་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་མཐའ་འདི་ཡང་དེ་སྲིད་དུ་གྱུར་ཅིག་པ་སྟེ། ནམ་མཁའ་ལ་སོགས་པ་ནི ་མཐར་ཐུག་ཅིང་ཡོངས་སུ་རྫོགས་པ་མེད་པ་དེ་བཞིན་དུ་བདག་གི་སྨོན་ལམ་མཐར་ཐུག་ཅིང་ཡོངས་སུ་རྫོགས་པ་མེད་པར་གྱུར་ཅིག་པའོ།། དོན་བཅུ་པ་ནི་སྨོན་ལམ་གྱི་ཕན་ཡོན་ཡིན་ནོ།། དེ་ཡང་རྣམ་པ་གཉིས་ཏེ། མཐོང་བའི་ཆོས་དང་ལྡན ་པ་དང་། ཕ་རོལ་དང་ལྡན་པའོ།། དེ་ལ་མཐོང་བའི་ཆོས་དང་ལྡན་པ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ་ཁྱད་པར་ཅན་གྱི་བསོད་ནམས་ཡོངས་སུ་འཛིན་པ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ ་པ་ཉིད་ཐོབ་པ་དང་། ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའོ།། དེ་ལ་ཞིང་ཁྱད་བུར་དུ་འཕགས་པ་དྲང་ཡོངས་སུ་འཛིན་པར་བྱེད་པའི་དངོས་པོ་རབ་ཏུ་མང་ཞིང་རྒྱ་ཆེ་བ་རྣམ་པ་སྣ་ཚོགས་པ་ཕུལ་བའི་བསོད་ནམས་ཀྱི་དཔེས་བྱང་ཆུབ་དོན་ཏུ་གཉེར་བར ་གྱུར་པ་སྨོན་ལམ་ལ་མོས་པས་བསོད་ནམས་ཁྱད་པར་དུ་འཕགས་པ་མཆོག་ཡོངས་སུ་འཛིན་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། རིགས་ཀྱི་བུ་འམ་རིགས་བུ་མོ་གཅིག་པོ་གང་ཞིག་གིས། ཕྱོགས་བཅུའི་སངས ་རྒྱས་ཀྱི་ཞིང་མཐའ་ཡས་སུ་མེད་པ་རྣམས། གོས་དང་བླ་རེ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་རྣམ་པ་སྣ་ཚོགས་པ་དང་སིལ་སྙན་དང་། རིན་པོ་ཆེ་དང་། དྲི་ལཾ་བུ་དང་། ཕྲེང་བ་དང་། མེ་ཏོག་དང་། བདུག་པ་དང་། མར་མེའི་ཕྲེང་བ་ལ་སོགས་པ ་ལྷ་དང་མིའི་ལས་འདས་པ་རྣམས་ཀྱིས་བརྒྱན་པ་དང་། ལྷ་དང་མིའི་བཟའ་བ་དང་བཅའ་བ་ལ་སོགས་པ་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བང་བ་བསྐྱེད་པར་བྱེད་པ་རྣམས་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པའི་བསྐལ་བར་སངས་རྒྱས་བཅོམ་ལྡན ་འདས་རྣམས་ལ་སྦྱིན་པ་ཕུལ་བ་དང་། གཞན་གང་ཟག་གང་གི་བསྔོ་བའི་རྒྱལ་པོ་འདི་ཐོས་ནས་མོས་ཤིང་སྟེ། འདི་ཁོ་ན་ལྟར་ཡིན་ནོ་ཞེས་ལན་ཙོག་ཙམ་ཡང་ཞེས་བྱ་བ་དུས་ཅིག་གི་ཚེ་དང་བ་བསྐྱེད་པའོ།། དེ་སུ་ཡིན་ཞེ་ན། བྱང་ཆུབ་མཆོག་ནི་རག་ཏུ ་དོན་གཉེར་བ་སྟེ། ཐེག་པ་ཆེན་པོ་པའོ།། དེས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་དམ་པ་མཆོག་ཏུ་གྱུར་པ་འདི་ཐོབ་པར་འགྱུར་རོ།། གང་དག་གི་ལྟར་ན་དོན་གྱིས་ན་སྐྱེས་བུ་དེའི་ཞེས་བྱ་བ་ཡིན་ཏེ། དེའི་བསོད་ནམས་འདི་ནི་དག་པ་མཆོག་ཏུ ་འགྱུར་བ་ཞེས་བྱ་བ་ཡིན་ནོ།། ལོཀྲ་པར་ལྟུང་བ་དང་གྲོགས་པོ་ངན་པ་སྤངས་པས་དེ་བཞིན་གཤེགས་པ་མཐོང་བ་ནི། གང་ཞིག་གི་བཟང་པོ་སྤྱོད་པའི་སྐྱོན་ལམ་འདི་བཏབ་པས་ཞེས་བྱ་བ་ལ་སོགས་པའོ།། དེས་ནི ་ངན་སོང་གསུམ་པོ་ཐམས་ཅད་སྤངས་པར་འགྱུར་ཞིང་། དེས་ནི་ཉན་ཐོས་ལ་སོགས་པ་གྲོགས་པོ་ངན་པ་མི་དགེ་བའི་བཤེས་གཉེན་རྣམས་སྤངས་པར་འགྱུར་རོ།། འཆི་བའི་དུས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མཐའ ་ཡས་དེ་ཡང་མྱུར་དུ་མཐོང་བར་འགྱུར་རོ།། སུས་མཐོང་ཞེ་ན། བདང་པོ་སྤྱོད་པ་འདིའི་དོན་དང་གཞུང་གི་སྒོ་ནུས་སུའི་སྙིང་དུ་ཆུད་པ་དེས་སོ།། རྙེད་པ་དང་འཚོ་བ་དང་། སྐྱེ་བ་རབ་ཏུ་བསྔགས་པ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དང་སྤྲུལ་པ ་མཉམ་པ་ཉིད་ཐོབ་པ་ནི་དེ་དག་རྙེད་པ་རྙེད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། དེ་དག་གིས་ནི་སྨོན་ལམ་རིན་པོ་ཆེ་བླ་ན་མེད་པ་རབ་ཏུ་རྙེད་པ་ཡིན།། སྨོན་ལམ་རིན་པོ་ཆེ་བླ་ན་མེད་པ་འདི་རྙེད་པའི་ཕྱིར་ན་དེ་དག་ནི་བདེ་བར་འཚོ་བ་ཡིན།། དེ་ཉིད་ཀྱི་ཕྱིར་མཆེད ་ཏུ་བྷུང་བ་ཐོབ་པ་བྱ་འི་དངོས་པོ་སྐྱེ་བས་ཐོབ་པ་ཕྱིརེ་མི་ཚེ་འདིར་ཡང་ལེགས་པར་ཏེ་དགེ་བར་འོངས་པ་ཡིན་ལ། འཕགས་པ་ཀུན་ཏུ་བཟང་པོ་དེ་ཅི་འདྲ་བར་དེ་དག་ཀྱང་རིང་པོ་མི་ཐོགས་པར་དེ་བཞིན་དུ་འགྱུར་རོ།། བཞི་པ་ལས་ཀྱི་སྒྲིབ་པ་ཟད་པའི་ཕན ་ཡོན་ནི། མཚམས་མེང་ལྔ་པོ་དག་གི་སྡིམ་པ་རྣམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། མ་གསོད་པ་ལ་སོགས་པ་མཚམས་མེད་པ་ལྔའི་སྡིག་པ་རྣམས་གང་གིས་མི་ཤེས་པའི་དབང་གིས་བྱས་པ་དག་སྟེ། མི་ཤེས་པའི ་རྩ་བ་ཅན་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་དག་ནི་མི་ཤེས་པའི་དབང་གིས་བྱས་པ་ཞེས་བརྗོད་དོ།། ཇི་སྐད་དུ་བརྗོད་པ་ངེས་པར་འཛིན་པའི་ཕྱིར་རབ་ཏུ་དང་བའི་ཆུས་བརླན་ཞིང་ལེགས་པར་གྱུར་པའི་ཡིད་དང་ལྡན་པ ་དེ་ཡིས་བཟང་སྐྱོང་སྨོན་ལམ་འདི་བརྗོད་ན་ཏེ། ལྷག་པར་མོས་པས་བརྗོད་པ་དང་། འཇིག་པ་དང་འགྲོ་བ་མཐའ་དག་ལ་ཉིན་མཚན་དུ་སྟོན་པར་བྱེད་ན་མཚམས་མེད་པ་དག་མྱུར་དུ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་ཏེ་དྲུངས་ཕྱུང་ཞིང ་ཟད་པར་འགྱུར་རོ།། ཕ་རོལ་དང་ལྡན་པ་ཡང་རྣམ་པ་གཉིས་ཏེ། རྒྱུས་བསྡུས་པ་དང་། འབྲས་བུས་བསྡུས་པའོ།། དེ་ལ་རྒྱུས་བསྡུས་པ་ནི་གཟུགས་དང་། མཚན་དང་དཔེ་བྱད་དང་། རིགས་དང་། རུས་དང་། གནོད་པ་མེད་པ་དང་། མཚང་བར་བྱ། ་བཔ་ཉིད་ཀྱིས་མཚན་ཉིད་དེ། ཡེ་ཤེས་དང་ནི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། ཡེ་ཤེས་ཞེས་བྱ་བ་ནི་སྤྱོད་པ་ཐམས་ཅད་ཡང་དག་པར་འགྲུབ་པའོ།། གཟུགས་ཞེས་བྱ་བ་ནི་ཡིད་འཕྲོགས་པའི་གཟུགས་སོ།། མཚན་ཞེས་བྱ ་བ་ནི་སྐྱེས་བུ་ཆེན་པོའི་མཚུན་སུམ་ཅུ་རྩ་གཉིས་ཏེ། དབུ་གཙུག་ཏོར་དང་ལྡན་པ་ལ་སོགས་པ་དང་། མཚན་གྱི་འཁོར་དུ་གཏོགས་པའི་ཕྱིར་དཔེ་བྱད་དེ་རྣམས་དང་ཡང་ལྡན་པ་ཉིད་དུ་ངེས་པར་བྱའོ།། རིགས་ཞེས་བྱ་བ་ནི་བྲམ་ཟེ་དང་རྒྱལ་རིགས ་གང་ཡང་རུང་བའི་རིགས་སོ།། རུས་ཞེས་བྱ་བ་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་མངོན་པར་ཤེས་པར་གྱུར་པ་སྟེ། དེ་དག་དང་ལྡན་པར་འགྱུར་ཞེས་བྱ་བ་ལ། ལྡན་པ་ནི་རྟག་ཏུ་ཡང་དག་པར་ལྡན་ཞིང་འབྲེལ་པའོ།། འགྱུར་བ་ནི ་གྲུབ་པའོ།། བདུད་དང་མུ་སྟེགས་ཚོགས་ཀྱིས་མྱི་ཐུབ་ཅེས་བྱ་བ་ནི་མི་ཐུབ་ཅེས་བྱ་བ་ནི་གང་ཞིག་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལྡུམ་འདི་འཛིན་པ་དང་སྟོན་པར་བྱེད་པ་དེ་ནི་བདུད་དང་མུ་སྟེགས་པའི་ཚོགས་རྣམས ་ཀྱིས་མི་ཐུབ་ཅིང་ཟིལ་གྱིས་མི་ནོན་པ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་དུ་མཆོད་པར་འགྱུར་རོ།། འབྲས་བུས་བསྡུས་པ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། སེང་གེའི་ཁྲི་ལ་བཞུགས་པར་སྟོན་པ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སྲོགས་པའི་མཚན་ཉིད་དེ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། གང་ལ་བཟུང་པོ་སྤྱོད་པ་བླ་ན་མེད་པའི་རིན་པོ་ཆེ་འདི་ཡོད་ཅིང་བསོད་ནམས་དང་ཡེ་ཤེས ་ཀྱི་ཚོགས་བསགས་པ་དེ་ནི་བྱང་ཆུབ་ཤིང་གི་དབང་པོའི་དྲུང་དུ་མྱུར་དུ་འགྲོ་ལ། བྱང་ཆུབ་ཀྱོ་ཤིང་གི་དྲུང་དུ་སོང་ནས་ཀྱང་། སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པའི་དོན་དུ་སེང་གེའི་ཁྲི་ལ། སྐྱིལ་མོ་ཀྲུང་བཅས་ནས་འདུག་སྟེ། འདུག་ནས་ཀྱང ་བདུད་ཀྱི་སྡེ་ཕམ་པར་བྱས་ནས། དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་པ་སྐོར་བར་བྱེད་ཅིང་མདོར་བསྡུས་ཏེ། སྟོན་པར་བྱེད་ཅེས་པའི་དོན་ཏོ།། གཞན་ཡང་འཇིག ་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པའི་ཕན་ཡོན་ནི་གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གང་ལ་ལ་ཞག་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཆང ་ཞིང་སྨྱོན་པ་དང་། ཀློག་པར་བྱེད་པ་དེའི་རྣམ་པར་སྨིན་པ་གང་ཡིན་པ་ནི་འཇིག་རྟེན་འདིར་སངས་རྒྱས་ཏེ། རྗེ་བཙུན་བཅོམ་ལྡན་འདས་ཉིད་ཀྱི་མཁྱེན་པར་འགྱུར་གྱི། གཞན་ཉན་ཐོས་དང་རང་སྤངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ།། སྨོན་ལམ་རིན་པོ ་ཚེ་འདིའི་རྣམ་པར་སྨིན་པ་ཅི་འདྲ་བ་ཞིག་ཡིན་པར་མཁྱེན་ཞེ་ན། གསུངས་པ་ནི། བྱང་ཆུབ་མཚོ་གྲོལ་ཞེས་བྱ་བ་ནི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འདི་མེད་ན་མི་འབྱུང་བའི་ཕྱིར ་ན། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་མ་ལུས་པ་ཐོབ་པའི་ཕན་ཡོན་ཡང་དོན་གྱིས་བརྗོད་པ་ཉིད་དུ་བལྟ་བར་བྱའོ།། དེའི་ཕྱིར་སྨོན་ལམ་འདི་ལ་སོམ་ཉི་མ་བྱེད་ཅིག་སྟེ།། ཐེ་ཚོམ་མཱ་སྐྱེད་ཅིག་པའོ།། དྲ་ནི་བུར་གྱི་ཡོངས་སུ་བསྔོ་བ་གསུངས་པ ་ནི། འཇམ་དཔལ་དཔའ་བོ་ཇི་ལྟར་མཁྱེན་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་འཕགས་པ་འཇམ་དཔལ་དང་། ཇི་ལྟ་རུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་མཁྱེན་པ་བཞོན་དུ། དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། དགེ་བ ་འདི་དག་ཐམས་ཅད་རབ་ཏུ་བསྔོ་ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བའོ།། ད་ནི་གཉིས་པ་དེ་བཞིན་གཤོགས་པའི་ཡོངས་སུ་བསྔོ་བ་གསུངས་པ་ནི། དུས་གསུམ་གཤེགས་བཱི་རྒྱལ་བ་ཐམས་ཅད་ཀྱིས་ཞེས་བྱ་བ ་ལ་སོགས་པ་སྟེ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། བསྔོ་བ་གང་ལ་མཆོག་ཏུ་བླ་ན་མེད་པར་བསྔགས་ཤིང་ཕན་ཡོན་ཡོན་ཏན་བརྗོད་པའི་ཡོངས་སུ་བསྔོ་བ་དེས་བདག་གི་དགེ་བའི་རྩ་བའི་ཚོགས་རྒྱ་མཚོ་དང་ལྡན་པ་འདི ་དག་ཀུན་ཀྱང་བཟང་པོ་སྤྱོད་བ་མཆོག་ཏུ་བསྔོ་བར་བགྱི་ཞེས་བྱ་བའོ།། ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་སྒྲིབ་པ་དང་བྲལ་བ་ཉིད་དང་ཕྱེད་ཕྱི་མས་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་བདག་གི ་དངོས་པོ་ཡོངས་སུ་འཛིན་པ་གསུངས་པ་ནི། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ནི་འཆི་བའི་དུས་བྱེད་གྱུར་པ་ན་ཚེ་འདིར་བར་ཆད་བྱེད་པོའི་དུས་སུ་ཏེ། འཆི་བའི་ཚེ་སྒྲིབ་པ་གང་དག་ཅུང་ཟད་ཡོད་པ་དེ་དག ་བཟང་པོ་སྤྱོད་པས་བཟློག་ནས། མངོན་སུམ་དུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་མཐོང་ནས། བདེ་བ་ཅན་གྱིས་སངས་རྒྱས་ཀྱི་ཞིང་དེར་རབ་ཏུ་འགྲོ་བའོ།། དྲིར་སོང་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཅན་གྱི་སངས ་རྒྱས་ཀྱི་ཞིང་དེར་སོང་ནས་ཀྱང་དྷཱི་སྐད་བསྟན་བྱིའུ་སྨོན་ལམ་འདི་དག་ཐམས་ཅད་ཀྱང་མ་ལུས་པར་བདག་གིས་མངོན་སུམ་དུ་གྱུར་པར་ཤོག་ཅིང་། དེ་དག་ཀྱང་བདག་གིས་མ་ལུས་པར་ཡོངས་སུ་རྫོགས་པར་བྱས་ཏེ་བསྐངས་ནས་སེམས ་ཙནྡ་ཐམས་ཅད་ལ་ཕན་པར་བགྱིའོ།། དུས་ཇི་སྲིད་དུ་ཞེ་ན། འཇིག་རྟེན་ཇི་སྲིད་ཅེས་བྱ་བས་ཏེ། འགྲོ་བ་ཇི་སྲིད་པར་ཞེས་བྱ་བའི་དོན་ཏོ།། ལུང་བསྟན་པ་ཐོབ་པ་དང་། སེམས་ཅན་གྱི་དོན་གྲུབ་པ་ནི་ལྷག་མས་སོ།། ཇི་ལྟར་ཞེ་ན། རྒྱལ ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དུའོ།། བཟང་ཞིང་ཞེས་བྱ་བ་ནི་དགའ་བར་བྱ་བའོ།། དེ་ནི་དེ་ལྟ་བུ་དེར་རོ།། པདྨས ་པ་ནི་པདྨ་མཆོག་སྟེ། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་རྒྱུན་ནོ།། བསྐྲུན་པ་མཛེས་པ་ནི་འོད་དང་ལྡན་པ་སྟེ་འོད་གྱུར་གྱི་དྲ་བས་འབྲུ་བའོ།། སྐྱེས་ནས་བྱ་བ་ནི་བྷུ་བར་གྱུར་བའོ།། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེའི་མངོན་སུམ་དུ་འདི་ས་ལུང་སྟོན་པ ་བྱེད་པས་ན་ལུང་བསྟན་པ་སྟེ། དུས་འདི་ཙམ་ན་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞེས་བྱ་བ་ཞིག་ཏུ་འགྱུར་རོ།། ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་ལུང་བསྟན་པ། ་དེར་རྒྱལ་པ་དེའི་ཐང་ནས་ཐོབ་པར་ཤོག་ཅིག་པའོ།། དེ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་མེད་དེ་ལས་ལུང་བསྟན་པ་ཐོབ་སྟེ། དེ་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས་ཏེ། སྤྲུལ་པའི་སྤྲིན་རྣམས་ཀྱིས་ཕྱོགས་བཅུ་པོ་རྣམསུ་ཁྱབ་པར་བྱས་ནས་ཆགས་པ ་མེད?་ཙྪེ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་ཀྱི་བློའི་སྟོབས་ཀྱི་ཕྱོགས་བསྟིར་འགྲོ་བ་ཐམས་ཅད་དུ་སེམས་ཅནྡ་རྣམས་པ་དངམ་པོ་བགྲང་བ་ལས་འདས་པ་རྣམས་འགྲོ་བ་ཇི་སྲིད་ཀྱི་བར་དུ་སྐད་ཅིགཱི་རཱི་རེ་ལས་བགྱི་ཞིང་ཞུ་བར་བསྒྲུབ་པར ་བགྱིའོ་ཞེས་བྱ་བའི་དོན་ཏོ།། སྨོན་ལམ་རྒྱལ་པོ་འདི་ལ་བཤད་སྦྱར་བྱས་པ་ལས། བསོད་ནམས་དྲི་མེད་དགེ་བ་ཐོབ་པ་གང་ཡིན་དེའི།། རྒྱུ་མཐུན་པ་ནི་བཏང་ཞིང་ཡོངས་སུ་བསྔོས་པ་ཡིན།། འགྲོ་དོན་བསྒྲུབ་ཕྱིར་འདི་ནི་ཡང་ཡང་བྱེད་པར་ཤོག། འཕགས་པ ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྡེ་ནས་མཛད་པ་རྫོགསོ།། ། ཚོའི་མཁན་པོ་ཐིག་ལེ་བུམ་པ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་ཤཱ་རྗེའི་དགེ་སློང་བློ་ལྡན་ཤེས་རབ་ཀྱི་བསྒྱུ་ཅིང་ཞུས་ཏེ་ན་པ ་