CLOSE WINDOW

GT3514: 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa'i ting nge 'dzin gyi rgyal po zhes bya ba theg pa chen po'i mdo'i 'grel pa grags pa'i phreng ba zhes bya ba
Wyliee-texts produced with BDRC’s OCR application

རྒྱུག་སྐུད་དུ། སཱུངྱས་དྷུརྨ་སྭཱ་བྷཱ ་མ་ཏཱ་བི་པཉྫི་ཏ་ས་མཱ་དྷི་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ་ཊཱི་ཀཾ་ཀཱི ་མཱུ་ལ་ནཱ་མ། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཐུགས་དང་འཇམ་དབྱངས་ལ་སོགས་རྒྱལ་སྲས་རབ་མཆོག་རྣམས་ཀྱི་ཇི་ལྟ་བར ་མཁྱེན་པའི་དེ་ཉིད་ཆོས་ལམ་ལེགས་པར་བློ་མ་སྦྱངས་པ་རྣམས་ཀྱིས་མ་ཤེས་པ།། ཤིན་ཏུ་སྦྱོར་བ་གོམས་པར་བྱས་ན་བློ་ཆུང་རྣམས་ལའང་དེ་བློ་སྐྱེ་བར་འགྱུར།། དེས ་ན་བདག་ལ་རྟག་ཏུ་ཆོས་ཀྱི་དེ་ཉིད་རྟོགས་པ་མངོན་པར་འབྱུང་བར་ཤོག། མདོ་སྡེའི་དབང་པོ་ཏིང་འཛིན་རྒྱལ་པོ་ཡི།། འདིར་ནི་འགྲེལ་པ་བྱེད་པར་འབད་པ་དེ།། བློ་ཡངས ་གྱུར་པ་ཉིད་ཀྱིས་སངས་རྒྱས་ནས།། ཐུབ་པ་སྐྱེས་མཆོག་ཉིད་དུ་འགྱུར་བ་ཡིན།། །། འདི་སྐད་བདག་གི་ཞེས་བྱ་བ་ལ་སོགས་ནི་འབྲེལ་པ ་དང་། བརྗོད་པར་བྱ་བ་དང་། དགོས་པ་དོང་དགོས་པའི་དགོས་པ་རྣམས། ཉན་པའི་སྐྱེ་བོ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར། དང་པོ་རོ་བརྗོད་པར་བྱ་བ་ཡིན་ནོ།། ་ད་ཡང་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་ནས་སྡུང་པར་བྱེད་པས་འདི་སྐད་བདག་གིས་ནས་སྨྲས་པ་ཡིན་ནོ།། དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ནི་བརྗོད་པར་བྱ། ་དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཀྱང་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་སྟེ། རྒྱལ་འབྲས་བུ་བཏགས་ནས་སོ།། བརྗོད་པ་དང་བརྗོད་བྱ་དེ་དག་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ།། ཡང་དག་པར་དགོས་པ་ནི་ཐོས་པ་དང་། བསམ་པ་དང་། ་སྒོམ་པ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་མངོན་སུམ་དུ་བྱེད་པའོ།། དེ་ནས་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་ནས་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ཡིས་འདས་པས ་སེམས་ཅན་མ་ལུས་པའི་དོན་མཛད་ནས་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པས་སེམས་ཅན་མ་ལུས་པའི་དོན་མཛད་པ་ནི་དགོས་པའི་དགོས་པ་ཡིན་ནོ།། ངེས་འདོད་པའི་འབྲས་བུ་མཐར་ཐུག་པ་ཡོངས་སུ་རྫོགས་པས་འདོད་པར་བྱ་བ ་གཞན་མེད་དོ།། ཞེས་བྱ་བ་ནི་དགོས་པ་མཐར་ཐུག་པ་ཡིན་ནོ།། དེ་ལ་འདི་སྐད་ཅེས་བྱ་བས་ནི་མདོའི་དོན་མ་ལུས་པ་བསྡུས་པ་བསྟན་ཏོ།། བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་ཐོས་པའོ།། ཐོས་པ་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པ་མེད་པར་སྣང་བ ་པོས་བསྟན་པ་ཡིན་ནོ།། སྡུད་པ་པོ་ནི་ཀུན་དགའ་བོ་ཡིན་ཏེ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ཟུང་ཞིག་ཅེས་བྱ་བའི་ཚིག་གིས་སོ།། ཕྱག་ན་རྡོ་རྗེ་ཡང་ཡིན་ཏེ། ཇི་ལྟར་གཞན་དུ་བཤད་པ་བཞིན་ནོ།། ད་ནི་གང་གི་ཚེ་གང་ལས་གང་དུ་གང་དག ་དང་ལྷན་ཅིག་མང་སྡེ་རིན་པོ་ཆེ་དཔེ་མེད་པ་འདི་ལྟ་བུ་ཁྱོད་ཀྱིས་ཐོས་ཞེས་འདྲི་བའི་ལན་གདབ་པའི་ཕྱིར་དང་། རང་ཉིད་ཚད་མར་བསྟན་པའི་ཕྱིར་སྡུད་པར་བྱེད་པས་ཡུལ་ལ་སོགས་པ་བསྟན་པ་ནི་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་དུས་གཅིག ་ན། འདི་ལྟ་བུའི་མདོ་སྡེ་རིན་པོ་ཆེ་འདི་ཐོས་ཀྱི་གཞན་གྱི་ཚེ་ནི་གཞན་ཐོས་སོ།། ཞེས་བྱ་བས་ནི་སྨན་པའི་རྒྱལ་པོ་སྙིང་རྗེ་ཅན་བཞིན་དུ་བདག་ཉིད་མང་དུ་ཐོས་པ་ཡིན་པར་བསྡུས་པ་པོས་བསྟན་པ་ཡིན་ཏེ། འདི་ལྟ་བུའི ་མདོ་སྡེ་རིན་པོ་ཆེ་ཐམས་ཅད་དུ་ཐོས་པ་ཡོད་པ་ཡིན་ནོ།། ཞེས་བྱ་བའི་བསམ་པས་སོ།། ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལ་རྨི་ལམ་དུ་ལྷ་ལ་སོགས་པའི་བྱིན་གྱིས་བརླབས་ཀྱིས་དུས་ཐུང་ངུ་ལ་ལོ་བརྒྱ་ལ་སོགས་པར་དམིགས་པ་ལྟ་བུར ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་དང་། དེ་བཞིན་གཤེགས་པའི་བདག་པོའི་དབང་གིས་སྐད་ཅིག་གཅིག་ལ་ཐོས་པ་མི་རྗེད་པ་ཡིན་པ་ལ་འགལ་བ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ། ཉོན་མོངས་ལས ་དང་དེ་བཞིན་སྐྱེ།། ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན།། གང་ཡང་མི་མཐུན་ཕྱོགས་ཆོས་རྣམས།། བཅོམ་པས་བཅོམ་ལྡན་འདས་ཞེས་བརྗོད་ཅེས་བྱ་བ་ནི་གསུང་རབ་ཀྱི་ཚིག་ཡིན་ནོ།། ངེས་པའི་ཚིག་གི་ཚུལ་གྱིས་ནི་ཉོན་མོངས་པ་ལ་སོགས་པ་བཅོམ ་པས་བཅོམ་ལྡན་འདས་སམ། དབང་ཕྱུག་དང་ནི་གཟུགས་བཟང་དང་།། དཔལ་དང་གྲགས་དང་ཡེ་ཤེས་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ།། དྲུག་པོ་དག་ལ་ལྡན་ཞེས་གྲུབ་ཅེས་བྱ་བ་དེ་དག་འདི་ལ་ཡོད་པས་བཅོམ་ལྡན་འདས་ཏེ། དབང ་ཕྱུག་ལ་སོགས་པ་ཀུན་དང་ལྡན་པས་བཅོམ་འདས་སོ།། རྒྱལ་པོའི་ཁབ་ན་བཞུགས་པ་ཞེས་བྱ་བ་ལ་བཞུགས་པ་ནི་བཞི་སྟེ། སྤྱོད་ལམ་གྱི་བཞུགས་པ་དང་། སྟོན་པས་བཞུགས་པ་དང་། མཉམ་པར་གཞག་པས་བཞུགས ་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་པ་སྟེ། གང་ཅུང་ཟད་སྐུའི་འཕྲིན་ལས་སུ་འགྲང་བ་དེ་དག་ཐམས་ཅད་སྤྱོད་ལམ་གྱིས་བཞུགས་པའོ།། གང་དག་གསུང་གི་འཕྲིན་ལས་རྣམས་ནི་སྟོན་པས་བཞུགས་པའོ།། གང་དག་ཐུགས་ཀྱི་འཕྲིན་ལས་རྣམས ་ནི་འདི་དག་ལས་གཞན་པའི་བཞུགས་པ་རྣམ་པ་གཉིས་པོ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པ་ཉིད་དང་། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མཉམ་པར་གཞག་པས་བཞུགས་པའོ།། ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་རྣམ་པར་གཟིགས ་པ་དང་། ལྷ་ལ་སོགས་པས་ཉེ་བར་འདུ་བ་ནི་ནང་དུ་ཡང་དག་འཛེག་གིས་བཞུགས་པའོ།། རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བས་གནས་གཉིས་བསྟན་པ་ནི་ཁྱིམ་པ་ནི་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བའི་ཕྱིར་རོ།། རྒྱལ་པོའི་ཁབ ་ཅེས་བྱ་བ་དོན་དང་ལྡན་པའི་མིང་ངོ་།། བྱ་རྒོད་ཀྱི་ཕུང་པོ་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་སྤུངས་པའི་རིན་པོ་ཆེ་ཆེན་པོའི་རིའི་རྒྱལ་པོ་སྟེ། བདེ་བར་གཤེགས་པ་སྲས་དང་བཅས་པའི་རྒྱལ་བ་སྐྱེད་མ་སྟོན་པའི་གནས་ཏེ། དཔག་ཏུ་མེད་པའི་བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་བྱུང་བའི་མངོན་པར་བྱང་ཆུབ་པའི་གནས་རྡོ་རྗེའི་གདན་བཞིན་དུ་མངོན་པར་མི་གཡོ་བ་ཡིན་ནོ།། འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཅེས་བྱ་བ ་ལ་སོགས་པ་སྨོས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་ནི་ཉོན་མོངས་སྒྲིབ་པ་སྤངས་པ་ཉིད། བདུད་རྣམས་ཀུན་གྱི་མི་ཕྱེད་པས།། ཉན་ཐོས་དགེ་འདུན་དགེ་འདུན་ཉིད།། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང ་བྲལ་བའི་ཕྱིར་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དང་། ཐེག་པ་གཅིག་ཏུ་བསྟན་པས་བསམ་པ་གཅིག་པ་ཉིད་ཀྱིས་མ་བྱེད་པའི་ཕྱིར་དང་། ཚོགས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དགེ་འདུན་ཞེས་བྱའོ།། དགེ་སློང་དགེ་འདུན་རྟགས་གནས་པས། ་སྔོན་ཉིད་དུ་ནི་བསྟན་པར་བྱས།། ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཕྱིས་བསྟན་པ་ནི་མདོ་སྡེ་རིན་པོ་ཆེ་དཔག་ཏུ་མེད་པ་ཉན་པའི་དོན་དང་། དེ་བཞིན་གཤེགས་པ་རྣམས་བཞིན་དུ་གཞན་གྱི་དོན་བྱེད་པ་ལ་ཞུགས་པ་ཡིན་པའི་ཕྱིར། ཐམས་ཅད ་དུ་ང་ན་གནས་པ་མེད་པར་བསྟན་པའི་ཕྱིར་རོ།། ཐབས་གཅིག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་ཏུའོ།། ཡོན་ཏན་གྱིས་ཆེ་བ་ཆེ་བ་བསྟན་ནས། ང་ནི་གྲངས་ཀྱི་ཆེ་བ་བསྟན་པའི་ཕྱིར། དགེ་སློང་འབུམ་དུ་ཚང་བ་ཞེས་བྱ་བ་སྨོས་ཏེ། གྲངས་འབུམ་དུ་ཚང་བ ་ཞེས་རྣམ་པར་བཅད་པའོ་ཞེས་བྱ་བའི་བར་དུའོ།། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་པར་གྱུར་ན་ཡང་རབ་ཏུ་གྲགས་པའི་བྱང་ཆུབ་སེམས་དཔའ་ཉེ་བར་མཚན་པར་བྱ་བའི་ཕྱིར། ཁྲག་ཁྲིག་ཕྲག་བརྒྱད་ཅུ་ཞེས་བྱ་བ་ལ་སོགས་པའི་ཚིག་སྨོས་སོ།། ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ལ་བར་མཆོད་པ་ཉིད་དུ་སངས་རྒྱས་ཉིད་མངོན་དུ་བྱེད་པ་ལ་སོགས་པ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་དང་ཐབས་ཅིག་གོ།། ཞེས་བྱ་བར་འབྲེལ་ཏོ།། མངོན་པར་ཤེས་པ་ཞེས་བྱ་བ་ནི་འཇིག་རྟེན ་གྱི་ཁམས་ཐམས་ཅད་དུ་རབ་ཏུ་གྲགས་པ་ཞེས་བྱ་བའི་དོན་ཏོ།། གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་སྔགས་ཀྱི་གཟུངས་དང་ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། མངོན་པར་རྟོགས་པའི་གཟུངས ་སོ།། དེ་ལ་ནི་སྔགས་ཀྱི་གཟུངས་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་དང་བཅས་པའི་ཡེ་ཤེས་ཀྱི་སྦྱོར་བ་དང་། ཏིང་ངེ་འཛིན་ལ་དབང་བས་བྱུང་བ་དེ་ནི་སྔགས་ཀྱི་གཟུངས་ཞེས་བརྗོད་དོ།། ཏིང་ངེ་འཛིན་ལ་དབང་བའི་སྟོབས ་ཀྱིས་སེམས་ཅན་གྱི་གདོན་དང་། འཚེ་བ་ཞི་བར་བྱ་བའི་ཕྱིར། སྔགས་ཀྱི་ཚིག་ཏིང་ངེ་འཛིན་ལ་དབང་ཐོབ་པ་ལས་བྱུང་བ་འམ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བྱུང་བ་ཡང་རུང་བས་མངོན་པར་བྱིན་གྱིས་རློང་སྟེ། སྔགས་ཀྱི་ཚིག་འདི་དག་གིས་སེམས ་ཅན་རྣམས་ཀྱི་གདོན་དང་འཚེ་བ་དང་། ཉེ་བར་འཆི་བ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག། ཅེས་བརྗོད་པས་དེས་དེ་དག་ལ་སྔགས་ཀྱི་ཚིག་དེ་དག་གྲུབ་པར་འགྱུར་རོ།། དེ་ལྟར་ན་གོང་མ་གོང་མའི་ས་ལ་གནས་པའི ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་སེམས་ཅན་རྣམས་ཀྱི་དོན་དེ་དང་དེ་ལ་དམིགས་ནས་བྱིན་གྱིས་བརླབས་པ་དེ་ལྟ་དེ་ལྟར་ཡང་དག་པར་འཕེལ་བར་འགྱུར་རོ།། དེ་ལྟ་བས་ན་དེ་ལྟར་ཏིང་ངེ་འཛིན་གྱི་དབང་གིས་བྱུང་བའི་སྔགས་འཛིན་པས་སྔགས ་ཀྱི་གཟུངས་ཞེས་བྱའོ།། དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདིར་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ཆོས་ཉན་པ་ན་སྔོན་གོམས་པར་མ་བྱས་པ་དང་། སྔོན་མ་ཐོས་པའི་མིང ་གི་ཚོགས་དང་། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱི་བསྡུས་པ་ཚད་མེད་པ་དཔག་ཏུ་མེད་པའི་ཆོས་དེ་དག་རྣམས་ཀྱང་གོ་རིམས་བཞིན་དུ་བསྐལ་པ་རབ་ཏུ་མང་པོར་ཡང་མི་བརྗེད་པར་དྲན་པ་དང་ཤེས་རབ་ཀྱིས་འཛིན་པ་ནི་ཆོས་ཀྱིས་གཟུངས་ཞེས་བྱའོ།། ་དེ་དེལ་དོན་གྱི་གཟུངས་གང་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ཉིད་ཀྱིས་དེ་ལྟར་བཟུང་བའི་ཆོས་གང་ཡང་ཚད་མེད་པ་གྲངས་མེད་པའི་དོན་དེ་རྣམས་དུས་ཚད་མེད་པར་མི་རྗེད་པར་དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས་འཛིན་པ་གང་ཡིན་པ་དེ་ནི་དོན ་གྱི་གཟུངས་ཞེས་བྱའོ།། དེ་ལ་མངོན་པར་རྟོགས་པའི་གཟུངས་གང་ཞེ་ན། ཇི་སྐད་གསུངས་པའི་ཆོས་ཐམས་ཅད་མངོན་པར་རྟོགས་པའི་དོན་བསྒོམས་པས་བརྟན་པར་གྱུར་པ་དེ་ཉིད་ལ་མངོན་པར་འདོད་ཅིང་མངོན་པར་མི་གཡོ་བར་ཆོས་ཉིད་ལ་བཟོད་པའི ་བཟོད་པ་ནི་མངོན་པར་རྟོགས་པའི་གཟུངས་ཞེས་བྱའོ།། ས་ཐམས་ཅད་ལ་ཡང་གཟུངས་སོ་སོར་ཐོབ་པ་ནི་ཡོད་དོ།། དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཁྱད་པར་དུ་འཕགས་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ།། ་གཉིས་པ་ནི་དྲི་མ་མེད་པ་ཞེས་བྱ་བའོ།། གསུམ་པ་ལ་ནི་ཤིན་ཏུ་རབ་ཏུ་གནས་པ་ཞེས་བྱའོ།། བཞི་པ་ལ་ནི་གཟུང་བར་དཀའ་བ་ཞེས་བྱ་བའོ།། ལྔ་པ་ལ་ནི་ཡོན་ཏན་གྱིས་སེམས་བརྒྱན་པ་ཞེས་བྱ་བའོ།། དྲུག་པ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི ་སྒྲོན་མ་ཞེས་བྱ་བའོ།། བདུན་པ་ལ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའོ།། བརྒྱད་པ་ལ་ནི་རྣམ་པར་མི་རྟོག་པ་ཞེས་བྱ་བའོ།། དགུ་པ་ལ་ནི་སྒོ་མཐའ་ཡས་པ་ཞེས་བྱ་བའོ།། བཅུ་པ་ལ་ནི་མི་ཟད་པའི་ཟ་མ་རྟོག་ཅེས་བྱ་བ་སྟེ། དེ་ལྟར་ན་ས་དང་ས་ལ ་གཟུངས་སོ་སོར་ཐོབ་ཅིང་གཟུངས་རྟོགས་པར་ཁོང་དུ་ཆུད་པའོ།། མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པར་ཞེས་བྱ་བ་ལ། ངེས་པ་དང་དྲང་བའི་དོན་གྱི་མདོ་སྡེ་རྣམས་རྟོགས་པ་ནི་ཇི་ལྟ་བ་བཞིན་རྟོགས་པའོ།། དེ་རི་རབ་ཀྱི་མཐར ་ཐུག་པ་ཐོབ་པ་ནི་གཟུངས་དང་མདོ་སྡེ་རྟོགས་པར་ཁོང་དུ་ཆུད་པའོ།། དེ་དག་དང་ཐབས་ཅིག་ཏུ་བཞུགས་ཞེས་བྱ་བར་སྦྱར་རོ།། ཉོན་མོངས་པ་མདོ་སྡེ་ལ་སོགས་པ་སྦྱིན་ཞིང་རབ་ཏུ་བསྟན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའོ།། མངོན་པར་ཤེས་པ་ཆེ ་པོ་ནི་མི་ཉམས་ཤིང་སྒྲིབ་པ་མེད་པར་ཡུལ་ཐམས་ཅད་འཛིན་པའི་ཤེས་རབ་བོ།། དེ་ཉིད་རྒྱུར་གྱུར་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་རབ་འབྱམས་རྣམས་སུ་ཁྱབ་པའི་ངག་བརྗོད་པ་ལ་མཁས་པའོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་སྦྱིན་པ་ལ་སོགས ་པ་ཕ་རོལ་ཏུ་ཕྱིན་པ་བཅུའོ།། དེ་རྣམས་ཀྱི་དམ་པའི་ཕ་རོལ་ཏེ་རབ་ཀྱི་མཐར་ཕྱིན་པ་ཐོབ་པས་སོ།། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ནི་དཔའ་བར་འགྲོ་བ་ལ་སོགས་པ་ལ་ལྷུན་གྱིས་གྲུབ་པར་འཇུག་པའོ།། འབད་པ་དང་བཅས་པས་ཐོད ་རྒལ་ལ་སོགས་པ་ལ་འཇུག་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་ལྡང་བ་ཇི་ལྟ་བ་བཞིན་དུ་ཤེས་པ་གང་གིས་ཤེས་པ་དེ་ནི་མཉམ་པར་གཞག་པ་དང་ལྡང་བ་ཤེས་པའོ།། དེ་ལ་མཁས་པ་ནི་དེས་གསལ་བའོ།། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང ་བསྔགས་ཏེ་རབ་ཏུ་བཀུར་བ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་ནི་ཡོན་ཏན་དམ་པ་རྣམས་བརྗོད་པའོ།། བསྔགས་པ་ནི་བསམ་གྱིས་མི་ཁྱབ་པའི་སེམས་ཅན་གྱི་དོན་བྱེད་པའི་སྦྱོར་བའི་ཁྱད་པར་རབ་ཏུ་སྟོན་པའོ།། དེའི་ཕྱིར་བཀུར་སྟེ། ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྒོ་ནས་རབ་ཏུ་བསྔགས་པའོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་ལ་མཁས་པ་ཞེས་བྱ་བ་ལ། ཡིད་ཀྱི་ཤུགས་ཀྱི་རྫུ་འཕྲུལ་གྱིས་དུས་གཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་གི ་ལུས་ཡང་དག་པར་སྟོན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཉན་པའི་ཕྱིར་དང་། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འགྲོ་བ་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་མཁས་པའོ།། བདུད་ཐམས་ཅད་སྐྲག་པར་བྱ་བའི་ཤེས་པ་ལ་མཁས་པ་ཞེསཔ ་བལ་ཤེས་རབ་དང་ཐབ་དང་སྙིང་རྗེ་ཆེན་པོའི་ཡེ་ཤེས་མཁས་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་ཆེན་པོ་སྤྲུལ་པར་བྱེད་པའོ།། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་སོ།། དེ ་དག་སྐྱེ་བ་མེད་པ་ལ་སོགས་པའི་ངོ་བོར་རྣམ་པར་རིག་པ་ནི་ཇི་ལྟ་བ་བཞིན་དུ་ཤེས་པའོ།། དེ་ལ་མཁས་པ་ནི་གསལ་བའོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་དུད་པ་ལ་སོགས་པའི་དབང་པོ་ཆུང་ངུ་དང་འབྲིང་དང ་ཆེན་པོའི་དབྱེ་བ་རྣམ་པ་ཐ་དད་པ་སྐྱེ་བ་མཆོག་དང་མཆོག་མ་ཡིན་པ་དང་འབྲེལ་པ་དེ་རྣམས་ཤེས་ནས་དེ་དག་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་ཡེ་ཤེས་ལ་མཁས་པའོ།། སངས་རྒྱས་ཐམས་ཅད་ལ་མཆོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན ་གཤེགས་པའི་མཆོད་པ་ནི་རྣམ་པ་གཉིས་ཏེ། སྒྲུབ་པའི་མཆོད་པ་ནི་ཇི་སྐད་གསུངས་པའི་བསླབ་པའི་གནས་རྣམ་ལས་མི་འདའ་བར་བསྲུང་བ་དང་། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་སྒྲུབ་ཅིང་རྫོགས་པར་བྱེད་པའོ།། མེ་ཏོག་དང་སྤོས་ལ་སོགས་པ་ནི ་དེ་དག་གཉིས་ཀ་མཆོད་པའི་ལས་ཀྱི་བྱ་བའོ།། དེ་དག་གི་སྒྲུབ་པ་ཤེས་པ་ལ་མཁས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། འཇིག་རྟེན་པའི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རྙེད་པ་དང་མ་རྙེད་པ་དང་། བདེ་བ་དང་སྡུག ་བསྔལ་བ་དང་། བསྟོད་པ་དང་སྨད་པ་དང་། གྲགས་པ་དང་མ་གྲགས་པ་ཞེས་བྱ་བ་འདི་དག་ནི་འཇིག་རྟེན་གྱི་ཆོས་བརྒྱད་དེ། འདི་དག་གི་མ་གོས་པའོ།། ལུས་དང་ངག་དང་སེམས་ཡང་དག་པར་བརྒྱན་པ་ཞེས་བྱ་བ་ལ། སྲོག་ཆགས་གསོད་པ་དང་། ་བྱིན་པར་ལེན་པ་དང་། མི་ཚངས་པར་མི་སྤྱོད་པ་མི་དགེ་བའི་ལམ་སྤངས་པས་ལུས་བརྒྱན་པ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་པ་ཁྱལ་པ་དང་ངག་རྩུབ་པོ་མེད་པས་ངག་བརྒྱན་པ་དང་། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ ་ཡོངས་སུ་སྤངས་པས་སེམས་བརྒྱན་པའོ།། ཡང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་ལུས་ཀྱི་རྒྱན་ནོ།། ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པ་ཚངས་པའི་དབྱངས་ཀྱིས་སེམས ་ཅན་རྣམས་ལ་ཆོས་སྟོན་པ་ནི་ངག་གི་རྒྱན་ནོ།། སེམས་ཀྱི་རྣམས་གྲངས་ཤེས་པས་སེམས་ཅན་གྱི་སེམས་ཀྱི་རྒྱུན་གྱི་བྱེ་བྲག་རྟོགས་ནས་འདོད་ཆགས་ལ་སྤྱོད་པ་ལ་སོགས་པའི་སེམས་ཅན་རྣམས་འདུལ་བི་ནརྀ་སེམས་ཀྱི་བརྒྱན་ནོ།། དེའི་ཕྱིར ་ལུས་དང་ངག་དང་སེམས་ཡང་དག་པར་བརྒྱན་པ་ཞེས་བྱའོ།། ཚངས་པའི་གནས་བཞིས་གནས་པའི་དབྱེ་བ་མེད་པའི་ཡོན་ཏན་བསྟན་པའི་ཕྱིར། བྱམས་པོ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པ་ཞེས་བྱ་བ་གསུངས་ཏེ། བྱམས་པ་དང ་སྙིང་རྗེ་སྨོས་པ་ནི་དགའ་བ་དང་བཏང་སྙོམས་མཚོན་པའི་དོན་ཏོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཐུག་པའི་ཡོན་ཏན་དང་ལྡན་པ་བསྟན་པའི་ཕྱིར། བསྐལ་པ་གྲངས་མེད་པར་མི་སྐྱོ་བའི་བརྩོན་འགྲུས་ཆེ་བ་ཞེས་བྱ་བ་གསུངས་ཏེ། ་བསྐལ་པ་གྲུངས་མེད་པ་མང་པོར་གོམས་པར་བདག་གིར་བྱས་པ་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོས་བསྐལ་པ་གྲངས་མེད་པར་ཡིད་མི་སྐྱོ་བར་སེམས་ཅན་གྱི་དོན་བྱེད་པས་སོ།། འཁོར་ཐམས་ཅད་ཟིལ་གྱིས་གནོན་པོའི་ཡོན་ཏན་ལ་སྦྱོར ་བ་བསྟན་པའི་ཕྱིར། སེང་གེའི་སྒྲ་ཆེན་པོ་སྒྲོགས་པར་ཞེས་གསུངས་ཏེ། སེང་གེའི་སྒྲ་ཆེན་པོ་ནི་ཆོས་ཐམས་ཅད་བདག་མེད་པའི་སྒྲ་སྟེ། ཇི་ལྟར་སེང་གེའི་སྒྲས་ཝ་རྣམས་སྐྲག་པར་བྱེད་པ་དེ་བཞིན་དུ་བདག་མེད་པའི་སེང་གེའི་སྒྲས་སུ་སྟེགས་ཐམས་ཅད་སྐྲག་པར ་བྱེད་དེ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། བདུད་དང་མུ་སྟེགས་ལ་སོགས་པས་ཟིལ་གྱིས་མི་ནོན་པའི་ཡོན་ཏན་དེ་དག་དང་ལྡན་པ་ཉིད་བསྟན་པའི་ཕྱིར། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཞེས་བྱ ་པ་གསུངས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་བརྙེད་ནས། རྒྱུན་མི་ཆད་པའི་སྤོབས་པ་དང་ལྡན་པས་དེ་དག་གི་ཟིལ་གྱིས་མི་ནོན་པ་ཡིན་ནོ།། བསྟན་མ་ཐག་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ་ཞེས་བྱ་སྟེ། ཕྱིར ་མི་ལྡོག་པ་ཉིད་དུ་ངེས་པ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབང་བསྐུར་བ་ཐོབ་པ་ན་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལའོ།། དེའི་ཕྱིར་ཐམས་ཅད་ཀྱང་ས་བཅུ་པའི་དབང་ཕྱུག་ཡིན་ནོ།། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར ་གྲངས་ཡོངས་སུ་བསྟན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་རབ་ཏུ་བསྟན་པའི་ཕྱིར། ལྷུན་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གོམས་པར་བྱ་བའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ངོ་བོ་དང་ངེས་ཐ་སྙད་ཀྱི་དོན་དུ ་མི་རབ་ཏུ་བསྒྲགས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ། གང་ལ་བྱང་ཆུབ་ལ་དང་སེམས་ཅན་ལ་དམིགས་པ་ཡོད་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེའི་ཕྱིར་དེ་ནི་གཅིག་ཏུ་གཞན་གྱི་དོན་ལ་ཞུགས་པས་སེམས ་དཔའ་ཆེན་པོ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ནས། ཚངས་རིགས་ཀྱི་ལྷའི་བུ་ཞེས་བྱ་བའི་བར་དང་། དེ་ལས་གཞན་པ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་ཅིང་སྡེ་ཀུན་ནས་ཡོངས་སུ་བསྐོར་བ་ནི་ཡོངས་སུ་བསྐོར་བའོ།། མདུན་གྱིས་བལྟས་ནས་ཞེས ་བྱ་བ་ལ་མདུན་གྱི་ལྟ་བ་བྱས་ཏེ། མདུན་དུ་བྱས་པ་ལ་ཆོས་སྟོན་པའོ།། ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མར་དག་པ་དང་སྟ་ཐོག་མ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱང་སངས་རྒྱས་ཉིད་ཐོབ་པར་འགྱུར ་བའོ།། བར་དུ་དགེ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱང་མཐར་སངས་རྒྱས་ཉིད་དུ་འགྱུར་བའོ།། ཐ་མར་དགེ་བ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་དྲང་པོའི་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ།། ཡང་ན་ཐོས་པ་དང་བསམ་པ་དང ་སྒོམ་པའི་དུས་སུ་ཡང་ཚད་མ་ལས་བྱུང་བའི་དོན་གྱིས་མི་བསླུ་བའི་ཕྱིར་རོ།། དོན་བཟང་པོ་ནི་ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་སྒྲུབ་པའི་ཕྱིར་རོ།། ཚིག་འབྲུ་བཟང་པོ་ནི་འདོད་པའི་དོན་མ་ཚང་བ་མེད་པ། བདེ་བར་རྟོགས་ཤིང་སྒྲུབ་པར་བྱེད་པའི་ཆོས ་སྐད་སྣ་ཚོགས་ཀྱི་སྟོན་པའོ།། མ་འདྲེས་པ་ནི་གཉིས་སུ་མེད་པའི་ཆོས་ཉིད་གསལ་བའོ།། ཡོངས་སུ་རྫོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཐབས་སྟོན་པའོ།། ཡོངས་སུ་དག་པ་ནི་ཉོན་མོངས་པའི་འདམ་གྱིས་མ་གོས ་བའོ།། ཡོངསུ་བྱང་བ་ནི་གཅིག་ཏུ་དག་པའི་ངེས་པར་འབྱུང་བའི་ཆོས་སྟོན་པའོ།། ཚངས་པར་སྤྱོད་པ་ཡང་དག་པར་སྟོན་ཏོ་ཞེས་བྱ་བ་ལ། ཚངས་པ་ནི་མྱ་ངན་ལས་འདས་པའོ།། དེའི་ཚད་དུ་སྨིན་པ་ལ་སོགས་པ་སྤྱད་པ་སྤྱོད་པའོ།། ཡང་དག ་པ་ནི་རབ་ཀྱི་མཐར་ཐུག་པའོ།། རབ་ཏུ་སྟོན་པ་ནི་གསལ་བར་བྱེད་པའོ།། ཞེས་གསུངས་སོ།། དེའི་ཚེ་འཁོར་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་འདིར་ཟླ་འོད་གཞོན་ནུར་གྱུར་པ་ཉིད་གཙོ་བོར་གྱུར་པ་ཉིད་དུ་བསྟན་པའི་ཕྱིར། འཁོར ་ཚོགས་པ་དེ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ཚོགས་པའི་ནང་ནས་ཉེ་བའི་ཡུལ་དུ་འོངས་ནས་སོ།། འདུག་པར་གྱུར་པ་ནི་ཇི་ལྟར་རིག་པའི་སྟན་ལ་འདུག་ནས་སོ།། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་ཞེས་བྱ་བ་ནི་སྔོན་གྱི་དེ ་བཞིན་གཤེགས་པ་རྣམས་ལ་སྦྱིན་པ་ལ་སོགས་པས་བསྙེན་བཀུར་བྱས་ཤིང་བྱ་བ་བྱས་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ།། དེའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པའོ།། སྐྱོ་བ་དྲན་པ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས ་ལ་བསྙེན་བཀུར་བྱས་ཤིང་བསྐྱེད་པའི་དགེ་བའི་རྩ་བ་དྲན་པར་གྱུར་པའོ།། སྤོབས་པ་ཐོབ་པ་ནི་མི་བརྗེད་པའི་གཟུངས་ཀྱི་སྤོབས་པ་ཐོབ་པའོ།། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི་ཐེག་པ་ཆེན་པོའི་ཆོས་ཉིད་ལ་ཡང་དག་པར་ཞུགས ་པ་ཉིད་དོ།། སྙིང་རྗེ་ཆེན་པོ་ལ་བརྩོན་པ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པ་གདོན་པར་འདོད་པའི་མཚན་ཉིད་ཅན་རྩེ་བ་ཆེན་པོ་ལ་ཞུགས་པ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གུས་པ་དང་བཅས་པས ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཡོངས་སུ་ཞུ་བར་བྱེད་དོ།། ཞེས་བཤད་པར་བྱ་བའི་ཕྱིར་རོ།། བདག་བཅོམ་ལྡན་འདས་ལ་ཞུ་བར་བགྱིད་དོ།། ཞེས་སྦྱར་ཏེ། ཕྱོགས་འགའ་ཞིག་ཅེས་བྱ་བ་ནི་ཡུལ་མ་ལུས་པ་དུས་གཅིག་ཏུ་ཞུ་བ་ནི་མི་སྲིད་པ་དང་། རང ་གི་ཐེ་ཚོམ་སྤང་བའི་དོན་དུ་བདག་ཅུང་ཟད་ཅིག་འདྲི་བར་བགྱིད་དོ།། ཞེས་བྱ་བའོ།། དེ་ལྟར་ན་ཡང་སྐབས་ཕྱེ་བ་མཛད་ན་ཞུ་བར་བྱ་བ་ཡིན་པས་གལ་ཏེ་ཞུས་ནས་ཞུ་བོ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་ཞེས་བྱ་བ ་གསུངས་ཏེ། བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་པས་སེམས་ཅན་གྱི་སྤྱོད་པ་དང་། བསམ་པ་མཁྱེན་པས་རྟག་ཏུ་སྐབས་ཕྱེ་བ་ཡིན་ན་ཡང་ཟླ་འོད་གཞོན་ནུར་གྱུར་པ་ཁོ་ན་གུས་པ་བསྐྱེད་པའི་ཕྱིར། ཅི་འདོད་པ་དྲིས་ཤིག ་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། གཞོན་ནུ་ང་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ལ་བསྟོད་པ་གཙོར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཉེ་བ་ན་གནས་པའི་གདུལ་བྱའི་སྐྱེ་བོའི་འཁྲུལ་པ་བཟློག་པའི་ཕྱིར་རོ།། ཐམས་ཅད ་མཁྱེན་པ་ཞེས་བྱ་བའི་བཤད་པ་ནི་ཐམས་ཅད་གཟིགས་པ་ཞེས་བྱ་བ་སྟེ། གང་ལ་ཐམས་ཅད་གཟིགས་པའི་ངང་ཚུལ་ཡོང་པ་དེ་ལ་དེ་སྐད་ཅེས་བྱའོ།། དངོས་པོའི་དོན་ཇི་ལྟར་གནས་པ་བཞིན་གཟིགས་པའོ།། ཆོས་ཐམས་ཅད་ངེས་པོར་རྟོགས་པ་དང་དེ ་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་སྟེ། འཇིགས་པ་ཐམས་ཅད་དང་བྲལ་བས་དེ་དག་གི་ཁྱུ་མཆོག་ཏུ་གྱུར་པ་ནི་གཙོ་བོར་གྱུར་པའོ།། རྗེས་སུ་ཐོབ་པ་ནི་ཐམས་ཅད་གཟིགས་པ་ཉིད་ཀྱིས་རྗེས་སུ་བརྙེད་པ་དང་ལྡན་ཞེས་བྱ་བའོ།། དེས་ན ་བྱ་ཐམས་ཅད་ལ་སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། དེ་དང་ལྡན་པ་ནི་དེ་དང་བཅས་པའོ།། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅི་ཡང་མེད་དེ། ཞེས་བྱ་བ་དང་སྦྱར་རོ།། གཞོན་ནུ་ཞེས་བྱ ་བ་ནི་མཆོད་པའི་ཚིག་གོ།། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཤེས་བྱའི་ནང་ན་གང་ཅུང་ཟད་མི་མཁྱེན་པ་ཅི་ཡང་མི་མངའ་སྟེ། དེས་ན་ཐམས་ཅད་མཁྱེན་ནོ་ཞེས་བྱ་བའི་དོན་ཏེ། འདིས་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བ་བཤད་པ་ཡིན་ནོ།། ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་བཤད་པ་ནི་མི་གཟིགས་པ་འམ་ཞེས་བྱ་བའོ།། ཆོས་ཐམས་ཅད་ལ་སྟོབས་དང་མི་འཇིགས་པ་ཞེས་བྱ་བའི་བཤད་པ་ནི་མེ་གསན་པ་འམ། ཐུགས་སུ་མ་ཆུད་པ་འམ་ཞེས་བྱ་བའོ།། སྒྲིབ་པ་མེད་པའི་རྣམ་པར ་ཐར་པའི་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་བཤད་པ་ནི་མངོན་སུམ་དུ་མ་མཛད་པ་འམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅི་ཡང་མོད་དོ་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པའི་ཚིག་གི་བཤད་པར་གྱུར་པ་ཚིག་གི་ལྷག་མ་རྣམས་ཡིན་པར་ཁོང་དུ ་ཆུང་པར་བྱའོ།། དེ་ལྟ་བས་ན་དྲིས་ཤོག་ཅེས་བྱ་བའོ།། དྲི་བ་དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱིས་སེམས་རངས་པར་བྱའོ།། ཞེས་བྱ་བ་ནི་དགའ་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་འདུལ་བའི་སེམས་ཅན་མདུ། ་བར་བྱ་བའི་ཕྱིར་དང་། བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཚིགས་སུ་བཅད་དེ་གསོལ་པ་ཞེས་རང་གི་སེམས་ལ་རྣམ་པར་གནས་པ་འདས་པ་སྨྲ་བར་འདོད་པ་ཡིན་ནོ།། ད་ནི་ཐེ་ཚོམ་ཐམས་ཅད་བཅད་པའི ་ཕྱིར། འོད་མཛད་ཇི་ལྟར་སྤྱད་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ།། སྦྱིན་པ་ལ་སོགས་པ་ལ་ཇི་ལྟར་ཞུགས་པར་གྱུར་པར། བསམ་གྱིས་མི་ཁྱབ་ཡེ་ཤེས་འཐོབ་ཅེས་བྱ་བ་སྦྱར་རོ།། འཇིག་རྟེན ་མགོན་པོ་རྫོགས་སངས་རྒྱས།། འོད་མཛད་ཅེས་བྱ་བ་ནི་བོང་པའོ།། བསམ་གྱིས་མི་ཁྱབ་ཡེ་ཤེས་ནི་རྣམ་པ་ཐམ་ཅད་མཁྱེན་པའི་ཡེ་ཤེས་ཏེ། གཞན་གྱིས་བསམ་པར་བྱ་མི་ནུས་པའི་ཕྱིར་རོ།། ལུང་ཡང་བསྟན་དུ་གསོལ་ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པར ་འཐོབ་པར་འགྱུར་བ་བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ།། མགོན་པོ་གསུང་མཆོག་ཞུས་པ་ལུང་བསྟན་གསོལ་ཞེས་བྱ་བ་ནི་ལུང་གི་ཚིག་ཡིན་ཏེ། ཨི་ཨ་དྷིས་ཁ་བསྐངས་ནས་ལུང་བསྟན་གསོལ། ཞེས་བྱ་བའི་དོན་ཏོ།། མི་དང་ལྷས་མཆོད་པ་ཞེས་བྱ་བ་ལ ་སོགས་པ་ཡང་རིང་པོར་སྦྱོར་བས་བོང་པ་སྟེ། ཇི་ལྟར་ལྷས་བྱིན་ཞེས་བྱ་བ་ལྟ་བུའོ།། དེ་བཞིན་དུ་ཐམས་ཅད་དུ་ལྟ་བར་བྱའོ།། བདག་ལ་གཡོ་ནི་མ་མཆིས་ཏེ། ལྷག་པའི་བསམ་པས་ཞུ་བ་ལགས་ཞེས་བྱ་བ་ལ་འགའ་ཞིག་བསླུ་བའི་བསམ་པས་ཀྱང་འདྲི་བ ་སྲིད་དོ།། སྙམ་པའི་སོམ་ཉི་བསལ་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་བདག་གི་དབང་ནི་གཞན་མ་མཆིས་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་མཁྱེན་ཅིང་མངོན་སུམ་དུ་གཟིགས་པའི་ཕྱིར་བཅོམ་ལྡན་འདས་ཁོ་ན་དབང་དུ་གྱུར་པ་ཡིན་ནོ།། ཞེས ་བྱ་བའི་དོན་ཏོ།། ཇི་སྐད་བསྟན་པའི་དོན་གཟུང་བའི་ཕྱིར། འདུན་དང་སྨོན་ལམ་རྒྱ་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཉིད་མངོན་སུམ་དུ་བྱ་བའི་སྨོན་ལམ་དང་མདུན་པ་དང་། སྤྱོད་པ་ཇི་ལྟ་བ་བཞིན་བདག་ལ་མཆིས་པ་དང་ཁྱོད་ཀྱིས ་མཁྱེན་པའོ།། ཤཱཀྱ་སེང་གེ་ཞེས་བྱ་བ་ལ། ཤཱཀྱའི་རིགས་སུ་སྐྱེ་བ་བཟུང་བ་དང་། མི་མཁྱེན་པའི་འཇིགས་པ་མི་མངའ་བས་ཤཱཀྱ་སེང་གེ་སྟེ། བདག་ལ་བཤད་དུ་གསོལ་ཞེས་བྱ་བའོ།། བདག་ནི་ཚིག་ལ་གཙོར་འཛིན་པ་མ་ལགས་ཀྱིས་ཞེས་བྱ་བ་ལ། ་བདག་ནི་ཚིག་ཙམ་གཙོར་འཛིན་པ་ཡང་མ་ལགས་ལ། སྒྲ་ཙམ་ལ་ལྷག་པར་ཆགས་པ་ཡང་མ་ལགས་ཀྱི། གཞན་དུ་ན་སྒྲུབ་པ་ཕུན་སུམ་ཚོགས་པར་བགྱིད་པས་དེའི་ཕྱིར་མི་དབང་སྒྲུབ་པ་བདག་ལ་མྱུར་དུ་གསུངས་ཞེས་བྱ་བ་བསྟན་པ་འབྲས་བུ་མེད་པ་ལ་སོགས ་སོ།། ཞེས་བསྟན་པ་ཡིན་ནོ།། ད་ནི་མངོན་པར་འདོད་པ་ཉིད་ཞུས་པ་ནི་ཡོངས་སུ་སྡུད་པའི་ཆོས་རྣམས་གང་ཞེས་བྱ་བ་ལ་སོགས་པ་དང་གང་དག་གིས་ཆོས་རྣམས་བསྡུས་པའི་སངས་རྒྱས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའོ།། གཅེས་སྤྲས་བགྱིས་པ་ནི་སངས་རྒྱས་ཀྱི་ཡོན་ཏན ་མ་ལུས་པ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་ན་གཅེས་སྤྲས་བགྱིད་པའོ།། དེ་དག་གང་ལགས་ལུང་བསྟན་དུ་གསོལ་ཞེས་བཤད་ཟིན་ཏོ།། ཆོས་རྣམས་ཀུན་གྱི་མཐར་ཕྱིན་པ་ཞེས་བྱ་བ་ལ་ཆོས་རྣམས་ཀུན་གྱིས་མཐར་ཐུག་པར་གྱུར་པ་དེའི་ཕྱིར་བདག་ཞུའོ་ཞེས་བྱ་བ་དང ་འབྲེལ་ཏོ།། ཕན་པར་བགྱིས་པའི་ཆོས་རྣམས་བདག་ལ་གསུངས། ཞེས་བྱ་བ་ལ། ཕན་པར་བྱེད་པར་གྱུར་པ་ཉེ་བར་མཁོ་བ་ཉིད་བདག་ལས་གསུངས་ཞེས་བྱ་བ་བསྟན་དུ་གསོལ། ཞེས་བྱ་བའོ།། ཅི་ནམ་མིས་བསྟེན་ཏེ་ངེས་པས་བསྟེན་པོའི་མིའོ།། འགྱུར་ཞིང་ཞེས་པ ་ནི་ཤེས་རབ་རྣོ་བར་འགྱུར་བའོ།། འདི་སྐད་བསྟན་པར་འགྱུར་ཏེ། ཆོས་གང་ལ་བསྟན་པས་ཤེས་རབ་རྣོ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་འཛིན་པར་ནུས་པའི་ཤེས་རབ་མི་དེ་ལ་འབྱུང་བར་འགྱུར་བའོ།། མི་ཟད ་འཇིགས་དང་བྲལ་ཏེ་མི་སྐྲག་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་དང་ཆོམ་རྐུན་དང་མེ་དང་མུ་གེ་ལ་སོགས་པའི་འཇིགས་པས་མི་སྐྲག་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་ལྟ་ན་ཡང་གཏོང་བར་མི་བགྱིད་པའོ།། ཇི་ལྟར་ན་རྒྱགས་པ་དང་ཞེ་སྡང་དང་། གཏི ་མུག་དང་ཆགས་པ་དང་བྲལ་ནས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པས་ཉེ་བར་ཀུན་ཞི་ཞིང་གྲོལ་བར་འགྱུར་བའོ།། དགེ་སློང་ངམ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་སོགས་པའི་སྡོམ་པ། ཇི་ལྟར་ཚུལ་ཁྲིམས་མི་གཏོང་ཞིང་། ཇི་ལྟར་བསམ་གཏན ་འདོར་མི་འགྱུར་བ་ཞེས་བྱ་བ་ནི་མི་གཏོང་བའི་རྒྱུ་ཞུས་པ་ཡིན་ནོ།། དགོན་པ་ལ་ནི་ཇི་ལྟར་བསྟེན་ཞེས་པས་ནི་སེམས་དབེན་པའི་མཚན་ཉིད་འཆིད་པར་འགྱུར་རོ།། བདག་གི་ཤེས་རབ་ཇི་ལྟར་འཕེལ་ཞེས་བྱ་བས་ནི་ཤེས་རབ་ལྷག་པར་འཕེལ་བར་འགྱུར ་པའོ།། ཇི་ལྟར་མཆོག་གི་ཚུལ་ཁྲིམས་ལ་མངོན་པར་དགའ་བར་འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་སྐྱོན་མེད་པར་འགྱུར། ཇི་ལྟར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་འཇལ་བར་འགྱུར། ཇི་ལྟར་ལུས་དང་ངག་དང་ཡིད་དག་པར་འགྱུར། ཇི་ལྟར ་ནལུས་དང་ཡིད་ཀྱི་ལས་རྣམས་དག་པར་འགྱུར། དེ་དག་ཐམས་ཅད་བདག་ལ་བསྟན་དུ་གསོལ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཞེས་བྱ་བ་ལ། ཟླ་འོད་གཞོན་ནུར་གྱུར་པས་གླང་ནུས་པ་དེ་བསྟན་པར་བྱ་བ་རྣམས་ཉེ་བར་བཇིག་པ་ས་འདི་སྐད་ཅེས་བྱ་བ་ལ་སོགས་པས་བསྟན་པའོ།། ཇི་སྐུད་བསྟན་པའི་ཞུས་པ་རྣམས་ཀཱི་ལན་གདག་པའི་ཕྱིར་ཆོས་གཅིག་དང་ལྡན་ན་ཞེས་བྱ་བ་ལ་སོགས། ་སྟེ། ཡོན་ཏན་འདི་དག་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱ་མངོན་པར་རྫོགས་པར་འཆུང་རྒྱ་བར་འགྱུར་རོ།། ཞེས་བྱ་བ་ནི་མདོར་ན་ཐམས་ཅད་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་མྱུར་དུ་མངོན་པར་རྟོགས་པར་འགྱུར ་ཞེས་བྱ་བའི་དོན་ཏོ།། ཆོས་གཅིག་པོ་གང་ཞེ་ན། ཞེས་བྱ་བ་ནི་ཆོས་དུ་མ་ཡོང་པས་གང་ཡི་ནམ། ས་སེ་ཞེས་ཞུས་པའོ།། གཞོན་ནུ་འདི་ཞེས་བྱ་བ་ལ་སོགས་པས་ནི་གསལ་པོར་སྟོན་པར་མཛད་པའོ།། སེམས་ཅན་ཐམས་ཅད་ལ་སེམས་བྷཱ ་པ་ཡིན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་བུ་གཅིག་པ་ལ་བརྩེ་བ་ལྟ་བུ་དང་ལྡན་པའོ།། ཕན་པའི་སེམས་དང་ཞེས་བྱ་བ་ནི་མ་འོངས་པའི་དུས་ན་ཕན་པར་འགྱུར་བའི་ཆོས་ལ་ཞུགས་པའི་ཕྱིར་རོ།། ཁོང་ཁྲོ་བ་མེད་པའི་སེམས་ནི་སེམས་ཅན་ཐམས་ཅད་ལ་ཁོ ་ཁྲོ་བ་མེད་པའོ།། མི་མཉམ་པ་མེད་པའི་སེམས་ནི་ཆོས་ཉིད་དང་མཉམ་པ་ཉིད་དུ་ཞུགས་པའོ།། ཞེས་བྱ་བ་ཁྱད་པར་རྣམ་པ་གསུམ་གྱི་ཁྱད་པར་ཅན་དུ་གྱུར་པ་ནི་གཅིག་ཉིད་ཡིན་པས་འདི་དང་ལྡན་ན་ཡོན་ཏན་འདི་དག་ཐམས་ཅད་འཐོབ་པར་འགྱུར་ཞིང་ཞེས ་བྱ་བ་ནི་བསྟན་པ་དང་། འཆད་པར་འགྱུར་བ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་པར་འགྱུར་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དོན་དེ་དག་ཉིད་ཚིགས་སུ་བཅད་པ་རྒྱས་པར་ཟླ་འོད་གཞོན་ནུ་ལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ།། ཡང་ཞེས་བྱ་བ་ནི་ཚིག་གི་རྒྱན་ནོ།། དེའི་ཚེ་ཞེས་བྱ་བ་ནི་སྟོན་པའི་སྐབས་ལ་བབ་པའི་ཚེའོ།། ཟླ་འོད་གཞོན་ནུར་གྱུར་པས་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཟླ ་བའི་འོད་ཀྱིས་ཉོན་མོངས་པ་མ་ལུས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེའི་སྨན་གྱི་ནུས་པ་སྐྱེད་པར་བྱེད་པའི་འོད་དེས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྐྱོན་ཐམས་ཅད་དང་བྲལ་བས་གཞོན་ནུར་གྱུར་པ་ཞེས་བྱ་བ ་དེ་ལ་གཏད་ནས་ཚིགས་སུ་བཅད་པ་གསུངས་པ། ཆོས་གཅིག་ཡང་དག་བླངས་ནས་ནི། བྱང་ཆུབ་སེམས་དཔའ་གང་གནས་པ་ཞེས་བྱ་བ་ལ་སོགས་པ་སྟེ་བཤད་ཟིན་ཏོ།། མཉམ་པའི་སེམས་ལ་བསྟེན་པ་ཡིས།། རྣམ་པར་སྨིན་པ་མཉམ་པར་བསྟན་ཞེས་བྱ་བ་ལ། ་སེམས་མཉམ་པ་ཉིད་དུ་ཞུགས་པ་ལ། རྣམ་པར་སྨིན་པའི་ཁྱད་པར་གྱི་ཡོན་ཏན་དེ་བཞིན་གཤེགས་པས་བསྟན་ཞེས་བྱ་བའི་དོན་ཏེ། དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་མཉམ་པར་འགྱུར་བའོ།། ཆོ་ག་སྤྱོད་ཡུལ་མ་ལུས་པ་མཉམ་པར་འགྱུར་ཞེས་བྱ ་བར་སྦྱར་རོ།། མཉམ་པའི་སེམས་ཀྱིས་ཡོན་ཏན་བསྟན་ནས། མི་མཉམ་པ་མ་ཡིན་པའི་གསུངས་པ། མཉམ་ཞིང་མི་མཉམ་མ་ཡིན་སེམས་བསྒོམས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐ་བའི་སྐྱོན་བྲལ་ནེམ་ནུར་རབ་སྤངས་ན་ཞེས་བྱ་བ་ལ་ཐ་བ་དང་འདྲ་བར་ཡོན་ཏན ་གྱི་ལོ་ཏོག་སྐྱེ་བ་དང་བྲལ་བའི་སྐྱོན་ཏེ། འདོད་ཆགས་ལ་སོགས་པ་དང་བྲལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ནམ་ནུ་རོ་རབ་ཏུ་སྤངས་པ་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ།། དེའི་རྐང་ལག་མཐིལ་དང་མཉམ་པ་ནི་སྔ་མ ་བཞིན་ནོ།། མཆོག་ཏུ་འོད་གསལ་དག་པ་ནི་གསེར་གྱི་མཆོག་ཉིད་དོ།། བལྟ་ན་སྡུག་པ་ནི་ཀུན་ནས་སོ།། ཕྱོགས་བཅུར་ལྷང་ངེར་སྣང་བ་ནི་ཕྱོགས་བཅུ་རྣམས་སུ་བྱང་ཆུབ་སེམས་དཔའ་ལྗང་དེར་སྣང་བའོ།། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར ་འོད་འཕྲོ་ཞིང་ཁྱབ་པར་བྱེད་དེ། གཟི་བརྗིད་ཀྱི་ཐམས་ཅད་ཟིལ་གྱིས་མནན་ནས་གདུལ་བའི་ཕྱིར་རོ།། ནམ་ངེས་ཞི་བའི་ས་ནི་ཐོབ་པའི་ཚེ། ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ ་གང་ཡིན་པ་དེ་ནི་ཞི་བའི་སོ་ཞེས་བྱ་སྟེ། ས་དེ་ཐོབ་པ་ནི་བརྙེས་པའོ།། སངས་རྒྱས་མཁྱེན་ལ་སེམས་ཅན་མང་པོ་དགོད་ཅེས་བྱ་བ་ནི་སེམས་ཅན་གྱི་ཁམོས་བྱ་བ་ཐ་དད་པ་རྣམས་སངས་རྒྱས་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལའོ།། ་དགོད་ཅེས་བྱ་བ་ནི་རབ་ཏུ་དགོད་པར་བྱ་བ་སྟེ། དེའི་ཚེ་ནུས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། གཞོན་ནུ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་སྔར་གསུངས་པའི་རྗེས་སུ་བསྟན་པས་འབྲས་བུ་གསུམ་པ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད ་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་མདོར་བསྡུ་ན་འདུས་བྱས་དང་འདུས་མ་བྱས་སོ།། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པ་ནི་འདི་དག་གི་ཁོངས་སུ་གཏོགས་པ་ཡིན་ནོ།། ཐམས ་ཅད་ཀྱང་ཡིན་ལ། ཆོས་ཀྱང་ཡིན་པས་ཆོས་ཐམས་ཅད་དོ།། དེ་དག་གི་ངོ་བོ་རང་གི་ངོ་བོ་སྟེ། དེ་བཞིན་ཉིད་ཀྱི་ངོ་བོ་མཉམ་པ་ཉིད་ཀྱི་ངོ་བོ་ནི་མཉམ་པ་ཉིད་དོ།། རྣམ་པར་སྤྲོས་པ་ནི་ལུས་ཀྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གང་བཤད་པའོ།། དེ་ནི ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏི། ངེ་འཛིན་ཏོ།། ཡང་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ནི་སྔ་མ་བཞིན་ནོ།། དེ་ནི་སྤྲོས་པ་དང་གཞན་དུ་བྱ་བ་དང་། ཐ་དད་དུ་དབྱེ་བ་དང་། དུམ་བུར་བྱ་བར ་མི་ནུས་པ་ཡིན་ཏེ། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ལ་དབྱེ་བ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཞེས་བཤད་པར་བྱའོ།། དང་པོའི་བཤད་པ་ཉིད་དང་སྦྱར་བའི ་ཕྱིར། གཞོན་ནུ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ་འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་དང་ཞེས་བྱ་བ་ལ་སོགས་པ་བརྒྱ་ཕྲག་གསུམ་གྱིས་ནི་མདོར་བསྟན་པ་ཡིན་ལ། རྒྱས་པར་ནི་བཅོམ་ལྡན་འདས་ཉིད་ཀྱིས་འོག ་ནས་ངེས་པར་སྟོན་པར་འགྱུར་རོ།། དེ་ལྟར་ན་ཡང་ཅུང་ཟད་ཙམ་དགྲོལ་བར་བྱའོ།། དེ་ལ་ལུས་ཀྱི་སྡོམ་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་སྤྱོད་པ་སྤངས་པའི་འཁོར་གསུམ་ཡོངས་སུ་དག་པའོ།། ངག་གི་སྡོམ་པ་ནི་རྫུན་དུ ་སྨྲ་བ་དང་། ཕྲ་མ་དང་ཚིག་རྩུབ་པོ་དང་། ངག་འཁྱལ་པ་སྤངས་པའོ།། ཡིད་ཀྱི་སྡོམ་པ་ནི་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་པ་སྤངས་པའི་འཁོར་གསུམ་ཡོངས་སུ་དག་པའོ།། ལས་ཡོངས་སུ་དག་པ་ནི། རྨི་ལམ་ཡོངས་སུ་དག་པ་ནི་རྨི་ལམ་ལྟ ་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པར་ཐམས་ཅད་དུ་འཇུག་པའོ།། དམིགས་པ་ལ་སོགས་པ་ཡང་དག་པར་འདའ་བ་ཞེས་བྱ་བ་ནི། སེམས་ཙམ་སྒྱུ་མ་ལྟ་བུ་རྟོགས་པས་བྱ་དང་ནང་གི་གཟུང་བ་དང་། འཛིན་པ་རྗེས་སུ་མི་དམིགས་པའོ།། ཕུང་པོ་ཡོངས་སུ་ཤེས་པ ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དབུ་བ་གོང་བུ་དང་། ཆུ་བུར་དང་། སྨིག་རྒྱུ་དང་། ཆུ་ཤིང་གི་སྡོང་པོ་དང་། སྒྱུ་མ་ལྟ་བུ་ཉིད་དུ་ཡོངས་སུ་ཤེས་པའོ།། ཁམས་མཉམ་པ་ཉིད་ཅེས་བྱ་བ་ནི། ཁམས ་བཅོ་བརྒྱད་པོ་རྣམས་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དོ།། སྐྱེ་མཆེད་སེལ་བ་དང་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་པོ་རྣམས་གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པ་ཉིད་ཁོང་དུ་ཆུད་པའོ།། སྲེད་པ་སྤོང་བ་དང་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་ལ་དམིགས ་པ་ནི་རྗེས་སུ་མི་དམིགས་པའོ།། མི་སྐྱེ་བ་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་རང་དང་གཞན་དང་གཉིས་ཀ་ཉིད་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་གདོང་ནས་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཁོང་དུ་ཆུད་པའོ།། བྱེད་པ་ལ་འཇུག་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས ་ཀྱང་སེམས་ཅན་གྱི་དོན་བྱ་བ་མི་སྤོང་བར་བརྩོན་འགྲུས་པོརྩམས་པས་འཇུག་པའོ།། རྒྱུ་གསལ་བར་བྱེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་རིག་ནས་བྲག་ཆ་ལྟ་བུའི་སྒྲས་བྱང་ཆུབ་ཀྱི་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟོན་པའོ།། ། ་ལས་ཀྱི་འབྲས་བུ་ཆུང་མོ་གསོན་པ་ཞེས་བྱ་བ་ནི། རྨི་ལམ་དང་འདྲ་བའི་ལས་རྣམས་ལས་འབྲས་བུ་ཡང་རྨི་ལོམ་དང་འདྲ་བ་སོ་སོ་ངེས་པ་ཉིད་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ།། ཆོས་མཐོང་བ་ཞེས་བྱ་བ་ནི་ཆོས་རྣམས ་མཐོང་བ་མེད་པ་ཉིད་ནི་དོན་དམ་པར་ཆོས་ཉིད་མཐོང་བ་ཡིན་པས་ཆོས་མཐོང་བ་ཞེས་བྱའོ།། ལམ་བསྒོམ་པ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་མི་དམིགས་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པར་བསྒོམ་པར་བྱ་བ་དང་བསྒོམ་པ་པོ་དང་སྒོམ ་པ་རྗེས་སུ་མི་དམིགས་པར་སྒོམ་པ་ནི་ལམ་སྒོམ་པའོ།། དེ་བཞིན་གཤེགས་པ་ལ་བརྟེན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་བསླབ་པ་ཡོངས་སུ་སྐྱོང་བ་དང་། ཆོས་ཉིད་ལ་ནན་ཏན་བྱས ་པས་སངས་རྒྱས་ལ་བརྟེན་པར་འགྱུར་རོ།། ཤེས་རབ་རྣོ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཆོས་ཉིད་ཟབ་མོ་ལ་བཟོད་པ་སོ་སེར་རྟོག་པས་སངས་རྒྱས་ཉིད་མངོན་སུམ་དུ་བྱེད་པའི་ཤེས་རབ་ནི་རྣོ་བ་ཉིད་དོ།། སེམས་ཅན་གྱི་རྗེས་སུ་འཇུག་པ ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་བ་དང་། དབང་པོ་མཆོག་དོང་མཆོག་མ་ཡིན་པ་ལ་འཇུག་པའི་ཡེ་ཤེས་སོ།། ཆོས་ཤེས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱིས་ཆོས་ཀྱི་སྐུའི་ངོ་བོར་ཡོངས་སུ་ཤེས་པས་རྗེས་སུ་མི ་དམིགས་པའི་སྦྱོར་བས་ཆོས་ཐམས་ཅད་མཐོང་བ་ནི་ཆོས་མཐོང་བའོ།། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སེམས་ཅན་རྣམས་ཆོས་ཀྱི་ཚུལ་ཇི་ལྟ་བ ་བཞིན་དུ་ནན་ཏན་བྱེད་ཅིང་འཛུད་པ་དང་། བདག་ཉིད་ཀྱང་དེ་བཞིན་དུ་ནན་ཏན་གྱིས་ཡང་དག་པར་སྒྲུབ་པ་ནི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པའོ།། ཡི་གེ་དང་ཚིག་རབ་ཏུ་དབྱེ་བ་ཤེས་པ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་ཡི་གེ་རྣམས་གདོད་ནས ་མ་སྐྱེས་པ་ལ་སོགས་པར་རབ་ཏུ་འབྱེད་པ་ནི་ཡི་གེའི་རབ་ཏུ་དབྱེ་བའོ།། ཚིག་རབ་ཏུ་འབྱེད་པ་ནི་སུབ་དང་ཏི་ངའི་དབྱེ་བས་མིང་གི་ཚོགས་དང་ཚིག་ཚོགས་དང་། ཡི་གེའི་ཚོགས་པོ་དང་མོ་དང་མ་ནིང་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབྱེ་བས་ཐ་དད་པའི་རྣམ་གྲངས་སུ་དུ ་མ་ཡོངས་སུ་ཤེས་པའོ།། ཆོས་ཉིད་མི་འགྱུར་ཞིང་མི་ཟད་པ་དེ་ནི་ཚིག་རབ་ཏུ་གནས་པར་གྱུར་པའོ།། དེ་ནི་ཆོས་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་པར་འབྱེད་པས་རབ་ཏུ་དབྱེ་བའི་ཡེ་ཤེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སོ།། དངོས་པོ ་རྣམས་ལ་ཡང་དག་པར་འདར་བ་ཞེས་བྱ་བ་ནི་མུ་སྟེགས་ལ་སོགས་པས་ཡོངས་སུ་བརྟགས་པར་རྫས་དང་ཡོན་ཏན་དང་ལས་དྲང་སྤྱི་དང་བདག་ལ་སོགས་པའི་རྗེས་མ་ལུས་པོ་སྒྲོ་བཏགས་པ་ཙམ་དུ་ཤེས་ནས་མི་ཞེན་པར་ཡོངས་སུ་གཏོང་བ་ནི་དངོས ་པོ་ལས་ཡང་དག་པར་འདའ་བའོ།། །། སྒྲ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་བྲག་ཅ་ལྟ་བུ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་ཡོངས་སུ་མ་གྲུབ་པར་ཤེས་པ་ནི་སྒྲ་ཡོངས་སུ་ཤེས་པའོ།། དགའ་བ་རབ་ཏུ་ཐོབ་པ་ཞེས ་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཇི་ལྟ་བ་ཁོང་དུ་ཆུད་པས་དགའ་བ་དང་ཡིད་བདེ་བས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉམས་སུ་མྱོང་བ་ནི་དགའ་བ་རབ་ཏུ་ཐོབ་ཅེས་བྱའོ།། ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་ཞེས་བྱ་བ་ནི་ཐེག ་བ་ཆེན་པོར་ཕན་ཡོན་མཐོང་བའི་ཆོས་རྣམས་ལ་ཇི་ལྟ་བ་བཞིན་བསླབས་ཤིང་ནན་ཏན་བྱས་པའི་དགའ་བས་ཐམས་ཅད་དུ་ཆོས་ཀྱི་དགའ་བ་དང་མི་འབྲལ་བ་ནི་ཆོས་ཀྱི་དགའ་བ་རྗེས་སུ་མྱོང་བ་ཞེས་བྱའོ།། དྲང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ལམ ་གྱི་བདེ་བ་རབ་ཏུ་རྟོགས་ནས་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་གྱིས་ཉན་ཐོས་ལ་སོགས་པའི་ལམ་གྱིས་ནི་མ་ཡིན་ཏེ། སངས་རྒྱས་ཉིད་ཐོབ་པར་བྱ་བ་ལ་ཉན་ཐོས་ལ་སོགས་པའི་ལམ་ནི་དྲང་པོ་མ་ཡིན་པོའི་ཕྱིར་རོ།། དེས་ན་དྲང་པོ་ཉིད་ཀྱི་ངོ་བོ་ནི་དྲང་ན ་ཤུགས་དྲང་བ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་ལ་གཡོ་བ་མེད་པས་རྟོག་པ་མེད་པའི་སྤྱོད་ལམ་ཉིད་པས་སྐྱོང་ལས་ལ་འཁྱོགས་པ་མེད་པ་ནི་ཤུགས་དྲང་བ་ཞེས་བྱའོ།། ཁྲོ་གཉེར་དང་བྲལ་བ་དང་ཞེས་བྱ་བ་ནི་འདོད་ཆགས ་དཔེ་ནེ་སྡང་དང་གཏི་མུག་རབ་ཏུ་སྤངས་པས་ཞེ་སྡང་གི་ཆ་ལ་གདགས་པའི་ཁྲོ་བ་ལས་ཀུན་ཏུ་བྱུང་བའི་སྨིན་མའི་བར་ནེ་རི་མོ་ཡོན་པོ་མེད་པ་ནི་ཁྲོ་གཉེར་དང་བྲལ་བ་ཞེས་བྱའོ།། ངེས་པ་ཞེས་བྱ་བ་ལ། ངེས་པ་ཉིད་ནི་ངེས་པ་སྟེ། བོ་ཤེས་གཉེན་དུ་གྱུར ་པ་ཉིད་ཀྱིས་ཞེ་སྡང་དང་བྲལ་བའི་ཕྱིར་འགྲོགས་ན་བདེ་བ་ནི་ངེས་པ་ཞེས་བྱའོ།། འཇམ་པ་ཞེས་བྱ་བ་ནི་མངར་བ་དང་། གྱ་ནོམ་པ་དང་ཞིམ་པ་དང་། གཞན་ལ་ཕན་པའི་དངོས་པོ་དང་། སེམས་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཉིད ་ནི་འཇམ་པ་ཞེས་བྱ་བའོ།། བཞིན་འཛུམ་པ་དང་གསོང་པོར་སྨྲ་བ་ཞེས་བྱ་བ་ལ་གདོང་གི་པདྨ་རྒྱས་པར་བྱས་ཤིང་མཛེས་པས་དང་པོ་ཉིད་དུ་ཚུར་སྤྱོན། བདེ་བར་བྱོན་ནམ་ཞེས་ཕེབས་པར་སྨྲ་བ་ནི་བཞིན་འཛུམ་པ་དང་། གསོང་པོར་སྨྲ་ཧཱ་ཞེས་བྱའོ།། ་བླ་མ་ལ་གུས་པ་ཞེས་བྱ་བ་ནི་བླ་མ་དང་ཉེ་བ་ན་འཇིགས་པ་དང་བཅས་པ་དང་། གུས་པ་དང་བཅས་པས་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་ཀྱིས་དུས་ཐམས་ཅད་དུ་རྗེས་སུ་འཇུག་པ་ནི་བླ་མ་ལ་གུས་པ་ཞེས་བྱའོ།། བླ་མ་ལ་སྲི་ཞུ་ཆེ་བ་ཞེས་བྱ་བ ་ནི་དམ་པའི་ཆོས་ཉན་པར་འདོད་པས་བླ་མ་དང་ཉེ་བར་ཕྱིན་ནས། ཉེ་བར་བལྟ་བ་དང་། ཡོངས་སུ་སྤོད་པ་ལ་ལེ་ལོ་མེད་པར་ཐམས་ཅད་དུ་འཇུག་པ་ནི་བླ་མ་ལ་སྲི་ཞུ་ཆེ་བ་ཞེས་བྱའོ།། སྐྱེ་བས་ཆོག་ཤེས་པ་ཞེས་བྱ་བ་ནི། སྐྱེ་བ་ཐམས་ཅད་ཀྱིས་རང ་བཞིན་རྣམ་པར་རིག་པའི་ཕྱིར་མངོན་པར་མ་ཞེན་ཅིང་། དོན་དུ་མི་གཉེར་ལ་རོ་མི་མྱང་བ་ཉིད་དུ་སེམས་ཅན་གྱི་དོན་ཆེད་དུ་བྱེད་པས་འདོར་བར་ཡང་མི་བྱེད་པ་ནི་སྐྱེ་བས་ཆོག་ཤེས་པ་ཞེས་བྱའོ།། ཆོས་དཀར་པོས་མི་ངོམས་པ་ཞེས་བྱ་བ་ནི་སངས ་རྒྱས་ཉིད་ཐོབ་པར་བྱེད་པའི་ཆོས་རྣམས་ཉན་པ་དང་། སེམས་པ་དང་སྒོམ་པས་ཡོངས་སུ་མི་སྐྱེ་བ་དང་དཀར་པོའི་ཆོས་རྣམས་གོང་ནས་གོང་དུ་བསྟེན་པ་དང་དགེ་བ་གང་ཡིན་ཞེས་ཚོལ་བ་ནི་ཆོས་དཀར་པོས་མི་ངོམས་པ་ཞེས་བྱའོ།། འཚོ་བ་རྣམ་པར་དག་པ ་ཞེས་བྱ་བ་ནི་རིགས་པས་རྙེད་པ་ཆོག་ཤེས་ཤིང་རྙེད་པའི་ཆེད་དུ་སྤྱོད་ལམ་བསྲུངས་ནས་སྙན་པར་སྨྲ་བ་ལ་སོགས་པ་ཡོངས་སུ་སྤོང་བའི་ལོག་པའི་འཚོ་བ་ཡོངས་སུ་སྤངས་པ་ནི་འཚོ་བ་རྣམ་པར་དག་པའོ།། དགོན་པ་ལ་གནས་པའི་མི་གཏོང་བ་ཞེས་བྱ་བ ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་བྲལ་བའི་སེམས་ཡོངས་སུ་མི་གཏོང་བ་དང་། ཡི་དམ་དུ་བླངས་པ་ནི་མི་སྤོང་བ་དང་། ཆོས་དབེན་པ་ལ་མངོན་པར་དགའ་བ་དང་། བསམ་གཏན་ལ་རྩེ་གཅིག་པ་ནི་དགོན་པ་ལ་མི་གཏོང་བ་ཞེས ་བྱའོ།། ས་རྣམ་པར་གཞག་པ་ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱིས་དཀར་པོ་རྣམ་པར་མཐོང་བ་ལ་སོགས་པ་བརྒྱད། རང་སངས་རྒྱས་ཀྱི་ས་དང་དགུ་དང་། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་དུ་བཅུའོ།། དེ་དག་ནི་རྣམ ་བོར་བཞག་པ་ནི་ས་གང་དག་ལ་དུས་ཇི་སྲིད་དུ་གནས་ནས་ཡོན་ཏན་ཇི་སྙེད་ཡོད་པ་ཇི་ལྟ་བ་བཞིན་དུ་ཤེས་པས་རྣམ་པ་ཐམས་ཅད་ཤེས་པ་ནི་ས་རྣམ་པར་བཞག་པོ་ཤེས་པ་ཞེས་བྱའོ།། དྲན་པ་ཆུང་མི་གསོན་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མི་རྟག་པ་དང་། ་སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པ་ལ་སོགས་པ་ཡོངས་སུ་མི་ཉམས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། རང་གི་ཞན་གྱི་འོད་གསལ་བ་རྣམས་དང་ཕ་རོལ་ཏུ ་ཕྱིན་པ་ལ་སོགས་པའི་དྲན་པ་མི་ཉམ་པའོ།། ཕུང་པོ་ལ་མཁས་པ་ཞེས་བྱ་བ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་རྟོགས་པ་དང་། ངོ་བོ་མེད་པར་རྟོགས་པ་ལ་མཁས་པ་ནི་ཕུང་པོ་ལ་མཁས་པ་ཞེས་བྱའོ།། མངོན་པར་ཤེས ་པ་མངོན་སུམ་དུ་བྱ་བ་ལ་འཇུག་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་མངོན་སུམ་དུ་བྱས་ནས་མངོན་པར་ཤེས་པ་ལྔ་ངེས་པར་སྒྲུབ་པའོ།། དེ་ལས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་དག་པར་བསྟན་པས་སེམས་ཅན་དབང་དུ་བྱས་པ་ནི་མངོན་པར་ཤེས ་པ་མངོན་པར་ཤེས་པ་མངོན་སུམ་དུ་བྱ་བ་ལ་འཇུག་པའོ།། ཉོན་མོངས་པའི་སེལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུན་ཆགས་པ་དང་། སྡང་བ་དང་རྟག་པར་ལྟ་བ་བྱུང་བའི་གཉེན་པོ་བསྒོམ་པ་ནི་ཉོན་མོངས་པ་སེལ་བ་ཞེས ་བྱའོ།། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ཞེས་བྱ་བ་ནི་སྔོན་གྱི་སོ་སོའི་སྐྱེ་བོའི་ཆོས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱི་བག་ཆགས་རྩ་བ་ནས་སྤངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སྨོན ་ལམ་བཏབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ཞེས་བྱའོ།། ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང ་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ངེས་པར་སྒྲུབ་པ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱའོ།། བསྒོམ་པའི་རྒྱུ་མཐུན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པའི་སྟོབས་ཀྱི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་ནི་བསྒོ ་པའི་རྒྱུ་མཐུན་པ་ཞེས་བྱའོ།། ཉེས་པ་ལས་འབྱུང་བ་ལ་མཁས་པ་ཞེས་བྱ་བ་ལ། སོ་སོར་ཐར་པའི་འདུལ་བ་ལས་བསྟན་པའི་བསླབ་པའི་གནས་ཀྱི་བྱེ་བྲག་ལས་འདས་པ་རྣམས་ལས་ལྡང་བར་བྱ་བ་ལ་མཁས་པ་ནི་ཉེས་པ་ལས་བྱུང་བ་ལ་མཁས་པ ་ཞེས་བྱའོ།། ཀུན་ནོས་ལྡང་བ་གནོན་པ་ཞེས་བྱ་བ་ནི། མི་དགེ་བ་སྔོན་བྱས་པའི་ཉེས་པ་འཆགས་ཤིང་ཡང་མི་བྱེད་པའི་སྡོམ་པ་ཡང་དག་པར་ལོན་པ་དང་གཉེན་པོའི་ཕྱོགས་བསྒོམ་པ་ནི་ཀུན་ནས་ལྡང་བ་གནོན་པ་ཞེས་བྱའོ།། བག་ལ་ཉལ་སྤོང་བ ་ཞེས་བྱ་བ་ནི་ཁམས་གསུམ་གྱི་སྐྱེ་བ་ལ་སྲེད་ཅིང་དགའ་བའི་འཁྲི་ཤིང་རྒྱས་པ་རྩམ་ནས་གཅོད་པའི་སེལ་བ་དང་ཆོས་ཐམས་ཅད་ལ་སྲེད་པ་རབ་ཏུ་སྤངས་པ་ནི་བག་ལ་ཉལ་སྤངས་པའོ།། སྲིད་པ་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ནི་སྲིད་པའི་རྒྱུ་མ་རིག་པ་དང་། ་སྲེད་པ་ཡང་དག་པར་སྤངས་པ་དང་། ཁམས་གསུམ་པའི་ཡིད་ལ་བྱེད་པ་ལས་ཡང་དག་པར་འདས་པ་ནི་སྲིད་པ་ལས་ཡང་དག་པར་འདྲར་བ་ཞེས་བྱའོ།། སྐྱེ་བ་དྲན་པ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་སྟོབས་ཀྱིས་སྐྱེ་བ ་བརྒྱུད་བ་དཔག་ཏུ་མེད་པ་མངོན་པར་དྲན་པའི་སྐྱེ་བ་དྲན་པ་ཞེས་བྱའོ།། ལས་ཀྱི་རྣམ་པར་སྨིན་པ་ལ་ནེམ་ནུར་མེད་པ་ཞེས་བྱ་བ་ནི། རྟག་པ་དང་ཆད་པའི་མཐའ་གཉིས་དང་བྲེལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཁོང་དུ་ཆུང་བས ་ལས་དང་རྣམ་པར་སྨིན་པ་ལ་ཐ་ཚམ་མེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ནི་ནེམ་ནུར་མེད་པ་ཞེས་བྱའོ།། ཆོས་སེམས་པ་ཞེས་བྱ་བ་ནི་ཆོས་ཉིད་དང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་ནི་དེ་བཞིན ་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་དེ་བཞིན་དུ་གནས་པ་ཡིན་པས། ཆོས་ཞེས་བྱ་བའི་སྒྲས་ཆོས་ཉིད་བསྟན་ལ། དེ་ལ་སེམས་པ་དང་སྒོམ་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོག་པ་ནི་ཆོས་སེམས ་པ་ཞེས་བྱའོ།། ཐོས་པ་ཚོལ་བ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་རྒྱ་ཆེར་སྟོན་པའི་ཁྱད་པར་རྟོགས་པ་ཚོལ་ཞིང་སྡེ་སྣོད་གསུམ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཤིན་ཏུ་རྒྱས་པ་རྨད་དུ་མེད ་ཉན་ཞིང་དོན་གྱི་ཁྱད་པར་ཚོལ་བ་ནི་ཐོས་པ་ཚོལ་བ་ཞེས་བྱའོ།། ཡེ་ཤེས་རྣོ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་རྣོ་བ་ཞེས་བྱའོ།། ཡེ་ཤེས་ལ་སྲེད་པ་ཞེས་བྱ་བ་ནི ་གོང་མ་གོང་མའི་ཡེ་ཤེས་ཀྱི་ས་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཚོལ་བ་ནི་ཡེ་ཤེས་ལ་སྲེད་པ་ཞེས་བྱིའོ།། ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་མཛད་པའི་ཡེ་ཤེས་དང་དེ་སྐྱེད་པར་བྱེད་པའི་ལམ་གྱི ་ཡེ་ཤེས་རྟོགས་པས་རྒྱུ་དང་འབྲས་བུའི་ཡེ་ཤེས་རྟོགས་པ་ནི་ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱའོ།། ཅང་ཤེས་ཀྱི་ས་དང་ཞེས་བྱ་བ་ལ་ཅང་ཤེས་ནི་ལྔ་སྟེ། གླང་པོ་ཆེ་དང་རྟ་དང་གླང་དང་སེང་གེ་དང་། ཉན་ཐོས་རྣམས་ཏེ། འཇིགས་པ་དང་བྲལ་བ་ཉིད་དང་དུལ་བ ་ཉིད་ཀྱིས་སོ།། བྱང་ཆུབ་སེམས་དཔའ་རྣམས་ནི་ཅང་ཤེས་ཆེན་པོ་སྟེ། ལམ་དྲང་པོ་ནས་འགྲོ་བ་ཉིད་ཀྱི་ཕྱིར་དང་། འཇིགས་པ་ཐམས་ཅད་ཡང་དག་པར་སྤངས་པ་ཉིད་ཀྱི་ཕྱིར་རོ།། དེ་དག་གིས་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུའོ།། དེ་དག་ལ ་བསླབ་པས་ཡོན་ཏན་ཐམས་ཅད་ངེས་པར་སྤྱད་པར་བྱེད་པས་ས་སྟེ། ཅང་ཤེས་ཀྱི་ས་ཞེས་བྱའོ།། སེམས་རོ་ལྟ་བུ་ཞེས་བྱ་བ་ལ། བདུད་དང་མུ་སྟེགས་པ་ཐམས་ཅད་ཀྱི་མི་བསྐྱོད་པ་དང་། བྱང་ཆུབ་ཆེན་པོར་སེམས་བརྟན་པ་རིའི་རྒྱལ་པོ་རི་རབ་ལྟར་མི ་གཡོ་བར་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ནས་ཀྱང་ལྷའི་བུའི་བདུད་ལ་སོགས་པ་བདུད་བཞིས་མངོན་པར་མི་གཡོ་བའི་ཐུགས་དེའི་ངོ་བོ་ནི་སེམས་རི་རབ་ལྟ་བུ་ཞེས་བྱ་སྟེ། མཱི་བསྐུལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་རླུང་ཐམས་ཅད་ཀྱིས་ཡང་དག་པར་མི ་འཕྲོགས་པས་མོ་བསྐུལ་བ་ཞེས་བྱའོ།། མི་གཡོ་བ་ཞེས་བྱ་བ་ལ། ཕྱི་དང་ནང་གི་མཚན་མ་རྣམས་ཡིད་ལ་མི་བྱེད་པས་རྗེས་སུ་མི་དམིགས་པ་ནི་མི་གཡོ་བོའོ།། ཕྱིར་མི་ལྡོག་པའི་མཚན་ཉིད་ཅེས་བྱ་བ་ནི་གང་གི་ཕྱིར་མི་ལྡོག་པར་མཚོན་པའི་ཕ་རོལ ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཉིད་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་དང་། བསྙེན་བཀུར་བྱས་པ་དང་། དེས་གསུངས་པའི་ཆོས་ཐོས་པ་དང་། བསྒོམ་པ་དང་མི་འབྲལ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད ་ཅེས་བྱའོ།། དཀར་པོའི་ཆོས་མངོན་པར་རྫོགས་པར་འབྱོར་པ་ཞེས་བྱ་ལ་དཀར་པོ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཅིང་། དཀར་པོའི་ཆོས་མངོན་པར་རྫོགས་པར་འབྱོར་པ་ཞེས་བྱའོ།། སྡིག ་པའི་ཆོས་ལ་སྨོད་པ་ཞེས་བྱ་བ་ནི་སྡིག་པའི་ཆོས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་ཤེས་པ་དང་པོ་ནས་སྡིག་པའི་ལས་མི་བྱེད་ལ་བྱས་པ་རྣམས་ཀྱང་འཆགས་ཤིང་ཕྱིན་ཆད་ཀྱང་མི་བྱེད་པར་ཡང་དག་པར་སྡོམ་པ་ནི་སྡིག་པའི ་ཆོས་ལ་སྨོད་པ་ཞེས་བྱའོ།། ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་མེད་པ་ཞེས་བྱ་བ་ལ་མ་རིག་པ་དང་། སྲེད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་མི་སྐྱེད་པ་དང་། ཡིད་ལ་མི་བྱེད་པ་ནི་ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་མེད་པ་ཞེས་བྱའོ།། ་བསླབ་པ་ཡོངས་སུ་མི་གཏོང་བ་ཞེས་བྱ་བ་ནི་ལས་དང་འབྲས་བུ་ངེས་པོར་འབྲེལ་པར་རྟོགས་པས་བདེན་པ་དཀོན་མཆོག་ལ་ཡིས་ཆེས་པ་བརྟན་པ་དང་། དེ་བཞིན་གཤེགས་པ་ལ་གུས་པ་ནི་བསླབ་པ་ཡོངས་སུ་མི་གཏོང་བ་ཞེས་བྱའོ།། ཏིང་ངེ ་འཛིན་ལ་རྣམ་པར་འཇོམས་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་ཞིང་འགག་པའི་ངོ་བོ་ལྔ་རྟོགས་པ་ལ་མཁས་པ་དང་། མ་ཚུང་བ་མེད་པའི་ཏིང་ངེ་འཛིན་རྣམས་ལ་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ལོ་རྣམ་པར་འཇོག ་པ་ཞེས་བྱའོ།། སེམས་ཅན་རྣམས་ཀྱིས་བསམ་པ་ཤེས་པ་ཞེས་བྱ་བ་ནི། དམན་པ་དང་འབྲིང་དང་མཆོག་གི་དབང་པོའི་དབྱེ་བ་ཐ་དད་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཤེས་ནས། དེ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པའི་ཕྱིར། དབང་པོ་མཆོག ་དང་མཆོག་མ་ཡིན་པ་མཁྱེན་པ་ནི། སེམས་ཅན་གྱི་བསམ་པོ་ཤེས་པ་ཞེས་བྱའོ།། སྐྱེ་བའི་ཁྱད་པར་ཤེས་པ་ཞེས་བྱ་བ་ནི་འགྲོ་བ་རིགས་ལྔ་རྣམས་ཀྱི་འཁོར་བར་གང་དུ་སྐྱེས་ན། སེམས་ཅན་རྣམས་ཀྱི་དོན་དུ་གྱུར་པ་དེར་བྱང་ཆུབ་སེམས་དཔའ ་རྣམས་བསམས་བཞིན་དུ་སྐྱེ་བ་ལེན་པའི་ཤེས་པ་ནི་སྐྱེ་བའི་ཁྱད་པར་ཤེས་པ་ཞེས་བྱའོ།། ཤེས་པ་མཐའ་ཡས་པ་ཤེས་པ་ཞེས་བྱ་བ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལས་ཀྱི་གནས་དང་། བཟོའི་གནས་ཤེས་པ་དེའི་ཁྱད་པར་ཉིད་དབྱེ ་པ་དཔག་ཏུ་མེད་པ་ཤེས་པ་ནི་ཤེས་པ་མཐའ་ཡས་པ་ཤེས་པ་ཞེས་བྱའོ།། ཚིག་གི་དགོས་པ་ཤེས་པ་ཞེས་བྱ་བ་ལ། སེམས་ཅན་གྱི་བསམ་པ་ལ་དགོངས་པ་དང་། བསྟན་པ་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། དུས་གཞན་ལ ་དགོངས་པའོ།། དེ་དང་དེ་ལ་དགོངས་ནས་བསྟན་པའི་དགོངས་པོ་ཅན་གྱི་ཚིག་དེ་དང་དེ་རྟོགས་པའི་ཤེས་པ་ནི་ཚིག་གི་དགོངས་པ་ཤེས་པ་ཞེས་བྱའོ།། ཁྱིམ་ན་གནས་པ་ཡོངས་སུ་གཏོང་བ་ཞེས་བྱ་བ་ལ་ལུས་དང་ངག་དང་། སེམས་དབེན་པ་དང ་ཆགས་པ་ཐམས་ཅད་ཡོངས་སུ་སྤངས་ནས་རབ་ཏུ་བྱུང་ནས་ངེས་པར་འབྱུང་བའི་སེམས་ནི་ཁྱིམ་ན་གནས་པ་ཡོངས་སུ་གཏོང་བ་ཞེས་བྱའོ།། ཁམས་གསུམ་ལ་མངོན་པར་མི་དགའ་བ་ཞེས་བྱ་བ་ལ་ཁམས་གསུམ་གྱི་རང་གི་ངོ་བོ་རྟོགས་པས ་མངོན་པར་ཞེན་པ་མེད་པ་དང་། མི་དམིགས་པའི་སྦྱོར་བས་ཁམས་གསུམ་ལ་མངོན་པར་མི་དགའ་བ་ཞེས་བྱའོ།། སེམས་ཞུམ་པོ་མེད་པ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་རྒྱུར་གྱུར་པ ་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། རྟག་ཏུ་ཡང་དག་པར་བླངས་པ་མི་གཏོང་བ་སེམས་ནི་སེམས་ཞུམ་པ་མེད་པ་ཞེས་བྱའོ།། ཆོས་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བས་ཆོས་ཐམས ་ཅད་ལ་མངོན་པར་ཞེན་པ་མེད་པར་འཇུག་པ་ནི་ཆོས་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱའོ།། དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་རྣམས་མི་གཏོང་བའི་སེམས་ཀྱིས ་ཡང་དག་པར་ལེན་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། ཆོས་བསྲུང་བ་ཞེས་བྱ་བ་ལ། དམ་པའི་ཆོས་སུན་འབྱིན་པ་རྣམས་དང་། གཞན་གྱི་ཕྱོགས་ན་བར་སྨྲ་བ་རྣམས་རིགས་པས་ཚར་བཙོད་ནས་རང་གི་ཕྱོགས་སུ་འཇོག་པ་ནི་ཆོས་བསྲུང ་བ་ཞེས་བྱའོ།། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཞེས་བྱེ་བ་ནི་རང་དང་གཞན་ལ་ངོ་ཚ་བོས་སྡིག་པའི་ལས་སྤོང་ཞིང་མི་དགེ་བས་དམྱལ་བ་ལ་སོགས་པར་འགྲོ་བར་ཡིད་ཆོས་ཤིང་། དགེ་བས་ལྷ་དང་མེར་སྐྱེ་བར་ཡིང་ཆེས་པས་དེའི་ཕྱིར། རྟག་ཏུ ་ཆོས་ཚོལ་བ་ལ་མངོན་པར་སྦྱོར་བ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ཡོང་ཆེས་པ་ཞེས་བྱའོ།། འདུལ་བ་ལ་མཁས་པ་ཞེས་བྱ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་འབྱུང་བ་དང་། ལྟུང་བའི་ཁྱད་པར་དགེ་འདུན་གྱིས་ལྷག་མ་ལ་སོགས་པ་སྦོམ་པོའོ་གནས་རྟོགས་པ ་ནི་འདུལ་བ་ལ་མཁས་པ་ཞེས་བྱའོ།། རྩོད་པའི་གཞི་ཞི་བར་བྱེད་པ་ཞེས་བྱ་བ་ནི་ཚོགས་ཀྱི་ནང་ན་གནས་ན་ནི་ངེས་པོར་རྩོད་པ་འབྱུང་བར་འགྱུར་བ་ནི་རྩོང་པའི་གཞི་ཡོད་པའི་ཕྱིར་རོ།། དེའི་ཕྱིར་ཚོགས་དང་འདུ་འཛི་རྣམ་པར་སྤངས་པ་ནི་རྩོད་པའི་གཞི་ནི ་བར་བྱེད་པ་ཞེས་བྱའོ།། ། འགྱེད་པ་མེད་པ་ཞེས་བྱ་བ་ལ་འཇིག་རྟེན་པའི་འགྱེད་པའི་གཞི་ལས་བྱུང་ངོའི་རྣམ་པར་སྤྲོས་པ་སྤོང་ཞིང་འགྱེད་པ་མེད་པོ་ནི་མི་རྩོད་པ་སྟེ། དགེ་སྦྱོང་གི་ཆོས་འགྱེད་པ་མེད་པ་ཞེས་བྱའོ།། བཟོང ་བའི་ས་ཞེས་བྱ་བ་ནི་ལུས་དང་སེམས་ལ་གནོད་པ་ཆོས་ཉིད་ཀྱི་སྟོབས་ཀྱིས་བཟོད་པ་ནི་བཟོད་པའི་ས་ཞེས་བྱའོ།། བཟོད་པ་ཡང་དག་པར་འཛིན་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་དུ་ལེན་པ་དང་། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་པར ་རྟོགས་པའི་བཟོད་པ་བླངས་ནས་རྟག་ཏུ་གོམས་པར་བྱེད་པ་དང་། གཞན་ངན་དུ་སྨྲ་བ་དང་། རིང་ནས་འོངས་པའི་ཚིག་གི་ལམ་རྣམས་བཏང་སྙོམས་སུ་བྱས་ནས་བཟོད་པ་མ་རལ་བར་བྱེད་པ་ནི་བཟོད་པ་ཡང་དག་པར་འཛིན་པའོ།། ཆོས་རབ་ཏུ་འབྱེད ་པ་ལ་མཁས་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པའི་དབྱེ་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་རབ་ཏུ་དབྱེ་བས་མི་དམིགས་པ་ཉིད་ནི་ཆོས་རབ་ཏུ་དབྱེ་བ་མཁས་པ་ཞེས་བྱའོ།། ཆེས ་གཏན་ལ་དབབ་པ་ལ་མཁས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་བརྗོད་དུ་མེད་པ་དང་། གདོད་ནས་མ་སྐྱེས་པའི་རང་བཞིན་དུ་རྣམ་པར་ངེས་པའི་ཤེས་པ་ནི་ཆོས་གཏན་ལ་དབབ་པ་ལ་མཁས་པ་ཞེས་བྱའོ།། ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཤེས་པ ་ཤེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རྣམ་པརོ་བཞག་པ་ཤེས་པ་ནི་ཆོས་ཀྱི་ཆོ་ག་རབ་ཏུ་དབྱེ ་བ་ཤེས་པ་ཞེས་བྱའོ།། ཆོས་ཀྱི་ཚི་ག་ངེས་པར་དགོད་པ་ལ་མཁས་པ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་ཚིག་རབ་ཏུ་གནས་པ་ནི་དེ་བཞིན་ཉིད་ཀྱི་རབ་ཏུ་དབྱེ་བ་སྟེ། སྟོང་པ་ཉིད་བཅུ་དྲུག་ལ་སོགས་པའི་རབ་ཏུ་དབྱེ་བས་རབ་ཏུ་སྟོན་པའི་ཤེས་པ་ནི་ཆོས ་ཚིག་ངེས་པར་དགོད་པ་ལ་མཁས་པ་ཞེས་བྱའོ།། དོན་དང་དོན་མ་ཡིན་པའི་ཚིག་གི་དབྱེ་བ་དགོད་པ་ལ་མཁས་པའི་ཤེས་པ་ཞེས་བྱ་བ་ལ། དོན་ནི་ཆོས་སོ།། དོན་མ་ཡིན་པ་ནི་ཆོས་མ་ཡིན་པའོ།། དོན་དང་དོན་མ་ཡིན ་པ་དེ་དག་གཉིས་ཀ་ལ་བསྟན་པ་མེད་ཅིང་དབྲི་བ་མེད་པ་དང་། ཆོས་ཉིད་མཉམ་པ་ཉིད་ལ་སོ་སོར་བསྣན་དུ་མེད་པ་ཉིད་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་སྟེ། དབྱེ་བ་མེད་པའི་གནས་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་དེ་བཞིན་ཉིད་དོ།། དེ ་ལ་མཁས་པ་ནི་གསལ་བ་སྟེ། བླང་བ་དང་དོར་བའི་ཆ་ཤེས་པ་ནི་དོན་དང་དོན་མ་ཡིན་པ་ལ་མཁས་པ་ཤེས་པ་ཞེས་བྱའོ།། སྔོན་གྱི་མཐའ་ཤེས་པ་ནི་སྔོན་གྱི་མཐའ་སྟེ་རྒྱུ་དང་བྱེད་པ་ཡིན་ནོ།། ཕྱི་མའི་མཐའ་ནི་བྱ་བ་སྟེ་འབྲས་བུ་ཡིན་ནོ།། དེ་ལ ་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བྱེད་པའོ།། འབྲས་བུ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་རྒྱུས་ཉིད་དོ།། དེའི་རང་གི་ངོ་བོ་ཇི་ལྟ་བ་རིག་པ་ནི་སྔོན་གྱི་མཐའ་ཤེས་པའོ།། ཕྱི་མའི་མཐའ་ཤེས ་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྔོན་གྱི་མཐའི་རང་བཞིན་མེད་ཅིང་ཕྱི་མའི་མཐའི་རང་བཞིན་མེད་པར་ཤེས་པ་ནི་ཕྱི་མའི་མཐའི་ཤེས་པ་ཞེས་བྱའོ།། དུས་གསུམ་མཉམ་པ་ཉིད་ཤེས་པ་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ ་དང་ད་ལྟར་བྱུང་བའི་དངོས་པོ་རྣམས་མི་དམིགས་པར་མཉམ་པ་ཉིད་དུ་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ཉིད་ནི་དུས་གསུམ་མཉམ་པ་ཉིད་ཤེས་པ་ཞེས་བྱའོ།། འཁོར་གསུམ་ཡོངས་སུ་དག་པ་ཤེས་པ་ཞེས་བྱ་བ་ནི། ལས་དང་བྱེད་པ་པོ་དང་བྱ་བ ་རྣམས་རྗེས་སུ་མི་དམིགས་པ་འམ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཡོད་ལ་མི་བྱེད་པ་ནི་འཁོར་གསུམ་ཡོངས་སུ་དག་པ་ཤེས་པ་ཞེས་བྱའོ།། སོམས་གནས་པ་ཤོས་པ་ཞེས་བྱ་བ་ནི་དམིགས་པ་དང་། དམིགས་བྱེད་ངོ་བོ་མེད ་པ་ནི་སེམས་དང་སེམས་ལས་བྱུང་བའི་རང་གི་ངོ་བོ་མཐར་ཐུགས་པ་ཉིད་ནི་སྤྲོས་པ་ཐམས་ཅད་རྗེས་སུ་མི་དམིགས་པའི་རང་བཞིན་གྱི་གནས་སྐབས་ཏེ། སེམས་གནས་པ་ཤེས་པ་ཞེས་བྱའོ།། ལུས་གནས་པ་ཤེས་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ ་ཀྱི་རང་བཞིན་གྱིས་སམ། བདག་དང་བདག་གི་རང་བཞིན་གྱིས་ཐམས་ཅད་དུ་ཡོད་པ་མ་ཡིན་པས་གཟུགས་བརྙན་དང་འདྲ་བ་ཉིད་ནི་ལུས་གནས་པ་ཤེས་པ་ཞེས་བྱའོ།། སྤྱོད་ལམ་བསྲུང་བ་ཤེས་པ་ཞེས་བྱ་བ་ནི་འཁྲུལ་པ་མེད་པའི་སེམས་ཀྱིས ་ལུས་དང་ངག་དང་སེམས་བསྡམས་པ་མི་འཁྲུལ་པ་ཉིད་དོ།། སྤྱོད་ལམ་མི་འཁྲུགས་པ་ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་ལངས་པ་དང་འཆགས་པ་དང་། འདུག་པ་དང་ཉལ་བ་ལ་སོགས་པ་ན་རྣམ་པར་འགྱུར་བ་མེད་པ་ཉིད་ནི ་སྤྱོད་ལམ་མི་འཁྲུགས་པ་ཞེས་བྱའོ།། སྤྱོད་ལམ་མི་འཆོས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་བཟོད་པས་སྡིག་པའི་རྣམ་པར་རྟོག་པ་ཡང་མེད་པ་དང་། ཆོས་མཉམ་པ་ཉིད་མཐོང་བས་མ་བཅོས་པའི་སྤྱོད་ལམ་ཉིད་ལ་གནས་པའི་ཕྱིར། སྤྱོད་ལམ ་མི་འཆོས་པ་ཞེས་བྱའོ།། དབང་པོ་མཛེས་པོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བས་རིགས་པ་དང་། མ་རིགས་པའི་དོན་རབ་ཏུ་སྟོན་པ་དང་། བསམ་པ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པའི་དུས་ན་དབང་པོ་རབ་ཏུ་མཛེས་པ ་ནི་དབང་པོ་མཛེས་པ་ཞེས་བྱའོ།། འཇིག་རྟེན་ཤེས་པ་ཞེས་བྱ་བའི་འཇིག་རྟེན་གྱི་བསམ་པའི་རྗེས་སུ་མཐུན་པར་འཇུག་པ་དང་། ལྡོག་པའི་བྱེ་བྲག་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བར་ཆོས་སྟོན་པ་ནི་འཇིག་རྟེན་ཤེས ་པ་ཞེས་བྱའོ།། ལྷུག་པར་གཏོང་བ་ཞེས་བྱ་བ་ནི་སློང་བ་ལ་སེམས་ཞུམ་པ་མེད་པས་ཐམས་ཅད་གཏོང་བ་ཉིད་དང་། བདོག་པ་རྣམས་མི་སྤོང་བ་དང་སེར་སྣ་མེད་པ་ཉིད་ནི་ལྷག་པར་གཏོང་བ་ཞེས་བྱའོ།། ལག་བརྐྱང་ཞེས་བྱ་བ་ནི་རྟག་ཏུ་རབ་ཏུ་སྦྱིན ་པའི་ཕྱིར་ལག་པ་བརྐྱང་བ་དང་། ཆོས་དང་ཟང་ཟིང་གི་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ནི་ལག་བརྐྱང་བ་ཞེས་བྱའོ།། སེམས་ཀྱི་འཛིན་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་གཟུང་བར་བྱ་བའི་ཡུལ་མི་དམིགས་པ་ལ ་གཅིག་ཏུ་དད་པའི་ཕྱིར་དང་། སེམས་དྲི་མ་མེད་པ་ནི་སེམས་འཛིན་པ་མེད་པ་ཞེས་བྱའོ།། ངོ་ཚ་ཤེས་པ་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ངོ་ཚ་བས་སྡིག་པའི་ལས་ལ་མི་འཇུག་པ་དང་། གཞན་གྱི་སེམས་བསྲུང་བའི་ཕྱིར། ཚིག་འཁྱལ ་པ་མི་སྨྲ་བ་ནི་ངོ་ཚ་ཤིས་པ་ཞེས་བྱའོ།། ཁྲེལ་ཡོད་པ་ཞེས་བྱ་བ་ནི་གཞན་གྱི་དབང་དུ་བྱས་ནས་ངོ་ཚ་བ་སྟེ། དཔྱད་མེད་པའི་ལས་རྣམས་ལ་འཇུག་པ་དང་། ཆོས་གཙོར་བྱེད་པ་ནི་ཁྲེལ་ཡོད་པ་ཞེས་བྱའོ།། མི་དགེ་བའི་སེམས་ལ་སྨོད་པོ ་ཞེས་བྱ་བ་ནི་མི་དགེ་བའི་ཆོས་ལ་འཇུག་པ་བྱིས་པ་སོ་སོའི་སྐྱེ་བོའི་ཆོས་རྣམ་པར་སྤངས་པས་དེ་དག་ལ་ཡིད་མི་གཏོང་བ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་ལ་ཉེ་བར་བསྟན་པ་ནི། མི་དགེ་བའི་སེམས་ལ་སྨོད་པ་ཞེས་བྱའོ།། སྦྱངས་པའི ་ཡོན་ཏན་མི་གཏོང་བ་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་ཡང་དག་པའི་བླངས་པ་ཉམས་པར་མི་བྱེད་པ་ཉིད་དང་། ཡི་དམ་ལ་བརྟན་པ་ཉིད་ནི་སྦྱངས་པའི་ཡོན་ཏན་མི་གཏོང་བ་ཞེས་བྱའོ།། སྤྱོད་པ་ཡང་དག་པར་འཛིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི ་སྤྱོད་པ་ཉིད་ལ་རྗེ་སུ་འཇུག་པའི་ཕྱིར། སྨྱོན་པ་ལ་སོགས་པའི་སྤྱོད་པ་ལ་ཕ་རོལ་གནོན་པས་ཡང་དག་པར་འཛིན་པ་ནི་སྤྱོད་པ་ཡང་དག་པར་འཛིན་པ་ཞེས་བྱའོ། དགའ་བར་སྤྱོད་པ་ཞེས་བྱ་བ་ནི་ཆོས་ཉིད་ཉམས་སུ་མྱོང་བའི་དགའ་བ་དང་བསམ་གཏན་ཉམས་སུ་མྱོང་བའི་དགའ་བས ་ཐམས་ཅད་དུ་དགའ་བ་ནི་དགའ་བར་སྤྱོད་པ་ཞེས་བྱའོ།། བླ་མ་རྣམས་ལ་ལྡང་ཞིང་སྟན་འདིངས་པ་ཞེས་བྱ་བ་ལ། རྨུག་པ་དང་གཉིད་དང་སྙོམ་ལས་ལ་སོགས་པ་དང་བྲལ་བས་རྟག་ཏུ་བླ་མ་ལ་བསྙེན་བཀུར་བ་ལ་ཞུགས་པའི་ཚེ། ངོ་ཚ་དང་ང ་རྒྱལ་སྤངས་པས་བླ་མ་ལ་སོགས་པའི་གཡོག་བྱ་བ་ལ་ངལ་བ་མེད་པའི་སེམས་ཀྱིས་བླ་མ་ལ་ལྡང་ཞིང་བསྙེན་བཀུར་བྱེད་པ་ལ་མཁས་པར་གྱུར་པའོ།། ང་རྒྱལ་ཚར་གཅོད་པ་ཞེས་བྱ་བ་ནི་གཞན་གྱིས་བརྟགས་པའི་བདག་ཉེ་བར་མི་དམིགས་པ་དང ་ཕུང་པོར་མངོན་པར་ཞེན་པ་མེད་པར་བཟུང་བ་དང་། འཛིན་པ་རྗེས་སུ་མི་དམིགས་པས་ང་རྒྱལ་གྱི་རྒྱུ་རྗེས་སུ་མ་དམིགས་པ་ནི་ང་རྒྱལ་ཚར་བཅད་པ་ཞེས་བྱའོ།། སེམས་ཡང་དག་པར་འཛིན་པ་ཞེས་བྱ་བ་ནི། ཕྱི་རོལ་གྱི་རྣམ་པར་གཡང་པ་རབ་ཏུ་སྤངས་ནས ་ཆོས་བདག་མེད་པ་ལ་རྣམ་པར་བཞག་སྟེ། བསྐྱེད་པ་དང་མ་བསྐྱེད་པའི་དགེ་བའི་ཆོས་རྣམས་རྣམ་པར་མི་ཉམས་པའི་ཤེས་པ་ནི། སེམས་ཡང་དག་པར་འཛིན་པ་ཞེས་བྱའོ།། སེམས་ཀྱི་སྤྲོ་བ་ཤེས་པ་ཞེས་བྱ་བ་ནི། དགེ་བ་ལ་འཇུག་པའི ་སེམས་གོང་ནས་གོང་དུ་བརྩོན་འགྲུས་བརྩོམ་པ་ལ་སྦྱོར་བ་དང་། བརྩོན་འགྲུས་ཀྱི་འབྲས་བུ་མངོན་པར་མི་ཉམས་པའི་ཡེ་ཤེས་ནི་སེམས་ཀྱི་སྤྲོ་བ་ཤེས་པ་ཞེས་བྱའོ།། དོན་རྟོགས་པར་ཤེས་པ་ཞེས་བྱ་བ་ནི་དོན་དམ་པ ་དང་ཡང་དག་པར་རབ་ཏུ་ལྡན་པའི་དངོས་པོ་རྣམས་བདེན་པ་ཇི་ལྟ་བ་བཞི་ནི་རབ་ཏུ་རྟོགས་པའི་ཤེས་པ་ནི་དོན་རྟོག་པར་ཤེས་པ་ཞེས་བྱའོ།། ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་རང་བཞིན ་ཡེ་ཤེས་ཙམ་དུ་རྟོགས་པས་ཕྱི་རོལ་གྱི་གཟུང་བའི་དོན་རང་གཞན་མེད་པར་རྟོགས་པ་ནི་ཡེ་ཤེས་རྗེས་སུ་རྟོགས་པ་ཞེས་བྱའོ།། མི་ཤེས་པ་མེད་པར་གྱུར་པ་ཞེས་བྱ་བ་ནི་མ་རིག་པ་དང་བྲལ་བས་ཇི་ལྟར་གནས་པའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ལ་ཕྱིན་ཅི ་ལོག་ཏུ་སྒྲོ་བཏགས་པ་དང་བྲལ་བ་ན་མི་ཤེས་པ་མེད་པར་གྱུར་པ་ཞེས་བྱའོ།། སེམས་ལ་འཇུག་པ་ཤེས་པ་ཞེས་བྱ་བ་ནི། གང་ཟག་ལ་བདག་མེད་པ་རབ་ཏུ་རྟོགས་པས་འཕེལ་བ་དང་འགྲིབ་པ་ཤེས་པ་ནི་སེམས་ལ་འཇུག་པ་ཤེས་པ་ཞེས་བྱའོ།། ་སྤང་བ་དང་ངེས་པར་སྒྲུབ་པ་ལ་མཁས་པའི་ཤེས་པ་ཞེས་བྱ་བ་ལ། སྤང་བ་ནི་འདོར་བ་སྟེ་ཉོན་མོངས་པ་ཀུན་དུ་སྤོང་བའོ།། ངེས་པར་སྒྲུབ་པ་ནི་དཀར་པོའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ།། དེ་ལ་སྤང་བ་དང་ཡོངས་སུ ་རྫོགས་པར་བྱེད་པ་ལ་མཁས་ཤིང་གསལ་བ་ནི། ཤེས་རབ་ཤིན་ཏུ་བསྒོམས་པ་རབ་ཏུ་གོམས་པ་ལས་བྱུང་བའི་ཤེས་རབ་རྣོན་པོ་ཉིད་ནི་སྤང་བ་དང་ངེས་པར་སྒྲུབ་པ་ལ་མཁས་པའི་ཤིས་པ་ཞེས་བྱའོ།། སྒྲ་སྐད་ཐམས་ཅད་ཤེས་པ་ཞེས་བྱ་བ་ནི ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་དེ་དག་དང་རྗེས་སུ་མཐུན་པར་ཆོས་སྟོན་པའི་ཤེས་པ་ནི་སྒྲ་སྐད་ཐམས་ཅད་ཤེས་པ་ཞེས་བྱའོ།། རྣམ་པར་གཞག་པ་ཤེས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། མུ ་སྟེགས་ལ་སོགས་པའི་དབང་པོའི་བྱེ་བྲག་རྣམ་པར་བཞག་པ་དང་། རྗེས་སུ་མཐུན་པར་ཆོས་བསྟན་པར་མཛད་པར་བྱེད་པའི་ཤེས་པ་ནི་རྣམ་པར་བཞག་པ་ཤེས་པ་ཞེས་བྱའོ།། དོན་གཏན་ལ་དབབ་པར་ཤེས་པ་ཞེས་བྱ་བ་ལ། དོན་ནི་འདུ་བྱེད་ཀྱི་ཕུང ་པོའོ།། དེའི་བསྟན་ལ་དབབ་པ་ནི། འདུ་བྱེད་རྣམས་ཉིད་མི་རྟག་པ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།། སྐྱེས་ནས་འཇིག་པར་འགྱུར་བ་བས།། དེ་དག་ཉེ་བར་ཞི་བ་བདེ་ཞེས་བྱ་བས་འདུ་བྱེད་ཉེ་བར་བཅད་པས་དེ་ནི་གཏན་ལ་དབབ་པ་སྟེ། དོན ་གཏན་ལ་དབབ་པ་ཤེས་པ་ཞེས་བྱའོ།། གནོད་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི། གནོད་པ་ནི་བྱིས་པ་རྣམས་ཀྱི་འཁོར་བའོ།། འཁོར་བ་ལས་ཡང་དག་པར་འདའ་བ་ཇི་ལྟ་བ་བཞིན་ཤེས་ནས་གཞན་རྣམས་ཀྱང་ཆོས་མ་ཡིན་པ་སྤོང་དུ་བཅུག ་ནས་དེ་ལས་ཡང་དག་པར་འདའ་བར་བྱེད་པ་ནི་གནོད་པ་རྣམ་པར་སྤངས་པ་ཞེས་བྱའོ།། སྐྱེས་བུ་དམ་པ་དང་འགྲོགས་པ་ཞེས་བྱ་བ་ནི་སྐྱེས་བུ་དམ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་དག་དང་འགྲོགས་པ་ནི་དེ་ལ་སྐྱབས ་སུ་འགྲོ་ཞིང་དེ་དག་གི་གསུངས་པའི་ཆོས་མཉན་པ་དང་མི་འབྲལ་བ་ཉིད་ནི་སྐྱེས་བུ་དམ་པ་དོང་འགྲོགས་པའོ།། སྐྱེས་བུ་དམ་པོ་དང་བརྟེན་པ་ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང ་དགེ་བའི་བཤེས་གཉེན་དང་བསམ་པས་མི་འབྲལ་བ་ཉིད་དུ་རྟག་ཏུ་བསྟེན་པ་ནི། སྐྱེས་བུ་དམ་པ་དང་བསྟེན་པ་ཞེས་བྱའོ།། སྐྱེས་བུ་ངན་པ་རྣམ་པར་སྤོང་བ་ཞེས་བྱ་བ་ལ། སྐྱེས་བུ་ངན་པ་ནི་གང་དེ་བཞིན ་གཤེགས་པའི་བསྟན་པ་ལ་མངོན་པར་མ་དད་པ་དང་། ངན་དུ་བརྗོད་པའི་བསམ་པ་ཅན། རྒྱུད་ཞེ་སྡང་གིས་བསྲེགས་པ། སྙོམས་ལས་ཅན་ཆོས་ཉམས་སུ་ལེན་པ་ལ་རྒྱབ་ཀྱི་ཕྱོགས་པ་དེ་དག་ནི་སྣོད་དུ་གྱུར་པ་མ་ཡིན་པ་ཞེས་དེ་རྣམ་པར ་སྤོང་བ་ཉིད་ནི་སྐྱེས་བུ་ངན་པ་རྣམ་པར་སྤོང་བའོ།། བསམ་གཏན་རྣམས་སྒྲུབ་པ་ཞེས་བྱ་བ་ལ། སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམ་པར་གྲོལ་བའི་འདོད་པ་ལ་རྣམ་པར་རྟོག་པ་ལ་སོགས་པ་དང་བྲལ་བའི་བསམ་གཏན་གྱི་བདེ་བ་དང་ཡིད ་བདེ་བ་ཉམས་སུ་མྱོང་བ་ནི་བསམ་གཏན་རྣམས་སྒྲུབ་པ་ཞེས་བྱའོ།། བསམ་གཏན་ལ་རོ་མྱང་བར་མི་བྱེད་པར་ཞེས་བྱ་བ་ནི། བསམ་གཏན་གྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་དོན་དུ་གཉེར་བ་དང་བྲལ་བ་ཉིད་དེ། སེམས་ཅན་གྱི་དོན་བྱ་བའི ་བསམ་པ་དང་། གོང་མ་གོང་མའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ངེས་པར་སྒྲུབ་པའི་བསམ་པ་བས་བསམ་གཏན་དང་བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་མེད་པའོ།། མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ཞེས་བྱ་བ་ནི་རྟག་ཏུ་རྗེས་སུ་འབྲང ་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་གནས་ནས། ཤིན་ཏུ་ཤེས་པར་དཀའ་བའི་སངས་རྒྱས་ཀྱི་ཆོས་རྣམས་དབང་པོ་མཆོག་དང་མཆོག་མ་ཡིན་པའོ་ཤེས་པས། སེམས་ཅན་རྣམས་ཀྱིས་བསམ་པ་ཤེས་ནས་གཞན་དག་ལ་སྟོན་ཅིང་རབ་ཏུ ་འབྱེད་པ་ན་མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ཞེས་བྱའོ།། མིང་དང་བརྡ་ཞེས་བྱ་བ་ནི། མིང་ནི་མིང་གིས་སྟོང་པ་སྟེ།། མིང་ལ་མིང་ནི་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་མིང་མེད་པ།། མིང་གིས་ཀྱང་ནི་རབ་ཏུ་བསྒྲགས།། ཞེས ་བྱ་བས་གདོད་ནས་མ་སྐྱེས་པའི་བརྡའ་ཙམ་གྱི་ཐ་སྙད་ཀྱི་དོན་དུ་ཁས་བླངས་པ་ནི་མིང་དང་བརྡའ་ཞེས་བྱའོ།། བདགས་པའི་ཐ་སྙད་ཅེས་བྱ་བ་ནི་འཇིག་རྟེན་གྱིས་བཏགས་པའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་མིང་སྟེ། དེ་བཞིན་དུ་ཐ་སྙད་དུ་འཇུག ་པོར་མི་ནུས་སོ།། ཞེས་བྱ་བས་གདགས་པ་དང་ཐ་སྙད་དུ་དབྱེ་བ་བྱས་ནས་ཁས་བླངས་པ་ཡིན་ནོ།། བཏགས་པ་ཡང་དག་པར་འཇོམས་པ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་ཆོས་ཉིད་ཉམས་སུ་མྱོང་བས་ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་བརྗོད་དུ་མེད ་པར་ཤེས་པ་ནི་བཏགས་པ་ཡང་དག་པར་འཇོམས་པ་ཞེས་བྱའོ།། འཁོར་བ་ལས་ལྡོག་པ་ཞེས་བྱ་བ་ལ། འཁོར་བ་སྒྲུབ་པར་བྱེད་པའི་ལས་མི་བྱེད་པ་སྟེ། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ།། ཞེས་བཤད་ནས་ཉོན་མོངས་པ ་ཅན་གྱི་སེམས་བཟློག་པ་ནི་འཁོར་བ་ལས་ལྡོག་པ་ཞེས་བྱའི། སྤོང་བ་ནི་མུ་ཡིན་ནོ།། རྙེད་པ་དོན་དུ་མི་གཉེར་བ་ཞེས་བྱ་བ་ལ། སྲེད་པ་སྤངས་པའི་ཕྱིར་ཇི་ལྟར་རྙེད་པའི་དོན་ཆུང་ངུ་ཙམ་གྱིས་ཆོག་པ་ནི་འདོད་པ་ཆུང་བ་སྟེ། རྙེད་པ་དོན་དུ་མི་གཉེར་བ ་ནི་རང་གི་དོན་ལ་བལྟོས་ནས་སོ།། གཞན་གྱི་དོན་ལ་ཞུགས་པ་རྣམས་ཀྱི་ནི་སྲེད་པས་བྱས་པ་མེད་པས་འདོད་པ་ཆུང་བ་ཞེས་བྱའོ།། རྙེད་པ་དང་བཀུར་སྟི་དང་དུ་མི་ལེན་པ་ཞེས་བྱ་བ་ལ། སེམས་ཀྱིས་ཀྱང་མི་འདོད་ཅིང་མི་སེམས་པས་སྡིག་པའི་རྒྱུར ་གྱུར་པའི་རྙེད་པ་དང་བཀུར་སྟི་དང་དུ་མི་ལེན་པ་ནི་རྙེད་པ་དང་བཀུར་སྟི་དང་དུ་མི་ལེན་པ་ཞེས་བྱའོ།། མི་སྙན་པ་བརྗོད་པས་ཞུམ་པ་མེད་པ་ཞེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང ་རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་མངོན་པར་ཞེན་པ་མེད་པས་མི་སྙན་པ་སྟེ། སྐྱོན་སྒྲོགས་པ་ལ་ཞུམ་པ་མེད་ཅིང་སྲོ་ཤི་བོ་མེད་པ་ནི་མི་སྙན་པ་བརྗོད་པས་ཞུམ་པ་མེད་པ་ཞེས་བྱ་བའོ།། བསྔགས་པ་ཡང་དག་པ་ལ་མ་ཆགས་པ་ཞེས་བྱ་བ་ལ་ཆགས ་བ་ནི་དང་དུ་ལེན་པ་སྟེ། ཡང་དག་པའི་ཡོན་ཏན་གྱིས་བསྔགས་པ་བརྗོད་ཀྱང་རྙེད་པ་དང་བཀུར་སྟི་ལ་དོན་དུ་གཉེར་བ་མེད་པའི་ཕྱིར་དགའ་བར་མི་འགྱུར་ལ། རྙེད་པ་དང་བཀུར་སྟི་ནི་དགེ་བའི་བར་ཆད་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། དགེ་བའི་རྗེས་སུ ་མཐུན་པ་མ་ཡིན་པས་བསྔགས་པ་བརྗོད་པས་དགའ་བར་མི་འགྱུར་བས་བསྔགས་པ་ལ་མ་ཆགས་པ་ཞེས་བྱའོ།། བཀུར་སྟི་བྱེད་པ་ལ་བཏང་སྙོམས་པ་ཞེས་བྱ་བ་ལ། ལས་ཀྱི་འབྲས་བུ་སོ་སོར་ངེས་པ་རྟོགས་པ་དང་། དུས་དང་དུས་མ་ཡིན་པ་རྟོགས ་པའི་ཕྱིར་ཁ་ཅིག་ནི་བདག་གིར་བྱེད་ལ། ཁ་ཅིག་ལ་བཏང་སྙོམས་སུ་བྱེད་པ་ནི་བཀུར་སྟི་བྱེད་པ་ལ་བཏང་སྙོམས་པ་ཞེས་བྱའོ།། བཀུར་སྟི་མི་བྱེད་པ་ལ་ཞུམ་པ་མེད་པ་ཞེས་བྱ་བ་ལ། བདག་ལ་བཀུར་སྟི་མ་བྱསོ་ཞེས་སེམས་སྲོ་ཤི་བར་མི་འགྱུར། ་བའོ།། རྟག་པ་ཉིད་དུ་ཡང་རྣལ་འབྱོར་གོམས་པར་བྱེད་པ་མི་འདོར་བས་དེ་ན་བཀུར་སྟི་མི་བྱེད་པ་ལ་ཞུམ་པ་མེད་པ་ཞེས་བྱའོ།། སྨོད་པ་ལ་ཁྲོ་བ་མེད་པ་ཞེས་བྱ་བ་ནི་སྨོད་པ་དང་སྨད་པར་བྱ་བ་རྗེས་སུ་མི་དམིགས་པར་འཇིག་རྟེན་གྱི་ཆོས་སོ་སོར ་བརྟགས་པའི་སྟོབས་ཀྱི་སློང་བ་ལ་ཁྲོ་བ་མེད་དོ།། ཁྲོ་བའི་སེམས་མི་བསྐྱེད་ཅེས་བྱ་བའོ།། བསྟང་པ་ལ་བཏང་སྙོམས་པ་ཞེས་བྱ་བ་ལ་གཅིག་ཏུ་དགེ་བའི་ཆོས་ལ་ཞུགས་པས་བསྟོད་པ་ལ་སོགས་པ་ལ་རྣམ་པར་རྟོགས་པ་མི་འགྱུར་ཞིང ་ཆོས་ཚོལ་བ་ལ་སེམས་བརྟན་པའི་ཕྱིར་བསྟོད་པ་ལ་སོགས་པ་བདེན་པ་ཡིན་ན་ཡང་བསྟོད་པ་ལ་བཏང་སྙོམས་སུ་བྱེད་པའོ།། མོ་རྙེད་པས་ཞུམ་པ་མེད་པ་ཞེས་བྱ་བ་ལ། སྔོན་བྱས་པའི་ལས་ཀྱི་རྗེས་སུ་འབྲང་བའི་ཕྱིར། འདི་ནི་སྦྱིན་པ་མ ་བྱས་པའི་འབྲས་བུ་ཡིན་ནོ་སྙམ་དུ་ཤེས་ནས་མ་རྙེད་པས་ཞུམ་པ་མེད་པ་ནི་མ་རྙེད་པས་སེམས་ཞུམ་པ་མེད་པ་ཞེས་བྱའོ།། ཁྱིམ་པ་དང་མི་རྟེན་པ་ནི་རྙེད་པའི་དོན་དུ་ཉེ་བར་འགྲོ་བ་སྤངས་པའོ།། རབ་ཏུ་བྱུང་བ་དག་དང་མི་བསྟེན་པ་ཞེས་བྱ་བ ་ནི་རབ་ཏུ་བྱུང་བ་དང་། བྲེ་མོའི་གཏམ་བྱེད་པས་བསམ་གཏན་དང་སྙོམས་པར་འཇུག་པ་ལ་མི་སྦྱོར་བ་སྤངས་ནས་མཉམ་པར་གཞག་པ་ཚོལ་བ་ནི་རབ་ཏུ་བྱུང་བ་དང་མི་བསྟེན་པ་ཞེས་བྱའོ།། སྤྱོད་ཡུལ་མ་ཡིན་པ་སྤངས་པ་ཞེས་བྱ་བ་ནི་འདོད་ཆག ་དང་། ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཐེ་ཚོམ་ལ་སོགས་པ་ཉོན་མོངས་པའི་རྒྱུ་རྣམས་སྤྱོད་ཡུལ་མ་ཡིན་པ་ཡུལ་དུ་མི་བྱེད་པ་སྟེ། ཆོས་ཉིད་ཀྱིས་མི་མཐུན་པ་ཡིན་པའི་ཕྱིར་རོ།། དེས་ན་སྤྱོད་ཡུལ་མ་ཡིན་པ་རྣམ་པར་སྤོང་བ་ཞེས ་བྱའོ།། སྒྱིད་ཡུལ་དུ་རྒྱུ་བ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ལམ་བསྒོམ་ཞིང་། གཞན་དག་ཀྱང་དེ་ལ་སྦྱོར་བར་བྱེད་པ་ནི་སྤྱོད་ཡུལ་དུ་རྒྱུ་བ་ཞེས་བྱའོ།། ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་སྤྱོད་ལམ་མ་འཁྲུངས་པས་གཞན་གྱི་སེམས་མགུ་བར་བྱས་ནས་བྱང་ཆུབ་ཀྱི་ལམ་སྦྱོར་བར་བྱེད་པ་ནི། ཀུན་ཏུ་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། སྤྱོད་པ་མ་ཡིན་པ་རྣམ་པར་སྤོང་བ་ཞེས་བྱ་བ་ནི་བདག ་ཉིད་ཀྱང་དཀར་པོའི་ཆོས་ཐམས་ཅད་རྗེས་སུ་བསྲུང་ཞིང་གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འགོད་པ་ནི་སྤྱོད་པ་མ་ཡིན་པ་རྣམ་པར་སྤོང་བ་ཞེས་བྱའོ།། རིགས་སུན་པར་མི་བྱེད་པ་ཞེས་བྱ་བ་ནི་དམ་བཅས་པའི་དོན་ངེས་པར་ཉམས་སུ་ལེན་པས་དེ་བཞིན ་གཤེགས་པའི་རིགས་སུན་པར་མི་བྱེད་པ་སྟེ། གཞན་དུ་དམ་བཅས་གཞན་ཉམས་སུ་ལེན་པ་ནི་རིགས་དང་རྗེས་སུ་མཐུན་པ་མ་ཡིན་པས་རིགས་སུན་པར་བྱེད་པ་ཡིན་ནོ།། དེ་སུན་པར་མི་བྱ་བའི་ཕྱིར་བདག་དང་གཞན་དང་ཇི་སྐད་གསུངས་པའི་སྒྲུབ་པ ་ཕུན་སུམ་ཚོགས་པ་ལ་རབ་ཏུ་འགོད་པའོ།། བསྟན་པ་བསྲུང་བ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་རྟག་ཏུ་ཟབ་མོའི་ཆོས་ཚོལ་ཞིང་ངེས་པར་རྫོགས་པར་བྱེད་པ་དང་ཆོས་དང་ཆོས་ཀྱི་རྗེས་སུ་མཐུན་པར་སྒྲུབ་པར་བྱེད་པ་ནི་དེ་བཞིན ་གཤེགས་པའི་བསྟན་པ་བསྲུང་བ་ཡིན་ནོ།། སྨྲ་བ་ཉུང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་རབ་ཏུ་དམིགས་པས་རྟག་ཏུ་མཉམ་པར་བཞག་པའི་ཕྱིར། སྨྲ་བ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། དགོས་པ་ཙམ་སྒྲུབ་པ་ནི་སྨྲ་བ་ཉུང་བ་ཞེས་བྱའོ།། ་ཉེན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྒྱུད་བཞུས་པས་བེམ་པོ་ཤིང་འདྲ་བ་མེད་པ་ཉིད་མཉེན་པ་ཞེས་བྱའོ།། ཚིག་གི་ལན་ཀླན་པ་ལ་མཁས་པ་ཞེས་བྱ་བ་ན། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་པའི་ཕྱིར། ལན་སྨྲ་བའི་ནུས་པ ་ཡོད་པས་རྒོལ་བ་དང་ཕྱིར་རྒོལ་བའི་ལན་ལ་མཁས་པ་ཡིན་ནོ།། ཕྱིར་རྒོལ་བ་ཚར་གཅོད་པ་ཞེས་བྱ་བ་ནི་ཚད་མ་དང་ལྡན་པའི་ཆོས་ཉིད་ཀྱི་དོན་རབ་ཏུ་བསྒྲུབས་པས་རང་གི་ཕྱོགས་གཞག་པ་དང་། གཞན་གྱི་ཕྱོགས་ཚད་མས་གནོད་པས་སུན ་ཕྱུང་བའི་དོན་རབ་ཏུ་བསྒྲུབས་པ་ནི་ཕྱིར་རྒོལ་བ་ཚར་གཅོད་པ་ཞེས་བྱའོ།། དུས་སུ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི། དུས་ཤེས་པའི་ཕྱིར་ཕན་གདགས་པ་དང་། ཚར་བཅད་པའི་དུས་ནི་འདི་ཡིན་ནོ་ཞེས་རྗེས་སུ་མཐུན་པ་དང་། རྗེས་སུ་མཐུན ་པ་མ་ཡིན་པའི་དུས་ཀྱི་རྣམ་པར་དབྱེ་བ་ཤེས་པའི་ཕྱིར། དུས་སུ་འགྲོ་བར་བྱེད་པ་ཞེས་བྱའོ།། སོ་སོའི་སྐྱེ་བོ་ལ་ཡིད་མི་སྟོན་པ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོའི་རྒྱུས་བྱིས་པའི་ཆོས་ཀྱི་སྐྱོན་མཐོང་བས་ཡིད་བརྟན་པའི་གནས་མ་ཡིན་པར ་ཤེས་ནས་སྤོང་བ་ནི་སོ་སོའི་སྐྱེ་བོའི་ཡིད་མི་སྟོན་པ་ཞེས་བྱའོ།། སྡུག་བསྔལ་བ་རྣམས་ལ་ཁྱད་དུ་མི་གསོད་པ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར། དམན་པ་དང་ལྷག་པའི་ངོ་བོ་མེད་པས་བརྙས་པར་མི་བྱེད ་པའོ།། གཞན་དུ་ཁྱད་དུ་བསད་པས་འདུལ་བའི་དོན་ནི་མ་གཏོགས་སོ།། དེ་དག་ལ་ནོར་སྦྱིན་པ་ཞེས་བྱ་བ་ལ་ཟང་ཟིང་རབ་ཏུ་སྦྱིན་པས་རྗེས་སུ་བཟུང་ནས་ཆོས་ཀྱི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་ནི་དེ་དག་ལ་སྦྱིན་པའོ།། དབུལ་པོ་རྣམས ་ལ་བརྙས་པར་མི་བྱེད་པ་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོས་སེམས་ཅན་འདི་དག་ནི་སྔོན་གྱི་ཚེ་རབས་སུ་རང་གི་སྦྱིན་པ་མ་བཏང་བས་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ།། ཞེས་བསམས་ནས་དབུལ་པོ་རྣམས་ལ་བརྙས་པར་མི་རིགས་སོ། ་ཚུལ་ཁྲིམས་འཆལ་བ་ལ་སྙིང་རྩེ་བ་ཞེས་བྱ་བ་ལ་ལྟུང་བ་བྱུང་བའི་སེམས་ཅན་རྣམས་ལ་ལྟུང་བ་ལས་ལྡང་བའི་ཆོས་བསྟན་ནས་ཚུལ་ཁྲིམས་ལ་རབ་ཏུ་འགོད་པར་བྱེད་པ་ནི་ཚུལ་ཁྲིམས་འཆལ་པ་ལ་སྙིང་རྩེ་བ་ཞེས ་བྱའོ།། ཕན་པའི་དངོས་པོ་ཞེས་བྱ་བ་ནི་གཞན་རྣམས་མ་འོངས་པའི་དུས་སུ་ཕན་པའི་ཆོས་ཀྱི་ལམ་ལ་ངེས་པར་སྦྱོར་བས་ཕན་འདོགས་པར་བྱེད་པ་ནི་ཕན་པའི་དངོས་པོ་ཞེས་བྱའོ།། སྙིང་རྩེ་བའི་བློ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མ ་འོངས་པའི་སྡུག་བསྔལ་གསལ་བར་སྤྲོ་བའི་བློ་གང་ཡིན་པ་དེ་ནི་སྙིང་བརྩེ་བའི་བློ་ཞེས་བྱའོ།། ཆོས་ཀྱིས་ཕན་འདོགས་པ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་བཞིན་བསྟན་པས་ཆོས་ཀྱི་ལམ་ལ་འཇུག་པ་ནི་ཆོས་ཀྱི་ཕན་འདོགས་པ་ཞེས་བྱའོ།། ཟང་ཟིང ་ཡོངས་སུ་གཏིང་བ་ཞེས་བྱ་བ་ནི་ཆོས་ལ་མངོན་པར་དགའ་བ་དང་། ཟང་ཟིང་སྦྱིན་པས་གཞན་རྗེས་སུ་སྡུད་པ་ནི་ཟང་ཟིང་ཡོངས་སུ་གཏོང་བ་ཞེས་བྱ་བའོ།། མི་སོགས་པར་གནས་པ་ཞེས་བྱ་བ་ནི་བསགས་པའི་ཉེས་པ་མཐོང་བས་ཐམས་ཅད་ཡོངས ་སུ་གཏོང་བ་དང་། སེར་སྣའི་སེམས་རྣམ་པར་སྤོང་བ་ནི་མི་སོགས་པར་གནས་པ་ཞེས་བྱའོ།། ཚུལ་ཁྲིམས་ལ་བསྟོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཡིད་ཆེས་པའི་སྟོབས་ཀྱི་ཚུལ་ཁྲིམས་ཀྱི་ཡོན་ཏན་བརྗོད་པའོ།། འཆལ ་བའི་ཚུལ་ཁྲིམས་ལ་སྨོད་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བ་རྣམས་ནི་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་རྣམས་སུ་ངེས་པར་སྐྱེ་བར་འགྱུར་རོ།། ཞེས་ཤེས་ནས་འཆལ་བའི་ཚུལ་ཁྲིམས་སྤོང་བ་ནི་ཚུལ་ཁྲིམས ་སློད་པ་ཞེས་བྱའོ།། ཚུལ་ཁྲིམས་དང་ལྡན་པ་ལ་གཡོ་མེད་པས་བསྟེན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ནི་འདོད་པར་བྱ་བའི་འབྲས་བུ་མཐོ་རིས་དང་། ཐར་པ་ཡིན་ནོ་ཞེས་ཤེས་ནས་ཚུལ་ཁྲིམས་དང་ལྡན་པ་ནི་རྙེད་དཀའ ་བའི་འདུ་ཤེས་ཀྱིས་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར། གཡོ་མོད་པར་བསྟེན་པའོ།། བདོགས་པ་ཐམས་ཅད་ཡོངས་སུ་གཏོང་བ་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་ཡོངས་སུ་གཟུང་བའི་རྫས་རྣམས་མི་འཛིན་པ ་དང་། བསམ་པ་བཟང་པོས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། ཐམས་ཅད་སྦྱིན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཞེས་བྱའོ།། ལྷག་པའི་བསམ་པས་མགྲོན་དུ་གཉེར་བ་ཞེས་བྱ་བ་ནི་ལྷག་པའི ་བསམ་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་དང་མྱ་ངན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་དོན་དུ་མགྲོན་དུ་གཉེར་བ་ནི་ལྷག་པའི་བསམ་པས་མགྲོན་དུ་གཉེར་བ་ཞེས་བྱའོ།། ཇི་སྐད་སྨྲས་པ་བཞིན་བྱེད་པ ་ཞེས་བྱ་བ་ནི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་སྨོན་ལམ་བཏབ་ནས་སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པར་བར་དུ་མྱ་ངན་ལས་འདས་པ་ནི་ཇི་སྐད་སྨྲས་པ་བཞིན་བྱེད་པ་མ་ཡིན་ནོ།། དེ་ལས་བཟློག་པ་ནི་ཇི་སྐད ་སྨྲས་པ་བཞིན་བྱེད་པ་ཞེས་བྱའོ།། རྒྱུན་མི་འཆད་པར་བསྙེན་བཀུར་བྱེད་པ་ཞེས་བྱ་བ་ལ། ང་རྒྱལ་མེད་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་རྟག་ཏུ་གནས་པ་དང་། དམ་པའི་ཆོས་མཉན་པའི་ཕྱིར་དང་། ཐེ་ཚོམ་སྤང་བའི་ཕྱིར་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དང་ཡང་འདྲི་བ་ནི་རྒྱུན་མི་འཆད་པར་བསྙེན་བཀུར་བྱེད་པ་ཞེས་བྱའོ།། གུས་པར་བྱས་ཏེ། དགའ་བར་ཉམས་སུ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་ལུང་ཤེས་ནས་ཕྱིན་ཅི་མ་ལོག ་པའི་དེ་ཉིད་རྟོགས་པའི་དགའ་བ་ཉམས་སུ་མྱོང་ནས་མངོན་པར་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་བྱས་པས་ལྷག་པར་དགའ་བ་ཉམས་སུ་མྱོང་བའོ།། དཔེ་ཤེས་པ་ཞེས་བྱ་བ་ནི་སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་འདི་ལྟར་སྦྱིན་པ་ལ་སོགས ་པ་ལ་མངོན་པར་སྦྱར་བས་སངས་རྒྱས་ཉིད་ཐོབ་པ་ཇི་ལྟ་བ་དེ་ལྟར་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་འཇུག་པར་བྱའོ།། ཞེས་འདྲ་བའི་དཔེ་ཤེས་པ་དང་མི་འདྲ་བའི་དེ་ལས་བཟློག་པའི་ཤེས་པས་ནི་སངས་རྒྱས་ཉིད་མི་འཐོབ ་བོ་ཞེས་གཞན་གྱི་རྒོལ་བ་ཚར་བཅད་ནས་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་དག་གིས་བསྒྲུབ་བྱ་བསྒྲུབས་ནས། གཞན་གྱི་ཕྱོགས་སུན་ཕྱུང་ཞིང་རང་གི་ཕྱོགས་འཇོག་པ་ནི། དཔེ་ཤེས་པའི་དགོས་པ་ཡིན་ནོ།། སྔོན་བྱུང་བ་ལ་མཁས་པའི་ཤེས ་པ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱས་པ་ཤེས་པའི་ཕྱིར་དགེ་བ་ཉིད་ལ་འཇུག་པ་དང་། གཞན་དག་ཀྱང་དེ་ཉིད་ལ་ངེས་པར་སྦྱོར་བ་དང་། རྟག་ཏུ་མང་དུ་ཐོས་པ་གོམས་པར་བྱེད་པ་ནི་སྔོན་བྱུང་བ་ལ་མཁས་པའི་ཤེས་པ་ཞེས་བྱའོ། |དགེ ་བའི་རྩ་བ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ལུས་ཀྱི་ལས་དང་། ངག་གི་ལོས་འགའ་ཞིག་མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། གཞན་དག་ཀྱང་དགེ་བ་ལ་བསྐུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད ་པ་ནི་དགེ་བའི་རྩ་བ་སྔོན་དུ་འགྲོ་བ་ཉིད་དོ།། ཐབས་ལ་མཁས་པ་ཞེས་བྱ་བ་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སོགས་པ ་ཆུང་ངུ་ཡང་སེམས་ཅན་ཐམས་ཅད་དང་མཐུན་མོང་དུ་བྱས་པའི་ཕྱིར་དཔག་ཏུ་མེད་པར་འགྱུར་བ་ནི་ཐབས་ལ་མཁས་པ་ཞེས་བྱའོ།། མཚན་མ་སྤོང་བ་ཞེས་བྱ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ།། ཞེས་རྟོགས་ནས་དངོས་པོའི་རང་བའིན ་མེད་པས་རྫས་སུ་གྱུར་པའི་མཚན་མ་མི་དམིགས་པ་ནི་མཚན་མ་སྤོང་བ་ཞེས་བྱའོ།། འདུ་ཤེས་ཟློག་པ་ཞེས་བྱ་བ་ལ་ཟློག་པ་ནི་གཏོང་བ་སྟེ། ཕྱིན་ཅི་ལོག་སྤོང་བ་ནི་འདུ་ཤེས་ཟློག་པ་སྟེ། ཕྱིན་ཅི་ལོག་གི་རྩ་བ་ལས་བྱུང་བའི་བདག་ལ ་སོགས་པར་མངོན་པར་ཞེན་པ་བཟློག་པའོ།། དངོས་པོའི་མཚན་ཉིད་ཤེས་པོ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཐམས་ཅད་བྱ་བའི་ཁྱད་པར་གྱིས་མཚོན་པ་ཡིན་ལ། ཆོས་ཐམས་ཅད་ནི་ན་མཁའི་རང་བཞིན་ནོ།། ཞེས་བྱ ་བས་མཚན་ཉིད་མེད་པའི་མཚན་ཉིད་ནི་དངོས་པོའི་མཚན་ཉིད་ཤེས་པའོ།། མདོ་སྡེ་མངོན་པར་སྒྲུབ་པའི་ཤེས་པ་ཞེས་བྱ་བ་ལ་དྲང་བའི་དོན་དང་ངེས་པའི་དོན་གྱིས་མདོ་སྡེ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བས་ཆོས་ཇི་ལྟར་འབྱུང་བ་རྣམས་སེམས་ཅན ་རྣམས་ཀྱིས་བསམ་པ་དང་རྗེས་སུ་མཐུན་པར་རབ་ཏུ་སྟོན་པ་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་རྣམ་པར་དབྱེ་བས། དཔེ་སྣ་ཚོགས་ཀྱི་འཛེལ་བར་ཉེ་བར་དགོངས་པའི་ཚིག་ཡང་དག་པར་སྟོན་པ་ནི་མདོ་སྡེ་མངོན་པར ་སྒྲུབ་པའི་ཤེས་པ་ཞེས་བྱའོ།། བདེན་པ་བསྟན་ལ་འབེབས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་སྟེ། དེའི་གཏམ་ལ་དབབ་པ་ནི་རྣམ་པར་ཤེས་པ་འགགས་ཤིང་མིང་དང་གཟུགས་ལ་སོགས་པ་མ ་སྐྱེས་པ་དང་བག་ཆགས་དང་བཅས་པའི་རྒྱུན་སྤངས་ཀྱང་འཁོར་བ་ཡོངས་སུ་མི་སྤོང་བ་ནི་བྱང་ཆུབ་སེམས་དཔའི་བདེན་པ་གཏན་ལ་འབེབས་པ་ཞེས་བྱའོ།། རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་མ་ལུས་པ ་དང་བྲལ་བས་སྤང་བར་བྱ་བའི་ངོ་བོ་མི་དམིགས་པ་ཉམས་སུ་མྱོང་བ་ནི་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ཞེས་བྱའོ།། ཚིག་མགོ་གཅིག་ཏུ་སྨྲ་བ་ཞེས་བྱ་བ་ནི་མུ་སྟེགས་ཀྱི་གཞུང་སྣ་ཚོགས་ཀྱིས་བརྟགས་པའི་ལྟ་བ་བསལ་ནས་ཆོས་ཐམས་ཅད་བདག་མེད ་པར་རབ་ཏུ་སྒྲུབ་པ་ནི་ཚིག་མགོ་གཅིག་ཏུ་སྨྲ་བ་ཞེས་བྱའོ།། མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོས་པ་ལས་མི་འཇིགས་པ་དང་སྒྲུབ་པ་ལ་མི་འཇིགས་པ་དང་། གཞན་རྒོལ་བ་ལ་མི་འཇིགས་པ་དང་། མི་འཇིགས ་པ་ཐོབ་པའི་འབྲས་བུ་ཉིད་ཡིན་པས་མི་འཇིགས་པ་ཐོབ་པ་ཞེས་བསྟན་ཏོ།། ཚུལ་ཁྲིམས་དམ་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་ཉམས་སུ་ལེན་པའི་ངོ་བོ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་དང་། སོ་སོར་ཐར་པའི་སྡོམ་པ་བླངས ་པ་དང་། མི་དགེ་བ་མ་ལུས་པ་ལས་ལྡོག་པ་ནི་ཚུལ་ཁྲིམས་ཉིད་ཡིན་ཏེ། ངོ་བོའི་རྐྱེན་ཡིན་ན་ཡང་ཐམས་ཅད་རང་གི་ངོ་བོ་ཉིད་བརྗོད་པར་བྱའོ།། ཆོས་གཞན་ལ་ནི་མ་ཡིན་ནོ།། སྙོམས་པར་འཇུག་པ་ལ་གཞོལ་བ་ཞེས་བྱ་བ་ནི་ཁམས་གསུམ ་པ་མ་ལུས་པ་ལ་མངོན་པར་མི་དགའ་ཞིང་བདེན་པ་ལ་དགའ་བ་དང་། མྱ་ངན་ལས་འདས་པ་ལ་དགའ་བ་དང་ཐམས་ཅད་མཁྱེན་པ་ཉིད་མངོན་པར་འདོད་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་རྒྱུ་ཡིན་ནོ།། ཤེས་རབ་ཐོབ་པ་ཞེས་བྱ་བ་ལ། བ ་རོལ་པོས་སྨྲས་པ་མ་ལུས་པའི་ལྟ་བ་སུན་འདོན་ནུས་པའི་ཤེས་པ་ཐོབ་པ་དང་། དམིགས་པ་ཐམས་ཅད་སྣང་བ་མེད་པའི་ཤེས་པ་ནི་ཤེས་རབ་འཐོབ་པ་ཞེས་བྱའོ།། གཅིག་པུར་དགའ་བ་ཞེས་བྱ་བ་འདི་ནི་འདུ་འཛི་ཐམས་ཅད་སྤངས་ནས་དཀར་པོའི ་ཆོས་འདོར་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་གཅིག་པུར་དགའ་བ་ཞེས་བྱའོ།། ཤེས་ཀྱི་ཁེ་ཉུང་ངུས་མཆོག་ཤེས་པ་ཞེས་བྱ་བ་ལ། ཉུང་ངུ་ཙམ་ཤེས་པའི་ཤེས་པ་ཉིད་ནི་ཤེས་པ་སྟེ། དེའི་ངོ་བོ་ནི་ཤེས་པ་ཡིན་གྱི། ཤེས ་པ་ཞེས་བྱ་བའི་སྒྲ་རང་གི་སྐྱེ་བོ་ལ་ནི་མི་བྱ་སྟེ། གང་གི་ཕྱིར་ཅུང་ཞིག་ཙམ་གྱིས་ཆོག་ཤེས་པའོ།། ཞེས་ཕྱིས་འཆད་པར་འགྱུར་རོ།། སོམས་ལ་རྙོག་པ་མེད་པ་ཞེས་བྱ་བ་ལ། ཉོན་མོངས་པ་དང་མི་འགྲོགས་པ་དང་རང་བཞིན་གྱིས་རྣམ ་པར་དག་པ་ལ་དམིགས་པས་འཛིན་པ་མེད་པས་སྦྱོར་བའི་སེམས་ནི་རྙོག་པ་མེད་པ་ཞེས་བྱའོ།། ལྟ་བས་བྱས་པོ་རྣམ་པར་སྤོང་བ་ཞེས་བྱ་བ་ལ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་ལྟ་བ་དྲུག་ཅུ་རྩ་གཉིས་ནི་རྩ་བར་གྱུར་པའི་བདག་ཏུ་ལྟ་བ་རྣམས ་པར་སྤངས་པས་སྤངས་པར་འགྱུར་རོ།། གཟུངས་ཐོབ་པ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་གཟུངས་རྣམ་པ་བཞི་ཐོབ་པས་ཕྱིན་ཅི་མ་ལོག་པར་དོན་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་ནི་གཟུངས་ཐོབ་པ་ཞེས་བྱའོ།། ཡེ་ཤེས་ལ་འཇུག་པ་ཞེས་བྱ་བ་ནི ་རྗེས་སུ་ཤེས་པ་ལ་སོགས་པའི་ཤེས་པ་རྣམས་ཕམ་ཚུན་རྗེས་སུ་ཞུགས་པ་ཉིད་དུ་ཁོང་དུ་ཆུད་པ་ནི་ཡེ་ཤེས་ལ་འཇུག་པ་ཞེས་བྱའོ།། གནས་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་ཀྱི་གནས་སྐབས་ཀྱི་སྟེན་དུ་གྱུར ་པ་དང་རྩ་བར་གྱུར་པ་ནི་གནས་ཞེས་བྱའོ།། གནས་སྐབས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སེམས་ཀྱི་བྲིས་པའོ།། ཞེས་བྱ་བས་སེམས་ཉིད་ཀྱི་གནས་སྐབས་ལས་གཞན་པའི་གནས་ནི་མེད་པའོ།། རབ་ཏུ་གནས་པ་ཞེས་བྱ་བ་ནི་དད་པ་ལ ་སངས་རྒྱས་ཀྱི་ཆོས་རྣམས་གནས་པོ་ཡིན་ཏེ། དད་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།། ཞེས་བྱ་བའི་ཚིག་གིས་སོ།། སྒྲུབ་པ་ཤེས་པ་ཞེས་བྱ་བ་ལ། བསྒྲུབ་པར་བྱ་བས་ན་བསྒྲུབ་པ་སྟེ། ལོམ་གོམས་པར་བྱས ་པས་བསྒྲུབས་བྱ་རྫོགས་པར་བྱེད་པའོ།། རྒྱུ་ཞེས་བྱ་བ་ལ། མ་རིག་པ་ནི་རྒྱུ་སྟེ། འདུ་བྱེད་རྣམས་དང་། མི་དགེ་བའི་ཆོས་རྣམས་ཀྱིའོ།། རིགས་ཞེས་བྱ་བ་ནི་ཐར་པ་དང་ཐར་པར་འདྲེན་པར་བྱེད་པའི་དགེ་བ་རྣམསོ།། ཚུལ་ཞེས་བྱ་བ་ནི་ཚུལ ་དང་ལམ་གང་མོ་རིག་པ་དང་སྲོད་པ་དགུ་དང་འབྲལ་བའི་ལུགས་དང་ལྡན་ཞིང་། དོན་ཤེས་པས་ཐར་པ་ཐོབ་པར་བྱེད་པ་དེ་ནི་ཚུལ་ཞེས་བྱའོ།། སྒོ་ཞེས་བྱ་བ་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ནི་ཐབས་ལ་མཁས་པ་སྟེ། སྐྱོན་ཐམས་ཅད ་སྤངས་ནས་ལམ་གྱི་སྒོ་སྟོན་པའི་ཕྱིར་རོ།། ལམ་ཞེས་བྱ་བ་ལ་གང་ཟག་དང་། ཆོས་ལ་བདག་མེད་པ་ལ་འཇུག་པར་བྱ་བའི་ཕྱིར། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་ཉིད་ཤེས་པ་དང་། ཆོས་ཐམས ་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པའི་ལམ་ཡིན་ནོ།། ས་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་འབད་པ་མེད་པར་ཐོབ་པའི་གནས་སྐབས་ལ་གནས་པའི་རྟེན ་དུ་གྱུར་པའི་ཕྱིར། ས་ཞེས་བྱ་བའི་སྒྲས་བརྗོད་དོ།། སྐྱེ་བ་དང་བྲལ་བ་ཞེས་བྱ་བ་ནི་འཁོར་བ་སྒྲུབ་པར་བྱེད་པས་ལས་དང་བྲལ་བས་ལས་ཀྱིས་བསྐྱེད་པས་སྐྱེ་བ་ཀུན་ཏུ་བཅས་པའོ།། ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་བདག་ལ་སོགས་པར ་ཀུན་ཏུ་རྨོངས་པ་དང་བྲལ་བས་ཆོས་བདག་མེད་པ་ལ་འཇུག་པ་ནི་ཡེ་ཤེས་ཀྱི་ས་ཞེས་བྱའོ།། མི་ཤེས་པ་སྤོང་བ་ཞེས་བྱ་བ་ནི་བདག་ལ་སོགས་པར་རྨོངས་པའི་མི་རིག་པ་ནི་མི་ཤེས་པའོ།། དེ་དང་འགལ་བའི་བདག་མེད་པ་མཐོང་བས་འདིས ་རབ་ཏུ་སྤོང་བས་ན་སྤོང་བ་ཞེས་བྱའོ།། ཤེས་པ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི། དམིགས་པར་བྱ་བ་རྫས་མེད་པས་དམིགས་པ་མེད་པ་ལ་རབ་ཏུ་གནས་པ་ནི་ཤེས་པའི་རང་བཞིན་མཐར་ཐུག་པ་ལ་གནས་ཏེ་ཤེས་པ་ལ་གནས་པ་ཞེས ་བྱའོ།། རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་བ་ལ་བསམ་གཏན་དང་རྣམ་པར་ཐར་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལྔ་སོགས་པ་བསྒོམ་པ་ནི་རྣལ་འབྱོར་རོ།། ཞི་གནས་དང་ལྷག་མཐོང་གི་ལམ་གང་ལ་གནས་ནས་ཀུན་ཏུ་སྤྱོད་ཅིང་གོམས་པར ་བྱེད་པ་དེ་ལ། ལ་འབྱོར་སྤྱོད་པའི་ས་ཞེས་བརྗོད་དོ།། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཞེས་བྱ་བ་ནི་སྤྱོད་ཡུལ་ནི། བྱང་ཆུབ་སེམས་དཔའི་ཡུལ་ཏེ་ཕ་རོལ་ཕྱིན་པ་དྲུག་དང་། ས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་སོ།། ་སྐྱེས་བུ་དམ་པ་ལ་བརྟེན་པ་ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ་ཉིད་དང་། དེ་དག་དང་མི་འབྲལ་བའི་སེམས་སོ།། སྐྱེས་བུ་དམ་པ་མ་ཡིན་པ་སྤོང་བ ་ཞེས་བྱ་བ་ནི་མུ་སྟེགས་ཅན་དམིགས་པའི་ལྟ་བ་ཅན་རྣམས་དང་། དམ་པ་མ་ཡིན་པའི་ལམ་དུ་ཞུགས་པ་རྣམས་ནི་སྐྱེས་བུ་དམངམ་ཡིན་པའོ།། དེ་རྣམས་འདུལ་བའི་དུས་ལ་བབ་པ་མ་ཡིན་པར་ཤེས་ནས་མི་བསྟེན་པོ་ནི་སྐྱེས་བུ་དམ་པ་མ་ཡིན་པ་སྤོང ་པ་ཞེས་བྱའོ།། དེ་བཞིན་གཤེགས་པས་གསུངས་པ་ཞེས་བྱ་བ་ལ། བདེན་པ་ཞེས་བྱ་བ་ནི་ལྷག་མ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཉམས་སུ་བསྟན་ནས། ཐར་པ་དང་མྱ་ངན་འདས་པའི་མིང་གིས་བསྟན་པའོ།། སངས་རྒྱས་ཀྱི་ས ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པས་ཐོབ་པའི་ས་ཀུན་ཏུ་འོད་ནི་སངས་རྒྱས་ཉིད་ཀྱི་ས་ཡིན་པས་སངས་རྒྱས་ཀྱི་ས་ཞེས་བྱའོ།། མཁས་པ་རྣམས་ཀྱི་རྗེས་སུ་ཡི་རང་བ་ཞེས་བྱའོ།། ཆོས་ཉིད་ཅེས་བྱ་བ་ནི་ལྷག་མ་སྟེ། འདས ་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལེགསོ་ལོགས་སོ་ཞེས་རྗེས་སུ་ཡི་རང་བའོ།། བྱིས་པ་རྣམས་ཀྱི་སྤངས་པ་ཞེས་བྱ་བ་ནི་ཤིན་ཏུ་རྟོགས་པར་དཀའ ་བའི་གོམས་པར་མ་བྱས་པའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་དོ།། ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། འདི་ནི་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་སྤོང་བར་བྱེད་པའོ།། ཉན་ཐོས་དང་རང་སངས ་རྒྱས་རྣམས་ཀྱིས་ཤེས་པར་དཀའ་བ་ཞེས་བྱ་བ་ལ། ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་ཀྱིས་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ལ་གོམས་པ་མ་བྱས་པའི་སེམས་ཀྱི་རྒྱུད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཀྱིས་ཆོས་ཉིད་ཤེས་པར་དཀའ་བའོ།། མུ་སྟེགས ་ཅན་ཐམས་ཅད་ཀྱིས་མ་ཡིན་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པའི་རྫུན་པའི་མངོན་པའི་དརྒྱལ་གྱིས་མཐར་པོ་འདོད་པ་རྣམས་བདག་ཉིད་རྟག་པ་ལ་སོགས་པའི་ངོ་བོར་བསྒོམ་པར་བྱེད་པ་དེ་དག་གིས་མ་ཡིན་པ་ཆོས་ཉིད་ཀྱི་དོན་དེ་ཁོ་ན་ཉིད་ནི་དེ ་དག་གི་ཡུལ་མ་ཡིན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་རྙེད་པར་དཀའ་བའི་ལམ་ཆེན་པོ་ལ་ནོར་བུ་རིན་པོ་ཆེའི་འདུ་ཤེས་དང་། ནང་ཐམསོ་ཅད་རབ་ཏུ་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་ཆེན་པོའི་འདུ་ཤེས ་ཀྱིས་མི་གཏོང་བའི་སེམས་ཀྱིས་ཆོས་ཉིད་ཡོངས་སུ་འཛིན་པའོ།། སྟོབས་བཅུ་དག་གིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པར་བྱ་བའི་སྦྱོར་བས་སྟོབས་བཅུ་བསོད་ནམས་གང་ཡེ་ཤེས་ཀྱི ་ཚོགས་ཡོངས་སུ་རྫོགས་པས་རྗེས་སུ་སྟེ། ཕྱི་ནང་སངས་རྒྱས་ཀྱིས་མཁྱེན་པའོ།། ལྷ་རྣམས་ཀྱིས་མཆོད་པར་བྱ་བ་ཞེས་བྱ་བ་ལ། དཔག་ཏུ་མེད་ཅིང་རྒྱན་མི་ཆད་པའི་བདེ་བ་ཕུན་སུམ་ཚོགས་པ་ནི་འདི་ལས་མཆོད་པ་བྱས་པ་ཉིད་ལས་འབྱུང་བར ་འགྱུར་རོ།། ཞེས་ཤེས་ནས་དེ་འདོད་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན་ནོ།། ཚངས་པས་ཕྱག་བྱ་བ་ཞེས་བྱ་བ་ནི་ཐར་པ་མ་ཡིན་པ་ལ་ཐར་པའི་འདུ་ཤེས་ཅན་དེ་དག་ཡང་དག་པའི་ཐར་པ་འབྱུང་བ་ནི་འདི་ཉིད་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས ་ཐར་པ་འདོད་པ་རྣམས་ཀྱིས་ཕྱག་བྱ་བ་ཡིན་ནོ།། ཀླུ་རྣམས་ཀྱིས་ཕྱག་བྱ་བ་དང་ཞེས་བྱ་བ་ལ་དུད་འགྲོའི་སྐྱེ་གནས་སྒྲུབ་པར་བྱེད་པའི་ལམ་གྱི་དག་ཆགས་ཀྱི་རྒྱུན་ཀུན་ཏུ་བཅད་པའི་ཕྱིར་ཕྱག་འཚལ་བའོ།། གནོད ་སྤྲིན་གྱིས་རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་དཔེ་མེད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་ན་ཡང་ངན་འགྲོའི་ལམ་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར་རབ་ཏུ་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རིང་བའོ།། མི་འམ་ཅི་རྣམས་ཀྱིས་བསྟོད་པར ་བྱེ་བ་ནི་ཐར་པར་འདོད་པའི་རབ་ཏུ་དགའ་བ་དང་། རབ་ཏུ་མགུ་བས་ཆོས་བརྗོད་པའི་དབྱངས་སྙན་པས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་བཞིན་དུ་བསྟོད་པར་བྱེད་པའོ།། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བསྔགས་པར་བྱ་བ་ཞེས་པ་ནི་དྲག་པོ་ཆེན ་པོའི་སེམས་ཀྱི་རྒྱུན་འཇུག་པ་ཉེ་བར་བཅད་པའི་ཆེད་དུའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ནི་བསྒོམ་པའི་ལམ་ཐོབ་པས་ཡིན་གྱི། ཚིག་ཙམ་གྱིས་ཏིང་ངེ ་འཛིན་རྟོགས་པ་མ་ཡིན་ནོ།། ཞེས་བྱ་བས་སོ།། མཁས་པ་རྣམས་ཀྱིས་ཀུན་ཆུབ་པར་བྱ་བ་ཞེས་བྱ་བ་ནི་རིག་པར་བྱ་བ་རིག་པ་ནི་མཁས་པའོ།། དེས་ཕྱིར་མི་ལྡོག་པའི་སངས་རྒྱས་ཉིད་མངོན་སུམ་དུ་བྱ་བའི་ཕྱིར། ཉེ་བར་བཟུང་ནས་ཀུན ་ཆུབ་པར་བྱེད་པའོ།། བླ་ན་མེད་པའི་ནོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཞེས་བྱ་བ་དང་འབྲེལ་ཏོ།། ལྷ་དང་མིར་བཅས་པའི་སྐྱེ་དགུ་རྣམས་ཀྱི་བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་དང་། ཐར་པའི་བདེ་བའི་རྒྱུར་གྱུར་པ་ནི་བླ་ན་མེད་པའི་ནོར་ཞེས་བྱའོ།། ་ཟང་ཟིང་མེད་པའི་སྦྱིན་པ་ཞེས་བྱ་བ་ལ། སྦྱིན་པ་ཐམས་ཅད་ཀྱི་ནང་ན་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ནི་མི་ཤེས་པའི་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར། ཆོས་ཀྱི་སྦྱིན་པ་ཉིད་ནི་སྦྱིན་པའི་མཆོག་གོ།། ནང་པ ་རྣམས་ཀྱི་སྨན་དུ་གྱུར་པ་ཞེས་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ནི་འདན་ནཱན་ཏ་རི་ལ་སོགས་པས་ཀྱང་དེ་དག་གི་རྒྱུ་མ་ཤེས་ཤིང་གསོ་བ་ཡང་མི་ཤེས་པས་རྟོག་ཏུ་ན་པོ་དེ་དག་གི་འདོད་ཚོགས་ལ་སོགས་པའི་ནང་རྣམས་རབ་ཏུ ་ཞི་བར་བྱ་བའི་གས་པའི་སྨན་ནི་འདི་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་ནོ།། ཡེ་ཤེས་ཀྱི་མཛོད་ཅེས་བྱ་བ་ནི། ཡེ་ཤེས་ཐམས་ཅད་སྡུད་པར་བྱེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམ་པ་ལ་མངོན་པར་སྦྱོར་བ་ནི་ཡེ་ཤེས་མི་ཟད་པའི་མཛོད ་ཡིན་པས་སོ།། སྤོབས་པ་མི་ཟད་པ་ཞེས་བྱ་བ་ནི། ཇི་ལྟར་གནས་པའི་ཆོས་ཉིད་ཀྱི་དེ་ཉིད་རྟོགས་པ་དང་མི་ཟད་པའི་སྤོབས་པ་ནི་སྤོབས་པ་མི་ཟད་པའི་རྒྱུ་ཡིན་པས་སོ།། མྱ་ངན་དང་བྲལ་བ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་དོན་མེད་པ་དང་། ་སྡུག་བསྔལ་གྱི་བདག་ཉིད་ཅན་ནོ་ཞེས་ཤེས་ནས་ཆོས་ཐམས་ཅད་བདག་མེད་པ་བསྒོམ་པས་མྱ་ངན་དང་བྲལ་བར་འགྱུར་རོ།། ཁམས་གསུམ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི། ཁམས་གསུམ་པ་འདི་དག་ནི་རྨི་ལམ་དང་འདྲ་ཞེས་བྱ་བར་ཤེས ་ནས་དེ་ལྟ་བུའི་སྒྱུ་མ་ལྟ་བུའི་སེམས་ཅན་ཐར་པར་བྱ་བའི་ཕྱིར། ཡོངས་སུ་མི་གཏོང་བ་ནི་ཁམས་གསུམ་ཡོངས་སུ་ཤེས་པ་ཞེས་བྱའོ།། ཕ་རོལ་ཏུ་འགྲོ་བ་དག་ལ་གཟིངས་ལྟ་བུ་ཞེས་བྱ་བ་ནི་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས ་འདའ་བ་འདོད་པ་རྣམས་ལ་མི་རྟག་པ་ལ་སོགས་པ་བསྟན་པ་དང་། ཆོས་ལ་བདག་མེད་པ་ལ་སོགས་པ་བསྟན་པ་དང་། ཆུ་བོའི་ནང་དུ་ཞུགས་པ་དག་ལ་གྲུ་ལྟ་བུ་ཞེས་བྱ་བ་ནི་འཁོར་བའི་ཆུ་ཀླུང་དུ་ལྷུང་ཞིང་རྒྱ ་མཚོ་བཞིར་ནུབ་པ་རྣམས་བསྒྲོལ་བའི་ཕྱིར། ཐེག་པ་ཆེན་པོའི་གྲུ་བོ་ཆེ་ན་མི་ཕྱེད་པའི་གྲུ་ཡིན་ནོ།། གྲགས་པ་འདོད་པ་དག་གི་གྲགས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉན་པ་དང་། བསམས་པ་དང་བསྒོམ་པའི་སྟོབས་ཀྱི ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ནི་བཞུགས་པའི་དེ་བཞིན་གཤེགས་པའི་ས་རྣམས་ལ་མཆོད་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་སྤྲོས་པས་ཐམས་ཅད་དུ་ཁྱབ་པ་ནི་གྲགས་པ་ཡིན་ནོ།། སངས་རྒྱས་རྣམས་ཀྱི ་པབསྟོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བརྙེས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མཐའ་མེད་པ་དེ་དག་གི་སེམས་ཅན་གྱི་ཁམས་མ་ལུས་པ་བསྐྱབ་པའི་ཕྱིར། བླ་ན་མེད་པའི་ཆོས་ཆེན་པོའི་སྦྱིན་བདག་མཛད་པ་ལ་དྲི་མ ་མེད་པའི་ཡོན་ཏན་གྱི་བསྟོད་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་པ་ཞེས་བྱ་བ་ནི་བཀའ་བ་བརྒྱ་ཕྲག་དུ་མས་བསྒྲུབ་པའི་སངས་རྒྱས་ཉིད་ཐོབ་ནས་ཀྱང་ཐབས་ལ་མཁས་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ ་སྦྱོར་བར་བྱེད་པས་ཡོན་ཏན་ཐམས་ཅད་དང་། ཐར་པའི་བདེ་བ་ཐམས་ཅད་ཀྱི་སྦྱིན་བདག་ཉིད་ནི་བསྔགས་པའོ།། སྟོབས་བཅུ་རྣམས་ཀྱིས་བསྟོད་པ་ཞེས་བྱ་བ་ནི་རྙེད་པར་དཀའ་ཞིང་རིན་ཆེ་བའི་ཆོས་རིན་པོ་ཆེའི་སྦྱིན་བདག་ཉིད་ནི་གཞན་ལ་ཡོད་པ་མ ་ཡིན་ནོ།། ཞེས་བྱ་བ་ནི་སྟོབས་བཅུ་རྣམས་ཀྱིས་བསྟོད་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་རྟོགས་ཤིང་ཁོང་དུ་ཆུད་པས་ཐེག་པ་གཞན་ལ་འདོད་པ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན ་ཏན་ཐུན་མོང་མ་ཡིན་པའོ།། སྙིང་རྗེ་ཅན་དག་གི་བཏང་སྙོམས་ཞེས་བྱ་བ་ལ། གཅིག་ཏུ་གཞན་གྱི་དོན་ལ་ཞུགས་པ་རྣམས་ལ་བཏང་སྙོམས་འབྱུང་བ་མ་ཡིན་ཏེ། བཏང་སྙོམས་ནི་སེམས་ཅན་གྱི་དོན་ལ་སྙོམས་པ་ཡིན་ནོ་ཞེ་ན། དེ་ལྟ་བུ་ནི ་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པ་མཛད་ཟིན་ནས་དེའི་ཚེ་གདུལ་བྱ་མེད་པ་ནི་བཏང་སྙོམས་སུ་རིགས་ཀྱི། གཞན་དུ་མ་ཡིན་ནོ།། ཉེས་པ་ཞི་བར་འདོད་པ་དག་གི་བྱམས་པ་ཞེས་བྱ་བ་ལ། ཉེས་པ་ནི་ཞེ་སྡང་ཡིན་ཏེ། དེ་ཡང་དག ་པར་མཐོང་བ་རྣམས་ཀྱིས་གཉེན་པོའི་ངོ་བོར་ངེས་པར་སྦྱར་བའི་བྱམས་པ་ཆེན་པོའི་བདག་ཉིད་དུ་བྱས་པའི་རྒྱུད་ཀྱི་མཚོ་ལ་ཞེ་སྡང་གི་མེ་ཆུང་ངུ་ཙམ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་ཉེས་པ་ཞི་བར་འདོད་པ་དག་གི་བྱམས་པ་ཞེས་བྱའོ།། ཐེག ་པ་ཆེན་པོ་དག་གི་དབུགས་འབྱིན་པ་ཞེས་བྱ་བ་ནི་གང་གི་ཚེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣང་བ་ཐོབ་པར་གྱུར་པ་དེའི་ཚེ། ངེས་པར་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ་ཞེས་དབུགས་འབྱིན་པ་ཐོབ་པར་འགྱུར་རོ།། སེང་གིའི་སྒྲ ་སྒྲོགས་པ་རྣམས་ཀྱི་ནན་ཏན་ཞེས་བྱ་བ་ནི་ནན་ཏན་གྱིས་ཐམས་ཅད་ཀྱི་མཆོག་སངས་རྒྱས་ཀྱི་ཆོས་མངོན་སུམ་དུ་མཛད་ནས། བདག་མེད་པའི་སེང་གེའི་སྒྲའི་སྒྲ་སྒྲེགས་པའི་ངང་ཚུལ་གྱི་ནན་བྱེད་པའོ།། སངས་རྒྱས་ཀྱིས་ཡེ་ཤེས་ཀྱི་ལམ་ཞེས ་བྱ་བ་ལ། དགེ་བའི་ཆོས་ཀྱི་ལམ་ཐམས་ཅད་ནི་ལམ་སྟེ། རྗེས་སུ་མི་དམིགས་པའི་སྦྱོར་བས་སངས་རྒྱས་ཉིད་འཐོབ་ཀྱི། གཞན་གྱིས་ནི་མ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་གདོང ་ནས་ཞི་ཞིང་མ་སྐྱེས་པའི་ཕྱག་རྒྱས་བཏབ་པ་ཉིད་ནི་ཆོས་ཐམས་ཅད་དོ།། ཞེས་བྱ་བས་ཕ་རོལ་དང་ཕ་རོལ་མ་ཡིན་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྒྱས་བཏབ་པའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་མི་འཕྲོགས་པ་ཞེས ་བྱ་བ་ལ། མི་དགེ་བའི་བག་ཆགས་རྣམས་དང་བྲལ་བའི་ཕྱིར་དང་། དག་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་བདུད་དང་མུ་སྟེགས་ལ་སོགས་པ་ཐམས་ཅད་ཀྱིས་མི་གཡོ་བའི་ཡེ་ཤེས་ཉིད་ནི་མི་འཕྲོགས་པ་ཞེས་བྱའོ།། བྱ ་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེད་མོས་ཚལ་དུ་གྱུར་པ་ཞེས་བྱ་བ་ལ། དགའ་བ་དང་རབ་ཏུ་དགའ་བའི་བདེ་བ་སེམས་ཅན་ཐམས་ཅད་ལ་བསྔོས་པའི་རྩེད་མོའི་སྣ་ནི་སྐྱེད་མོས་ཚལ་ཏེ། མཆོག་ཏུ་གྱུར་པའི་ཐེག་དང་དམ་པ་ཞེས་བྱ་བའི་བར་དུ་འོད། ་བདུད་ཀྱི་སྡེ་རྣམས་སྐྲག་པར་བྱེད་པ་ཞེས་བྱ་བ་ལ། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་རྣམ་པར་གསལ་བ་དང་། རྣམ་རྟོག་གསལ་བ་ནི་བདུད་ཀྱི་སྡེ་རྣམས་སྐྲག་པར་བྱེད་པའོ།། བདེ་བར་འགྲོ་བ་རྣམས་ཀྱི་རིག་པ་ཞེས་བྱ་བ་ནི་མྱ ་ངན་ལས་འདས་པར་འགྲོ་པོ་རྣམས་ཀྱི་རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལམ་ཐམས་ཅད་ཀྱི་གནོད་པ་རྣམ་པར་སེལ་བར་བྱེད་པའི་ཕྱིར་རོ།། དོན་གྲུབ་པ་རྣམས་ཀྱི་དོན་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས ་འདས་པ་ནི་འགྲོ་བ་མ་མ་པའི་དོན་མཛད་པའི་བྱི་དོན་ཏེ་དགས་པའོ།། དགྲའི་ནང་དུ་སོང་བ་རྣམས་ཀྱི་སྒྲུབས་ནས་བྱ་མ་ཚང་མ་དང་ལྡན་པ་འཆོས་ཉིད་རབ་ཏུ་བསྟན་པས་དཔགས་པ་སྒྲུ་བ་ཅན་ཐམས་ཅད་དང་ལྟ་བ་ལྡོག་པ་ཅན་རྣམས་ཐམས ་ཅད་དུ་སུན་དབྱུང་བས་ཡོངས་སུ་སྐྱོབས་པ་ཡིན་གྱི། གཞན་དུ་ན་དེ་དག་ལྟ་བ་ལོག་པར་ལྟུང་བར་འགྱུར་རོ།། ཕྱིར་རྒོལ་བ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པ་ཞེས་བྱ་བ་ནི་སུ་སྟེགས་ཀྱིས་ཁས་བླངས་པའི་ཆོས་ཅན་མི་རྟག་པ་ལ ་སོགས་པའི་ཆོས་དང་བཅས་པ་ལ་སྐྱོན་འདི་ལྟ་བུ་ཡོད་དོ་ཞེས་བརྗོད་པར་ཆར་གཅོད་པའོ།། མི་འཇིགས་པ་རྣམས་ཀྱི་བདེན་པའི་རྣམས་པ་ཞེས་བྱ་བ་ལ། འཇིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་བསྟན་པར་བྱས་ཤིང་རབ་ཏུ་བསྟན ་པར་བྱས་པས་མཉམ་པ་ཉིད་མཐོང་བར་ནུས་པ་ཉིད་ནི་དོན་དམ་པར་ན་མི་འཇིགས་པ་རྣམས་ཀྱི་བདེན་པའི་རྣམ་པ་ཞེས་བྱའོ།། སྟོབས་རྣམས་ཡོང་དག་པར་ཚོལ་བ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལྡོག་པའི་ལམ་ལོ་འཇུག་པ་ལ་རྨོངས ་པ་བཟློག་པའི་དོན་ཏོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྔ་ལྟས་སུ་གྱུར་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་གཙོར་བྱས་པའི་དཀར་པོའི་ཆོས་ཐམས་ཅད་ཀྱི་བྱེད་པ་པོར་འགྱུར་བའི་ཡོན་ཏན་ནི་ས་ལྟས་སུ་གྱུར་པ་ཞེས ་བརྗོད་དོ།། ཆོས་ཀྱི་སྐུའི་རྒྱན་ཞེས་བྱ་བ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པའི་སྐུ་སྟེ། དེས་ངོ་མངོན་སུམ་དུ་མཛད་པས་སོ།། ཐར་པར་འདོད་པ་རྣམས་ཀྱི་དགའ་བོ་ཞེས་བྱ་བ་ནི་ཐོག་མ་དང་བར་དང་། ་ཐ་མར་དགེ་བའི་ཆོས་ཉམས་སུ་མྱོང་བས་བླ་ན་མེད་པའི་ཆོས་ལ་དགའ་བ་ནི་ཐར་པ་ཐོབ་པར་བྱེད་པ་ཡིན་ནོ།། སྲས་ཐུ་བོ་རྣམས་ཀྱི་དགའ་བ་ཞེས་བྱ་བ་ནི་ཡབ་སངས་རྒྱས་ཀྱི་ཡོན་ཏན་གྱི་ནོར་ཐོབ་པས་བདེ ་པ་དང་ཡིད་བདེ་བ་ཉམས་སུ་མྱོང་བས་དགའ་བའོ།། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པ་ཐོབ་པར་བྱ་བ་དང་། ཐོབ་པ་རྣམས་ཡོངས་སུ་མི་ཉམས་པ་ཉིད་དུ་ཉེ་བར་འཛིན་ཅིང ་བསྲུང་བའོ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པ་ཞེས་བྱ་བ་ནི་དམན་པ་ལ་མོས་པའི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཟབ་ཅིང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་རྣམས་ཐོས་པ་ན་འཇིགས་ཤིང་སྐྲག ་ནས་མ་རྟོགས་པས་ས་མ་ཡིན་པ་སྟེ་ཡུལ་མ་ཡིན་པའི་ཕྱིར་རོ།། སེམས་རྣམ་པར་དག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་། ཀུན་ཏུ་རྟོག་པ་དང་ཀུན་ཏུ་རྟོག་པའི་དྲི་མ་རྣམས་རབ་ཏུ་སྤངས་པས་རྟོག་པ་མེད་པའི་ཆོས་ཉིད་དང་། དེ་རྟོགས ་པས་སེམས་རྣམ་པར་དག་པའོ།། ལུས་ཡོངས་སུ་དག་པ་ཞེས་བྱ་བ་ནི་ནང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཆོས་ཀྱི་སྨན་གྱི་བདུད་རྩི་འཐུངས་པས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པ་ནི་ལུས་རྣམ་པར་དག་པའོ།། རྣམ་པར་ཐར་པའི་སྒོ་རྣམས ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱི་ཞི་བའི་ཆོས་ཉིད་བསྒོམས་པའི་སྦྱོར་བས་མངོན་སུམ་དུ་བྱེད་པ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ།། སངས་རྒྱས་ཀྱི་ཡེ་ཤེས་ཀུན ་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཆགས་པས་རྗེས་སུ་ཆགས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བྲལ་བར་སྤྲོ་ཞིང་ཞུགས་པ་ནི་ཀུན་ནུས་ཉོན་མོངས་པ་མེད་པའི་ཆགས་པ་ཞེས་བྱའོ།། ཞེ་སྡང་དྲང་བྲལ་བ་ཞེས ་བྱ་བ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་སེམས་ཀྱིས་འགྲོ་ལ་ཕན་པ་ཉེ་བར་བསྒྲུབས་པ་ནི་ཞེ་སྡང་དང་བྲལ་བ་ཞེས་བྱའོ།། གཏི་མུག་གི་མ་ཡིན་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བའི་ཆོས་ཀྱིས་སྣང་བ་ཤར ་བ་ལ་རྨོངས་པའི་མུན་པའི་སྐབས་མེད་པའི་ཕྱིར་རོ།། ཡེ་ཤེས་འབྱུང་བ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འོདས་པའི་གཟོ་ལ་སོགས་པ་ཐམས་ཅིད་ལ་མཁས་པ་དང་། ལེ་ལོ་མིང་པ་ནི་ཡེ་ཤེས་འབྱུང་བར་འགྱུར་བ་ཡིན་ནོ།། ་རིག་པ་སྐྱེ་བ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཐོས་པ་དང་། ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་རིག་པ་སྐྱེ་བའི་རྒྱུ་ཞེས་བྱའོ།། མ་རིག་པ་སྤོང་བ་ཞེས་བྱ་བ་ནི་མི་དམིགས་པའི་སྦྱོར་བས་ཚུལ་བཞིན་མ ་ཡིན་པ་ཡིད་ལ་བྱེད་པ་སྤོང་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་བསྒོམ་པ་ནི་མ་རིག་པ་སྤོང་བ་ཞེས་བྱའོ།། རྣམ་པར་གྲོལ་པ་སྙིང་པོར་བྱེད་པ་རྣམས་ཀྱིས་ཚིམ་པ་ཞེས་བྱ་བ་ནི་འཕགས་པའི་ཆོས་ཐོབ་པའོ་བདག་ཉིད་ཆེ་བ་དང་མ ་བྲལ་བའི་དགའ་བོ་རྗེས་སུ་འཛིན་ཅིང་མི་གཏོང་བའོ།། ཏིང་ངེ་འཛིན་སྙིང་པོར་བྱེད་པ་རྣམས་ཀྱི་དགའ་བོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་བདེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་སེམས་རྩེ་གཅིག་པ་དང་མི་འབྲལ་བ་ཉིད་ཀྱི་དགའ། ་པའོ།། བལྟ་འདོད་པ་རྣམས་ཀྱི་མིག་ཏུ་གྱུར་པ་ཞེས་བྱ་བ་ནི་གཞན་གྱི་བརྗོད་དུ་མེད་པའི་ཆོས་ཉིད་མངོན་དུ་བྱེད་པ་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་མིག་གིས་བལྟ་བར་འདོད་པ་ཡིན་གྱི། ཕྱི་རོལ ་གྱི་ཤའི་མིག་གིས་མ་ཡིན་ཏེ། དེ་དེས་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ།། རྣམ་པར་འཕྲུལ་པར་འདོད་པ་རྣམས་ཀྱི་མངོན་པར་ཤེས་པ་ཞེས་བྱ་བ་ནི། རྫུ་འཕྲུལ་དང་ཆོ་འཕྲུལ་སྣ་ཚོགས་ཀྱིས་རྩེ་ཞིང་འབྲང་བ་མེད་པར་མི་དམིགས། ་པའི་ཏིང་ངེ་འཛིན་ལ་དབང་ཐོབ་པས་མངོན་པར་ཤེས་པ་ལྔ་རང་གི་ངང་གིས་འཇུག་པར་འགྱུར་བ་ཉིད་ཡིན་ནོ།། མངོན་པར་སྒྲུབ་པར་འདོད་པ་རྣམས་ཀྱི་རྫུ་འཕྲུལ་ཞེས་བྱ་བ་ནི། ཡེ་ཤེས་རྟོགས་པ་མེད་པ་ཉིད་དང་། སྒྲིབ་པ་དང་བྲལ ་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པས་མངོན་པར་བསྒྲུབ་པའི་རྫུ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་འཕྲོག་པར་ནུས་པའོ།། ཐོབ་པར་འདོད་པ་རྣམས་ཀྱི་གཟུངས་ཞེས་བྱ་བ་ནི་སྔར་བསྟན་པའི་གཟུངས་བཞི་པོ ་དེ་དགྲ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་མཉམ་པ་འཛིན་པས་ན་གཟུངས་ཞེས་བྱའོ།། དྲན་པ་མི་བརྗེད་པ་ཞེས་བྱ་བ་ནི་འཁོར་བ་གཏོགས་པའི་སྦྱོར་བ་ཉིད་ཀྱིས་མྱ་ངན་ལས་འདས་པ་ལོ་དམིགས་པས་རང་བཞིན་གྱིས་ཞི་བ ་ཉིད་ཀྱིས་དྲན་པ་མི་བརྗོད་པའོ།། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ། ཆོས་ཀྱི་སྐུས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཁྱབ་པ་མི་འཕྲོགས་པའི་སྦྱོར་བ་བྱིན་གྱིས་བརླབས་པ་ཡིན་ནོ།། འདྲེན་པ ་རྣམས་ཀྱི་ཐབས་མཁས་པ་ཞེས་བྱ་བ་ནི་བདེ་བ་ཐམས་ཅད་ཀྱིས་ཞི་བར་འགྲོ་བ་ནི་དེ་ནས་བཟུང་ནས་ཉེ་བར་འགྱུར་བ་ཡིན་ནོ།། ཕྲ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤེས ་པར་དཀའ་བ་དང་། དམིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རོ།། ཤེས་པར་དཀའ་བ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་གི་ངོ་བོ་ནི་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་ཤེས་པར་དཀའ ་བའོ།། དཀའ་བས་ཤེས་པ་ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་སྡུག་བསྔལ་གྱིས་ཀྱང་མི་ཤེས་པ་སྟེ། སྔར་ཉམསུ་མི་མྱོང་བ་དང་། མ་ཤེས་པ་དང་། མངོན་པར་མ་སྦྱར་བས་སྔར་མ་བསྐྱེད་པ་བསྐྱེད་པའི་ནུས་པ་མེད་པས་ཤེས་པར ་དཀའ་བ་ཉིད་ནི་ཤེས་པར་དཀའ་བའོ།། ཡི་གེ་རྣམས་ལྡོག་པ་ཞེས་བྱ་བ་ནི་ངག་གི་ལམ་ཐམས་ཅད་མི་དམིགས་པར་ཡི་གེ་ཐམས་ཅད་ཀྱིས་ངེས་པའི་ཚིག་གིས་སྟོན་པ་ནི་ཡི་གེ་རྣམས་ལྡོག་པ་ཞེས་བྱའོ།། སྒྲས་ཤེས་པར ་དཀའ་བ་ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པར་བྱ་བའི་དེ་ཁོ་ན་ཉིད་ནི་ཚིག་ཙམ་གྱིས་རྙེད་པར་བྱ་བ་མ་ཡིན་ཏེ། ཚིག་གིས་མཚོན་པའི་དོན་ངེས་པར་རྟོགས་ནས། བསྒོམ་པའི་སྟོབས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་པའི་ཕྱིར་སྨྲས ་ཤེས་པར་དཀའ་བ་ཞེས་བྱའོ།། རྟོགས་པ་རྣམས་ཀྱི་ཀུན་ཤེས་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་རིན་པོ་ཆེན་པོའི་འདུ་ཤེས་ཉིད་དང་། འགྲོ་བ་མ་ལུས་པའི་དོན་སྒྲུབ་པ་ཤེས་པ་ནི་མཁས་པའོ།། ངེས་པ་རྣམས་ཀྱི་ཤེས་པ་ཞེས ་བྱ་བ་ནི་ངེས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འགྲོ་བ་མ་ལུས་པའི་དོན་བྱེད་པ་དང་། ཆོས་ཉིད་ལ་དགའ་བའོ།། དེས་རཤེས་པ་ནི་བཀུར་བསྟི་དང་གུས་པས་ཤེས་པའོ།། འདོད་པ་ཆུང་བ་རྣམས་ཀྱིས་རབ་ཏུ་རྟོགས ་པ་ཞེས་བྱ་བ་ནི་ཉན་ཐོས་དང་སངས་རྒྱས་རྣམས་ཏེ། ཆོས་ཉིད་རྟོགས་པ་ཙམ་གྱིས་རང་གི་ཉམས་སུ་མྱོང་བ་རབ་ཏུ་རིག་པ་ལ་རབ་ཏུ་རྟོགས་པ་ཞེས་བྱའོ།། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་གཟུང་བ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས ་སྦྱིན་པ་ལ་སོགས་པ་ལ་ཞུགས་པ་བརྩོན་འགྲུས་བརྩམས་པ་རྒྱུན་མི་འཆད་པར་སངས་རྒྱས་ཉིད་ཉེ་བར་འཛིན་པའོ།། དྲན་པ་དང་ལྡན་པ་རྣམས་ཀྱིས་བཅངས་པ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ཀྱིས་བྱས་པ་ཆུད་མི་གསོན་པོ་ནི་བཅད ་བའོ།། སྡུག་བསྔལ་ཟད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རབ་ཏུ་སྤངས་པས་དེའི་ངོ་བོ་མེད་པའི་སྡུག་བསྔལ་ཟད་པ་ནི་སྡུག་བསྔལ་མེད་པའོ།། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སེམས་ཀྱི་ཁོངས་སུ ་གཏོགས་པ་ཡིན་ལ། དེ་འགགས་པས་ཆོས་ཐམས་ཅད་འགགས་པས་རང་བཞིན་གྱིས་ཞི་བ་ཉེ་བར་གཟུང་ནས་མ་སྐྱེས་པ་ཞེས་བྱའོ།། ཐེག་པ་གཅིག་ཏུ་བསྟན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་བྱ་བ་དང་། དམིགས་སུ་མེད་པའོ།། ་ཞེས་བྱ་བ་འདིའི་ཁོངས་སུ་གཏོགས་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་པ་ཞེས་བྱའོ།། གཞོན་ནུ་འདི་ནི་ཆོས་ཐམས་ཅོད་ཀྱི་རང་བཞི་ནི་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ་ཞེས་བྱ་བ་འདི་རྣམ་པར་སྤྲོས་པ་ཞེས་བྱ་བ་ནི་ལྷག ་མའོ།། ཡང་བཅོམ་ལྡན་འདས་ཀྱིས་བཤད་པ་ན་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་བསྟན་པའི་མཐོང་བའི་ཆོས་ཀྱི་ཡོན་ཏན་བསྟན་ཏེ། ཁྲག་ཁྲིག་ཕྲག་བརྒྱད་ཅུས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཞེས་བྱ་བར་འབྲེལ་ཏོ།། གལ ་ཏེ་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པར་འགྱུར་བ་མ་ཡིན་ནམ། ཐོས་པ་ཙམ་གྱིས་ཅི་ལྟར་འགྱུར་ཞེ་ན། དེ་ལྟ་བུའི་ནེམ་ནུར་བསལ་བའི་ཕྱིར། སྔོན་ཡོངས་སུ་སྦྱང་བ་བྱས་པ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་བྱེད་པ་དང་བྲལ ་བས་སྔོན་ནི་ཐོབ་པར་མི་གྱུར་ལ། ད་ལྟར་ནི་ཐོབ་པར་གྱུར་ཏོ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དྲུག་གིས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ལ། རྟོགས་པ་དང་རྗེས་སུ་མཐུན་པའི་བཟོད་པ་ནི་རྗེས ་སུ་མཐུན་པ་ཞེས་བྱའོ།། སྒྲའི་རྗེསུ་འབྲང་བ་ནི་ཐོ་བའི་རྗེས་སུ་འབྲང་བའོ།། ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བར་གྱུར་ནས་ཉོན་མོངས་པའི་ཆ་ཙམ་ཡང་མེད་པའོ།། ཆོས་རྣམས་ལ་ཆོས ་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་བྱ་བ་ནི་ཆོས་མཐོང་བས་རྣམ་པར་དག་པ་སྐྱེས་པའོ།། དགེ་སློང་མ་རྣམས་ཀྱང་འདོད་ཆགས་བྲལ་བ་ཐོབ་བོ།། དགེ་བསྙེན་རྣམས་ཀྱིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར ་ཏེ། སྔོན་ཡོངས་སུ་སྦྱངས་པའི་ཁྱད་པར་ཉིད་དང་བསམ་པ་དང་རྗེས་སུ་མཐུན་པར་འབྲས་བུ་བལྟ་བར་བྱའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཞེས་བྱ་བ་ནི་བྱ་བོའི་བྱེ་བྲག་གོ།། དེ་ལ་རྣམ་པ་དྲུག་ནི ་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བ་ནི་གཅིག་གོ།། དེ་ལས་བཟློག་པ་ནི་གཉིས་པའོ།། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ་བ་ནི་གསུམ་པའོ།། དེ་དག་ལས་བཟློག་པ་ནི་བཞི་པའོ།། མཐའ་དམའ་ན ་དབུས་མཐོ་བ་ནི་ལྔ་པའོ།། དེ་དག་ལས་བཟློག་པ་ནི་དྲུག་པའོ་ཞེས་བྱ་བ་ནི་རྣམ་པ་དྲུག། གཡོ་བ་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གི་མཚན་མ་བཅཝ་བརྒྱད་དུ་འགྱུར་རོ།། དེ་ལྟར་ཆོས་ཀྱི་ཚིག་གི་བྱེ་བྲག་གིས་ནི་ཤིན་ཏུ་གུས་པ ་པ་བསྐྱེད་པའི་ཕྱིར་དང་། ཆོས་ཉིད་ཀྱི་མཐུས་ཆེན་པོ་ཡང་དག་པར་བསྟན་ནས། འཆད་པ་ནི་གླེང་གཞིའི་ལེའུ་ཞེས་བྱའོ།། སངས་རྒྱས་ཆོས་རྣམས་གླེང་གཞི་ནི།། བྱང་ཆུབ་སེམས་ལ་ངེས་པར་བརྗོད།། ས་དང་ཕ་རོལ་ཕྱིན་པ་ལ།། དེ་ཉིད་ཡང་དང ་ཡང་འབྱུང་ཕྱིར།། དེ་ནི་གླེང་གཞིའི་ལེའུ་ལས།། བདེ་གཤེགས་དམ་པས་བཀའ་སྩལ་ཏེ།། གླེང་གཞི་དེ་ལས་ཐམས་ཅད་ཀྱང་།། བློ་དང་ལྡན་པས་ཤེས་པར་བྱ།། གླེང་གཞིའི་ལེའུའི་བཤད་པ་རྫོགས་སོ།། ། ས་ལའི་དབང ་པོའི་རྒྱལ་པོའི་ལེའུ་བཤད་པར་འདོད་ནས། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་འོད་གཞོན་ནུ་ནི་ཐམས་ཅད་དུ་གསོལ་བ་འདེབས་པ་ལ་དབང་བས། དེའི་ཕྱིར་དེ་ལ་བོས་ནས་དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་ལ་ངས་བཀུར་སྟིར ་བྱས་ཞེས་བྱ་བར་འབྲེལ་ཏོ།། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ་ཞེས་བྱ་བ་ལས། རྒྱལ་སྲིད་ཀྱི་དབང་ཕྱུག་དང་ལྡན་པའི་རང་གི་བདེ་བ་ལ་བལྟོས་པ་མེད་པས་ཏིང་ངེ་འཛིན་འང་འདོད་ཅིང་སྟེ་ཏིང་ངེ་འཛིན ་ཐོབ་པར་བྱ་བའི་ཕྱིར་དང་། ཏིང་ངེ་འཛིན་ཐོབ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པའི་ཕྱིར་རོ།། བྱ་རྒོད་ཕུང་པོའི་རི་འདི་ཉིད་ལ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་བསྐལ་པ་དཔག་ཏུ་མེད་པའི་སྐྱེ་བ་དྲན་པའི་བདག་ཉིད་ཀྱི་དྲན་པའི་རྒྱུ་སྟོན ་པའོ།། བཀུར་སྟོར་བྱས་པ་ནི་བཀུར་བར་འོས་པ་ལ་མཆོད་པའོ།། བླ་མར་བྱས་པ་ནི་བླ་མ་ལ་གུས་པས་བསྟེན་པའོ།། རི་མོར་བྱས་པ་ནི་ཆེན་པོར་བརྩིས་པའོ།། མཆོད་པར་བྱས་པ་ནི་མེ་ཏོག་ལ་སོགས་པའོ།། རྗེད་པར་བྱོས་པ་ནི་ཡོན་ཆབ་དང་ཞབས་བསིལ་ལ ་སོགས་པསོ།། གསོལ་བར་བྱས་པ་ནི་དེ་ལས་གཞན་པའི་མཆོད་པའི་རྣམ་པས་སོ།། དེ་དག་ཉིད་བསྟན་པའི་ཕྱིར་རིན་པོ་ཆེ་ཐམས་ཅད་དང་། མེ་ཏོག་དང་སྤོས་དང་ཞེས་བྱ་བ་ལ་སོགས་པ་ལ། གཙུག་ལག་ཁང་རྣམ་པ་སྣ་ཚོགས་རྣམ་པར་བཀྲ་བ་བྱེ ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་མིའི་བཀོད་པ་ཞེས་བྱ་བ་ནི། རྟེན་གྱི་ཁྱད་པར་ཉེ་བར་མཁོ་བ་ཐམས་ཅད་དང་ལྡན་པས་བསྙེན་བཀུར་བྱས་ཤིང་དགྱེས་པར་བྱས་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དྲུང་ནས་སོ།། ཆོས་ཐམས་ཅད་ཀྱི ་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདྲི་རྒྱས་པར་ཐོས་ཏེ། ཞེས་བྱ་བ་ནི་མང་དུ་མང་པོ་དང་ལྷན་ཅིག་ངེས་པོར་བྱ་བའི་ཕྱིར་མཉན་པོར་བྱས་པའོ།། ཐོས་ནས་ཀྱང་གཞན་དག་ལྔ་རབ་ཏུ་བསྟན་པར་བྱ་སྒོ།། བདག་ཉིད་ཀྱིས ་ཀྱང་ཉོན་མོངས་པ་མེད་པའི་བསྒོམ་པས་བསྒོམ་སོ་ཞེས་བྱ་བ་ནི་བདག་དང་གཞན་གྱི་རྒྱུད་ལ་རྡུལ་དང་འདྲ་བའི་ཉོན་མོངས་པ་རྣམས་གང་བསྒོམས་པས་མི་སྐྱེ་བའི་བྱམས་པ་ཆེན་པོའི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པ་མེད་པའི་བསྒོམ་པ ་སྟེ། བསྒོམ་པ་དེ་གཞན་དག་ལ་ཡང་རབ་ཏུ་སྟོན་པར་བྱེད་པའོ།། དེ་དག་ཐམས་ཅད་ཀྱི་ཐ་མ་ནི་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ། ཞེས་བྱ་བ་ལ། སྔར་བསྟན་པའི་དེ ་བཞིན་གཤེགས་པ་རྣམས་ཏིང་ངེ་འཛིན་གྱི་རོ་མྱང་བའི་ཕྱིར་བསྟེན་པས་མ་ངོམས་ནས་ཕྱི་ནས་ཡང་དེ་བཞིན་གཤེགས་པ་ལ་བརྟེན་པ། གཞོན་ནུ་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཁྲུག་ཁྲིག་བརྒྱ་སྟོང་གི་དགེ་འདུན་བྱུང་སྟེ། ཞེས་བྱ་བས་ནི་མང་པོ་དང་ལྷན་ཅིག་བདག་གིས་ཐོས་པ་དང་། བཅོམ་ལྡན་འདས་ཀྱི་འཁོར་ཡང་མཐའ་ཡས་པར་བསྟན་པ་ཡིན་ནོ།། དེ་བཞིན་གཤེགས་པ ་དེ་ལ་ལོ་བྱེ་བ་སྟོང་ཕྲག་བཅཝ་བརྒྱད་དུ་མཆོད་པ་དང་བསྙེན་བཀུར་ཆེན་པོ་བྱས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་མཉན་པའི་ཕྱིར་རོ།། དེའི་ཚེའི་ཚད་ནི་ལོ་བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ཏུ་གྱུར་ཏེ། ཞེས་བྱ་བ་ནི་ཇི་སྲིད་སྐུ་ཚེའི་མཐར་ཐུག་པར་མ་གྱུར་གྱི ་བར་དུ་མཉན་པ་དང་གཟུང་བ་དང་བཅང་བར་འདོད་པས་ཡོངས་སུ་མི་གཏོང་བའི་སྦྱོར་བས་བླ་མ་དང་ནམ་ཡང་བྲལ་བར་མ་གྱུར་ཏོ།། བཅོམ་ལྡན་འོངས་དེའི་དྲུང་དུ་རབ་ཏུ་བྱུང་ནས་ཞེས་བྱ་བ་ནི་རྣམ་པར་གཡེང་བ་མ་ལུས་པ་སྤངས་པས་ཐོས་པའོ།། ་མཉན་ཅིང་གཟུང་སྟེ། ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་སྐྱོ་བ་མེད་པའི་སེམས་ཀྱི་ཇི་ལྟར་ང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་དང་གཡོག་བྱ་བ་དང་ལྡན་བཞིན ་དུ་ཁྱོད་ཀྱིས་ཀྱང་བྱའོ།། ཞེས་རབ་ཏུ་བསྟན་པའི་ཕྱིར་གཞོན་ནུ་དེ་ལྟ་བས་ན་ཏིང་ངེ་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན་ཁྱོད་ཀྱིས་ཀྱང་ང་བཞིན་དུ་དེ་བཞིན ་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་གཡོག་བྱ་བ་ལ་བརྩོན་པར་བྱའོ།། ཞེས་གསུངས་པ་ཡིན་ནོ།། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་གཡོག་བྱས་པས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་འཐོབ་ཅེས་བྱ་བའི་སོམ་ཉི་དེ་ཅིའི་ཕྱིར་ཞེ་ན། ཞེས་འདྲི་བོའི་ལན་གདབ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་དང་གཡོག་བྱ་བའི་རྒྱུ་མཐུན་པས་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས། ་པོ་ལ་མཆོད་པ་དང་གཡོག་བྱས་པའི་ཡོངས་སུ་སྤྱོད་པའི་རྒྱུ་མཐུན་པ་ཉིད་དང་། མཉམ་པ་དང་བསམ་པའི་རྒྱུ་མཐུན་པའི་མཚུངས་པའི་འབྲས་བུས་ནི་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་དཀའ་བ་མ་ཡིན་པས ་དེ་ལ་མངོན་པར་སྦྱར་བར་རིགས་ནས། ཏིང་ངེ་འཛིན་འདི་རྒྱུན་མི་ཆད་པར་བསྒོམས་ན་ངེས་པར་བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ།། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་སྡུད་པོར་བྱེད་དོ།། ལྷུག་པར་བསྟན་པའི ་དོན་དེ་ཚིགས་སུ་བཅད་པས་སླར་ཡང་གསུངས་པ་ནི་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། སྟོན་པ་ལ་དབང་ཐབ་པར་བསྟན་པའི་ཕྱིར། སྔོན་བྱུང་བའི་ལེའུ་འདི་ཉིད་རྒྱ་ཆེར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྔར་བསྟན་པ་ལས ་ལྷག་པར་འཇུག་པ་ནི་རྒྱ་ཆེར་ཞེས་བྱའོ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཏེ་ཡིད་དུ་འོང་བའི་དབྱངས་ཀྱི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའོ།། བསྟན་ཏོ་ཞེས་བྱ་བ་ནི་འདས་པའི་དུས་སྟོན་པའོ།། ་དྲན་པ་སྟོབས་བཅུ་བྱེ་བ་དྲུག་ཅུ་དག། སྔོན་ཚེ་བྱ་རྒོད་ཕུང་པོའི་རི་ལ་བཞུགས།། ཞེས་བྱ་བ་ལ། དྲན་པ་ནི་སྔོན་གྱི་དུས་སུ་སྟོབས་བཅུ་དང་ལྡན་པ་བྱེ་བ་དྲུག་ཅུ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་པ་དྲན་པར་གྱུར་པའོ།། དེ་དག་གིས་བ ་ང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཏིང་ངེ་འཛིན་འདི་བཤད་པར་མཛད་པའོ།། དེ་དག་ཐམས་ཅད་ཀྱི་ཐ་མར་གྱུར་པ་འདི་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བའོ།། དེ་ལ་ང་ཡིས་ཏིང་ངེ་འཛིན་འདི་དྲིས་སོ།། ང་ཡང ་རྒྱལ་རིགས་ཉིད་གྱུར་ཏེ། རྒྱལ་པོ་ས་བདག་གཙོ་བོ་ཡིན་ཞེས་བྱ་བ་ལ། མིའི་བདག་པོ་ཐམས་ཅད་ཀྱི་ནང་ན་འཁོར་ལོས་སྒྱུར་བ་གཙོ་བོར་གྱུར་པའོ།། ངའི་བུ་ཡང་ལྔ་བརྒྱ་སྟེ། ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལ་ངེས་པར་བུ་ལྔ་བརྒྱ་ལས་ཡི ་ཉུ་བ་འབྱུང་བར་འགྱུར་རོ།། སངས་རྒྱས་དེའི་གཙུག་ལག་ཁོང་བྱེ་བ་སྙེད་ནི་ངས་བྱས་ཏེ། ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། གཡོག་བྱ་བའི་ཕྱིར་ཉེ་བར་མཁོ་བ་ཐམས་ཅད་དང་མ་བྲལ་བ་ཙན་དན་ཤིང་དང་ཡིན་པ ་ཆེའི་ཀ་བ་ལ་སོགས་པས་མཛེས་པར་བརྒྱན་པ་རྣམས་བྱས་སོ།། རྒྱལ་པོ་དེའི་སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བའི་སྟེ། འཇིག་རྟེན་ཐམས་ཅད་ཀྱི་འདོད་པའོ།། འཇིགས་པའི་བླ་མ་ཞེས་བྱ་བ་སྟེ། དེས་དེ་བཞིན་གཤེགས་པ་ཡ་ཁྱད ་པར་ཅན་གྱི་མཆོད་པ་དམ་པ་དག། ལོ་སྟོང་ཕྲག་བྱེ་བ་བཅཝ་བརྒྱད་ཀྱི་བར་དུ་བྱས་སོ།། རྐང་གཉིས་གཙོ་བོ་རྒྱལ་བ་མ་སྨད་པ།། ལོ་ནི་བྱེ་བ་སྟོང་ཕྲག་བདུན་ཅུ་དྲུག། དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་མཆོད་པ་རྣམ་པ་མང་པོ་ངས་བྱས་སོ།། ་བཅོམ་ལྡན་འདས་དེའི་དྲུང་དུ་ང་བཙུན་མོ་དང་སྲས་དང་བཅས་པ་རབ་ཏུ་བྱུང་ནས། ལོ་བྱེ་བ་སྟོང་ཕྲག་བཅུ་བཞིར་ངས་ཏིང་ངེ་འཛིན་འདི་ཡོངས་སུ་ཞུས་ཏེ། ཚིགས་སུ་བཅང་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་དང་། དཀྲིགས་ཕྲག་བྱེ་བ་བརྒྱ ་རྣམས་ངེས་བཟུང་ངོ་།། གཞུང་དེ་དག་ཀྱང་ཏིང་ངེ་འཛིན་འདིའི་ལེའུ་གཅིག་ཡིན་ནོ།། དེ་དག་ཀྱང་ངས་མཉན་ཅིང་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་བསྟན་ཏོ།། དེ་ལྟ་བུའི་ལེའུ་སྟོང་ཕྲག་བརྒྱའི་གཞུང་གྲངས་མེད་ཚད་མེད་པའི་དེ་བཞིན ་གཤེགས་པའི་ཡུལ་དུ་གྱུར་པའོ།། ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ངས་བདོག་པའི་དངོས་པོ་མ་བཏང་བ་ཅི་ཡང་མེད་དོ།། དེ་བཞིན་གཤེགས་པ་མཐའ་ཡས་པ་བྱ་རྒོད་ཕུང་པོའི་རི་འདི་ལ་བཞུགས་པས་ཏིང་ངེ་འཛིན་འདི་རྒྱ་ཆེར ་གཞན་དག་ལ་བསྟན་ཏོ།། དེ་དག་གི་དྲུང་དུ་ངས་ཀྱང་ཇི་ལྟར་ཐོས་པ་བཞིན་དུ་བསྒོམས་ཤིང་ནན་ཏན་དུ་བྱས་པས་བསྒྲུབས་པ་སྟེ། ནན་ཏན་རྣམ་པ་སྣ་ཚོགས་པས་བསྟན་ཏོ།། ཡོན་ཏན་ལ་རབ་ཏུ་གནས་པ་དང་། རོ་ལཱམ་ཞེན་ཅིང་མི ་བརྐམ་པ་དང་། སེར་སྣ་དང་ཕྲག་དོག་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་དང་། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པོ་ལ་ནི་ཏིང་ངེ་འཛིན་འདི་རྙེད་པར་དཀའ་བ་མ་ཡིན་ཏེ། འདོར་ན་མི་གང་ཏིང་ངེ་འཛིན་འདི་འཛིན་པ་དེས་ནི་མཚན་སུམ་ཅུ་རྩ ་གཉིས་དང་། དེཔེ་བྱང་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་དང་། ཆོས་ཐམས་ཅད་འཛིན་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། གང་དག་ཏིང་ངེ་འཛིན་འདི་འཛིན་པར་བྱེད་པ་དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་དཔག་ཏུ ་མེད་པས་ཞལ་གྱི་པདྨ་དཔག་ཏུ་མེད་པ་ནས་དཔག་ཏུ་མེད་པའི་ལྕགས་ཀྱི་ཁྱད་པར་གྱིས་གསུང་གི་ཡན་ལྷག་ཐ་དད་པ་དཔག་ཏུ་མེད་པས་བསྐལ་པ་དཔག་ཏུ་མེད་པར་བརྗོད་ཀྱང་ཚིགས་སུ་བཅང་བ་གཅིག་ཙམ་བརྗོད་པའི་བསོད་ནམས་ཀྱི་ཆ ་ཙམ་ཡང་བསྒྲགས་པར་མི་འགྱུར་རོ།། གང་གི་ཕྱིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཏིང་ངེ་འཛིན་འདི་ཉིད་ལ་ལེགས་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། དེའི་ཕྱིར་ཏིང་ངེ་འཛིན་འདི་འཛིན་པའི་ཡོན་ཏན་ནི་དཔག་ཏུ་མེད་པར་ཤེས་པར་བྱའོ།། སྔོན་གྱི་སྦྱོར་བའི་སྐབས་ཀྱིས་ནི། ཤིན་ཏུ་མཉེས་པར་བྱ་བ་གསུངས། སངས་རྒྱས་འབྲས་བུ ་འདོད་པ་ཡིས།། དེ་བཞིན་འཇུག་པར་བྱ་བ་ཡིན་ཞེས་བྱ་བ་ཡིན་ནོ།། ། སཱ་ལའི་དབང་པོའི་རྒྱལ་པོའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ།། ། ད་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་ལྡན་པ་ནི་ཏིང ་དེ་འཛིན་ལ་མངོན་པར་ཕྱོགས་པར་འགྱུར་བས། སངས་རྒྱས་རྗེས་སུ་དྲན་པའི་ལེའུ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པའི་ཡོན་ཏན་ཡང་དག་པ ་དང་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ཡང་དག་པར་བསྟན་པར་འདོད་པ་དང་། དོན་དང་འབྲུ་མི་ཟད་པར་ཏེ་ཡོངས་སུ་རྫོགས་པར་འགྱུར་བར་འདོད་པ་དེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཏིང་ངེ་འཛིན་འདི་བཟུང་བར་བྱ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་དེ་དག་གང་ཡིན་ཞེ་ན་ཞེས་ཡོན་ཏན་དཔག་ཏུ་མེད་པའི་བདེན་པའི་རང་བཞིན་ངེས་པར་བྱེད་པ་ཞུས་པ་དང་། དགོན་པ་ན་འདུག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་དང་མི་འབྲལ་བར་གོམས་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། ད་ནི་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས ་བྱ་བ་ནི་བདུད་བཞི་བཅོམ་པ་དང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཇི་ལྟར་གནས་པ་དེ་དག་དེ་བཞིན་དུ་རྟོགས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པའམ་དེ་བཞིན་སྟོན་པར ་མཛད་པས་དེ་བཞིན་གཤེགས་པའོ།། དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་བཅོམ་པོས་མཆོད་པར་འོས་པ་འམ། དགྲ་བཅོམ་པ་དང་ལྡན་པས་དགྲ་བཅོམ་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས ་ཞེས་བྱ་བ་ལ། ཡང་དག་པ་ཕྱིན་ཅི་མ་ལག་པའོ།། རྫོགས་པ་ནི་ཡོངས་སུ་གང་བ་སྟེ། བསོད་ནམ་དང་ཡེ་ཤེས་ཀྱི་ཚོགས་མ་ཚང་བ་མེད་པ་བརྙེས་པའོ།། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ལ། དེ་ལ་ཡང་དག་པའི ་ལྟ་བ་ནི་རིག་པའོ།། ཡན་ལག་ལྷག་མ་བདུན་ནི་ཞབས་ཞེས་བྱ་སྟེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ནི་རིགས་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ།། བདེ་བར་གཤེགས ་པ་ཞེས་བྱ་བ་ནི་དོན་གསུམ་བཟུང་བར་བྱ་སྟེ། རབ་ཏུ་གྲུབ་པས་ན་བདེ་བར་གཤེགས་པ་སྟེ། བུ་མོ་གཟུགས་བཟང་མོ་བཞིན་ནོ།། ཕྱིར་མི་ལྡོག་པར་གཤེགས་པས་ན་ཡང་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས ་པར་བྱ་བོ་ལྟ་བུའོ།། མ་ལུས་པར་གང་བས་ན་བདེ་བར་གཤེགས་པ་སྟེ། བུམ་པ་གང་བ་བཞིན་ཏེ། དེས་ན་བདེ་བར་གཤེགས་པ་ཞེས་བྱའོ།། འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི་དབང་པོ་དང་བསམ་པ་ཅི་ལྟ་བ་བཞིན་སྣོད ་དང་སྣོད་མ་ཡིན་པའི་བྱེ་བྲག་གིས་འགྲོ་བ་དྲུག་ཏུ་སྐྱེས་པའི་འཇིག་རྟེན་རྣམས་ཀྱི་དོན་སྐལ་བ་བཞིན་རིག་པས་ན་འཇིག་རྟེན་མཁྱེན་པ་ཞེས་བྱའོ།། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ་ཞེས་བྱ་བ་ལ། སྐྱེས་བུ་གདུག་པ་ཅན་གྱི ་དྲེགས་པ་བསལ་ནས་རང་གི་ལམ་ལ་འཇིག་པར་བྱེད་པས་ན་སྐྱེས་བུ་འདུལ་བ་ཞེས་བྱའོ།། དེ་རྣམས་ཁ་ལོ་སྒྱུར་བ་ནི་གཙོ་པོར་གྱུར་པའོ།། བློ་ན་མེད་པ་ནི་ལྷག་པའི་རང་བཞི་ན་དུ་གྱུར་པ་སྟེ། དེས་ན་སྐྱེས་བུ་འདུལ་བ་ཁ ་ལོ་སྒྱུར་བ་ནི་དེ་བཞིན་གཤེགས་པ་ལས་གཞན་ལ་ཡོད་པ་མ་ཡིན་ནོ།། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་ཞི་བ་དང་། དྲག་པོ་ལ་སོགས་པའི་སེམས་ཅན་རྣམས་ཕྱིན་ཅི་མ་ལོག་པར་བསྟོན་པས་འདུལ་བར ་མཛད་པས་སྟོན་པའོ།། ལྷ་ནི་ལྷ་ཆེན་པོ་ལ་སོགས་པའོ།། མི་རྣམས་ནི་སོར་མོའི་ཕྲེང་བ་ལ་སོགས་པའོ།། དེ་ལྟ་བུ་ཡང་དག་པའི་ཡོན་ཏན་དང་ལྡན་པ་དེས་སུ་ཡིན་ཞེ་ན། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་གསུངས ་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་ངག་གི་རྒྱུ་མཐུན་པ་ཞེས་བྱ་བ་ལ། རྒྱུ་དང་འདྲ་བའི་འབྲས་བུ་ནི་རྒྱུ་མཐུན་པ་སྟེ་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། བཅོམ་ལྡན་འདས་སོ།། དགེ་བོའི་རྩ་བ་རྣམས ་ཆུང་མི་ཟ་བ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བའི་རང་བཞིན་སྔོན་གྱི་དུས་སུ་བསྐྱེད་པ་རྣམས་མངོན་པར་མི་ཉམས་པའི་འབྲས་བུ་མ་ཚང་བ་མེད་པའི་སྐུ་མཐོང་བ་ལས་རྗེས་སུ་དཔག་པར་བྱ་སྟེ། དགེ་བའི་རྩ་བ་མ་ཚང་བ ་མེད་པ་གཅིག་ཏུ་བསྡུས་པར་གྱུར་པ་ནི་བཅོམ་ལྡན་འདས་སོ།། བཟོད་པས་བརྒྱན་པ་ཞེས་བྱ་བ་ནི་རྒྱན་མ་ལུས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ངོ་བོ་ནི་བཟོད་པ་ཡིན་ནོ།། བརྒྱན་པ་ཞེས་བྱ་བ་ནི་རྫོགས་པར་ཐོབ་པ་སྟེ། ཤིན་ཏུ་རྫོགས་པར ་བྱས་པའོ།། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི་ཞེས་བྱ་བ་ནི། བསོད་ནམས་ཉིད་གཏོར་ཡིན་ཏེ། ཕུན་སུམ་ཚོགས་པ་མ་ལུས་པའི་རྒྱུར་གྱུར་པའི་ཕྱིར་རོ།། དེ་དག་གི་གཞི་ནི་སྐོལ་བ་དང་ལྡན་པ་རྣམས་ལ་མངོན་སུམ་དུ་འགྱུར་བ་ནི ་བཅོམ་ལྡན་འདས་ཡིན་པས་བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི་ཞེས་བྱའོ།། དཔེ་བྱད་བཟང་པོ་རྣམས་ཀྱིས་ཤིན་ཏུ་བརྒྱན་པ་ནི་སྤྲས་ནས་མཛེས་པར་བྱས་པའོ།། མཚན་གྱི་མེ་ཏོག་རྒྱས་པ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ལས ་སྐྱེས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བ་ལ་ཉེ་བའི་ཚེ་བརྒྱན་པའོ།། སྤྱོད་ཡུལ་རན་པར་མཐུན་པ་ཞེས་བྱ་བ་ནི་རན་པར་མཐུན་པ་ཞེས ་བྱ་བ་ནི་རན་པར་མཐུན་པ་ནི་འདྲ་བའོ།། དེ་མེད་པ་ནི་རན་པར་མཐུན་པའོ།། སྤྱོད་ཡུལ་ནི་ཡུལ་ལོ།། ཡང་ན་སྤྱོད་ལོམ་གྱི་ཁྱད་པར་ཡིད་དུ་འོང་བསོ་ཐམས་ཅད་ཏུ་དེ་དང་འདྲ་བ་མེད་པ་ཞེས་བྱ་བའི་དོན་ཏོ།། མཐོང་ན་མི་མཐུན་པར་མེད་པ་ཞེས་བྱ ་བ་ལ། ཤིན་ཏུ་གདུག་པའི་སེམས་དང་ལྡན་པ་རྣམས་ཀྱིས་ཀྱང་མཐོང་བའི་སྤྱོད་ཡུལ་དུ་གྱུར་ན་མཐོང་བས་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཡང་མི་མཐུན་པའི་སེམས་འབྱུང་བར་འགྱུར་བའོ།། དད་པས་མོས་པ་རྣམས་མངོན་པར་དགའ་བ ་ཞེས་བྱ་བ་ནི་གང་ཞིག་དད་པ་ཙམ་གྱིས་མོས་པར་གྱུར་པ་དེ་དག་ཀྱང་དད་པ་རྒྱུན་ཆད་པའི་རྒྱུ་མེད་པའི་ཕྱིར་དེ་ཉིད་ལ་མངོན་པར་དགའ་བར་འགྱུར་རོ།། དེས་ན་དད་པས་མོས་པ་རྣམས་མངོན་པར་དགའ་བ་ཞེས་བྱའོ།། ཤེས་རབ་ཟིལ་གྱིས ་མི་ནོན་པ་ཞེས་བྱ་བ་ནི་བདུད་དང་། མུ་སྟེགས་དང་། ཀུན་ཏུ་རྒྱུ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཤེས་རབ་རྣམས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་ཟིལ་གྱིས་མི་ནོན་པ ་ཞེས་བྱའོ།། སྟོབས་རྣམས་ལ་རྫི་བ་མེད་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ལྷག་པ་མེད་པའི་ཕྱིར། བདུད་ལ་སོགས་པ་སྟོབས་ཆུང་བ་རྣམས་ཀྱིས་རྫི་བར་མི་ནུས་པའོ།། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས ་བྱ་བ་ནི་སེམས་ཅན་རྣམས་ལ་སྐལ་པ་ཅི་ལྟ་བ་བཞིན་དུ་ཆོས་སྟོན་པས་རྗེས་སུ་སྟོན་པའི་ཕྱིར་སྟོན་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ཅེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ཅེས་བྱ་བ་ལ། བྱང་ཆུབ ་ཀྱི་སེམས་བསྐྱེད་པ་ལ་སོགས་པས་བསྐྱེད་པ་འམ། ཐབས་མཁས་པའི་རང་བཞིན་ཡིན་པའི་ཕྱིར་ཡང་སྟེ། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་མ།། ཕ་ནི་ཐུབས་ལ་མཁས་པ་ཡིན།། ཞེས་བྱ་བ་གསུངས་པསོ།། འཕགས་པོའི་གང ་ཟག་རྣམས་ཀྱི་རྒྱལ་པོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་བཅས་པའི་བསླབ་པ་བསྲུངས་ཤིང་བསླབས་པས་དགུ་བཅོམ་པ་ལ་སོགས་པའི་འབྲས་བུ་ཐོབ་ཅིང་དེའི་བཀའ་ལས་འདའ་བར་མི་ནུས་པའི་ཕྱིར་རོ།། ལས་དང་པོ་པ ་རྣམས་ཀྱི་དེད་དཔོན་ཞེས་བྱ་བ་ལ། དགེ་བའི་རྩ་བ་བཅུའི་ལམ་རྒྱགས་བྱིན་ནས་བགྲོད་དཀའ་བའི་ལམ་ལས་སྒྲོལ་བ་ནི་དད་དཔོན་གྱི་ལས་ཡིན་པས་དེ་སྒྲུབ་པར་བྱེད་པའོ།། ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་ཤེས་པས་ཚད་གཟུང་བར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའམ། དཔག་ཏུ་མེད་པའི་ཡེ་ཤེས་དང་ལྡན་པས་སོ།། སྤོབས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་བ ་དང་། རྗེས་སུ་མཐུན་པར་རྒོལ་བའི་ལན་གདབ་པའི་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ།། གསུང་རྣམ་པར་དག་པ་ཞེས་བྱ་བ་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་དཀྱིལ་འཁོར་རྣམས་རྣམ་པར་དག་པ་ཉིད་དོ།། ་དབྱངས་སྙན་པ་ཞེས་བྱ་བ་ནི་སྙན་པ་ངེས་པར་བསྒྲགས་པས་སེམས་ཅན་ཐམས་ཅད་དགའ་བ་བསྐྱེད་ནས་ངོམས་པ་མེད་པར་བྱེད་པའི་ཕྱིར་དབྱངས་སྙན་པ་ཞེས་བྱའོ།། སྐུ་བྱང་ལྟ་བས་མཆོག་མི ་ཤེས་པ་ཞེས་བྱ་བ་ནི་དང་པོར་མཐོང་བ་གང་དུ་བབས་པས་དེ་ལས་གཞན་དུ་བལྟ་བར་མི་འདོད་པ་སྟེ། བལྟས་ཤིང་བལྟས་ཤིང་དགའ་བ་ནི།། སར་པ་སར་པ་ཡང་ཡང་སྐྱེས་ཞེས་བསྟན་པ་ལྟ་བུའོ།། སྐུ་མཚུངས་པ་མེད་པ་ཞེས ་བྱ་བ་ནི་ཡན་ལོག་མ་ལུས་པ་ཡང་དག་པར་རྫོགས་པས་དེའི་ཕྱིར་ཐུབ་པ་ཉིད་ཀྱི་སྐུ་ནི་མཚུངས་པ་མེད་པ་སྟེ། འདྲ་བ་ཡང་མེད་པའི་སྐུ་ཞེས་བྱ་བའི་དོན་ཏོ།། འདོད་པ་དག་གིས་མ་གོས་པ་ཞེས་བྱ་བ་ལ། འདོད་པའི་ཁམས་ན་གནས ་ནོནིན་ཡང་འདོད་པའི་ཁམས་དང་འབྲེལ་པའི་སྐྱོན་གྱིས་མ་གོས་པའོ།། དེ་བཞིན་དུ་གཟུགས་དང་། གཟུགས་མེད་པའི་ཁམས་དང་འབྲེལ་བྱས་མ་གོས་པ་ཡང་ངོ་།། ཕུང་པོ་དག་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བ ་ལ་སོགས་པར་རྣམ་པར་རྟོག་པ་དང་བྲལ་པོའི་ཕྱིར་དང་། སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བའི་ཕྱིར་སྡུག་བསྔལ་ལས་ཀྱང་གྲོལ་བ་ཉིད་དོ།། ཁམས་རྣམས་དང་མི་ལྡན་པ་ཞེས་བྱ་བ་ནི་ས་ལ་སོགས་པ་དང་། ཁམས་བཅོ་བརྒྱད་པོ ་རྣམས་དང་བྲལ་བ་ཞིང་མ་གོས་པའོ།། སྐྱེ་མཆེད་རྣམས་པ་སྔ་མས་པ་ཞེས་བྱ་བ་ནི་ཡུལ་དང་ཡུལ་ཅན་རྣམས་རང་བཞིན་གྱིས་མེད་པས་མངོན་པར་ཞེན་པ་རབ་འབྱེམས་བསྡུས་པ་སྟེ། རང་གི་ངོ་བོ་མཐར་ཐུག་པར་གྱུར་ཅེས་བྱ་བའི ་དོན་ཏོ།། མདུད་པ་རྣམས་ཤིན་ཏུ་བཅད་པ་ཞེས་བྱ་བ་ལ། འདོད་པ་དང་། མ་རིག་པ་དང་ལྟ་བའི་མདུད་པའི་འཆིང་བ་རྣམས་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས་ནན་གྱིས་བཅད་པ་སྟེ། གང་ཞེ་ན་རྣམ་པར་འཆིང་བ་སྟེ། ཐ་དད་པར་བྱས་ཞེས་བྱ་བའི ་དོན་ཏོ།། ཡོངས་སུ་གདུང་བ་རྣམས་ལས་གྲོལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་སྲེག་པར་བྱེད་པས་ཡོངས་སུ་གདུང་བ་ཞེས་བྱ་བ་སྟེ། དགེ་བའི་རྒྱུན་རྣམས་སྲེག་པར་བྱེད་པས་སོ།། དེ་དག་ལས་རྣམ་པར་གྲོལ ་བ་ནི་རྣམ་པ་སྣ་ཚོགས་ཀྱིས་སྤངས་པའོ།། སྲེད་པོ་ལས་ཡོངས་སུ་གྲོལ་བ་ཞེས་བྱ་བ་ནི་ཡོངས་སུ་ནི་ཀུན་ནས་སོ།། གྲོལ་བ་ཞེས་བྱ་བ་ནི་འཁོར་བ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་སྤྱོད་པ་ལ་ལས་སོ།། ཆུ་བོ་ལས་བརྒལ་བ ་ཞེས་བྱ་བ་ནི་ཆུ་བོ་ནི་བཞི་སྟེ། འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་། ལྟ་བོའི་མཚན་ཉིད་ཅན་ནི།། དེ་དག་ལས་བརྒལ་བ་ནི་ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པ་ཐོབ་ཅེས་བྱ་བའི་དོན་ཏོ།། ཡེ་ཤེས་ཡོངས་སུ་རྫོགས་པ་ཞེས ་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་དུ་མཛད་པ་ལས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཁྱེན་པ་ནི་གཞན་ལ་མེད་པའོ།། འདས་པ་དང་། མ་བྱོན་པ་དང་། ད་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱི་ཡེ་ཤེས་ལ་གནས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་མི་གནས་པའི་ཚུལ་གྱིས་རབ་ཏུ་གནས་པའོ།། མྱ་ངན་ལས་འདས་པ་ལ་མི་གནས་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ ་མངོན་པར་མི་ཞེན་ལ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉི་དུ་མིགས་པས་གཅིག་ལ་མངོན་པར་ཞེན་པ་མེད་པ་ཉིད་དོ།། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཞེས་བྱ་བ་ནི་སངས་རྒྱས་དང་དེ་བཞིན་ཉིད་རྟེན་དང་བརྟེན ་དྲིའི་ངོ་བར་མེད་པས་དེའི་བདག་ཉིད་དུ་གནས་པ་ནི་གནས་མེད་པ་ཉིད་གནས་ཡིན་ནོ་ཞེས་བྱས་ནས་སོ།། སེམས་ཅནྡྷ་ཐཱ་སཱ་ཅ་ཀྱིས་སྟེང་དུ་བཅུ་བའི་ས་ལྟ་བཞུགས་པ་སྟེགས་བྱ་དོན་ད་རྟོགས་པར་འདོདུ་བ་རྣམས་རབ་ཏུ་ཞེན་དུ ་སེམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བལྟ་བ་སྟེ་མངོན་པར་འདོད་པ་ཞེས་བྱ་བའི་བར་དུའོ།། གཞོན་ནུ་འདི་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་སྟེ་ཞེས་བྱ་བ་ནི་བཤད་མ་ཐག་པའོ།། སངས་རྒྱས་ཀྱི་ཡོན ་ཏཱཏན་དེ་དང་ལྡན་པ་ནི་སྤོབས་པོ་རྒྱུན་མི་འཆད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ཡང་དག་པར་བསྟན་པ་ན་དོན་དང་ཚིག་ཡོངས་སུ་ཟད་པར་མི་འགྱུར་བ་ནི་ཡོངས་སུ་རྫོགས་པར་མི་འགྱུར་བ་སྟེ། སངས་རྒྱས ་ཀྱི་ཡོན་ཏན་གྱི་མཐུ་དཔག་ཏུ་མེད་པའི་ཕྱིར་རོ།། དེའི་གསུང་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཉིད་ཀྱིས་བརྒྱན་པར་གསུང་བར་འགྱུར་ཏེ། ཆོས་ཉིད་རབ་ཏུ་བསྒྲུབས་པ་ལ་ཆེང་དུ་བྱེད་པའི་ཕྱིར་རོ།། ལྷུག་པས་བསྟན་པའི་དོན་དེ་དག ་ཉིད་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིགས་སུ་བཅང་པོའི་དབྱངས་ཀྱིས་རབ་ཏུ་བསྟན་པ་ནི་ཛི་ལྔ་ཇི་ལྟར་འཇིག་རྟེན་རྣམས་ལ་ཕན་པ་ཡང་དག་པར་སྒྲུབ་པར་བྱེད་པ་ཇི་ལྟ་ལྟར་སྟོན་པར་མཛད་པས། བསྐལ་བ་སྟོང་ཕྲག་མང་བ ་བཤད་ཀྱང་། རྒྱལ་བའི་བསྔགས་པ་ཐམས་ཅད་བརྗོད་མེ་ལང་། ཞེས་བྱ་བ་ལ་སོགས་པ་སྟེ། རྒྱལ་བ་སྟེ་བདུད་རྣམས་ལས་རྒྱལ་བའོ།། ཡོན་ཏན་གྱི་བསྔགས་པ་ཐམས་ཅད་བརྗོད་པར་ནི་བསྐལ་པ་སྟོང་ཕྲག་མང་པོར་ཡང་མི་ནུས་པའོ།། དེ ་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་ཡོན་ཏན་བསྐྱེད་པ་དེ་ནི་བརྗོད་པར་མི་ནུས་པའོ།། ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་དང་། ཡོན་ཏན་བསྐྱེད་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། བུ་མོ་གཟུགས་བཟང་ཤིན་ཏུ་བལྟ་ན་སྡུག་ཅེས་བྱ་བ ་ལ་སོགས་པ་གསུངས་ཏེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཐམས་ཅད་དང་ལྡན་པ་ཡང་སྔོན་བཏང་ངོ་།། དེ་བཞིན་དུ་ནོར་དང་། འབྲུ་དང་། བྲན་ཕོ་དང་། བྲན་མོཾ་དང་། ནོར་བུ་དང་། མུ་ཏིག་དང་། བྷུ་རུ་ལ་སོགས་པ་ཡང་བྱིན་ནོ།། ་གྲོས་ནི་བགོ་བར་བྱའོ།། དྲི་མཆོག་དྲི་ལྡན་ནི་དབྱར་གྱི་མེ་ཏོག་ཉིད་དེ་མ་ལི་ཀའོ།། ཕུལ་བ་ནི་སྤྲིན་པའོ།། མཆོད་རྟེན་ནི་མཆོད་རྟེན་ནོ།། བླ་ན་མེད་པའི་སེམས་ནི་དྲི་མ་མེད་པའི་སེམས་བསྐྱེད་ནས་མཆོད་པ་བྱས་པའོ།། དེ་བཞིན་དུ་ཆོས་ཀྱི ་སྦྱིན་པ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་སོ།། ཆོས་ཀྱི་སྦྱིན་པ་བྱིན་པས་ང་གྲགས་པར་འགྱུར་རོ།། སྙམ་པ་དེ་འདྲ་བའི་སེམས་ནམ་ཡང་མ་སྐྱེས་སོ།། སྡུག་པའི་མཆོས་བྱིན་པ་ལ་བདག་ཉིད་ཀྱིས་སྤྱད་པར་བྱའོ་སྙམ་པའི་སེམས ་ཀྱང་ང་ལ་མེད་དེ། འོན་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ།། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སྦྱངས་པའི་ཡོན་ཏན་དག་ཀྱང་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཆེད་དུའོ།། ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཕྲག ་དོག་དང་སེར་སྣ་དང་བྲལ་བའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་བརྟེན་ནོ།། གཱངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ནོར་བུ ་རིན་པོ་ཆེས་བཀང་ནས་སྦྱིན་པ་བྱིན་པའི་བསོད་ནམས་པས་ཏིང་ངེ་འཛིན་འདི་སྟོན་པར་བྱེད་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་ན་སངས་རྒྱས་ཉིད་དང་། ཉེ་བའི་རྒྱུ་ཡིན་པའི་ཕྱིར་བསོད་ནམས་མང་དུ་བསྐྱེད་པར་རིག་པར ་བྱའོ།། གྲངྒཱ་ཀྲུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཕན་ཡོན་ཡོངས་སུ་བསྒྲགས་ཀྱང་སངས་རྒྱས་ཉིད་ཀྱང་མཐར་ཐུག་པར་བརྗོད་པ་མི་སྦྱོང་ངོ་།། དེ་བས་ན་སངས་རྒྱུ་ཉིད་ཀྱི་འབྲས་བུ་ཐོབ་པར་འདོད་པས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་སྡེ་མདོ་སྡེ ་རྒྱལ་པོའི་ཚིགས་སུ་བཅད་པ་ཙམ་གཟུང་བ་ལ་ཡང་བློ་དང་ལྡན་པས་རྟག་ཏུ་འབད་པར་བྱའོ།། སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་སྡེ་ནན་ཏན་གྱིས་མཉན་པར་བྱའོ།། ཚིག་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྡུས་པའོ།། ཇི་ལྟར ་འདས་པ་ལ་ཐོག་པ་མེད་པར་མཁྱེན་བཞིན་དུ་མ་འོངས་པ་ལ་ཡང་ཐོག་པ་མེད་པར་མཁྱེན་པ་འཇུག་པ་ཡིན་ནོ་ཞེས་བྱ་བར། འཇིག་རྟེན་འདྲེན་པ་མྱ་ངན་འོངས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་འདྲེན་པ་མྱ་ངན་ལས་འདས་ནས ་ཕྱི་མའི་དུས་ན་དགེ་སློང་སྡོམ་པ་མེད་པ་མང་པོ་དག་མང་དུ་ཐོས་པ་མི་འདོད་པ་དེ་དག་སྒྲ་ཙམ་གྱིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པའི་བསྔགས་པ ་བརྗོད་པར་བྱེད་ཀྱང་དེ་དག་འདོད་པ་ནི་མ་ཡིན་ཏེ། དཔེ་གསུངས་པ། ཇི་ལྟར་སྐྱེས་བུ་ལ་ལ་དག། ཙན་དན་དག་ནི་འདི་འདྲ་སྟེ། ཞེས་བྱ་བའི་དཔེས་ནི་སྒྲ་ཙམ་ལ་འཇུག་པར་གསུངས་སོ།། འཚོ་བ་ཙམ་གྱི་ཆེད་དུ་ཚུལ་ཁྲིམས་ལ་སོགས་པ་ལ། ་བསྔགས་པོ་བརྗོད་པར་བྱེད་པ་ཡིན་གྱི། རང་གི་ངོ་བོ་ནི་ཡོད་པ་མ་ཡིན་ནོ།། ཞེས་བྱ་བར་ཇི་ལྟར་སྐྱེས་བུ་དབུལ་པོ་ལ་ལ་ཞིག། སྐྱེ་བོ་མང་པོས་ཡེངས་བརྙས་གྱུར་པ་སྟེ།། བརྙས་པ་ནི་སྨད་པར་གྱུར་པའོ།། དེ་བཞིན་དུ་ཏིང་ངེ་འཛིན་ལས་ཉམས ་པ་ཡང་བལྟ་བར་བྱའོ།། ཇི་ལྟར་དེ་ཉིད་ཀྱིས་ཕྱིས་ནོར་གྱི་གཏེར་ཆེན་པོ་སྐྱེ་བོའི་ཚོགས་ཆེན་པོས་འདོད་པར་བྱ་བའི་གཏེར་ཆེན་པོའི་བདག་པོར་གྱུར་ན་སྐྱེ་བོའི་ཚོགས་ཆེན་པོས་རིམི་གྲོ་བྱེད་པར་འགྱུར་རོ།། དེ་བཞིན་དུ་གང་གི་ཚེ་ཏིང་ངེ་འཛིན་འདི ་ཐོབ་པར་གྱུར་པ་དེའི་ཚེ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། སངས་རྒྱས་སུ་དག་ཕྱོགས་སུ་མྱ་ངན་འདས་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་གསུངས་སོ།། ཟླ་འོད་གཞོན་ནུ་སེམས ་དགའ་ནས་ཞུས་པ། སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། མ་རུངས་དུས་ན་བདག་གིས་མིང་འདི་བཟུང་ཞེས་བྱ་བོ་ལ། མ་རུངས་པའི་དུས་ངན་ལ་བབ་པའི་ཚེ་བདག་གིས་མདོ་འདི་གཟུང་བར་བྱའོ་ཞེས་བྱའོ།། ་ཟླ་འོད་གཞོན་ནུ་ཇི་ལྟ་བར་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་མདོ་སྡེ་འཛིན་པ་ལ་རབ་ཏུ་ཞུགས་པར་གྱུར་ཏོ།། སངས་རྒྱས་རྗེས་སུ་དྲན་ངོས་གྲུབ་པས།། ཡེ་ཤེས་དབང་ཕྱུང་ཆེར་གྱུར་ནས།། སངས་རྒྱས་སྲས་པོ་བརྒྱས་བསྐོར་བ།། འཇོག ་རྟེན་ལ་གྲགས་ཀུན་མཁྱེན་འགྱུར།། སངས་རྒྱས་རྗེས་སུ་དྲན་པའི་ལེའུ་ཞེས་བྱ་སྟེ་གསུམ་པ་རྫོགས་སོ།། ། ད་ནི་ཏིང་ངེ་འཛིན་གྱི་ལེའུ་བསྟན་པར་འདོད་ནས། དེ་ནས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བཅོམ་ལྡན་འདས་ག་ལ་པ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས་འདི་སྐད་ཅེས་གསོལ་ཏོ།། ཞེས་བྱ་བ་ལྔ་བདག་བཅོམ་ལྡན་འདས་ལ་ཕྱོག་འགའ་ཤིག་ཞུའོ་ཞེས་བྱ་བ་ནི་ཐམས་ཅད་དུས་གཅིག་ཏུ་ཞུ་བར་མི་ནུས་པའི་ཕྱིར་རོ།། བཅོམ ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་ཞེས་བྱ་བ་ནི་ཞུ་བའི་སྐབས་ཕྱེ་ནས་སོ།། ཞུ་བ་ལུང་བསྟན་པའི་སླད་དུ་ཞེས་བྱ་བ་ནི་ལན་རྩོལ་ནི་ཞེས་བྱ་བོའི་དོན་ཏོ།། རྟག་ཏུ་སྐབསསོ་ཕྱེ་ཡིས་ཅི་དང་ཅི་འདོད་པ་དྲིས་ཤིག་ཅེས་བྱ་བ་ནི་རྟག་ཏུ་མཉམ་པར ་གཞག་པའི་ཕྱི། ནམ་ཡང་སྐབས་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་ཏིང་ངེ་འཛིན་ཞེས་བགྱི་བའི་དོན་ཙ་ལེགས་ཞེས་རང་གི་འདོད་པ་ཞུས་པའོ།། ཏིང་འཛིན་གྱི་རང་གི་ངོ་བོ་གསུངས་པ། ཏིང་ངེ་འཛིན ་ཏིང་ངེ་འཛིན་ཅེས་བྱ་བ་ནི་འདི་ལྟ་སྟེ། སེམས་ངེས་པར་རྟོགས་པ་ཞེས་བྱ་བ་ལ། སེམས་ངེས་པར་རྟོགས་པ་ནི་ངེས་པར་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བའི་རང་རང་གི་ངོ་བོ་མཐར་ཐུག་པ་མཉམ་པར་མཐོང་བའི་མཉམ་པ་ཉིད་དང་བློ་མཉ ་པབར་རྩེ་གཅིག་ཏུ་གྱུར་པ་དེ་ལ་ཏིང་ངེ་འཛིན་ཞེས་བྱ་སྟེ། གཞན་དག་གོ་བར་བྱ་བའི་ཕྱིར་ཡིན་གྱི་དོན་དམ་པ་ཉིད་དུ་ནི་ངག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ། མ་སྐྱེས་པ། རྣམ་པར་རྟོག་པ་ཐམས་ཅད་དང་མ་འདྲེས་པ། ཕྱེ་དང་རང་གི ་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་དང་བྲལ་བ། འགོག་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་སྒྲུབ་པ་ཐམས་ཅད་དང་བྲལ་བ་ཡང་མ་ཡིན་པ་སྟེ། ཡེ་ཤེས་ཀྱི་རྒྱུན་གཡོ་བ་མེད་པ་ཡང་མེ་རླུང་མེད་པ་ལ་འབར་བའི་རྩེ་མོའི་རྒྱུན་དུ་འཇུག་པ་ནི ་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཞེས་སྟོན་ཏོ།། དེ་ལ་རྣམ་པར་སྤྲོས་པ་ནི་སྔར་བསྟན་ཏོ།། ཏིང་ངེ་འཛིན་འདི་ཐོབ་ན་ཕུང་པོ་དང་། ཉོན་མོངས་པ་དང་། དམ་བཅས་པ་དང་། བརྩོན་འགྲུས་ཀྱི ་ཁུར་རྣམ་བོར་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ།། སངས་རྒྱས་ཀྱི་ཁྱུ་མཆོག་ནི་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་དོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ ་ཏུ་སྤངས་པ་ཉིད་དུ་གྱུར་པ་འདི་ནི་ཏིང་ངེ་འཛིན་འདིའི་སྔོན་དུ་འགྲོ་བའི་རྒྱུ་ཡིན་པས་འདི་དག་དང་། རིགས་པར་རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་རིགས་པ་སྟེ་ཚ་མ་དང་ལྡན་པའི་རྣལ་འབྱོར་གང་ལ་ཡོད་པ་དེ་ནི་རིག་པར་རྣལ་འབྱོར་དུ་བྱེད་པ་ཞེས ་བྱཱབྱ་སྟེ། དེའི་ངོ་བོ་ནི་རིག་པར་རྣལ་འབྱོར་དུ་བྱེད་པའི།། དེ་ལས་བཟློག་པ་ནི་མི་རིགས་པ་རྣམ་པར་སྤོང་བའོ།། དགེ་བའི་ཆོས་ལ་འདུན་པོ་ནི་མངོན་པར་ཞེན་པའོ།། འཁོར་བ་ལས་ཐར་བར་འདོད་པ་ནི་ལྷག་པའི་བསམ་པ་སྒྲུབ་པར་བྱེད་པ ་སྟེ། ནམ་གྱི་ཆ་སྟོང་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་དཀར་པོའི་ཆོས་ལ་སྤྲོ་བའོ།། སྐྱེ་བ་རྣམས་ལ་ཡིད་མི་སྟོན་པ་ནི་འཁོར་བ་སྒྲུབ་པར་བྱེད་པའི་ཆོས་མི་བྱེད་པའོ།། ཕྱི་དང་ནང་གི་སྐྱེ་མཆེད་ཡིད་ལ་མི་བྱེད་པ་དང་། བཻདག་ལ་མི་བསྟོད ་@གཞན་ལ་མི་སྨོད་པ་དང་། ཁྱིམ་ལ་ཆགས་པ་སྤོང་བ་དང་། སོ་སོའི་སྐྱེ་བོ་ལ་ཡིད་རྟོན་པ་སྤོང་བ་དང་། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ནས་རྗེས་སུ་མཐུན་པའི་བཟོད་པའི་བར་རྗེ་སུ་མཐུན་པའི་ཆོས་ལ་བཟོད ་པའི་ཏིང་འཛིན་གྱི་རྒྱུ་ཡིན་པས་ཏིང་ངེ་འཛིན་ཞེས་བརྗོད་དོ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། ངས་ནི་བདུད་རྩིའི་སྒོ་ནི་རབ་ཏུ་ཕྱེ་ཞེས་བྱ་བ་ལས། ངས་ནི་ཞེས་པ་ནི་བདག་གིས་སོ།། བདུད་རྩི་ནི་མྱ་ངན་ལས ་འདས་པ་སྟེ་ཐར་པའོ།། དེ་ལས་གཞན་པའི་མཚན་ཉིད་ནི་འཆི་བ་སྟེ་དེ་མེད་པའོ།། དེའི་སྒོ་ནི་ཏིང་ངེ་འཛིན་འདི་ཡིན་ནོ།། ཕྱེ་བ་ནི་མ་སྒྲིབས་པའོ།། ཆོས་ཀྱི་རང་བཞིན་ཅི་འདྲ་དེ་བཞིན་བཤད།། ཆོས་རྣམས་ངོ་བོ་ཇི་ལྟར་གནས་པ ་བཞིན་དུའོ།། དེ་བཞིན་དུ་སྐྱེ་བ་མེད་པའི་ཆོས་ཀྱི་རང་བཞིན་ཡང་ངས་བཤད་དོ།། སྐྱེ་བ་དག་ཀྱང་ཅི་འདུ་སྟེ་སྒྱུ་མ་ལྟ་བུ་དང་། གཟུགས་བརྙན་ལྟ་བུར་སྐྱེ་བར་འགྱུར་ཞེས་བྱའོ།། མྱ་ངན་འདས་པ་ཕན་ཡོན་བཅས་པར་བཤད་དེ་ཕན ་ཡོན་དང་བཅས་པར་བསྟན་པའོ།། དེ་ལྟ་བས་ན་ངས་གང་བསྟན་པའི་ལམ་ནས་འགྲོ་བར་བྱ་སྟེ། སྡིག་པའི་གྲོགས་པོ་སྤངས་པ་དང་། དགེ་བའི་བཤེས་གཉེན་བསྟན་པ་དང་། དབེན་པ་ལ་མངོན་པར་དགའ་བ་དང་། སེམས་ཅན་ཐམས ་ཅད་ལ་བྱམས་པ་ཆེན་པོ་བསྒོམ་པ་དང་། ཡོངས་སུ་དག་པའི་ཚུལ་ཁྲིམས་བསྲུང་བར་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་འཐོབ་པའི་རྒྱུ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་འཛུད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད ་བ་ལ་རབ་ཏུ་བཀོད་ན་མྱུར་དུ་ཏིང་ངེ་འཛིན་འདི་མངོན་སུམ་དུ་བྱེད་པར་འགྱུར་རོ།། ཏིང་ངེ་འཛིན་འདི་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་བྱིས་པ་རྣམས་སྤྱོད་ཡུལ་མ་ཡིན་ནོ།། དེ་ལྟ་བས་ན་སངས་རྒྱས་ཀྱི་སྐུ་བྱད་ཁྱད་པར་ཅན ་རྗེས་སུ་དྲན་པ་བསྒོམ་པ་སྔར་བསྟན་པ་ཡིན་ནོ།། རྟག་ཏུ་མཉམ་པར་གཞག་པས་ཇི་ལྟ་བ་བཞིན་གྱི་སྤྱོད་ལམ་གྱིས་དེ་ལ་གཏང་བའི་ཡིད་དང་བ་བསྒོམས་ན། དེའི་ཕྱིར་རྣམ་པར་རྟོགས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་གཤེགས ་པ་ཐམས་ཅིང་སྣང་བར་འགྱུར་རོ།། དེ་དག་གིས་དེ་ལྔ་དགོངས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པས་དེ་ནམ་ཡང་ཏིང་ངེ་འཛིན་དང་བྲལ་བར་མི་འགྱུར་རོ་ཞེས་ཤེས་ནས་ཡོན་ཏན་དཔག་ཏུ་མེད་པའི ་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐོབ་པར་འདོད་པས་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ།། མི་དེའི་སེམས་ནི་ཤིན་ཏུ་མྱོས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་མ་ཡིན་པས་ནི་ཐམས་ཅད་མཁྱེན་པའི ་ཡོན་ཏན་མཐའ་ཡས་པ་ཤེས་པར་ནུས་པ་མ་ཡིན་པས་མྱོས་པར་འགྱུར་པ་སྟེ། སེམས་རྣམ་པར་གཡེངས་པ་ཉིད་འཐོབ་པར་འགྱུར་རོ།། ཕྱོགས་བཅུ་དག་ན་སེམས་ཅན་སུ་ཡོང་ནི་ཞེས་བྱ་བ་ལ་སོགས་པས་ནི་ཡོན་ཏོན་དཔག ་ཏུ་མེད་པ་ཉིད་བརྗོད་པར་བྱེད་པ་ཡིན་ནོ།། དེ་ལྟ་བས་ན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སངས་རྒྱས་ཉིད་འདོད་པས་ཇི་སྐད་གསུངས་པའི་མཚན་ཉིད་ཅན་གྱི་སངས་རྒྱས་རྗེས་སུ་དྲན་པས་བཅོམ་ལྡན་འདས་བསྒོམ་པར་བྱའོ།། འདུས་བྱས ་དང་འདུས་མ་བྱས་མཉམ་པ་ཉིད་དུ་རྟོགས་ནས་མཚན་མ་ཐམས་ཅད་དང་བྲལ་བས་མཚན་མ་མེད་པའི་རྣལ་འབྱོར་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་འཇུག་པར་འགྱུར་རོ།། ཡང་དེ་ནི་ཆོས་ཀྱི་སྐུ་ལ་ཡང་གནས ་པར་འགྱུར་རོ།། གང་ཆོས་ཀྱི་སྐུ་ལ་གནས་པ་དེ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་ནས་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུར་མཐོང་བར་འགྱུར་ཏེ། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ ་ཞེས་གསུངས་པས་སོ།། ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་པ་ཞེས་བྱ་བ་ལ་སྐུའི་རྣམ་པས་ཀྱང་རུང་། དེ་ལས་བཟློག་པས་ཀྱང་རུང་། རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པའི་རང་གི་ངོ་བོ་མཐར་ཐུག་པར་འགྱུར་ཞིང་དེ་ལ་གཞོལ་བར ་འགྱུར་བའོ།། དེ་བཞིན་དུ་སྐུ་བྱང་དེ་རྣམ་པས་སམ་ཡེ་ཤེས་དཔག་ཏུ་མེད་པ་སྟེ། ཆོས་ཀྱི་སྐུས་ཀྱང་རུང་། ལངས་པ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་དུ་སེམས་རྣམ་པར་གཡེང་བ་མེད་པས ་སངས་རྒྱས་རྗེས་སུ་དྲན་པར་སྒོམ་པར་བྱེད་པ་དེ་དག་གིས་སྨོན་ལམ་དང་འབད་པའི་སྟོབས་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ།། ཏིང་ངེ་འཛིན་འདི་ལ་གནས་པ་ནི་མཚན་མ་དང་འབད་པ་ཐམས་ཅད་བྲལ་ན་ཡང་དེ་བཞིན་གཤེགས་པ་ཡོན ་ཏན་གྱིས་བརྒྱན་པ་ཐམས་ཅད་མཐོང་པོར་འགྱུར་རོ།། བདག་དང་གཞན་གྱི་རྣམ་པར་རྟོག་པ་དང་བྲལ་བས་ང་རྒྱལ་ཡང་མི་སྐྱེའོ།། ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས་ཞེས་བྱ་བ་ལ། གང་གི་ཚེ་ནད་ཆེན་པོས་ན་ཞིང་གནོད་པར་གྱུར་པས་དེ་ལ་ནི ་འཆི་བ་ལ་ཐུག་པའི་སྡུག་བསྔལ་གྱིས་ཚོར་བས་ལུས་ལ་ཁྱབ་པར་གྱུར་པ་དེ་ལྟ་ན་ཡང་སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་མི་ཉམས་ཏེ། རྟག་ཏུ་མཉམ་པར་གཞག་པའི་ཕྱིར་དང་། ཆོས་ཉིད་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པའི་སྟོབས་ཀྱིས་སོ།། ་དེའི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་དང་ཕན་ཡོན་དཔག་ཏུ་མེད་པ་ཐོས་ནས་སངས་རྒྱས་ཉིད་ལ་འབོད་པ་བསྟན་པས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ངེས་པར་བསྒྲུབ་པའི་ཕྱིར་འབད་པར་བྱའོ།། ངས་ནི་རབ་ཏུ་བཟང་བའི་ཆོས་བཤད་ཀྱང་ཞེས་བྱ་བ་ལ ་སོགས་པ་ནི་དེ་བཞིན་གཤེགས་པ་སྟོན་པ་ཙམ། ཁྱོད་ཉིད་ཀྱི་ནི་མངོན་དུ་བྱས་ཞེས་བྱ་བར་དགོངས་པའོ།། ནང་པ་སྨན་གྱི་རྒྱལ་པ་ཐོགས་པ་དག་ཅེས་བྱ་བ་ལ་སོགས་པ་ལ། ཐོས་པ་ཙམ་གྱིས་ཉོན་མོངས་པ་མ་ལུས་པ་སྤངས་པའི་སངས ་རྒྱས་ཉིད་ཐོབ་པ་ནི་མ་ཡིན་ནོ།། དེ་ལྟ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་སྦྱིན་པ་ལ་སོགས་པ་དང་ལྡན་པའི་ཏིང་ངེ་འཛིན་བསྒོམས་པ་ལ་རྟག་ཏུ་འབད་པར་བྱའོ།། ཞེས་དེ་བཞིན་གཤེགས་པས་བརླབ་པ་བསྟན་པ་ཡིན་ནོ།། ཏིང་ངེ ་འཛིན་ཆོས་རྣམས་ཐམས་ཅད་ཀྱི་སྤྲོས་མེད་བདག་ཉིད་བསྒོམས་པ་ཡིན། མཉམ་པ་གང་དུ་མཉམ་པ།། ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། ཅེས་བྱ་བ་རོ་ཏིང་ངེ་འཛིན་གྱི་ལོའུ་སྟེ་བ་ནྡེ་པ་རྫོགས་སོ།། ། དེ་ནས་ཡང་ཞེས་བྱ ་བ་ལ་སོགས་པས་ནི་དབྱངས་བྱིན་གྱི་ལེའུ་བསྟན་པས་ཐམས་ཅད་བཏང་བར་བསྟན་པར་བྱ་བའི་ཕྱིར། མགོ་དང་གོས་ལ་མེ་འབར་བ་ལྟ་བུར་ཞེས་བྱ་བ་ལ་སོགས་པ་ལ། མགོ་དང་གོས་ལ་མེ་འབར་བ་གསོད་པ་ལ་བརྩོན་པའི་སྐྱེས་བུ་བཞིན་དུ ་ཉེ་དུའི་ཚོགས་ལ་སོགས་པ་སྤང་ཤིང་། རྒྱལ་སྲིད་ཀྱི་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པ་ཡང་སྤངས་ལ་ཁྱིམ་གྱི་གནས་ནས་ཉེ་བར་འབྱུང་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་བཏང་ལྔ་རབ་ཏུ ་འབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། གཞོན་ནུ་སྔོན་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་བྱིན་དཔེས་བྱས་ནས་དེ་དག་ཉིད་གསལ་པོར་སྟོན་ཏོ།། རིག་པ་དྲང་ཞབས་སུ་ལྡན་པོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་ཟིན་ཏོ།། ་དེ་བཞིན་གཤེགས་པོ་དེའི་ཉན་ཐོས་འདུས་པ་དང་པོ་ནི་བྱེ་བ་ཕྲག་བརྒྱད་ཅུ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་ལ་ཟག་པ་ཟད་པ་ནི་ཉོན་མོངས་པ་ཟད་པའོ།། ཁུར་བོར་བ་ནི་ཉོན་མོངས་པ་དང་། ཕུང་པོ་དང་། དམ་བཅས་པ་དང་། བརྩོན ་འགྲུས་ཀྱི་ཁུར་རྣམས་དང་བྲལ་བའོ།། རང་གི་དོན་རྗེས་སུ་ཐོབ་པ་ནི་དེ་བཞིན་གཤེགས་པས་བསྟན་པའི་ལམ་བསྒོམས་པའི་སྟོབས་ཀྱིས་རང་གི་དོན་མངོན་པར་རྟོགས་པ་ཐོབ་པའོ།། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ་ནི་མ ་རིག་པ་ལ་སོགས་པ་སྲིད་པར་སྦྱོར་བ་དགུ་ཡོངསུ་ཟད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་དག་པའི་བཀས་སེམས་རྣམ་པར་གྲོལ་བ་ནི་གང་གི་སེམས་རྣམ་པར་གྲོལ་བ་དང་། ཤེས་རོབ་རྣམ་པར་གྲོལ་བའོ།། ཡང ་དག་པའི་ལམ་བསྒོམ་པས་གང་ལ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སེམས་ཐམས་ཅད་ལ་དབང་ཐོབ་པ་ནི་གང་དག་གིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བས་རང་གི་སེམས་ལ་དབང་ཐོབ་པས ་འདུས་པར་གྱུར་པ་ཞེས་བྱའོ།། དེ་བཞིན་དུ་འདུས་པ་གཉིས་པ་ལ་ནི་བྱེ་བ་ཕྲག་བདུན་ཅུའོ།། འདུས་པ་གསུམ་པ་ལ་ནི་བྱེ་བ་བྲག་དྲུག་ཅུའོ།། བྱང་ཆུབ་སེམས་དཔའ་ཡང་གྲངས་མེད་པ་ལུས་པར་གྱུར་ཏེ། དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས ་བྱ་བ་ལ་སོགས་པས་ནི་འཁོར་ཕུན་སུམ་ཚོགས་པ་ཤིན་ཏུ་ཆེ་བར་བསྟན་པ་ཡིན་ནོ།། དེའི་ཚེ་བཅོམ་ལྡན་འདས་དེའི་ཚེའི་ཚད་ནི་ལོ་བཞི་ཁྲིར་གྱུར་ཏོ་ཞེས་བྱ་བ་ནི་དུས་ཆེན་པོར་བསྟན་པའོ།། འཛམ་བུའི་གླིང་འདི་འབྱོར་པ་ནི་ནོར་ཕུན་སུམ ་ཚོགས་པའོ།། རྒྱས་པ་ནི་ཤིན་ཏུ་རྒྱ་ཆེ་བའོ།། བདེ་བ་ནི་ནང་ལ་སོགས་པ་མེད་པའོ།། ལོ་ལེགས་པ་ནི་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པའོ།། སྐྱེ་བོ་ཐམས་ཅད་ཀྱི་ཡི་དགའ་བ་ནི་དགའ་བར་བྱ་བའོ།། ཉམས་དགའ་བ་ནི་བདུད་ལ་སོགས་པས་གནོད ་པ་མེད་པའོ།། སྐྱེ་བོ་དང་མི་མང་པོས་གང་བ་ཞེས་བྱ་བ་ནི་གནོད་པ་ཅི་ཡང་མེད་པར་བསྟན་པ་ཡིན་ནོ།། དེའི་ཚེ་འཛམ་བུའི་གླིང་འདིར་རྒྱལ་པོ་གཉིས་བྱུང་བར་གྱུར་ཏེ། སྟོབས་བསྟན་དང་། སྟོབས་ཚན་ཞེས་བྱ་བས་ཕྱེད་ལ་དབང་བྱེད་པར་གྱུར་ཏོ།། ་དེ་ལ་སྟོབས་ཆེན་དབང་བྱེད་པའི་ཕྱོགས་དེར་དེ་བཞིན་གཤེགས་པ་དབྱངས་བྱིན་བྱུང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་དབྱངས་བྱིན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ། ཉེ་བར ་མཁོ་བ་ཐམས་ཅད་ལ་རྒྱལ་པོ་དེ་འཁོར་དང་བཅས་པ་དེས་བསོད་སྙོམས་ལ་སོགས་པ་ལ་ཇི་ལྟར་བདེ་བར་ལོངས་སྤྱོད་པའི་ཕྱིར་སྤྱན་དྲངས་སོ།། དེ་ནས་དེ་བཞིན་གཤེགས་པ་དེས་རྒྱལ་པོ་དེ་འཁོར་དང་བཅས་པ། ལ་ཚུལ་ཁྲིམས་དང་། གསོ ་སྦྱོང་ལ་སོགས་པའི་རིམ་གྱིས་ཤིན་ཏུ་རྣམ་པར་དག་པ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པའི་ཕྱིར་ཆོས་བསྟན་ཏོ།། ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ཡིན་ནོ།། འདི་དག་ཉིད་ཀྱི་དོན ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པ་ནི་སྔ་མ་བཞིན་ནོ།། སྦྱིན་པ་རབ་སྦྱིན་གཅིག་ལ་གཅིག་བརྟེན་པ། ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་ཀྱི་ཕྱིར་བྱིན་པ་དེ་བཞིན་གཤེགས་པས་མ་བསྔགས་ཏེ། སངས་རྒྱས་ཉིད་ཀྱི་ཕྱིར་སྒྲུབ ་པའི་མཆོད་པ་གཙོར་བྱེད་པས་གང་དག་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་ཆོས་སྟོན་པར་བྱེད་པའི་ཆོས་ཀྱི་སྦྱིན་པ་ཉིད་ནི་སངས་རྒྱས་ཉིད་ཐོབ་པོར་བྱེད་པའི་ཕྱིར་གཙོ་བོ་ཡིན་ནོ།། ཟང་ཟིང་མེང་པའི་ཆོས་ལ་བརྟེན་པ་ནི་ཞེས ་བྱ་བ་ལ་སོགས་པ་ལ། དོན་ཆེན་འགྱུར་ཞེས་བྱ་བ་ནི་དོན་ཆེན་པོ་སངས་རྒྱས་ཉིད་ཐོབ་པར་གྱུར་རོ།། ཞེས་བྱ་བའི་དོན་ཏོ།། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་བྱིན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ནི་མྱུར་བ ་ཉིད་དུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་འདྲ་དེ་དག་མྱུར་དུ་སངས་རྒྱས་འགྱུར་ཞེས་བྱ་བའོ།། བཟློག་པའི་སྒོ་ནས་དབེན་པ་བསྟེན་པ་གཙོར་བསྟན་པོའི་ཕྱིར། འདོད་པ་དག་ལ་རབ་ཏུ་སྟེན་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། བུ་དང་བུ་མོ་དང་ཆུང་མ་དང་ཉེ་དུ་ལ་སོགས་པའི་སྲེད་པ་དང་ལྡན་པས་འདོད་པ་ལ་རབ་ཏུ་བསྟེན་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བ་ནི་གནས་མེད་དོ་ཞེས་བསྟན་པ་ཡིན་ནོ།། དེ་འདྲའི ་སངས་རྒྱས་གང་ཡང་སྔོན་མ་བྱུང་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་གང་ཡང་ཁྱིམ་པ་ཉིད་དུ་གྱུར་ནས་བུ་དང་བུ་མོ་དང་ལྡན་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་འམ། མ་འོངས་པའམ། ད་ལྟར་ཡང ་ཉོན་མོངས་ཅན་དང་། ཉོན་མོངས་པ་མེད་པའི་གནས་སྐབས་ནི་འགལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ།། རྒྱལ་སྲིད་ལ་སོགས་པ་སྤངས་ཤིང་ཟག་པ་དང་བཅས་པའི་ཉོན་མོངས་པ་རབ་ཏུ་སྤངས་ནས་ཉོན་མོངས་པའི་བདུད་ལ་སོགས་པ ་ཐམས་ཅད་ལས་ངེས་པར་རྒྱལ་ཏེ་བླ་ན་མེད་པའི་བྱང་ཆུབ་འདུས་མ་བྱས་པ་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བ་ནི་ངེས་པར་ཡིན་ནོ།། དེ་ལྟ་བས་ན་བཟའ་བ་དང་བཏུང་བ་ལ་སོགས་པ་ཉེ་བར་མཁོ་བ་ཐམས་ཅད་ཀྱི་མཆོད་པ་ཐམས ་ཅད་ཀྱིས་དེ་བཞིན་གཤེགས་པ་མཉེས་པར་མི་འགྱུར་གྱི་ཇི་ལྟར་རབ་ཏུ་བྱུང་ནས་ཚངས་པར་སྤྱོད་པ་བསྲུང་བ་ལ་མངོན་པར་སྦྱོར་བསྡུ་རྟག་པ་ཉིད་དུ་འདུས་བྱས་ཐམས་ཅད་ལ་རབ་ཏུ་རྟོག་པ་ལ་གཅིག་ཏུ་གཞོལ་བས་དགོན་པར་ཕྱོགས ་ཏེ། གོམ་པ་བདུན་བོར་ན་སྔ་མ་དེ་བས་བསོད་ནམས་འདི་ཁྱད་པར་དུ་འཕགས་སོ་ཞེས་རྒྱ་ཆེར་འབྱུང་ངོ་།། དེ་ལྟ་བུའི་རབ་ཏུ་བྱུང་བའི་བསྔགས་པ་བརྗོད་པའི་གཏམ་རྒྱ་ཆེར་ཐོས་པ་དང་། གང་གི་ཕྱིར་བདག་ཀྱང་སྒྲ་དང་ཁ་སྤུ་བྲེགས་ཏེ ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་ཞེས་བསོམས་ནས། འཁོར་དང་བཅས་པར་དེ་བཞིན་གཤེགས་པའི་དྲུང་དུ་སོང་སྟེ་ཕྱིན་ནས་རབ་ཏུ་བྱུང་བར་གྱུར་ཏོ།། དེ་དེ་ལྟར་རབ་ཏུ་བྱུང་ནས་ཏིང་ངེ ་འཛིན་འདི་བཟུང་སྟེ། དེ་དགེ་བའི་རྩ་བ་དེས་ངན་འགྲོ་ཐམས་ཅད་དུ་ལྟུང་བ་ཐམས་ཅད་བྲལ་བར་གྱུར་ཏོ།། སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་ལ་བསྙེན་བཀུར་བྱས་སོ།། དེ་དག་ལས་ཏིང་ངེ་འཛིན་འདི ་ཐོས་སོ།། གཟུང་ངོ་།། བསྒོམས་སོ།། དགེ་བའི་རྩ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཡེ་ཤེས་དཔའ་བ་ཞེས་བྱ་བར་གྱུར་ཏོ།། དེས་སེམས་ཅམ་པཀ་མེད་པ ་རྣམས་ཀྱི་དོན་བྱས་ཏེ། མྱ་ངན་ལས་འདས་པས་འདུལ་བའི་སྐྱེ་བོ་འདུལ་བའི་ཕྱིར་ཕྱིས་སངས་རྒྱས་ཀྱི་མྱ་ངན་ལས་འདས་པས་མྱ་ངན་ལས་འདས་སོ།། རྒྱལ་པོ་སྟོབས་ཆེན་དང་ལྷན་ཅིག་དེ་བཞིན་གཤེགས་པ་དབྱངས་བྱེ ་གྱི་དྲུང་དུ་འོངས་པའི་འཁོར་དེ་དག་གིས་ཀྱང་ཏིང་ངེ་འཛིན་འོད་ཐོས་ནས་དེ་བཞིན་དུ་རབ་ཏུ་བྱུང་བར་གྱུར་ཏོ།། རབ་ཏུ་བྱུང་ནས་ཀྱང་ཏིང་ངེ་འཛིན་འདི་རྒྱ་ཆེར་ཐོས་ཤིང་ཀུན་ཆུབ་པར་བྱས་ནས་བསྐལ་པ་འབུམ་ཚོང་བ་དང ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཐུགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་དཔའ་བརྟན་ཞེས་བྱ་བ་ཤུ་སྟག་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་དུ་སེམས་ཅན་གྱི་དོན་བྱས་ནས་ཡོངས་སུ་མྱ་དུན་ལས ་འདས་སོ་ཞེས་བྱ་བ་འདི་དག་གིས་ནི་ཏིང་ངེ་འཛིན་སྒོམ་པའི་རྗེས་སུ་མཐུན་པ་ནི་རབ་ཏུ་བྱུང་བ་ཉིད་ཡིན་ནོ་ཞེས་དགོས་པ་བསྟན་ཏོ།། ཁྱིམ་དང་ཆུང་མ་ལ་སོགས་པ་ཡོངས་སུ་གཏོང་བ་ཡང་འདིའི་རྒྱུ་ཡིན་ནོ།། དེ་ནས་དེའི་ཚེ་ཞེས་བྱ ་བ་ལ་སོགས་པས་ནི་སྔོན་གྱི་སྦྱོར་བའི་ལེའུ་ཚིགས་སུ་བཅད་པས་ཡང་དག་པར་རབ་ཏུ་བསྟན་ཏོ།། ཞེས་བྱའོ།། དགོས་པ་ནི་སྔར་བསྟན་པ་བཞིན་དུ་གཟུང་བར་བྱའོ།། ངས་དྲན་བསམ་གྱིས་མི་ཁྱབ་བསྐུལ་པ་ན།། འདས་པའི ་དུས་ན་མི་ཡི་གཙོ་བོ་ནི།། ཞེས་བྱ་བུ་ལ་སོགས་པས་ནི་སྔོན་གྱི་དུས་ན་ཉམས་སུ་མྱོང་བ་བསྟན་ཏོ།། བསམ་གྱིས་མི་ཁྱབ་བསྐལ་པ་ཞེས་བྱ་བ་ནི་གྲངས་ལས་འདས་པ་ཉིད་ཀྱི་ཕྱིར་བསམ་པར་མི་ནུས་པའོ།། བསམ་གྱིས་མི་ཁྱབ ་པའི་བསྐལ་པ་འདས་པའི་དུས་དྲོའི་ཚེ། དེ་བཞིན་གཤེགས་པ་དབྱངས་ཀྱིས་བྱིན་ཞེས་པ་ཞེས་བྱ་བ་ལ་སོགས་པས་ནི་ལྷག་པའི་གཞུང་གི་དོན་བསྟན་པ་ཉིད་ཚིགས་སུ་བཅད་པས་སྟོན་པ་ཡིན་པས་རྟོགས་སླ་བའི་ཕྱིར་མ ་བཤད་དོ།། སྔོན་གྱི་སྦྱོར་བའི་ལེའུའི་གཞུང་ནི་དོན་གྱིས་རྣམ་བརྒྱན་པ། ཐུབ་པའི་དབང་པོའི་འགྲོ་བ་རྟོགས་པའི་བྱང་ཆུབ་སེམས་དཔས་བསྟན། བསྒོམ་པའི་དོན་དུ་སེམས་ཀྱིས་ཐམས་ཅད་གཟུང་བྱས་ནས། དེའི་ཕྱིར་མི ་ལུས་སེམས་ཀྱི་དེ་བཞིན་བཟུང་ལ་བསྒོམ་ཞེས་བྱའོ།། དབྱངས་བྱིན་གྱི་ལེའུ་སྟེ་ལྔ་པའི་འགྲེལ་པ་རྫོགས་སོ།། །། ཇི་སྐད་གསུངས་པའི་ཏིང་ངེ་འཛིན་ངེས་པར་བསྒྲུབ་པའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་སྦྱོ ་བའི་ལས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངསོ་སོ།། དེ་ལ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་གང་ཞེ་ན། ཞེས་བྱ་བས་ནི་ཡོངས་སུ་སྦྱོང་བ་ལ་རྨོངས་པ་གསལ་བའི་ཕྱིར་དྲིས་པའོ།། གཞོན་ནུ་འདི་ལ་ཞེས་བྱ་བ་ལ ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ཐམས་ཅད་སྟོན་པར་རློམ་པ་ཡིན་ནོ།། སྙིང་རྗེ་ཆེན་པོ་ལ་ཞུགས་པའི་སེམས་ཀྱིས་ཞེས་བྱ་བས་ནི་གཞན་གྱི་དོན་ལ་ཞུགས་པ་ནི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས ་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་བཞུགས་པ་འམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་ཞེས་བྱ་བ་ནི་ཐམས་ཅད་དུ་བསམ་པས་རབ་ཏུ་བསྒྱུར་བས་མཆོད་པ་དེ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ།། མཆོད ་པི་བྱ་བ་ལ་བརྩོན་པ་ཡིན་ཏེ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། ཞེས་བྱ་བ་ལ་སོགས་པ་ལ། མཆོད་པ་དང་བསྙེན་བཀུར་ལས་བྱུང་བའི་རྩ་བ་དེ་དག་ཀྱང་ཏིང་ངེ་འཛིན་ཐོབ་པར ་ཡོངས་སུ་བསྔོའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་ནི་སངས་རྒྱས་ཉིད་ཀྱང་འཐོབ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ནི་འདོད་པ་ཡོངས་སུ་སྤྱོད་པ་འམ། མཐོ་རིས་ལ་སོགས་པ་ཆོས་ཅུང་ཟད་ཙམ་འདོད་པས་དེ་བཞིན ་གཤེགས་པ་ལ་མཆོད་པ་མ་ཡིན་ནོ།། ཆོས་སེམས་པར་འགྱུར་གྱི་གཞན་སེམས་པ་མ་ཡིན་ནོ།། དེ་འདོད་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་མི་དམིགས་པ་སྟེ། མངོན་པར་ཞེན་པའི་གནས་མ་ཡིན་པའི་ཕྱིར་རོ།། ཡང་དེ ་གཟུགས་ཀྱི་སྐུར་ལྟ་ག་ལ་ཞིག་དམིགས་པར་འགྱུར་ཞེས་བྱ་བ་ཡིན་ནོ།། ཆོས་ཉིད་ལ་ནན་ཏན་བྱེད་པ་ནི་དོན་དམ་པའི་ཆོད་པ་སྟེ། དེ་བཞིན་གཤེགས་པ་མི་མཐོང་བ་དང་། བདག་ཉིད་མི་དམིགས་པ་དང་། རྣམ་པར་སྨིན་པ ་གཞན་ལ་མི་རེ་བ་ཞེས་བྱ་བ་འདི་ནི་འཁོར་གསུམ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པའི་མཆོད་པའོ།། མཆོད་པ་འདིས་དེ་བཞིན་གཤེགས་པ་མཆོད་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་ཅིང་མྱུར་དུ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པར་ནི་ངེས་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། དོན་འདི་དག་ཉིད་ཚིགས་སུ་བཅས་པས་གསུངས་པ་ནི་ཆགས ་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ་སྡེ་མ་བཞིན་ནོ།། ཡེ་ཤེས་མཐའ་ཡས་པ་ལ་སྤོས་ཕུལ་བས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་མཐའ་ཡས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས ་པ་དེ་ལ་དྲི་ཕུལ་པོ་ཉིད་ཀྱིས་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པར་འགྱུར་རོ།། འཁོར་གསུམ་ཡོངས་སུ་དག་པོའི་དྲིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དེས་ནི་ཡེ་ཤེས་ཀྱི་རང་གཞན་རྗེས་སུ་མཐུན་པའི་བཟོད་པ ་ཆུང་ངུ་སྐྱེ་བར་འགྱུར་རོ།། བཟོད་པ་ཆེན་པོ་བསྟེན་པའི་མི་དེ་ལ་ནི་མི་ཡིས་ཁས་ཚད་ཙམ་དུ་བཅད་གཏུབས་ཀྱང་ཞེས་བྱ་བ་ནི་ཁམས་ཚད་ཙམ་དུ་བཅད་ཅིང་གཏུབས་ནས་ལུས་དུམ་བུར་བྱས་ཀྱང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ ་སྙིང་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་དེའི་སེམས་ལྡོག་པར་མི་འགྱུར་ཏེ། བཅད་བྱ་དང་གཅོད་པ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ།། ཅིའི་ཕྱིར་ན་བཟོད་པའི་མིང་དུ་གདགས་ཞེས་བྱ་བས་ན ་བཟོད་པ་ལ་འཇུག་པའི་ཕྱིར་རྒྱུ་གླང་གིས་བཟོད་པ་ཞེས་བྱ་ཞེས་དྲིས་པ་ཡིན་ནོ།། ཇི་ལྟ་རྗེས་སུ་མཐུན་པ་ཞེས་ཀྱང་བྱ།། གང་གི་རྒྱུས་ན་ཕྱིར་མོ་ལྡོག་ཅེས་བྱ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས ་ཀྱང་བརྗོད་ཅེས་འདྲི་ན། ཆོས་བདག་མེད་པ་ལ་སེམས་ཀྱིས་འདོད་ཅིང་བཟོད་པ་ནི་རྗེས་སུ་མཐུན་པའི་བཟོད་པ་སྟེ། ཐེ་ཚོམ་ཐམས་ཅད་སྤངས་ནས་སངས་རྒྱས་ཀྱི་ཆོས་རྟོགས་པ་ལ་རྗེ་སུ་ཕན་པའི་ཕྱིར་རོ།། དེའི་ཕྱིར་རྗེས་སུ་མཐུན ་པའི་བཟོད་པ་ཞེས་བརྗོད་དོ།། དེ་ལྟ་བུའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས་དེ་ཕྱིར་ཟློག་པོའི་ཕྱིར། ཚིག་འདི་སྐད་སྨྲའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ནི་ཤིན་ཏུ་རྙེད་པར་དཀའ་ཡིས་དེའི་ཕྱིར་ཉན་ཐོས་ཉིད་དུ་འབྱུང་བར་གྱིས་ཤིག་ཅེས་སླ་ཡང་དེ་ཕྱིར་ལྡོག་པར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཞེས་བྱ་བའི་སྒྲ་ལ་འཇུག་པའི་ཕྱིར། སེམས་ཅན་མི་མཐུན་པ་ལྔ་ལས་རྟོགས།། ་བྱེད་ཅིང་ཞེས་བྱ་བ་ལ། འཇིགས་ཚོགས་ལ་ལྟ་བ་སྔོན་དུ་སོང་བའི་ལྟ་བ་དྲུག་ཅུ་རྩ་གཉིས་ནི་ལམ་ངན་པ་སྟོན་པའི་ཕྱིར་མེ་མཐུན་པའི་ལྟ་བ་ཞེས་བྱའོ།། དེ་ལས་གཟོག་པའི་ཕྱིར་ཡང་དག་པའི་ལམ་སྟོན་པར་བྱེད་པའི་ཆོས་ཐམས་བཅད ་བདག་མེད་པ་སྟོན་པར་བྱེད་པའི་ལྟ་བ་ཞེས་བྱ་བས་སེམས་ཅན་རྣམས། རྟོགས་པར་བྱེད་ཅིང་ཞེས་བྱ་བ་ནི་སྒྲུབ་ཏུ་འཇུག་པའོ།། མི་འཆི་ཐོབ་པོའི་ལམ་ནི་འདི་མིན་ཞེས་ཞེས་བྱ་བ་ལ། དེ་ལྟ་བུའི་ལྟ་བ་ལོག་པ་ལྟུང་བའི་ལམ་ལས ་བཟློག་ནས་སེམས་ཅན་རྣམས་བདུད་རྩི་ཐོབ་པའི་ལམ་ལ་འཇོག་པར་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་བཞིན་དུ་རྗེས་སུ་མཐུན་པའི་བཟོད་པ་དང་ལྡན་པའི་ལམ་ལ་རབ་ཏུ་ཞུགས་པ་ཆོས་ཀྱི་རང་བཞིན་བདག་མེད ་པར་རྟོགས་པ་ལ་སེམས་ཅན་དང་། སྲོག་ལ་སོགས་པར་ལྟ་བ་རྨི་ལམ་གྱི་ནང་དུ་ཡོང་འབྱུང་བར་མི་འགྱུར་རོ།། བདུད་རྣམས་བྱེ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་སངས་རྒྱས་ཀྱི་གཟུགས་སུ་དེ་དག་གི་དྲུང་དུ་འོངས་ནས་སེམས་ཅན་དང ་སྲོགས་པ་ནི་ཡོད་དོ།། ཞེས་སྨྲ་ན་ཡང་དེ་དག་ལ་གཡོ་བ་མེད་པའི་སེམས་ཀྱིས་ལན་འདི་སྐད་འདེབས་པར་བྱེད་དོ།། ཆེད་མ་དང་ལྡན་པའི་ཡེ་ཤེས་པས་བདག་མེད་པར་རྟོགས་པའི་སྟོབས་ཀྱི་སེམས་ཅན་དང་སྲོག་ལ་སོགས་པ ་མེད་པར་ཡང་དག་པར་རྟོགས་སོ་ཞེས་སྨྲའོ།། ཁྱོད་ནི་སངས་རྒྱས་ཀྱང་མ་ཡིན་ཏེ། ལམ་ལོག་པར་སྟོན་པའི་ཕྱིར་སེར་སྐྱ་ལ་སོགས་པ་མུ་སྟེགས་པ་བཞིན་ཏེ། བདུད་ཉིད་ངའི་སེམས་བསླུ་བའི་ཕྱིར་སངས་རྒྱས་ཀྱི་གཟུགས་སུ ་འོངས་པ་ཡིན་ནོ།། ཞེས་ཟེར་རོ།། ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་སོགས་པ་དང་བྲལ་བའི་ཕུང་པོ་ལྔ་སྟོང་པར་ཤེས་པའོ།། ཤེས་ནས་ཉོན་མོངས་པ་རྣམས་དང་མི་འགྲོགས ་ན་ཅི་ལྟར་ན་འཇིག་རྟེན་པ་ལ་བྱང་ཆུབ་སེམས་དཔར་གྲགས་ཤེ་ན། ཐ་སྙད་ཙམཽ་གྱིས་རྣམ་པར་དཔྱོད་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་ཙམ་ཡིན་པས་དོན་གྱིས་སྟོང་ངོ་།། ཐ་སྙད་ནི་དོན་དམ་པ་མ་ཡིན་ཏེ། མྱ ་ངན་ལས་འདས་ན་ཡང་འཇིག་རྟེན་གྱི་ཐ་སྙད་དུ་མྱ་ངན་ལ་མཱ་འདས་པ་བཞིན་དུ་ཐ་སྙད་དུ་བྱེད་དོ་ཞེས་བྱ་བར་དཔེས་བསྟན་པའི་ཕྱིར། ཇི་ལྟར་སྐྱེས་བུ་དག་གི་བུ་སྐྱེས་ནས་ཞེས་བྱ་བ་ལ་སོགས་པ་ལ། ་ཇི་ལྟར་སྐྱེས་བུ་འགའ་ཞིག་ལ་བུ་ཞིག་སྐྱེས་ལ་ལྷ་སྦྱིན་ལ་སོགས་པར་མིང་བཏགས་པའི་མིང་དེ་ནི་གང་ནས་ཀྱང་འོངས་པ་མེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་མོང་བཏགས་པ་དེ་ཡོང་གང་ནས་ཀྱང་མ་འོངས་ཏེ། སྒྲོ་བཏགས ་པ་འབའ་ཞིག་ཏུ་ཟད་དོ།། དེ་བཞིན་དུ་ཕུང་པོ་ལ་སོགས་པའི་རང་གི་ངོ་བོ་གང་ངོ་བོ་ལ་ངེས་པར་བརྟགས་ཤིང་བྱང་ཆུབ་སེམས་དཔའ་སེམས་ཅན་དྲང་སྲོག་ལ་སོགས་པ་བརྟགས་པ་ན་དམིགས་པར་མི་འགྱུར་ཏེ། དེ་ཉིད་བྱང་ཆུབ་སེམས ་དཔའ་ཡིན་གྱི་གཞན་མ་ཡིན་ནོ།། རྒྱ་མཚོའི་དབུས་ན་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་མཚོ་ཆེན་པོའི་དབུས་སུ་མེ་འབོར་བ་འབྱུང་བ་ནི་སྲིད་ཀྱང་བྱང་ཆུབ་སེམས་དཔའ་ནི་ནམ་ཡང་འཇིག་ཚོགས་ལ་ལྟ་བ་འམ། སྲོག་ལ་སོགས་པར་ལྟ་བ ་འབྱུང་བ་མ་ཡིན་ནོ།། འདི་ལ་གང་ཡང་སེམས་ཅན་ནོམ། སྐྱེ་བ་འམ། འཆི་བ་འམ། རང་བཞིན་གྱིས་གྲུབ་པ་ནི་མེད་དོ་ཞེས་བསམས་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ངོ་བོ་ཉིད་ཀྱིས་སྟོང་པའོ།། ཞེས་གང་གིས་རྟོགས་པ་དེ་ལ ་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ལྟ་བུར་གྱུར་པའི་ཆོས་རྣམས་ཀྱི་རང་བཞིན་རྟོགས་པ་ནི་གཞན་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མུ་སྟེགས་ཅན་གྱིས་རྣམ་པར་རིག་མི་ནུས་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་ཚོགས ་ཀྱི་ལྟ་བ་ལ་མངོན་པར་ཞེན་པའི་མུ་སྟེགས་པ་རྣམས་ཀྱིས་ཤེས་པར་མི་ནུས་པའོ།། མུ་སྟེགས་པ་མ་ཡིན་པ་རྣམས་ལས་ལས་ཀྱང་ཁ་ཟས་ལ་སོགས་པ་ལ་ཤིན་ཏུ་བསྐམ་པ་དང་། ཆགས་པ་ཆེ་བ་དང་ལྷུང་བཟེད་དང་ཆོས་གོས་ལ་སྲེད ་པཱ་དང་། མི་བརྟན་པ་དང་། ཁེངས་སེམས་ཅན་དང་། སྙོམས་ལས་དང་། གཉིད་ཀྱིས་ཟིལ་གྱིས་མནན་པ་དང་། ལེ་ལོ་ལ་སོགས་པ་མངོན་པར་རྟོགས་པ་དང་འགལ་བ་ཡིད་ལ་བྱེད་པ་རྣམས་ཀྱིས་བྱང་ཆུབ་རྟོགས་པར་འགྱུར་བ་མ ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། གང་དག་སྤྱོད་ཡུལ་དྲན་པ་ཉེ་བར་གཞག་ཅེས་བྱ་བ་ལ་སོགས་པས་ནི་རྟོགས་པ་དང་རྗེས་སུ་མཐུན་པའི་རྒྱུ་བསྟན་ཏེ། དྲན་པ་ནི་ཏིང་ངེ་འཛིན་ནོ།། གཞིག་པ་ནི་སེམས་རྣམ་པར་མི་གཡོ་བའོ།། དགའ་བ་ནི ་རབ་ཏུ་དགའ་བ་སྟེ་མལ་ལོ།། སྟོང་པ་ཉིད་ཀྱི་གོས་ཀྱིས་གཡོགས་པ་དང་། ཟས་ནི་བསམ་གཏན་གྱིས་བདུད་རྩིའོ།། ཆོས་ཐམས་ཅད་བདག་མེད་པའི་དྲི་ཡིས་རྗེས་སུ་བྱུགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་ཕྲེང་བའི་རྒྱུན་གང ་ལ་ཡོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། དེ་ཕྱིར་བདག་མེད་ཡོན་ཏན་ཆུ་བོའི་གཏེར་གྱུར་པ།། རྫོགས་པའི་བྱང་ཆུབ་སེམས་ཀྱིས་བརྒྱན་ཅིང་སྟོང་པས་ཁྱབ།། དོན་གྱི་སྙིང་པོ་རྟོགས་ནས་བློ་གྲོས ་མཐའ་ཡས་སངས་རྒྱས་ཀྱི།། བསམ་གཏན་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་རྒྱུ་ཡང་གསུངས།། ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱ་བའི་ལེའུའི་བཤད་པ་སྟེ་དྲུག་པ་རྫོགས་སོ།། ། ད་ནི་སྡུག་བསྔལ་དང་དུ་ལེན་པ་དང་།། ་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་པར་རྟོག་པའི་དབྱེ་བས་བཟོད་པ་རྣམ་པ་གསུམ་གྱི་ལེའུ། བཟོད་པ་གསུམ་གྱི་ཡེ་ཤེས་ལ་མཁས་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེས་བཟོད་པ་དང་པོ་དང་། གཉིས་པ་དང་། གསུམ་པ་རབ་ཏུ་ཤེས་པར་བྱ་སྟེ།། ཞེས་བྱ་བ་ནི་ཁྱད་པར་ཤེས་པར་བྱ་བའོ།། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་བཟོད་པ་གསུམ་གྱི་ལེའུ་ལོ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང ་བ་ལ་འབད་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། བཟོད་པ་གསུམ་གྱིས་རང་གི་ངོ་བོ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་པ་ནི་སུ་དག་དང་། ཡང་རྩོད་པར་མི་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། གང་དང་ཡང་རྩོད་པར་མི་བྱེད་ཅེས་བྱ་བ་ནི་འཐབ ་ཅིང་རྩོད་པ་སྤངས་ནས་ཆོས་ཉིད་ཀྱིས་རྗེས་སུ་འབྲང་བས་ནི་ཐམས་ཅད་བཟོད་པའོ།། འདི་དག་བཟོད་པ་དང་པོར་བསྟན་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། བཟོད་པ་དང་པོའི་རང་གི་ངོ་བོ་རྟོགས་པ་ཐོབ་པ་ཡིན་ནོ་ཞེས་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ།། བཟོད་པ་དང་པོའི་རབ་ཏུ་དབྱེ་བའི་ཁྱད་པར་བསྟན་པའི་ཕྱིར། ཆོས་ཐམས་ཅད་སྒྱུ་མ་འདྲར་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བཟོད་པའི་མཚན་ཉིད་ཅན་གྱི་བཟོད་པ་མཚན་མ་སྤངས་པ་ངོ་ནི ་མདོ་སྡེའི་ཚུལ་ཐམས་ཅད་ལ་ཡང་མཁས་ཤིང་ལེགས་པར་བརླབས་པས་ཐེ་ཚོམ་ཐམས་ཅད་དང་བྲལ་བས་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ལ་དེ་མོས་པར་འགྱུར་རོ།། དེ་ནས་ངེས་པའི་དོན་དེ་དང་དྲང་བའི ་དོན་གྱི་མདོ་སྡེའི་རྣམ་པར་དབྱེ་བས་ཤེས་པར་འགྱུར་ཏེ། གང་སྟོང་པ་ཉིད་སྒྲུབ་པར་བྱེད་པ་དེ་ནི་ངེས་པར་དོན་ཏེ་བཤད་པ་ལ་བལྟོས་པ་མེད་པའོ།། གང་ཡང་གང་ཟག་ལ་སོགས་པ་སྟོན་པར་བྱེད་པ་ནི་དྲང་བའི་དོན་ཏེ་བཤུད་དུ་ཡོད་པའོ།། དེའི་ཕྱིར ་མཉམ་པ་ཉིད་མཐོང་བ་རྣམས་ནི་མུ་སྟེགས་པ་དེ་དག་ལ་ཡང་སེམས་སྡང་བ་མི་བསྐྱེད་ལ། ཡང་དག་པ་ཞུགས་པ་རྣམས་ལ་ཡང་རྗེས་སུ་མི་ཆགས་སོ།། དེ་ནས་གཟུགས་རྣམ་པ་བཞིའི་ངོ་བོ་ཉིད་སྣང་བར་འགྱུར་རོ།། དེ་བདེན་པའི་རྗེས་སུ ་འབྲང་བའི་ཚིག་སྨྲ་བར་འགྱུར་རོ།། ས་ལ་སོགས་པའི་འབྱུང་བ་རྣམས་གཞན་དུ་འགྱུར་ཡང་སྲིད་ཀྱི། འདི་ལྟ་བུའི་བཟོད་པ་དང་ལྡན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་མི་འགྱུར་རོ།། དེ་ལྟར་བཟོད་པ་དང་པོའི ་ཁྱད་པར་བསྟན་ནས། ཞི་གནས་སྟོབས་ཀྱིས་བསྐྱོད་པ་མེད་གྱུར་ཅིང་ཞེས་བྱ་བ་ལ་སོགས་པས་ནི་བཟོད་པ་གཉིས་པའི་ཁྱད་པར་བསྟན་ཏེ། གང་གི་ཚེ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སེམས་གཡོ་བ་མེད་པར་གྱུར་ཅིང་ཤེས་རབ་ཀྱི་སྟོབས་ཀྱིས་སེམས ་འཁྲུགས་པ་མེད་པར་གྱུར་པ་ན་དེའི་ཚེ། བཟོད་པ་གཉིས་པའི་ཁྱབ་པར་ཐོབ་པ་ཡིན་ནོ།། ཞེས་བསྟན་ཏོ།། སེམས་ཅན་ཀུན་གྱིས་འཁྲུགས་པར་མི་ནུས་ཏེ།། ཞེས་བྱ་བ་ནི་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའི་བདག་ཉིད་ཅན ་དུ་གྱུར་པ་དང་། རང་དང་གཞན་དུ་རྟོགས་པ་དང་བྲལ་བའི་ཕྱིར། སྤྱོད་ལམ་རྣམ་པ་བཞི་ཅར་ལ་ཡང་སེམས་གཡོ་བ་མེད་པར་གྱུར་པ་ན་མཉམ་པར་བཞག་པ་ཉིད་ཀྱིས་འགྲེང་ངམ་འདུག་གམ་འགྲོ་འམ། ཉལ་ཡང་རུང་། སྒྲ་ཡང་རུང་བཟོད ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་མངོན་པར་ཤེས་པ་ལྔ་བསྒྲུབས་ནས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ན་གནས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར། རྫུ་འཕྲུལ་གྱིས་འགྲོ་ཞིང་དེས་ང་རྒྱལ་ཡང་མི་བྱེད ་ལ་དེ་ལས་ཉམས་པར་ཡང་མི་འགྱུར་ཏེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་གྱུར་ནས། སྒོ་སྣ་ཚོགས་ནས་ཆོས ་སྟོན་པར་གྱུར་ཀྱང་དེས་དེ་དག་ཐམས་ཅད་དེ་བཞིན་དུ་འཛིན་ཅིང་གཞན་དག་ལ་ཡང་བསམས་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་བྱས་ནས་འདུལ་བར་བྱེད་དོ་ཞེས་བྱ་བ་ནི་བཟོད་པ་གཉིས་པའི་ཁྱད་པར་ཡིན་ནོ་ཞེས་བྱ ་བྱ་སྟེ། ཡོན་ཏན་ཞེས་བྱ་བའི་དོན་ཏོ།། བཟོད་པ་གསུམ་པའི་ཁྱད་པར་བསྟན་པའི་ཕྱིར། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་དང་། ་ཕྱོགས་མཚམས་རྣམས་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་ཞིང་དེ་དག་ལ་ཆོས་ཀྱང་ཉན་ཏོ།། རང་ཉིད་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་སྤྲུལ ་ནས་འདུལ་བྱའི་སེམས་ཅན་རྣམས་གཟུགས་པའི་ཕྱིར་ཆོས་སྟོན་པར་ཡང་བྱེད་དོ།། དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་མཐོང་ཞིང་། སེམས་ཅན་ཐམས་ཅད་ཀྱི་བསམས་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད ་བབུར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པའི་སྤྱོད་ལམ་ལ་ལེགས་པར་བསླབས་པའི་ཕྱིར་དྲི་བཞིན་དུ་ཐམས་ཅད་སྒྲུབ་པར་བྱེད་དོ།། དེ་དག་ཉིད་བསྟན་པའི་ཕྱིར། འཇིག་རྟེན་ཁམས་འདིའི་སེམས་ཅན་ཅི ་ཡོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་བརྗོད་ཅིང་བསྟོད་པ་བྱེད་པ་ན་དེས་དེ་དགའ་བའམ་རྗེས་སུ་ཆགས་པ་སྐྱེ་བར་གྱུར་ན་དེ་བཞིན་གཤེགས་པའི་བསླབ་པ་ལ ་ལེགས་པར་བསླབས་པ་མ་ཡིན་ནོ།། ཞེས་བརྗོད་པར་བྱའོ།། བསྔགས་པ་མ་ཡིན་པ་བསྒྲགས་པར་གྱུར་པ་ན་གལ་ཏེ་སེམས་ཞུམ་པར་གྱུར་ན་དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསླབས་པ་མ་ཡིན་ཏེ། རྗེས་སུ་ཆགས་པ་དང ་ཁོང་ཁྲོ་བ་དང་བཅས་པ་ནི་དེ་བཞིན་གཤེགས་པའི་བསླབ་པ་མ་ཡིན་ནོ་ཞེས་བྱས་ནས་སོ།། དེ་བཞིན་དུ་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་རིའི་རྒྱལ་པོ་བཞིན་དུ་སེམས་མི་བསྐྱོད་ཅིང་ཀུན་ཏུ་རྟོགས ་པ་ཐམས་ཅད་ཀྱི་རླུང་གིས་མི་གཡོ་བ་ནི་བཟོད་པ་གསུམ་པའི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ།། ད་ནི་བཟོད་པ་གསུམ་གྱི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། སྒྲ་ཡི་རྗེས་འགྲོ་བཟོད་པ་འདི་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ངན་པར ་སྨྲ་བ་ལ་སོགས་པའི་ཚིག་གི་ལམ་ལ་བཟོད་པས་ན་སྒྲའི་རྗེས་སུ་འཇུག་པའི་བཟོད་པ་ཞེས་བྱའོ།། ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་ནི་མངོན་པར་རྟོགས་པ་ལ་ཕན་པའི་ཕྱིར་རྗེས་སུ་མཐུན་པོ་ཞེས་བྱའོ།། བསྒོམས་པ་ལ་བྱུང་བ ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་སྟེ། མངོན་པར་རྟོགས་པའི་ངོ་བོ་ཉིད་ཡིན་པ་འི་ཕྱིར་རོ།། མཐོང་བའི་ལམ་གྱི་ངོ་བོ་ཡང་མངོན་པར་རྟོགས་པའི་རང་བཞིན་ནོ།། བཟོད་པའི་གསུམ་པོ་འདི་ལྷུན་གྱིས ་གྲུབ་པའི་རང་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་འགྱུར་བའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་ལུང་བསྟན་པ ་ཐོབ་ནས་བདག་ཅག་ཀྱང་སངས་རྒྱས་སུ་འགྱུར་བར་བྱའོ།། ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། དེ་མ་ཐག་ཏུ་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ།། རབ་ཏུ་དགའ་བའི་སེམས་ཀྱིས་ལ་སོགས་པ་ཡང་མེ་ཏོག་སྣ ་ཚོགས་ཀྱི་ཆར་ཡང་རབ་ཏུ་འབེབས་སོ།། སེམས་ཅན་དག་གིས་སྤྱོས་བ་སྡིགས་བརྡེགས་ན་ཡང་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་པས་ཡང་བརྗོད་པར་མི་བྱའོ།། གང་ཡང་སེམས་ཅན་རྣམས་མཚོན་ཐོགས་ནས་དེའི་ལུས་དང་ཡན ་ལག་དུམ་བུ་དུམ་བུར་མང་དུ་གཏུབས་ཀྱང་སེམས་ཀྱི་རྒྱུད་བྱམས་པ་ཆེན་པོ་བསྒོམས་པའི་ཕྱིར་དེ་དག་ལ་ཁྲོ་བའི་སེམས་སམ། སྡང་བའི་སེམས་སྐྱེ་བར་མི་འགྱུར་གྱི་བཟློག་ནས་སྙིང་རྗེ་ཆེན་པོ་ཉིད་ཀྱིས་དེ་དག་ཉིད་གཟུང་བའི་ཕྱིར་འབད་པར ་བྱེད་དོ།། དེའི་ཕྱིར་བྱང་ཆུབ་མཚིག་རབ་བླ་ན་མེད་ཅེས་བྱ་བ་ལ་སོགས་པས་གསུངས་པ་ཡོན་ནོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བླར་འདོད་པས་ཇི་སྐད་གསུངས་པའི་བཟོད་པོ་དག་བསྒོམ ་པར་བྱའོ་ཞེས་བྱ་བ་ཡིན་ནོ།། གང་ཚེ་ཆོས་ལ་བཟོད་པས་སྐྱོན་སྤངས་ནས།། རྣམ་རྟོག་མ་ལུས་ཞི་བ་ལེགས་བསྒོམས་ན།། བདུད་ཀྱི་དགྲ་ཡིས་ཚོགས་ཀྱང་དེ་བཞིན་ཞི།། བཟོད་མེད་དྲག་ཚིག་མཚོན་རྣོན་བཟོད་པར་གྱིས།། བཟོད་པ་གསུམ ་གྱི་ལེའུ་བསྟན་པ་སྟེ་བདུན་པའི་བཤད་པ་རྫོགས་སོ།། །། ད་ནི་དངོས་པོ་མེད་པ་ལས་བྱུང་བའི་ལེའུ། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཡེ་ཤེས་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གཞོན་ནུ་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ངོ་བོ་དྲིས་པའོ།། གཞོན་ནུ་འདི་ལྔ་ཞེས་བྱ་བ་ལ་སོགས་པ་ནི་ལན་གྱི་ཚིག་གསུངས་པའོ།། དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་གང་གི་དངོས་པོ་རྣམས་ལ་གཅིག་དང་དུ་མིའོ ་རང་བཞིན་གྱིས་ངེས་པར་བརྟགས་པ་ན་ངོ་བོ་ཉིད་ཉེ་བར་དམིགས་པར་མི་འགྱུར་བའོ།། དེའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱའོ།། མཚོན་མ་མེད་པ་ཞེས་བྱ་བ་ལ། མཚན་མ་ནི་དངོས་པོའི་རྟགས་ཏེ། མཚན་མ་དང་རྟགས་དང་། རྒྱུ་གང ་དག་གིས་དེ་འཛིན་པ་ཉིད་དོ།། མོ་གཤམ་གྱི་བུ་བཞིན་དུ་མ་སྐྱེས་པ་ཉིད་ལ་ནི་མཚན་མའི་ངོ་བོ་མེད་པས་མཚན་མ་མེད་པ་ཉིད་དོ།། མཚན་ཉིད་མེད་པ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་གྱིས་ཕུང་པོ་ཐམས་ཅད་ཀྱིས་མཚན་ཉིད་བསྟན་ལ ་བྱ་བ་དེ་ཡང་གཅིག་པ་འམ། ཐ་དད་པ་འམ། གཉི་གའི་ངོ་བོར་ཡང་མེད་པས་མཚན་ཉིད་དང་མཚན་ཉིད་ཀྱི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་པས་དེའི་ཕྱིར། མཚན་ཉིད་མེད་པོ་ཞེས་བྱའོ།། མ་སྐྱེས་པ་ཞེས་བྱ་བ་ནི་རང་དང་། གཞན་དང་། གཉི ་ག་དང་རྣ་རྒྱུ་མེད་པ་ལས་ཀྱང་སྐྱེ་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་སྐྱེ་བ་བཀག་པའི་ཕྱིར་མ་སྐྱེས་པའོ།། མ་འགགས་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ཉིད་ཀྱིས་འགག་པ་ཡང་མེད་དོ།། སྐྱེས་པ་ནི ་འགགས་པར་འགྱུར་གྱི་མ་སྐྱེས་པའི་མོ་གཤམ་གྱི་བུ་ལ་འཆི་བ་མེད་པ་བཞིན་ནོ།། ཡི་གེ་མེད་པ་ཞེས་བྱ་བ་ནི་མི་འགྱུར་བ་བརྗོད་དུ་མེད་པ་སྟེ། ཡི་གེའི་ངོ་བོ་མ་ཡིན་པས་སྒྲའི་ཚངས་པ་སྨྲ་བ་རྣམས་ཀྱིས་ཡོངས་སུ་བརྟགས་པའི་རང ་བཞིན་དང་བྲལ་བ་ཉིད་དོ།། དེའི་ཕྱིར་ཡི་གེ་མེད་པའོ།། སྟོང་ཞེས་བྱ་བ་ནི་བསྟན་མ་ཐག་པའི་སྤྲོས་པ་ཐམས་ཅད་ཀྱིས་མ་སྤྲོས་པ་བདག་དང་བདག་གིས་རང་གི་ངོ་བོ་དང་བྲལ་བ་སྟོང་པ་ཉིད་དོ།། བཟོད་མ་ནས་ཞི་བ་ཞེས་བྱ་བ་ནི་སྐྱེ་བ་སྔོན་དུ ་སོང་བའི་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་གྱི་བཟོད་མ་ཉིད་ནས་མྱ་ངན་ལས་འདས་པའོ།། རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བ་ནི་དག་པར་བྱ་བ་དང་། དག་པར་བྱེད་པ་དང་། དག་པའི་རང་གི་ངོ་བོ་དང་བྲལ་པོས་ཆོས་ཐམས་ཅད ་རང་བཞིན་གྱིས་དག་པའོ།། ཅི་ཐམས་ཅད་དུ་ངོ་བོ་མེད་པས་དེ་སྐད་བརྗོད་པར་བྱ་བ་འམ་ཞེ་ན། དེ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་དེ་བཞིན་དུ་ཡོངས་སུ་ཤེས་པར་བྱའོ།། ཐམས་ཅད་དུ་ཡང་མངོན་པར་ཞེན་པ་ནི་འཆིང་བའི་བདག་ཉིད་ཡིན ་པའི་ཕྱིར་འཁོར་བ་ལས་གྲོལ་བར་མི་འགྱུར་རོ།། སངས་རྒྱས་དོན་དུ་གཉེར་བ་རྣམས་ཀྱི་ཞེས་བྱ་བ་ནི་ལྷག་མའོ།། དེའི་ཕྱིར་ནམ་ཆོས་ཐམས་ཅད་དེ་ལྟ་བུར་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད ་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་མཁས་པ་ཞེས་བྱའོ་ཞེས་བྱ་བའོ།། ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཐམས་ཅད་ལ་འདོད་ཆགས་པར་མི་བྱུང་། ཞ ་སྡང་བར་མི་བྱེད། གཏི་མུག་པར་མི་བྱེད་ཅེས་བྱ་བ་ནི་ངོ་བོ་ཉིད་ཤེས་པོའི་དགོས་པའོ།། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་ཡོད་བཞིན་དུ་འདོད་ཆགས་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་རྒྱུ་གང་གི་ཕྱིར་ཞེས ་བསམས་པའོ།། ལན་གདབ་པའི་ཕྱིར། དེས་ཚེས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་རྗེས་སུ་དཔག་པས་སོ།། མི་དམྱིགས ་བ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ།། དེ་ལྟར་མ་དམིགས་ཤིང་རྗེས་སུ་མི་མཐོང་བས་ཁམས་གསུམ་ཐམས་ཅད་ལ་ཆགས་པར་མི་འགྱུར་རོ།། ཐམས་ཅད་ལ་མ་ཚོགས་པ་ཉིད་ནི་མྱུར་དུ་ཏིང་ངེ་འཛིན་འདི་བསྒྲུབས་ནས་མི་དམིགས་པའི ་སྦྱོར་བསོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ།། ཚིགས་སུ་བཅད་པས་བཤད་པ། དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་པ་ལ་སོགས་པ་ནི་ཡང་བཤད་པར་བྱར་མེད་དོ།། གཞོན ་ནུ་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ངེས་པར་འཐོབ་པར་བྱེད་པ་ཉིད་གསུངས་པའོ།། དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། གཞོན་ནུ་དེ་བཞིན་གཤེགས་པ་དེ་སྐྱེས་མ་ཐག་ཏུ ་སྟེང་གི་ནམ་མཁའ་ལ་ཏཱ་ལ་བདུན་ཙམ་དུ་འཕགས་ནས་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་བྱུང་བའོ་ཞེས་ཚིག་ཏུ་གསུངས་ཏེ། སྒྲ་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཐམས་ཅད་དངོས་པོ་མེད་པ་ལས ་བྱུང་བའོ་ཞེས་གོ་བར་བྱས་སོ།། དེ་བཞིན་གཤེགས་པ་འདི་དངོས་པོ་མེད་པ་ལས་བྱུང་བ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་དེའི་གསུང་རབ་ལ་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བ་ཞིག ་བྱུང་ངོ་ཞེས་བྱ་བ་ནི་རྟོགས་པ་གཅིག་ནས་གཅིག་བརྒྱུད་པས་རྒྱུན་མི་འཆད་པར་བསྟན་ཏོ།། དེ་ཏིང་ངེ་འཛིན་འདི་ཐོས་ནས་རབ་ཏུ་དད་པའི་སེམས་ཀྱིས་རབ་ཏུ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དང་། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ལེགས་པར་བསམས་པ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་གི་དོན་ཚིགས་སུ་བཅད་པས་བསྟན་པ་ནི་བསྟན་ཟིན་པ་ལས་དོན་ལྷག་པ་ཅི་ཡང་མེད་པས་མ་བཤད་དོ།། ་དངོས་མེད་ལས་བྱུང་ངོ་བོ་ཉིད།། དངོས་པོའི་ངོ་བོ་རྣམ་བསྒོམས་པས།། བསྒོམས་པའི་སྟོབས་ཀྱིས་བྱུང་གྱུར་པ།། སངས་རྒྱས་དངོས་མེད་ལས་བྱུང་དངོས།། དངོས་པོ་མེད་པ་ལས་བྱུང་བའི་ལེའུ་སྟེ་བརྒྱད་པའི་བཤད་པ ་རྫོགས་སོ།། །། ད་ནི་ཆོས་ཟབ་མོ་ལ་བཟོད་པའི་ལེའུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། འདི་ལས་བྱུང་ངོ་ཞེས་བྱ ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཐམས་ཅད་སྐྱེས་པར་མཛད་པ་ཉིད་ཀྱི་ཕྱིར་ཁྱབ་པ་ཉིད་དུ་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་བྱང་ཆུབ་འདོད་པས་ཞེས་བྱ་བ་ལ། གང་དག་བྱུང ་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་མདོ་སྡེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པ་འདི་གཟུང་བར་བྱ་སྟེ། སེམས་ཅན་ཐམས་ཅད་གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བའི་དོན ་ཏོཏེ། ཆོས་ཟབ་མོ་བཟོད་པ་ལ་མཁས་པར་བྱའོ་ཞེས་བྱ་བ་ལ། རང་གི་ངོ་བོ་ཡོངས་སུ་ཤེས་པ་ལ་མཁས་པར་བྱའོ།། གཞོན་ནུ་ཇི་ལྟར་ན་ཆོས་ཟབ་མོ་བཟོད་པ་ལ་མཁས་པ་ཡིན་ཞེ་ན་ཞེས་བྱ་བ་ནི་རང་ཉིད་ཀྱིས་དྲི་བ་སྔོན་དུ་འགྲོ ་བས་གོ་བར་མཛད་པ་ཡིན་ནོ།། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་མ་ནི་སྔགས་དང་སྨན་ལ་སོགས་པའི་དབང་གིས་ཡང་དག་པ་མ་ཡིན་པའི་དོན་སྣང་བས་སེམས་ཅན་རྣམས་རྨོངས་པ་སྐྱེད་པར ་བྱེད་པའོ།། རྨི་ལམ་ལྟ་བུ་ནི་དགེ་བ་དང་། མི་དགེ་བོ་ལ་སོགས་པའི་བག་ཆགསོ་ཙམ་གྱི་སྟོབས་ཀྱིས་བ་སྒོམས་པས་སྣང་བ་ཙམ་ཉིད་དོ།། སྨིག་རྒྱུ་ལྟ་བུ་ནི་དོན་བྱ་བ་བྱེད་པས་སྟོང་པའི་ཕྱིར་ངོམས་པ་སྐྱེད་པ་མ་ཡིན་པ་ཉིད་དོ།། བྲག་ཅ ་ལྟ་བུ་ནི་བྱེད་པ་པོ་མེད་པའི་སྒྲ་ཙམ་ཐོས་པའི་སྤྱོད་ཡུལ་དུ་གྱུར་པ་ཉིད་དོ།། མིག་ཡོར་ལྟ་བུ་ནི་ཕྱི་དང་ནང་གི་དོན་གྱིས་སྟོང་པ་སྐྲ་ཤད་ལ་སོགས་པ་སྣང་བ་དང་འདྲ་བ་ཉིད་དོ།། ཆུ་ཟླ་ལྟ་བུ་ནི་སྐྱེས་པ་ཉིད་ན་མི་དམིགས་པ་གནས་པ་མེད་པའི་ངོ ་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། སྤྲུལ་པ་ལྟ་བུ་ནི་རང་གྲི་བག་ཆགས་ཀྱི་སྤྲུལ་བྱའི་འཁྱུད་པ་དང་། འཁྱུད་བྱ་ལ་སོགས་པ་དང་འདྲ་བའི་ཕྱིར་རོ།། གཟུགས་བརྙན་ལྟ་བུ་ནི་གཟུང་བ་དང་འཛིན་པའི་རང་བཞིན་མེད ་པ་ཉིད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ།། འདི་དག་གི་རྣམ་པར་གཞག་པ་ཡང་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་ནི་ཆོས་ཐམས་ཅད་ན་མཁའ་ལྟ་བུར་རབ་ཏུ་ཤེས་པར་བྱ་སྟེ། སྤྲོས་པ་ཐམས་ཅད་བྲལ་བའི་རྣམ་པ་ཅན་གྱི། ཡེ་ཤེས་ལ་ནི་ཤེས ་པ་པོ་དང་། ཤེས་བྱ་དང་། ཤེས་པའི་རང་བཞིན་མི་དམིགས་པ་ཉིད་དོ།། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེའི་ཚེ་འདི་ཆོས་ཟབ་མོ་བཟོད་པ་ལ་མཁས་པ་ཞེས་བྱའོ་ཞེས ་བྱ་བ་ལ་ཤིན་ཏུ་ཐོབ་པའི་ཆོས་ཉིད་ལ་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆགས་པར་འགྱུར་བ་ལ་མི་ཆགས་དེ་བཞིན་དུ་མི་སྡང་མི་རྨོངས་པསོ།། དེ་ཅིའི་ཕྱིར་ཆགས་པར་འགྱུར་བ་ལ་མི་ཆགས་པར་ཡོད་པའི ་དངོས་པོ་ལ་གློ་བུར་དུ་ཇི་ལྟར་འགྱུར་ཞེ་ན། དེ་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་དེ་མི་དམིགས་ཏེ་ཞེས་བྱ་བ་ལ། གང་ཆགས་པར་འགྱུར་བའི་བདག་ལ་སོགས་པ་དང་། གང་ལ་ཆགས་པར་འགྱུར་བའི་བུད་མེད་ཀྱི་ལུས་ལ ་སོགས་པ་དང་། ཆགས་པ་གང་ཡིན་པ་འདོད་ཆགས་ཀྱི་སེམས་ཏེ། བྱེད་པ་པོ་དང་། ལས་དང་། བྱ་བའི་རང་གི་ངོ་བོ་མི་དམིགས་པ་ཉིད་དོ།། རྗེས་སུ་མི་མཐོང་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ།། མི་དམིགས་ཞེས་བྱ་བ་ནི་མངོན ་སུམ་གྱིས་སོ།། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ལ་ཡང་སྦྱར་བར་བྱའོ།། དེ་ལྟར་འདོད་ཆགས་པ་མེད་པ་དང་། ཞེ་སྡང་བ་མེད་པ་དང་། གཏི་མུག་པ་མེད་པ་དང་། སེམས་ཕྱིན་ཅི་མ་ལོག་པ་དེ་ནི་མཉམ་པར་གཞུག་པ་ཞེས་བྱ་སྟེ། དམིགས ་པའི་རྣམ་པར་གཡེང་བ་མ་ལུས་པ་དདྲང་བྲལ་བའི་ཕྱིར་རོ།། སྤྲོས་པ་མེད་པ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཉིད་ངེས་པར་རྟོགས་པའི་ཕྱིར་རོ།། རྒལ་བ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདོད་ཆགས་པ་ལ་སོགས ་པ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ།། སྐམས་སར་ཕྱིན་པ་ཞེས་བྱ་བ་ནི་ཆུ་བོ་བཞིའི་འཇིགས་པ་ལས་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་པའི་ཕྱིར་རོ།། བདེ་བར་སོན་པ་ཞེས་བྱ་བ་ནི་སྡུག་བསྔལ ་ཐམས་ཅད་དང་བྲལ་བའི་མྱ་ངན་ལྔས་འདས་པོའི་ལཱམ་ཐོབ་པའི་ཕྱིར་རོ།། མི་འཇིགས་པ་ཐོབ་པ་ནི་ཡང་འཁོར་བར་ལྟུང་བའི་འཇིགས་པ་དང་བྲལ་བའོ།། ཚུལ་ཁྲིམས་ཅན་ཞེས་བྱ་བ་ནི་ངན་འགྲོ་ཐམས་ཅད་ལས་ལོག་པའི་བསིལ ་བའི་ཏིང་ངེ་འཛིན་གྱི་ཚུལ་ཁྲིམས་ཀྱིས་བརྒྱན་པའི་ཕྱིར་རོ།། ཡེ་ཤེས་ཅན་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པས་ཡེ་ཤེས་ལ་སྦྱོར་བའོ།། ཤེས་རོབ་ཅནྡ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་རབ ་ཏུ་རྟོགས་པའི་ངོ་བོ་ངེས་པར་འབྱེད་པའི་ཤེས་རབ་འདི་ལ་ཡོད་པས་ཞེས་བྱས་ནས་སོ།། བསོད་ནམས་ཅན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པས་སོ།། རྫུ་འཕྲུལ་ཅན་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔས་རྩེ་ཞིང་རྫུ་འཕྲུལ་གྱི ་ཆོས་འཕྲུལ་ཡང་དག་པར་སྟོན་པའོ།། དྲན་པ་ཅན་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྡན་པའོ།། བློ་གྲོས་ཅན་ཞེས་བྱ་བ་ནི་རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པས་སོ།། རྟོགས ་པ་ཅན་ཞེས་བྱ་བ་ནི་བསམ་པ་ཅི་ལྟ་བའི་དབང་གིས་བསྒྲུབ་པ་དང་རྗེས་སུ་མཐུན་པར་རྟོགས་པ་ཁོང་དུ་ཆུད་པར་བྱེད་པ་ཉིད་དོ།། ངོ་ཚ་ཤེས་པ་དང་ལྡན་པ་ཞེས་བྱ་བ་ནི་བདག་དང་གཞན་གྱིས་དབང་དུ་བྱས་ནས་སྡིག་པའི་ལས་མི་བྱེད ་པའོ།། བྲམ་ཟེ་ཞེས་བྱ་བ་ནི་སྡིག་པའི་ཆོས་སྤངས་པས་གང་གིས་སྡིག་པ་མཱ་ལུས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་བཟོད་པའི་དྲོ་བོ་ངེས་པར་རྟོགས་པ་ལ་བྲམ་ཟེ་ཞེས་བྱའོ།། ཁྲུས་བྱས་པས་ནི་ཉོན་མོངས་པ་མ་ལུས ་པའི་དྲི་མ་འཁྲུད་པར་བྱེད་པའི་བཟོད་པའི་ཆུའི་ནང་དུ་རྟག་ཏུ་ཞུགས་པའི་ཕྱིར་རོ།། ཕ་རོལ་ཏུ་སོང་བ་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཐར་ཐུག་པའི་ཕ་རོལ་ཏུ་སོང་བས་སོ།། རིག་པར་བྱེད་ཅེས་བྱ་བ་ནི་ཇི་སྐད་གསུངས་པའི ་རང་བཞིན་རིག་པའི་ཕྱིར་རོ།། གཙང་སྦྲ་ཅན་ནི་བྱ་བ་མ་ཡིན་པ་ཐམས་ཅད་སྤངས་པ་དང་ལྡན་པའོ།། སངས་རྒྱས་ཀྱི་སྲས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་སྐྱོང་བར་བཟོད་པའི་ཕྱིར་རོ།། ཤཱཀྱ ་སྲས་ཞེས་བྱ་བ་ནི་ཤཱཀྱའི་རིགས་སུ་འཁྲུངས་པ་ཤཱཀྱ་ཐུབ་པ་ལས་ཉེ་བར་གདགས་པར་འོས་པའོ།། ཚར་མ་དཀྲུགས་པ་ཞེས་བྱ་བ་ནི་བདུད་ལ་སོགས་པ་དང་། ཉོན་མོངས་པའི་ཚེར་མ་སྣང་བ་མེད་པར་བྱས་པའོ།། འོབས་དྲལ་བ ་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པའི་མཚམས་བཅད་པ་ཐག་རིང་དུ་བསལ་བ་བྱས་པའི་ཕྱིར་རོ།། འོབས་ལས་རྒལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་མཚམས་ལས་རྒལ་བའི་ཕྱིར་རོ།། ཟུག་རྔུ་ཕྱུང་བ་ཞེས་བྱ་བ་ལ། ཕྱུང་བ་ནི་ཀུན་ནས ་སོ།། ཉོན་མོངས་པའི་བག་ཆགས་ནི་ཟུག་རྔུའོ།། ཕྱུང་བ་ནི་ཕྱུང་ནས་བསྐྱོར་བའོ།། ནད་མེད་པ་ནི་ཉོན་མོངས་པའི་གདུགས་པའི་རིམ་ནད་ཐམས་ཅད་དང་བྲལ་བའོ།། ཉོན་མོངས་པ་དང་ཐ་དད་དུ་གྱུར་པས་ན་དགེ་སློང་ངོ་།། ཀུན་ནས ་དཀྲིས་པ་མེད་པ་ནི་དཀྲིས་པ་དང་བྲལ་བའོ།། སྐྱེས་བུ་ཞེས་བྱ་བ་ནི་ཐབས་ཉེ་བར་བསྟན་ནས་སྐྱེས་བུས་སྒྲུབ་པའི་ཕྱིར་རོ།། སྐྱེས་བུ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་སོ།། སེམས་ཅན་ཐམས་ཅད་ཀྱི་གཙོ་བོར ་གྱུར་པ་ན་སྐྱེས་བུ་མཆོག་ཅེས་བྱའོ།། འཇིགས་པ་ཐམས་ཅད་དང་བྲལ་ཞིང་བདག་མེད་པའི་སྙིང་གེའི་སྒྲ་སྒྲོགས་པས་ན་སྐྱེས་བུ་སེང་གེའོ།། ཐམས་ཅད་དུ་མཉམ་པར་བཞག་པས་ན་སྐྱེས་བུ་གླང་པོ་ཆེ་སྟེ། གླང་པོ་ལངས་ཀྱང ་མཉམ་པརརོ་གཞག་པས་བྱ་བའི་ཚིག་གིས་སོ།། ཤིན་ཏུ་དུལ་བའི་ཕྱིར་དང་ཉོན་མོངས་པའི་གཡུལ་དུ་འཇིགས་པ་དང་། བྲལ་བས་སྐྱེས་བུ་ཅང་ཤིས་ཞེས་བྱའོ།། ཁུར་ཁྱེར་པོ་ནི་ལྕི་ཁྱེར་བ་སྟེ་སེམས་ཅན་གྱི་དོན་དང ་ངེས་པར་ལྡན་པ་ལ་སྐྱེས་བུ་ལྕིང་ཁྱེར་བ་ཞེས་བྱའོ།། བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་དཔའ་ནི་སྐྱེས་བུ་དཔའ་བོ།། གྲོགས་ལ་བལྟོས་པ་མེད་པར་བདུད་ལ་སོགས་པའི་སྟོབས་འཇོམས་བྱེད་པས་སྐྱེས་བུ་རྩལ་པོ་ཆེའོ།། ་ཤིན་ཏུ་དྲི་ཞིམ་ཞིང་ཡིད་དུ་འོང་བའི་མེ་ཏོག་བཞིན་དུ་ཡོན་ཏན་མེ་ཏོག་གི་རང་བཞིན་དུ་གྱུར་པ་ནི་སྐྱེས་བུ་མེ་ཏོག་ཅེས་བྱའོ།། པདྨ་བཞིན་འཁོར་བའི་འདམ་གྱི་སྐྱོན་གྱིས་མ་གོས་པའི་ཕྱིར་སྐྱེས་བུ་པདྨ་ཞེས ་བྱའོ།། དེ་ཉིད་དཀར་པོའི་ཆོས་ཀྱིས་ཡོངས་སུ་གང་བ་པདྨ་ཁ་ཕྱེ་བས་སྐྱེས་བུ་པདྨ་དཀར་པོ་ཞེས་བྱའོ།། ཤིན་ཏུ་གདུག་པ་ཅན་གྱི་སེམས་ཅན་རྣམས་འདུལ་བ་མཁྱེན་པའི་ཕྱིར་སྐྱེས་བུ་འདུལ་བ་ཞེས་བྱའོ།། སེམས་ཅན་མ་ལུས ་པའི་ཡིད་དུ་འོང་བ་དང་བདུད་རྩིའི་འོད་འཕྲོ་བར་བྱེད་པས་སྐྱེས་བུ་ཟློ་བ་ཞེས་བྱའོ།། མ་སྨད་པའི་ཡོན་ཏན་དང་ལྡན་པས་སྐྱེས་བུ་ཕུལ་པ་མ་ཡིན་པ་ཞེས་བྱའོ།། ཇི་སྐད་བསྟོན་པའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མས་གོས་པ་མེད་པས ་མི་གོས་པ་ཞེས་བྱ་སྟེ། ཆོས་ཟབ་མོ་ལ་བཟོད་པའི་དགེ་བ་ཞེས་བརྗོད་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་དོན་ཉིད་ཡང་ཚིགས་སུ་བཅད ་པས་གསུངས་པས་ནི། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་འཆགས་པར་འགྱུར་བའི་ཚེ་ན་མཁའི་སྟེང་དུ་རླུང་གི་དཀྱིལ་འཁོར་ནས་བརྩམས་ནས ་ཇི་སྲིད་དུ་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་བར་དུ་འཆགས་པར་འགྱུར་རོ།། ནམ་ཞིག་རིམ་གྱིས་འཇིགས་པ་ན་གཞལ་མེད་ཁང་ལ་སོགས་པ་ཐམས་ཅད་ན་མཁའི་མཐར་ཐུག་པར་འགྱུར་བས་འཇིག་རྟེན་ཐམས་ཅད ་ན་མཁར་གྱུར་པའི་ཚེ་ཞེས་གསུངས་པས་འཇིག་རྟེན་འདི་ན་མཁར་འགྱུར་རོ།། དེ་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། ཞེས་བྱ་བ་ལ། ནམ་མཁའི་རང་གི་ངོ་བོ་ཙམ་ལ་ནི་གཞན་དུ་འགྱུར་བ་མེད་ལ། ནམ་མཁའ་ཡང་རང་བཞིན་མེད ་པའི་ཕྱིར་ཆེ་ས་ཐམས་ཅད་ཀྱང་དེ་ལྟར་རྟོགས་པར་བྱའོ།། ཚིགས་བཅད་གཉིས་པས་ཀྱང་དོན་འདི་ཉིད་བསྟན་ཞེས་བྱའོ།། ཇི་ལྟར་བོར་སྣང་ཅུང་ཟད་སྦྱིན་མེད་ལས་ཞེས་བྱ་བ་ལ། རང་བཞིན་མེད་པར་སྣང་བ་སྐད་ཅིག་མར་མཐོང་བ ་ལས། སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་ཞེས་བྱ་བ་ལ། གང་ནས་ཀྱང་འོང་བ་མེད་ཅིང་གར་ཡང་འགྲོ་བ་མེད་པའོ།། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་དག་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ ་མྱ་ངན་ལས་འདས་ནས་ད་ལྟར་བཞུགས་པ་མ་ཡིན་ན་ཡང་གཟུགས་བརྙན་ནམ། དེ་བཞིན་གཤེགས་པའི་གཟུགས་ཡིད་ལ་བྱས་པ་ན་སྔོན་ཇི་ལྟ་བ་བཞིན་དུ་མཐོང་བས་དེའི་ཕྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུའོ་ཞེས་བྱའོ།། ཇི་ལྟར ་དབུ་བ་མང་པོ་རྡོས་པ་དག་ཅེས་བྱ་བ་ལ་སོགས་པས་ནམ་ཕུང་པོ་ལྔ་སྙིང་པོ་མེད་པར་སྟོན་ཏོ།། ཆུ་བོས་ཁྱེར་བ་སྐྱེས་བྱས་ངེས་མཐོང་སྟེ་ཞེས་བྱ་བ་ལ་སོགས་པཱ་ལ་ཙཾ་འདི་ལ་སྙིང་པོ་ཡོད་དམ་ཞེས་བརྟགས་ན། དེ་ལ་བརྟགས་ན་སྙིང་པོ་ཡོད ་མི་སྣང་ཞེས་བྱ་བ་ལ། སྐྱེས་བུ་དེས་དབུ་བའི་གོང་བུ་དེ་ལ་སྙིང་པོ་ཅི་ཡང་མི་སྣང་བ་ཞེས་བྱ་བ། སྙིང་པོ་ཅི་མ་མཐོང་བ་ཞེས་བྱ་བའི་དོན་ཏེ། གཟུགས་ཀྱི་ཕུང་པོ་ནི་དབུ་བ་ལྟ་བུ་སྟེ། གཟུགས་ཀྱི་ཕུང་པོ་ལ་སྙིང་པོ་ཡོད་པ་མ ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཆར་པ་ཐིགས་ཆེ་ནུ་བབ་པ་ན་ཞེས་བྱ་བ་ལ་སོགས་པས་ནི་ཚོར་བའི་ཕུང་པོའི་སྐྱེ་བ་དང་འགག་པ་ཉིད་སྟོན་པར་བྱེད་དོ།། ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང ་ཞེས་བྱ་བས་ནི་ཆར་གྱི་རྒྱུན་བབ་ན་ཆུ་བུར་འབྱུང་བར་འགྱུར་རོ།། དེ་ཡང་མི་བརྟན་ཞིང་སྙིང་པོ་ཡོད་པ་མ་ཡིན་པ་བཞིན་དུ་ཚོར་བའི་ཕུང་པོ་རྣམ་པ་གསུམ་དང་། ཆོས་ཐམས་ཅད་ཀྱང་སྐྱེས་མོ་ཐག་ཏུ་འགག་ཅིང་ཉམས་པའི་རང ་བཞིན་ནོ་ཞེས་བྱ་བའོ།། བརྡ་ཙམ་གྱིས་ཐ་སྙད་ལ་འཇུག་པར་བྱེད་དོ།། ཞེས་བྱ་བས་འདུ་ཤེས་ཀྱི་ཕུང་པོ་རྫས་སུ་མདྲ་པར་སྟོན་པའོ།། ཇི་ལྟར་ཕྲིན་ཡིག་གྲོང་གཞན་བསྐུར་བ་ལས་ཞེས་བྱ་བ་ལ་སོགས་པ་ལ། གྲོང་གཞན ་ན་གནས་པ་དག་གིས་ཕྲིན་ཡིག་མཐོང་བ་ལས་ཇི་ལྟར་བྲིས་པའི་དགེ་བ་དང་མི་དགེ་བའི་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་མཐོང་ཡང་དེ་སྒྲུབ་པར་བྱེད་པའི་སྒྲ་གཞི་དེར་འཕོས་པ་ཡང་མེད་དོ།། དེ་བཞིན་དུ་འཕོ་བ་མེད་བཞིན ་དུ་བརྡ་ཙམ་གྱིས་མ་བརྟགས་ན་ཉམས་དགའ་བའི་བྱ་བ་རྣམས་རང་གི་བློའི་རྣམ་པར་འཕྲུལ་པས་འཇུག་པར་འི་གྱུར་རོ།། ཞེས་བྱ་བ་ཡིན་ནོ།། ཐོམས་ཅད་ཀྱང་རང་གི་སེམས་རྣམ་པར་འཁྲུལ་པ་ཙམ་ཡིན་གྱི་ཡང་ཕྱི་རོལ ་གྱི་དངོས་པོ་ནི་ཡོད་པ་མ་ཡིན་ནོ།། ཞེས་བྱ་བར། ཇི་ལྟར་མི་ངག་ཆང་གིས་མྱོས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆང་གིས་སེམས་མྱོས་པར་གྱུར་པ་ནི་ཆང་གིས་ནུས་པས་བདག་ཉིད་དང་ས་ཡང་འཁོར་བ་འདྲ་བར་མཐོང་ངོ་།། ་དེ་བཞིན་དུ་མི་བདེན་པ་ལ་སྒྲོ་བཏགས་པའི་ཆང་གི་དབང་གིས་འཁོར་བའི་འཁོར་ལོར་འགྲོ་བ་དྲུག་པོར་འཁོར་བར་འགྱུར་ཏེ། ཟོ་ཆུན་གྱི་འཁྲུལ་འཁོར་བཞིན་དུ་འགྲོ་ཞིང་འོང་བས་འཁོར་བར་སེམས་ཀྱང་དོན་དམ་པར ་གང་ཡང་འཁོར་བར་ཡོད་པ་མ་ཡིན་ཏེ། ས་གཡོ་བ་དང་འཁོར་བར་ཤེས་པ་དང་འདྲའོ།། འདོད་ཆགས་ཀྱང་མི་བདེན་པ་ལ་སྒྲོ་བཏགས་པའི་དབང་གིས་མེད་བཞིན་དུ་སྣང་བར་བསྟན་པའི་ཕྱིར། མེ་ལོང་ངོས་དང ་འབྲུ་མར་སྣོད་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། མེ་ལོང་ངམ། འབྲུ་མར་གྱི་སྣོད་དུ་རང་གི་གདོང་བལྟས་པ་ན་ཐིག་ལེ་དང་སྐྲ་འཁྱིལ་བས་བརྒྱན་པའི་གཟུགས་བརྙན་དེ་ལ་བདེན་པའི་གདོང་དུ་སྒྲོ་བཏགས་ནས་འདོད་ཆགས ་ཀྱི་ཤུགས་ཀྱི་སྟོབས་ཀྱིས་བུད་མེད་དུ་དམིགས་ནས་འདོད་པ་ལ་ཞེན་པའི་བྱིས་པ་རྒྱུག་པར་བྱེད་ན་ཡང་གདོང་གཟུགས་བརྙན་དུ་འཕོས་པ་ཡང་མེད་ལ་གཟུགས་བརྙན་གདོང་དུ་འཕྲོས་པ་ཡང་མ་ཡིན་ནོ།། གཟུགས་བརྙན ་དང་འདྲ་བའི་ཆོས་རྣམས་ལ་རང་དང་གཞན་དུ་རྣམ་པར་ཕྱེ་ཞིང་བལྟས་ནས་རང་བཞིན་གྱིས་ཡོད་པ་མ་ཡིན་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་ཀུན་ཏུ་འབྱུང་ངོ་།། སྒྱུ་མ་དང་།། ་སྨིག་རྒྱུ་དང་། དྲ་ཟའི་གྲོང་ཁྱེར་དང་། གཟུགས་བརྙན་དང་འདྲ་བ་ངོ་བོ་ཉིད་ཀྱིས་སྟོང་པའོ།། ཞེས་ངེས་པར་རྟོག་པར་བྱེད་ན་སྐྱེ་བར་མི་འགྱུར་རོ།། ཡིད་དུ་འོང་བའི་ཀླུ་དང་སིལ་སྙན་ལ་སོགས་པ་ཡང་འདོད་ཆགས་ལ་སོགས་པའི་རྒྱུ ་མ་ཡིན་ནོ་ཞེས་བསྟུན་པའི་ཕྱིར། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདུག་ནས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རིའི་གཅོང་རོང་དུ་ཞུགས་པའི་སྐྱེས་བུས་བགད་པ་དང་། ངུས་པ་དང་། ཀླུ་བླངས་པ ་ལ་སོགས་པའི་སྒྲ་བསྒྲགས་པ་ན་དེ་བཞིན་དུ་ཕ་རོལ་གྱི་རི་ལས་ཀྱང་བྲག་ཅིའི་སྒྲ་འབྱུང་བར་འགྱུར་བ་དང་། བྲག་ཙོའི་སྒྲས་སྒྲ་བྱས་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྲག་ཅ་དང་འདྲ་བར་རིག་པར་བྱས་ལ་དེ་དག་ལ་མངོན་པར་ཞེན་པར་མི ་བྱའོ།། རྨི་ལམ་གྱི་ནང་དུ་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་ལ། སད་པ་ན་དམིགས་པར་མི་འགྱུར་རོ།། དེ་ལྟ་ན་ཡང་བྱིས་པའི་བློ་ཅན་རྣམས་རྨི་ལམ་དུ་དམིགས་པ་དེ་ལ་མངོན་པར་ཞེན་པར་འགྱུར་རོ།། བྱིས་པ་ཐམས་ཅད་ཀྱང་དེ ་དོང་འདྲའོ།། ལྷའི་དབང་པོ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་ལ་ཡང་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། རྟ་དང་གླང་པོ་ཤིངྐ་རྟ་སྨྲ་ཚོགས་བྱས་ཞེས་བྱ་བ་ལ ་སོགས་པ་ལ། དེ་བཞིན་དུ་བུ་དང་ཆུང་མེ་ལ་སོགས་པ་བརྫུན་པས་སྒྲོ་བཏགས་པ་ཉིད་དུ་བསྒྲུབ་པའི་ཕྱིར། ཇི་ལྟར་བུ་མོ་གཽཞོན་ནུའི་རྨི་ལོམ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པའི་བདེན་པ་ནམ་ཡང་མ་མྱོང་བའི ་གཞོན་ནུ་མ་དེའི་རྨི་ལམ་གྱི་མཐར་མཚན་ཐམས་ཅད་ཀྱིས་བརྒྱན་པ་གཟུགས་བཟང་བའི་བུ་ཞིག་སྐྱེས་པར་མཐོང་ལ། དེ་ཡང་ཡོན་ཏན་གྱི་ཚོགས་མོ་ལུས་པས་བརྒྱན་པའི་ལང་ཚོ་ལ་བབ་པའི་སྐབས་སུ་གྱུར་ལ། དེའི་རྗེས་ལ་ཤི ་བར་མཐོང་བས་བུ་སྐྱེས་པས་ནི་དགའ་ཞིང་ཤི་ནས་མ་མཐོང་བས་ནི་མྱ་ངན་དུ་གྱུར་ཀྱང་སྐྱེས་པ་ཡང་མེད་ལ་ཤི་བ་ཡང་མེད་དོ།། སྔོན་དང་ཕྱི་མའི་མཐར་རང་བཞིན་མ་རིག་པའི་འཇིག་རྟེན་རྣམས་ཀྱི་དགའ་བ་དང་མྱ་ངན་ཡང་གཞོན་ནུ་མས ་རྨི་ལམ་དུ་བུ་སྐྱེས་པོ་དང་ཤི་བ་མཐོང་བ་དང་འདྲ་བ་ཞེས་བྱ་བ་ཡིན་ནོ།། ཇི་ལྟར་མཚོན་མོའི་ཆུ་ཡིས་ཟླ་བ་དག་ཅེས་བྱ་བ་ལ་སོགས་པའི་དོན་ཡང་རྟོགས་སླའོ།། ཇི་ལྟར་སོ་གའི་ཉི་མ་ཕྱེང་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། སོས་ཀྭའི་ཟླ ་མའི་ཉི་མོ་ཕྱེད་ཀྱི་དུས་ལ་བབ་པ་ན་དྲག་ཅིང་ཆེ་བར་འཇུག་པའི་ཉི་མའི་འོད་ཟེར་ཚ་སྒོ་ཅན་གྱི་སའི་ཆ་ལ་བབ་པས་སྨིག་རྒྱུ་གཡོ་བ་ལ་ཆུའི་ཕུང་པོར་མཐོང་བར་འགྱུར་རོ།། སྐོམ་པས་སེམས་ལ་གནོད་ཅིང་གདུངས་པས་ཆུ་བཏུང་བར་འདོད ་པས་འདི་ན་ཆུ་མཐོང་ངོ་ཞེས་རབ་ཏུ་རྒྱུག་པར་བྱེད་ཅིང་དེ་ཇི་ལྟ་ཇི་ལྟར་བརྒྱུགས་བཞིན་དུ་སྨིག་རྒྱུ་དེ་ལྟ་དེ་ལྟར་རིང་དུ་འགྲོ་བ་ལྟར་སྣང་བ་ན་དེ་ངལ་བ་དང་སྐོམ་པ་དང་ཚ་བས་གདུངས་པ་མ་ཡིན་པ་ཆུའི་ཐིག་པ་ཙམ་ཡང་མི་རྙེད་དེ་ཡོད་པ་མ་ཡིན་པའི ་ཕྱིར་ཆུ་དེ་ལ་བཏུང་བར་ལྟ་ག་ལ་ནུས། མ་རིག་པ་དང་སྲེད་པས་རྨོངས་པའི་འཇིག་རྟེན་རྣམས་ཀྱང་དེ་བཞིན་དུ་རྒྱུག་པར་བྱེད་དོ་ཞེས་བྱ་བས་ནི་འདུ་ཤེས་ཀྱི་ཕུང་པོ་རང་བཞིན་མེད་པར་བསྒྲུབས་པ་ཡིན་ནོ།། ང་ནི་འདུ་བྱེད་ཀྱི་ཕུང་པོ་རང ་བཞིན་མེད་པ་དང་སྙིང་པོ་མེད་པར་བརྗོད་པའི་ཕྱིར་ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ་ཞེས་བྱ་བ་ལ་སོགས་པ་ལ་གསུངས་པ་ལ། ཆུ་ཤིང་གི་སྡོང་པོ་ལ་སྙིང་པོ་བརྟགས་པར་འདོད་པས་ཤུན་པ་རྣམས་སོ་སོར་བསལ་ནས་ནང་ངམ་ཕྱི་རོལ ་གང་ནས་ཀྱང་སྙིང་པོར་གྱུར་པ་ཅི་ཡང་མི་མཐོང་ངོ་།། དེ་བཞིན་དུ་འདུ་བྱེད་དུ་བཏོགས་པ་རྣམས་ཕྲ་རབ་ཏུ་རྣམ་པར་ཕྱེ་ནས་བརྟགས་པ་ན་སྙིང་པོར་གྱུར་པའི་ལྷག་མ་ཅི་ཡང་ལུས་པ་མེད་དེ། འདིར་སྙིང ་པོར་གྱུར་པ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཡིན་ནོ་ཞེས་བྱའོ།། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་བསྒོམས་པས་གྲོལ་བར་འགྱུར་གྱི་གཟུགས་ལ་སོགས་པ་བསྒོམས་པས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མིག་དང་། རྣ་བ ་སྣ་ཡང་ཚད་མ་མིན་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རང་རང་གི་ཡུལ་གཟུགས་དང་། སྒྲ་དང་། དཱི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་འཛིན་པའི་དབང་པོ་དེ་དག ་གིས་ཡུལ་དེ་དག་དམིགས་པ་དེ་ཁོ་ན་ཉིད་ཀྱིས་ངོར་གལ་ཏེ་གྱུར་ན་ནི་སེམས་ཅན་ཐམས་ཅད་ཀྱང་འབད་པ་མེད་པར་གྲོལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་བྱིས་པ་དེ་ཉིད་རིག་གྱུར་ན། དེ་ཉིད་ཤེས་པས་ཅི་ཞིག་བྱ་ཞེས་བསྟན་པ་ཡིན་ནོ།། ་དབང་པོ་དང་། དབང་པོའི་དོན་རྣམས་ངོ་བོ་ཉིད་ཀྱིས་བེམ་པོའོ།། དགེ་བ་དང་མི་དགེ་བའི་འབྲས་བུ་སྟོར་བར་མི་ནུས་པས་ལུང་དུ་མ་བསྟན་པ་ཡིན་ནོ།། དེའི་ཕྱིར་དོན་དམ་པའི་རྒྱུ་མ་ཡིན་ནོ།། དོན་དམ་པར་དགེ་བ་ནི་ཐར་པའོ།། ཞེས ་བྱ་བའི་ཚིག་གིས་སོ།། དེའི་ཕྱིར་གང་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པའི་མཚན་ཉིད་ཅན་གྱི་འཕགས་པའི་ལམ་སྒོམ་པས་རང་གིས་དགོས་པ་གྱིས་ཤིག། གཞན་དུ་ན་ཕྱི་རོལ་གྱི ་གྱི་དོན་ལ་མངོན་པར་ཞེན་པ་རྣམས་ལ་མྱ་ངན་ལས་འདས་པ་མེད་དོ་ཞེས་བྱ་བའོ།། དོན་དེ་དག་ཉིད་བསྟན་པའི་ཕྱིར། ལུས་ལ་སྔོན་གྱི་མཐའ་མ་རབ་བརྟགས་ན་ཞེས་བྱ་བ་ལ་སོགས་པ་ལ། བཟོད་མ་ནས་ཞི་བའི་ཕྱིར་སྔོན་གྱི་མཐའ ་ཡང་མེད་ལ། སྐྱེ་བ་མེད་པ་ལ་ཉམས་པ་ཡང་མེད་པས་ཕྱི་མའི་མཐའ་ཡང་མེད་དོ།། དེ་དག་གཉི་ག་མེད་པས་དབུས་ཀྱང་ཡོད་པ་མ་ཡིན་པས་དེ་ནི་འདུས་མ་བྱས་ཀྱི་རིགས་ཞེས་བྱའོ།། ཆོས་ཀྱི་དབྱིངས་འདུས་མ་བྱས་ཀྱིས ་བསྒོམ་པ་ནི་འཕགས་པའི་གང་ཟག་གོ་ཞེས་བསྟན་པར་བྱ་བའི་ཕྱིར། མྱ་ངན་ལས་འདས་པའི་ཆོས་ལ་ཆོས་མེད་དེ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་ཆོས་རྣམས་ངེས་པར་གྲུབ་པ་སྟེ། ཆོས་རྣམས་ཉིད་ཡེ་ནས་མེད་པས་མྱ་ངན ་ལ་འདས་པ་ཡོད་པར་ག་ལ་འགྱུར། ཡོད་དང་མེད་ཅེས་བྱ་བར་རྟོགས་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་ནམ་ཡང་ཞི་བར་མི་འགྱུར་རོ།། དེ་ལྟར་སྤྱོད་པའི་སྡུག་བསྔལ་ཞི་མི་འགྱུར་ཞེས་བྱ་བ་ལ། དེ་ལྟར་སྤྱོད་པར་བྱེད་ན་ཞེས་བྱ་བའི ་དོན་ཏེ། རྒྱུ་མ་ཚང་བ་མེད་པའི་འབྲས་བུ་ཉམས་པར་མི་རིགས་སོ་ཞེས་བྱ་བའི་ཚུལ་གྱིས་སོ།། ཡོད་ཅེས་པ་ནི་མཐའ་གཅིག་མེད་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཡོད་པ་སྔོན་འགྲོ་མེད་པ་སྟེ། མེ་དད་པའང་ཡོད་པ་སྔོན ་འགྲོ་ཡིན། དེ་ཕྱིར་མེད་ཅེས་མི་བརྗོད་ཅིང་།། ཡོད་པ་ཉིད་དུའང་བརྟག་མི་བྱ་ཞེས་བསྟན་པ་ཡིན་ནོ།། དེ་བཞིན་དུ་གཙང་དང་མི་གཙང་འདི་ཡང་མཐོའ་ཡིན་ཏེ་ཞེས་བྱ་བ་ལ། སོགས་པ་ལ། ཡོད་པ་དང་། མེད་པ་དང་། གཙང་བ་དང་། ་@#མི་གཙང་བ་ལ་སོགས་པར་རྩོད་པར་ཐོབ་པར་གྱུར་པས་ནི་སྡུག་བསྔལ་ཉིད་རྣམ་པར་འཕེལ་བར་འགྱུར་རོ།། དེའི་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས།། ཞེས་བྱ་བ་ལ་སོགས་པ་ལ། རྩོད ་པའི་གཞིར་གྱུར་པའི་མཐའ་གཉིས་རྣམ་པར་སྤངས་ནས་དབུས་ལ་མངོན་པར་ཞེན་པ་ཡང་སྤངས་ཏེ། ཆོས་ཟབ་མོ་ལ་བཟོད་པ་ཇི་སྐད་བསྟན་པ་བཞིན་དུ་བསྒོམ་པར་བྱའོ།། ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ཡིན་ནོ། ་དྲན་པ་ཉེ་བར་གཞག་པའི་གཏམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དྲན་པ་ཉེ་བར་གཞག་པའི་གཏམ་བྱས་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ལུས་ཀྱིས་མངོན་སུམ་དུ་བྱེད་པར་མི་འགྱུར་རོ།། དེ་བཞིན་དུ་བསམ་གཏན་གྱི་གཏམ ་དང་། བདེན་པའི་གཏམ་བྱས་པ་ཙམ་གྱིས་བསམ་གཏན་དང་བདེན་པ་མཐོང་བར་མི་འགྱུར་རོ།། ཞེས་ཐམས་ཅད་དུ་དྲེགས་པའི་ཉོན་མོངས་པའི་རྐྱེན་རྣམས་བཀྲུ་བར་བྱའོ།། ཞེས་སློབ་པར་མཛད་པའོ།། ཚུལ་ཁྲིམས ་བསྲུང་ཞིང་དེ་ཡིས་བསྣམ་མི་བྱ།། ཆོས་རྣམས་མཉན་ཅིང་དེ་ཡིས་བསྙེམས་མི་བྱ་ཞེས་པ་ལ། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ།། བདག་ནི་མིང་དུ་ཐོས་པའོ།། ཞེས་ཁེངས་པར་མི་བྱའོ།། ཞེས་བྱ་བའི་བར་དུའོ།། དྲེགས ་པ་སྡུག་བསྔལ་རྩ་བ་ཡིན་པར་བསྟན་ཞེས་བྱ་བ་ལ། བསྙེམས་ཞིང་ང་རྒྱལ་བྱེད་པ་ནི་སྡུག་བསྔལ་གྱི་རྒྱུ་སྟེ་བྱེད་པ་ཡིན་ནོ།། རྒྱགས་པར་དྲེགས་པས་སྡུག་བསྔལ་རབ་ཏུ་འཕེལ་ཞེས་བྱ་བ་ལ། རྒྱགས་པས་དྲེགས་ཤིང ་ཁེངས་པར་གྱུར་པ་ནི་སྡུག་བསྔལ་ཉིད་འཕེལ་བར་འགྱུར་ཏེ། སྡུག་བསྔལ་དང་རྗེས་སུ་མཐུན་པའི་ཕྱིར་རོ།། བཟློག་ནས་རྒྱགས་པ་དང་བྲལ་བར་གྱུར་ན་ནི་སྡུག་བསྔལ་ཐམས་ཅད་འགག་པར་འགྱུར་ཏེ། སྡུག་བསྔལ་དང་འགལ་བའི ་བདེ་བའི་རང་བཞིན་ཡིན་པའི་ཕྱིར་རོ།། ཇི་སྙེད་ཆོས་མིང་ཡོངས་སུ་ཆུ་བ་བྱས་ནས་ཞེས་བྱ་བ་ལ། གལ་ཏེ་མང་དུ་ཐོས་པ་ཡིན་ན་ཡང་ཚུལ་ཁྲིམས་སྲུང་བར་མི་བྱེད་ཅིང་། བདག་ནི་མང་དུ་ཐོས་པ་ཡིན་ནོ་ཞེས་ང་རྒྱལ་བྱེད་ན་ཚུལ་ཁྲིམས ་ཉམས་པས་དེ་ངན་འགྲོར་འགྲོ་བ་ལ་ཐོས་པ་མང་པོས་སྐྱོབ་པར་མི་ནུས་སོ།། དེ་བཞིན་དུ་ཚུལ་ཁྲིམས་ཙམ་གྱིས་མགུ་ཞིང་ཐོས་པ་མང་པོ་ཚོལ་བར་མི་བྱེད་ན། དེ་ཚུལ་ཁྲིམས་ཀྱི་འབྲས་བུ་ཉམས་སུ་མྱོང་ནས་དུ་ཟད་པ་དང་། ཡང་ངན ་འགྲོར་ལྷུང་ནས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ།། དེ་བཞིན་དུ་དམིགས་པ་དང་བཅས་པའི་བསྒོམས་པས་ཀྱང་ཉོན་མོངས་པ་ཟད་པར་མི་འགྱུར་རོ་ཞེས་བྱ་བར། འཇིག་རྟེན་པའི་ཏིང་ངེ་འཛིན་སྒོམ་བྱེད་ཀྱང་ཞེས་བྱ་བ་ལ་སོགས་པཱ་ལ། ་བདག་ཏུ་མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་འཇིག་རྟེན་པའི་བསྒོམ་པས་ཀྱང་། དེ་ཉིད་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་།། བདག་ཏུ་འདུ་ཤེས་ཅན་ལ། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ཤིང་། བདག་གཞན་ཆ་ལས་ཡོངས་སུ་འཛིན ་དང་ལྡང་།། དེ་གཉིས་དང་ནི་ཀུན་ཏུ་འབྲེལ་བ་ལས།། ཉོན་མོངས་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར་ཞེས་བསྟན་པས་སོ།། དཔེ་བསྟན་པའི་ཕྱིར། ལྷག་སྤྱོད་ཀྱིས་ནི་ཏིང་ངེ་འཛིན་འདིར་བསྒོམས་པ་བཞིན་ཞེས་བྱ་བ་ལ། ལྷག་སྤྱོད་ནི་ཕྱོགས ་ཀྱི་གོས་ཅན་ནོ།། དེ་འདོད་ཆགས་དང་བྲལ་བ་རྫུ་འཕྲུལ་གྱིས་ན་མཁའ་ལ་འགྲོ་བ་མཐོང་ནས་དེ་ལྟ་བུ་འདོད་པའི་བཅྡོཾས་མའི་སེམས་ཀྱིས་བསྟན་པ་འདི་ལ་ཞུགས་ནས་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་རྫུ ་འཕྲུལ་མངོན་དུ་བྱས་པར་གྱུར་ཏོ།། དེ་རྫུ་འཕྲུལ་ཐོབ་ནས་ཕྱོགས་ཀྱི་གོས་ཅན་གྱི་བསྟན་པ་ལ་ཡང་འདི་ལྟ་བུའི་རྫུ་འཕྲུལ་ཡོད་དོ་ཞེས་ཡང་ཕྱོགས་ཀྱི་གོས་ཅན་དུ་གྱུར་ནས་ན་མཁའ་ལ་སོང་ངོ་།། དེ་ལ་དུས་གཞན་ཞིག་ན་ཁྱོད་ཀྱི་བསྒོམ་པ ་འདི་ནི་ལམ་མ་ཡིན་ནོ།། ཞེས་བརྩད་པ་དང་རྫུ་འཕྲུལ་ལས་ཉམས་ནས་ས་ལ་ལྷུང་སྟེ་དམྱལ་བར་སོང་བར་གྱུར་ཏོ།། དེ་ལྟ་བས་ན་བདག་མེད་པ་བསྒོམས་པ་ལས་གཞན་གྱིས་གྲོལ་བར་འགྱུར་བ་མ་ཡིན་ནོ།། ཞེས་བསྟན་པའི ་ཕྱིར་གལ་ཏེ་བདག་མེད་པ་ཆོས་ལ་རབ་རྟོག་ཅིང་ཞེས་བྱ་བ་གསུངས་པ་ལ་གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་སྔར་ཅི་སྐད་གསུངས་པ་བཞིན་རྣམ་གྲངས་ཀྱིས་ངེས་པར་བརྟགས་ནས་དམིགས་པ་ཐམས་ཅད་སྤངས་ཏེ། སྒོམ་པས་ཆོས ་ཐམས་ཅད་བདག་མེད་པར་སྒོམ་པ་ཁོ་ན་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་ཡིན་གྱི། རྒྱུ་གཞན་ནི་ཡོད་པ་མ་ཡིན་ནོ།། ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བས་འཁོར་པ་ལས་འབྲོས་པར་འདོད་ན་ཡང་འགྲོ་བ་ནི་མེད་དོ།། ཞེས་ཆོམ་རྐུན་གྱི ་དཔེས་བསྟན་པའི་ཕྱིར་མི་ཞིག་ཆོམ་རྐུན་ཚོགས་ཀྱིས་རབ་གཙེས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོམ་རྐུན་གྱིས་ཤིན་ཏུ་གཙེས་པས་རང་གིས་སྲོག་ཡོངས་སུ་བསྐྱབ་པར་འདོད་པ་དག་འབྲོས་པར་འདོད་པ་ལས་འཇིགས་པས་བྲེང ་ཅིང་བརྒྱལ་བའི་རྐང་པས་འབྲོས་པའི་ནུས་པ་མེད་པར་འགྱུར་རོ།། དེ་བཞིན་ཚུལ་ཁྱིམས་ཉམ་པ་རྨོངས་པའི་མི་ཞེས་བྱ་བ་ལ་སོགས་པས་ནི་དཔེས་བསྟན་པ་ལ་སྦྱོར་བར་བྱེད་དོ།། དེ་ཚུལ་ཁྲིམས་ཉམས་པ་ངེས་འབྲོས་པར་མི་ནུས་པ་སྟེ། ་ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བའི་ཕྱིར་འཁོར་བའི་ཁྱམས་ལས་བདག་ཉིད་འབྲོས་པར་ནུས་པ་མ་ཡིན་ནོ།། རྒས་པ་དང་འཆི་བ་དང་ནད་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཉོན་མོངས་པའི་དགྲས་ངན་འགྲོ་གསུམ་དུ་ལྷུང་བར་བྱེད་དོ།། ། ་ཡང་བདག་མེད་པ་ལེགས་པར་བསྒོམས་པར་གྱུར་པ་ཁྲོས་སམ་གཤེགས་ཀྱང་བདག་དང་གཞན་གྱི་ཆའི་རྟོགས་པ་དང་བྲལ་བའི་ཕྱིར་ཁྲོ་བ་ལ་སོགས་པ་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྟོང་པར་ཤེས་པ་དེ་ལ་འཁྲུག་པ ་མེད་ཅེས་བྱ་བའོ།། སྟོང་པ་ཉིད་མི་ཤེས་པ་དེ་ལྟ་ཁྲོས་པ་ལ་སོགས་པ་འབྱུང་ངོ་།། ཞེས་བསྟན་པའི་ཕྱིར། འགྲོ་མང་ཕུང་པོ་སྟོང་པོར་སྟོན་མི་ནུས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཚིག་གིསྟི་སྒྲོ་བཏགས་པ་ཙམ་གྱིས་སྟོང་པ་ཉིད་རྟོགས ་པར་མི་འགྱུར་རོ།། ཞེས་བསྟན་པའི་ཕྱིར། མི་ཤེས་དེ་དག་གཞན་གྱིས་བརྒལ་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱིས་བརྒལ་བ་ནི་ཁྲོ་བས་ཟིལ་གྱིས་ནོན་ནས་དྲག་ཅིང་རྩུབ་པའི་ཚིག་གི་མཚོན་ཆས་གཞན་ལ་གནོད་པ་བྱེད་པ ་ལ་འཇུག་པར་འགྱུར་གྱིས། ཇི་སྐད་གསུངས་པའི་སྟོང་པ་ཉིད་དྲན་པར་མི་འགྱུར་རོ།། དེ་དག་ཉིད་དེ་མ་ཐག་པའི་དཔེས་བསྟན་པའི་ཕྱིར། མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཡུན་རིང་པོའི་དུས་སུ་ནད་ཀྱིས ་གནོད་ཅིང་ཉམ་ཐག་པར་གྱུར་པའི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་པ་དག་ནད་གསོ་བའི་ཕྱིར་སྨན་པ་ལ་བརྟེན་པར་འདོད་ནས་བཙལ་བ་ནན་གྱི་རྒྱུ་དང་གསོ་བ་ལ་མཁས་པ་གཞན་ལ་ཕན་པ་བྱེད་པ་ལ ་བརྩོན་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྤྱན་པ་ཡང་དག་པར་སྙེད་ནས་དེས་ཀྱང་ནད་ཐམས་ཅད་ཞི་བར་བྱེད་པའི་ནུས་པའི་སྨན་ནད་པོ་དེ་ལ་བྱིན་ན་ནང་པ་དེ་ནང་བསིལ་བའི་བསྟེན་པར་མི་བྱེད་ན་གང་གིས་ཉེས་ཞེས་བྱ་བར་སྨན་པས་མོ་ལན ་སྨན་གྱིས་མཉེས་ཏེ་ཞེས་བྱ་བ་ལ། ཇི་ལྟར་རིགས་པའི་སྨན་བསྟེན་ནད་བསལ་བར་ནུས་ཀྱིས་མ་བསྟེན་པར་ནི་མ་ཡིན་ནོ།། དེ་ནི་ནད་པ་ཉིད་ཀྱིས་ཉེས་པ་ཡིན་ཏེ། སྨན་མི་བསྟེན་པའི་མཚན་ཉིད་ཅན་གྱིའོ།། ཞེས་བྱ་བས་སྐབས་ལ་བབ་པ ་དང་སྦྱར་བའི་ཕྱིར། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་བསམ་གཏན་དང་། གཟུགས་མེད་པ་ལ ་སོགས་པ་ཐོབ་ནས་སྨན་བསྟེན་པའི་གནས་ལྟ་བུའི་སྒོམ་པ་གང་ཡིན་པ་ལ་སྦྱོར་བར་མི་བྱེད་པ་ནི་སྒོམས་པ་ལ་རྗེས་སུ་སྦྱོར་བ་དང་བྲལ་བའི་མཚན་ཉིད་ཅན་མྱ་ངན་ལས་འདིས་པའི་ནད་མེད་པ་ཐོབ་པར་མི་འགྱུར་རོ།། དེ་ལྟ་བས་ན་དངོས ་པོ་མེད་པ་སྟོང་པའོ་ཞེས་དོན་དམ་པ་སྒོམ་པ་ལ་སྦྱར་བར་བྱེད་པ་ནི་སངས་རྒྱས་ཀྱི་སྲས་སུ་འགྱུར་གྱི། མུ་སྟེགས་པས་ཡོངས་སུ་བརྟགས་པའི་ཕྱོགས་གཅིག་སྟོང་པ་ཉིད་ནི་ཡོངས་སུ་སྤོང་བར་བྱེད་དེ། འཁོར་བ་དང་རྗེས་སུ་མཐུན་པའི ་ཕྱིར་རོ།། ཞེས་པར་སྲིད་པ་ཐམས་ཅད་ཡོད་ཡེ་སྟོང་པ་སྟེ་ཞེས་པ་ལ་སོགས་པ་བསྟན་ཏོ།། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་རྗེས་སུ་འཛིན་པའི་བརྩེ་བ་ཆེན་པོ་དང་ལྡན་ན་ཡང་བྱིས་པའི་སྐྱེ་བོ་སྤང་བར་བྱ་བའི་རྒྱུ་བསྟན་པའི ་ཕྱིར། མཁས་པ་བྱིས་པ་དག་དང་རྩོད་མི་བྱེད་ཅེས་བྱ་བ་ལ་སོགས་པ་ལ་མཁས་པ་ནི་བློ་དང་ལྡན་པ་སྟེ། ཇི་སྐད་དུ་གསུངས་པའི་གསུང་རབ་ལ་མཁས་པའོ།། བྱིས་པ་ནི་མི་ཤེས་པ་སྟེ། དེ་དང་རྩོད་པར་མི་བྱེད་དེ། བཟློག་ནས་རི་མོར་བྱས ་ནོས་སྤོང་བ་ན་བདག་ལ་བསྟེན་ནས་སེམས་གདུག་པ་བསྐྱེད་པས་ངན་འགྲོར་འགྲོ་བར་འགྱུར་རོ།། ཞེས་བསྣམས་པའོ།། བྱིས་པའི་སེམས་ཀྱི་རྒྱུད་རིག་པས་གྲོགས་པོར་ཡང་མི་བྱེད་དོ།། གྲོགས་པོའི་གྲོགས་པོ་ཉིད་ཀྱང་དེས་མི་ཤེས་ཏེ་དགྲ ་དང་འདྲ་བར་འགྱུར་ཞེས་སོ་སོའི་སྐྱེ་བོའི་གྲོགས་ལ་མཁས་པ་རྣམས་ཡིད་རྟོན་པར་མི་བྱེད་དོ།། བྱིས་པ་དང་ནི་བྱིས་པར་མཐུན་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ལ་འདོད་པ་མཐུན་པའི་ཕྱིར། ཇི་ལྟར་མི་གཙང་བ་དང་མི་གཙང་བཞིན་ཞེས་གསུངས ་ཏེ། མི་གཙང་བ་དང་མི་གཙང་པོ་ཆེན་པོར་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མཁས་པ་དག་ནི་མཁས་པའི་སྐྱེ་བོ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་དྲག་པ་ནི་ཡོངས་སུ་དག་པ་དང་གྲོགས་པོ་ཞེས་བྱ་བར། མཐུན་ཞིང་འབྱོར་པ ་མར་དང་སྙིང་ཁུ་བཞིན་ཞེས་གསུངས་སོ།། འཁོར་བའི་སྐྱོན་མ་མཐོང་བ་དང་། ལས་དང་རྣམ་པར་སྨིན་པ་སྟེན་པའི་དེ་བཞིན་གཤེགས་པའི་བཀའ་འ་མ་དད་པའི་ཕྱིར་བསླབ་པ་ཉམས་པ་ལ་སོགས་པར་འགྱུར་རོ།། ཞེས་བྱ་བར་རབ ་ཏུ་རྙེད་དཀའ་མི་ཉིད་ཐོབ་ནས་ནི་ཞེས་བྱ་བ་ལ་སོགས་པས་ནི་བསླབ་པ་ལཱ་མི་གུས་པའི་རྒྱུ་བསྟན་ཏེ། བཟོའི་གནས་དག་ལ་ནི་མཁས་མི་འགྱུར་ཞེས་བྱ་བ་ནི་མཚོ་བའི་དོན་གྱི་བཟོའི་གནས་ལ་སོགས ་པ་ལ་མི་མཁས་པའི་ཕྱིར་དབུལ་པོར་གྱུར་ལྔ། འཆི་བ་མེད་པས་འཚོ་བའི་ཕྱིར་དེ་བཞིན་གཤེགས་པའི་བསྟེན་པ་ལ་རབ་ཏུ་བྱུང་ནས་དེ་ལྷུང་བཟེད་དང་ཆོས་གོས་ལ་ཆགས་པར་འགྱུར་ཅིང་སྡིག་པའི་གྲོགས་པོའི་ལག་ཏུ་སོང ་བས་བསླབ་པའི་གནས་ལ་གུས་པར་མི་བྱེད་ཀྱི་བྱ་བ་མ་ཡིན་པ་ལ་སྦྱོར་བས་ལུས་དང་ངག་དང་སེམས་མ་གདམས་པས་རྫུན་པའི་ཚིག་སྨྲ་ཞིང་གཞན་གྱི་སྐྱོན་སྨྲ་བ་ལ་ཞུགས་པ། ཟས་ལ་ལྷག་པར་ཆགས་པ་ཟས་ལ་ཚོད་ཟིན་པ ་མེད་པ་དེ་དག། སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང་ཞེས་བྱ་བ་ལ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་དེ་ལྟར་གྱུར་པའི་ཟས་རྙེད་ནས་ཡོད་བྱིས་པ་མི་ཤེས་པ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བྱིན་གྱིས་བརླབས ་ཀྱིས་བདག་ཅག་གིས་ཟས་ལ་སོགས་པ་ཐོབ་བོ་སྙམ་དུ་མཱི་སེམས་སོ།། དེ་དག་ཁ་ཟས་ཤིན་ཏུ་ཞིམ་པ་དྲི་དང་རོ་དང་ལྡན་པ་དགེ་མི་རིགས་པའི་སྦྱོར་བ་ཡོངས་སུ་ལོངས་སྤྱོད་པ། དེ་དག་ལ་ནི་ཟས་དེ་དག་ཏུ་འགྱུར་ཞེས་བྱ་བ་ལ། ་དེ་གྱ་ནོམ་པ་ཡིན་ན་ཡང་དུག་དང་འདྲེས་པའི་ཞོས་བསྲེས་པའི་ཟས་ཟ་བ་དང་འདྲ་བར་དགེ་བའི་སྲོག་གི་བར་ཆད་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དེ་དག་དུག་གི་དོན་དུ་འགྱུར་བ་ཡིན་ནོ།། ཞེས་བསྟན་པར་གླང་པོ་ཆེ་ཕྲུ་གུའི་དཔེས། བ་གླིང་ཕྲུག ་གུས་རྩ་བ་མ་བཀྲུས་བཞིན་ཞེས་གསུངས་ཏེ། ཇི་ལྟར་གླང་པོ་ཆེ་ཕྲུ་གུས་རྩ་བུ་མ་བཀྲུས་པ་སྟེ། པདྨའི་རྩ་བ་འདས་དང་བཅས་པ་ཟོས་ན་འཆི་བའི་རྒྱུར་འགྱུར་རོ།། དེ་ལྟ་བས་ན་བདག་ལ་ཕན་པ་འདོད་པས་སྡིག་པའི་གྲོགས་པོ་སྤང་བ་དང ་མཐའ་གཅིག་ཏུ་གཞོལ་བ་དང་། སོ་སོའི་སྐྱེ་བོ་དང་འདུ་འཛི་སྤངས་ནས་རྣལ་འབྱོར་དང་རྗེས་སུ་མཐུན་པའི་དགོན་པར་གནས་པར་བྱས་ལ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དྲང་ལྡན་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས ་ནུནས་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཟབ་མོ་ལ་བཟོང་བ་ཡང་སྟོན་ཏོ།། དེ་དག་གིས་ཀྱང་དེ་ལས་ཐོས་ནས་དེ་བཞིན་དུ་བསྒྲུབས་པ་ལ། འཕགས་པའི་ཟང་ཟིང་མེད་པའི་བཟོད་པ་འཐོབ་ཅེས་བྱ་བ་ལ། འཕགས་པ ་ནི་ཆོས་ཟབ་མོ་མངོན་པར་རྟོགས་པའོ།། ཟང་ཟིང་མེད་པ་ནི་ཉེས་པ་ཐམས་ཅད་དང་བྲལ་བའོ།། ཐོབ་པ་ནི་ལྡན་པ་ཞེས་བྱའོ།། ཟབ་མོའི་ཆོས་ཚུལ་རྟོགས་པས་རྣམ་པར་དག་པའི་བློ།། སྙིང་རྗེས་འགྲོ་བའི་དོན་བྱེད་བཟོད་པ་ནི་བསྒོམ་བྱ།། ཤེས ་རབ་སྙིང་རྗེའི་ཡོན་ཏན་རང་བཞིན་དམ་པ་འཇམ་པའི་མགོན། དེ་ཉིད་ཀུན་ལ་བློ་རྒྱས་བློ་ཡིས་སངས་རྒྱས་འགྱུར་བར་གྱིས།། ཆོས་ཟབ་མོ་ལ་བཟོད་པའི་ལེའུ་སྟེ་དགུ་པའི་བཤད་པ་རྫོགས་སོ།། ། ད་ནི་གྲོང་ཁྱེར ་དུ་གཤེགས་པའི་ལེའུ་ལེའུ་སྔ་མ་རྣམས་མཚམས་སྦྱོར་བ་སྔོན་དུ་འགྲོ་བས་བསྟན་པར་བཞེད་ནས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ལ། ནན་ཏན་སྙིང་པོར་བྱའོ་ཞེས་བྱ་བ་ནི་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ཉིད་དོ།། ནན་ཏ། ་ནི་ཉམས་སུ་ལེན་པ་སྟེ། སྒྲུབ་པ་གཙོ་བོར་བྱའོ་ཞེས་བྱ་བའོ།། བསླབ་པར་བྱ་བ་ནི་སློབ་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་གི་ཕྱིར་ནན་ཏན་ཉེ་བར་སྟོན་ཞེ་ནའོ།། ནན་ཏན་སྙིང་པོར་བྱེད་པ་ལ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་བྱ་བས་ཏིང་ངེ་འཛིན་ནི་ཤིན་ཏུ་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱོར་ནས་ཞེས་བྱ་བ་ནས། ནན་ཏན་གྱིས་ཏིང་ངེ་འཛིན་ལ་འཇུག་པ་ལེགས་པར་བཤད་དོ།། ཞེས་བྱ་བ་ལ་སོགས་པ་ནས། བདག་ཀྱང་ནན་ཏན་སྙིང་པོར་བགྱིད་དོ།། ཞེས་བྱ་བའི་བར་དུ་སྟེ། ལུས་དང་སྲོག ་ལ་བལྟོས་པ་མེད་པར་བྱས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནན་ཏན་གྱིས་བསྒྲུབ་པར་བྱའོ།། ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་ཞེས་བྱ་བ་ལ ་སོགས་པ་ལ། ནམ་མཁའ་འདྲ་བ་ནི་ཆོས་ཀྱི་སྐུ་སྟེ། སྒྲིབ་པ་ཐམས་ཅད་མི་མངའ་བས་སོ།། རྡུལ་བྲལ་ནི་ཕྱི་དྲང་ནང་གི་འདོད་ཆགས་ཀྱི་རྡུལ་དང་བྲལ་བའི་ཕྱིར་རོ།། གཟུགས་བཟང་འཆང་བ་ནི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན ་པབའི་ལོངས་སྤྱོད་རྫོགས་པའི་སྐུ་འཆང་བའི་ཕྱིར་རོ།། ལུས་མི་མངའ་ནི་ནམ་མཁའ་དང་མཉམ་པའི་ཕྱིར་རོ།། མཚན་མི་མངའ་ནི་མཚན་མའི་མཚན་ཉིད་མེད་པ་སྟེ། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་གཟུགས་ཀྱི་སྐུའི་མཚན་ཉིད་མེད ་པ་ཉིད་དོ།། ཤེས་རབ་སྲས་པོ་ནི་གཟུགས་མེད་པ་མཚན་ཉིད་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལས་སྐྱེས་པའི་ཕྱིར་རོ།། ཡང་ན་ནམ་མཁའ་དང་འདྲ་བས་ན་རྡུལ་བྲལ་ལོ།། རྡུལ་དང་བྲལ་བ་ནི་གཟུགས་བཟང་འཆང་བ་སྟེ། ་ཆོས་ཉིད་ཀྱི་གཟུགས་ལ་གཟུགས་ཞེས་བྱས་ནས་སོ།། གང་གི་ཕྱིར་གཟུགས་དང་མཚན་མི་མངའ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་སྟེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད།། ཡེ་ཤེས་དེ་ནི་དེ་བཞིན་གཤེགས་ཞེས་བྱ་བ་ཡིན་ནི།། ་གོམས་པར་བྱེད་པའི་དུས་ལ་བལྟོས་ནས་དེའི་སྲས་པོ་ཉིད་དོ།། དཱི་ལྟ་བས་ན་ཐམས་ཅད་དུ་དམན་པ་ལ་མོས་པ་རྣམས་ཀྱི་གཏིང་དཔག་པར་དཀའ་བའི་ཕྱིར་དང་། ཤིན་ཏུ་ཟབ་པའི་ཡོན་ཏན་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར། ཡོན་ཏན་རྒྱ་མཚོ ་རབ་ཟབ་ཅེས་བྱ་བའོ།། དེ་ལྟ་བས་ན་སེམས་ཅན་གྱི་དོན་བྱ་བ་ཇི་ལྟར་ངེས་པར་འགྲུབ་ཅེས་ན། ཐུགས་རྗེ་ཅན་ཞེས་བྱ་བ་གསུངས་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་སྐུ་ཡིན་པའི་ཕྱིར་དང་། སྔོན་སྦྱངས་པའི་ནུས་པའི ་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡང་ངེས་པར་འགྱུར་ཞེས་བྱའོ།། དེ་ལྟར་བསྟོད་ནུས་རང་གི་འདོད་པའི་དོན་ལོ་གསོལ་བ་འདེབས་པ་ནི། མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག་ཅེས་པ་སྟེ། ཕྱག་ཞོག་ཅེས་བྱ་བ་ནི་གསོལ ་ཅིག་ཅེས་པའོ།། བདག་གི་མགོར་ཏེ་སྤྱི་བོར་རོ།། མཚུངས་མེད་ནི་འདྲ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཇི་ལྟར་གསོལ་བ་བཏབ་པའི་དོན་ཡང་དག་པར་བསྒྲུབ་པོ་ཞེ་ས་བསྟན་པའི་ཕྱིར། ཕྱོག་གཡས་པ་ཟླ་འོད་གཞོནུར ་གྱུར་པའི་སྤྱི་བོར་བཞག་གོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་བཞག་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་ཟླ་འོད་གཞོན་ནུར་གྱུར་པ་ལ་གཟུགས་ཐམས་ཅད་ངེས་པར་སྟོན་པའི་ཏིང་ངེ་འཛིན ་རྣམ་པ་ཐམས་ཅད་ཀྱིས་གྲཱྀ་ཟུགས་ཐམས་ཅད་ཀྱི་སྣང་བ་སྐྱེང་བར་བྱེད་པའི།། ཡིད་ལྟར་མགྱོགས་པའི་ཏིང་ངེ་འཛིན་ནི་ཡིད་ཀྱིས་བསམས་བཅེམ་གྱིས་ཐམས་ཅད་དུ་འགྲོ་ཞིང་འདྲ་བའི་རྫུ་འཕྲུལ་གྱི་ངོ་བའོ།། ནམཁའ ་ནི་འདོད་པ་ཙམ་གྱིས་འདོད་པའི་དོན་ཐམས་ཅད་ན་མཁའི་ལས་ཡོང་དག་པར་འགྲུབ་པའོ།། རྡོ་རྗེ་ལྟ་བུ་ནི་རྣམ་པར་གཡེང་བ་ཐམས་ཅད་ཀྱིས་མི་ཕྱེད་པ་ཉིད་དོ།། དཔའ་བར་འགྲོ་བ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡུལ་ནོན་པའོ།། ་སྒྲིབ་པ་མེད་པའི་མཐའ་ནི་སྒྲིབ་པ་ཐམས་ཅད་ཀྱི་མཐའ་འགྲོ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་མཐོང ་བའི་ངོ་བོ་ཉིད་དོ།། སྟོང་པ་ཉིད་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ནི་སྟོང་པ་ཉིད་ཐམས་ཅད་ཀྱིས་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་བའོ།། ་དེ་དག་ལ་སོགས་པ་སྟེ། གཙོ་བོར་གྱུར་པའི་ཏིང་ངེ་འཛིན་གྱི་སྒོ་དངག་ཏུ་མེད་པ་མངོན་སུམ་དུ་གྱུར་པའོ།། གཟུངས་ཀྱི་སྒོ་དང་། དགའ་བ་དང་བདེ་བ་གང་ལྷ་ཡུལ་གྱི་དགའ་བ་དང་བདེ་བ་ཐོབ་བོ།། ཞེས་བྱ་བས་ནི ་བཞིན་གཤེགས་པའི་ཕྱག་གིས་མཐིལ་གྱིས་རེག་པའི་མཐུ་ཁྱད་པར་དུ་འཕགས་པར་རིག་པར་བྱའོ།། དེ་དག་ཉིད་ཀྱི་དོན་ཚིགས་སུ་བཅད་པས་སོ་སོར་བསྟན་པའི་ཕྱིར། དྲ་བས་མཛེས་འབྲེལ་བུམ་པ་ལྕགས་ཀྱུའི་མཚན ་མངའ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། བུམ་པ་དང་། ལྕགས་ཀྱུ་དང་། དཔལ་བེའུ་དང་། འཁོར་ལོ་དང་། རྒྱལ་མཚན་དང་། ཉ་དང་བ་ངན་ལ་སོགས་པའི་མཚན་གྱིས་བརྒྱན་པ་བསྐལ་བ་མི་ཉུང་བ་དཔག་ཏུ་མེད་པར་སྦྱིན་པའི ་ཆར་འབེབས་པ་ལོ་མཁས་པའི་ཕྱག་གཡས་པ་གསེར་གྱི་མདོག་ཅན་ཟླ་འོད་ཀྱི་མདོག་ཅན་ཟླ་འོད་ཀྱི་མགོ་ལ་བཞག་པར་གྱུར་པས་ཟླ་འོད་གཞོན་ནུ་ལ་དཔེ་མེད་པའི་དགའ་བ་དང་བདེ་བྱ་དང་ལྡན་པར་གྱུར་པས་བཅོམ ་ལྡན་འདས་གྲ་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པས་བསྟོད་པ། བླ་མེད་མ་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས ་ཅད་ལ་མི་འཇིགས་པ་རྩོལ་བས་མི་འཇིགས་པ་སྦྱིན་པའོ།། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་སྡུག་པ་བཞིན་དུ་རྩེ་བ་སྦྱིན་པས་ན། སེམས་ཅནྡ་གཉེན་རྩའོ།། རྣམ་པ་སྨྲ་ཚོགས་པས་སེམས་ཅན་གྱི་དྲོན་ལ་འཇུག ་པས་ན། བདེན་པའི་རྩལ་མངའ་བའོ།། མཉམ་པ་མེད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ད་དང་མཉམ་པས། མི་མཉམ་མཉམ་པའོ།། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཡིན་པའི ་ཕྱིར། ཤིན་ཏུ་ཐུགས་རྗེ་ཅ་ནོ།། དཔའ་བོ་དགྲ་བཞི་རྣམ་པར་བརྟུལ་ལ་ཕྱག་འཚའོ།། ཞེས་བྱ་བ་ནི་དགྲ་བཞི་རྣམ་པར་བཏུལ་བ་སྟེ། བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་བ་ཉིད་དོ།། བརྩོན་འགྲུས་ཀྱི་སྟོབས་ཀྱིས་དོན་དམ་པ་སངས་རྒྱས ་ཉིད་མངོན་སུམ་དུ་མཛད་པས་ན་བརྩོན་པའོ།། ཆོས་ཉིད་ཀྱི་སྐུ་བདག་ཉིད་ཀྱི་ཕྱིར་སྐུ་མཆོག་གོ། ཤིན་ཏུ་སྤངས་པ་ནི་ཤེས་རབ་སྟེ་ནི་མཁའི་དཀྱིལ་འཁོར་ནས་ཤར་བ། སྙིང་རྗེ་བྱམས་པའི་འོད་ཟེར་སྟེང་དང་ལྡན་པའི་རྒྱལ་བ་ཉི་མི་མོ་ཤེས ་པའི་མུན་པ་སེལ་བའོ།། སྐྱབས་སུ་མཆི་ཞེས་བྱ་བ་ནི་གུས་པར་ཕྱག་འཚལ་ནས་བདག་ལ་སྐྱབས་གཞན་མ་མཆིས་པས་སྐྱབས་སུ་མཆིའོ།། ཞེས་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པའོ།། བཅོམ་ལྡན་འདས་བདག་ལ་ཐུགས ་བརྩེ་བའི་སླད་དུ་ཞེས་བྱ་བ་ལོ། ཐུགས་ཀྱིས་དོགོངསཱ་ལ་། སང་བདག་གི་སྡུམ་པར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བར་གནས་པར་མཛད་དུ་གསོལ་ཞེས་བྱའོ།། ་དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་བྱ་བའི་ཚོགས་བཅད་ཀྱིས་ཀྱང་དོན་དེ་ཉིད་བསྟན་ཏོ།། ཐུག་སོ་བརྩི་བའི་ཕྱིར་ཞེས་བྱ་བ་ནི་ཐུགས་ཀྱིས་གནས་པ་ནི་བདག་གིར་མཛད་པའོ།། དེའི་ཕྱིར་གསུངས་པ་ཅང་མི་གསུང་བར་གྱུར་པས་ཞེས ་བྱའོ།། དེ་ནས་ཟླ་འོད་ཀྱིས་ཅིང་མི་གསུངས་པས་གནང་བར་རིག་ནས་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་རྒྱལ་པོའི་ཁབ་ནས་བྱ་རྒོད་ཀྱི་ཕུང་པོའི་བར་གྱི་ལམ་ཐམས་ཅད་མཉམ་པར ་བྱས་ནས་མེ་ཏོག་སྣ་ཚོགས་དང་། སྤོས་དང་། ན་བཟའ་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། གླར་དང་། ཟློས་གར་ལ་སོགས་པ་དང་། རོལ་མོ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དུ་མ་དང་ལྡན་པས། སྐྱེས་པ་དང་བུད ་མེད་རྣམས་ཀྱང་ཡང་དགུ་པར་བརྒྱན་ནོ།། ལམ་གྱི་ངོས་གཉིས་སུ་ཡང་འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་པ་ལྷ་རྫས་ཀྱི་ཏཱ་ལིའུ་ཕྲེང་བ་བརྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་བཀོད་། ནམཁྱེའ་ལ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས ་བའི་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྱད་པར་མར་མེ་བཞིན་དུ་གསལ་བར་བྱེད་པ་རྣམས་བཙུགས་སོ།། སྔར་བསྟན་པའི་དོན་རྣམས་ཚིགས་སུ་བཅོད་པས་རྟོགས་པར་སླ་བའི་ཕྱིར་གསུངས་པ་ནཱི། ལམ་ནཱི་སྣ་ཚོགས་ཤིན་ཏུ་ལེགས་པར་བ་རྒྱན་ཞེས་བྱ་བ ་ལ་སོགས་པ་ཡ། ལྐུག་པའི་གཞུང་བཤུང་བ་ཉིད་བཤད་པ་ཡིན་པའི་ཕྱིར་ཡང་བཤད་པར་མི་བྱའོ།། དེ་ལྟར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལ་སོགས་པས་ལིམ་བསྐྱོན་ནས་རྒྱལ་པོའི་ཁབ་གང་ཡིན་པ་དང་། རང་གི་ཁྱིམ་གང་ཡིན་པར་སོང ་ནས་རང་གི་ཁྱིམ་དུ་ཞུགས་ནས་དྲིའི་ནུབ་མོ་མ་ཡིན་ཞིང་བཟང་བ་གྱ་ནོམ་པ་དཔག་ཏུ་མེད་པའི་བཟའ་བ་དང་བཅའ་བ་དང་། མྱང་བར་བྱ་བཱི་རྣམས་མངོན་པར་བསྒྲུབས་ཤིང་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་ཚེགས་པ་བྱས་ནས་དེ་ནས་ནང ་པར་སྔ་རབ་ཀྱི་དུས་སུ་རྒྱལ་པོའི་ཁབ་ཀྱང་དེ་བཞིན་དུ་བརྒྱན་ནས་དེ་ལ་རང་གི་ཁྱིམ་ཡང་རྒྱན་སྣ་ཚོགས་དུ་མས་བརྒྱན་ཅིང་རིན་པོ་ཆེའི་སྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བཏིང་ངོ་།། དེའི་དབུས་སུ་ལྷ་རྫས་ཀྱི་སོང་གེའི་ཁྲི་ལྕེའི་དང ་མིའི་ལས་འདས་པ་བཤམས་སྔོ།། ཨ་ག་རུ་ནག་པོའི་བདུག་པས་ནི་བདུགས། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཅིང་རང་གི་ཁྱིམ་སྨྲས་སོ།། དོན་འདི་དག་ཉིད་ཚིགས་སུ་བཅད་བུས་བསྟན་པར་འདོད་ནས ་ཟླ་འོད་ཀྱིས་ནི་ཁྱིམ་མཆོག་ཡངས་པ་ཡང་། རྒྱ་ཆེར་ཐམས་ཅད་ཤིན་ཏུ་བརྒྱན་པ་བྱས་ཞེས་བྱ་བ་ལ་སོགས་པ་ལ། རབ་ཀྱི་མཐར་ཐུགས་པར་བརྒྱན་པ་བྱས་པོའོ།། ཁྱིམ་མཆོག་ནི་ཁྱིམ་གྱི་གཙོ་བོའོ།། ཟླ་འོད་ཀྱིས་གུས་པས་ཞེས ་བྱ་བ་ནི་ལྷག་མའོ།། ལྷ་རྫས་སེང་གེའི་ཁྲི་ནི་དབུས་སུ་བཙུགས་ཞེས་བྱ་བ་ནི་དབུས་སུ་བཀོད་པའོ།། གང་ལ་འཇིག་རྟེན་སྒྲོན་མ་བཞུགས་པའི་ཞེས་བྱ་བ་ལ། སྟན་བྱེ་བ་སྟོང་ཕྲག་མཐའ་ཡས་པ་བཏིང་ནས་བྱང་ཆུབ་སེམས ་དོཔའི་དགེ་འདུན་དང་། ཉནི་ཐོས་ཀྱི་དགེ་འདུན་གྱི་གདན་ཡང་བཤམས་སོ།། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་དྲིས་ཁྱབ་པར་བྱེད་པའི་ཨོཾ་ག་རུའི་བདུག་པའི་སྣོད་ཀྱང་བཞག་གོ། མེ་ཏོགུ་རྣམ་པ་སྣ་ཚོགས་ཀྱང་བཀྲམ ་མོ། གར་བྱེད་གླུ་ལེན་སིལ་སྙན་སྒྲ་དག་གིས་ཞེས་བྱ་བ་ལ། འདུས་བྱས་པའི་སྒྲའི་སྦྱོར་བས་ནི་མཐོ་རིས་འཐོབ་པར་འགྱུར་རོ།། ཞེས་མངོན་པར་ཞེན་པ་སྤང་བའི་ཕྱིར་ཏེ། དོན་ལ་བསྟན་པར་བྱའི་ཡི་གེ་ལ་བརྟེན་པར་ནི་མི་བྱའོ།། ་ཞེས་བྱ་བ་སྟེ། དོན་དང་སྒྲ་ལ་འབྲེལ་པ་གྲུབ་པ་ཅི་ཡང་མེད་པའི་ཕྱིར་གོང་སུ་ཡང་རུང་བས་སྒྲ་དེ་དག་གིས་སམ་ལག་པ་ལ་སོགས་པའི་བརྡ་ཡང་རུང་བས་རབ་ཏུ་བསྒྲུབས་པའི་དོན་གྱི་རྗེས་སུ་འབྲང་བར་བྱའོ།། ཞེས་རྟོགས་པར ་བྱའི་རྨོངས་པ་སྒྲ་ལ་ཞེན་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའི་དུས་བྱས་པའི་སྒྲ་ལ་འབད་པ་བསྐྱེད་པར་མི་བྱའོ།། ཞེས་བྱ་བའི་དོན་ཏོ།། གར་དང་གླུ་དང་བརྡུང་བའི་སྒྲས་ཉེ་བར་མཛེས་པར་བྱས་པའི་ཁང་པའི་མཆོག་ནི་ལྷ་ལ ་སོགས་པའི་སེམས་ཀྱང་ངོ་མཚར་དུ་འཛིན་ཅིང་ལྷའི་གཞལ་མེད་ཁང་ཡང་ཟིལ་གྱིས་མནན་པའི་རྣམ་པར་རྒྱལ་བའི་གནས་པས་ལྷག་པར་ཟླ་འོད་ཀྱི་ཁང་པ་རྣམས་མཐོང་ངོ་།། དེ་ནས་ཟླ་འོད་བཅོམ་ལྡན་འདས་ག་ལ་བ་དེར་སོང ་ཞེས་བྱ་བར་སྦྱར་རོ།། ནང་པར་ཤིན་ཏུ་སྔ་བའི་དུས་སུ་གླུ་དང་བརྡུང་བ་ལ་སོགས་པ་དང་བཅས་པར་རང་གིས་འཁོར་གྱིས་ཡོངས་སུ་བསྐོར་ཅིང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་བྱེ་བ ་ཁྲག་ཁྲིག་པོ་རྒྱ་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཀྱང་ལྷོའི་མེ་ཏོག་མནྡཱ་ར་བས་སྙིམ་པ་བཀང་བའོ།། དེ་དག་ལས་ལ་ལ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་ཞེས་བྱ་བ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ནི་ངེས་པར་སྐྱེ་བ་གཅིག་ན་བླ་ན ་མེད་པ་ཡང་དག་པར་རྫོགས་པོར་འོ་ཚང་རྒྱ་བ་ཞེས་བྱ་བའོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་དེའི་དུས་ན་ཉེ་བར་གནས་པའི་གྲངས་ངེས་པ་བསྟན་པར་བྱ་བའི་ཕྱིར་རོ།། འཕགས་པོ་སྤྱན་རས་གཟིགས་དབང་ཕྱུག་ཆེན་པོར་བྱས་ནས་བྱམས་པའི ་བར་བྱང་ཆུབ་སེམས་དཔའ་བཅུ་གཉིས་ནི་སྐྱེ་བ་གཅིག་གིས་ཐོགས་པའོ།། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། རྟ་དང་པ་གླང་དང་ཤིང་རྟ་དུ་མ་ཤིན་ཏུ ་བརྒྱན་ཅིང་མ་ཞོན་བུར་ཁྲིད་པ་མང་པོ་ཞེས་བྱ་བ་ལྔ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་གྱི་ཕྱིར་ཞོན་པ་མེད་པའི་བཞོན་པའི་ཚོགས་དེ་དག་དང་འདྲེས་ནས་ཚད་མེད་པའི་འཁོར ་གྱི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཆུ་དྲོན་ཅན་གྱི་སྒོ་ནས་ཕྱིར་བྱུང་སྟེ། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ག་ལ་བ་དང་། བཅོམ་ལྡན་འདས་གུ་ལ་བ་དེར་སོང་སྟེ་ཕྱིན་ནས་ཞེས་བྱ་བ་ལ། ་དཀའ་ཐུབ་ཀྱི་སྟོབས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་སྒོ་དེ་ནི་ཆུ་དྲོན་ཅན་གྱི་སྒོའོ།། ཡང་ན་ཏ་པོ་ཏ་ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རིའོ།། དེ་ལ་མངོན་པར་ཕྱོགས་པའི་སྒོ་ནི་ཆུ་དྲོན་ཅན་གྱི་སྒོ་ཞེས་བྱ་བ་འམ་ཡོད་ན་ལྷོ་ཕྱོགས་ཀྱི་སྒོ་ལ ་མིང་དུ་བཏགས་པའོ།། ཕྱིན་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པའོ།། དེ་ནས་སྟན་ལས་ལངསོ་ཏེ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་པོ་བཏུད་ཏེ། དུས་ལ་བབ་པར་གསོལ ་བའི་ཕྱིར། བཅོམ་ལྡན་འདས་གདུགས་ཚོད་ལེ་བབ་པོ་ཞེས་བྱ་བ་ལ། དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ནི་སྔ་དྲོའི་དུས་ལགས་སོ།། ཞེས་བྱ་བ་སྟེ། དུས་ནི་དུས་ཚོད་དོ།། སྦྱར་ལགས་པ་ནི་ངེས་པར་ཀུན་ཟིན་པའོ།། གཙང་བ་ནི ་གུས་པར་བཤམས་པའོ།། ང་དེའི་དུས་ལ་བབ་བོ་སྙམ་པའོ།། བཅོམ་ལྡན་འདས་ཀྱིས་དེ་ལྟར་དུས་ལ་བབ་པར་མཁྱེན་ན་སྟེ། ཐུགས་ལ་དགོངས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པའི་བདག་གི་སྡུམ་པར་གདུགས ་ཚོད་གསོལ་བའི་དུས་ལ་བབ་པོ་ཞེས་བྱ་བའོ།། དེ་དག་ཐམས་ཅད་ཚིགས་སུ་བཅད་པས་བསྟན་པར་འདོད་ནས་བདག་གིས་གྲོང་ཁྱེར་མཆོག་ཀུན་རྣམ་པར་བརྒྱན་ཞེས་བྱ་བ་ལ་སོགས་པ་ལ། གྲོང་ཁྱེར་དང་བདག་གི་ཁྱིམ་ཡང་ལེགས ་བྱར་བརྒྱན། ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་ཚོགས་པར་བཤམས་ཤིང་ལེགས་པར་སྦྱ་རཱ་ཏཱི། གསོལ་བའི་དུས་ལ་བབ་ཀྱི་སྒོ་བཅོམ་ལྡན་འདས་སྲས་དང་བཅས་པོ་གྲོང་ཁྱེར་དུ་གཤེགས་སུ་གསོལ། སྣང་བྱེད་ཉི་མ་མུན་པའི ་ཚོགས་སེལ་མཐོར་འཕགས་པས་གདུགས་ཚོད་ཀྱི་དུས་ལ་བབ་ཅིང་ཉེ་བར་གྱུར་ཏོ།། དེའི་ཕྱིར་སྲས་དང་ཐབས་གཅིག་བདག་གི་སྡུམ་པར་གཤེགས་སུ་གསོལ་ཞེས་བྱ་བ་ནི་ལྷ་ཞེས་བྱ་བའི་དོན་གྱིས་བསྐུལ་བའོ།། དེར་སེམས ་ཅན་མང་པོའི་དོན་ཆེན་པོར་འགྱུར་རོ།། ཇི་ལྟར་མར་མེ་མཛད་ཀྱིས་ཁྱེད་ལ་ལུང་བསྟན་པ། དེ་བཞིན་གཤེགས་པ་འཇིག་རྟེན་མངོན་སུམ་ལུང་སྟོན་ཅིག། བདག་འདིར་ལུང་བསྟན་འཇིག་རྟེན་ཐོས་ནས་ནི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར་ཞེས་སེམས་བསྐྱེད་པར་འགྱུར་ཞིང་། རིམ་གྱིས་སེམས་ཅན་དགྲོལ་བའི་ཕྱིར་དཔག་ཏུ་མེད་པའི་སྨོན་ལམ་གྱིས་གོ་གྱོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ ་མེད་པ་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད་ཅེས་བྱ་བ་ནི། གཡོ་བ་མེད་པའི་སེམས་ཀྱིས་བྱང་ཆུབ་ཏུ་སེམས ་བསྐྱེད་པར་བྱརོ།། ཞེས་བྱ་བའི་དོན་ཏོ།། བཞེངས་ཤིག་བཞེངས་ཤིག། ཅེས་བྱ་བ་ནི་ཤིན་ཏུ་རིངས་པས་ལན་གཉིས་ཞུས་པའོ།། ཁྱིམ་དུ་གཤེགས་པའི་དགོངས་པ། ཇི་ལྟར་བདག་གི་སྡུམ་པར་ཁྱོད ་གཤེགས་པ།། དེ་བཞིན་བྱང་ཆུབ་ཤིང་དབང་དྲུང་བདག་མཆི།། ཞེས་བྱ་བ་ལ། ཇི་ལྟར་བདག་གི་སྡུམ་པར་ཁྱེད་གཤེགས་པ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདག་མཆི་བར་བགྱིའོ།། བྱང་ཆུབ་ཀྱི་ཤིང་དྲུད་དེར་བ་དག་མ་ཆོས་ལ ་རྡོ་རྗེ་སྐྱིལ་མོ་དཀྲུང་བཅིངས་ནས་རྡོ་རྗེའི་གདན་མི་ཕྱེད་ཅིང་མི་གཡོ་བ་ལ་གླེནས་ནས་བདུད་བཞི་ལས་ངེས་པར་རྒྱལ་ཏེ་ཁྱོད་ཀྱིས་ཐོབ་པ་བཞིན་དུ་བྱང་ཆུབ་ཐོབ་པར་བགྱིའོ།། ལོངས་ཤིག་ཟླ་འོད་རྒྱལ་བའི་སྲས་ཞེས་བྱ་བ་ལ་སོགས་པ་ལ ་ཁྱོད་ཀྱིས་མངོན་པར་འདོད་པ་བསྒྲུབ་པར་བྱའོ་ཞེས་བྱ་བའོ།། ཟན་ལ་དེ་ནི་ཁྱིམ་དུ་འདོད་ཞེས་བྱ་བ་ནི་དེ་སྐད་ཅེས་གསུངས་ནས་དུས་ལ་བབ་ནས་གདན་ལས་བཞེངས་ནས་ཤམ་ཐབས་གསོལ། ཆོས་གོས་བགོས།། ལྷུང་བཟེད་བསྣམས་ནས ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཅོམ་ལྡན་འདས་ཆུ་དྲོན་ཅན་གྱི་སྒོ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གདུགས་ཆེད་ཀྱི་ཕྱིར་གཤེགས་སོ་ཞེས་བྱ་བར་འབྲེལ་ཏོ།། བྱང་ཆུབ་སེམས་དཔའི་དང་ལྷ་ལ་སོགས ་ཡོངས་སུ་བསྐོར་ཏེ། མི་དང་མི་མ་ཡིན་པ་རྣམས་ཀྱིས་ནི་མཆོད་ཅིང་བསྟོད་པར་བྱེད་པ་དང་། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་བྱིན་རླབས་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། ཆོ་འཕྲུལ་རྣམ་པ་སྣ ་དང་ལྡན་པས་རྣམ་པར་མི་རྟོགས་པའི་སྤྱོད་ལམ་གྱིས་ཆོ་འཕྲུལ་ཉིད་བསྟན་པའི་ཕྱིར། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་རབ་ཏུ་གཏོང་ཞེས་བྱ་བ་སྟེ། སྐུ་ལུས་ཀྱི་ཆ་ཤས་ལས་ཞེས་བྱ་བ་ནི་ལྷག་མའོ།། སིལ་སྙན་སྣ་ཚོགས་དང་། ་གདུགས་སྣ་ཚོགས་དང་། བ་དན་ལ་སོགས་པའི་མཆོད་པའི་ཁྱད་པར་དང་། ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ་ལ་སོགས་པའི་བྱིའི་ཚོགས་དཔག་ཏུ་མེད་པ། སྙན་ཅིང་ཡིད་དུ་འོང་བའི་སྒྲ་སྐད་རྣམ་པ་སྣ་ཚོགས་པ་སྒྲོགས་ཤིང་ན་མཁའི་དཀྱི ་ན་འཁོར་ཞིང་བསྟོད་པའི་དབྱངས་སྒྲོགས་པར་བྱེད་དོ།། གནོད་སྦྱིན་གྱི་དབང་པོ་གཟུགས་བཟང་དང་། དབང་པོའི་རྟོགས་ལ་སོགས་པ་གནོད་སྦྱིན་གྱི་དབ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་གི་ལག་པ་གཉིས་གཏུན་ཤིང་འཛིན་ཅིང་གདུག ་པ་ཅན་རྣམས་སྐྲོད་པར་བྱེད་དོ།། ཕྱོགས་སྣ་ཚོགས་ནས་ལྷགས་པའི་རྒྱལ་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་རྣམས་རྟ་དང་། བ་གླང་དང་ཤིང་རྟ་དང་རྐང་ཐེང་རྒྱན་གྱིས་ཤིན་ཏུ་བརྒྱན་པ་རྣམས་མ་ཞོན་པར་ཁྲིད་པས་ཡོངས་སུ་བསྐོར ་བ་དང་། ཚངས་པ་ཡང་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ནས་མཆོད་པ་དང་། རིམ་གྲོ་དང་། བསྙེན་བཀུར་བྱེད་ཅིང་འགྲོའོ།། གཡོན་ནས་ནི་ལྷའི་དབང་པོ་འགྲོའོ།། ནམ་མཁའི་ངོས་ཐམས་ཅད་པར་མཚམས་མེད་པར་གང་བའི་ལྷའི་བུ ་མཆོད་པ་སྣ་ཚོགས་ཐོགས་པས་ལག་པ་སྦྲེལ་བས་ན་མཁའ་གང་བར་གྱུར་ནས། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་འཁོད་དེ་ཞེས་བྱ་བ་ནི་ཇི་སྐད་བསྟེན་པ་རྣམས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ཆུ་དྲོན་ཅན་གྱི་སྒོ་ནས ་གཤེགས་པའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པ་ཉིད་གསལ་པོར་བྱ་བའི་ཕྱིར། སངས་རྒྱས་དེ་བཞིན་གཤེགས་པས་དུས་མཁྱེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། ་ལ། དུས་མཁྱེན་ནས་འོད་ཟེར་གྱི་ཆོ་འཕྲུལ་སྣ་ཚོགས་སྟོན་པས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་སྣང་བར་མཛད་ཅིང་གཤེགས་པར་གྱུར་ཏོ།། བཅོམ་ལྡན་འདས་དེའི་གཡོན་ཕྱོགས་ནས་ནི་སྒྲོན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན ་ཐོབ་དང་། མཐོང་བ་དོན་ཡོད་དང་། སྤོས་ཀྱི་གླང་པོ་དང་། ལག་ན་རིན་ཆེན་དང་། ལག་བཟངས་དང་། རིན་ཆེན་ཏོག་དང་། འབྱུང་བར་དཀའ་བ་ལ་སོགས་པ་རྣམས་སོ།། གཡས་ཕྱོགས་ནས་ནི་བྱམས་པ་སྔོན་དུ་འགྲོ་བའི་བསྐལ་པ་བཟང་པོ ་པ་རྣམས་སོ།། ཟླ་འོད་ནི་མདུན་ནས་འགྲོ་བར་བྱེད་དོ།། འཛུམ་དཔལ་ནི་དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་གཡོན་ཕྱོགས་ཉིད་ནས་སོ་ཞེས་བྱ་བས་ནི་ཤེས་རབ་དང་བྱམས་པ་དག་གིས་མངོན་པར་འདོད ་པའི་གནས་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ཡིན་ནོ།། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱམས་པ་དག་གཡོན་དང་གཡས་ཕྱོགས་སུ་གནས་པར་བསྟན་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་རྗེས་ཐོགས་སུ་ནི་ཉན་ཐོས་ཀྱི་དགེ་འདུན ་ནོ།། ཉན་ཐོས་ཀྱི་དོགེ་འདུན་གྱི་རྗེས་ཐོགས་སུ་ནི་གོའུ་ཏ་མ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ཏེ། བསྟན་མ་ཐག་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཡོངས་སུ་བསྐོར་བ་ནི་ནམ་མཁའ་དྲི་མ་མེད་པའི་དབུས་ན་ཟླ་བའི་དཀྱིལ་འཁོར་ཡོངས ་སུ་རྫོགས་པ་ལ་སྐར་མའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལྟར་ཉེ་བར་མཛེས་པར་གྱུར་པས་བཅོམ་ལྡན་འདས་གྲོང་ཁྱེར་མཆོག་དེར་འདྲེན་དུ་གཤེགས་ནས་གང་གི་ཚེ་དབང་པོའི་ཕུར་བུའི་སྒོ་ཐེམ་ལ་བཅོམ་ལྡན་འདས་ཀྱིས་ཞབས་བཞག ་པ་དེའི་ཚེ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། དེ་དག་ཀྱང་སྦྱར་བཤང་ཟིན་ཏོ།། དེན་དེ་ཉིད་ཡང་ཚི་གས་སུ་བཅད་པོས་བསྟན་པའི་ཕྱིར། གྲོང་ཁྱེར་མཆོག་དེར་འདྲེན་པ་གཤེགས་པ་ན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས ་རབ་ཏུ་དགའ་བར་གྱུར་ཏོ།། བཀྲེས་པ་དང་། སྐོམ་པ་དང་བྲལ་ལོ།། དབང་པོ་མ་ཚང་བ་རྣམས་ཀྱིས་ནི་དབང་པོ་ཆུང་བ་ཐོབ་པར་གྱུར་ཏོ།། ཡི་དགས་རྣམས་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་རེག་པས་བདྲེ་བ་ཐོབ་པར་གྱུར་ཏེ། ས ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ།། འོན་ཀྱང་སེམས་ཅན་འགའ་ལ་ཡང་གནོད་པར་གྱུར་པ་མེད་པ་སྟེ་འཚེ་བ་མེད་པའོ།། ནམ་མཁའ་ལ་འགྲོ་བའི་ལྷ་རྣམས་ཀྱང་གདུགས་རྣམ་པ་སྣ་ཚོགས་འཛིན་པར་བྱེད་དོ།། སིལ་སྙན་བྱེ་བ་བརྒྱ་སྟོང་དུ ་མ་དག་ཀྱང་མ་བརྡུངས་པར་ན་མཁའི་དཀྱིལ་ནས་རང་སྒྲ་སྙན་པ་སྒྲོགས་སོ།། ལྗོན་ཤིང་སྡོང་པོ་སྟོང་ཕྲག་བརྒྱ་ཡང་དེའི་ཚེ་མེ་ཏོག་རྒྱས་པར་གྱུར་ཅིང་བཅོམ་ལྡན་འདས་ལ་འདུད་པར་གྱུར་ཏོ།། རྟ་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། རི་དགས ་ཀྱི་བདག་པོ་རྣམས་ཀྱང་རབ་ཏུ་དགའ་བའི་སེམས་ཀྱིས་སྙན་ཅིང་ཡང་དུ་འོང་བའི་སྒྲ་སྒྲོགས་སོ།། ཕྱོགས་སྣ་ཚོགས་ནས་འོང་བའི་ས་བདག་རྒྱལ་པོ་རྣམས་ཀྱང་སྤྱི་བོས་ལ་བཙུགས་ནས་ཕྱག་འཚལ་ཞིང་འདུད་དོ།། ཁ་ཅིག་ནི་མུ་ཏིག་གེ་ཕྲེང་བ་ད ་དཔུང་རྒྱན་དང་། རྐང་གདུབ་དང་། ཅོད་པན་དང་། གདུ་བུ་དང་། རྣ་ཆ་ལ་སོགས་པའི་རྒྱན་གྱི་ཁྱད་པར་རྣམས་འཐོར་བར་བྱེད་དོ།། གང་ཡང་མཆོག་ཏུ་སྡུག་བསྔལ་བར་གྱུར་པའི་སེམས་ཅན་གནོད་པ་རྣམ་པ་སྣ་ཚོགས་ཀྱིས ་ཉམ་ཐག་ཅིང་མྱ་ངན་གྱི་ཟུག་རྔུས་ཟུག་པ་དེ་དག་ནི་སྐད་ཅིག་དེ་ལ་བདེ་བ་དང་ལྡན་པར་གྱུར་ཏོ།། ནམ་མཁའི་དཀྱིལ་ནས་འགྲོ་བའི་བྱའི་ཚོགས་རྣམ་པ་ཚོགས་རྣམས་ཀྱང་སྙན་ཅིང་ཡང་དུ་འོང་བའི་སྒྲ་སྒྲོགས་སོ།། གང་དག་གིས་སྒྲ་སྐད་དེ་ཐོས་པ་དེ་དག ་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཞི་བར་གྱུར་ཏེ། ཆོས་ཟབ་མོ་ལ་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ།། དེ་དག་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་པས་ལུང་སྟོན་ཏོ།། དེ་ཡི་དུས་ན་ཉོན་མོངས་མི་འབྱུང་སྟེ་ཞེས་བྱ་བ་ལ། ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཉོན་མོངས་པ་དང་བྲལ་ནས་རབ་ཏུ་དྲང་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ།། བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་སྟོང་ཕྲག་བརྒྱ་སྟོང ་དུ་མ་བྱུང་བའི་འོད་ཟེར་གྱིས་ཟིལ་གྱིས་མནན་པས་ཉི་མ་ལ་སོགས་པའི་ལྷ་རྣམས་ཀྱི་འོད་ཤེས་པ་མེད་དོ།། མི་གཙང་བ་དང་། དྲི་མ་དང་། ནག་ནོག་སྣང་བ་མེད་པར་གྱུར་ཏ་ཉོན་མོངས་པའི་དབང་གིས་མི་གཙང་བ་ལ་སོགས་པ་སྣང་བར་འགྱུར་གྱི ་གཞན་དུ་ན་ཉོན་མོངས་པ་ཐམས་ཅད་བག་ཆགས་དང་བཅས་པ་སྤངས་པ་ལ་མི་གཙང་བ་ལ་སོགས་པ་སྣང་བའི་སྐབས་ལྟ་ག་ལ་ཡོད་ཟླ་འོད་ཀྱིས་ཐམས་ཅད་ཡོངས་སུ་སྦྱངས་པའི་ཡང་ཕྱིར་རོ།། ལྷ་རྣམས་ཀྱིས་གཏོར་བའི་མེ་ཏོག་དེ་དག་ནི་སའི་སྟེང་དུ་མེ ་མེ་ཏོག་བཀྲམ་པར་གྱུར་ཏོ།། མི་རྣམས་ཀྱིས་གཏོར་བ་རྣམས་ནི་ནམ་མཁའ་ལ་མེ་ཏོག་གིས་གདུགས་སུ་གྱུར་ཏོ།། གང་གི་ཚེ་བཅོམ་ལྡན་འདས་སྲང་གི་དབུས་ནས་གཤེགས་པའི་སྤྲུལ་པ་སྤྲོས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། འོག་མིན་གྱི ་མཐར་ཐུག་པའི་ལྷ་རྣམས་མཆོད་པ་སྣ་ཚོགས་ཀྱིས་ལག་པ་བྲལ་བ་ཡང་འོངས་སོ།། དེ་བཞིན་དུ་གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲང་སྲོང་རྣམས་ཚེརྭ་བཅད་པ་དང་། ཕན་འདོགས་པ་རྣམས་ཀྱང་འདུས་ནས ་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་བར་བྱེད་དོ།། གྲོང་དང་གྲོང་ཁྱེར་དང་། རོ་དང་། ནགས་ན་གནས་པ་དང་། ཆུ་ཀླུང་གི་ལྷ་རྣམས་ཀྱང་ལྷགས་སོ།། དེ་ལྷ་བུ་ལ་སོགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཁྱད་པར་དཔག་ཏུ་མེད་པ ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་ཤེས་པར་དཀའ་བཱ་ཞེས་བྱ་བའོ།། གཙོ་བོའི་ཡོན་ཏན་དྲི་མ་མེད་པར་འཇུག་པའི་མཐུ་རྣམས་ནི། ནི་མཁའ་དང་མཉམ་དཔག་མེད་འཇམ་དབྱངས་བློ་ཡི་ཡུལ་གྱུར་པ།། གློང་མཆོག་གཤེགས་པའི་སྒོ ་ཐེམ་ཞབས་བཞག་ཚེ་ན་བསྟན།། བདག་གྲི་བློ་ཡིས་དེ་ལ་འཇུག་པར་ཇི་ལྟར་ནུས།། སྐྱེ་དང་འཆི་བ་དང་ལྡན་བེམ་པོ་ཤིན་ཏུ་སྡུག་བསྔལ་བྱས།། སྐྱེ་བ་ཀུན་ཏུ་བདག་ནི་འདི་འདྲ་དང་འབྲེལ་བྲར།། བདག་གི་བསོད་ནམས་ས་བོན་འདི་དང ་ལྡན་པར་མ་གྱུར་ཅེས་བཀྲལ་བ་ཡིན་གྱི་འཇིག་རྟེན་ངོ་མཚར་གྱུར་པ་ཅི་ཡང་མེད། གྲོང་ཁྱེར་དུ་གཤེགས་པའི་ལེའུ་སྟེ་བཅུ་པོའི་བཤད་པ་རྫོགས་སོ།། ། ད་ནི་མདོ་སྡེ་འཛིན་པའི་ལེའུ་སྟན་པའི་ཕྱིར། དེ ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་ཟླ་འོད་གཞོན་ནུའི་ཁྱིམ་དུ་གཤེགས་སོ།། གཤེགས་ནས་ཀྱང་གདན་བཤམས་པ་ལ་བཞུགས་སོ།། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ་དགེ་སློང་གི་དགེ་འདུན་ཡང་སོ་སོར་གར་འོས་པའི་སྟན་ལ་འཁོད་དོ།། དེ་ནས་ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། དགེ་སློང་གི་དགེ་འདུན་བཞུགས་པར་རིག་ནས་རང་ཉིད་ཀྱིས་སྔར ་འདུས་པའི་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས། བདར་ཏེ་ཞེས་བྱ་བ་ནི་ཅི་བཞེད་པ་རྣམས་ཇི་ལྟར་བདེ་བར་བྱས་ནས་སོ།། བཅོམ་ལྡན་འདས་པ་ཤོས་གསེལ་ནས་ལྷུང་བཟེད་བཞག་སྟེ་ཕྱག་བཅབས་པར་རིག་ནས ་ཆོས་སྟོན་གྱི་ཡོན་དུ་རས་བཅོས་བུ་ཟུང་བྱེ་བ་སྟོང་ཕྲག་བརྒྱ་རི་བ་ཕུལ་ལོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རས་ཟུ་རཱི་རེའོ།། དགེ་སློང་རྣམས་ལ་ནི་ཆོས་གོས་གསུམ་གསུམ་ཕུལ་ལོ།། དེ་ནས་ལངས་ཏེ་ཐུལ་མོ་སྦྱར་བ ་བཏུད་ནས་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་བསྟོད་པ། སྐྱེས་པ་མེད་ཅིང་འགག་པ་མེད་ཅེས་བྱ་བ་ལ་སོགས་པ་ལ། སྐུ་ལུས་མི་མངའ་བ་ནི་ཆོས་ཀྱི་སྐུ་ལ་སྐུ་མེད་པར་བསྟན་ཏོ།། ཅིའི་ཕྱིར་ཞེ ་ན། སྐྱེས་པ་མེད་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་འགག་པ་མེད་དོ།། བསམ་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར། བསམ་གྱིས་མི་ཁྱབ་ཅེས་བྱ་སྟེ། ཆོས་ཀྱི་སྐུའི་སྒོ་ནས་བསྟོད་པའོ།། གཟུགས་དང་མཚན་ནི་ཕུན ་སུམ་ཚོགས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ན་སོ།། ཤླེར་ཀྱི་སྐྱེས་སྐྱེ་བྱ་བ་ནི་ཤེས་པ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ངེས་པར་བྱུང་བའི་ཕྱིར་རོ།། ཐབས་དང་སྟོབས་ཀྱི་རྩལ་ཀྱང་མངའ་ཞེས་བྱ་བ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན ་པོའི་ཐབས་ཀྱིས་སེམས་ཅན་མ་ལུས་པའི་དོན་བྱེད་པའི་ཕྱིར་དང་། དོན་དམ་པར་ན་མཁའ་དང་འདྲ་བའི་ཐུགས་མངའ་བའོ།། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ལ་ཕྱག་འཚལ་བའོ།། ཇི་ལྟར་ན ་གཙུག་ལག་ཁང་དང་། ཞལ་ཟས་དང་། བཏུང་བ་དང་། ཆོས་སྟོན་ལ་སོགས་པའི་བྱ་བ་རྣམས་ལ་ཇི་ལྟར་འཇུག་ཅེ་ན། དྲན་པ་ཉེ་བར་གཞུག་པ་བཞུགས་པའི་སྤྱོད་ཡུལ་ཏེ་ཞེས་བྱ་བ་ལ། གང་ལ་དྲན་པ་ཉེ་བར་གཞག་པ་ཡོད ་པ་དེ་ལ་དེ་སྐད་ཅེས་བྱའོ།། གླུ་ཟིམས་མལ་ནི་དགའ་བ་དང་བདེ་བའོ།། བཏ་པོ་ནི་ཏིང་ངེ་འཛིན་ནོ།། བཤེས་ནི་བསམ་གཏན་ནོ།། སྟོང་པ་ཉིད་ནི་དགོན་པ་སྷོ། ཐམས་ཅད་དུ་སྟོང་པ་ཉིད་ལ་གནས་པའི་ཕྱིར་དགོན་པ་ལ་བརྟེན ་པ་ཡིན་ནོ།། དེ་ལྟ་བུའི་རང་བཞིན་ཡིན་ན་ཡང་གཟུགས་ཀྱི་སྐུར་ཡང་སྟོན་པའི་ཕྱིར། རྒྱལ་བ་ཐུགས་རྗེ་བསྙེན་པས་ན་ཞེས་བྱ་བ་ལ་ཐུགས་རྗེའི་གཞན་དབང་དུ་གྱུར་པས་བཤོས་གསོལ་བ་དང་། བཏུང་བ་འཐུང་བ་ལ་སོགས་པར ་ཡང་སྟོན་ཏོ།། ཨེ་མ་སངས་རྒྱས་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པས་ནི་མཆོད་པ་ཙམ་གྱིས་མྱ་ངན་ལས་འདས་པར་གྱུར་པ་ངོ་མཚར་ཆེ་བར་བསྟན་ཏོ།། སངས་རྒྱས་འཁོར་དང་བཅས་པ་བཤོས་གསོལ་བའི་བསོད ་ནམས་བདག་གིས་གང་ནི་བསགས་པ་དེས།། ཇི་ལྟར་ཁྱོད་བཞིན་བདག་ཀྱང་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། ཡིད་ཀྱིས་ཞུ་བ་ཞུས་པའི། གང་གི་བྱ་བ་ལ་བལྟོས་པ་མྱེད ་ལུང་ཚིག་འཇུག་པ་ཡོད་དོ་ཞེས་བསྟན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་མཁས་པས་ཅི་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཞུགས་ན་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར། ཇི་ལྟར་ན་འཇུག་པའི་མཚན ་ཉིད་བྱ་བ་ལ་འཇུག་པར་འགྱུར། སྐྱེ་བ་དྲན་པར་ཇི་ལྟར་འགྱུར། འཁོར་རྣམས་མི་ཕྱེད་པར་ཇི་ལྟར་འགྱུར། ཇི་ལྟར་སྤོབས་པ་མཐའ་ཡས་པར་འགྱུར་ཞེས་བྱ་བ་ལ་སོགས་པའི་ཞུ་བ་རྣམས་ཀྱི་ལན་གདབ་པའི་ཕྱིར། ཟླ་འོད ་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱི་མཁྱེན་ནས་ཟླ་འོད་གཞོན་ནུར་གྱུར་པ་ལ་བོས་ནས་བཀའ་སྩལ་པ། ཆོས་གཅིག་དང་ལྡན་ན་ཡོན་ཏན་འདི་དག་རབ་ཏུ་ཐོབ་པར་འགྱུར་རོ།། ཞེས་བྱ་བ་ནི་བར་གང་མ་ཐེག་པའོ།། ་ཆོས་གཅིག་པོ་གང་ཞེ་ན་ཞེས་ཐེ་ཚོམ་བསལ་བའི་ཕྱིར་དྲིས་པ་དང་། གཞོན་ནུ་འདི་ལ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་ལན་འདེབས་པའོ།། ཆོས་ཐམས་ཅད་མི་དང་བྲལ་བར་རབ་ཏུ་ཤེས་སོ ་ཞེས་བྱ་བ་ནི་མིང་དང་སྐད་དང་ཡི་གེ་དང་བྲལ་བས་སྐྱོ་བ་དང་བྲལ་བ། རྒྱུ་དང་རྐྱེན་དང་མཚན་ཉིད་མི་མཐུན་པ་སྒྲོ་བཏགས་པ་ཐམས་ཅད་ལས་དབེན་པ་གཉིས་སུ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང ་སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། གཟུང་བ་དང་། འཛིན་པ་མེད་པར་ཆོས་ཐམས་ཅད་རབ་ཏུ་ཤེས་སོ།། དོན་འདི་དག་ཉིད་ཚིགས་སུ ་བཅད་པས་གསལ་བར་མཛད་པའི་ཕྱིར། ཆོས་རྣམས་བསྟན་པ་གཅིག་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད་ཅེས་བྱ་བ་ནི་ངེས་པར་བསྟན་པ་གཅིག་གོ། གང་གིས་ཆོས་གཅིག་པ་བསྟན་པ ་འདིར་རབ་ཏུ་ཤེས་པ་དེས་དྲི་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཡང་དག་པའི་མཐའ་རབ་ཏུ་ཤེས་པར་འགྱུར་རོ།། འདིར་གང་གིས་ཅི་ཡང་བརྗོད་དུ་མེད་པའོ།། གཅིག་གིས་ཀྱང་ནི་ཐམས་ཅད་ཤེས་ཞེས་བྱ་བ་ལ ་སྒྲོགས་པ་ལ། ཡང་དག་པའི་མཐའི་ངོ་བོ་ཉིད་དུ་གང་གིས་ཤེས་པའོ།། ཤེས་ནས་མིང་དང་རྒྱུ་མཚན་ལ་སོགས་པ་ལ་ཆོས་ཐམས་ཅད་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་མེད་པས་མ་སྐྱེས་པར་ཤེས་སོ།། སྐྱེ་བ་དྲན་པར ་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པའི་ལན་ནཱི་གླིང་གི་ཚེ་སྐྱེ་བ་དྲན་པ་དེའི་ཚེ་བྱ་བ་ཐམས་ཅད་ལ་རྨོངས་པར་མི་འགྱུར་རོ།། དེ་ནས་རྨོངས་པ་མིང་ན་ཡང་དག་པའི་མཐའ་ཡོངས་སུ་ཤེས་སོ།། ཡང་དག་པའི་མཐའ་ཡོངས་སུ ་ཤེས་ན་བྱང་ཆུབ་སེམས་དཔའི་འཁོར་རྣམས་མི་ཕྱེད་པར་འགྱུར་རོ།། ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་པའི་བྱིས་པ་རྣམས་ནི་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ།། ཆོས་རྣམས་ལ་མི་རྟོག་པ་ནི་རང་གི ་རྣམ་པར་རྟོག་པའི་བཟོས་སྤྲུལ་པའི་སྒྱུ་མའི་དྲ་བའི་རང་བཞིན་ལ་མཁས་པ་རྨོངས་པར་མི་འགྱུར་རོ།། དེའི་ཕྱིར་སྟོང་པ་རྙོག་པ་མེད་པའི་ཆོས་འདི་ནི་མཁས་པའི་ས་ཡིན་ཏེ་ཞེས་བྱ་བ་ནི་འདི ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ།། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བརྒྱན་ནོ།། བཅོམ་ལྡན་འདས་ཀྱི་བསྟན་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ནི་ཉོན་མོངས་པ་མ་ལུས་པ་བག་ཆགས་དང་བཅས་པར་རབ་ཏུ་སྤོང་བར་བྱེད་པའི ་ཕྱིར་རོ།། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་བག་ཆགས་དང་བཅས་པ་རབ་ཏུ་སྤངས་པར་གྱུར་པ་དེའི་ཚེ་གཟུགས་དང་། སྒྲ་དང་། དྲི་དང་རོ་དང་། རེག་བྱ་དང་། ཆོས་རྣམས་ལ་ཞེན་པར་མི་འགྱུར་རོ།། དེ་མི་གནས ་པའི་སྦྱོར་བས་སངས་རྒྱས་ཀྱི་རིགས་ལ་གནས་ནས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་སངས་རྒྱས་ཉིད་ཐོབ་པར ་འགྱུར་རོ།། དེ་ལ་ལྷ་ཀླུ་རྟག་ཏུ་བཀུར་སྟི་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ཆོས་ལ་གུས་པ་ཉིད་ཀྱིས་ཆོས་ཉིད་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཆོད་པར་བྱེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས ་ཀྱང་རབ་ཏུ་དགྱེས་པའི་ཐུགས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་རབ་ཏུ་སྟོན་པར་འགྱུར་རོ།། གང་གིས་སྟོང་ཉིད་ཤེས་དེ་བྱང་ཆུབ་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་དཔག ་ཏུ་མེད་པ་གདུལ་བའི་ཕྱིར་སྟོང་པ་ཉིད་དང་རབ་ཏུ་ལྡན་པའི་ཆོས་སྟོན་པར་འགྱུར་རོ།། དེ་ཐོས་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པར་བྱ་བའི་ཕྱིར་འཇུག་པར་འགྱུར་རོ།། དེ་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར ་རོ།། དེས་ཀྱང་དེ་དག་ལ་ཆོས་སྟོན་པར་འགྱུར་རོ།། ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པར་བགྱིས།། ཇི་ལྟར་བར་སྣང་རང་བཞིན་སྟོང་པ་ལྟར་ཞེས་བྱ་བ་ལ། གཟོད་མ་ནོས་མ་སྐྱེས་པའི་ནམ་མཁའ་ནི་ཐོགས་པ་དང་བཅས་པའི་དངོས་པོའི་དོན ་བྱེད་པ་ཙམ་གྱི་ཕྱིར་རང་བཞིན་གྱིས་སྟོང་པའོ།། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་ནས་ཞེས་པ་མེད་པར་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ།། དེ་དག་གི་ཡང་རང་བཞིན་དེ་འདྲར་ཤེས ་ཞེས་བྱ་བ་ལ། ཤེས་པས་འདུལ་བྱའི་སྐྱེ་བོ་རྣམས་ལ་མངོན་པར་བལྟས་ནས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་སེམས་ཅན་གདུལ་བྱ་རྣམས་གདུལ་བའི་ཕྱིར། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་སྤྲོས་ཏེ། དེ་དག་ཏུ་སངས ་རྒྱས་ཀྱི་མཛད་པ་མཛད་དེ། མྱ་ངན་ལས་འོངས་ཀྱང་སྐྱེ་བ་དང་འགག་པ་ཅི་ཡང་མེད་དོ།། དེ་ལྟར་ཆོས་ཀུན་ལ་ཡང་རབ་བརྟགས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་གདུང་རྒྱུད་མི་བཅད་པའི་ཕྱིར་ཞུགས་ནས ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་ཆེན་པོར་གྱུར་ནས་བདུད་ཐམས་ཅད་ཀྱི་མི་གཡོ་བའི་ཡིད་དང་། སེམས་ཅན་ཐམས་ཅད་ལ་བུ་ཅིག་པ་ལྟར་བརྩེ་བའི་ལྷག་པའི་བསམ་པ་དང་། གསོལ་བ་འདེབས ་པ་མེད་བཞིན་རྟག་ཏུ་ཉེ་བར་གནས་པའི་དགེ་བའི་བཤེས་གཉེན་ཞེས་བྱའོ།། སྤོབས་པ་མི་ཟད་པས་མདོ་སྡེ་དཔག་ཏུ་མེད་པའི་དོན་ཤིན་ཏུ་ཕྲ་བ་རབ་ཏུ་སྟོན་པ་ལ་མཁས་པས་ངེས་པའི་ཚིག་སོ་སོར་ཡང་དག་པར ་རིག་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་གདུལ་བ་ཡཱ་མཁས་པའོ།། མ་ཚང་བ་མེད་པའི་སྟོབས་ཀྱིས་ཤུགས་འཆང་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་ཕྲ་བ་ལ་ཆོས་ཀྱི་རང་བཞིན་རྟོགས་པའི་ཕྱིར་མ་ཚང་བ་མེད་པའི་སྟོབས་ཏེ ་སྟོབས་བཅུ་ཐོབ་པར་འགྱུར་རོ།། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་ཡང་ཡིད་དུ་འོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བའི་ཆོས་ཀྱི་ཕན་ཡོན་དང་ཡོན་ཏན་གྱི་ཚོགས་སྟོན་ཏེ་གློ་སླའོ།། བསྐལ་པ ་སྙིང་ངམ་དེ་ཡི་བསོད་ནམས་སྟོབས་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་འཛིན་པའི་བསོད་ནམས་ནི་མཐའ་ཡས་ཤིང་སྨྲ་བར་མི་ནུས་ཏེ། དཔག་ཏུ་མེད་པའི་ཕྱིར་རོ།། མདོ་སྡེ་འཛིན་པའི་བསོད་ནམས་ཀྱི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། ་སྐྱེས་བུ་ལ་ལ་བསོད་ནམས་འདོད་པས་འདིར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྐྱེས་བུ་བསོད་ནམས་འདོད་པ་འགའ་ཞིག་གིས་དེ་བཞིན་གཤེགས་པ་རྣམས་ལ་བསྐལ་པ་བྱི་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསྙེན་བཀུར་དང་། ཀུན ་ཏུ་སྤྱོད་པས་བསྙེན་བཀུར་བྱས་ལི། གཞན་བསོད་ནམས་འདོད་པ་ཞིག་གིས་ཆེས་ཟབ་མོའི་ཚུལ་འདི་ལས་སེམས་ཤིན་ཏུ་དང་ངས་ཚིགས་སུ་བཅད་པ་གཅིགཅིག་ཕྱི་མའི་དུས་ཏེ་དམ་པའི་ཆོས་འཇིག་པའི་དུས་སུ་འཛིན་ན་ད་ལ་སྔ་མའི ་ནམས་ཆར་མི་ཕོད་ཅེས་བྱ་བ་ལ། སྔར་བསྟན་པའི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཆར་ཡང་མི་ཕོད་དོ་ཞེས་བྱ་བའི་བར་ཏེ། གཙོ་བོ་ཉིད་དུ་གྱུར་པའོ།། དེ་ཕྱིར་བྱེ་བྲག་འདི་འཕགས་དེ་འདྲ་སྟེ་ཞེས་བྱ ་པབ་ལ་སོགས་པས་ནི་ཉེ་བོར་བསྡུད་པའོ།། བསོད་ནམས་དཔག་མེད་དཔེ་ལས་འདས་གྱུར་པ།། ན་མཁའ་དང་མཉམ་འདིར་ནི་ཐོབ་གྱུར་པས།། ཚིག་གི་བདག་པོ་འཇམ་མཆོག་འདྲ་གྱུར་པ།། དེ་ནི་བྱང་ཆུབ་སེམས་དཔའ་དེ་རྒྱལ་སྲས་ནོ།། ་མདོ་སྡེ་འཛིན་པའི་ལེའུ་སྟེ་བཅུ་གཅིག་པའི་བཤད་པ་རྫོག་སོ།། ། ད་ནི་ཏིང་ངེ་འཛིན་རྗེས་སུ་བསླབ་པའི་ལེའུ། གཞོན་ནུ་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེ་འཛིན་པའི་ལེའུ་རུ་ཕན་ཡོན་བསྟན་པ་སྔོན་དུ ་འགྲོ་བའི་ཚིག་གིས། གཞོན་ནུ་སེམས་ནི་ངོ་བོ་ཉིད་མེད་བྱ།། གཟུགས་མེད་པ། བསྟན་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་མེད་པའོ།། གཟུགས་མེད་པའི་ཕྱིར་འདི་ནི་འདིའོ་ཞེས་ངེས་པར་བསྟེན ་པར་མི་ནུས་པས་སོ།། སེམས་ཇི་ལྟ་བ་སངས་རྒྱས་ཀྱི་ཡོན་ཏན་ཡང་ཇི་ལྟ་བུའོ།། དེ་བཞིན་གཤེགས་པ་ཡང་དེ་ལྟ་བུའོ།། ཆོས་ཐམས་ཅད་ཀྱང་དེ་ལྟ་བུའོ།། ཞེས་བྱ་བར་རབ་ཏུ་ཤེས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི ་ངེས་པར་བརྟགས་པ་ལ་མཁས་པར་འགྱུར་རོ།། དེ་ནི་ཁམས་གསུམ་ལས་བྱུང་བ་ལ་མཁས་པའོ།། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ།། ཁམས་གསུམ་ལ་མ་ཆགས་པའོ།། ཁམས་གསུམ་ལས་ཡང་དག་པར་འདས་པའོ།། འདོད ་པ་དང་གཟུགས་དང་གཟུགས་མེད་པ་དང་། ཉོན་མོངས་པ་དང་། སྒྲ་དང་ཡི་གེ་ལ་མངོན་པར་ཞེན་པ་དང་། བྲལ་བ་དེ་ནི་ཆོས་ཀྱི་ཚུལ་ལ་མཁས་སོ།། ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་དགོད་པའི་ཡེ་ཤེས ་ལ་མཁས་པའི་བློ་དང་ཡང་དག་པར་ལྡན་པའི་ཕྱིར་གཞན་གྱིས་ཟིལ་གྱིས་ནོན་པར་མི་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་དགུ་སྔོན་ཡོངས་སུ་སྦྱང་བ་བྱས་པས་ཁྲག་ཁྲག་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་ཞེས ་བྱ་བ་ནི་སྦྱང་བ་བྱས་པ་བྱེ་བ་བརྒྱ་སྟོང་ཆོ་སེ་ཟབ་མོ་ལ་བཟོད་པའི་སྟོབས་ཀྱིས་ཞེས་བྱ་བའི་བར་དུའོ།། གཟུངས་ནི་ཤེས་རབ་བོ། སྒྲིབ་པ་མེད་པའི་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ།། དེ་དག་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ནི་སངས ་རྒྱས་སུ་སྟེ་བསམ་པ་ངེས་པའི་ཕྱིར་རོ།། དེ་ལ་འདི་སྐད་ཅེས་བྱ་བ་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་དོན་དེ་ཉིད་སླར་ཡང་བསྟན་པའོ།། བྱང་ཆུབ་སེམས་དཔའ་བློ་ལྡན་གང་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས ་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ཆོས་ཉིད་དུ་མཚན་ཉིད་གཅིག་པུར་ཤེས་པའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་སེམས་བརྟན་པོས་ཆོས་ཐམས་ཅད་ཀྱིས་རང་བཞིན་མཉམ ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་བསླབ་པར་བྱའོ།། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་གྱིས་གཟུགས་ཀྱི་སྐུ་ནི་མ་ཡིན་ཏེ། སྒྲོ་བཏགས་པའི་རྡོ། ག་པ་ཐམས་ཅད་རབ་ཏུ་སྤངས ་པའི་ཕྱིར་རོ།། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྐུ་མཐོང་བ་ནི་སངས་རྒྱས་མཐོང་བའོ།། ཏིང་ངེ་འཛིན་མཐོང་བའོ།། དེ་བཞིན་དུ་ཆོས་ཐམས་ཅད་ན་མཁའི་ངོ་བོ་ཉིད་དོ་ཞེས་རྣམ་པར་རིག་ནས་ཁམས་གསུམ་ལྔ་མི་བརྟེན་པའི ་སེམས་ནི་བདུད་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མི་བསྐྱོད་པའི་སེམས་ཀྱིས་ཏིང་ངེ་འཛིན་གྱིས་བདེ་བ་ལས་གནས་པའོ།། སྐྱེ་བ་མེད་ཅིང་འགག་པ་མེད་པར་ཆོས་རྣམས་རང་བཞིན་རྟོགས་ན་ཡང་དེ་བཞིན་གཤེགས་པས་གསུངས ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གནས་རྣམས་མེ་ཉམས་པས་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེར་སྨོན་ལམ་གྱིས་དབང་གིས་སྐྱེ་བར་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་པར་འགྱུར་རོ།། ཞེས་གསུངས་པའི་ཕྱིར་རོ ་བཟོད་པ་བསྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལས་མི་ཉམས། ཆོས་རབ་ཏུ་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ལ་སློབ་པ་ནི་ཏིང་ངེ་འཛིན་ལས་རབ་ཏུ་སློབ་པ་ཡིན་ནོ།། ཏིང་ངེ་འཛིན་སྙོམས་ལ་ས་ངས ་རྟོག་པ།། ཀུན་ཏུ་རྣམ་པར་མི་རྟོག་ཉིད།། དེ་ལ་ཡང་དག་རྗེས་སློབ་པ།། བསྒྲུབ་པ་ཞེས་འདིར་བཤད་པ་ཡིན།། ཏིང་ངེ་འཛིན་ལ་རྗེས་སུ་སློབ་པའི་ལེའུ་སྟེ་བཅུ་གཉིས་པའི་བཤད་པ་རྫོགས་སོ།། །། ཏིང་ངེ་འཛིན་ལ ་སློབ་པའི་རྗེས་སུ་ཏིང་ངེ་འཛིན་གྱིས་རང་གི་ངོ་བོ་ཉེ་བར་བསྟན་པའི་ཕྱིར། ཏིང་ངེ་འཛིན་ངེས་པར་བསྟན་པ་ལ་མཁས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་བཞིན་ཉིད་དང་ཞེས་བྱ་བ་ནི་ཇི་ལྟ་བ ་བཞིན་ནི་རང་བཞིན་གྱིས་སྟོང་པ་ཉིད་བཞིན་ནོ།། དེ་ནི་མ་བརྟག་པ་ལོག་པར་མཐོང་བ་མ་ཡིན་པ་གང་གིས་ཀྱང་ཉེ་བར་མ་བསྐྱེད་པ་སྟེ། སྐྱེ་བ་མེད་ཅིང་འགག་པ་མེད་པ་ཉིད་དོ།། སེམས་དང་སེམས ་ལས་བྱུང་བ་དང་། ཆོས་དང་ཆོས་ཅན་དང་། ལས་དང་བྱ་བ་ལ་སོགས་པའི་ཡིད་ལ་བྱེད་པ་རྒྱུན་ཆད་པ། ཕུང་པོ་ལ་སོགས་པའི་རྗེས་སུ་མི་དམིགས་པ་དམིགས་སུ་མེད་པའི་ངོ་བོ་ཉིད་དྲན་པ་དང་། བློ་གྲོས་དང་། རྟོག་པ་དང་། ཁྲེལ་ཡོད ་བུ་དང་། བརྟན་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། ནན་ཏན་གྱི་གནས་སུ་གྱུར་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ། ཏིང་ངེ་འཛིན་ལས་རབ་ཏུ་བྱུང་བའོ།། དེ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་གྱི་རྟེན་དུ་གྱུར་པ།། དེ་ལ ་ནི་ཏིང་ངེ་འཛིན་ངེས་པར་བསྟན་པ་ཞེས་བྱའོ།། ངེས་པར་བསྟན་པ་འདི་ལ་རབ་ཏུ་གནས་པ་ནི་ཏིང་ངེ་འཛིན་དང་བྲལ་བར་མི་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དང་མངོན་པར་མི་འབྲེལ་ཏེ། སེམས་འཁྲུལ་པ་མེད་པ ་ཡིན། ལྷུན་གྱིས་གྲུབ་པ་ཡིན། སེམས་ཅན་མ་ལུས་པའི་དོན་བྱེད་པར་ནུས་པར་འགྱུར་རོ།། ཞེས་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་ངོ་བོ་གསུངས་ཏེ། ཏིང་ངེ་འཛིན་མཉམ ་པ་མེད་པའི་ས་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པ་མེད་པ་ནི་སྟོང་པ་ཉིད་དོ།། ཞི་བ་ནི་རང་བཞིན་གྱི་ཞི་བའོ།། ཕྲ་བ་ནི་རགས་པ་ལ་དམིགས་པའི་བློ་གྲོས་རྟོགས་པར་མི་ནུས་པའོ།། དེ་ཉིད་ཀྱི་ཕྱིར་མཐོང་དཀའོ ་གང་གིས་ཕྱིར་འདུ་ཤེས་ཐམས་ཅད་བཅོམ་པས་ན་དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ།། སྟོང་པ་ཉིད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའོ།། དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ།། དེ་དག་རྒྱ་ཆེར་བསྟན་པའི་ཕྱིར།། རྟོག་པ་མེད་ཅིང་རྣམ་རྟོག ་མེད།། ཅེས་བྱ་བ་ལ་སོགས་པ་ལ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པར་སྲུངས་པ་ནི་གཞི་མེད་པས་བསྟན་དུ་མེད་པའོ།། སེམས་ཀྱང་དམིགས་པ་མེད་པ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ་བ་ལ། མཉམ་པར་གཞག ་པར་གྱུར་ཀྱང་རློམ་སེམས་མེད་པ་ནི། རློམ་སེམས་མེད་པ་ཇི་བཞིན་པ་དེ་ནི་ཏིང་ངེ་འཛིན་ཞེས་བསྒྲགས་སོ།། ཆོས་ནི་རྡུལ་ཙམ་ཡང་ཡོང་མེད་པས་ཡོད་པ་མ་ཡིན་པ་ལ་དམིགས་པར་ག་ལ་འགྱུར། ཆོས་རྣམས་དམིགས་སུ་མེད་པ་སྟེ། ་དེའི་ཕྱིར་ཏིང་ངེ་འཛིན་ཅེས་བྱ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱི་དམིགས་པ་ཞེས་བྱ་བ་དེ་ཡང་རྣམ་པར་རྟོག་པའོ།། ཆོས་དེ་རྣམ་པར་མ་བརྟགས་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་ཞེས་བྱས་ནས་སོ། ་སྒྲ་ཡིས་དོན་རྣམས་རབ་བསྟན་ཏེ།། སྒྲ་དེ་ཉིད་ཀྱང་དངོས་པོ་མེད།། མི་བདེན་པ་ཡི་སྒྲ་དོ་ཡིས།། གླང་དུ་ཅི་ཞིག་སྟོན་པར་བྱེད།། སྒྲ་ནི་ཕྱག་ཅ་ལྟ་བུ་སྟེ།། འཁྲུལ་པ་འབའ་ཞིག་ཙམ་ཉིད་དོ་ཞེས་བྱའོ།། ཆོས་འདི་རྣམས་ནི་མི་གནས་ཏེ ་ཞེས་བྱ་བ་ལ་གནས་དང་། གནས་པ་དང་། གནས་པ་པོ་རྣམས་མི་དམིགས་པ་ནི་གནས་པ་མེད་པ་ཉིད་གནས་པའོ་ཞེས་བྱ་བའི་སྒྲས་བརྗོད་དོ།། དེ་བཞིན་དུ་འགྲོ་ཞིང་འཆི་འཕོར་བརྗོད་པ་ཡི་ཞེས་བྱ་བ་ལ་སོགས་པ་ལ། འཆི་འཕོ་དང ་འགྲོ་བ་དང་བྲལ་བ་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བརྗོད་དོ།། མཉམ་པར་གཞག་པའོ་ཞེས་བྱ་བ་དང་། མཉམ་པར་མ་བཞག་པའོ།། སྙམ་པའི་རློམ་སེམས་ཏེ། རློམ་སེམས་མ་ལུས ་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་རྣམ་པར་བཞག་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱེད་པའོ།། ཞི་གནས་དང་ལྷག་མཐོང་མཉམ་པ་ཉིད་དུ་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ ་འཛིན་བསྒོམ་པ་དང་མངོན་པར་ལྡན་པ་ཞེས་བྱའོ།། ཡི་གེ་དག་གིས་འཇུག་པར་མི་ནུས་ཏེ་ཞེས་བྱ་བ་ལ། ཆོས་ཉིད་ལ་ཞུགས་པ་ལ་ཡི་གེའི་ཉམ་སུ་མྱོང་བ་ཡོད་པར་མི་འགྱུར་ཏེ། ཡི་གེ་དང་། སྐང་དང་། སྒྲ་ཐམས་ཅད་དང་བྲལ་བ་བསྒོམ་པ ་ཙམ་གྱིས་རྟོགས་པར་བྱ་བའོ།། བྱང་ཆུབ་སེམས་དཔའ་གང་ཞིག་ཇི་སྐད་བཤད་པའི་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར་དགའ་བས་སེམས་གཞན་མ་ཡིན་པ་ནི་ནམ་མཁའ་དང་མཉམ་པའི་སེམས་སོ།། གལ་ཏེ་ཞིང་འདི་བསྐལ་པས་ཚིག ་གྱུར་ཀྱང་ཞེས་བྱ་བ་ལ་སོགས་པྲས་ནི་ཏིང་ངེ་འཛིན་གྱི་ནུས་པ་སྟོན་པ་ཡིན་ནོ།། གལ་ཏེ་སངས་རྒྱས་ཀྱི་ཞིང་འདི་བསྐལ་པ་སྲེག་པའི་མེས་བསྲེགས་པས་སྣོད་ཀྱི་འཇིག་རྟེན་ཐལ་པ་བཞིན་དུ་མངོན་སུམ་དུ་བྱས་པར་གྱུར་ཀྱང་རིའི་མཆོག ་གི་དབུས་སུ་ཞུགས་པ་དེ་མེས་མི་ཚིག་གོ། ཅིའི་ཕྱིར་བསྲེག་བྱའི་དངོས་པོ་ཡིན་ན་མི་འཚིག་ཅེ་ན། ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐལ་པའི་མེས་འཇིག་རྟེན་གྱི་ཁམས་འདི་བསྲེགས ་ཀྱང་ན་མཁའ་ནི་ཚིག་པར་མི་འགྱུར་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་རོ།། དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡང་ན་མཁའ་བཞིན་དམིགས་པ་ཐམས་ཅད་དང་བྲལ་བ་ལ་ཡང་བསྲེག་པར་བྱ་བའི་ངོ་བོ་མུ། ་དམིགས་པའི་ཕྱིར་དེ་ཚིག་པར་མི་འགྱུར་རོ།། གལ་ཏེ་སངས་རྒྱས་ཀྱི་ཞིང་འོད་འབར་གྱུར་ཀྱང་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཞིང་འདི་བསྐལ་བའི་མེས་སྲེག་པར་བྱེད་པ་ན་ཏིང་ངེ་འཛིན་ལ་གནས་པས་བསྐལ་པའི་མེ་རབ་ཏུ་ཞི་བར་བྱ་བའི ་ཕྱིར་ཡིད་ཀྱིས་སམ་ཚིག་གིས་ཀྱང་རུང་། བསྐལ་པ་སྲེག་པ་མེ་རབ་ཏུ་ཞི་བར་འགྱུར་རོ་ཞེས་བྱ་བ་ནི་སྐད་ཅིག་དེ་ཉིད་ལ་མ་ལུས་པར་རབ་ཏུ་ཞི་བར་འགྱུར་གྱིས་གཞན་དུ་ནི་མཱ་ཡིན་ནོ།། བསྔགས་ལ་སོགས་པའི་སྟོབས་ཀྱིས་འབྱུང་བ་ཆེན་པོ ་བཞི་ནི་གཞན་དུ་འགྱུར་བ་ཡང་སྲིད་དེ། དེའི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར་རོ།། སྟོང་པ་ཉིད་ལ་ནི་གཉེན་པོའི་ཕྱོགས་མེད་པའི་ཕྱིར་གཞན་དུ་འགྱུར་བ་མེད་དོ།། དེ་ཡི་རྫུ་འཕྲུལ་སྟོབས་ཀྱང་མཐའ་ཡས་འགྱུར་ཞེས་བྱ་བ་ནི་ཏིང་ངེ་འཛིན ་གྱི་མཐུས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་འགྲོ་བ་དང་འོང་བ་ལ་སོགས་པའི་མཚན་ཉིད་ཅན་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ལྷོ་བྱང་ཆུབ་སེམས་དཔའ་དེ་མངོན་དུ་ཕྱོགས་པར་འགྱུར་རོ།། སྤོབ་པ་མཐའ་ཡས་པས་ཆོས་མཐའ ་ཡས་པ་ཉན་པ་དང་། སྤྲུལ་པ་མཐའ་ཡས་པ་སྤྲོ་བར་བྱེད་པ་དང་། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ངེས་པར་བསྒྲུབ་པའི་ཕྱིར། དེ་ཚེ་རྫུ་འཕྲུལ་ཁྱད་པར་འཐོབ་ཅེས་བྱ་བ་ལ་སོགས་པ་ལ། ནམ་ཞིག་ཉོན་མོངས་མེང་གྱུར་པ།། ་དེ་ཚེ་རྫུ་འཕྲུལ་འཐོབ་འགྱུར་ཏེ།། གང་གི་ཚེ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉོན་མོངས་པ་རྣམ་པདྨ་སྦྱངས་པར་གྱུར་པ་དེའི་རྒྱུ་རྫུ་འཕྲུལ་ལ་དབང་ཐོབ་པར་གྱུར་པན་ཛྭཱ་མྦྷར་ལ་བ་བཞིན ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པར་འགྱུར་བས་བརྟགས་པའི་དྲི་མ་ཐམས་ཅད་སྤངས་པར་གྱུར་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ།། སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོག་ས་པོ།། འཇིག་པའི་དུས་ཀྱིས་མེས་པོཙམ་ཕྱིར་བྱས་ཀྱང ་ནམ་མཁའ་བཅོམ་ཞིང་ཕྱེ་མར་བྱེད་མི་ནུས།། དེ་བཞིན་ཏིང་འཛིན་བརྟན་ཐོབ་རྣལ་འབྱོར་པ།། ཏིང་ངེ་འཛིན་ངེས་པར་བསྟན་པའི་ལེའུ་བཅུ་གསུམ་པའི་བཤད་པ་རྫོགས་སོ།། ། ད་ནི་ལུང་བསྟན་པའི་མཚན་མོ་འཛུམ་པ ་ཡང་དག་པར་བསྟན་པའི་ལེའུ་རབ་ཏུ་བསྒྲུབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ནས་ཟླ་འོད་གཞོན་ནུར་གྱུར་པ་ལས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བ་དང་། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད ་པ་ནི་ཡང་དག་པའི་ཡོན་ཏན་བརྗོད་པར་སྔོན་དུ་འགྲོ་བར་འཛུམ་པ་མཛོད་པ་ཡོངས་སུ་ཞུ་བའི་ཕྱིར། སྡུག་བསྔལ་གཙེས་པའི་སེམས་ཅན་གཟིགས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག ་རྣམས་ཀྱིས་ཀུན་ཏུ་དཀྲུགས་པའི་སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་ཉེ་བར་གཟུང་བར་བྱ་བའི་ཕྱིར། བྱང་ཆུབ་ཏུ་ཐུགས་སྐྱེད་པར་མཛད་དེ། སངས་རྒྱས་སུ་གྱུར་ནས་སེམས་ཅན་མ་ལུས་པ་རབ་ཏུ་དགྲོལ་བར་བྱའོ།། ཞེས་བྱའོ།། ། ་དཔའ་བོས་བསྐུལ་པ་བྱེ་བ་མང་སྤྱད་དེ་ཞེས་བྱ་བ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རྣམས་བསྐལ་པ་མི་ཉུང་བར་གོམས་པར་མཛད་པའི་སྦྱིན་པ་རེ་ཞིག་གསུངས་པ། གླང ་པོ་དང་། མགྱོགས་འགྲོ་དང་། ཤིང་རྟའི་མཆོག་དང་། གྲོང་ཁྱེར་གྱི་མཆོག་དང་། རྒྱལ་སྲིད་ཀྱི་མཆོག་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་གི་མཆོག་ལ་སོགས་པ་ཡང་བྱང་ཆུབ་ཀྱི་ཕྱིར་སྦྱིན་པར་བཏང ་དོ།། ཁྱོད་ཀྱི་ཚུལ་ཁྲིམས་དྲི་མེད་རྣམ་དག་སྟེ་ཞེས་བྱ་བ་ལ། ཚུལ་ཁྲིམས་འཆལ་པའི་དྲི་མ་སྤངས་པས།། བདག་ཉིད་གཏོང་ཞིང་ཚུལ་ཁྲིམས་ཡོངས་མི་ཉམས་ཞེས་པ་ནི་སྐྱེས་པའི་རབས་བཞིན་ནོ།། ལུས་དང་ངག་དང་ཡིད་ཀྱང་རབ ་ཏུ་བསྡམས། བདེ་གཤེགས་སེམས་དུལ་ཁྱོད་ལ་ཕྱག་འཚལ་ལོ།། བཟོད་ལ་དགྱེས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་དང་དུ་ལེན་པ་དང་། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། ཆོས་ལ་ངེས་པའི་བཟོད་པ་རྣམས་ལ ་རབ་ཏུ་གནས་པའི་ཕྱིར་ལུས་དུམ་བུར་བྱས་ཀྱང་ཁྲོ་བ་མི་འབྱུང་སྟེ། བདག་ཏུ་འདུ་ཤེས་མེད་པའི་ཕྱིར་རོ།། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་རྒྱུད་ཡིན་པའི་ཕྱིར། བཅུད་ཅིང་བཅད་པ་ནས་འོ་མའི་རྒྱུན་འཛག་པར་གྱུར་པའི་ངོ་མཚར་ཆེ་བར ་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱའོ།། སྟོབས་བཅུ་དང་ལྡན་པའི་ཕྱིར། ཐོགས་པ་མདོ་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ན་ཡང་ཐུགས་རྗེ་ཆེན་པོས་བསྐུལ་བའི་ཕྱིར། སེམས་ཅན་འདི་དག་ནི་ཕྱིན་ཅི ་ལོག་དུ་ཞུགས་པའོ།། ཞེས་རྗེས་སུ་བརྩེ་བའོ།། ཆོས་ཐམས་ཅད་ནི་བདག་དང་བདག་གི་བ་དང་བྲལ་བས་སྟོང་པའོ།། ཞེས་རབ་ཏུ་ཤེས་ན་ཡང་འཇིག་རྟེན་རྣམས་དེ་ཁོ་ན་ཉིད་ཀྱི་ལམ་ལས་ཉམས ་པར་གཟིགས་ནས་དེ་དག་གི་ཕྱིན་ཅི་ལོག་སྤང་བར་བྱ་བའི་ཕྱིར། ཆོས་རྣམས་རང་བཞིན་གྱིས་བདག་མེད་པའི་ལམ་རབ་ཏུ་བསྟན་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་དོ།། ཞེས་པ་ནི་སྙིང་རྗེའི་ཐབས་ལ་མཁས ་པ་ཞེས་གསུངས་སོ།། ཟླ་བ་སྐོར་མར་བཅས་པའི་མཁའ་ལྟུང་ཞིང་ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པ་གསུང་བ་ཉིད་དུ་བསྟན་ཏེ། གལ་ཏེ་ནམ་མཁའ་ལྟུང་བ་འམ་ས་ལ་སོགས་པའི་འབྱུང་བ་རྣམས་གཞན་དུ་འགྱུར་བ་ནི་སྲིད་ཀྱི ་བཅོམ་ལྡན་འདས་ཀྱིས་བཀའ་ནི་གཞན་དུ་གསུང་བར་མི་འགྱུར་ཏེ། དེའི་རྒྱུ་རྨོངས་པ་མི་མངའ་བའི་ཕྱིར་རོ།། དམིགས་པའི་ལྟ་བ་ལ་མངོན་པར་ཞེན་པའི་སེམས་ཅན་གཟིགས་ནས་དེ་དག་གི་རྨོངས་པའི་མུན་པ་བསལ་བའི་ཕྱིར ་ཟབ་མོ་རང་བཞིན་གྱིས་ཞི་བ་སྟོང་པ་ཉིད་སྟོན་པར་མཛད་དེ། དམིགས་པ་མེད་པའི་བསླབ་པ་ལ་ལེགས་པར་བསླབས་པའི་ཕྱིར་རོ།། ཁྱོད་ལ་འཁྲུལ་པ་ཡོང་མི་མངའ་ཞེས་བྱ་བ་ལ། ཕྱིན་ཅི་ལོག་ཏུ་སྟོན་པའི་འཁྲུལ་ག་མི་མངའ ་པབཔར་གསུངས་པ་ནི་བདག་ཏུ་འདུ་ཤེས་གང་གནས་པ་དེ་དག་འཁྲུལ་པར་འགྱུར་ཏེ། མི་མཁས་པ་ཞེས་པ་རྨོངས་པ་ཡོད་པའི་ཕྱིར་རོ།། ཞེས་བྱ་བའི་དོན་ཏོ།། བདག་མེང་པོ་ཤེས་པ་རྣམས་ནི་བདག་མེད་པ་ཉིད་སྟོན་པར་མཛད་དེ།། ་དེའི་ཕྱིར་ཡང་དག་པ་གསུངས་པ། ཡང་དག་པའི་ཆོས་ལ་རབ་ཏུ་གནས་པ། ཡང་དག་པར་བདེན་པ་ལ་གནས་པ། ཡང་དག་པར་སྤྱོད་པ། ཡང་དག་པར་སྨོན་པ། ཡང་དག་པའི་རྒྱུ་མཐུན་པ། ཡང་དག་པའི་ཚིག་སྨྲ་བ། ཡང་དག་སྤྱོད ་པ་ཕུན་སུམ་ཚོགས། ཡང་དག་མཐའ་ལ་ཤིན་ཏུ་བསླབས།། ཡང་དག་བསམ་པ་ཡང་དག་སྦྱོང་།། ཡང་དག་མཁྱེན་ལ་ཕྱག་འཚ་ལོ་ཞེས་བྱ་བས་ཡང་དག་པ་གསུང་བར་བསྟོད་ནས་ཡེ་ཤེས་གསུང་བ་ཉིད་དུ་བསྟོད་པའི་ཕྱིར། ་ཁྱོད་ཀྱི་ཤེས་རབ་མཉམ་པ་མེད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁྱད་པར་གསུང་བ་ཉིད་ཀྱིས་ན། ཡེ་ཤེས་གསུང་ལ་ཕྱག་འཚལོ།། ཞེས་བྱ་བ་ཡིན་ནོ།། བྱམས་པ་གཙོར་གྱུར་པ་ཉིད་དུ ་བསྟོད་པ། སེམས་ཅནྡ་ཀུན་གྱིས་བཤོས་གཉེན་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ཤིན་ཏུ་གོམས་པར་བྱས་པས་འགྲོ་བ་མ་ལུས་པའི་དོན་བྱ་བའི་ཕྱིར་རབ་ཏུ་གནས་པ་རི་རབ་བཞིན ་དུ་མི་གཡོ་བ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་མནན་ནས་བདག་མེད་པའི་སེང་གེའི་སྒྲ་ངེས་པར་བསྒྲགས་པས་མུ་སྟེགས་པ་རྣམས་སེང་གེསཽ་ཝ་ཇི་ལྟ་བ་བཞིན་དུ་གདུག་པའི་སེམས་དང་ལྡན་པ་གདུལ་དཀའ་བ་དྲག་པོ ་ཆེན་པོ་ཡང་ཐབས་ཀྱིས་སྟོབས་ཀྱིས་ཁྱོད་ཀྱིས་འདུལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། སྔར་བསྟན་པའི་དོན་ཉིད་སྡུད་པར་བྱེད་པས་ཚིགས་སུ་བཅད་པས་བསྟན་པར་བྱ་བའི་ཕྱིར། འཁྲུལ་པ་མེད་པའི་ཆོས་ཚིག་ཁྱོད་སྟོན་ཏོ་ཞེས་བྱ་བ་ལ ་@སོགས་པ་གསུངས་པ་ཡིན་ནོ།། དེ་ལྟར་སྟོབས་བཅུ་བདེན་པ་གསུང་ལ་བསྟོད་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྟོབས་བཅུ་དང་ལྡན་པ་ལ་བདག་གིས་བསྟོད་པ་བགྱིས་བུའི་བསོད་ནམས་ཉེ་བར་བསགས ་པ་དེས་ཤཱཀྱ་སེང་གེ་ཇི་ལྟ་བ་བཞིན་དུ་བདག་ཀྱང་སངས་རྒྱས་སུ་གྱུར་ཅིག་ཅེས་ཟླ་འོད་ཀྱི་སྨོན་ལམ་བཏབ་པའོ།། དེ་ནས་ཟླ་འོད་ཀྱི་བརྩམ་པ་མཁྱེན་ནས་བཅོམ་ལྡན་འདས་འཛུམ་པ་མཛད་དོ་ཞེས་བྱ་བ་ལ་སོགས་པ། སྟོབས་བཅུའི་སྲས ་ཀྱི་ཐུ་བོ་བྱེམས་པས་དེ་ཞུས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་འཛུམ་པ་མཛད་པའི་རྒྱུ་ཞུས་པ་ནི། འདྲེན་པས་གྲོང་གི་སླད་དུ་འདི་ལྟར་འཛུམ་པ་མཛད་ཅེས་བྱ་བ་ལོ། འཛུམ་པ་མཛད་མ་ཐག་ཏུ་ས་ཆེན ་པོ་ཡང་གཡོས་སོ།། ལྷ་ལ་སོགས་པོ་ན་མཁའི་དཀྱིལ་འཁོར་ན་གནས་པ་རྣམས་ཀྱང་དགའ་བའི་སེམས་ཀྱིས་བཅོམ་ལྡན་འདས་ལ་བལྟ་ཞིང་གནས་སོ།། བདེ་གཤེགས་ཟིལ་གྱིས་ནོན་ཏེ་ལུང་བསྟན་དུ་གསོལ། ཞེས་བྱ་བས ་ནི་ཞུས་པའོ།། བསྐལ་བ་མི་ཉུང་བར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་པ་ལ་བཅོམ་ལྡན་འདས་ཐོག་པ་མེད་པར་འཇུག་པས་དེའི་ཕྱིར་ཡུང ་བསྟན་དུ་གསོལ། མི་མི་གཙོ་བོ་ལ་ནི་གང་གིས་མཆོད་ཅེས་བྱ་བ་ལ་སོགས་པ་ལ། བསོད་ནམས་ཉེ་བར་བསགས་པའི་ཕྱིར་ཞུས་པའོ།། པདྨ་བྱེ་བོ་འདབ་མ་བྱེ་བར་ལྡན་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་གདན ་དེ་ལ་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་མང་པོ་མཆིས་པས་མགོན་པོ་ལ་དེའི་སླད་དུ་ཞུའོ།། གང་གིས་དེ་བཞིན་གཤེགས་པ་ལ་རབ་ཏུ་མཆོད་ནས་སུ་ཞིག་གིས་མཆོད་པར་བགྱིས་པས། སངས་རྒྱས་བྱང་ཆུབ་ཇི་ལྟར་འཐོབ ་འགྱུརོ་ཞེས་བྱ་བ་དང་། གང་གིས་ཕྲི་ཞིང་ཤིན་ཏུ་བལྟ་དཀའ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ་གང་ཆོས་ཤིན་ཏུ་ཕྲ་བུ་ལས་སྟོང་པ་ཞི་བའོ།། ཞེས་ནས་སྒོམ་པ་དེ་དག་གི་སླད་དུ་བདག་ཞུའོ།། འདས་པ་དང་མ་འོངས་པ་དང་ད་ལྟར ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཁྲུལ་པ་འམ་བསྙེལ་པ་ཁྱོད་ལ་མི་མངའ་བས་འཛུམ་པ་མཛད་པ་ཅིའི་ཕྱིར་གསུངས་པའོ།། འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་གུས་པ་དང་བཅས ་པར་འོངས་པ་ལ་སྤོས་ཀྱི་གླང་པོ་ནི་སངས་རྒྱས་མི་བསྐྱོད་པའི་ཞིང་ནས་སོ།། བདེ་བ་ཅན་གྱི་མཐུ་ཆེན་ཐོབ་དང་། སྤྱན་རས་གཟིགས་དབང་ཕྱུག་གོ།། རྗེ་བཙུན་འཇམ་དཔལ་ལ་ནི་ཡུལ་ངེས་པར་བསྟན་པ་མེད་དེ། སངས་རྒྱས་ཀྱི་ཞིང་ཐམས་ཅད ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ནས་ཆོས་ཉན་པའི་ཕྱིར། བདག་ཉིད་ཀྱི་ལུས་རབ་ཏུ་སྟོན་པས་སོ།། ཞེས་བྱ་བས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ཅན་རྣམས་འདིར་འདུས་པ་ལ་སྣོད་མ་ཡིན་པ་ནི ་གང་ཡང་མ་མཆིས་པས་རྒྱུ་མ་མཆིས་པར་དེ་བཞིན་གཤེགས་པ་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་དགོས་པ་བཅོམ་ལྡན་འདས་བཤད་དུ་གསོལ། བྱམས་པ་བསྐྱེད་ཅིང་དགའ་བ་འཕེལ་བར་བགྱིད་ཅེས་བྱ་བ་ལ་སོགས་པ་ལ། ་དེ་བཞིན་གཤེགས་པའི་བཀའ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པ་སྟེ། དེ་ལྟ་བུར་གྱུར་པའི་གསུང་གི་དབྱངས་ཀྱིས་ཐུགས་རྗེ་ཅན་གྱིས་སེང་གེའི་སྒྲ་བསྒྲགས ་དུ་གསོལ། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་ཅིག་ལ་སོགས་པ་ལ། གཅིག་ཅིག་བསྟན་པའི་སྒྲ་ལས་མོས་པ་སྣ་ཚོགས་ཅན་རྣམས་ལ་སྐད་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་བདག་ལ་སྟོན་ཏོ།། བདག་ལ་སྟོན་ཏོ།། སྙམ་དུ་རང་རང་གི་བསམ ་པས་རྟོགས་སོ།། དེ་ལྟ་བུ་ནི་གང་གི་འཛུམ་པ་མཛད་པ་ཁྱོད་ཀྱིས་གསུངས་པའོ།། སེམས་ཅན་ཐམས་ཅད་ཀྱི་ཉོནི་མོངས་པ་རབ་ཏུ་ཞི་བར་བྱེད་པའི་གསུང་ནི་དགའ་བ་སྐྱེད་པར་བྱེད་ཀྱི་འདོད་ཆགས་ནི་མ་ཡིན་ནོ།། བྱམས་པ་སྐྱེད་པར ་བྱེད་ཀྱི་ཞེ་སྡང་ནི་མ་ཡིན་ནོ།། ཤེས་རབ་སྐྱེད་པར་བྱེད་ཀྱི་གཏི་མུག་ན་མ་ཡིན་ནོ།། སངས་རྒྱས་ཀྱི་གསུང་ནི་འཁོར་གྱི་དཀྱིལ་འཁོར་ལས་ཕྱི་རོལ་ཏུ་མི་འདའ་ཞིང་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའོ།། ས་འདིགས་པར་འགྱུར་ཡང ་སྲིད།། རྒྱ་མཚེ་སྐམ་པར་འགྱུར་ཡང་སྲིད།། ཟླ་བ་དང་ཉི་མ་ནི་ལྟུང་ཡང་སྲིད།། ཀྱི་ཡང་དེ་བཞིན་གཤེགས་པའི་གསུང་ནི་གཞན་དུ་འགྱུར་ཞིང་གསུང་པ་མ་ཡིན་ནོ།། བསྐལ་པ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པར་སངས་རྒྱས་ཉིད་ཀྱིས ་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་ན། གང་གི་དོན་དུ་འཛུམ་པ་མཛད་གྱུར་པས་བྱའོ།། འཛུམ་པ་མཛད་པར་གྱུར་ཅེས་བྱའོ།། འཛུམ་པས་ཕྱེ་བའི་ཞལ་མཛེས་རྒྱས་པ་དོན་གྱི་དགོངས་པ་ཅན། ནམ ་མཁའ་དང་མཉམ་མི་གཡོ་སྟོང་པ་གཅིག་ཏུ་ཞི་བ་ཉིད། སུ་ཡི་སེམས་ཀྱི་རྣམ་སྒོམས་ཐུབ་པའི་དབང་པོས་བསྟན་དུ་གསོལ། སྣ་ཚོགས་ཀྱིས་སྟོད་ཁྱོད་ནི་སྣ་ཚོགས་ཉིད་དུ་མཐོང་བར་འགྱུར།། འཛུམ་པ་མཛད་པ་བསྟན་པའི་ལེའུ་སྡེ་བཅུ་བཞི ་པའི་བཤད་པ་རྫོགས་སོ།། །། འཛུམ་པའི་རྒྱུ་ཟླ་འོད་ལུང་སྟོན་པ་གསོལ་བ་ནི་དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་འོད་གཞོན་ནུར་གྱུར་པ་འདི་ཉིད་ཀྱིས་ཞེས་བྱ་བ་ལ། ཟླ་འོད་གཞོན་ནུར་གྱུར་པ་འདི་ནི་དྲི་མ་མེད ་པའི་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ།། ཞེས་བྱ་བར་སྦྱར་རོ།། ཡང་དག་པའི་ཡོན་ཏན་གྱིས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་པས་འཇིག་རྟེན་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པར་འགྱུར། བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་དུ ་སྔོན་སངས་རྒྱས་བྱེ་བ་བརྒྱ་སྟོང་མང་པོ་ལ་ཏིང་ངེ་འཛིན་གྱི་ངོ་བོ་རབ་ཏུ་ཤེས་པར་བྱ་བའི་ཕྱིར་བསྙེན་བཀུར་བྱས་སོ།། དེ་ནི་ཕྱི་མའི་དུས་ནི་ཏིང་ངེ་འཛིན་འདི་ནི་ཤིན་ཏུ་རྒྱས་བྱེད་འགྱུར་ཞེས་བྱ་བ་ལ། འདི་ནི་ཞེས་པ་ལ་འདི་རབ་ཏུ་རྒྱས་པར ་བྱེད་པར་འགྱུར་རོ།། ཏིང་ངེ་འཛིན་རྒྱས་བྱེད་ཅེས་བྱ་བ་ནི། རྒྱས་པར་བྱེད་པར་འགྱུར་བའོ།། སངས་རྒྱས་བྱེ་བ་མང་པོས་ཡོངས་སུ་བཟུང་སྟེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་བཟུང་བས་ཉེ་བར་བསགས་པའི ་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་ཉིད་བསྟན་ཏོ།། འདྲེན་པ་རྣམས་ལ་མཆོད་པ་མཆོག་བྱེད་འགྱུར་ཞེས་བྱ་བ་ནི། མཆོད་པ་ཁྱད་པར་དུ་འཕགས་པ་བྱེད་པར་འགྱུར་རོ།། ལག་མཐིལ་སྐྱུ་རུ་འབྲུ་ལྔ་བཞག་པ་བཞིན་ཞེས་བྱ་བ་ནི།། ་ལག་མཐིལ་ནུ་འདུག་པའི་སྐྱུ་རཱ་རའི་འབྲས་བུ་བཞག་པ་དང་། འདྲ་བར་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཤེས་བྱའི་དཀྱིལ་འཁོར་ལ་ཕྱིན་ཅི་མ་ལོག་པར་ལྟ་བར་བྱེད་དོ།། ཟླ་འོད། ་གཞོན་ནུས་མ་འོངས་པ་ན་སངས་རྒྱས་བྱེ་བ་ཕྲག་སྟོང་དང་། དེའི་ཕྱི་ནས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བདེ་བར་གཤེགས་པ་རྣམས་ལ་མཆོད་པ་བྱས་ནས་ཞེས་བྱ་བ་ནི་མཆོད་པ་བྱས་ནས་བླ་ན་མེད་པ་ཐམས་ཅད་མཁྱེན ་པའི་ཡེ་ཤེས་ཐོབ་ནས། དྲི་མ་མེད་པའི་འོད་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཞེས་བྱ་བའོ།། བདག་ཉིད་ལུང་བསྟན་པ་ཐོབ་ནས། ཤིང་རྟ་ལ་བདུན་ཙམ་དུ་འཕགས་ནས་ན་མཁའ་ལ་འདུག་སྟེ། ཆེད་དུ ་བརྗོད་པ་ནི་ཆུང་དུ་བརྗོད་དོ།། ཨེ་མྲ་རྒྱལ་བ་ཆོས་མཆོག་སྟོན་མཛད་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པའི་ཕྱིར་དང་། ཡེ་ཤེས་རྟེན་པའི་ཕྱིར་དང་། ཉོན་མོངས་པའི་བག་ཆགས་དང་བཅས ་པ་སྤངས་པའི་ཕྱིར་དང་། བདུད་ཀྱི་ཕྱོགས་ལས་རྒྱལ་པའི་ཕྱིར། བཅོམ་ལྡན་འདས་ལ་བསྟོད་པས་བདག་ཉིད་རབ་ཏུ་དགའ་བ་དང་བསྟན་པའི་ཕྱིར། གསུངས་པ་གཏེར་མོ་ཚིག་དམ་པ་བདག་གིས་དེང་ཐོབ་སྟེ་ཞེས་བྱ་བཱ་ལ། ་གཏེར་གྱི་མཆོག་ནི་ཆོས་ཀྱི་གཏེར་ཏེ་མི་ཟད་པའི་ཡེ་ཤེས་ཀྱི་གཏེར་རོ།། དེ་བདག་གིས་རྙེད་པས་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་སྤངས་པའོ།། ཐེ་ཚོམ་གྱི་ཡིད་བདག་ལ་མ་མཆིས་སོ།། སངས་རྒྱས་སུ་འགྱུར་རོམ་མི ་འགྱུར་སྙམ་པ་ཡང་མ་མཆིས་ཀྱི། ངེས་པར་སངས་རྒྱས་ཉིད་དུ་འགྱུར་བའོ།། གསེར་གྱི་ཁ་དོག་ལྟར་མཛེས་ཤིང་མཚན་ཐམས་ཅད་ཀྱིས་བརྒྱན་པའི་ཕྱག་བདག་གི་སྤྱི་བོར་རབ་ཏུ་བཞག་ནས་སངས་རྒྱས་ཉིད་དུ་བདག་དབང་བསྐུར་རོ།། ་ཞེས་བྱ་བའོ།། གང་ལ་རི་བོང་འཛིན་འདྲིའི་དྲི་མ་མེད་པའི་མདངས་མངའ་བ། གཅིག་ཏུ་དྲི་མ་རབ་ཏུ་ཞི་བར་བྱེད་པས་མཛེས་གྱུར་ཅིང་། ཆོས་ལ་བདག་མེད་རྟོགས་པས་བློ་ནི་དྲི་མ་མེང་ཞུགས་ཕྱིར།། དེ་ཉིད་མཱ་ལུས་རིག་པ་སེངས་རྒྱས ་བྱང་ཆུབ་ཏུ་ལུང་བསྟན།། འཛུམ་པ་ལུང་བསྟན་པའི་ལེའུ་སྟེ་བཅཝ་ལྔ་པའི་འགྲེལ་པ་རྫོགས་སོ།། །། འཁོར་བའི་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་བྱེ་བ་ཉིད་ལ་ཏིང་ངེ་འཛིན་བླ་ན་མེད་པའི་སྨན་པ་ཆེན་པོ་ཡིན་ནོ།། ་ཞེས་བྱ་བར་སྔོན་བྱུང་བའི་ལེའུ་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས་ཐར་པར་བྱ་བར་འདོད་པས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ ་པ་ཉིད་རྣམ་པར་སྨྲས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་མཉན་པར་བྱ་ཞེས་བྱ་བ་ནས། གཞོན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་ཞེས་བྱ་བའི་བར་དུ་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གང་གི་ཕྱིར་ཏིང་ངེ ་འཛིན་ཐོས་པ་ལ་སོགས་པས་སྲིད་པའི་སྡུག་བསྔལ་ལས་གྲོལ་པོར་འགྱུར་ཞེས་བྱ་བའི་སོམ་ཉི་བས་ལ། གཞོན་ནུ་ཏིང་ངེ་འཛིན་འདི་ནི་ངན་སོང་ཐམས་ཅད་ལས་འདོའ་བར་བྱེད་པ། ནང་ཐམས་ཅད་ལ་རབ་ཏུ་ཐར་པར་བྱེད་པ ་ཡིན་ཞེས་བྱ་བ་ནི་ལན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྔོན་བྱུང་བའི་གཏམ་བསྟན་པ་འདི་ཡང་དག་པར་རབ་ཏུ་བསྟན་ཏོ།། ཞེས་བྱ་བ་ནི་སྔོན་བྱུང་བའི་གཏམ་གསུ ་བ་སྟེ། སྔན་ཆད་སྤྱད་པ་སྤྱོད་པ་དྲན་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ཉམས་སུ་མྱོང་བ་དེ་ཉིད་དྲན་པའོ།། དེ་དག་ཉིད་བསྟན་པ། སེང་གེ་རྒྱལ་མཚན་ཞེས་བྱ་བའི་དེ་བཞིན་གཤེགས་པའི་བསྟན ་པ་ལན་ཚངསེ་པས་བྱིན་ཞེས་བྱ་བའི་དགེ་སློང་མཁས་པ་ཆོས་སྨྲ་བ་ཆེན་པོ་བྱུང་ངོ་།། ང་ནི་དེའི་ཚེ་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་རྒྱལ་པོའི་བུར་གྱུར་པ་ལ་གསོ་བར་དཀའ་བའི་ནད་ཀྱིས་ཡོངས་སུ་སྡུག་བསྔལ་བར་གྱུར་པ་སྟེ། སྨན་པ་ལྔ་བརྒྱ་ཀུན ་ཀྱང་ནད་དང་རྒྱུ་དང་གསོ་བཱ་ལ་མཁས་པ་ཐམས་ཅད་ཀྱིས་དེའི་ནང་གསོ་བའི་ཕྱིར་བརྩོན་པའི་ཡིད་ཀྱིས་གསོ་པར་བྱེད་ཀྱང་གསོ་བར་མ་ནུས་སོ།། དེ་ནས་ཆོས་སྨྲ་བའི་དགེ་སློང་དེས་ང་ནུང་ཆེན་པོས་ཉམ་ཐག་པ་ཐོས་ནས་ནང་འདྲི་བའི་ཕྱིར་དེའི ་དྲུང་དུ་འོངས་པ་དང་ནང་འདི་ནི་ཤིན་ཏུ་མི་ཟད་པ་སྟེ། སྨན་གྱིས་གསོ་བར་མི་ནུས་སོ།། སྙམ་དུ་རིག་ནས་ཏིང་ངེ་འཛིན་འདི་ང་ལ་བཤད་པར་གྱུར་ཏོ།། དེ་ནས་ཏིང་ངེ་འཛིན་ཐོས་པ་དང་ང་ཆོས་སྨྲ་བ་དང་། ཆོས་ལ་དགའ་བོ་སྐྱེས ་པར་གྱུར་པར་ན་མཁའ་དྲི་མ་མེད་པ་ལྟ་བུའི་ཆོས་ཉིད་ཀྱི་ངོ་བོ་རྟོགས་ནས། སྤྲིན་དང་ཁུག་རྣ་ལ་སོགས་པ་དང་བྲལ་བ་ལྟར་ནད་ཐམས་ཅད་དང་བྲལ་བར་གྱུར་ཏོ།། ཞེས་བྱ་བས་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱའོ།། དེའི་ཚེ་ཆོས ་སྨྲ་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཡིན་ནོ།། རྒྱལ་པོའི་བུ་བློ་གྲོས་རྒྱལ་པོར་གྱུར་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིན་ནོ།། ཏིང་ངེ་འཛིན་ཉམས་སུ ་མྱོང་བའི་མཐུ་གསུངས་པ། དེ་བས་གཞོན་ནུ་ཁྱོད་ཀྱི་ཕྱི་དུས་ནས་ཞེས་བྱ་བ་ལ་སོགས་པ་ལ། མ་འོངས་པའི་སེམས་ཅན་གྱི་སྤྱོད་པ་ལ་རབ་ཏུ་མཐོང་ནས་བག་ཡོད་པའི་གནས་པས་གནས་པར་བྱའོ།། ཞེས་སློབ་པར་བྱེད་དོ།། ་ཕྱི་མའི་དུས་ནས་དགེ་སློང་མང་པོ་དགུ་ཅེས་བྱ་བ་ལ། དགེ་སློང་འདོད་པ་ཅེན། གདུག་པ་ཅན། མ་བསྣམས་པ། སྡིག་པའི་སེམས་དང་ལྡན་པ་མང་པོ་དག་ཏིང་ངེ་འཛིན་འདི་རབ་ཏུ་སྤོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཅན་གཞན ་གྱི་རྙེད་པ་མི་བཟོད་པ། དབང་པོ་གཡོ་བ། དབང་པོ་མ་བསྡམས་པའི་རང་བཞིན་ཅན་ཁྱིམ་གཞན་ལ་ཆགས་པ། རྟག་ཏུ་རྙེད་པའི་ཆེ་དེ་དུ་ཁ་བསྔགས་དང་། ཚུལ་འཆོས་པོ་ཆེད་དུ་བྱེད་པ་དེ་དག་གི་ཏིང་ངེ་འཛིན་འདི་རབ་ཏུ་སྤོང་བར ་འགྱུར་རོ།། ཞེས་ཐམས་ཅད་དུ་སྦྱར་བར་བྱའོ།། ལག་པ་དང་ནི་རྐང་པ་རྣམ་པར་རྔབ་ཅེས་བྱ་བ་ལ། བྱ་བ་མ་ཡིན་པ་ལ་ཤིན་ཏུ་ཞུགས་པ་རྣམས་ཏིང་ངེ་འཛིན་རབ་ཏུ་སྦྱོང་བ་འབྱུང་བར་འགྱུར་རོ།། གཅིག་ལ་གཅིག་ནི་མགུལ་འཁྱུད ་ལག་པ་སྦྲེལ་ཞེས་བྱ་བ་ལ། འདི་དག་གིས་ནི་སྤྱོད་ལམ་མི་འདྲ་བས་འཇུག་པ་ཉིད་དུ་སྟོན་པར་བྱེད་དོ།། གྲོང་དུ་སྤྱོད་ལམ་གཞན་དུ་བསྒྱུར་བར་བྱེད་ཅེས་བྱ་བ་དང་། མི་རིགས་སྦྱོར་བའི་མཚན་ཉིད་འདི་དག་སྟེ་ཞེས་བྱ་བ་ལ། མི་རིགས ་པར་སྦྱོར་བའི་མཚན་ཉིད་ནི་འདི་དག་ཡིན་ནོ།། ཞེས་ཤེས་པར་བྱས་ལ་སྤང་བར་བྱའོ།། གང་དག་ཚུལ་ཁྲིམས་གནས་ཤིང་ཡོན་ཏན་ལྡན་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཚུལ ་ཁྲིམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པའི་དེ་ལ་ཡོངས་སུ་བསྡུས་པར་འགྱུར་རོ།། གང་ཡང་གདུག་པའི་སེམས་དང་ལྡན་པ་དེ་དག་ལ་ནི་མཆོད་པར་འགྱུར་རོ།། དེ་ལྟ་བས་ན་གཞོན་ནུ་ཁྱོད་ཀྱིས་སོ་སོའི ་སྐྱེ་བོ་ལ་ཡིད་བརྟན་པར་མི་བྱའོ།། ཞེས་བྱའོ།། ང་ནི་ཡོན་ཏན་དྲག་གིས་བསྔགས་བརྗོད་ན་ཞེས་པ་ལ། དགེ་སློང་དག་ནི་ཇི་སྐད་བསྟན་པའི་ཡོན་ཏན་དག་ལ་མི་སྤྱོད་དེ། བྱང་ཆུབ་བོ་ཞེས་བྱ་བའི་སྒྲ་ཙམ་གྱིས་ནན་ཏན་སྙིང ་པོར་བྱེད་པ་དང་བྲལ་བའི་ཕྱིར་བྱང་ཆུབ་མི་འཐོབ་ཀྱི། ནན་ཏན་སྙིང་པོར་བྱེད་པ་ལ་ནི་བྱང་ཆུབ་ཐོབ་པར་དཀའ་བ་མ་ཡིན་ཞེས་བྱ་བས་ཐམས་ཅད་དུ་ནན་ཏན་སྙིང་པོར་བྱའོ་ཞེས་བྱ་བའི་དོན་ཏོ།། ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེ ་ཡིས། འདོད་ཆགས་ཞེ་སྡང་རྨོངས་ཆེན་གྱིས།། ནད་རྣམས་ཕྱེ་མར་བཏགས་བྱ་བ།། འདི་ལ་བརྟག་པར་བྱ་བ་མེད།། སྔོན་བྱུང་བའི་གཏམ་གྱི་ལེའུ་སྟེ་བཅུ་དྲུག་པའི་འགྲེལ་པ་རྫོགས་སོ།། ། ་སངས་རྒྱས་མང་པོ་མངོན་སུམ་དུ་བྱ་བའི་སྒོའི་ཏིང་ངེ་འཛིན་ཉེ་བར་བསྟོན་པར་བཞེད་ནས་དེ་ནས་གཏམ་འདི་མཐར་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་གཏམ་གྱི་སྦྱོར་བ་མཐར་ཕྱིན་པ་དང་། བྱམས་པས་བཅོམ ་ལྡན་འདས་ལ་ཡིད་ཀྱིས་ཚིག་ས་སུ་བཅད་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ། བྱ་རྒོད་ཀྱི་ཕུང་པོར་འཆི་བར་གནང་བ་གསོལ་བའི་ཕྱིར། རྟག་ཏུ་སངས་རྒྱས་གནས་པར་བདེ་གཤེགས་འཆི་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པ་མཆོད་པའི་སླད་དུའོ།། དེ་བཞིན་གཤེགས་པ་ཡང་ཐུགས་ཀྱིསཽ་ལན་འདེབས་པ་ནི། མ་ཕམ་བདུད་རྣམས་བམ་བྱས་ཁྱོད་སོང་ཞིག་ཅེས་བྱ་བ་ལ། མ་ཕམ་པ་ཞེས་བྱ་བ་ནི་བྱམས་པའི་མིང་གཽ་རྣམ་གྲངས་སོ།། དེར་སོང ་ནས་འགྲོ་བ་མ་ལུས་པའི་དོན་ཆེན་པོར་འགྱུར་རོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་བསྐུལ་བའོ།། ཡིད་ཀྱིས་བསྐོར་བ་བྱས་ནས་བྱ་རྒོད་ཕུང་པོ་ག་ལ་པོ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་སྔོན་བཞིན་དུ་ཉེ ་བར་མཁོ་བའི་མཆོད་པ་ཐམས་ཅད་ཀྱིས་བརྒྱན་ཅིང་སྤྲུལ་ནས་སྐད་ཅིག་དེ་ལ་ཟླ་འོད་ཀྱི་ཁྱིམ་དུ་ཞུགས་པར་གྱུར་ཏོ།། ཞུགས་ནས་བཅོམ་ལྡན་འདས་ལ་ཡིད་ཀྱིས་བསྐོར་བ་བྱས་ནས་རང་གི་སྟན་ལ་ཉེ་བར་འདུགུ་ནས ་རླིག་པར་བྱེད་པ་ནི། རི་ཡང་ལྷ་རྫས་ཡངས་ཤྲིང་རྒྱ་ཚོ་བ་ཞེས་བྱ་བ་ལ་སོགས་པ་ལ། གོང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བདག་བརྡུངས་པའི་དོན་དེ་ཐམས་ཅད་བདག་གིས་བསྒྲུབས་ལགས་སོ།། ཞེས་གསོལ་ཏོ།། རི་ཡང ་རིན་ཆེན་སྣ་ཚོགས་རྣམ་པར་བཀྲམ་ཞེས་བྱ་བ་ནི་བདག་གི་རི་བརྒྱན་པ་ཡང་བགྱིས་སོ།། དབུས་སུ་རིན་ཆེན་སེང་གེའི་ཁྲི་ཡང་བཙུགས་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་གཏམ་གྱིས་ཡང ་དག་པར་བསྟན། ཡང་དག་པར་གཟེངས་བསྟོད། ཡང་དག་པར་སྦྱར་ནས་གདུན་ལས་གཞུངས་ཏེ་རྫུ་འཕྲུལ་གང་གིས་ག་ཤེགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྒྱལ་པོའི་ཁབ ་ནུས་བྱུང་སྟེ། ཆུ་དྲོན་ཅན་གྱི་སྒོ་ནས་བྱ་རྒོད་ཀྱི་ཕུང་པོའི་རི་གུ་ལ་བ་དེར་གཤེགས་ནས་བྱམས་པས་སྤྲུལ་པའི་སེང་གེའི་ཁྲི་ལ་བཞུགས་ནས། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ་འཁོར་རྒྱ་མཚོ་ལྟ་བུ་ལ ་ཆོས་སྟོན་ཏོ།། དེ་ནས་ཟླ་འོད་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་ཞེས་བྱ་བ་ལ་སོགས་པ་ལ། ་གཞོན་ནུ་དེ་བཞིན་གཤེགས་པས་ཁྱོད་ལ་རྟག་ཏུ་སྐབས་ཕྱེ་ཡིས་ཅི་དང་ཅི་འདོད་པ་དྲིས་ཤིག་ཅེས་བྱ་བ་ནི། སྐབས་སྦྱིན་པའི་ཚིག་གོ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་ཆོས་དུ་དང་ལྡན་ན་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མང་པོ་ལ་ཐ་ཆེམ་ཟ་བ་བཟློག་པའི་ཕྱིར་ཞུས་པའོ།། གཞོན་ནུ་ཆོས་བཞི་དང་ལྡན་ན་ཞེས་བྱ་བས་ནི་གྲངས་ངེས་པར ་བསྣན་ཏོ།། དེ་ལྟར་ན་ཡང་མ་ཤེས་ནས། བཞི་གང་ཞེ་ན། ཞེས་ཞུས་པའོ།། གཞོན་ནུ་འདི་ལ་ཞེས་བྱ་བ་ལ་སོགས་པ་ལ་ལེན་ཡིན་ཏེ། ངེས་ཤིང་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དང་། དེ་བཞིན་ཉིད་ལ་ཤིན་ཏུ་དགའ ་བས་ཞེས་བྱས་ནས་སོ།། འགྲོགས་ན་བདེ་བ་ནི་བདེ་བ་ཉིད་དོ།། དུལ་ཞིང་དུལ་བའི་ས་ཐོབ་པ་ཡིན་ཞེས་བྱ་བ་ནི་ཕ་རོལ་གྱི་སྤྲོས་སམ་སྤྱོས་པའི་ཚིག་ཉེས་པར་སྨྲ་ཞིང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བཟོད་པའོ།། རང ་གཱི་ལས་ལ་ལྟ་བ་ང་རྒྱལ་བཅོམ་པ་ཆོས་འདོད་པའོ།། ཞེས་བྱ་བ་རྣམས་བསྡོམས་ནས་ཆོས་གཅིག་ཅེས་བྱའོ།། གཞན་ཡང་ཞེས་བྱ་བོས་ནི་ཆོས་གཉིས་པ་སྟོན་པར་བྱེད་དོ།། ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བ་ནི ་ཚུལ་ཁྲིམས་སྤྱིར་བསྟན་པ་ཡིན་ལ། དབྱེ་བ་ཁྱད་པར་དུ་བསྟན་པ་ནི། ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཞེས་པ་ལ་སོགས་པ་སྟེ། ཚུལ་ཁྲིམས་དང་མི་མཐུན་པ་མེད་པས་རྣམ་པར་དག་པའི་ཚུལ་ཁྲིམས་སོ།། བླངས་པའི ་བསླབ་པའི་གནས་རྣམས་མ་ཉམས་བྱས། ཚུལ་ཁྲིམས་མ་ཞིག་པའོ།། ལྟུང་བ་ཕྲ་མོ་ཡང་མི་འབྱུང་བས། ཚུལ་ཁྲིམས་ལ་སྐྱོན་མེད་པའོ།། དམིགས་པའི་ལྟ་བ་དང་བྲལ་བ་དང་ཁམས་གསུམ་ལྔ་བརྟེན་པ་མང་བའི་ཕྱིར ་མི་གནས་པའི་ཚུལ་ཁྲིམས་ཞེས་བྱའོ།། ཚུལ་ཁྲིམས་དང་བརྟུལ་བཞུགས་མཆོག་ཏུ་འཛིན་པ་མེད་པའི་ཕྱིར། མཆོག་ཏུ་མི་འཛིན་པའི་ཚུལ་ཁྲིམས་སོ།། འཁོར་གསུམ་ཡོངས་སུ་དག་པ་ཉིད་ཡིན་པས། ཚུལ་ཁྲིམ ་མི་དམིགས་པའོ།། དེ་ལྟར་གཞོན་ནུར་གྱུར་པའི་ཚུལ་ཁྲིམས་ནི།། འཕགས་པས་བསྟོད་པའི་ཚུལ་ཁྲིམས་དང་། མཁས་པས་བསྟོད་པའི་ཚུལ་ཁྲིམས་ཞེས་བརྗོད་དོ།། ཆོས་གཉིས་པོ་འདི་དག་དང་ལྡན་ན་ཏིང་ངེ་འཛིན ་འདི་དག་འཐོབ་པར་འགྱུར་རོ།། གསུམ་པ་ནི། གཞན་ཡང་གཞོན་ནུ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཁམས་གསུམ་ལ་སེམས་སྐྲག་པ་དང་། སེམས་དང་བར་འགྱུར་ཏེ། དེ་ལ་ཞེན ་པ་ཟློག་པའི་ཕྱིར་རོ།། སེམས་སྐྱོ་བ་ནི་དེའི་ཕྱིར་དོན་དུ་མི་གཉེརུ་རོ།། དོན་དུ་མི་གཉེར་བས་མངོན་པར་མི་དགའོ།། མངོན་པར་མི་དགའ་བས་མ་ཆགས་མ་ཞེན་པའོ།། མ་ཆགས་མ་ཞེན་པས་ཁམས་གསུམ་པཱ་ཡི། སྐྱོན ་ཡང་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བས་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་ཅན་རྣམས་དགྲོལ་བར་བྱའོ།། ཞེས་སྤྲོ་བ་སྐྱེད་དེ་ངན་འགྲོར་འགྲོ་བ་ཡང་བྱང་ཆུབ་སེམས་དཔའ་འདོད་པར་བྱ་བ་ཡིན་ནོ།། བཞི་པ་ནི ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དད་པ་ཅན་དུ་གྱུར་ཏེ། བདེན་པ་དང་ད་ཀན་མཆོག་ལ་སེམས་རབ་ཏུ་དད་པའོ།། དང་པོ་དང་ལྡན་པས། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་ཡིན་ཏེ། ངད་ལྡན་ཡིན་ཕྱིར་ཆོས ་ལ་བརྟེན་ཞེས་པས་མང་དུ་ཐོས་པར་འགྱུར་རོ།། ཤེས་རབ་ལྡན་ཕྱིར་དེ་ཉིད་རིག་ཅེས་བྱ་བས་ཅི་ལྔར་ཐོས་པའི་ཆོས་རྣམས་གཞན་དག་ལ་ཡང་དག་པར་རབ་ཏུ་སྟོན་ཏེ། སེམས་ཅན་འདི་དག་གི་ཆོས་འདི་ཐོས་ནས་ཕྱིར་མི ་ལྡོག་པར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་ཞེས་བྱ་བའོ།། ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ།། མྱུར་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཞེས་བྱ་བ་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་བའི་རྒྱུ་གསུངས་སོ།། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་མང་པོས་བཤད་པ་སྟེ། ་ངས་ཀྱང་དེ་བཞིན་གཤེགས་པ་མང་པོའི་ཐད་ནས་ཐོས་ནས་གཞན་ལ་རྒྱ་ཚོར་ཡང་དག་པར་རབ་ཏུ་བསྟན་ཏོ།། ཞེས་བྱ་བ་ལ་དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མང་པོ་ངེས་པར་བརྗོད་པའི་ཏིང་ངེ་འཛིན་གྱི་སྔོན་བྱུང ་བའི་གཏམ་བསྟན་པ་ནི་ཞེས་བྱ་བ་ནི་རང་ཉིད་ཀྱིས་པར་བྱས་པའི་དེ་བཞིན་གཤེགས་པ་རྣམས་ཚིགས་སུ་བཅད་པས་སྟོང་པ་ནི། དྲན་པ་བསྐལ་པ་གཞལ་མེད་དཔག་ཡས་ནས་ཞེས་བྱ་བ་ལ་སོགས་པ་ལ། འདས་པའི ་དུས་ཀྱི་བསྐལ་པ་གྲངས་མེད་པ་འདས་པ་ན། དབྱངས་ཀྱི་ཡན་ལག་སྒྲ་ཞེས་བྱ་བ་དེ་བཞིན་གཤེགས་པ་བྱུང་སྟེ། དེའི་སྐུ་ཚེའི་ཚད་བརྒྱ་ཕྲག་དྲུག་ཅུར་འགྱུར་རོ།། ཞེས་བྱ་བས་ནི་གྲངས་ངེས་པ་བསྟན་ཏོ།། སྐྱོ་བ་མེད་པ་བསྟན ་པའི་དུས་བསྟན་པའི་ཕྱིར་རོ།། དེ་བཞིན་དུ་གཞན་དག་གིས་ཀྱང་གྲང་སཱ་ངེས་པ་བལྟ་བར་བྱའོ།། དབྱངས་ཀྱི་ཡན་ལག་སྒྲོ་དང་པོར་བྱས་པ་ནས། ཚངས་པའི་སྙན་པ་བསྐལ་པ་གཅིག་ལ་སངས་རྒྱས་ཉིས་བརྒྱ་བྱུང་ངོ་།། ཡང ་མཐའ་ཡས་དབྱངས་ནོས་བརྩམས་ནས། ཆོས་ཀྱི་རང་བཞིན་འཕགས་ཀྱི་བར་དུ་སངས་རྒྱས་བརྒྱ་རྩ་བརྒྱད་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཚེའི་ཚད་མ་བསྟན་ཡང་། ཚོགས་དང་ཆོས་ཀྱི་སྐུ་དང་ནི།། འགྲོ་བའི ་དོན་ནི་སྤྱོད་པ་ཡིས།། སངས་རྒྱས་ཐམས་ཅད་མཉམ་པ་སྟེ།། སྐུ་ཚེ་རིགས་དང་ཆད་ཀྱིས་མིན།། ཞེས་བྱ་བའི་ཚིག་གིས་ཡོན་ཏན་དམན་པར་ཐེ་ཚོམ་མི་བྱའོ།། བྱ་ང་ཆུབ་ཕྱིར་ནི་འདི་དག་དུས་མཆེད་དེ། ་ཞེས་བྱ་བས་ནི་བླ་མ་བསྟེན་པ་དང་། ཆོས་ཉིན་པ་ལྔ་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱི་བསྒོམ་པར་བྱའོ་ཞེས་བསྟན་ཏོ།། དགོས་པ་གཞན་ཡང་བསྟན་མ་ཐག་པའི་ཆོས་ཀྱི་རང་བཞིན་སངས་རྒྱས་འཕགས་ཀྱི་མཚན་གང་ཉན་པ་དེ་ནི་མྱུར་དུ ་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། འདི་ནི་མཚོན་པ་ཡིན་ཏེ། སངས་རྒྱས་གཞན་རྣམས་ཀྱི་མཚན་བསྒྲགས་པ་ཉན་པ་ཡང་དེ་བཞིན་དུ་འགྱུར་རོ།། སངས་རྒྱས་འདི་དག་གི་ཡང་ཕ་རོལ་ལ་ཞེས་བྱ་བ་ཡ། མི་དཔུང་དབྱངས་ཞེས་བྱ་བའི་དེ ་བཞིན་གཤེགས་པ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་བརྒྱ་ཕྲག་གསུམ་མོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱེ་བ་ཁྲ་ཁྲིག་སྟོང་ཕྲག་བརྒྱད་ཅུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་བྱུང་ངོ་། ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་ལ་སོགས་པའི་འཁོར་ལ་དེ་བཞིན་གཤེགས་པ་མི་དབང་དབྱངས་ཞེས་བྱ་བ་དེ་ཆོས་སྟོན་ཏོ།། དེའི་ཆོས་བསྟན་པ་ཐོས་པ་རྣམས་ཕྱིར་མི་ལྡོག་པར་གནས་པར་གྱུར་ཏོ།། དེར ་རྒྱལ་པོ་དཔལ་གྱི་སྟོབས་ཞེས་བྱ་བ་བྱུང་སྟེ། དེ་ལ་བུ་ནི་ལྔ་བརྒྱའོ།། བཙུན་མོའི་འཁོར་ནི་བྱེ་བ་བརྒྱ་ཕྲག་བརྒྱད་ཅུའོ།། བུ་མོ་ནི་བྱེ་བ་སྟོང་ཕྲག་བཅུ་བཞིའོ།། རྒྱལ་པོ་དེ་སྟོན་ཟླ་ཐ་ཆུང་གི་ཉ་ལ་ཡན་ལག་བརྒྱད་པའི་གསོ ་སྦྱོང་དང་ལྡན་པས་བུ་དང་བཙུན་མོ་དང་བུ་མོ་དང་། དེ་ལས་གཞན་པའི་འཁོར་བྱེ་བ་ཁྲག་ཁྲིག་བཅུ་དང་བཅས་པར་བཅོམ་ལྡན་འདས་གང་ན་བཱ་དེར་ཉེ་བར་སོང་ངོ་།། ཉེ་བར་ཕྱིན་པ་དང་ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས ་ཀྱི་མདུན་དུ་འདུག་པ་དང་དེའི་བསམ་པ་མཁྱེན་ནས། ཏིང་ངེ་འཛིན་འདི་སྟོན་པར་མཛད་དོ།། རྒྱལ་པོ་དྲིས་ཏིང་ངེ་འཛིན་འདི་ཐོས་པ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་སྤངས་ནས་ཇི་ལྟར་འོངས་པའི་འཁོར་རྣམས་དང་བཅས་པར་རབ་ཏུ ་བྱུང་བར་གྱུར་ཏོ།། དེ་རབ་ཏུ་བྱུང་ནས་ཀྱང་ལོ་བརྒྱད་ཀྱི་བར་དུ་འཆག་པ་ལ་མངོན་པར་བརྟེན་ནས། ཏིང་ངེ་འཛིན་ལ་སོང་བའི་སེམས་དང་མཉམ་པར་བཞག་པ་ཉིད་ཀྱི་དུས་བྱས་པར་གྱུར་ཏོ།། རྒྱལ་པོ་དེའི་རིགས་སུ་བྱུང་བ་རྫུས ་ཏྲེ་སྐྱེས་པ་བཞིན་དུ་མངལ་གྱི་དྲི་མས་མ་གོས་པ་ཞིག་སྐྱེས་ཏེ། དེའི་ཕ་ནི་བསྟན་པའི་སྟོབས་ཞེས་བྱའོ།། མ་ནི་བློ་གྲོས་ཆེན་མོ་ཞེས་བྱའོ།། རྒྱལ་བུ་གཞོན་ནུ་དེ་སྐྱེས་པ་ཙམ་ཉིད་ལ་ཚིག་འདི་སྐད་ཅེས་རྒྱལ་པོ་དེ་ཆོས་འཆད་དམ ་ཅི་བཞུགས་སྭ་ཞེས་བྱ་བ་ནི་ད་ལྟར་འཚོ་བ་འམ་ཞེས་བྱ་བའོ།། ཏིང་ངེ་འཛིན་རབ་ཏུ་འཆང་ངམ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་དེ་བདག་གི་བསམ་པ་མཁྱེན་ནས། ཏིང་ངེ་འཛིན་འཚོང་དམཱ་ཞེས་པའོ།། རྐྱེན ་རྣམས་མེད་པ་ནི་རྐྱེན་རྣམས་དང་བྲལ་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྐྱེན་དང་བྲལ་བའོ།། ཆོས་རྣམས་ཀུན་ཞེས་བྱ་བ་ནི་ཆོས་ཐཾད་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཏབ ་@པ་ཉིད་དེ་ཆོས་ཉིད་ཅིངོ་བོ་ཉིད་མི་གཡོ་བར་བྱས་པའོ།། དེ་ལྟ་བུའི་ཏིང་ངེ་འཛིན་དེ་རྒྱལ་བ་འཆད་དམ་ཅི་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ།། བྱང་ཆུབ་སེམས་དཔའི་ནོར་བླ་ན་མེད་པའོ།། ལུས་དང་ངག་དང་ཡིད་དང་། ་ལྟ་བ་རྣམ་པར་དག་པའོ།། དམྱིགས་པ་ཐམས་ཅད་ཡང་དག་པར་འདའ་བའོ།། སྐྱེ་བ་མེད་པ་མངོན་སུམ་དུ་བྱ་བ་ལ་འཇུག་པའོ།། སོ་སོ་ཡང་དག་པར་རིག་པ་བཞི་འཇུག་པའི་ཡེ་ཤེས་སོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས ་པའོ། ནཡི་གེའི་རབ་ཏུ་དབྱེ་བ་ཤེས་པའོ།། རྫས་སུ་མངོན་པར་ཞེན་པ་ལས་ཡང་དོག་པར་འདའ་བའོ།། དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་ཞེས་བྱ་བ་ལ་སོགས་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་མང་ངོ་།། ་ཏིང་ངེ་འཛིན་བསྒོམ་པ་ལས་བྱུང་བའི་དེ་བཞིན་གཤེགས་པས་མཁྱེན་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་གྱི་མཐུ་ཡིན་ནོ་ཞེས་བྱ་བའོ།། གཞོན་ནུ་དྲོ་ཡི་ཚིགས་བཅད་དེ་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ལ། གཞོན་ནུ་དེས་དེ་བཞིན ་གཤེགས་པའི་ཡང་དག་པའི་ཡོན་ཏན་ཇི་ལྟ་བ་བརྗོད་པའི་ཚིགས་སུ་བཅད་པ་ཐོས་ནས་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཀྱིས་ནི་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཐོབ་པར་གྱུར་ཏོ།། དེ་ནས་རྒྱལ་པོ་སྟོབས་བརྟན་གྱིས་གཞོན་ནུ་དེ་ལ་སྨྲས་པ་དེ་བཞིན ་གཤེགས་པ་དེ་ད་ལྟར་ཡང་བཞུགས་སོ།། འོན་ཀྱང་ཁྱོད་ལ་དྲི་བར་བྱའོ།། སུ་ལས་ཁྱོད་ཀྱི་ཏིང་ངེ་འཛིན་འདི་ཐོས་ཞེས་བྱ་བ་ལ། གཞོན་ནུས་གང་ལ་ཐོས་པ་གཞོན་ནུས་སྨྲས་པ། རྒྱལ་པོ་གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ ་བསྐུལ་པ་གཅིག་ལ་ཡང་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་སྟེ། དེ་དགུ་ལ་བདག་གིས་བསྙེན་བཀུར་བྱས་ཤིང་ཏིང་ངེ་འཛིན་ཡོངས་སུ་བསྒོམ་པའི་ཕྱིར། ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཡོངས་སུ་ཞུས་སོ།། དེ་ནས་བཟུང་ནས ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་སྐྱེས་སོ་ཅོག་ཏུ་སྐྱེ་བ་དྲན་ཅིང་མངལ་གྱི་དྲི་མས་མ་གོས་པར་རྫུས་ཏེ་སྐྱེ་བར་འགྱུར་རོ།། དེའི་ཕྱིར་མ་རྨོངས་ཤིང་དྲན་པ་འདུས་བྱས་པའི་ཕྱིར། ཏིང་ངེ་འཛིན་བསྒོམ་པ་དང་ནམ་ཡང་མ་བྲལ་ལོ།། ཆོས་དང ་ཆོས་སྨྲ་བ་ལྟ་གུས་པ་དང་བཅས་པ་དང་། རི་མོ་དོང་བཅས་པར་བྱས་སོ།། གུས་པ་དང་བཅས་པ་དང་རི་མོ་དང་བཅས་པས་གུས་བྱེ་དང་རི་མོར་བགྱིས་པས་བདག་གི་སྙན་པ་དང་། གྲགས་པ་དང་། ཡོན་ཏན་འཕེལ་བར་འགྱུར་རོ།། འཐབ ་པ་དང་། བརྩོད་པ་དང་། མི་མཐུན་པ་ལས་ཡང་སེམས་ཀྱི་རྒྱུད་ཏིང་ངེ་འཛིན་གྱིས་ཡོངས་སུ་བསྒོས་པར་གྱུར་པས་ཁྲོ་བ་ལ་སོགས་པ་དང་བྲལ་ནས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཉིད་དུ་བཟོད་པ་རབ་ཏུ་གནས་ནས་དེ་བཞིན་གཤེགས་པ་དགྲའི་ཡན་ལག་དབྱངས་ཀྱི་སྤྱན་སྔར་བདག་གིས་བཟོད་པའི་སྟོབས་ཀྱིས་རྟག་ཏུ་གནས་པར་བགྱིའོ་ཞེས་དམ་བཅས་སོ།། རྟག་ཏུ་ནི ་དུས་ཐམས་ཅད་དུ་བཟོད་པ་སྟོབས་ཀྱིས་གནས་པར་བགྱིའོ་ཞེས་པའོ།། བདག་བཟོད་པའི་སྟོབས་དེ་ལ་གནས་པ་ན་བདུད་ཀྱིས་བདག་ལ་གཙེ་བ་རྣམ་པ་སྣ་ཚོགས་བྱས་ན་ཡང་བདག་གི་སེམས་འཁྲུགས་པར་མ་གྱུར་ཏོ།། དེ་ལྟ་བུའི་ཡོན ་ཏན་དཔག་ཏུ་མེད་པ་བསྒྲགས་པ་ཡང་བྱང་ཆུབ་འདོད་པས་བྱང་ཆུབ་སེམས་དཔས་དེ་ལྟར་བསླབ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། སྔོན་གྱི་བསྐལ་པ་དུ་མར་འདི་བས་ཆེས་མང་བའི་དཀའ་བ་སྤྱང ་པརླཪྵ་ངས་དྲན་ཏེ། དེ་དང་དེ་བརྗོད་པར་མི་ནུས་པའོ།། ད་ནི་བདག་བདེ་བར་གཤེགས་པའི་དྲུང་དུ་མཆིའོ་ཞེས་བྱ་བ་ལ་དེ་དུས་དེ་ཉིད་ཀྱི་ཚེ་མངོན་པར་ཤེས་པ་ལྔ་བསྒྲུབས་ནས་རྫུ་འཕྲུལ་གྱིས་དེ་བཞིན་གཤེགས་པའི་ཐད་དུ་སོང ་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་མདུན་དུ་འདུག་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ད་ནི་རྒྱལ་པོ་དཔལ་གྱི་སྟོབས་སུ་གྱུར། ངའི་བུ་རྣམས་ནི་ཆོས་སྐྱོང་བར་གྱུར་པ་འདི་དག་གོ། བུ་མོ་གང ་ཡིན་པ་དེ་དག་ནི་མྱ་ངན་ལས་འདས་སོ།། རྒྱལ་པོ་སྟོབས་བརྟོན་ན་ཟས་གཙང་མོའོ།། སྐྱེད་པའི་མ་གང་ཡིན་པ་དེ་ནི་ལྷ་མོ་སྒྱུ་མའོ།། དེ་ལྟར་སྨོན་ལམ་གྱི་སྟོབས་ཀྱི་དེ་དང་དེར་སྐྱེ་བ་གཟུང་ངོ་།། ངས་དེ་ལྟར་བརྩོན་འགྲུས་བརྩམས ་པྲས་ཏིང་ངེ་འཛིན་བསྒྲུབས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བརྩོན་འགྲུས་བརྩམས་ལ་ཏིང་ངེ་འཛིན་འདི་བསྒྲུབ་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། སངས་རྒྱསོ་དཔག་ཏུ་མེད་པ་ཉེར་བསྟེན་ནས།། ཏིང་ངེ་འཛིན་རྒྱལ་པོ་ང ་ཡིས་བདེ་བར་ཐོའི།། མ་བསྒྲུབས་པ་དགེ་བསླབ་ཕྱིར་རབ་བསྟན་ཏེ།། དེ་ནས་ང་ནི་བདེ་གཤེགས་ཐུབ་དབང་གྱུར།། སངས་རྒྱས་མང་པོ་ལས་ཏིང་ངེ་འཛིན་གྱིས་བསྒོ་ངེས་པར་བསྒྲུབས་པའི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་པ་རྫོག་སོ།། ་ཏིང་ངེ་འཛིན་རྗེས་སུ་ཡོངས་སུ་གཏད་པའི་ལེའུ་བསྟན་པར་བཞེད་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་འཛིན་པ་དང་། ཞེས་བྱ་བ་ནས། གཞན་དག་ལ་ཡང ་རྒྱ་ཆེར་རབ་ཏུ་སྟོན་པ་ཞེས་བྱ་བའི་བར་ལ་གནས་པ། དེ་ལ་ཡོན་ཏན་གྱི་ཕན་ཡོན་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་བསོད་ནམས་ཟིལ་གྱིས་མི་ནོན་པར་འགྱུར་ཞེས་བྱ་བ་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་པས ་བསོད་ནམས་ལྷག་པའི་ཕྱིར་རོ།། བདུད་དང་མུ་སྟེགས་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བའི་ཡེ་ཤེས་ཀུན་ཏུ་རྟོགས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་དཔག་ཏུ་མེད་པར་འོ་གྱུར། སྤོབས་པ་མཐའ་ཡས་པར་འགྱུར་ཏེ། ་ཞེས་བྱའོ།། ཚིགས་སུ་བཅད་བྱས་ཕན་ཡོན་རྒྱས་པར་བསྟན་པའི་ཕྱིར་གསུངས་པ་ནི། བསྐལ་པ་བྱེ་བ་མཐའ་ཡས་དཔག་ཏུ་མེད།། སྟོབས་བཅུས་དེ་ཡིས་ཕན་ཡོན་བརྗོད་ན་ཡང་ཞེས་བྱ་བའི་བར་དུ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་རྣམ་པ ་ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པར་སྤྱོད་ཀྱི་ཕན་ཡོན་མཐར་ཐུག་པར་བརྗོད་པ་ལྟ་ཞོག་ཆ་ཙམ་བགྲང་བར་ཡང་མཱི་ནུས་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིག་པ་གཅིག་བླངས་པ་བཞིན་ནོ་ཞེས་བྱ་བ་ལ། ཟླ་འོད་ཀྱི་ཕན ་ཡོན་ཤིན་ཏུ་རྒྱ་ཆེ་བ་ཐོབ་པས་སེམས་ཤིན་ཏུ་རྙེད་པར་དཀའོ་སྙམ་དུ་བསམས་ཏེ་བཅོམ་ལྡན་འདས་ལ་ཞུས་པ་ནི། ཕྱི་མའི་དུས་ན་སུ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བཤད་ཀྱི་མཉན་པར ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། གང་དག་ཆོས་ཉིད་ལ་ནན་ཏན་གྱིས་ཞུགས་པ་དེ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན། བྱམས་པའི་སེམས་དང་ལྡན་པ་ཡིན། བསླབ་པ་ལ་ཞུས་པ་ཡིན་ཏེ་མདོ་འདི ་ཉིད་ཉན་པར་འགྱུར་ཏེ། གང་དག་སྔོན་དེ་བཞི་ནི་གཤེགས་པ་ལ་མཆོད་པ་བྱས་པ་དེ་དག་ཉན་པར་འགྱུར་རོ།། གང་ཡང་སྔོན་གྱི་ཚེ་རབས་སུ་མུ་སྟེགས་ཅན་དུ་གྱུར་པ་དེ་དག་མ་དང་ནས་སྤོང་བར་འགྱུར་རོ།། དེའི་བསྟན་པ་ལ་རབ་ཏུ ་བྱུང་བ་རྙེད་པ་དང་བཀུར་སྟི་འདོད་པ་དེ་དག་ཀྱང་རབ་ཏུ་སྤོང་བར་བྱེད་དོ།། གང་གིས་འཛམ་བུའི་གླིང་གི་མཆོད་རྟེན་ཐམས་ཅད་བཤིག་པ་བས་ཀྱང་གཞན་ཞིག་གིས་མདོ་སྟེ་འདི་སྤངས་ནས། འདིའི་སྡིག་པ་ཁྱད་པར་དུ་འཕགས་ཤིང་། ་ཆེའོ་དེ་བཞིན་དུ་གང་གིས་གྲང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པ་བསད་པ་བས་གང་མདོ་སྡེ་འདི་སྤོང་བར་བྱེད་པའི་དེའི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་ནོ།། ཁྱེད་ལ་སུ་དྲག་སྤྲོ་བ་ཡོད་ཅེས་བྱ་བ་ལ། ཕྱི་མའི་དུས་མི་ཟད་པ་དམ་པའི ་ཆོས་འཇིགས་པའི་ཚེ་མདོ་སྡེ་འདི་འཆང་བར་སྤྲོ་བ་ཁྱེད་ལས་སུ་ཡོད་ཅེས་བཀའ་སྩལ་པ་དང་། ཟླ་འད་ཀྱིས་ཞུས་པ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་བདག་གིས་ལུས་དང་སྲོག་ལ་ཡང་བལྟོས་པ་མེད་པར་གཅིག་ཏུ་ཆོས ་ལ་དགའ་བས། མདོ་སྡེ་འདི་རྒྱ་ཆེར་རྒྱས་པར་བགྱིའོ་ཞེས་ཞུས་སོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བརྒྱད་བརྒྱ་ཡང་སྟན་ལས་ལངས་ཏེ། བདག་ཅག་གིས་ཀྱང་ཕྱི་མའི་དུས་ནས་མདོ་སྡེ་རིན་པོ་ཆེ་འདི་གཟུང་བར་བགྱིའོ། ་ཞེས་བྱ་བའོ།། ལྷ་ལ་སོགས་པ་རྣམས་ཀྱང་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ནས་བདག་ཅག་གིས་ཀྱང་ཆོས་འཛིན་པ་བསྲུང་བར་བགྱིའོ།། ཞེས་གསོལ་ཏོ།། མདོ་སྡེ་འདི་རབ་ཏུ་བཤད་པ་ན་གང་བཤང་བ་ན་གུང་གཱའི་ཀླུང་གི་བྱེ ་མ་སྙེད་ཀྱིས་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེ་དག་ནས་འོངས་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས ་ཀྱིས་ཆོས་འདི་ལྟ་བུ་ཐོས་ནས་སེམས་ཅན་བྱེ་བ་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་གནས་པར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་འདི་ན་གནས་པ་མང་པོ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་བཞིན་གཤེགས་པ་ལ་མཆོད་པ ་བྱས་ནས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ངེས་པར་ཐོབ་པར་གྱུར་ཏོ།། དེ་བཞིན་དུ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱིས་ཀྱང་མདོ་སྟེ་རིན་པོ་ཆེ་འདི་ཐོས་ནས་ངེས་པར་སངས་རྒྱས་ཀྱི་བྱང་ཆུབ་ཏུ ་ལུང་བསྟན་ཏོ་ཞེས་བྱ་བ་ཡིན་ནོ།། གང་སུ་དག་ཕྱི་མའི་དུས་ན་མདོ་འདི་ཉན་པ་དེ་དག་ཀྱང་ངེས་པར་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བྱ་བ་ཉིད་ཡིན་ནོ།། ཏིང་འཛིན་རྒྱལྔ་པོ་མ་ལུས་དོན་ལྡན་པ། བྱང་ཆུབ་མཆོག་གཙོའི་རྒྱུར་གྱུར ་རབ་བསྟན་པས།། རྒྱལ་བ་ཀུན་གྱི་རྗེས་གདམ་སོ་རབ་གཏང་ཏེ།། འགྲོ་བ་ཀུན་གྱིས་དངོས་གྲུབ་ཆེ་འབྱུང་ཤོག། ཏིང་ངེ་འཛིན་ཡོངས་སུ་གཏང་བའི་ལེའུ་སྟེ་བཅཝོ་བརྒྱད་པའི་བཤད་པ་རྫོགས་སོ།། ། སངས་རྒྱས ་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པ་བཤད་པར་གཞེང་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོག་པ་གསུངས་ཏེ། གཞན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས ་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྗེས་སུ་བསྔགས་པ་ཐོས་ནས་མི་སྐྲག་པར་འདོད་པས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་མཁས་པར་བྱའོ།། གཞན་དུ་ན་ཤིན་ཏུ ་ཟབ་པའི་ཆོས་ཐོས་ན་ཀུན་ཏུ་རྨོངས་པར་འགྱུར་རོ།། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོས་ན་མི་སྐྲག། མི་དཱི་དང་། དངང་བར་མི་བྱའོ།། ཞེས་བྱ་བ་ལ་སོགས་པ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་མི་སྐྲག ་པ་ལ་སོགས་པའི་ཚིག་གསུམ་གྱི་དོན་བལྟ་བར་བྱའོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས་ཆོས་བསམ་གྱིས་མི་ཁྱབ་པ་ལ་མཁས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་ཟླ་འོད་ཀྱིས་བཅོམ་ལྡན་འདས ་ལ་ཞུས་པའོ།། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པ་ཉིད་ཀྱི་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཉན་ཅིང་ཐོས་ནས་ཞེས་བྱ་བ་ལ་སོགས་པ་ནས་གཞན་དག་ལ་ཡང་རྒྱ་ཆེ་ར་ཡང་དག་པོར་རབ་ཏུ་སྟོན་ན་ཞེས་བྱ་བའི་བར་དུ ་སྟེ། གཞོན་ནུ་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པ་ལ་མཁས་པར་བྱའོ་ཞེས་བྱའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུས་པའི་ངོ་བོ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པོ་ཉིད་རྣམ་པར ་སྤྲོས་པའི་ཏིང་ངེ་འཛིན་ཞེས་བྱ་བ་འདི་ལྟ་བུའི་མཆོག་ཏུ་གྱུར་པའི་ཕན་ཡོན་ཟླ་འོད་ཀྱིས་ཐོས་པས་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་རབ་ཏུ་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རབ་ཏུ་མང་པོས་ཀྱང་མངོས ་པར་ཤེས་པའི་ཤེས་པ་ཐོབ་པར་གྱུར་ཏོ།། ཞེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་མཐུ་ལྷག་པར་གྱུར་པའི་དབང་གིས་གཡོ་བ་དང་། ལྷ་ལ་སོགས་པས་མེ་ཏོག་གི་ཆར་འབེབས་པ་ལ་སོགས་པའི་ངོ་མཚར་ནི་སེམས་ཅན་དཔག་ཏུ་མེད ་པའི་དོན་བྱེད་པར་ཤེས་པར་བྱའོ་ཞེས་བྱའོ།། དེ་ནས་དེ་ཉིད་དུ་དྲི་ཟའི་བུ་གཙུག་ཕུད་ལྔ་པཾ་ཞེས་བྱ་བ་སིལ་སྙན་ལྔ་བརྒྱ་དང་བཅས་པར་ནཱ་མཁའི་དཀྱིལ་ནས་བབས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ་བསྙེན་བཀུར་དང ་གཡོག་བྱེད་དོ།། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་བསྟན་པ་ཉིད་ཀྱིས་ཟླ་འོད་ཀྱི་སེམས་སངས་རྒྱས་ཀྱི་ཆོས་ལ་གཅིག་ཏུ་གཞོལ་བར་ངེས་པར་བསྟན་པ་ལ་མཁས་པ་ཐོབ་པར་བྱ་བ་དང་གཙུག་ཕུད་ལྔ་པ་ཅན་ཡང ་རྒྱུད་ལ་མཁས་པ་ཐོབ་པར་བྱ་བའི་ཕྱིར་རོ།། དེ་ནས་པི་ཝང་དང་སིལ་སྙུན་རྣམས་ལས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་འདི་ལ་ངེས་པར་གཞོལ་བར་འགྱུར་བའི་ཚིགས་སུ་བཅང་བའི་སྒྲ་སངས་རྒྱས་ཀྱི་བྱིན་གྱིས་བརླབས ་ཀྱིས་བྱུང་བར་གྱུར་ཏེ། སྒྲ་གཅོག་ཁྱོན་ལ་སངས་རྒྱས་མང་པོ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་གྱི་ནང་དུ་ལྷ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་བ་དང་། བཞོན་པ་སྣ་ཚོགས་དང་། གཞལ་ཡས་ཁང་ལ་སོགས་པ་མཐོང ་ཡང་ཁྱིམ་དེར་དེ་དག་ཞུགས་པ་ཡང་མ་ཡིན་དེ་ནས་ཕྱིར་བྱུང་བ་ཡང་མེད་དོ།། དེ་བཞིན་དུ་རང་གི་སེམས་ཙམ་ལས་ཐ་མི་དད་པའི་དངོས་པོ་དོན་གྱིས་སྟོང་པ་དམིགས་སུ་མེད་པ། རྨི་ལམ ་དུ་སྣང་བ་ལྟར་མ་རིག་པའི་བག་ཆགས་ཀྱིས་བསྒོས་པའི་སེམས་ཉིད་ཕྱིན་ཅི་ལོག་ཏུ་དམྱལ་བ་ལ་སོགས་པར་རབ་ཏུ་སྣང་ངོ་།། བྱང་ཆུབ་ཀྱི་སེམས་དང་། ཕ་རོལ་ཏུ་ཕྱིན་པའི་བག་ཆགས་ཀྱིས་བསྒོས་པའི་སེམས་ལ་ནི་དེ་བཞིན ་གཤེགས་པ་ལ་སོགས་པར་སྣང་བར་འགྱུར་རོ་ཞེས་བྱའོ།། སྐུ་གཅིག་ལ་ཁྱོན་ལ་སྟེ། སྤུའི་ཁུང་བུར་སངས་རྒྱས་མི་ཁོར་གང་གཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པར་རབ་ཏུ་སྤང་ངོ་།། སངས་རྒྱས་ཀྱི་ཞིང་ཡང་དེ་ཉིད་དེ་ཕྲན ་ཚུན་གདོས་པ་མེད་པ་ཉིད་དུ་གནས་སོ།། འགྲོ་བ་ལྔར་སྐྱེས་པར་གྱུར་པའི་དམྱལ་པོ་དབདུད་འགྲོ་དང་། ཡི་དགས་དང་། ལྷ་དང་མི་རྣམས་ཀྱང་ངོ་།། འདྲེས་པ་མེད་ཅིང་གནོད་པར་ནི་འགྱུར་ཏེ་ཞེས་བྱ་བ་ནི་འདྲེས་ཤིང་འདུས་པ་ཡང་མེདྨ། གཅིག ་ལ་གཅིག་གནོད་པ་ཡང་མེད་དེ། རང་རང་གི་རབ་ཏུ་སྣང་པོ་ཙམྦ་གྱིས་མཐར་ཐུག་པའི་ཕྱིར་རོ།། རི་དང་ཆུ་ཀླུང་དང་། ནགས་ཆང་ཚིང་ལ་སོགས་པ་རྣམས་ཀྱང་གཅིག་ལ་གཅིག་དག་པ་མེད་པོར་ཤེས་སོ།། འགྲོ་བ་ལྔར་སྣང་བ་སྤྱིར ་བསྟན་ནས་རྒྱས་པར་སོ་སོར་བསྟན་པའི་ཕྱིར། དེའི་གནས་སུ་རི་བོ་དུམ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། རི་དང་རི་རབ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། འབིགས་བྱེད་དང་། བྱ་རྒོད ་ཀྱི་ཕུང་པོ་ལ་སོགས་པའི་རི་རྣམས་ཀྱང་ངོ་།། དེ་བཞིན་དུ་དམྱལ་བ་ཚ་བ་དང་། རབ་ཏུ་ཚ་བ་དང་། ཐིག་ནག་ལ་སོགས་པ་རྣམས་དང་། དེར་སྐྱེས་པ་རྣམས་ལ་སྡུག་བསྔལ་གྱི་རྣམ་པ་རབ་ཏུ་སྣང་ཞིང་སྡུག་བསྔལ་ཉམས་སུ་མྱོང་ངོ་།། ་དེའི་གནས་ན་ལྷའི་གཞལ་མེད་ཁང་ཞེས་བྱ་བ་ལ། ལྷ་རྣམས་གཞལ་མེད་ཁང་གནས་ཤིང་བདེ་བ་ཉམས་སུ་མྱོང་ངོ་།། དེའི་གནསུ་སངས་རྒྱས་རྣམས་སྐྱེ་ཞིང་ཞེས་བྱ་བ་ལེ། སངས་རྒྱས་རྣམས་སྐྱེ་ཞིང་ཚོས་ཀྱི་འཁོར་ལོ་བསྐོར་བ་ལ ་སོགས་པའོ།། ཡེ་ཤེས་བྲལ་བ་དག་གི་མོ་མཐོང་ཞེས་བྱ་བ་ནི་སངས་རྒྱས་མཐོང་བའི་དགེ་བའི་རྩ་བ་དང་བྲལ་བ་རྣམས་ཀྱིས་སོ།། དེའི་གནས་ཉིད་ན་དམ་པའི་ཆོས་ནུབ་ཅིང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པར་ཡང་ཐོས།། དེ་བཞིན་དུ ་འདྲེན་པ་བཞུགས་ཏེ་ཆོས་ཀྱང་སྟོན་ཞེས་བྱ་བ་ལ་སོགས་པོ་ལ། དེ་ལ་ཁ་ཅིག་ནི་དཔག་ཏུ་མེད་པར་ཆེ་དུས་བྱེད་པའོ།། ཁ་ཅིག་ནི་མཐུང་བ་ཉིད་དུའོ།། གནས་དེར་ལ་ལ་འདི་སྙམ་དུ་འདུ་ཤེས་ཏེ་ཞེས་བྱ་བ་ལ། ཁ་ཅིག་འདི་སྙམ་དུ་བདག་གིས་དྲི ་བཞིན་གཤེགས་པ་ལ་མཆོད་པ་བྱས་སོ།། ཞེས་འདུ་ཤེས་ཤིང་། འདུ་ཤེས་སུ་འཛིན་པས་དགའ་བའི་འདུ་ཤེས་འཇུག་པར་གྱུར་ཀྱང་མ་སྐྱེས་པ་ལ་མཆོད་པར་ནུས་པ་མ་ཡིན་ནོ།། མཐོང་བ་ལ་སོགས་པའི་ཐ་སྙད་རྣམས་ཇི་ལྟར་ཡིན་ཞེ་ན། མི ་ལམ་གྱི་དཔེས་ཐམས་ཅད་གྲུབ་བོ་ཞེས་བྱ་བར། མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན་ཞེས་བྱ་བ་ལ། རང་གི་ཁྱིམ་ན་ཉལ་བ་ཞིག་གིས་རྨི་ལམ་དུ་ལྷ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་ཞིང་འདོད་པའི་ཡོན་ཏན་ལྔས་ངོམ་པ་མེད་པ་ཉིད ་ལས་སད་པར་གྱུར་ན་འདོད་པའི་ཡོན་ཏན་ལྔ་མཐོང་བ་མེད་དོ།། རྨི་ལམ་དུ་མཐོང་བ་དེ་ཉིད་མ་སྐྱེས་པ་མི་བདེན་པའོ་ཞེས་ཤེས་སོ།། དེ་བཞིན་དུ་མཐོང་བ་དང་། ཉམས་སུ་མྱོང་བ་དང་། རྣམ་པར་ཤེས་པའི ་ཐ་སྙད་རྣམས་ཀྱང་བརྫུན་པའི་བག་ཆགས་ཀྱིས་སྤྲུལ་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་ཏིང་ངེ་འཛིན་གྱི་ངོ་བོ་ངེས་པར་རྟོགས་ནས་ཆོས་ཉིད་དེ་ཁོ་ན་ཉིད་ལས་གཡོ་བར་མི་འགྱུར་རོ་ཞེས་བྱ་བའོ།། ཡུལ་རྣམས་ལ་སྡུག་པ་དང་མི་སྡུག ་པའི་ཆར་འབྱེད་པ་དང་བྲལ་བ་དེ་ནི་འཛིན་པ་དང་། དོར་བ་མེད་པས་བསེ་རུ་བཞིན་དུ་ཐེ་ཚོམ་མེད་པར་ལམ་གང་ཡིན་པ་དེ་རྣམ་པར་བསྒོམ་པར་བྱེད་པའོ།། ཆོས་ཐམས་ཅད་སྟོང་པའོ་ཞེས་ཡེ་ཤེས་ངེས་པར་སྒྲུབ་པ་དེའི་སྤོབས་པ་དག་ནི་མཐའ ་ཡས་འགྱུར་ཞེས་བྱ་བའོ།། སྡུག་པ་དང་མི་སྡུག་པར་ཀུན་ཏུ་ཆག་པ་མེད་པ་དེ་ལ་ནི་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་གྱི་མཐར་བྱས་འདི་གཉིས་རབ་ཏུ་སྤངས་ནས་ནི་ཆོས་ཉིད་གཅིག་པུ་ལ་བརྟན་པར་བྱའོ།། གང་ཞིག ་ཆོས་ནི་ཐོས་ནས་ཆགས་བྱེད་ཅིང་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་དང་། རྗེས་སུ་མཐུན་པ་ནི་ཆོས་ཉིད་ཡིན་ནོ་ཞེས་ཐོས་ནས་རྗེས་སུ་ཆགས་པའི་དབང་གིས་མངོན་པར་ཞེན་ནོ།། ཆོས་མ་ཡིན་པ་ནི་དམྱལ་བ་ལ་སོགས་པའི་རྒྱུ་ཡིན་ནོ།། ་ཞེས་ཁོང་ཁྲོ་བ་སྐྱེད་པར་བྱེད་ངོ་།། ཆོས་དང་ཆོས་མ་ཡིན་པ་མཉམ་པ་ཉིད་དུ་མ་རྟོགས་པས་ང་རྒྱལ་དང་རྒྱགས་པའི་དབང་གིས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞེས་བྱའོ།། མཉམ་པ་ཉིད་ལ་གནོས་པ་རྣམས་ནི་སྡུག་པ་དང་མི་སྡུག་པ ་ལས་གྲོལ་བ་ཉིད་དུ་གནས་པ་ཡིན་ནོ།། དེ་དག་ནི་ཚུལ་ཁྲིམས་ཡོང་སུ་དྲུག་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་རབ་ཏུ་གནས་པ་ཞེས་བྱའོ།། གང་དག་ཕྱིན་ཅི་ལོག་གིས་ལམ་ལ་ཞུགས་པ་དེ་དག ་ནི་བདུད་ཀྱི་ཞུགས་པས་བཟུང་བ་ཞེས་བལྟ་བར་བྱའོ།། ཟླ་འོད་གཞོན་ནུས་ཚིགས་སུ་བཅད་པའི་དོན་ཁོང་དུ་ཆུད་པས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་གཅིག་ཏུ་ངེས་པར་བསྟན་པ་ལ་མཁས་པ་ཐོབ་པར ་གྱུར་ཏོ།། དྲི་ཟའི་བུ་གཙུག་ཕུད་ལྔ་པ་ཅན་གྱིས་ཀྱང་སྒྲའི་རྗེས་སུ་འཇུག་པའི་བཟོད་པ་ཐོབ་པར་གྱུར་ཏོ།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཆོས་ཉིད་རབ་ཏུ་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ།། རི་བོང་འཛིན ་པའི་འོད་ལྟར་དཀར་བའི་དཀའ་འགྲེལ་གྲགས་པའི་མདངས་ལྡན་པ།། འཇམ་དཔའི་དབྱངས་ཀྱི་ཞབས་ཀྱི་པདྨ་ལ་གུས་ཙམ་གྱིས་རབ་བསྒྲུབས་པ།། མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སྐྱེས་སྐྱེ་བོ་མ་ལུས་པ་ནི་དོན་དུ།། གལ་ཏེ་ལེགས་པར་མཐོང ་ན་ཡེ་ཤེས་ས་ལ་བརྟན་པའི་དོན།། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་དགུ་པའི་འགྲེལ་པ་རྫོགས་སོ།། །། དབང་པོ་ཏོག་གི་རྒྱལ་མཚན་རྒྱལ་པོའི་ལེའུ་ངེས་པར་བསྟན་པར ་བཞེད་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་རྩ་བ་དང་། བསླབ་པ་དང་། ཡོན་ཏན་གྱིས་ཆོས་གདོན་མི་ཟ་ཞིང་ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པར་བྱའོ་ཞེས་བྱ་བ་ལ། ཚུལ་ཁྲིམས་ལ ་རབ་ཏུ་གནས་ན་སངས་རྒྱས་ཀྱི་ཡོན་ཏན་ཐཱང་མཆོག་ཏུ་མཐར་ཐུག་པར་ངེས་པར་སྒྲུབ་པར་བྱེད་དོ།། ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདུ་འཛི་མེད་ཤིང་ཞེས་བྱ་བ་ལ། དབེན་པ་ལ་ངག ་བའི་ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདུ་འཛི་མེད་པ་མང་ཞིང་ཞེས་བྱ་བ་ལ། དབེན་པ་ལ་དགའོ་བའི་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ།། སྡིག་པོའི་གྲོགས་པོ་ཡོངས་སུ་སྤངས་པ་དང་། དག་པའི་བཤེས་གཉེན ་ལྔ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཡོངས་སུ་འཛིན་པ་དང་། འཆང་བ་དང་། མངོན་པར་དགའ་བས་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ངེས་པར་གཟུང་བའི་ཕྱིར། བྱང་ཆུབ་ཏུ་སེམས་སྐྱེད་པ་ལ་སོགས་པ་ཐམས་ཅད་ཚུལ ་ཁྲིམས་ཀྱི་ཡན་ལག་ཡིན་ནོ་ཞེས་བྱ་བའོ།། བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་ལ་མི་ལྟ་བས་རྒྱུན་མི་འཆད་པར་དགེ་བའི་བཤེས་གཉེན་བཙལ་བར་བྱའོ།། གཡོ་མེད་པ་ནི་བཅོས་མ་མ་ཡིན་པའི་སེམས་ཀྱིས་དགེ་བའི་བཤེས ་གཉེན་བཙལ་བར་བྱའོ།། གཡོ་མེད་པ་ནི་བཅོས་མ་མ་ཡིན་པའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་ས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། གཟུང་བར་བྱ་གས་བྱ་པ་ནས། གཞན་དག་ལ་ཡང་རྒྱ་ཆེར ་ཡང་དག་པར་བསྟན་པར་བྱའོ།། ཞེས་བྱ་བའི་བར་དུའོ་ཞེས་བྱ་བ་ལ། གང་གི་ཚེ་དགེ་བའི་བཤེས་གཉེན་ཚོལ་པ་དང་། སྲིག་ཞུ་བྱ་བ་དང་། གཡོག་བྱ་བ་ལ་ཡིད་མི་སྐྱོ་བར་གྱུར་པ་དེའི་ཚེ་བངོ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཉིད་ཡིན་ན་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་སྨོས་ཀྱང་ཅི་དགོས ་ཞེས་བྱའོ།། སྔོན་བྱུང་བ་བསྟན་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་རབ་ཏུ་བསྟན་ཞེས་བཤད་པ་ནི། འདས་པའི་བསྐལ་པ་བྱེ་བ་མང་པོ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདས་པའི་བསྐལ་པ་དཔག་ཏུ་མེད་པ་ན་དེ ་བཞིན་གཤེགས་པ་དབང་པོ་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་དེས་ཏིང་ངེ་འཛིན་བཤད་དོ།། ཆོས་ཐམས་ཅད་བདག་དང་། སྲོག་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེང་བུ་ལ་སོགས་པའི་བྱེད་པ་པོས་སྟོང་པ ་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། ཆུའི་ཟླ་བ་དང་འདྲི་བ་ལ་འཆི་བའི་དུས་བྱེད་པ་ན་སེམས་ཅན་དང་སྲོག་ལ་སོགས་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཡང་མེད་ལ། ལས་དང་འབྲས་བུ་རྣམ་པར་ཉམས་པ་ཡང་མེང་དེ ་ཇི་ལྟར་མེ་ལོང་གིས་དཀྱིལ་དུ་བཞིན་གྱི་ཁ་དོག་ནག་པོ་དང་། དཀར་པོ་དང་། ཐིག་ལེ་དང་། འདབ་རིས་ལ་སོགས་པ་མཐོང་བ་དང་འདྲ་བས། ལུས་དང་འབྲས་བུའི་སྣང་བ་ཡང་སེམས་ཀྱིས་རྒྱུད་ལ་དེ་དང་འདྲའོ་ཞེས་བྱ་བ་ཡིན་ནོ།། ་རིགས་པའི་ཚུལ་གྱི་སྒོ་སྟེ་ཁྱབ་བྱེད་དུ་ཁས་བླངས་པས་སྐྱེ་བ་དང་འཆི་བ་དང་། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དང་། བྱེད་པ་པོ་དང་། སྤྱོད་པ་པོ་ལ་སོགས་པ་མི་རིགས་སོ་ཞེས་བྱ་བ་ཡིན་ཏེ། གང་ལ་ཡི་གེ་ཚིགས་ཀྱང་མེ་དམིགས ་པས་སྟོང་པ་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་བྱང་ཆུབ་ཉིད་ནི་བཅོམ་ལྡན་མཁྱེན་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ།། དེ་ལྟ་བུའི་ཏིང་ངེ་འཛིན་བཅོམ་ལྡན་འདས་ཀྱིས་བཤད་པའོ།། དེ ་ནས་བདག་གིས་ཏིང་ངེ་འཛིན་འདི་ཐོས་ནས་ཉོན་མོངས་པའི་ནད་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ།། བྱང་ཆུབ་སེམས་དཔས་བསླབས་པའི་ནོར་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་ཁྱད་པར་བསྟན ་པས་འབྲས་བུའི་ཁྱད་པར་འདོད་པ་རྣམས་འཇུག་པར་བྱ་བའི་ཕྱིར་རོ།། དེ་ནས་དགེ་སློང་ཆོས་སྨྲ་བ་འདུག་པ་དག་ཅེས་བྱ་བ་ལ། དེར་ཆོས་འཆད་པའི་ཚེ་ཚུལ་ཁྲིམས་ཀྱི་སྤྱོད་པ་ཕུན་སུམ་ཚོགས་པས་ཆོས་འདི་ཐོས་ནས་སངས་རྒྱས ་ཉིད་དང་རྗེས་སུ་མཐུན་པའི་སེམས་བསྐྱེད་པར་གྱུར་ཏོ།། དེའི་བསམ་པ་མཁྱེན་ནས་ཁྱོད་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་ཉིད་དུ་ངེས་པར་འགྱུར། ་རོ་ཞེས་ཆོས་སྨྲ་བའི་དགེ་སློང་ལུང་བསྟོན་པ་དེ་ནི་གཞན་མ་ཡིན་གྱི་ང་ཉིད་ཡིན་ནོ་ཞེས་བྱ་བས་ནི་ཐམས་ཅད་དུ་ཏིང་ངེ་འཛིན་བཙལ་བ་དང་། དགེ་བའི་བཤེས་གཉེན་ལ་གཅིག་ཏུ་བརྟེན་པར་བྱའོ།། ཞེས་བསྟན་པར་འགྱུར་རོ།། ་གུས་པཱ་ཏིང་ངེ་འཛིན་ཐོས་ནས་རྣམ་པར་བསྒོམས། སངས་རྒྱས་གྱུར་ནས་འགྲོ་བའི་དོན་བྱ་ཞེས། དེ་ལྟར་བསམ་ནས་བདག་གཞན་དོན་གྱིས་བློས།། དེ་ཡི་བཀའ་འགྲེལ་དོན་བྱེད་གྲགས་པས་བྱས།། དབང་པོ་ཏོག་གི་རྒྱལ་མཚན ་གྱིས་རྒྱལ་པོའི་ལེའུ་སྟེ་ཉི་ཤུ་པའི་འགྲེལ་པ་རྫོགས་སོ།། ། དམིགས་པའི་ལྟ་བ་ཅན་གྱིས་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཆེད་དུ་སྔོན་བྱུང་བ་ཉེ་བར་བསྟན་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས ་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ནས་བརྩམས་ནས་སྔར་བསྟན་པའི་རྗེས་སུ་འབྲེལ་བར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྔོན་བྱུང་བའི་གཏམ་གྱི་རྒྱུད་ཚིགས་སུ་བཅད་པའི་དབྱིངས ་ཀྱིས་ཡང་དག་པར་རབ་ཏུ་བསྟན་པར་ཞེས་བྱ་བ་ལ། དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར་སྔོན་བྱུང་འཛམྦུའི་གླིང་ཞེས་བྱ་བ་འདིར་ཞེས་བྱ་བ་ལ་སོགས་པ་ལ། སྔོན་བྱུང་བ་འཛམྦུའི་གླེང་འདིར་ཚོང་དཔོན་གྱི་ཁྱེའུ་གཉིས་བྱུང་སྟེ། ཞེས་བྱ ་པ་ནི་ཚོང་དཔོན་གྱི་ཁྱེའུ་གཉིས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ།། རབ་ཏུ་བྱུང་ནས་ཀྱང་འཛིན་པ་ཐམས་ཅད་རྣམ་པར་སྤངས་ནས་བས་རུ་ལྟར་བསམ་གཏན་དང་། རྗེས་སུ་མཐུན་པའི་ནགས་སུ་གནས་ནས ་བསམ་གཏན་གྱི་དགའ་བ་དང་། བདེ་བ་ཉམས་སུ་མྱོང་ནས་རྫུ་འཕྲུལ་དང་ལྡན་ཞིང་བསམ་གཏན་ཐོབ་པར་གྱུར་ཏེ། སེམས་ཅན་རྣམས་ཀྱི་དབང་པོ་དང་བསམ་པ་རྣམ་པར་ཤེས་ནས། ཕན་ཚུན་ཆོས་ཀྱིས་འབེལ་བའི་གཏམ་བྱེད་ཅིང ་གནས་སོ།། དེ་ནས་རྒྱལ་པོ་སྟོབས་དང་བཅས་པ་རི་དགས་གཤོར་དུ་སོང་བ་ལས། དེ་དག་དང་ཉེ་བའི་དགོན་པར་སོང་ངོ་།། མིའི་བདག་པོས་དེ་དག་མཐོང་ནས་རབ་ཏུ་དགའ་བ་སྐྱེས་སོ།། མངོན་པར་ཕྱག་འཚལ་ནས་མདུན་དུ་འདུག ་པ་དང་། དེའི་བསམ་པ་དང་རྗེས་སུ་མཐུན་པའི་གཏམ་རྒྱལ་པོ་དེ་ལ་སྨྲས་པ་རྒྱལ་རིགས་ཉོན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་འབྱུང་བ་མཆོག་ཏུ་རྙེད་པར་དཀའ་ཞེས་བྱ་བ་ལ། སངས་རྒྱས་འབྱུང ་པ་ནི་ཤིན་ཏུ་དཀོན་པ་ཡིན་པས་དེའི་ཕྱིར་བགྲ་ཡོད་པར་གྱུར་པས་ཚེ་སུ་བསྲུང་བ་ལ་འབང་བར་གྱིས་ཤིག་ཅེས་བྱ་བའོ།། ཚེ་འདི་རིརེ་ཆུ་བོ་བཞིན་དུ་མྱུར་དུ་འགྲོ་ཞིང་མི་གནས་པ་བཞིན་དུ་ན་བ་དང་། རྒ་བ་དང་། འཚོ་བ་དང་། མྱ་ངན་དང་། སྨེ ་སྔགས་འདོན་པ་དང་། སྡུག་བསྔལ་པ་དང་། ཡིད་མི་བདེ་བས་ཉེ་བར་གཙེས་པ་དེའི་ཚེ་ཆོས་མ་གཏོགས་པའི་སྐྱབས་གཞན་མེད་དོ།། དེའི་ཕྱིར་ཆོས་སྐྱོང་བར་གྱུར་པས་ཕྱི་མའི་དུས་ཤིན་ཏུ་འཇིགས་སུ་རུང་བ་དེའི་ཚེ་དེ་བཞིན་གཤེགས་པའི་བསྟན ་པ་འཇིག་པ་ན། ཇི་ལྟར་འཇིག་པར་མི་འགྱུར་བ་དེ་ལྟར་མཛོད་ཅིག། ཅེས་དེ་དག་གི་རྣམ་པ་མང་པོས་མིའི་བདག་པོ་ལ་གཏམས་སོ།། དེ་ནས་གདས་སོ་ངག་ཐོས་པས་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་དེ་དག་གི་རྐང་པ་ལ་མངོན་པར་ཕྱག་འཚལ ་ནས། རང་གི་ཕོ་བྲང་དུ་སོང་ངོ་།། གཞན་དམིགས་པའི་ལྟ་བས། ཤིན་ཏུ་གཡེན་སྨྱོས་པའི་དགེ་སློང་མང་པོ། རྙེད་པ་དང་། བཀུར་བསྟི་འདོད་པ་རྣམས། དེའི་ཁབ་དུ་ཞུགས་པ་དང་། དེ་དག་གོ་དབང་པོ་མ་བསྡམས་པར་མཐོང་ནས། མིའི ་བདག་པོ་དེས་དེ་དག་ལ་གུས་པར་མ་བྱས་སོ།། དེ་ནས་དགེ་སློང་མང་པོ། བརྐམ་ཞིང་ཚོགས་ཞེས་བྱ་བ་ལ། ཤིན་ཏུ་བརྐམ་པ་ཆགས་པ་ཆགས་པ་ཅན། དེ་བཞིན་གཤེགས་པའི་བསྟན་པ་ལས་ཉམས་པ་དེ་དག་གིས་མིའི་བདག་པོ་དེ། ཕྱིན་ཅི ་ལོག་ཏུ་འཛིན་ཏུ་འཇུག་གོ། ཆོས་སྨྲ་བ་གཉིས་པོ་འདི་ནི་ཆད་པར་ལྟ་བ་ཡིན་ཏེ། མྱ་ངན་ལས་འདས་པའི་ལམ་སྟོན་པ་ཡང་མ་ཡིན་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སྟོན་པར་འདོད་པས། དགེ་བ་དང་། མི་དགེ་བའི་ལས་ཀྱང ་མེད་ལ། དེ་མེད་པས། མཐོ་རིས་དང་། དྲན་སོང་ལ་སོགས་པའི་འབྲས་བུ་ཉིད་ཀྱང་། རིང་བ་ཉིད་དུ་སྤངས་པ་ཡིན་ནོ།། གལ་ཏེ་མ་བསད་ན་ཡང་། ཡུལ་གཞན་དུ་སྤོངས་ཤིག། དེ་ལྟར་གྱུར་ན་དེ་བཞིན་གཤེགས་པའི་བསྟན་པ་རིང་དུ་གནས་། ་འགྱུར་རོ།། ཞེས་ཟེར་རོ།། དེ་དག་གི་ཚིག་གིས་མིའི་བདག་པོ་ཐེ་ཚོམ་སྐྱེས་ཤིང་། བསད་པའི་བསམ་པ་ཡང་བྱུང་བ་དང་། མིའི་བདག་པོ་དེ་ལ་རྟག་ཏུ་རྗེས་སུ་འབྲེལ་པའི་ལྷ་ཞིག་ཡོད་པས་མིའི་བདག་པོ་འདི་ལྟ་བུའི་སེམས་མ་སྐྱེད ་ཅིག། སྡིག་པའི་གྲོགས་པོའི་ཚིག་གིས་སྡིགས་པའི་སེམས་མ་སྐྱེད་ཅིག། ཅེས་བསྐུལ་བ་དང་། རྒྱལ་པོ་དེའི་ལྷའི་ཚིག་གིས་བསྐུལ་བས་དེ་བཞིན་གཤེགས་པའི་བསྟན་པ་ལས་མི་གཡོ་བའི་དྲན་པ་ཡང་བྱུང་ངོ་།། དེའི་སྟན་ཟླ་དགེ ་སློང་དེ་དྲུག་གིས་ལོག་པར་འཛིན་དུ་བཅུག་པས་བསད་པར་བྱའོ།། སྙོམ་ནས་དེ་སྟོབས་དང་བཞོན་པ་དང་བཅས་པར་གང་ན་ཆོས་སྨྲ་ཕྱིར་གཉིས་གནས་པ་དེར་ཕྱིན་པ་དང་། ནགས་དེ་ན་རྟག་ཏུ་གནས་པའི་ལྷ་དང་གནོད་སྦྱིན་ལ་སོགས་པ ་རྣམས་ཀྱིས་སོ་ཕག་གི་ཆར་ཕབ་པས་སོ་ཕག་གི་ཆར་གྱི་ཕྱེ་མར་བྱས་ནས། མནར་མེད་པར་སོང་བར་གྱུར་ཏོ།། དགེ་སློང་མང་པོ་དེ་དག་ཀྱང་དམྱལ་བར་སོང་བར་གྱུར་ཏོ།། དེ་ལྟ་བས་ན་ཆོས་ཟབ་མོ་སྤང་བར་མི་བྱ་སྟེ། དམྱལ་བར་འགྲོ ་བས་འཇིག་པའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། གཞོན་ནུ་ཁྱེའུ་མཆོག་གཉིས་པོ་བྱུང་བ་དང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་སྟོན་ཏེ། ཆོས་སླ་བ་གཉིས་པོ་དེ་གཞན་ཡིན་པར་མི་ལྟ་སྟེ། འོན་ཀྱང་གཅིག ་ནི་དེ་བཞིན་གཤེགས་པ་མཱརཱ་མེ་མཛད་ཡིན་ནོ།། གཉིས་པ་ནི་ང་ཡིན་ནོ།། རྒྱལ་པོ་དེ་ནི་བྱམས་པ་ཡིན་ནོ།། ལྷ་མོ་དེ་ནི་ཟླ་འོད་ཡིན་ནོ།། དེའི་ནུ་བོ་དེ་ནི་ལྷས་སྦྱིན་ནི་ཞེས་བྱ་བའོ།། རྨོངས་པའི་གྲ་བ་མ་ལུས་ཉེས་པའི་གཞི།། བདག་མེད ་རྡོ་རྗེས་རྣམ་པར་བརྟག་པའི་ཕྱིར།། འཇིག་རྟེན་བདེ་གཤེགས་སྲས་སུ་འགྲོ་གྱེས་ལ།། དེ་ནས་ཉེས་བྲལ་ཐུབ་པའི་དབང་པོར་གྱུར།། སྔོན་བྱུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་འགྲེལ་པ་རྫོགས་སོ།། །། དེ་བཞིན ་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་བསྒྲུབ་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིས་པ་རྣམས་ལ་རྟག་ཏུ་ཆགས་བྱེད་དོ་ཞེས་བྱ་བ་ལ། ཕྱི་དང་ནུང་རྣག་གི་རང་བཞིན་ཅན་གྱི་ལུས་ལ་མངོན་པར་ཞེན ་པར་བྱས་ནས་བྱིས་པ་རྣམས་ཕན་པ་དང་། མི་ཕོན་པ་ལ་ཡོངས་སུ་རྟོགས་པར་མི་བཟོད་པའི་གཡོ་བའི་སྲོག་དང་བདེ་བ་ལ་མངོན་པར་ཞེན་པས། སྡིག་པ་བྱས་ནས་དམྱལ་བ་ངེས་པོར་འགྲོ་བར་འགྱུར་རོ།། གང་ཡང་མངོན་པར་ཞུན་པ་དང ་བྲལ་བ་དེ་དག་ནི་བདུད་དག་ལས་རྒྱལ་ནས་བྱང་ཆུབ་ཀྱི་ཤིང་ཆེན་པོའི་རྩ་བར། རབ་ཏུ་སང་པས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བའོ།། དེ་བཞིན་གཤེགས་པ་ལ་གཟུགས་ཀྱི་སྐུར་མི་ལྟའོ།། དེ་ཅིའི་ཕྱིར། ་ཞེ་ན་ཞེས་བྱ་བ་ནི། གཟུགས་ཀྱི་སྐུས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ། དེའི་ཕྱིར་སྐུ་གང་གིས་མངོན་པར་སངས་རྒྱས་པ་དེ་ཉིད་སྐུར་ལྟ་བར་བྱའོ་ཞེས་བྱ་བའི་ཐེ་ཚོམ་ཡོངས་སུ་སྤོང་བར་བྱེད་པ་སྟེ། ཆོས་ཀྱི་སྐུས་བསྒོས་པ་ནི ་གཟུགས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་སྐུ་ནི་གཟུགས་ཀྱི་སྐུས་སྒོས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མོ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་དུ་གནས་པའི་ཕྱིར ་རོ། ཞེས་བྱ་བས་སོ།། གཞོན་ནུ་དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་ལ་སྨོན་པར་འདོད་པ་དང་། ཤེས་པར་འདོད་པས། ཏིང་ངེ་འཛིན་འདི་ཉིད་བཟུང་བར་བྱ་ཞེས་བྱ་བ་ལ་སོགས་པས་ནི། ཆོས་ཀྱི་སྐུའི་ངོ། ་པོ་ཉིད་ཏིང་ངེ་འཛིན་འདི་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱས་བསྒྲུབས་པའོ་ཞེས་བསྟན་པ་ནི་གཟུགས་ཀྱི་སྐུ་ཞལ་གྱིས་བཞེད་ནས་གསུངས་པ་ཡིན་ནོ་ཞེས་བྱ་བར། བསོད་ནམས་བརྒྱ ་པ་ལས་སྐྱེས་པའི་བློ་དང་དོན་གཅིག་ཏུ་བསྟན་པ་ཞེས་བྱ་བ་གསུངས་ཏེ། བསོད་ནམས་བརྒྱ་པའི་མཚན་ཉིད་ཅན་གྱི་རྒྱུ་ལས་བྱུང་བའི་ཆོས་ཀྱི་སྐུས་བསྐྱེད་པས་ན་བསོད་ནམས་བརྒྱས་བསྒྲུབས་པ་ཞེས་བརྗོད་དོ།། དོན་དམ་པ་ནི ་མཚན་མོ་མེད་པའི་ཕྱིར་མཚན་ཉིད་ཐམས་ཅད་དང་བྲལ་བ་ཉིད་དོ།། ཟབ་པ་ནི་དམིགས་པའི་ལྟ་བ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ།། ཚད་མེད་པ་ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་གི་ཚད་མས ་རྟོགས་པར་བྱར་མེད་པའི་ཕྱིར་རོ།། མཚན་མ་མེད་པའི་ངོ་བོ་ཉིད་ནི་རང་གི་མཚན་མ་ཡང་མེད་པ་ཉིད་དོ།། མཚན་མ་ཐམས་ཅད་རྣམ་པར་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་རབ་ཏུ ་བསྒོམས་པ་ཉིད་དོ།། མི་གཡོ་བ་ནི་མི་གནས་པའི་མྱ་ངན་ལོས་འདས་པའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ངེས་པར་གནས་པ་ཉིད་དང་། ཤིན་ཏུ་ན་མཁའི་ངོ་བོ་ཉིད་དོ།། མིག་ལྔའི་ཡུལ་ལས་ཡང་དག་པར་འདས་པ་ནི་མཐོང་བ་མེད་པའོ། ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ངོ་བོ་ཉིད་ནི་ཆོས་ཀྱི་སྐུར་རབ་ཏུ་ཤེས་པར་བྱ་སྟེ། མངོན་པར་ཞེན་པ་མེད་པར་རྣལ་འབྱོར་གྱིས་སོ།། བསམ་གྱིས་མི་ཁྱབ་པ་ནི་སེམས་ཀྱི་ས་ལས་ཡང་དག་པར་འདས་པའི་ཕྱིར་དང་། རྣམ་པར ་སྤྲོས་པ་ཐམས་ཅད་ངེས་པར་བྲལ་བའི་ཕྱིར། བདེ་བ་དང་སྡུག་བསྔལ་ལ་སོགས་པས་མངོན་པར་མི་གཡོ་བའོ།། གླནས་མེད་པ་ནི་གཟུང་བའི་གནས་མེད་པའི་ཕྱིར་རོ།། སངས་རྒྱས་ཀྱི་ཡེ་ཤེས་ལ་སྨོན་པར་འདོད་པ་རྣམས་ཀྱི་སྒྲ་ལས་ཤིན་ཏུ ་འདས་པ་ཞེས་བྱ་བ་ནི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ལ་ཞེན་པརི་མི་བྱ་སྟེ། སོ་སོར་རང་རིག་པ་ཡིན་པའི་ཕྱིར་རོ།། སྙིང་པོ་ནི་འདོད་ཆགས་ལ་སོགས་པའི་དྲི་མའི་ངོ་བོ་དང་བྲལ་བ་ཉིད་དོ།། དབྱེར་མི་ཕྱེད་པ་ནི་ཞེ་སྡང་གི་མཚོན ་ཆས་སོ།། བརྟན་པ་ནི་གཏི་མུག་གི་རླུང་གིས་མི་བསྐྱོད་པ་ཉིད་དོ།། འོ་ན་ཇི་ལྟར་བསྒྲུབ་པར་བྱ་ཞེས་ན། སྟོང་པ་ཉིད་དུ་བསྟན་པས་ངེས་པར་བསྟན་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ཅེས་བྱ་བའི་སྒྲས་ནི་ཆོས་ཀྱི་སྐུ་སྟོན་པར ་བྱེད་པ་ཡིན་པར་ཤེས་པར་བྱའོ།། མ་སྐྱེས་བུ་ནི་ཆོས་ཀྱི་སྐུ་སྐྱེད་པར་བྱེད་པའི་རྒྱུ་མེད་པས་སྐྱེ་བ་ལས་ཡང་དག་པར་འདས་པ་ཡིན་ནོ།། རྟག་པ་ནི་ཐ་སྙད་ཙམ་དུ་མི་འགྱུར་བའི་རྟག་པ་ཉིད་དོ།། བྱེ་བྲག་མེད་པ་ནི་འཇིག་རྟེན་ལ་སྒྲུབ ་པའི་ཕྱིར། མྱ་ངན་ལས་འདས་པ་ཞེས་སྐྱོའི་སྦྱོར་བ་འབྱུང་བ་སྟེ། མྱ་ངན་ལས་འདས་པ་ལ་སངས་རྒྱས་དང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་བྱེ་བྲག་མེད་པ་ཉིད་དོ།། སྒྲས་མྱ་ངན་ལས་འདས་པ་ནརྀ་སྒྲས ་བརྗོད་དུ་མེད་པའོ།། དབྱངས་ཀྱི་ཞི་བ་ནི་བྲག་ཅའི་སྒྲ་དང་འདྲ་བར་བརྗོད་པ་དང་། བརྗོད་བྱའི་རྣམ་པར་རྟོགས་པ་ཞི་བས་ཞི་བའོ།། ཐ་མལ་པོའི་སྒྲས་ནི་དངོས་པོ་དང་དངོས་པོ་མེད་པ་དང་། གཉི་ག་ཡང་རྣམ་པར་རྟོག་པ་ཙམ་ཉིད་ཀྱི་ཕྱིར ་བརྡ་སྟི་བརྡ་ཙམ་གྱིས་ཐམས་ཅད་དུ་ཐ་སྙང་དུ་བྱེད་པའོ།། དོན་དམ་པ་ནི་ཇི་ལྟ་བའི་ཚིག་གིས་བསྟན་པར་བྱ་བ་སྟེ། ཡང་དྲག་པ་དང་། བདེན་པ་དང་། དེ་བཞིན་ཉིད་དང་། དོན་དམ་པ་ཞེས་བྱ་བའི་རྣམ་གྲངས་སོ།། བསིལ་བ་དང་ཡོངས ་སུ་གདུང་བ་མེད་པ་ཞེས་བྱ་བ་ནི། ཉོན་མོངས་པའི་ཚ་བའི་ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ།། སླད་དུ་མེད་པ་ནི་གང་གིས་ཀྱང་སྣང་དུ་མེད་པ་དེའི་ཕྱིར་སྨད་དུ་མེད་པ་ཞེས་བྱའོ།། ཁྭ་དོག་སྟོན་པས་མུ་མེད་པ་ཞེས་བྱ་བ་ནི། ཡོན་ཏན ་བརྗོད་པ་ལས་མཐའ་མེད་པའི་ཕྱིར་རོ།། གཞོན་ནུ་དེ་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱའོ།། ཞེས་བྱ་བ་ནི་ངོ་བོ་ཉིད་དང་། མ་བཅོས་པ་ཞེས་བྱ་བའི་དོན་ཏོ།། སྐུ་འདི་ཉིད་ཀྱིས་ཁྱད་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས ་@བསྟན་པར་བྱ་བའི་ཕྱིར། འདི་འདྲའི་འཇིག་རྟེན་མགོན་པོའི་སྐུ་ཞེས་བྱ་བ་ནི་སྲུང་དག་པར་བདེན་པའི་སྐུ་ཤེས་པར་འདོད་པས་དེས་ཏིང་ངེ་འཛིན་འདི་བསྒོམ་པར་བྱ་སྟེ། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ནི་སྐུ་ཡིན ་བས་ཏིང་ངེ་འཛིན་གྱི་ངོ་བོ་གང་གིས་མཐོང་བ་ངེས་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ངེས་པར་བྱུང་བ་མཐོང་བ་ཡིན་ནོ།། སངས་རྒྱས་ཀྱི་སྐུ་ནི་དག་པ་སྟེ། འོད་ཀྱང་གསལ་ཞེས་བྱ་བ་ལ། རང་བཞིན ་གྱིས་འོད་གསལ་བ་ཉིད་དོ།། རྨོངས་པའི་མུན་པ་མེད་པའི་ཕྱིར་རོ།། བར་སྣང་མཚུངས་པ་ནི་སྤྲོས་པ་མེད་པས་སོ།། གལ་ཏེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པའི་མངོན་པར་བྱང་ཆུབ་སྐུ་མངའ་ན་ཅི་ལྟར་བར ་སྣང་མཚུངས་པའི་སྐུ་ཡིན་ཞེ་ན། སངས་རྒྱས་བྱང་ཆུབ་ཅི་འདྲི་བ་ཞེས་བྱ་བ་ལ་སོགས་པ་ལ། ཅི་ལྟར་སྐུ་གཟོད་མ་ནས་ཞི་བ་ཡིན་པ་དེ་ལྟར་མཚན་རྣམས་ཀྱང་ཡིན་ལ། སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་དང་འདྲའོ།། སྟོབས་དང་བྱང་ཆུབ་ཀྱི། ་ཡན་ལག་ལ་སོགས་པ་རྣམས་ཀྱང་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱའོ།། སུས་ཀྱང་ཤཱའི་མིག་གིས་ནི། ནམ་ཡང་མཐོང་བར་མི་ནུས་སོ།། ཞེས་བྱ་བ་ལ་སོགས་པཱ་ལ། མིག་གིས་ཡུལ་གྱིས ་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ།། མང་པོ་དག་ནི་འདི་སྐད་སྨྲ།། ངས་ནི་འཇིག་རྟེན་འདྲེན་པ་མཐོང་ཞེས་བྱ་བ་ནི་སྐུ་ཡང་གསེར་གྱི་ཁ་དོག་ལ་སྟེ། དེ་བཞིན་གཤེགས་པ་མཐོང་ངོ་ཞེ་ན། སངས་རྒྱས་དག་གི་བྱིན་བརླབས་དང་ཞེས་བྱ་བ་ལ ་ཆོས་ཀྱི་སྐུའི་དབང་གི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་མཐོང་བར་གྱུར་ན་ཡང་ཚ་དང་ཆུ་དང་ཞིང་འདི་ཙམ་མོ་ཞེས་སུས་ཀྱང་གཞལ་བར་མི་ནུས་སོ།། དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ནི་བསམ་གྱིས་མི་ཁྱབ་པ་ཞེས ་བྱའོ།། གལ་ཏེ་ཚད་ཀྱང་རྙེད་གྱུར་ན་ཞེས་བྱ་བ་ལ། ཁ་དོག་དང་དབྱིབས་སོ་སོར་ངེས་པའི་བདག་ཉིད་ཡིན་ན་ལྷ་དང་མི་ལ་སོགས་པ་དང་ཁྱད་པར་མེད་པར་འགྱུར་རོ།། མཉམ་པར་བཞག་པའི་སེམས་ཀྱི་ཞེས་བྱ་བ་ནི་སྤྲོས་པ་ཐམས ་ཅོད་དང་། ཉེ་བར་བྲལ་བའི་སེམས་ནི་མཉམ་པར་གཞག་པའོ།། དེའི་རྣམ་པར་སྨིན་པའི་སེམས་ཀྱང་དེ་དང་འདྲ་བ་སྟེ། དཀར་པོའི་ཆོས་མང་པོས་ངེས་པར་བསྒྲུབས་པ་དགེ་བའི་ཆོས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པའི། ་ཏིང་ངེ་འཛིན་རྒྱ་ཆེ་བ་དྲིའི་སྐུ་ནི་མི་སྣང་ངོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པའི་ཕྱིར་གཞན་གྱིས་མ་མཐོང་ངོ་།། གང་གི་སེམས་ནི་ཅི་འདྲ་བ་ཞེས་བྱ་བ་ལ། གང་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སེམས་དེ་ནི་རྣམ་པར ་རྟོག་པ་མེད་པའོ།། མིང་དང་གཟུགས་ཀྱང་དེ་དང་འདྲ་སྟེ་ཞེས་བྱ་བ་ཕུང་པོ་ལྔའི་རང་བཞིན་ཡང་རྣམ་པར་དག་པའོ།། དེའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་མེད་པས་མིང་དང་གཟུགས་ཀྱང་ངོ་བོ་ཉིད་མེད་པས་མིང་དང་གཟུགས་ཀྱང་ངོ་བོ་ཉིད་མེད་པར ་ཞེས་བྱ་བའོ།། སྡིག་པའི་འདུ་ཤེས་གསུམ་པོ་དག་ཅེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བདག་ཉིད་ཅན་དང་། མིང་དང་། རྒྱུ་མཚན་དང་། ཀུན་ཏུ་རྟོགས་པའི་བདག་ཉིད་ཅན། བདག་དང་། བདག་གི་དང་། གཉི་གའི ་འདུ་ཤེས་རབ་ཏུ་སྤངས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་ཆོས་ཀྱི་སྐུ་ལས་གདུལ་བྱའི་སྐྱེ་བོ་རྣམས་ལ་སྐལ་པ་ཅི་ལྟ་བ་བཞིན་དུ་དོན་སྒྲུབ་པར་བྱེད་པའོ།། དཔའོ་ཆེན་པོ་ཆོས་ཀྱི་སྐུ་ཞེས ་བྱ་བ་ལ། ཆོས་ཉིད་ཀྱི་བདག་ཉིད་ཡིན་པ་འམ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་བདག་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱའོ།། གཟུགས་ཀྱི་སྐུ་ཡང་དེ་བཞིན་གཤེགས་པའི་སྤྲུལ་པོའི་སྐུས་འགྲོ་བ་མ་ལུས་པའི་དོན་བྱེད ་པ་ལྟ་བུའོ།། སྤྲུལ་པ་ཡང་སྤྲུལ་པ་ལྟ་བུའོ།། ཞེས་བྱ་བས་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ན་ཡང་སྐུ་གསུམ་རྣམ་པར་བཞག་པ་དང་མི་འགལ་བར་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐྱེའོ་ཞེས་བྱ་བ་འདི་ངེས་པ་ཡིན ་པར་རྟོག་པར་བྱའོ།། ལྷག་མི་ནི་གོ་བླའོ།། རབ་འབྱམས་རྒྱ་ཆེན་དཔག་མེད་དང་།། ཆོས་ཀྱི་སྒྲ་ཡི་བྱིན་བརླབ་ལས།། སངས་རྒྱུ་ས་ཡིད་བཞིན་ནོར་བུ་དང་།། འབྱུང་སྟེ་ན་མཁའ་དགུ་དང་འདྲ།། མི་ཤེས་རབ་རིབ་ཀྱིས་བསྒྲིབས་པ། ་རབ་རིབ་དྲེགསོ་བ་སེལ་བྱེད་པ།། དྲི་མེད་མིག་སྨན་དཀའ་འགྲེལ་འདི།། འཇམ་དཔལ་གྲགས་པས་བྱས་པ་ཡིན།། ཆོས་ཀྱི་སྐུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པ་རྫོགས་སོ།། ། ད་ནི་ལོངས་སྤྱོད ་རྫོགས་པའི་སྐུ་ཡང་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞོན་ནུ་དེ་ལ་དེ་བཞིན་གཤེགས་པའི་སྐུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང་ལས་ཀྱིས་ཀྱང་ཤེས་པར་སློ་བ ་མ་ཡིན་ཏེ་ཞེས་བྱ་བ་ནི་སྔོན་པོ་དང་། སེར་པོ་ལ་སོགས་པའི་མཚན་མའི་བྱ་བས་ཀྱང་ཤེས་པར་སླ་བ་མ་ཡིན་ནོ།། དེ་ཉིད་བསྟན་པའི་ཕྱིར་སྔོན་པོ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་རང་བཞིན་གྱིས་སྔོ་བ་ནི་སྔོན་པོ ་ཁ་དོག་སྔོན་པོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སྔོན་པོར་སྣང་བའི་སྔོན་པོའོ།། སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་དེ་པེའི་ངོ་བོས་བསྟན་པར་མི་ནུས་པའོ།། སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་འོད་སྔོན་པོར་སྣང་བས་སོ།། ཐམས་ཅད་དུ ་འམ་གྱི་སྒྲེ་ན་ཕན་ཚུན་གྱི། ཁྱད་པར་ཡང་དགེ་བར་བསྟེན་པ་འམ་རྣམ་པར་རྟོགས་པ་བལྟ་བར་བྱ་བའི་བསྡུ་བ་ནི་མ་ཡིན་ནོ།། དྲི་བཞིན་དུ་སེར་པོ་ལ་སོགས་པ་ལཱ་ཡང་བརྗོད་པར་བྱའོ།། ཚངས་པ་འམ་ལྷ་འམ་ཞེས་བྱ་བ་ནི ་ངེས་པར་བཟུང་བར་མི་ནུས་པའོ།། དེ་ལྟར་ཡང་ཁ་དོག་དེ་དང་དེས་འདུལ་བའི་གདུལ་བྱའི་སྐྱེ་བོ་རྣམས་ལ་དོ་དང་དེར་སྣང་བ་སྐྱེད་པར་བྱེད་དོ།། དེ་བཞིན་གཤེགས་པའི་སྐུ་ནཱི་དག་བཱ་སྟེ། མཚན་མ་དག་གི་བསམ་པར་མི་ནུས་པ་དང་།། ་མཚན་མ་ཐམས་ཅད་དང་བྲལྟ་བས་བསམ་གྱིས་མི་ཁྱབ་པར་བསྟན་ཏོ།། གཟུགས་ཀྱི་སྐྱོའི་ངེས་པ་ཡང་ཡོངས་སུ་གཟིང་བ་དང་། ཚོད་བཟུང་བར་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་སྨྲ་བ་མ་ཡིན་ན་ཡང་ཆོས་ཀྱི་སྐྱེ་ལྟ་སྨོས ་ཀྱང་ཅི་དགོས་དོན་དེ་དག་ཉིད་ཚིགས་སུ་བཅད་པས་གསལ་པོར་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲན་དང་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་ཀྱི་ཁམས་ཟད་ཀྱི་རྡུལ་ཕྲ་རབ་ནི་བགྲང་བར་ནུས་ཀྱང་སྲིད། ་@སྐྲའི་རྩེ་མོ་བརྒྱར་བཤགས་པས་རྒྱ་མཚོ་ཆེན་པོའི་ཆུ་ཐིག་པ་བགྲང་བར་ནུས་ཀྱང་སྲིད་ཀྱི་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་བསྔགས་པ་བརྗོད་པར་མི་ནུས་སོ།། དེའི་ཕྱིར་འཇིག ་རྟེན་གྱི་ཁམས་མ་ལུས་པའི་འབྱུང་བ་ཆེན་པོ་ལྔའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་བས་ཀྱང་སེམས་ཅན་གཅིག་གིས་སེམས་ཀྱི་སྤྱོད་པ་མང་བར་མཐོང་ངོ་།། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་ཁྱོད་པར་དེ ་དག་ཀྱང་དྲིར་ཡང་དག་བྲི་ཡོན་ཏན་གྱི་བསྔགས་པའི་དཔེར་བཟོད་པ་མ་ཡིན་ནོ།། དེ་བཞིན་དུ་མཚན་མ་དང་། ལས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ནི་འདི་ལྟ་བུའོ་ཞེས་ཤེས་པར་ནུས་པ་མ་ཡིན་ནོ།། གང་གི་ཕྱིར་སངས་རྒྱས་མཚན ་མ་བྲལ་བ་སྟེ།། ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ།། ཟབ་ཅིང་དཔག་ཏུ་མེད་པ་སྟེ།། དེ་ཕྱིར་སངས་རྒྱས་བསམ་མི་ཁྱབ།། ཅེས་བྱ་བ་དང་། ཆོས་རྣམས་དེ་དག་དཔག་ཏུ་མེང་།། བསྐུལ་པ་བྱེ་བར་བསྙེན་པས་ན།། དེའི་ཕྱིར་ང་ཡི་ལུས་ཀྱང་ནི།། ་འོད་གསལ་བསམ་དུ་མེད་པ་གྲུབ་ཅེས་བྱ་བ་ནི་བརྟགས་པ་ཐམས་ཅད་ལས་འདས་པ་ཡིན་ན་ཡང་གདུལ་བྱ་རྣམས་ཀྱིས་ནི་དྲི་བཞིན་གཤེགས་པ་ནི་འདི་ལྟ་བུའོ་ཞེས་བརྟགས་སོ།། ཆོས་དང་ལོངས་སྤྱོད་སྤྲུལ་སྐུ་ཡང་།། ཐ་སྙད་དུ་ནི་ཉེར ་བརྟགས་ནས།། དབྱེ་བ་བྱས་ཀྱི་ཆོས་སྐུ་ཡི།། ངོ་བོ་ཉིད་ཀྱི་དབྱེ་བ་མེད།། དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའི་འགྲེལ་པ་རྫོགས་སོ།། །། སོ་སོ་ཡང་དག་པར་རིག ་པས་བསྒོས་པ་ནི་ཏིང་ངེ་འཛིན་ནོ།། ཏིང་ངེ་འཛིན་གྱི་ཡང་དག་པར་བསྒོས་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས ་ན་བདག་གིས་སོ་སོར་ཡང་དག་པར་རིག་པ་བཞི་མངོན་སུམ་དུ་བྱ་བར་འདོད་པ་ཞེས་བྱ་བ་ལ། གཞན་ནུ་བྱང་ཆུབ་སེམས་དཔའོ་དེས་ཏིང་ངེ་འཛིན་འདི་བཟུང་བར་བྱ་ཞེས་བྱ་བར་འབྲེལ་ཏོ།། གང་གི་ཕྱིར་ཉེ་བར་བསྟན་པར་བྱ་བ་ཉིད ་ནི་དོན་སོ་སོར་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ།། གཞོན་ནུ་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང ་ཞེ་ན། མདོར་ཇི་ལྟར་བསྟན་པ་དེ་བཞིན་དུ་མ་བཤད་ཀྱི་ཆོས་ལ་དོན་ནན་ཏན་གྱིས་བསྒྲུབ་པར་བྱ་བའི་ཕྱིར་རོ།། ཇི་སྲིད་གཟུགས་ཀྱི་ཐ་སྙད་ཡོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་བསྡིགས་པ་བརྗོད་པ་ཡང་དེ་སྙེད་དོ་ཞེས་བྱ་བ་ལ་མི ་དང་། གདགས་པ་དང་། ཐ་སྙད་དང་། སྒྲ་འཇུག་པ་ཞེས་བྱ་བ་བྱེ་བྲག་གོ་ཞེས་བྱ་བའི་བོར་དུའོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་ཤེས་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ལ། ཚོར་བ་ལ་སོགས་པའི་ཐ་སྙད་ཀྱང ་བསམ་གྱིས་མི་ཁྱབ་པའོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པའི་ཐ་སྙད་ཀྱང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ནི་ངག་གི་བརྗོད་པའི་སྤྱོད་ཡུལ་ལས་འདས་པའོ།། ཞེས་བསྟན་པ་ཡིན་ནོ།། གཞོན ་ནུ་དེ་ལྟར་འདུས་བྱས་ལ་ཡང་ཉེས་པ་གྲངས་མེད། མྱ་ངན་ལས་འདས་པ་ལ་ཡང་ཕན་ཡོན་གྲངས་མེད་དེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར ་འདུ་བྱེད་བརྗོད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ། སེམས་ཅན་དཔག་ཏུ་མེད་པོའི་བསམ་པ་ཡོངས་སུ་ཤེས་པས་འདུས་བྱས་པའི་འདུ་བྱེད་ཀྱི་བརྗོད་པ་ཉིད་དོ།། དབྱངས་བརྗོད་པ་བསམ་གྱིས་མི་ཁྱབ་པ་ནི་ཡན་ལག་དྲུག་ཅུ་དང ་ལྡན་པའི་གསུང་ནི་བསམ་དུ་མི་ནུས་པའི་ཕྱིར་རོ་ཞེས་བྱས་ནས་སོ།། ཀུན་ནས་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པ་ནི་ཀུན་ནས་ཉོན་མོངས་པ་བསྒྲུབ་པར་བྱེད་པའི་སྦྱོར་བ་ལས་བྱུང་བའི་སྒྲ་བསམ་གྱིས་མི་ཁྱབ་པ་ཉིད་དོ།། རྣམ་པར་བྱང ་བ་བརྗོད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པའི་རྒྱུ་འདོད་ཆགས་ལ་སོགས་པས་བཤད་པ་ཡང་རྣམ་པར་བྱང་བའི་རྒྱུ་ཡིན་ཏེ། ཐབས་ཀྱི་ཁྱད་པར་ལ་འཇུག་པའོ་ཞེས་བརྗོད་པས་རྣམ་པར་བྱང་བའི་དགོངས ་པ་བསམ་གྱིས་མི་ཁྱབ་པར་རབ་ཏུ་སྟོན་ཏོ་ཞེས་བྱ་བའོ།། གཞོན་ནུ་དེ་དག་ནི་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་བསམ་གྱིས་མི་ཁྱབ་པ་བརྗོད་པ་བཞིའོ་ཞེས་བྱ་བ་ནི་ཡོན་ཏན་སྟོན་པའི་རྣམ་གྲངས་སོ་ཞེས་བྱ་བའི་དོན་ཏོ།། བསམ ་གྱིས་མི་ཁྱབ་པར་བསྟན་པ་སྟེ་ཞེས་བྱ་བ་ནི་དེ་དག་ཉིད་བཞི་པ་སྒྲུབ་པ་ལྔ་བཅུ་རྩ་བདུན་གྱིས་རྒྱ་ཆེར་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ།། ད་ནི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། གཞོན་ནུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ཚུལ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདུ་བྱེད་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་ནི་འདུ་བྱེད་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བས་སེམས་ཅན་རྣམས་མྱ་ངན་ལས་འདས་པར་ཁྲིད་པར་བྱེད་པས་འདུ་བྱེད་ཀྱི་ཚུལ་གྱི་ལམ་ཞེས ་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་ལས་གཞན་གྱི་བསམ་པར་མི་ནུས་པས་བསམ་གྱིས་མི་ཁྱབ་པའོ།། འདུ་བྱེད་ཡོངས་སུ་བཤད་པའི་ཚུལ་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ། ཆོས་བསྟན་པའི་ཚུལ་ནི་ཡོངས་སུ་བཤད་པའི ་ཚུལ་སྟེ། འདུ་བྱེད་ཇི་ལྟར་གནས་པ་བཞིན་ཡོངས་སུ་བསམ་པས་ཁྱད་པར་གྱིས་རྣམ་པར་གཞོག་པའི་ཕྱིར་ཆོས་སྟོན་པ་ནི་ཡོངས་སུ་བཤད་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། སྔ་མ་བཞིན་ནོ།། ཀུན་ནས་ཉོན་མོངས ་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡང་དག་པའི་རྟོག་པ་ལ་སོགས་པས་སྤང་བར་བྱ་བ་ཅི་ལྟ་བ་བཞིན་དུ་སྤོང་བར་བྱེད་པ་དེ་རབ་ཏུ་བྱུང་བའི་ཐབས་ཀྱི་ཁྱད ་པར་གྱི་ཚུལ་ལོ།། རྣམ་པར་བྱང་བའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི། རྣམ་པར་བྱུང་བའི་ཚུལ་ནི་རྣམ་པར་གྲོལ་བའི་ལམ་སྟེ། ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་མཉམ་པར་རྟོགས་པ་ཉིད་ནི་གྲོལ་བའོ།། དེར ་ཐབས་དུ་མས་འདྲེན་ཅིང་འཁྱེར་བར་བྱེད་པས་ན་ཚུལ་ཞེས་བྱའོ།། བསམ་གྱིས་མི་ཁྱབ་པ་ནི་སྔ་མ་བཞིན་ནོ།། རིགས་པ་བཞི་སྟེ་བྱ་བ་ལ། རིགས་པ་ནི་རྗེས་སུ་དཔག་པ་སྟེ་འདུས་བྱས་ཀྱིས་དངོས་པོ་ལ་རིགས་པ་འཇུག་པ ་ནཱི། འདུས་མ་བྱས་ལ་ནི་མ་ཡིན་ནོ།། དེ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བསམ་པ་དང་ཡོངས་སུ་བཤད་པ་འཇུག་སྟེ། རྗེས་སུ་དཔག་པ་དང་། མངོན་སུམ་དང་། ལུང་ལ་སོགས ་པའི་བསམ་པ་འཇུག་གི་འདུས་མ་བྱ་སཱ་ནི་མ་ཡིན་ནོ།། ཐམས་ཅད་དུ་འདུ་བྱེད་ཀྱི་ཡོན་ཏན་དང་། སྐྱོན་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྒྲུབ་པའི་ཕྱིར། སྒོ་ལ་སོགས་པའི་ཚིག་ནས་ཉེ་བར་བཟུང་ནས་སྒོར་འཇུག་པའི་ཐབས་ནི་རྣམ་པ་བཞི ་འོལོ།། ངེས་པར་བསྟན་པ་ནི་བཤད་པའི་བྱེ་བྲག་ཡིན་ཏེ། འདུ་བྱེད་དང་། ཡོངས་སུ་བཤད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། བཞི་པོ་ཐམས་ཅད་དུ་བཤད་པར་བྱའོ།། སྒྲ་ནི་བརྗོད་པའོ།། ཚིག་གི་ལམ་ནི ་དགོངས་པ་ཅན་གྱི་ཚིག་གོ། དགོངས་ཏེ་བཤད་པ་བཞི་ནི་སེམས་ཅན་ལ་དགོངས་པ་དང་། ཆོས་ཉིད་ལ་དགོངས་པ་བསྟན་པ་ལ་དགོངས་པ་དང་། དུས་ལ་དགོངས་པའོ།། ལྷ་ལ་ངེས་པར་རྟོགས་པ་བཞི་ལ། རྣམ་པར་དག་པའི་ལྷ ་ལ་རྟོག་པ་དང་། ཟག་པ་མེད་པའི་ལྷ་ལ་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ལྷ་ལ་རྟོག་པའོ།། ངེས་པར་བསམས་ནས་རྟོག་པ་ནི་ངེས་པར་རྟོག་པའོ།། མིའི་ལུས་ཐོབ་པ་ལ་དམིགས་ནས་ཁྱད་པར་ཅན་གྱི་དགེ་བའི་ལས་ལ་ཀུན་ཏུ ་སྤྱོད་པ་ནི་མི་ལ་རྟོགས་པ་ཞེས་བྱའོ།། འདི་དག་ཐམས་ཅད་ནི་མིང་ཙམ་མོ་ཞེས་རྟོག་པ་ནི་མིང་ལ་ངེས་པར་རྟོག་པའོ།། རྟོག་པའི་བྱེ་བྲག་གིས་འཇུག་པར་བྱ་བ་ལ་ཞུགས་པས་གོང་ནས་གོང་དུ་ཤིན་ཏུ་འདས་པའི་ཁྱད་པར་རོ།། རྡོ ་རྗེའི་ཚིག་ནི་མཱི་ཕྱེད་པའི་གནས་ལ་རབ་ཏུ་གནས་པས་ན་རྡོ་རྗེའི་ཚིག་གོ།། ཡི་གེ་ཨོཾ་དང་སྭཱ་ཧཱ་ལ་སོ་གས་པ་གང་དག་གིས་གྲོས་སུ་བྱེད་ཅིང་རབ་ཏུ་སད་པར་བྱེད་པས་ལྷ་མངོན་དུ་ཕྱོགས་པར་བྱེད་པས་སྔགས་ཀྱི་ཚིག་ཅེས་བྱའོ།། སྦྱིན་པ ་ལ་སོགས་པ་ནི་སྡུད་པ་བསྒྲུབ་པའོ།། སྡིག་པ་ནི་སྤོང་སྟེ་རིམས་ནད་བྱང་བ་བཞིན་ནོ།། མདོར་སྟོན་པས་ན་མདོ་སྡེ་སྟེ། བསྡུས་ཏེ་བཤད་པས་དོན་རྒྱས་པར་སྟོན་པའོ།། མདོ་སྡེའི་མཐའ་ནི་མདོ་སྡེ་མ་ལུས་པའི་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ།། ་མདོ་སྡེའི་མཐར་ཐུག་པའི་གནས་ནི་ཟབ་མི་ཟབ་མོའི་གནས་སུ་གྱུར་པ་འམ་དོན་ཡང་རུང་བའོ།། བདགས་པར་བྱེ་བ་ལ་བཏགས་པ་ནི་ཐ་སྙད་ཀྱིས་ངེས་པར་རྣམ་པར་བཞག་པར་བྱས་པའོ།། སྣང་བ་རབ་ཏུ་སྒྲུབ་པར་བྱེད་པའི་ཚིག་ནི་སྣང་བའི ་ཚིག་ཅེས་བྱའོ།། ཡེ་ཤེས་གསལ་བར་བྱེད་པས་ནི་གསལ་བའི་ཚིག་ཅེས་བྱའོ།། སྤྱོད་པའི་ཁྱད་པར་རབ་ཏུ་སྒྲུབ་པའི་ཚིག་ནི་སྤྱོང་པའི་ཚིག་ཅེས་བྱའོ།། སྤྱོད་པ་ནི་སྦྱིན་པ་ལ་སོགས་པ་ལ་འཇུག་པའོ།། དེ་རབ་ཏུ་སྒྲུབ་པར་བྱེད་པ་ནི་གང་གི་རང ་བཞིན་ནོ།། ཡི་གེའི་ཚོགས་ནི་ཚིག་གོ།། ཚོག་གི་ཚོགས་ནི་ངག་གོ་ཞེས་བྱ་བས་སོ།། བསམ་པ་སྣ་ཚོགས་པའི་ཚིག་རྣམས་ཤེས་པར་དཀའ་བས་ན་བསམཽ་གྱིས་མི་ཁྱབ་པའི་ཚིག་ཅེས་བྱའོ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། ་དབུས་མེད་པར་རབ་ཏུ་སྒྲུབ་པར་བྱེད་པའི་ཚིག་ནི་མཐའ་ཡས་པའི་ཚིག་གོ། སུ་ཡང་གང་ནས་ཀྱང་གར་ཡང་འགྲོ་བ་དང་། འོང་བ་དང་རྒྱུ་བ་མེད་པ་ནི་རྒྱུ་བ་མེད་པ་ཞེས་བྱའོ།། ཡོངས་སུ་ནི་ཀུན་ཏུའི།། དེ་ནི་མཐའ་སྟེ། རྟག་པ་དང་ཆད་པའི ་མཚན་ཉིད་དོ།། གང་ལ་དེ་དག་མེད་པ་དེ་ནི་མཐའོ།། དེ་བརྗོད་པར་བྱེད་པའི་ཚིག་དེ་དག་ནི་མུ་མེད་པའི་ཚིག་ཅེས་བྱའོ།། འདྲ་བར་གྱུར་པའི་ཆོས་མེད་པས་ན་ཡོན་ཏན་ལ་སོགསྲ་པ་གཞའ་ལྔར་མི་ནུས ་བའི་ཕྱིར། གཞལ་དུ་མེད་པའི་ཚིག་ཅེས་བྱའོ།། བགྲང་བར་བྱ་བ་མེད་པར་གྲངས་ཀྱང་མེད་དེ་ཡུལ་མེད་པའི་ཕྱིར་དེས་ན་གྲངས་མེད་པའི་ཚིག་ཙོས་བྱའོ།། ཚད་མས་ཡོངས་སུ་བཅད་པར་བྱ་བ་ནི་གཞལ་བྱ་ཡིན་ན་ཚད་མའི་ཡུལ་མ ་ཡིན་པའི་ཕྱིར་ཚད་མེད་པའི་ཚིག་ཅེས་བྱའོ།། ཤེས་པའི་དམིགས་པ་ནི་ཤེས་པའི་ཚིག་སྟེ། དམིགས་པ་མེད་པ་ཉིད་ཀྱི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ། ཡུལ་མེད་པ་ཉིད་ཀྱི་ཕྱིར་རོ།། ཤེས་པ་བསགས་པ་ནི་བསོད་ནམས་དང་ཡེ ་ཤེས་ཀུན་ནས་བསྡུས་པ་སྟེ། བྱང་ཆུབ་ཀྱི་སེམས་ནས་བརྩམས་ཏེ་སངས་རྒྱས་ཉིད་ཀྱི་བར་དུ་ཡང་དག་པར་བསགས་པས་ན་བསྔགས་པའོ།། ཤེས་པའི་རིགས་ནི་ཤེས་པོ་སྐྱེ་བའི་གནས་ཏེ། ཐོས་པ་དང་། བསམ་པ་དང་། ་བསྒོམ་པའི་མདོན་སུམ་དུ་བྱེད་པའི་རྒྱུར་གྱུར་པའོ།། སྔོན་ཡོངས་སུ་མྱོང་བའི་དཔག་ཏུ་མེད་པའི་དོན་རྣམས་བསགས་པ་སྣང་བ་ནི་སྤོབས་པ་བསགས་པ་ཞེས་བྱའོ།། མདོ་སྡེ་མ་ལུས་པ་བསྡུས་ཤིང་བསགས་པ་ནི་མདོ་སྡེའོ།། འཇིག ་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་།། ཟག་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་ཡང་དྲང་བའི་མདོ་སྡེ་དང་། ངེས་པའི་དོན་གྱིས་མདོ་སྡེས་བསྡུས་པ་དང་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར། ་ལ་སོགས་པཥྚི་དབྱེ་བས་ཐ་དད་པའི་གསུང་སྐྱུགས་ཐོས་བླ་ནི་མང་དུ་ཐོས་པ་ཞེས་བྱའོ།། ཚུལྱཱ་ཁྲིམས་དང་། ཐོས་བྱ་དང་། ཨཱསྦྱ་རབ་དང་། ངེ་འཛིན་རྣམས་ནི་ནོར་བཞི་ཞེས་བྱའོ།། བསླབ་བྷ་ནི་བལླཱི་སྟེ། ལྕུག་པའི་ཚུལ་ཁྲིམས ་དང་དུལྷག་པའི་ཤེས་རབ་དང་། ལྷག་པའི་སེམས་དང་། མི་དགེ་བ་ཐམས་ཅད་སྤངས་པའི་སྡོམ་པའི་བསླབ་པའོ།། སྤྱོད་ཡུལ་བཞི་ནི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་དང་། ཏིང་ངེ་འཛིན་གྱི་ཡུལ་ཞེས་བྱའོ།། ལུས ་བཞི་ནི་དུ་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་ལས་དང་བཞིའོ།། སྤོབས་པ་བཞི་ནི་མྱུར་བའི་སྤོབས་པ་དང་། ཤིན་ཏུ་མྱུར་བའི་སྤོབས་པ་དང་། རྒྱུན་མི ་ཆད་པའི་སྒྲིབས་པ་དང་། རྗེ་སུམ་བསྟན་པའི་སྤོབས་པའོ།། ལམ་བསྒོམྦྷ་པ་ནི་བཱཞི་སྟེ། ཉན་ཐོས་ཀྱི་ལས་བསྒོམ་པ་དང་། རང་སྤངས་རྒྱས་ཀྱིསམ་བསྒོམ་པ་དང་། བྱང་ཆུབ་སེམས་དཔའི་ཁམ་བསྒོམ་པ་དང་། དེ་ཞིན་གཤེག་བནྟི ་ཁྱད་པར་གྱི་ལམ་བསྒོམ་པ་དང་། ཀུན་ནས་ཉོན་མོངས་བླ་ཤེས་པ་བཞི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། འགྲོ་བའི ་ཀུན་ནས་ཉོན་མོངས་པ་ཤེས་པ་དང་། འབྲས་བུ་ཡོད་པའི་ཤེས་པ་བཞི་ནི་ཆད་པ་འབྲས་བུ་ཡོད་པའི་ཤེས་པ་དང་། ལུང་བསྟན་པ་འབྲས་བུ་ཡོད་པའི་ཤེས་པ་དང་། བག་ལ་ཉལ་འཇོམས་པ་འབྲས་བུ་ཡོད་པའི་ཤེས་པ་དང་། ཡང ་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་འབྲས་བུ་ཡོད་པའི་ཤེས་པའོ།། མ་རིག་པ་ཤེས་པ་བཞི་ནི་མ་རིག་པ་སྐྱེ་བ་ཤེས་པ་དང་། མ་རིག་པའི་རང་གི་ངོ་བོ་ཤེས་པ་དང་། མ་རིག་པའི་འཇུག་པ ་ཤེས་པ་དང་། མ་རིག་པ་འགག་པ་ཤེས་པའོ།། སྡུག་བསྔལ་ཤེས་པ་བཞི་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཤེས་པ་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་ཤེས་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་སྡུག ་བསྔལ་ཤེས་པ་དང་། འཁོར་བའི་ཕུང་པོ་ལྔའི་སྡུག་བ་སྔལ་ཤེས་པའོ།། ཡིད་མི་བྱེདེ་བ་ཤེས་པ་བཞི་ནི་རྙེད་པ་མེད་པའི་ཡིད་མི་བདེ་བ་ཤེས་པ་དང་། མི་བསྡིགས་པའི་ཡིད་མི་བདེ་བ་ཤེས་པ་དང་། མི་ཤེས་པའི་ཡིད་མི་བདེ་བ ་ཤེས་པ་དང་། མངོན་པར་རྟོགས་པ་མ་ཐོབ་པའི་ཡིད་མི་བདེ་བ་ཤེས་པའོ།། དབུལ་པོ་ཤེས་པ་བཞི་ནི་ཤེས་པས་དབུལ་བ་ཤེས་པ་དང་། ཚིག་གི་དབུལ་བ་ཤེས་པ་དང་། སྒྲུབ་པས་དབུལ་བ་ཤེས་པ་དང་། ཐབས་ཀྱི་དབུལ་བ་ཤེས ་པ་དང་། སྐྱེ་བ་ཤེས་པ་བཞི་ནི་བསྡམས་བཞིན་དུ་སྐྱེ་བ་ཤེས་པ་དང་། ལས་ཀྱིས་སྐྱེ་བ་ཤེས་པ་དང་། མངལ་ནས་སྐྱེ་བ་ཤེས་པ་དང་། མངལ་མ་ཡིན་པ་ནས་སྐྱེ་བ་ཤེས་པའོ།། ནང་ཤེས་པ་བཞི་ནི་ཕུང་པོ་ཤེས་པ་དང་། སྐྱེ་མཆེད་ཤེས ་པ་དང་། ཁམས་ཤེས་པ་དང་། བདེ་བ་དང་སྡུ་བསྔལ་གྱི་ཚོར་བ་ཤེས་པའོ།། ཕྱི་རོལ་ཤེས་པ་བཞི་ནི་ཕྱི་རོལ་ཉིད་ལྟ་བུར་དེ་དག་ཉིད་སྒྲོ་བཏགས་ནས་ཕུང་པོ་ལ་སོགས་པ་བཞི་པོ་ཉིད་ཤེས་པའི་ཤེས་པའོ།། ངོ་ཚ་ཤེས་པའི ་ཤེས་པ་བཞི་ནི་བདག་ལ་བལྟོས་ནས་འཇོམས་པ་ནི་ངོ་ཆེ་ཤེས་པའོ།། དེས་བྱ་བ་མ་ཡིན་པ་མི་བྱེད་པའི་ཤེས་པ་དང་། བྱ་བར་འོས་པ་རྣམས་མི་འདོར་བའི་ཤེས་པ་དང་། དམ་བཅས་པ་དེས་བསྒྲུབ་པའི་ཤེས་པ་དང་། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་རྣམས་མི་བསླུ་བའི་ཤེས་པའོ།། བདེན་པ་ཤེས་པ་བཞི་ནི་བྱང་ཆུབ་ཏུ་སེམོས་སྐྱེད་པ་ཡི་མདོར་བའི་བདེན་པ་ཤེས་པ་དང་། ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་བདེན་པ་ཤེས་པ་དང་། སེམས་ཅན་མི་བསླུ་བའི ་བདེན་པ་ཤེས་པ་དང་། སངས་རྒྱས་ཉིད་མངོན་སུམ་དུ་བྱ་བའི་བདེན་པ་ཤེས་པའོ།། སྲིད་པ་ཤེས་པ་བཞི་ནི་འདོད་པའི་སྲིད་པ་ཤེས་པ་དང་། གཟུགས་ཀྱི་སྲིད་པ་ཤེས་པ་དང་། གཟུགས་མེད་པའི་སྲིད་པ་ཤེས་པ་དང་། མ་རིག་པའི་ལྟ་བའི ་སྲིད་པ་ཤེས་པའོ།། དངོས་པོ་ཤེས་པ་བཞི་ནི་འདུས་བྱས་ཀྱི་དངོས་པོ་ཤེས་པ་དང་། འདུས་མ་བྱས་ཀྱི་དངོས་པོ་ཤེས་པ་དང་། ལུང་དུ་བསྟན་པའི་དངོས་པོ་ཤེས་པ་དང་། ལུང་དུ་མ་བསྟན་པའི་དངོས་པོ་ཤེས་པ་དང་། གང་ཟག་པཤེས་པ་བཞི ་ནི་ཕུང་པོ་གང་ཟག་དུ་ཤེས་པ་དང་། བརྗོད་དུ་མེད་པའི་གང་ཟག་ཤེས་པ་དང་། ལས་འཛིན་པའི་གང་ཟག་ཤེས་པ་དང་། གང་ཟག་འབའ་ཞིག་པ་ཤེས་པའོ།། དམིགས་པ་ཤེས་པ་བཞི་ནི་བདག་གི་དམིགས་པ་ཤེས་པ་དང་། སེམས་ཅན ་གྱི་དམིགས་པ་ཤེས་པ་དང་། སྲིད་པའི་དམིགས་པ་ཤེས་པ་དང་། ཆོས་ཀྱི་དམིགས་པ་ཤེས་པའོ།། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འདི་དག་གི་བསྟན་པ་ཡང་བསམ་གྱིས་མི་ཁྱབ་པས་མཐར་ཕྱིན་པར་བསྟན་པར་སླ་བ་མ་ཡིན་ནོ།། གཟུག ་བཞི་ནི་འདུ་བྱེད་ཐམས་ཅད་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་དང་པོའོ།། དབྱངས་མཐའ་ཡས་པར་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་གཉིས་པའོ།། ཀུན་ནས ་ཉོན་མོངས་པ་མཐའ་ཡས་པར་བཤད་པ་བརྗོད་པ་དེ་ལ་གང་ཤེས་པ་འདི་ནི་གཟུངས་གསུམ་པའོ།། རྣམ་པར་བྱང་བའི་ཡོན་ཏན་གྱི་ཕན་ཡོན་མཐོའ་ཡས་པར་བརྗོད་པ་དེ་ལ་གང་ཤེས་པ་དེ་ནི་གཟུངས་བཞི་པ་སྟེ། ཚིག་གི་གཟུངས་དང་། དོན ་གྱི་གཟུངས་དང་། སྔགས་ཀྱི་གཟུངས་དང་། མངོན་པར་རྟོགས་པའི་གཟུངས་སོ།། ཤེས་རབ་དང་དྲན་པ་གཉིས་ནི་གཟུངས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་གཟུངས་ཞེས་བྱའོ།། ཚུལ་བཞི་ཞེས་བྱ་བ་ནས་བརྩམས་ནས་གཟུངས་འདི་དག་ལ་ཐུག་གི ་བར་དུ་འདུ་བྱེད་དང་། ཡོངས་སུ་བཤད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་དག་གི་ཐམས་ཅད་དུ་བསྟན་པ་ནི་འདི་དག་ནི། དུ་བྱེད་ཁོ་ན་ལ་བརྟེན་པར་ངེས་སོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ཞེས་བྱ་བ་ནི་སྔར་བསྟན་པ ་རྣམས་སོ།། གཟུངས་གང་ཡིན་པ་དེ་ནི་ཤེས་པའོ།། ཤེས་པ་ནི་ཆོས་སོ་ཞེས་བྱ་བ་ལི། ཆོས་ཤེས་པས་ནན་ཏན་གྱི་ཡང་དག་པར་རིག་པ་གང་ཡིན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ།། དོན་གང་ཞིག་ཆོས་ཤེས་པས་ཇི་ལྟ་བ ་བཞིན་དུ་ངེས་པར་བྱས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཆོས་ཤེས་པས་ངེས་པར་བྱས་པའི་དོན་གང་ཡིན་པ་སེམས་ཅན་ཐམས་ཅད་དགའ་བར་བྱ་བའི་ཕྱིར་སྐད་སྣ་ཚོགས་ཀྱི་ངེས་པའི་ཚིག་གིས་ཆོས་སྟོན་པས་སོ་སོ་རང ་གྲིགིས་རིག་པའི་ཡེ་ཤེས་སྐྱེད་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། ཆོས་ཤེས་པས་ཐ་སྙད་ཀྱིས་སྟོན་པར་བྱེད་པའི་དུས་སུ་རིགས་པ་དང་གྲོལ་བའི་སྤོབས་པ་ཉིད་དང་། ཚིག་འདྲེས་པ་མེད་པ་ཉིད་དང་། ཚིག་ཞུམ་པ ་མེད་པ་ཉིད་དང་། སྤོབས་པ་མཐའ་ཡས་པ་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ།། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་རྒྱས་པར་བསྟན་ནས་བདེ་བར་རྟོགས་པར་བྱ་བའི་ཕྱིར་ཚིགས ་སུ་བཅད་པསྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཡེ་ཤེས་ཇི་སྙེད་པ།། གཟུགས་སུ་རྟགས་པའང་དེ་སྙེད་དེ་ཞེས་བྱ་བ་ལ། དེ་དག་ཐམས་ཅད་སྔར་བསྟན་ཟིན་པསྣ་ཡང་བརྗོད་པར་མི་བྱའོ།། ངོ་མནཔ ་བསམ་གྱིས་མི་ཁྱབ་ཆོས།། སོ་སོ་ཡང་དག་རིག་དབྱེ་བོས།། འགྲོ་བའི་མགོན་པོ་རྫོགས་སངས་རྒྱས།། རྐང་གི་ཉིས་མཆོག་གི་རབ་ཏུ་བསྟན།། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའི་འགྲེལ་པ ་རྫོགས་སོ།། །། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་སྐབས་དབྱེ་བས་སོ་སོ་ཡང་དག་པར་རིག་པའི་རྣམ་པར་དབྱེ་བ་རྒྱ་ཆེར་བསྟན་པའི་ཕྱིར། གཞོན་ནུ་དེ་ལ་བྱང་ཆུབ་སེམས་དཔའ་ཇི་ལྟར་ཆོས་ཡང་དག་པར ་རིག་པ་ལ་སྤྱོད་ན་ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོའི་ངོ་འོས་སམ། དེ་ལས་གཞན་པས་སམ། དེ་དག་གི་སྟོང་པ་ཉིད་ཀྱིས་སྤྱོད་ན། སོ་སོ་ཡང་དག་པར་རིག་པ་ལགས་ཞེས་ཞུས་པའི་ལན་དུ་གཞོན་ནུ་འདི་ལ་བྱང་ཆུབ ་སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བས་གཟུགས་ལས་གཞན་དུ་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ། མ་སྐྱེས་པའི་གཟུགས་ལ་གཟུགས་ཀྱི་ངོ་བོ་མེད་པས་བརྟགས་པའི ་གཟུགས་ལ་འམ། གཟུགས་ཀྱིས་སམ། གཟུགས་ལས་ཀྱང་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བརྟགས་པའི་གཟུགས་ནི་སྒྱུ་མ་དང་སྤྲུལ་པའི་གཟུགས་དང་འདྲ་བས་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཆོས་ཉིད་ཀྱི ་གཟུགས་ལྔས་གཞན་དུ་ཡང་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། སྒྲོ་བཏགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་གཟུགས་མེད་པ་ཉིད་དོ།། དེའི་ཕྱིར་གཟུགས་ཉིད་བྱང་ཆུབ། བྱང་ཆུབ་ཉིད་གཟུགས་སོ་ཞེས ་བྱ་བས་གཉིས་སུ་མེད་ཅིང་གིཉིས་སུ་བྱར་མེད་དོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་གཟུགས་སོ།། གཟུགས་ཉིད་རྣམ་པར་ཤེས་པ་ཞེས་བྱའོ།། གཟུགས་ཀྱི་ངོ་བོ་གང་ཡིན་པ་དང་། ་དེ་བཞིན་གཤེགས་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ། ཆོས་ཉིད་ཀྱི་གཟུགས་ལ་དབྱེ་བ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལྟ་ན་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་དོ།། དོན་དེ་དག་ཉིད ་ཚིགས་སུ་བཅད་པས་རྒྱ་ཆེར་བསྟན་པའི་ཕྱིར། དེ་ཕྱིར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱིས་ཀྱང་ནི་བྱང་ཆུབ་བསྟན།། བྱང་ཆུབ་ཀྱིས་ཀྱང་གཟུགས་བསྟན་ཏེ་ཞེས་བྱ་བ་ལ། གཟུགས་ཀྱི་ཆོས་ཉིད་ནི་བྱང ་ཆུབ་བོ།། བྱང་ཆུབ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བའོ།། མི་མཚུངས་པ་ཡི་སྒྲ་རྣམས་ཀྱིས།། ཆོས་ཀྱི་བླ་མ་རབ་ཏུ་བསྟན་ཞེས་བྱ་བ་ལ། གཟུགས་ཉིད་བྱང་ཆུབ་བོ་ཞེས་བྱ་བ་མི་འདྲ་བའི་སྒྲས་བསྟན་ན་ཡང་གཟུགས་ལ་བྱང་ཆུབ་མེད་དེ། ་སྐྱེ་བ་མེད་པའི་ཕྱིར་རོ།། ཆོས་ཀྱི་བླ་མ་རབ་ཏུ་བསྟན་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ནི་བསྟན་པར་བྱ་བ་དང་། སྟོན་པ་དང་། བསྟན་པ་དང་། བྲལ་བ་ཡིན་ན་ཡོང་གདུལ་བྱའི་བསམ་པའི་དབང་གིས་སྟོན་པར་བྱེད་དེ། ཞེས་བརྗོད་པར་བྱེད་དོ།། གཟུགས། ་དྭདང་བྱང་ཆུབ་མཉམ་པ་སྟེ།། ཐ་སྙད་བྱ་བ་དེར་མི་སྙེད་ཅེས་བྱ་བ་ལ། སྣ་ཚོགས་སུ་ཆར་དབྱེ་བ་བཏགས་པ།། དམིགས་པ་དབྱེ་བར་མི་འགྱུར་བའོ།། མྱ་ངན་ལས་འདས་པ་ཟབ་པར་ཡང་ཞེས་བྱ་བ་ལ་སོགས་པ་ལ། མྱ་ངན་ལས་འདས་པ་ནི ་དམིགས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་ཤིན་ཏུ་ཟབ་པ་ཉིད་དོ།། དེ་ལྟར་ན་ཡང་སྒྲ་ཡིས་རབ་ཏུ་སྟོན་པར་བྱེད་ལ་མྱ་ངན་ལས་འདས་པ་དང་། སྒྲ་ཡང་མི་དམིགས་ཏེ། སྒྲ་དང་མྱ་ངན་ལས་འདས་པ་འདི་དག་གཉིས་སུ་མེད་ཅིང ་ཐ་མི་དད་དོ།། དེ་བཞིན་སྟོང་པའི་ཆོས་རྣམས་ལ།། མྱ་ངན་འདས་པ་རབ་ཏུ་བསྟན་ཞེས་བྱ་བ་ནི་གཞན་དུ་ན་ཕ་རོལ་ལ་རྟོགས་པ་སྐྱེ་བར་མི་འགྱུར་རོ།། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས།། མྱ་ངན་འདས་དྲང་མཚུངས་མཉམ་པས ་ཞེས་བྱ་བ་ལ། བཟོད་ནས་ཞི་ཞིང་མ་སྐྱེས་པ།། རང་བཞིན་གྱིས་ནི་མྱ་ངན་འདས།། ཆོས་རྣམས་ཐམས་ཅད་ཅེས་བྱ་བས་སོ།། སངས་རྒྱས་ཀྱི་ནི་སྐུ་མཐོང་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་བ ་ན་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་ཞེས་སྨྲ་ན་ཡང་དེ་བཞིན་གཤེགས་པ་གཟུགས་ཀྱི་བསྐུར་མཐོང་བར་ནུས་པ་མ་ཡིན་ཏེ། ཆོས་ཀྱི་བསྐུར་ངེས་པའི་ཕྱིར་རོ།། འོ་ན་གཟུགས་ཀྱི་སྐུར་རྣམ་པར ་བཞག་པ་ཇི་ལྟར་ཡིན་ཞེ་ན། གཟུགས་ཀྱི་མཚན་ཉིད་ཅི་འདྲ་བ།། གཟུགས་ཀྱི་ངོ་བོ་ཉིད་ཤེས་ཏེ།། རང་བཞིན་མེད་ཅིང་མ་སྐྱེས་པ།། སྒྱུ་མ་སྤྲུལ་པའི་གཟུགས་བཞིན་ནོ།། གཟུགས་ཀྱི་རང་བཞིན་མ་ཤེས་པས།། བདག་གི་ལུས་ཞེས ་བདག་ཏུ་མཐོང་།། དེ་བཞིན་དུ་ཕུང་པོ་ལྔ་པོ་རྣམས་ལ་བདག་གི་ཆོས་རྣམས་ཀྱི་མཚན་ཉིད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པར་ཤེས་པ་ནི་མཚན་ཉིད་དོ་ཞེས་ཤེས་ནས། ཆོས་ཀྱི་སྐུ་ལ་རབ་ཏུ་གནས་ནས་ཆོས་སྟོན་ཏོ།། ཆོས་ཀྱི་སྐུ ་ལ་མི་བརྟེན་པར་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཉིད་ཡིན་པས་ཆོས་ཉིད་དེ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་ཚིག་གིས་བརྗོད་པར་མི་སྤྱོད་དོ།། དེ་བཞིན་དུ་འདི་ལྟ་བུའི་ཆོས་ཟབ་མོའི་ངོ་བོ་མི་ཤེས་པར་སངས་རྒྱས་ཀྱི་སྒྲ ་ཐོས་པས་བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་ཞེས་ཚིག་ཙམ་དུ་སྨྲ་ཡང་སྒྲ་ཙམ་གྱིས་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ།། དེ་ཙམ་གྱིས་དེ་བཞིན་གཤེགས་པ་མཐོང་ན་ནི་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྒྲ་ཐོས་པ་སྟེ།། ་སངས་རྒྱས་སུ་འགྱུར་ན་དེ་ལྟ་བུ་ནི་མེད་དོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་མཐོང་བ་དེས་སངས་རྒྱས་མཐོང་ཞེས་བྱའོ།། དེའི་ཕྱིར་ཆོས་ཀྱི་སྐུ་དང་། སྟོང་པ་ཉིད་དང་། གཟུགས་ནི་ཐམས་ཅད་དུ་མཚན་ཉིད་གཅིག་པ ་ཡིན་ནོ།། དེས་ན་གང་གིས་གཟུགས་རྣམས་རབ་ཤེས་པ།། དེ་ནི་སྟོང་ཉིད་རབ་ཏུ་ཤེས།། གང་གི་སྟོང་ཉིད་རབ་ཤེས་པ།། དེས་ནི་འདྲེས་པ་རབ་ཏུ་ཤེས་ཞེས་བྱ་བ་ལ་སོགས་པ་དང་། རྣམ་པ་འདི་ནི་མི་ཤེས་པས།། དམིགས་པ་ཅན་རྣམས ་རབ་ཏུ་བརླག་ཅེས་བྱ་བའོ།། བདག་ལ་སོགས་པའི་དངོས་པོ་མེད་པ་ལ་དངོས་པོར་འདུ་ཤེས་པ་དང་། མྱ་ངན་ལ་འདས་པ་དོན་དམ་པར་ཡོད་པའི་ཆོས་ཉིད་ཀྱི་གཟུགས་ལ་མེད་པར་འདུ་ཤེས་པ་དོན་མ་ཡིན་པ་ལ་དོན་དུ་མངོན་པར་ཞེན་ལ་ཤེས ་ཀྱི་ཁེ་ཡིས་བསླུས་པ་དྲུག་འབྲས་བུ་མེད་པ་ལ་འབྲས་བུར་མངོན་པར་ཞེན་པ་དག་ངའི་བསྟན་པ་ལས་ཤིན་ཏུ་འཁྱམས་ནས་དགེ་སྦྱོང་གི་ནོར་དང་བྲལ་བ་དོན་དམ་པས་དབུལ་བས། ལེ་ལོ་ཅན་ཚུལ་ཁྲིམས་ཉམས་པས་རྣམ་པར་གནས་པ ་དདུག་འདི་ནི་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ།། ལ་ལ་དག་ནི་འདི་སྐད་དུ། བདག་ཅག་བྱང་ཆུབ་ཞུགས་ཞེས་ཟེར་ཞེས་བྱ་བ་ལ། སྒྲ་ཙམ་གྱིས་དགའ་བ་ཡིན་གྱི་ཡང་འདིའི་ཆོས་ཉིད་ལ་རབ་ཏུ་གནས་པ་ནི་མ་ཡིན་ནོ།། ་རྙེད་པ་ལ་དགའ་བར་འགྱུར་གྱི་ཆོས་འདོད་པ་ནི་མ་ཡིན་ནོ།། ཁེངས་པ་དང་བག་མེད་པས་ཟིལ་གྱིས་མནན་པོས་མཆོད་རྟེན་དང་གཙུག་ལགོ་ཁང་ལ་སོགས་པ་བྱེད་ཅིང་དྲག་པ་འདོད་པ། དམིགས་པའི་ལྟ་བ་ཅན་ལྟ་བ་ལ་མངོན་པར་ཞེན་པ། གཞན ་གྱི་བུད་མེད་ལ་ཆགས་ཤིང་བརྒྱལ་བ། རབ་ཏུ་བྱུང་བའི་བསམ་པ་ཙམ་ཡང་རྙེད་པར་དཀའ་བ་དེ་དག་ཁྱིམ་པ་རྣམས་ལ་འདོད་པ་རྣམས་ནི་མེ་ལྕེ་ལྟ་བུའོ་ཞེས་སྟོན་པར་བྱེད་ཅིང་། དེ་དག་གི་བུ་མོ་དང་ཆུང་མ་དག་ལ་མངོན་པར་ཆགས་ཤིང་རིགས། ་སུན་པར་བྱེད་པར་འགྱུར་རོ་ཞེས་བྱ་བ་ལ། དེ་དག་རྔ་དང་། དུང་དང་། རྫ་རྔུ་ལ་སོགས་པསྣ་ང་ལ་མཆོད་པར་བྱེད་ཅིང་སྒྲུབ་པའི་མཆོད་པ་དང་བྲལ་བ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་སྒྲུབ་པའི་མཆོད་པས ་མཆོད་ན་མཆོད་པར་འགྱུར་རོ།། ཚུལ་ཁྲིམས་དང་། སྤྱོད་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་མཐོང་ན་བདག་ཅག་ཇི་ལྟ་བ་འདི་དག་ཀྱང་དེ་དང་འདྲ་བ་ཡིན་ནོ།། ཚུལ་ཁྲིམས་ཀྱང་དེ་ལྟ་བུ་ཞེས་ཟེར་རོ།། ཚུལ་ཁྲིམས་ཀྱི་བསྔགས་པ ་བརྗོད་པ་ཐོས་ན་འདི་དག་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་དྲི་ཚེ་དྲང་བྲེལ་བས་སྤོང་བར་བྱེད་དོ།། སངས་རྒྱས་ཀྱི་བྱང་ཆུབ་དང་། དེའི་རྒྱུར་གྱུར་པ་ཆོས་སྤངས་པས་མནར་མེད་པར་མཆོག་ཏུ་གཞོལ་བར་འགྱུར་ཏེ། དམྱལ་བ་ཐོབ ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་རྒྱུ་ནི་མ་ཡིན་ནོ།། དེ་ལྟ་བས་ན་བདག་བྱང་ཆུབ་ལ་གནས་པར་བྱའོ།། ཞེས་བྱ་བའི་ཚིག་ཙམ་གྱིས་བྱང་ཆུབ་སེམས་དཔར་གྱུར་པ་མ་ཡིན་པ་དེ་དག་དང་ཁྱེད་སྟོན་པར ་ཡང་མི་བྱའོ།། གལ་ཏེ་ཕྲད་པར་གྱུར་ན་སྨྲ་བ་དང་། གཽཏམ་དང་། རིམ་འགྲོ་གྱིས་ལ་དེ་དག་གི་སེམས་སྲུང་བའི་ཕྱིར་ལོ་གྲོངས་དུ་ལོན་པ་དྲིས་ལ་དེ་དག་རྒན་པར་གྱུར་ན་རྒན་པར་གྱུར་ན་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་ལ ་སོགས་པས་བསྙེན་བཀུར་བྱ་ཞིང་ཁོང་ཁྲོ་བ་ཅུང་ཟད་ཀྱང་མི་སྐྱེད་དེ། བྱམས་པའི་སེམས་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བ་ཡིན་ནོ།། གང་ཡང་དེ་དག་གི་འཁྲུལ་པ་དཔག་ཏུ་མེད་པར་སྣང་བར་གྱུར་ན་ཡང་དེ་ལྟར་ན་ཡང་བརྗོད་པར ་མི་བྱ་སྟེ། གང་གིས་ལས་གང་ཇི་ལྟར་སྤྱད་པ་དེའི་འབྲས་བུ་དང་མཐུན་པར་འབྱུང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་ཤེས་ནས་བཞིན་གྱི་ཟླ་བ་འཛུམ་བཞིན་དུ། རྒན་རབས་དང་ནི་གསར་བུ་ལྔ།། རྟག་ཏུ་གསོང་པོར་སྨྲ་བ་དང་།། དེས ་ཤིང་ང་རྒྱལ་བཅོམ་པར་བྱ།། རབ་ཏུ་དང་བའི་སེམས་ཀྱི་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་ཞུགས་པས་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་རྗེས་སུ་བཟུང་བར་འོས་པ་རྣམས་ཀྱིས་གྱིས་ཤིག་ཅེས་སློབ་པར་བྱེད་དོ།། ་ཁྱོད་ལ་ཆོས་མཉམ་པའི་ཕྱིར་འགའ་ཞིག་གིས་གསོལ་བ་བཏབ་ན་དེ་སྤྲོ་བ་སྐྱེད་པར་བྱེད་དེ་ཁྱེད་ཉིད་མཁས་པ་ཆེན་པོ་ཡིན་ན་ཁྱོད་ཀྱི་དྲུང་དུ་བདག་གིས་ཇི་ལྟར་སྨྲ་བར་ནུས་ཞེས་བརྗོད་པར་བྱའོ།། གལ་ཏེ་དེ་དག་གི་ནང་ནས་འགའ ་ཞིག་སྣོད་དུ་གྱུར་པ་ཡོད་ན་བདག་ཉིད་ཀྱིས་བཤད་པར་བྱའོ།། དེ་ལ་ཚུལ་ཁྲིམས་འཆལ་པ་མང་དུ་གནས་པར་གྱུར་ན་དེར་ཚུལ་ཁྲིམས་ཀྱི་གཏམ་མི་བྱའོ།། སྦྱིན་པའི་གཏམ་བྱའོ།། གང་གི་ཚེ་ཚུལ་ཁྲིམས་དང་སྤྱོད་པ་ཕུན ་སུམ་ཚོགས་པ་མང་དུ་གནས་པར་གྱུར་པ་དེའི་ཚེ་ཚུལ་ཁྲིམས་ཀྱི་གཏམ་བྱའོ།། གལ་ཏེ་འཁོར་ཡོངས་སུ་དྲུག་པར་གྱུར་ན་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་གཏམ་བྱའོ།། སྦྱིན་པ་ལ་སོགས་པ་འབའ་ཞིག་གིས་མགུ་བར་མི་འགྱུར་ན་བྱང་ཆུབ་ནི་བསམ་གཏན་དང་། ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ།། ཞེས་ཏིང་ངེ ་འཛིན་སྒོམ་པ་ལ་མངོན་པར་སྦྱོར་བར་བསླབ་པར་བྱའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉེ་བར་མཁོ་བའི་མཆོད་པ་ཐམས་ཅད་ཀྱིས་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ལ་མཆོད་པར་བྱའོ།། དེ་ལྟ་བས་ན་བྱང་ཆུབ་ཏུ་སེམས་ཡང་དག་པར་བསྐྱེད་ནས་ནན་ཏན་སྙིང་པོར་བྱེད་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ངེས་པར་སྒྲུབ་པའི་ཕྱིར་མདོ་སྡེ་འདི་དོན་དུང་གཞུང་དང་བཅས་པར་བཟུང་བར ་བྱ་ཞེས་བྱ་བ་ཡིན་ནོ།། འདྲིའི་ཕན་ཡོན་རྒྱ་ཆེར་བསྟན་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། སངས་རྒྱས་དཔགྲ་མེད་འབྱུང་བའི་ཆོས་ཉིད་ཉིད།། སངས་རྒྱས་ཀྱོས་བསྔགས་ཏིང་འཛིན་རྒྱལ་པོ་འདིར།། གྲགས་པ ་ཙོང་ཞིག་ཙམ་ཞིག་བདག་གིས་བསྟན།། ཤིན་ཏུ་ཕྲ་བ་བདག་འདྲ་སུས་རྟོགས་ནུསོ།། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའི་འགྲེལ་པ་རྫོགས་སོ།། ། ད་ནི་ཐབས་ལ་མཁས་པ ་བསྟན་པར་བཞེད་ནས་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡིན་ཞེ་ན། ཞེས་བྱ་བའི་ལན་གདབ་པའི་ཕྱིར་གཞོན་ནུ་འདི་ལ་བྱང་ཆུབ་སེམས ་དཔའ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ལོ་ཉེ་དུའི་སེམས་ཉེ་བར་བཞག་ནས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཅི་ཡོད་པ་སེམས་ཀྱིས་མངོན་པར་བརྟགས་ནས་ཤིན་ཏུ་ལེགས་སོ་ཞེས་བྱ་བས་རྗེས་སུ་ཡི ་རང་བར་བྱ་སྟེ་ཉིན་ལན་གསུམ། མཚན་ལན་གསུམ་དུ་ཉིན་རེ་བཞིན་དུ་བསོད་ནམས་ཀྱི་ཕུང་པོ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག། བདག་ཀྱང་སེམས་ཅན་ཐམས་ཅད་སྒྲོལ་བར་ནུས་པར་གྱུར་ཅིག་ཅེས་བྱའོ།། ཐབས ་མཁས་པ་འདི་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། དོན་འདི་དག་ཉིད ་ཚིགས་སུ་བཅད་པས་རྒྱ་ཆེར་བསྟན་པར་བྱ་བའི་ཕྱིར། སེམས་ཅན་འདི་དག་ཐམས་ཅད་བདག་གི་གཉེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་གཅིག་པ་སྡུག་པ་ལ་བརྩེ་བས་ཡོངས་སུ་འཛིན་པ་བཞིན་དུ་སེམས་ཙོན་འདི་དག་ནི་བདག་གི་གཉེན་དུ ་གྱུར་པ་ཡིན་ལ་གཉེན་རྣམས་ལ་བརྩེ་བ་བཏང་ནས་ཇི་ལྟར་ཉན་ཐོས་བཞིན་དུ་འཁོར་བས་འཇིགས་ཤིང་སྐྲག་ནས་བདག་ཉིད་གཅིག་པུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ཞེས་སྙིང་རྗེ་ཆེན་པོས་དེ་དག་ལ་དམིགས་ནས་སེམས་ཅན་ཐམས་ཅད་ཀྱི ་བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་ལ་རྗེས་སུ་ཡི་རང་ཞིང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཡང་སེམས་ཅན་ཐམས་ཅད་ལ་དེ་བཞིན་དུ་ངེས་པར་བསྔོ་བར་བྱའོ།། བདག་ཉིད་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས ་པའི་ཕྱིར། ལུས་དང་སྲོག་གི་ཕྱིར་ཡང་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཉམས་པར་མི་འགྱུར་ཞིང་མོས་པ་ཕུན་སུམ་ཚོགས་པས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་རབ་ཏུ་དང་བ་དང་། བྱང་ཆུབ་འདོད་པས་བྱང་ཆུབ་ཏུ ་སེམས་བསྐྱེད་ནས་དཀོན་མཆོག་གསུམ་ལ་མཆོད་པ་ལ་བརྩོན་པས་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་ཕྱིར་ནོར་དང་། འབྲུ་དང་། རིན་པོ་ཆེ་དང་། རྒྱལ་སྲེད་ལ་སོགས་པ་ཡོངས་སུ་གཏོང་བར་བྱེད་ཅིང ་སེམས་ཀྱི་རྒྱུ་ཤེས་རབ་ཡོངས་སུ་བསྒོམས་པར་གྱུར་པ་ཡིན་པའི་ཕྱིར་སྟོང་པ་ཉིད་ཐོས་པ་ན་སེམས་རབ་ཏུ་དགའ་བ་དང་། སེམས་ཅནི་བསྡུ་བ་ལ་མཁས་པ་དང་། ལེགས་པ་རབ་ཏུ་བྱུང་བ་དང་། ལེགས་པར་བསྙེན་པར་རྫོགས་པ་དང་། དབེན་པ་དང ་དབེན་པ་ལ་དགའ་བ་དང་། བསེ་རུ་ལྟར་གཉིས་སུ་མེད་པར་སྤྱོད་པ་དང་། བག་ཡོད་པས་ནི་གཏེར་རྣམ་པ་བཞི་རྙེད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་གནས། རབ་ཏུ་བྱུང་བ་ཐོབ་པ་དང་། མི་ཕྱེད་པའི་དད་པ་ཐོབ་པ ་དང་། ཏིང་ངེ་འཛིན་འཐོབ་པ་ནི་གཏེར་བཞི་པའོ།། དེ་བཞིན་དུ་ཐོབ་པའི་གཏེར་དང་། སྤོབས་པ་མཐའ་ཡས་པའི་གཏད་དང་། དགེ་བའི་ཆོས་ཐམས་ཅད་ལ་བགྲ་ཡོད་པའི་གཏེར་རོ།། ཆོསྡེ་དེང་ཆོས་ཀྱི་རྗེས་སུ་ནན་ཏོན་བྱེད་ལ་རབ་དགའ ་བས།། འགྲོ་ལ་ཕན་གདགས་ཕྱིར་ནི་རབ་ཞུགས་དང་།། རྫོགས་བྱང་ཆུབ་དང་སེམས་ཅན་གྱི་ལ་ཡི་རང་ཞིང་།། བདེ་གཤེགས་ཉིད་ཀྱི་རྒྱུ་དེ་དག་ལ་ཡི་རང་ངོ་།། རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའི་འགྲེལ་པ་རྫོགས་སོ།། ་པག་ཡོད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་སྤྱོད་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར། གཞོན་ནུ་དེ་ལྟ་བས་ན་བག་ཡོད་པར་བྱའོ།། ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་ལ། དེ་ཅིའི་ཕྱིར་ཞེ་ན། ཞེ ་བྱ་བ་ནི་ཏིང་འཛིན་ངེས་པར་བསྒྲུབ་པར་བྱ་བ་བཞག་ནས་བག་ཡོད་པ་ལ་ནན་ཏན་དུ་བྱ་བ་གང་གི་ཕྱིར་བསྟན་ཞེ་ན། གཞོན་ནུ་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་པར་མི་དཀའ་ན་ཏིང ་ངོ་འཛིན་ལྟ་སྨོས་ཀྱང་ཅི་དག་སྟེ། ཤིན་ཏུ་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ན་བག་ཡོད་པ་ཡིན་ཞེས་དྲིས་པ་དང་། རྒྱུ་གསུངས་པ། ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ཞེས་བྱ་བ་ལ། བག་མེད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག ་པ་ཡིན་ཞེས་བྱ་བ་ལ། བག་མེད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པར་མི་འགྱུར་བས་ཇི་ལྟར་ན་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ཞེས་བྱ་བས་ཚུལ་ཁྲིམས་ཡོངས་སུ་དག་པའི་རིམ་པ་དྲིས་པའོ།། ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟག་ཏུ་མཉམ་པར་བཞག་པ་ནི་བག་ཡོད་པ་ཞེས་བྱའོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་སྦྱིན་པའི་གཏར་ལས་ཡིན་ནོ་ཞེས་བྱ་བར་དང་པོར་སྦྱིན་པའི་ཕན་ཡོན་གསུངས་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་སྦྱིན ་པུ་ལ་མོས་པའི་ཕན་ཡོན་ནི་བཅུ་སྟེ་ཞེས་བྱ་བ་ལ། བཅུ་གང་ཞེ་ན་ཞེས་ཐེ་ཚོམ་བསལ་བའི་ཕྱིར་དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་སེར་སྣའི་ཉོན་མོངས་པ་ཚར་བཅད་བ་ཡིན་དེའི་སེམས་རྟོག་ཏུ་གཏོང་བའི་རྗེས་སུ ་སྤེལ་བ་ཡིན། རྒྱལ་པོ་དང་མེ་དང་། ཆོམ་རྐུན་ལ་སོགས་པས་དང་ཐུན་མོང་བའི་ལོངས་སྤྱོད་ལས་སྙིང་པོ་ལེན་པ་ཡིན། སྦྱིན་པས་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་ཡིན། ལོངས་སྤྱོད་ཆེན་པོ་འགྲུབ་པ་འཕགས་པའི་ཕྱིར་རོ།། དེས་ན་འདི་ལ ་སྐྱེས་མ་ཐག་ཏུ་གཏོང་བའི་སེམས་མངོན་དུ་འགྱུར་བ་ཡིན་ཏེ། སྔོན་གོམས་པའི་ཕྱིར་རོ།། གཏོང་བ་པོ་དང་། སྦྱིན་བདག་ཡིན་ནོ་ཞེས་སེམས་ཅན་ཐམས་ཅད་ལ་ཕངས་ཤིང་སྡུག་པ་ཡིན་ནོ།། ་འཇིགས་པ་མེད་པ་ཉིད་ཞུམ་པ་མེད་པ་སྟེ། འཁོར་གྱི་ནང་དུ་འགྲོ་བ་ན་སྦྱིན་པའི་བདག་ཉིད་ཆེ་བའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་མནན་པའོ།། ཕྱོགས་དང་ཕྱོགས་མཚམས་སུ་དེའི་ཚིགས་སུ་བཅད་པའི་སྒྲ་རྒྱ་ཆེར་བརྗོད ་བའི་གྲགས་པ་མངོན་པར་འབྱུང་སྟེ། ཕྱོགས་ཐམས་ཅད་ནས་འོངས་པའི་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་སྦྱིན་པས་རབ་ཏུ་བསྒོས་པའི་ཕྱིར་རོ།། རྐང་ལག་འཇམ་ཞིང་གཞོན་ཤ་ཅན་ཡིན་ཏེ། སྦྱིན་པའི་རྒྱུ་མཐུན་པས་སྐྱེས ་བུ་ཆེན་པོའི་མཚན་གྱིས་སྨྲས་པའི་ལག་པ་དང་། རྐང་པ་དང་ལྡན་པའི་ཕྱིར་རོ།། རྐང་མཐིལ་མཉམ་ཞིང་རབ་ཏུ་གནས་པ་ཡིན་ཏེ། སྦྱིན་པ་ལ་ཡིད་དམ་བཅས་པ་བརྟན་པའི་ཕྱིར་རོ།། དགེ་བའི་བཤེས་གཉེན་དང་མི་འབྲལ་བ་ནི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བྱང་ཆུབ་ཀྱི་སྟོང་པོ་ལ་མཆིས་ཀྱི་བར་དུ་མི་འཕྲུལ་པའི་ལེགས་པ་ནི་འདི་བཅུའོ་ཞེས་བྱ་བ་ནི་འདས་པ་རྣམས་སོ།། དོན་དེ་དག་ཉིད་ཚིགས་སུ་བཅད་པས་བསྟན་པ་ནི་དོན་ལྷག་པ ་མེད་པས་མ་བཤད་དེ།། སྦྱིན་པ་རྣམ་པ་བཞི་ལ་འདི་བསྟན་པ།། མ་ལུས་བསྡུས་པར་གྱུར་པའི་ངོ་བོ་གཅིག། སྦྱིན་པ་རྣམས་ཀྱི་གཙོ་བོར་འདི་མཐོང་གི། གཞན་དོན་ཞུགས་པ་རྣམས་ལ་ཀུན་ཀྱང་གཙོ།། སྦྱིན་པའི་ཕན་ཡིན ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའི་འགྲེལ་པ་རྫོགས་སོ།། ། སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་བསྟན་པར་བཞེད་ནས། གཞོན་ནུ་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕནྡ་ཡོན་ནི་བཅུ་སྟེ་ཞེས་བྱ་བ ་ལྔ་སོགས་པ་ལ། ཡེ་ཤེས་ཀྱི་རྗེས་སུ་བསྐོར་ཞིང་ཞེས་བྱ་བ་ལ་ཡེ་ཤེས་ལ་ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་འཕེལ་བར་བྱེད་པ་ཞེས་བྱའོ།། ཡོངས་སུ་རྫོགས་པར་བྱེད་པ་ནི། དཀར་པོའི་ཆོས་རྣམས་ཀྱིས་སོ།། སངས་རྒྱས་རྣམས ་ཀྱི་རྗེས་སུ་སློབ་པ་ནི་དེ་བཞིན་གཤེགས་པའི་བསླབ་པ་དང་རྗེས་སུ་མཐུན་པ་རྣམས་འཕེལ་བར་བྱེད་པའི་ཕྱིར་རོ།། མཁས་པ་རྣམས་ཀྱིས་མ་སྨད་པ་ནི་སྨང་པའི་ལས་མི་བྱེད་པའོ།། དམ་བཅས་པ་ལས་མི་གཡོ་བ་ནི་བྱང་ཆུབ་ཀྱི་སེམས་མི ་གཏོང་བ་དང་། ཚུལ་ཁྲིམས་མ་ཉམས་པའོ།། ནན་ཏན་ལ་གནས་པ་ནི་ཐམས་ཅད་ནན་ཏན་གྱིས་སྒྲུབ་པོའོ།། འཁོར་བ་ལས་འབྱོལ་བ་ནི་འཁོར་བ་ལ་མངོན་པར་མི་ཞོན་པ་ཙམ་གྱིས། སེམས་ཅན་གྱི་དོན་ལྔ་རྒྱབ་ཀྱི་ཕྱོགས་པ་ནི་མ་ཡིན ་ནོ།། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པའི་སེམས་དང་ལྡན་པའོ།། ཀུན་ནས་ལྗང་པོ་མེད་པར་གནས་པ་ནི་ཉོན་མོངས་པའི་ཀུན་ནས་ལྡང་བ་མེད་པའོ།། ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ནི་རྣམ་པར ་གཡེང་བ་མེད་པའི་ཚུལ་ཁྲིམས་ཀྱིས་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པའི་ཕྱིར་རོ།། དབུལ་པོ་མ་ཡིན་པར་འགྱུར་བ་ནི་མཆོག་ཤེས་པ་ནི་ནོར་གྱི་དབང་ཕྱུག་གོ་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ནོར་བསགས་པས་ཚུལ་ཁྲིམས་ཀྱི ་ཕུང་པོ་རབ་ཏུ་གནས་པའི་ཕན་ཡོན་ནི་བཅུ་པོ་འདི་དག་གོ་ཚིགས་སུ་བཅད་པ་རྣམས་ནི་དོན་ལྷགས་པ་མེད་པས་མ་བཤད་དོ།། སངས་རྒྱས་ཡོན་ཏན་མ་ལུས་ཚུལ་ཁྲིམས་རྒྱུས་བྱུང་བས།། ངེས་པར་སངས་རྒྱས་ཉིད ་ནི་འཐོབ་འགྱུར་བ།། ཚུལ་ཁྲིམས་མཆོག་ཅེས་སངས་རྒྱས་ཡང་དགུ་གསུང་།། བརྩོན་འགྲུས་བརྩམས་ལ་རྟག་ཏུ་ལེགས་པར་བསྲུངས།། ཚུལ་ཁྲིམས་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའི་འགྲེལ་པ་རྫོག་སོ།། ་ཚུལ་ཁྲིམས་ཀྱི་རྗེས་སུ་བཟོད་པའི་ཕན་ཡོན་བསྟན་པའི་ཕྱིར། གཞོན་ནུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེས་མི་འཚིག། མཚོན་གྱིས་མི་འཆི། དུག་གིས་མི་ཚུགས་ཆུས་མི་འཆི། ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར ་མི་འགྱུར་རོ།། ལྷ་རྣམས་དེ་ལ་སྲུང་བར་བྱེད་དེ། བཟོད་པ་དང་ལྡན་པ་དེ་ལ་རྟག་ཏུ་བསྲུང་བའོ།། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པར་འགྱུར་ཏེ། མཚན་རྫོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེའི་ངན་འགྲོ ་སྒོ་ཐམས་ཅད་བཅད་པར་འགྱུར་ཏེ། བཟོད་ཐིབ་ངན་སོང་ལྟུང་མི་འགྱུར་ཞེས་བྱ་བའི་ཚིག་གིས་སོ།། དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་རྙེད་པར་དཀའ་བར་མཱི་འགྱུར་ཏོ། བཟོད་པ་ནི་ཚངས་པའི་གནས་པའི་ངོ་བོ་ཡིན་པོའི་ཕྱིར་རོ།། དེ་བདེ་བར ་ཉིན་མཚན་འདའ་བར་འགྱུར་ཏེ། སྡུག་བསྔལ་དང་ཕྲད་པས་བྱས་པའི་གནོད་པ་ཐམས་ཅད་བཟོད་པའི་ཕྱིར་རོ།། དེའི་ལུས་ལ་དགའ་བ་དང་བདེ་བ་མི་འདོར་བར་འགྱུར་ཏེ། བཟོད་པ་ནི་བདེ་བའི་ངོ་བོ་ཡིན་པའི་ཕྱིར་རོ།། བཅུ་པོ ་འདི་དག་ནི་བཟོད་པ་ལྔ་རབ་ཏུ་གནས་པའི་ཕན་ཡོན་ཡིན་ནོ།། ཚིགས་སུ་བཅད་པ་རྣམས་ཀྱི་དོན་ནི་སྔ་མ་བཞིན་ནོ།། རྫོགས་སངས་རྐང་གཉིས་མཆོག་གྱུར་པས།། བཟོད་པ་རྣམས་པ་གསུམ་གསུངས་པས།། སྟོང་ཉིད་ཆོས་ལ་བཟོད་པ་ལས ་གཞན་དག་བཟོད་པར་མི་འགྱུར་རོ།། ཚུལ་ཁྲིམས་ཀྱི་ལེའུ་ནས་བརྩམས་ནས་ལེའུའི་གྲངས་མེད་དེ་མཐར་ཕན་ཡོན་བཅུ་སྟེ་ཞེས་བྱ་བའི་བར་དུའོ།། བརྩོན་འགྲུས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་གསུངས་པ། གཞོན་ནུ་ཕན་ཡོན་ནི་འདི་བཅུ ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། བསྙེན་པར་དཀའ་བར་འགྱུར་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱི་ཡོན་ཏན་ཐམས་ཅད་ཤིན་ཏུ་མཐར་ཐུག་པར་འགྲོ་བ་ཉིད་ཀྱི་ཟིལ་གྱིས་མནན་པར་སླ་བ་མ་ཡིན་པའི་ཕྱིར་རོ།། སངས་རྒྱས་ཀྱིས་ཡོངས་སུ་བཟུང ་པ་ཐོབ་པ་ནི་སངས་རྒྱས་རྣམས་ཀྱིས་དགོངས་པའོ།། ལྷས་ཡོངས་སུ་བཟུང་བར་འགྱུར་བ་ནི་སྒྲིབ་པ་ལས་སྲུང་ཞིང་སྦེད་པར་བྱེད་པའོ།། དེས་ཐོས་པའི་ཆོས་ཡོངས་སུ་མི་ཉམས་པ་ནི་དེ་རྟག་ཏུ་འདོན་པར་བྱེད་པའི་ཕྱིར་རོ།། སྔོན ་མ་ཐོས་པའི་ཆོས་རྣམས་ཐོས་པ་ནི་བརྩོན་འགྲུས་ཀྱིས་སྔོན་མ་ཐོས་པའི་ཆོས་ཐོས་པའོ།། ཏིང་ངེ་འཛིན་གྱི་རིགས་ཐོབ་པ་ནི་ཆོས་གཞན་དག་ཀྱང་ཐམས་ཅད་ཏིང་ངེ་འཛིན་གྱི་རིགས་འཐོབ་པ་སྟེ། མངོན་དུ་ཕྱོགས་པར་འགྱུར་བའོ།། ནད ་ཉུང་བར་འགྱུར་བ་ནི་ནད་ཀྱི་གཉེན་པོའི་ཆོས་བསྟེན་པའི་ཕྱིར་རོ།། དེའི་ཟས་རྣམས་ཀྱང་བདེ་བར་འཇུ་བར་འགྱུར་བ་ནི་ཁམས་མི་བདེ་བ་མེད་པའི་རྒྱུ་ཆོས་ལ་བསྟེན་པའི་ཕྱིར་རོ།། པདྨ་ལྟ་བུར་འགྱུར་ཞིང་མདའ་སྟེ་ཀ་མ་ལྟ་བུར ་མི་འགྱུར་བ་ཞེས་བྱ་བ་ནི་རིམ་གྱིས་དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང་འཁོར་བའི་ཉེས་པའི་འདམ་གྱིས་མ་གོས་པ་ཡིན་གྱི་ལྕགས་མངའ་སྟེ་ཁ་ལྟར་རིམ་གྱིས་ཟས་པ་དང་། སྡུག་བསྔལ ་སྐྱེད་པ་ནི་མ་ཡིན་ནོ།། འདི་དག་ནི་བརྩོན་འགྲུས་བརྩོམས་པའི་ཕན་ཡོན་ཞེས་བྱའོ།། དེན་དེ་དག་ཉིད་བདེ་བར་གཏོགས་པར་བྱ་བའི་ཕྱིར་ཡང་ཚིགས་སུ་བཅད་པས་གསུངས་པ། བསྙེན་དཀའ་བར་ཡང་རྟག་ཏུ་འགྱུར་ཞེས་བྱ་བ་ལ་སོགས་པ ་སྟེ། སྔ་མ་བཞིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་དཔག་ཏུ་མེད་པར་བརྩོན་འགྲུས་བརྩམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་བརྩོན་འགྲུས་བརྩམས་ལ་རྣལ་འབྱོར་ལ་བརྩོན་པར་བྱའོ།། ་བདག་གཞན་དོན་ལྡན་བྱང་ཆུབ་སེམས་མཆོག་གིས།། བརྩོན་འགྲུས་ཀྱིས་ནི་བཟང་པོ་ཀུན་འཐོབ་ཅིག། འཇིག་རྟེན་འདས་པའི་སངས་རྒྱས་ཡོན་ཏན་ཀུན།། བརྩོན་འགྲུས་བརྩམས་པའི་སྦྱོར་བས་ཡང་དག་འགྲུབ།། དུ་ནི་བསམ ་གཏན་གྱི་ཕན་ཡོན་རབ་ཏུ་བསྟན་པའི་ཕྱིར། གཞོན་ནུ་བསམ་གཏན་ལ་མོས་པའི་ཕན་ཡིན་ནི་བཅུ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀུན་ཏུ་མི་འདའ་བའོ།། སྤྱོད་ཡུལ ་ལ་སྤྱོད་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལོ་སོགས་པ་ལ་སྤྱོད་པ་ཉིད་དོ།། ཡོངས་སུ་གདུང་བ་མེད་པར་གནས་པ་ནི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཉེ་བར་ཞི་བས་བསམ་གཏན་གྱི་བདེ་བ་ལ་གནས་པ་ཉིད་དོ།། དབང་པོ་སྦས་པར ་འགྱུར་བ་ནི་རྟག་ཏུ་མཉམ་པར་བཞག་པས་སྦས་པ་སྟེ་དབང་པོ་རྣམས་ཡུལ་ལས་ལོག་པར་འགྱུར་བའོ།། དགའ་བ་མྱོང་བ་ནི་བསམ་གཏན་ལས་སྐྱེས་པ་ཡིན་གྱི། ཡུལ་དང་ཡུལ་ཅན་ལས་ནི་མ་ཡིན་ནོ།། འདོད་པ་ལས་དབེན་པ་ནི་འདོད ་པའི་སྲེད་པ་དང་བྲལ་བ་ཉིད་དོ།། བསམ་གཏན་གྱི་ཚིམ་པ་མེད་པ་ནི་བསམ་གཏན་གྱི་བདེ་བས་ངོམས་པ་མེད་པའོ།། བདུད་ཀྱི་ཡུལ་ལས་ཐར་པ་ནི་རྣམ་པར་རྟོག་པའི་རྣམ་པར་གཡེང་བའི་བདུད་ཀྱིས་མི་གཡོས་པ་ཉིད་དོ།། སངས་རྒྱས་ཀྱི་ཡུལ ་ལ་རབ་ཏུ་གནས་པ་ནི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་བཟུང་བའི་བསམ་གཏན་སྒོམ་པ་ཉིད་དོ།། རྣམ་པར་གྲོལ་བ་རབ་ཏུ་སྨིན་པར་བྱེད་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་གསོ་བའོ།། བཅུ་པོ་འདི ་དག་ནི་བྱ་ང་ཆུབ་སེམས་དཔའ་བསམོ་གཏན་ལ་མོས་པའི་ཕན་ཡོན་ནོ།། ཚིགས་སུ་བཅད་པ་རྣམས་ནི་དོན་ཐ་དད་བ་མེད་པས་མ་བཤད་དོ།། ས་འདིར་བྱང་ཆུབ་སེམས་དཔའ་བསམ་གཏན་མངོན་ལྡན་པ།། དུས་རྣམས་ཀུན་ཏུ་དགའ་བ་མཆོག ་ནི་ཉམས་སུ་མྱོང་།། དཔག་མེད་ཡོན་ཏན་ཡང་དག་ལྡན་པ་ཡིས།། རྣམ་སྡང་སངས་རྒྱས་ས་འདིར་མྱུར་དུ་འགྱུར།། ཤེས་རབ་ལ་རྣམ་པར་གནས་པའི་ཕ་ནི་ཡོན་བསྟན་པར་བཞེད་ནས། གཞོན་ནུ་ཤེས་རབ་སྤྱོད་པའི་ཕན་ཡོན་ནི་བཅུ་སྟེ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ཡོངས་སུ་གཏོང་བའོ།། སྦྱིན་པས་དག་པར་རློམ་སེམས་མི་བྱེད་པ་ནི་ཤེས་རབ་དང་བྲལ་བའི་སྦྱིན་པའི་འབྲས་བུ་ནི་ཡོངས ་སྤྱོད་ཙམ་ཉིད་ཀྱི་ཕྱིར་རོ།། ཚུལ་ཁྲིམས་མ་རལ་པ་ནི་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ།། ཚུལ་ཁྲིམས་ལ་མི་གནས་པ་ནི་ཆོས་ཐམས་ཅད་གནས་མེད་པར་ཉམས་སུ་མྱོང་བ་ཉིད་དོ།། བཟོད་པའི་སྟབས་ལ ་གནས་པ་ནི་ཆོས་ཟབ་མོ་ལ་བཟོད་པ་ནི་སེམས་ཅན་གྱི་འདུ་ཤེས་དང་བྲལ་བས་སེམས་ཅན་གྱི་འདུ་ཤེས་ལ་མི་གནས་པ་ཡིན་ནོ།། བརྩོན་འགྲུས་བརྩམས་པ་ནི་ལུས་དང་ངག་དང་ཡིད་ཀྱི་བརྩོན་འགྲུས་ཡིད་ལ་བྱེད་པ་མི་དམིགས་པ་ལ་ལེགས ་པར་གནས་པའོ།། བསམ་གཏན་ལ་བསྡམ་གཏན་དུ་བྱེད་པ་ནི་ཐམས་ཅད་ལ་མི་གནས་པའི་རྣལ་འབྱོར་པའོ།། བདུད་རྣམས་ཀྱིས་ཐུབ་པར་དཀའ་བ་ནི་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པའི་ཤེས་རབ་ཀྱི་རྣམ་པར་འབྱེད་པ་ཉིད་དོ།། ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་རབ་ཏུ་མི་བསྐུལ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཕ་རོལ་རྒོལ་བ་ཐམས་ཅད་མི་དམིགས་པར་བྱས་ནས་ལེགས་པར་གནས་པ་ཉིད་དོ།། སྣང་བ་ཐོབ་པར་འགྱུར་ཞེས་བྱ་བ་ནི་འདུ་བྱེད་འཇུག་པ་ཐམས ་ཅད་མི་ཤེས་པའི་མུན་པ་རྣམ་པར་སྤེལ་བའི་ཤེས་རབ་ཀྱི་སྣང་བ་ཤར་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བའི་བའི་ཤེས་རབ་ཐམས་ཅད་དུ་འཇུག་གི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་འདོད་པར ་མི་འགྱུར་བས་དམན་པ་ལ་མོས་པའི་སེམས་མི་བསྐྱེད་པའོ།། སངས་རྒྱས་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རབ་ཏུ་འཇུག་པ་ནི་དེ་ལ་མངོན་པར་མོས་པས་རབ་ཏུ་འཇུག་པའོ་ཚིག་སུ་བཅོད་པའོ་དོན་ནི་ཐ་དད་མེད ་པས་མ་བཀྲོལ་ལོ།། བྱང་ཆུབ་སེམས་དཔའ་བག་ཡོད་ལེགས་པའི་བློ་གྲོས་ཤེས་རབ་སྣང་བས་གསལ། ཡེ་ཤེས་སྣང་བ་ལས་འཕྲོས་སྙིང་རྗེས་སེམས་ཅན་ཀུན་གྱིས་གཉེན།། དངོས་དང་དངོས་མེད་འབྱུང་དང་འགག་པ་མ་ལུས་འཁྲུལ ་པ་ཙམྦ།། རྟོགས་ནས་བདེ་བར་གཤེགས་པའི་སངས་རྒྱས་འགྱུར།། དེ་ནི་མང་དུ་ཐོས་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གཞོན་ནུ་ཕན་ཡོན་ནི་འདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེ་ན་ཞེས་བྱ་བ་ནི་ཐམས་ཅད་དུ་ཉེ་བར་བསྟན ་པའི་ཚིག་ཡིན་པར་ཤེས་པར་བྱའོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཤེས་པར་བྱས་ནས་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤོང་བ་སྟེ། མི་དགེ་བའི་ལས་ཀྱི་ལམ་བཅུ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ་ཞེས ་ཤེས་ནས་སྤོང་བར་བྱེད་པའོ།། ཐེ་ཚོམ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་ནས་བསྟན་པས་ངེས་པ་བསྐྱེད་ནས་ཐེ་ཚོམ་སེལ་བར་བྱེད་པའོ།། ལྟ་བ་དྲང་པོར་བྱེང་བ་ཞེས་བྱ་བ་ནི་ལྟ་བ་ངན་པ་དབང་ཕྱུག་ལ་སོགས ་པ་རྒྱུར་ལྟ་བ་དང་། མི་མཉམ་པའི་རྒྱུ་གཙོ་བོ་ལ་སོགས་པའི་ལྟ་བ་ལས་བཟློག་ནས་ཡང་དག་པའི་ལྟེ་བ་ལ་རབ་ཏུ་འཇོག་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་ལྟ་བ་དྲང་པོར་བྱེད་དོ།། ལམ་ལོག་པ་སྤྱོང་པ་ཞེས་བྱ་བ་ནི་གཏི་མུག་ལས་སྐྱེས་པའི་མཆོད་སྦྱིན ་ལ་སྲོག་གཅོད་པ་ལ་སོགས་པ་སྤོང་དུ་འཇུག་ཅིང་བདག་ཉིད་ཀྱང་མུ་སྟེག་ལ་སོགས་པའི་ལམ་ལས་ལྡོག་པར་འགྱུར་བའོ།། ལམ་ལ་རབ་ཏུ་གནས་པ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཆོས་ལ་ནན་ཏོན་བྱེད་པའི་སངས་རྒྱས་ཉིད་ཀྱི་ལམ་མོ། ་སེམས་ཅན་ཐམས་ཅད་ལ་སྨྲ་བར་གྱུར་པ་ནི་རྨོངས་པའི་མུན་པ་ཉེ་བར་སེལ་བར་ནུས་པའི་བསྟན་བཅོས་ཐམས་ཅད་ཐོས་པས་གསལ་བར་གྱུར་པའོ།། ངན་འགྲོ་ཐམས་ཅད་ཀྱིས་མི་འཇིགས་པ་ནི ་ངན་འགྲོར་འགྲོ་བར་བྱེད་པའི་ལས་མི་བྱེད་པའི་ཕྱིར་རོ།། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པའི་ཕན་ཡོན་ཡིན་ནོ།། མ་ལུས་དོན་རྣམས་མཛད་པ་ཐུབ་པའི་དབང་པོ་བཞིན།། མང་དུ་ཐོས་ཤིང་ཆོས་རྣམས ་རྣམ་འབྱེད་ལ་མཁསོ་ཤིང་།། མ་ལུས་བསྟན་བཅོས་དོན་རྣམས་འབྱེད་པར་བཟོད་པ་ཡིས།། ཤིན་ཏུ་དྲི་མ་མེད་པ་སེམས་ཅན་དོན་དུ་བྱས།། ཆོས་ཀྱི་སྦྱིན་པའི་ཕན་ཡོན་ནི་གཞོན་ན་ཆོས་སྦྱིན་པའི་ཕུན་ཡོན་ནི་འདི་བཅུ་སྟེ། ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། བྱ་བ་མ་ཡིན་པ་སྤོང་བ་ནི་བྱ་བ་མ་ཡིན་པའི་གཉེན་པོའི་ཕྱོགས་ཀྱི་ཆོས་སྟོན་པའི་ཕྱིར་རོ།། བྱེ་བ་ལ་འཇུག་པ་ནི་ཡང་དག་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ།། སྐྱེས་སུ་དམ་པའི་ཆོས ་ལ་འགོང་པ་ནི་བདག་ཉིད་ཀྱང་དེ་ལྟ་བུར་གནས་པའོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ནི་སེམས་རྣམ་པར་དག་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ཞེས་བྱའོ།། བྱང་ཆུབ་ཀྱི་སྙི་ངོ་བོ་ཐོབ་པར་བྱེད་པ་ནི་ཆོས་ཀྱི་སྦྱིན ་པས་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་བྱང་ཆུབ་ཀྱི་སྙིང་པོ་ནི་བྱང་ཆུབ་དམ་པ་སྟེ། ཆོས་ཀྱི་སྐུའོ།། ཐོབ་པར་བྱེད་པ་ནི་སྒྲུབ་པར་བྱེད་པའོ།། དངོས་པོ་ཡོངས་སུ་གཏོང་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས ་བས་དངོས་པོར་མངོན་པར་ཞེན་པ་ཡོངས་སུ་འདོར་བྱའོ།། གཞན་དུ་ན་སྐྱེ་བ་མེད་པ་ལ་གཏང་བ་ཡང་མེད་པའི་ཕྱིར་ཞེས་བྱ་བའོ།། ཉོན་མོངས་པ་ཚར་གཅོད་པའི་ཉོན་མོངས་པ་རྣམས་ནུས་པ་ཐམས་ཅད་དང་བྲལ་བར་བྱེད་པས་ཚར ་གཅོད་པར་བྱེད་ཀྱི་བཅིང་བ་དང་དགག་པས་ནི་མ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་སྐལ་པའི་ཤས་སྦྱིན་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་རྣམས་མ་གོད་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་ལྷག་པའི་བསམ་བྱས ་སེམས་ཅན་ཐམས་ཅད་ལ་བསྔོ་བའོ།། དེ་ལ་དམིགས་པའི་བྱམས་པ་སྒོམ་པ་ནི་སེམས་ཅན་ཐམས་ཅད་ངེས་པར་གཟུང་བའི་ཕྱིར་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ ་སྒོམ་པར་བྱེད་ཅིང་མཐོང་བའི་ཆོས་ལ་ནི་བདེ་བ་ཐོབ་པར་འགྱུར་ལ། ཆོས་སྦྱིན་པ་དང་དུས་མཉམ་པ་ཉིད་དུ་ནི་དགའ་བ་དང་རབ་ཏུ་དགའ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བ་བཅུ་པོ་འདི་ནི་ཆོས་ཀྱི་སྦྱིན་པའི་ཕན་ཡོན་ནོ།། ཚིགས་སུ ་བཅད་པའི་དོན་ནི་སྔ་མ་བཞིན་ནོ།། བདེ་བ་དཔག་མེད་འབྱུང་བའི་རྒྱུར་གྱུར་པོ།། དམ་ཆོས་སྦྱིན་པ་སངས་རྒྱས་ཀྱིས་རབ་སྔགས།། ཆོས་ཀྱི་སྦྱིན་པ་ལས་ལྷག་གཞོན་མེད་པས།། དེ་ཕྱིར་ཆོས་ཀྱི་སྦྱིན་པ་རབ་ཏུ་སྦྱིན་པར་བྱ།། ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་བསྟན་པའི་ཕྱིར་རོ།། གཞོན་ནུ་སྟོང་པ་ཉིད་ལ་གནས་པའི་ཕན་ཡོན་ནི་འདི་བཅུའོ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་གནས་པོ་ལ་གནས་པ་ནི་སྟོང་པ་ཉིད་ལ ་གནས་པ་ཉིད་དེ། སངས་རྒྱས་ཀྱི་གནས་པའོ་ཞེས་བྱས་ནས་སོ།། མི་གནས་པར་བསམ་གཏན་བྱེད་པ་ནི་གནས་ལ་དམིགས་པ་མེད་པ་ཉིད་དོ།། སྐྱེ་བ་ལ་མི་སྨོན་པ་ནི་ཆོས་ཐམས་ཅད་སྟོང་པའི་ཕྱིར ་ཁམས་གསུམ་དུ་སྐྱེ་བ་དམིགས་སུ་མེད་པ་ཉིད་དོ།། ཚུལ་ཁྲིམས་ལ་མཆོག་ཏུ་མི་འཛིན་པ་ནི་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ།། ཚུལ་ཁྲིམས་ནི་འདིའི་དོན་དུ་ཚུལ་ཁྲིམས་བསྲུང་ངོ་།། ཞེས་གསུམ་ལ་མཆོག་ཏུ་ལྟ་བའི་རྣམ ་པར་རྟོགས་པ་དང་བྲལ་བ་ཉིད་དོ།། འཕགས་པ་ལ་མི་སྐུར་བ་ནི་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྟོགས་པ་ལ་ནན་ཏན་བྱེད་པ་ཡང་མངོན་པར་མི་ཉམས་པར་མཐོང་བས་སྟོང་པ་ཉིད་ལ་གནས་ན་ཡང་། ཅི་ཡང་མེད་དོ། ་ཞེས་སྐུར་བ་མི་འདེབས་པའོ།། མི་འགལ་བར་གནས་པ་ནི་ཐམས་ཅད་དུ་འགལ་བ་མ་དམིགས་པ་ཉིད་དོ།། དངོས་པོ་མི་དམིགས་པ་ནི་ཕྱི་དང་ནང་དང་བདག་ཉིད་ཅན་གྱི་དངོས་པོ་རྣམས་རང་གི་ངོ་བོར་ཡོངས་སུ་མ་གྲུབ་པ་ཉིད་དོ།། ་འདུ་བྱེད་ཐམས་ཅད་སྟོང་པའོ་ཞེས་ངེས་པར་རྟོགས་པའི་ཕྱིར་རོ།། དབེན་པར་གྱུར་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དབེན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གནས་པའི་ཕྱིར་རོ།། སངས་རྒྱས་ལ་བསྐུར་བ་མི་འདེབས་པ་ནི ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི་དམིགས་པ་མེད་པའི་ལྟ་བ་ཡིན་གྱི་གང་གཞན་དག་ཏུ་གང་ཟག་ལ་སོགས་པ་བསྟན་པ་ནི་དགོངས་པ་ཅན་མ་ཡིན་གྱི་བདེན་པ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་ན་དེ ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ།། དམ་པའི་ཆོས་འཛིན་པ་ནི་ཀློག་པ་དང་ཁ་ཏོན་ལ་སོགས་པས་ལུང་གི་ཆོས་འཛིན་པར་བྱེད་དོ།། རྟོགས་པའི་ཆོས་ནི་མངོན་སུམ་དུ་བྱེད་པས་འཛིན་པའི་ཕྱིར་སྟོང་པ་ཉིད་སྒོམ་པ ་ཁོ་ན་དམ་པའི་ཆོས་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་གནས་བཱིའི་ཕན་ཡོན་ཡིན་ནོ།། མ་ལུས་སྟོང་པར་རྣལ་འབྱོར་པས་ཤེས་ཀྱང་།། ལས་རྣམས་ཐམས་ཅད་རྗེས་སུ་མཐུན་པར་བྱེད།། དཔའ་བོ་ཁམས་གསུམ་ངག་ན་མི ་འཇིགས་པས། འདིར་ནི་བྱང་ཆུབ་རང་བཞིནི་སངས་རྒྱས་འགྱུར།། ད་ནི་ནང་དུ་ཡང་དག་འཇོག་གི་ཕན་ཡོན་བསྟན་པར་འདོད་ནས། གཞོན་ནུ་ནང་དུ་ཡང་དག་འཇོག་གི་ཕན་ཡོན་ནོ་འོདི་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས ་རྙོག་པ་མེད་པ་ནི་སེམས་ཉོན་མོངས་པའི་དམ་གྱིས་མ་གོས་པ་ཉིད་དོ།། བག་ཡོད་པར་གནས་པ་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་བག་མེད་པའི་གནས་སྤངས་པ་ཉིད་དོ།། སངས་རྒྱས་རྗེས་སུ་དྲན་པོ་ནི་ནང་དུ་ཡང་དག་པར་འཇོག་གིས། ་སངས་རྒྱས་ཀྱི་ཡུལ་མངོན་པར་དྲན་པ་ཉིད་དོ།། ཆོས་ལ་དད་པ་ཉིད་ནི་ལུང་དང་རྟོགས་པའི་མཚན་ཉིད་ཅན་དག་ལ་ཐམས་ཅད་དུ་བསླུ་བ་མེད་པ་ཉིད་དུ་དང་པའོ།། ཡེ་ཤེས་ལ་ནིམ་ནུར་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་དམ ་མེད་དམ་བདག་གིས་འཐོབ་བམ་མི་འཐོབ་ཅེས་ཐེ་ཚོམ་ཟ་བ་མེད་པ་ཉིད་དོ།། སངས་རྒྱས་ལ་བྱས་པ་གཟོ་བ་ནི་དེ་བཞིན་གཤེགས་པས་བསྟན་པའི་ཆོས་རྣམས་ཐོས་པ་དང་བསམས་པ་དང་བསྒོམས་པའི་སྟོབས་ཀྱི་ཡོན་ཏན་འདི་དག ་འབྱུང་ངོ་ཞེས་ཤེས་ནས་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་ལ་སོགས་པ་ལ་རྟག་ཏུ་འཇུག་པ་ཉིད་དོ།། ཆོས་མི་སྤོང་བ་ནི་ཆོས་བསྟན་པ་ཐོས་ནས་སངས་རྒྱས ་མཐོང་བ་ཡིན་ནོ།། དེའི་ཕྱིར་ཆོས་སྤང་བར་མི་བྱའོ།། དེ་སྤངས་པས་དཀོན་མཆོག་གསུམ་སྤངས་པ་ཡིན་པས་དེ་ལ་ངན་འགྲོའི་འགྲོ་བ་ལས་འགྲོ་བ་གཞན་ཡོད་པ་མ་ཡིན་ནོ་ཞེས་ཤེས་ནས་སྤོང་བར་མི་བྱེད་པའོ།། ཤིན་ཏུ་བསྡམས ་པར་གནས་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་བླངས་པ་མ་ཉམས་པ་ཉིད་དོ།། དུལ་བའི་ས་རྗེསུ་ཐོབ་པ་ནི་སངས་རྒྱས་ཀྱི་ས་དང་རྗེས་སུ་མཐུན་པའི་ནང་དུ་ཡང་དག་འཇོག་ལ་བརྟན་པར་འགྱུར་བའོ།། སོ་སོ་ཡང་དག་པར་རིག་པ ་བཞི་མངོན་སུམ་དུ་བྱེད་པ་ནི་ཇི་སྐད་གསུངས་པའི་ཏིང་ངེ་འཛིན་གྱི་སྒོམ་པ་ཉིད་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ནང་དུ་ཡང་དག་འཇོག་ལ་མངོན་པར་སྦྱོར་བའི་ཕན་ཡོན་ནི་བཅུ་པོ་འདི་དག་གོ།། ཚིགས ་སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ།། བུ་པར་གཤེགས་པའི་སྲས་ཀྱི་སོ་སོར་རང་རིག་པ།། རྒྱལ་བ་ཀུན་གྱི་རབ་ཏུ་བསྟགསོ་པོའི་བསམ་གཏན་གྱིས།། རྟག་ཏུ་དེ་ཉིད་ལ་ནི་ཐིམ་པར་གྱུར་དྷ་འདིར།། དེས་ནཱ་དཱི་ལི་ནང་དུ་ཡང་དག་འཇོག ་ཅེས་བྱ།། དགོན་པ་ན་གནས་པའི་ཕན་ཡོན་བསྟན་པའི་ཕྱིར།། གཞོན་ནུ་བཅུ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་ཉུང་བར་གནས་པ་ནི་ཁྱིམ་གྱི་བྱ་བ་མང་པོ་སྤངས་པའི་ཕྱིར་རོ།། འདུ་འཛི་རིང་དུ་སྤོང་བ་ནི་མང་བ ་ཚོགས་ནས་བྲེ་མོའི་གཏམ་བྱེད་པ་དབེན་པའི་མི་མཐུན་པའི་ཕྱོགས་སུ་བྱས་ནས་སྤོང་བའོ།། དེ་ལ་བརྩོད་པ་མེད་པར་འགྱུར་བ་ནི་ནགས་ན་རྩོད་པའི་ཟླ་མེད་པའི་ཕྱིར་རོ།། གནོད་པ་མེད་པར་གནས་པ་ནི་གུང་ལ་ཡང་མི་བཟོད་པའི་སེམས་ཀྱིས། ་གནོད་པའི་སེམས་མ་སྐྱེས་པས་གཞན་དུ་ཡང་གནོད་པའི་བསྒོམ་པ་སྐྱེད་པར་མི་བྱ་བའོ།། ཡང་ན་ནད་ཐམས་ཅད་དང་བྲལ་བའི་ཕྱིར་ནད་ཀྱིས་རྗེས་སུ་གནོད་པ་མེད་པོར་འགྱུར་བའོ།། ཟག་པ་འཕེལ་བར་མི་བྱེད་པ་ནི་འདོད་ཆགས་དང་། ཞེ་སྡང ་དང་། གཏི་མུག་གི་རྒྱུ་ལོས་བྱུང་བའི་ལས་དང་ཉོན་མོངས་པའི་རྒྱུ་མི་བྱེད་པའོ།། རྩོད་པའི་གཞིར་མི་བྱེད་པ་ནི་ལྟུང་དྲ་བའི་རྒྱུ་ལས་བྱུང་བའི་རྩོད་པ་ཞེས་བྱ་བ་ནི་དགོན་པ་དེ་ན་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་མེད་པའི་ཕྱིར་མེད་པའོ།། ་ཤིན་ཏུ་ཞི་བར་སྤྱོད་པ་ནི་ལུས་དང་ངག་དང་། ཡིད་ཀྱིས་གནས་ངན་ལོན་ཉེ་བར་ཞི་བའི་ཕྱིར་དགོན་པ་ན་ཉེ་བར་ཞི་བར་སྤྱོད་པའོ།། ཤིན་ཏུ་བསྡམས་པར་གནས་པ་ནི་སྡོམ་པ་གསུམ་གྱི་ཁོངསུ་གཏོགས་པའི་བསྡོམས་པ་ཐམས་ཅད་ཀྱིས ་བསྡམས་པ་ཉིད་ཀྱི་ཕྱིར་རོ།། ཐར་པ་དང་མཐུན་པའི་སེམས་ཀྱི་རྒྱུད་དུ་འགྱུར་བ་ནི། དུས་ཐམས་ཅད་དུ་མྱ་ངན་ལས་འདས་པ་ལ་ཞེན་པའི་སེམས་ཀྱིས་གནས་པ་ཉིད་དོ།། རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ནི་རྣམ་པར ་གྲོལ་བ་མངོན་སུམ་དུ་བྱ་བ་ལ་ཞུགས་པའི་ཕྱིར་རོ་ཞེས་བྱའོ།། ཚིགས་སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ།། སྟོང་ཉིད་དགོན་པའི་དབུས་གནས་པའི།། རྣལ་འབྱོར་འཆོ་ག་གཞོལ་རྣལ་འབྱོར་པ།། རྒ་ཤི་མེད་པའི་སངས་རྒྱས ་ཉིད་དང་རྟག་པའི་གནས་ནི་ཐོབ་པར་འགྱུར།། བསོད་སྙོམས་པར་དམ་བཅས་པའི་སྦྱངས་པའི་ཡོན་ཏན་གྱི་ཕན་ཡོན་བསྟན་པའི་ཕྱིར། གཞོན་ནུ་ཕན་ཡོན་འདི་བཅུ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། ་དེ་ཤེས་ཀྱི་ཁེ་འདོད་པ་མ་ཡིན་པ་ནི་གཉེན་བཤེས་ལ་ཆགས་པ་དང་བྲལ་བ་ཉིད་དོ།། སྙན་པ་འདོད་པ་མ་ཡིན་པ་ནི་གྲགས་པའི་ཆེད་དུ་བསོད་སྙོམས་པར་ཡི་དམ་དུ་ལེན་ཅིང་སྦྱངས་པའི་ཡོན་ཏན་ལེན་པ་མ་ཡིན་པོའོ།། རྙེད་པ་དང ་བཀུར་སྟི་འདོད་པ་མ་ཡིན་པ་ནི་གཞན་གྱི་ཁྱིམ་སྤངས་ནས་བསོད་སྙོམས་ཀྱིས་ཆོག་ཤེས་པའོ།། འཕགས་པའི་རིགས་བཞི་ལ་གནས་པ་ནི་བདེན་པ་བཞི་བསྒོས་པ་དང་ལྡན་པ་ཉིད་དོ།། ཚུལ་འཆིས་པ་དང་ཁ་ཀླས་ཀ་མེད་པར་འགྱུར ་བ་ནི་རྙེད་པའི་དོན་དུ་དབང་པོ་ཡང་དག་པར་བསྡམས་པ་དང་། ཚིག་སྙན་པ་བརྗོད་པ་དང་། བྲལ་བའོ།། བདག་ལ་མི་བསྟོད་པ་ནི་བདག་ནི་བསོད་སྙོམས་ཙམ་གྱི་ཆོག་པ་ཚུ་ལེ། ཁྲིམས་དང་ལྡན་པ་གཞན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟིམ་མེད ་པའོ།། གཞན་ལ་མི་སྨོད་པ་ནི་གཞན་གྱི་སྐྱོན་མི་སྨྲ་བའོ།། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པས་གཞན་གྱི་ཁྱིམ་དུ་སྤྱོད་པ་ནི་རུང་བ་དང་ཀྱི་ནོམ་པའི་བསོད་སྙམ་ལྔ་སྟེར་བའི་ཁྱིམ་གྱི་རྣམ་པར་རྟོགས་པ་སྤངས་ནས་མཉམ་པ ་ཉིད་དུ་རྗེས་སུ་འཇུག་པའོ།། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ནི་ནོར་ལ་ཞེན་པ་མེད་པ་ཉིད་དོ།། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ལ་གནས་ཤིང་ཆེས་བསྟན་པ་གཟུང་བར་འགྱུར་བ་ཡིན་ཞེས་བྱ་བ ་ནི་འཇིག་རྟེན་པ་རྣམས་མགུ་བའི་ཚུལ་ཁྲིམས་ལ་རབ་ཏུ་གནས་པའི་ཕྱིར་རོ་ཞེས་བྱ་བ་ཕན་ཡོན་ནི་བཅུ་པོ་འདིའོ།། ཚིགས་སུ་བཅད་པའི་དོན་ནི་སྔ་མ་བཞིན་ནོ།། གཞོན་ནུ་དེ་ལྟ་བུའི་སྦྱངས་པའི་ཡོན་ཏན་ལ་གནས་པའི་བཤད་མ ་ཐག་པའི་དགོན་པ་ལ་གནས་པ་ནི་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར། ཆོས་ཀྱི་གཏོར་རྙེད་པར་འགྱུར། ཡེ་ཤེས་ཀྱི་གཏེར་རྙེད་པར་འགྱུར། དུས་གསུམ་གྱི་ཤེས་པའི་གཏར་རྙེད་པར་འགྱུར་རོ།། ཇི་ལྟར་སངས་རྒྱས་ཀྱི་གཏེར་རྙེད་པར་འགྱུར ་ཞེ་ན་ཞེས་དོན་ངེས་པར་དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པ་ལ་སྤྱོད་ཅིང་དགོན་པ་ལ་གནས་ནས་མངོན་པར་ཤེས་པ་ལྔ་འཐོབ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས ་སུ་དྲན་པ་དང་། རྫུ་འཕྲུལ་གྱི་ཡུལ་ཏེ་དེ་མིའི་ལས་འདས་པ་ལྷའི་མིག་རྣམ་པར་དག་པས། ཕྱོགས་བཅུ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་རྣམས་མཐོང་ངོ་།། དེ་སངས་རྒྱས་མཐོང་བ་དང་མི་འབྲལ་བར ་འགྱུར་ཏེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་གཏེར་རྙེད་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུན་ཆོག་ཅི་སྟོན་པ་དེ་ཡང་ལྷའི་རྣ་བས་ཐོས་ཏེ། དེའི་ཕྱིར་དེ་ཆོས་ཉན་པ་དང་མི་འབྲལ་བར་འགྱུར་ཏེ། དེ་ལྟར་ན་ཆོས་ཀྱི་གཏེར ་རྙེད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཡེ་ཤེ་གང་དང་ལྡན་པས་ཆོས་ཐམས་ཅད་འཛིན་ཏེ། ཀུན་བཟུང་ནས་མི་རྗེད་ཅིང་བསམ་པ་དང་། བག་ལ་ཉལ་ཤེས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་ལྟར་ན་ཡེ་ཤེས་ཀྱི་གཏེར་རྙེད་པ་ཡིན། ་དེ་མངོན་པར་ཤེས་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཤེས་པ་ལ་འཇུག་སྟེ། དེ་ལྟར་ན་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ་ད་ལྟར་བྱུང་བ་ཤེས་པའི་གཏེར་རྙེད་པ་ཡིན་ནོ།། མདོར་བསྡུས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རབ་ཏུ་འཐོབ་པར་འགྱུར་རོ།། དམ་པའི་ཆོས་ཀྱི་ཡོན་ཏན་མ་ལུས་པ།། ཚིག་གིས་བརྗོད་པ་མི་ནུས་བསམ་པར་དཀའ།། གུས་པས ་ཞུགས་པར་གྱུར་ཀྱང་བརྗོད་མི་ནུས།། གཞན་གྱི་དོན་དུ་ཞུགས་པས་མི་ལེགས་མིན།། ཕུན་ཡོན་བཅུ་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའི་འགྲེལ་པ་རྫོགས་སོ།། །། ད་ནི་རབ་ཏུ་བྱུང་བ་ནི་ལེགས་པར་རྟོགས་པའི་རྗེས ་སུ་མཐུན་པའི་ཡིན་ནོ།། ཞེས་རབ་ཏུ་བསྟན་པའི་ཕྱིར་གཟི་བརྗིད་ཀྱི་ཚོགས་ཀྱི་རྒྱལ་པོའི་ལེའུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ལྷའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད ་ཀྱི་བདེ་བ་ཡང་སྤངས་ཏེ། རབ་ཏུ་བྱུང་ངོ་ཞེས་ཁྱོད་ཀྱི་དྲི་ལྟར་བསླབ་པར་བྱའོ།། ཞེས་བྱ་བ་ནས་གཞོན་ནུ་བདག་ཉིད་ཡོངས་སུ་གཏོང་བས་ཀྱང་སེམས་ཅན་དེ་དག་གི་དོན་བྱའོ།། ཞེས་བྱ་བའི་བར་གྱི་གཞུང་གི་དོན་ནི་བཤད་ཟིན་ཏོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བའི་ལེའུ་འདི་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བར་འབྲེལ་ཏོ།། འདས་པའི་བསྐལ་པ་བརྒྱ་ཡང་རབ་དྲན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྔོན་བྱུང་བའི་གཏམ ་གསུངས་ཏེ། འསྡུ་བའི་བསྐུལ་པ་བརྒྱ་ཕྲག་སྣང་པོ་ངས་དྲནཱ་ཏེ། དུས་དེའི་ཚེ་དེ་བཞིན་གཤེགས་པ་གཟི་བརྗིད་ཚོགས་ཀྱི་རྒྱལ་པོ་ཞེས་བྱ་བ་དེའི་བསྟན་པ་ལ་མངོན་པར་ཤེས་པ་དྲུག་དང་ལྡན་པའི་དགེ་སྦྱོང་བྱེ་བ་ཕྲག་བཅུ་བྱུང་སྟེ། སོ ་སོ་ཡང་དག་པར་རིག་པ་ཐོབ་པ། སྦྱངས་པའི་ཡོན་ཏན་གྱིས་ཡང་དྲག་པར་བརྒྱན་པ། སེམས་ཅན་ཞི་བའི་དགེ་འདུན་བྱུང་བར་གྱུར་ཏོ།། དེར་གྲོང་ཁྱེར་ནི་བྱེ་བ་བརྒྱ་ཕྲག་བདུན་ཅུ་རྩ་དྲུག་བྱུང་ངོ་།། གྲོང་ཁྱེར་རེ་རེ་ཡང་དཔག་ཚད་ལྔ ་བརྒྱ་ཡོད་པ་ལྔ་མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་ལྡན་པའི་ལྗོན་ཤིང་མཆོག་གི་བརྒྱན་ཅིང་ཁྱབ་པ་བྱ་སྣ་ཚོགས་སྐད་སྦྱིན་པ་འབྱིན་པས་གང་བའི་སྐྱེད་མོས་འཚལ་བརྒྱས་བརྒྱན་པ་ན་ཡང་རྫིང་བུ་དང་པདྨ་དང་། ཨུཏྤ་ལཱ་དང་། དྲི་ཞིམ ་དང་། དྲི་ཞིམ་ལྡན་པ་ལ་སོགས་པས་བརྒྱན་པའི་མུ་ལེན་ལག། རྒྱུད་དང་ལྡན་པས་ཡོངས་སུ་གང་བ་ཡིད་དུ་འོང་བ་ལ་བྱའི་ཚོགས་ཀྱིས་བརྒྱན་པས་སྐྱེད་མོས་ཚལ་ཇི་སྙེད་ཡོད་པ་དེ་རྙེད་དང་མཉམ་པའོ།། དེའི་ཚེ་འཛམྦུའི་གླིང་འདིར་སའི ་བདག་པོ་བརྟན་པས་བྱིན་ཞེས་བྱ་བ་བུ་ལྟ་བརྒྱ་ས་བརྒྱན་པ་ཡིད་རབ་ཏུ་དགའ་བ། ཕས་ཀྱི་རྒོལ་བ་དང་། མུ་ག་དང་། བདུད་ལ་སོགས་པའི་གནོད་པ་དང་གྲོལ་བས་འཛམ་བུའི་གླིང་དང་། ལྷའི་གནས་ལ་ཁྱད་པར་མེད་པའི་རྒྱལ་སྲིད་ཀྱི་བདེ་བ ་ཁ་ན་མ་ཐོ་བ་མེད་པ་ཉམས་སུ་མྱོང་བར་འགྱུར་ཏེ། ཡང་དེའི་ཚེ་དེ་བཞིན་གཤེགས་པ་གཟི་བརྗིད་ཚོགས་ཀྱིས་རྒྱལ་པོ་ཁྱད་པར་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆེ་བའི་བདག་ཉིད་ཀྱིས་ཡོན་ཏན་ངེས་པར་སྟོན་ཅིང་ཆོས་སྟོན་ཏོ།། དོན་དམ ་@པའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་སྒྲུབ་པའི་ཕྱིར། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་དྲུག་གི་འཁོར་བར ་འབྱུང་བས་ན་སྲིད་པའོ།། དེར་སྐྱེས་པས་ནི་འགྲོ་བའོ།། དེ་དག་ནི་རྨི་ལམོ་ལྟ་བུ་སྟེ། ཇི་ལྟར་རྨི་ལམ་ནི་འགྲོ་བ་སྣ་ཚོགས་སུ་ལྟུང་བའི་སེམས་ཅན་རྣམས་སྐྱེ་བ་དང་། འགག་པ་དང་། བདེ་བ་དང་། སྡུག་བསྔལ་སོ་སོ་རང་རིག་པ་ཉེ་བར་དམིགས་ན ་ཡང་རྨི་ལམ་གྱི་དངོས་པོ་གྲུབ་པ་མེད་པས་སྐྱེ་བ་དང་འཆི་བ་ལ་སོགས་པ་དེ་དག་བདེན་པར་ཡོད་པ་མ་ཡིན་ནོ།། འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད་ཅེས་བྱ་བ་ནི་སྐྱེ་བ་ཡང་མེད་དེ། མོ་གཤམ་གྱི་བུ་བཞིན་དུ་སྐྱེ་བ་ཡང་མེད་པའི་ཕྱིར་རོ།། མ ་སྐྱེས་པ་ལ་འཆི་བ་ཡང་མེད་པ་ཉིད་དོ།། སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དོ་ཞེས་བྱ་བ་ནི་གྲངས་ཅན་དག་ནི་སེམས་ཅན་ཞེས་བྱ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གཙོ་བོ་ཞེས་བརྗོད་པའོ།། དེ་ཡོངས་སུ་གྱུར་པ་ན་འགྲོ་བ་ཡིན་ནོ། ་ཞེས་ཟེར་རོ།། མི་རྙེད་ཅེས་བྱ་བ་ནི་ཆད་མས་ངེས་པར་བརྟགས་ན་ཉེ་བར་དམིགས་པར་མི་འགྱུར་བ་སྟེ། ཡོངས་སུ་འགྱུར་བ་མི་རིག་ས་པ་ཉིད་དོ།། རྟག་ན་ནི་རང་གི་ངོ་བོ་གཞན་དུ་འགྱུར་བ་ཡིན་པས་ཡོངས་སུ་འགྱུར་བ་ཡང་མ་ཡིན་ནོ།། ་སྐད་ཅིག་མ་ཡིན་ན་ཡང་སྐད་ཅིག་གཉིས་པར་གནས་པའི་སྐབས་མེད་པས་ཡོངས་སུ་འགྱུར་བ་མེད་ཅེས་བྱའོ།། སྲོག་ནི་ཕྱོགས་ཀྱི་གོས་ཅན་གྱིས་ཡོངས་སུ་བརྟགས་པའི་བདག་སྟེ། དེ་ཡང་ཕུང་པོ་ལྔ་པོ་ལས་གཞན་དུ་དམིགས་པར ་མི་འགྱུར་རོ།། མི་ནི་རིག་བྱེད་པ་ལ་སོགས་པས་བརྟགས་པའི་སྐྱེས་བུ་སྟེ། སྲེད་མེད་ཀྱི་བུ་ལ་སོགས་པའོ།། དེ་ཡང་དམིགས་པར་མི་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ་ཞེས་བྱ་བ་ལ། དབུ་བའི་གོང་བུ་ནི ་སྣད་བ་ཙམཱ་སྟེ་ངེས་པར་བརྟོགས་ན་ཅི་ཡང་མེད་པའོ།། ཕུང་པོ་ལྔ་པོ་ཡང་དབུ་བའི་གོང་བུ་བཞིན་དུ་བདག་ལ་སོགས་པའི་ངོ་བོ་མེད་པ་ཉིད་དོ།། ཆུ་ཤིང་སོ་སོར་ཕྱེ་ན་སྙིང་པོ་ཅི་ཡང་མེད་པ་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ ་སོགས་པའི་སྙིང་པོ་ཡོད་པ་མ་ཡིན་ནོ།། དེ་ལྟ་བས་ན་སྒྱུ་མ་ལྟ་བུ་ན་མཁའ་ལྟར་རང་བཞིན་མེད་པ་ཉམས་མྱོང་བ་རྣམས་ནི་སྤྲིན་ལྟ་བུ་གློག་ལྟ་། ཆུའི་ཟླ་བ་ལྟ་བུ། སྨིག་རྒྱོ་ལྟར་མཐོང་བ་ཉིད་ན་མི་དམིགས་པའི་ངོ་བོ་སྐད་ཅིག་མའི་ངོ་བོ་ཞེས་བྱའོ།། ་དཔེ་འདི་དག་ནི་གང་ཟག་ལ་བདག་མེད་པར་སྒྲུབ་པའི་ཕྱིར་བསྟན་ཏེ། འགའ་ཞིག་ལ་ལ་ལ་གྲགས་པའི་དབང་དུ་བྱས་ནས་ཡིན་ནོ།། བདག་མེད་པ་གཉི་ག་སྲས་ནས་བསྟན་པར་བྱ་བའི་ཕྱིར་སྲིད་པ་གསུམ་པོ་རྨི་ལམ་བཞིན་དུ་སྟོང་། མྱུར ་དུ་འཇིག་ཅིང་མི་རྟག་སྒྲ་འདྲ་ཉིད་ཅེས་བྱ་བ་ལ། རབ་ཏུ་སྣང་ཞིང་གསལ་ཡང་རྨི་ལམ་ཉིད་དང་འདྲ་བའི་ཕྱིར་དང་། སྐད་ཅིག་པ་ཉིད་དང་། སྙིང་པོ་མེད་པ་ཉིད་དུ་རབ་ཏུ་རྟོགས་སོ།། འདིར་གང་ནས་ཀྱང་མ་འོངས་ཤིང་།། འདི་ནས་ཀྱང ་གར་ཡང་འགྲོ་བ་མེད་པ་ནི་གང་གི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པར་གྱུར་པའོ།། དེའི་ཕྱིར་མི་དག་འཇིག་རྟེན་འདིར་ཡང་ཤི་ནས་ནི་ཞེས་བྱ་བ་ལ། མི་དག་འཇིག་རྟེན་འདི་ནས་ཤི་བར་གྱུར་པ་ཡང་མེད་ལ། ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ཡང་མེད་དོ།། འགྲོ་བ་དང་འོང་བ་མེད་པས་རྟག་ཏུ་ཁྱབ་པའི་ཕྱིར་རོ།། སྐད་ཅིག་མ་ཉིད་ཡིན་པས་ཀྱང་སྐྱེས་པའི་ཡུལ་དེ་ཉིད་དུ་འཆི་བར་འགྱུར་བས་འགྲོ་བ་མེད་པ ་ཉིད་དོ།། གལ་ཏེ་དེ་ལྟ་ན་མུ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟློས་པར་འགྱུར་རོ་ཞེས་བྱ་བའི་ཐེ་ཚོམ་བཟློག་པའི་ཕྱིར། ལས་བྱས་རྣམས་ནི་ནམ་ཡང་མེད་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་དང་མི་དགེ་བའི ་ལས་བྱས་པའི་སྐྱེས་བུ་གཉིད་ཀྱིས་ལོག་པའི་ཚེ་མཐོ་རིས་དང་ངན་སོང་ལ་སོགས་པའི་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བར་གྱུར་པ་མཐོང་ཡང་དེ་དག་ཏུ་སོང་པོའི་བྱ་བ་མེད་པ་དང་། འདིར་ཤི་བར་ཐལ་བར་འགྱུར ་ཕྱིར་རོ།། དེ་ལྟ་ན་ནི་བདེ་བཔ་དང་སྡུག་བསྔལ་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། འགྲོ་བ་མེད་པའི་ཕྱིརརོ་ཞེ་ན། འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་སྐྱེས་བུ་ལ་སོགས་པ་མེད་ཀྱང་ལས་དང་འབྲས་བུ་རྣམ་པར་ཉམས་པ་མེད་དོ།། ཞེས་བྱ་བ ་ཡིན་པོར། འཁོར་བ་ན་ཡང་དཀར་གནོག་འབྲས་བུ་སྟེར་ཞེས་བྱ་བས་བསྟན་པ་ཡིན་ནོ།། རྟག་པ་མ་ཡིན་ཆོད་པར་མི་འགྱུར་ཏེ་ཞེས་བྱ་བ་ལ། གལ་ཏེ་རྟག་པ་ཡིན་ན་ངོ་བོ་གཅིག་ཏུ་གྱུར་པ་ལས་དང་འབྲས་བུའི་ཉམས་སུ་མྱོང་བ་ཡོད་པར་མི ་འགྱུར་རོ།། ཆད་པར་གྱུར་ན་ཡང་། ཐམས་ཅད་ཡོད་པ་མ་ཡིན་པས་ལས་དང་འབྲས་བུ་ཡོད་པར་མི་འགྱུར་རོ་ཞེས་བྱ་བས་ཁོ་བོ་ཅག་གི་འདོད་པ་ལྟར་ན་ནི་ལས་དང་འབྲས་བུར་འབྲེལ་པ་གྲུབ་པ་ཡིན་གྱི་གཞན་དག་གིས་ཡོངས་སུ་བརྟགས་པའི ་སྐྱེས་བུ་རྟག་པ་དང་། ཆད་པར་ལྟ་བུའི་ངན་པའི་ལམ་དུ་ཞུགས་པ་རྣམས་ལ་ནི་མེད་དོ།། ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད་ཅེས་བྱ་བ་ལ། སྔོན་དང་ཕྱི་མ་ཕྲད་བ་མེད་པས་བསགས་པ་ཡོད་པར་མི་འགྱུར་རོ།། སྐད་ཅིག་མ་སོ་སོ ་ཡོད་རང་གི་ངོ་བོ་སོ་སོར་འབྱུང་བ་ན་དེ་ཉིད་དུ་གནས་པ་མེད་ན་ཇི་ལྟར་ལུས་དང་འབྲས་བུ་ཉམས་སུ་མྱོང་བ་ཡིན་ཞེ་ན། དེ་ཡང་བྱས་ནས་རེག་པར་མི་འགྱུར་བ་མིན་ཞེས་བྱ་བ་ལ། གང་གིས་ལས་བྱས་པ་དེས་རེག་པར་མི་འགྱུར་མིན་ཏེ། ་ཉམས་སུ་མྱོང་བར་མི་འགྱུར་བ་མ་ཡིན་ནོ།། དེ་ལྟ་ན་ཡང་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ།། གཞན་གྱིས་བྱས་པ་མྱོང་བར་འགྱུར་བའང་མེད་ཅེས་བྱ་བ་ལ། གཞན་གྱིས་བྱས་པ་གཞན་གྱིས་མྱོང་བ་ཡང་མ་ཡིན་ལ། ་ལས་གཞན་ཞིག་བྱས་ནས་འབྲས་བུ་གཞན་ཞིག་མྱོང་བ་ཡང་མ་ཡིན་ཏེ། སྲོག་གཅོད་པའི་ལས་བྱས་ནས་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཉམས་སུ་མྱོང་ན་ནི་སོ་སོར་ངེས་པའི་ལས་ཀྱི་འབྲས་བུ་ཉམས་པར་ཐལ་བར་འགྱུར་རོ།། འཕོ་བ་མེད ་ཅིང་ཕྱིར་ཡང་འོང་བ་མེད་པ་ཅེས་བྱ་བ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་བརྟགས་པའི་བདག་འགའ་ཡང་འཕོ་བ་ཡང་མེད་དེ་བདག་ལ་སོགས་པའི་མེད་པའི་ཕྱིར་རོ།། འཇིག་རྟེན་ཕ་རོལྔ་ལ་སོགས་པ་ནས་འགའ་ཞིག་འདིར་འོང་བ་ཡང ་མེདང་ངོ་།། འཕོ་བར་སྨྲ་བ་ཚད་མོས་གནོད་པ་ཉིད་ཀྱིས་སུན་ཕྱུང་བའི་ཕྱིར་རོ།། ཐམས་ཅད་ཡོད་པའང་མ་ཡིན་ཏེ། གཞན་གྱིས་ཡོངས་སུ་བརྟགས་པ་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་མི་བདེན་པའི་ཕྱིར་རོ།། མེང་པའང་མ་ཡིན་ཏེ། སྒྱུ ་མ་དང་འདྲ་བའི་སོ་སོར་སྣང་བ་ལ་འཇིག་རྟེན་གྱི་ཐ་སྙད་འདོགས་པས་མེད་པ་ཡང་མ་ཡིན་ནོ།། ལྟ་བའི་གནས་ཀྱང་མ་ཡིན་ཏེ། དངོས་པོའི་ངོ་བོར་ཡོངས་སུ་མ་གྲུབ་པ་ཉིད་དོ།། དག་པ་ཡང་མ་ཡིན་ཏེ། ་སྔོན་མ་དག་པ་ལས་ཕྱིས་དག་པར་འགྱུར་བ་མ་ཡིན་པ་ནི་སེམས་ཅན་ཅིག་ལ་དག་པ་དང་། མ་དག་པ་ནི་ཡོངས་སུ་བརྟགས་པ་ཙམ་ཡིན་ཞེས་བྱའོ།། དེའི་སྤྱད་པ་འཇུག་པ་ཙམ་ཡང་མེད་དེ། ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ།། དེ ་བཞིན་དུ་འཇུག་པ་དང་འཇུག་པ་མེད་པ་ཞིག་པ་ནི་འཇུག་པའོ།། བཟོད་ནས་ཞི་བ་ནི་འཇུག་པའི་ངོ་བོ་མེད་པ་འམ་སྒྲུབ་པར་བྱེད་པའོ།། སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས་ཞེས་བྱ་བ་ལ། སྐྱེ་བ་མེད་པ་ནི་ཞི་བའི་གོ་འཕང་ངོ་།། སྐྱེ་བ་ནི་ཉེས ་པ་ཐམས་ཅད་ཀྱི་གནས་ཡིན་པ་ཉིད་དང་། རབ་ཏུ་མ་ཞི་བ་ཉིད་དོ།། དེའི་ཕྱིར་མཚན་མ་ཐམས་ཅད་དང་བྲལ་བའི་གནས་ཡིན་ནོ།། བདེ་གཤེགས་སྤྱོད་ཡུལ་ཞེས་བྱ་བ་ནི་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་ལྟ་བུའི་རབ ་ཏུ་ཞི་བ་དང་། སྟོང་པ་ཉིད་ངེས་པར་རྟོགས་པས་སངས་རྒྱས་ཀྱི་ཡོན་ཏནི་དྲི་མ་མེད་པ་བསྙེངས་པ་མེད་པའི་སྟོབས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཡེ་ཤེས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་རྣམ་པར་དག་པ ་རྣམས་འབད་པ་མེད་པ་འབྱུང་བར་འགྱུར་རོ།། མངོན་པར་ཤེས་པ་རྣམ་པར་རྩེ་ཞིང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་ཡང་འབད་པ་མེད་པ་ཉིད་དུ་འབྱུང་བར་འགྱུར་ཞེས་བྱའོ།། འགྲོ་བ་དང་འཇུག་མེད་མཁས་པའི་ཆོས་ཀྱིས་འགྲོས་ཞེས ་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་གར་ཡང་འགྲོ་བ་མེད་པས་མི་འགྲོ་སྟེ་ཞེས་བྱ་བ་དེ་བཞིན་ཉིད་ལ་འགྲོ་བ་དང་། འོང་བ་མེད་པ་ཉིད་ཀྱི་ཕྱིར་རོ།། དེ་འདྲའི་འགྲོ་བ་འགྲོ་མེད་ཅེས་བྱ་བ་ནི་ཆོས་ཉིད་ཀྱི་འགྲོས་ནི་མཁས་པས་ནན་ཏན ་གྱིས་རྟོགས་པར་བྱ་བ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པར་བྱ་བའོ།། དེ་དག་ཉིད་བརྟན་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ནི་གྲཝར་ཡང་མི་འགྲོ་སྟེ། ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང ་ཡང་དག་པའི་མཐོའ་དང་། སྟོང་པ་ཉིད་དང་། ཆོ་སྡེ་ཉིད་ཅེས་བྱ་བྱ་ནི་རྣམ་གྲངས་ཀྱི་སྒྱུ་བྱེས་འོ།། ལྕི་བ་ར་བཞི་ཉེ་བསྙེན་པའི་འགྲོས་ཞེས་བྱ་བ་ནི་བཟོད་མ་ནུས་སྐྱེ་བ་ཉིད་དོ།། རག་ཎྜཱི་ནི་ཐ་མའི་མཎྜའ་དང་བྲལ་པོའི་ཕྱིར་རོ།། ཉེ་བར་ནི་བ ་དབུས་མེད་པའི་ཕྱིར་རོ།། རྟག་ཏུ་དངོས་པོའི་རང་བཞིན་རྗེས་སུ་སོང་ཞེས་བྱ་བ་ནི་མི་གཡོ་བ་ཡོན་དུ་མཐོང་བར་དཀའ་བའི་གནས་ཏེ། བདེ་བར་གཤེགས་པའི་གོ་འཕང་ངོ་།། དེ་ལྟ་བུའི་གནས་དེ་ནི་ཚིགས་གིས་བརྗོད་པར་ནུས་པ་མ་ཡིན་ནོ།། ་དབྱངས་ཀྱིས་བཤད་ཀྱང་དབྱིངས་ཀྱིས་འཇུག་པ་མེད་ཅེས་བྱ་བ་ལ། དབྱངས་ཀྱི་སྒྲའི་ངོ་བོས་སྟོང་པ་ཉིད་ཡིན་པས་གང་ནས་ཀྱང་མ་འོངས་གར་ཡང་མི་འགྲོ། གང་ཡང་གནས་པ་མེད་པ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། ཆོས་ཉིད་ཀྱིས ་འགྲོས་ཏེ་འགྲོ་བ་ཁོ་ན་དབྱངས་ཀྱིས་འགྲོ་བ་ཡིན་ནོ།། འགྲོས་ཞེས་བྱ་བའི་སྒྲས་ཀྱང་འགྲོ་བསྟན་པར་མི་ནུས་ཏེ། སྒྲུབ་པ་པོ་དང་བསྒྲུབ་བྱའི་རང་བཞིན་མེད་པའི་རང་བཞིན་གཅིག་པ་ཉིད་ངོ་སྔོན་གྱིས་མཐའ་དང་། ཕྱི་མོའི་མཐའ་དང་དབུས་ཀྱི ་ངོ་བོ་དང་བྲལ་བ་ངེས་པར་རྟོག་པ་ནི་ཆོས་ཉིད་ཀྱི་འགྲོས་ཡིན་ནོ་ཞེས་བསྟན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཡིན་ནོ།། རྡུལ་བྲལ་རྣམ་པར་དག་པ་དོན་དམ་གནས།། སངས་རྒྱས་དེ ་ཉིད་ཡོད་ཅེས་མཱི་གསུངས་ལ།། དེ་ཉིད་རིག་པ་དྲི་ཉིད་མེད་མི་སྨྲ།། འོང་བར་གྱུར་པའི་མུ་སྟེགས་རྩོད་པར་བྱེད་ཅེས་བྱ་བ་ལ། རྡུལ་བྲལ་ནི་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བའོ།། རྣམ་པར་དག་པ་ནི་དྲི་མའི་བག་ཆགས་དང་བྲལ ་བའི་ཕྱིར་རོ།། ཞི་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ།། རྟོགས་དང་རློས་སེམས་མེད་པར་རབ་ཞི་གནས་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་གཟུགས་སུ་ཞི་བ་དེ་ལ་བརྟགས་པ་ཡོད་པ་མ་ཡིན་པས་ཡིད་ཀྱི་རྣམ་པར་རྟོགས་པས་ཀྱང་བརྟགས་པར ་ཨི་ནུས་པའོ།། དེ་ལྟ་བུའི་ཆོས་ཟབ་མོ་རྒྱལ་བ་སྟེ། བདུད་ལས་རྒྱལ་བས་སྟོན་པར་མཛད་པ་ཡིན་ནོ།། འདི་ལྔ་ཡི་གེ་སྤྱོང་པ་ཡང་མ་ཡིན་པས་སྟོན་པ་མེད་ན་ཡང་བསྟན་པའི་རྣམ་པའི་སྣང་བ་ཡང་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་རོ།། དེ ་ཞིན་དུ། རིན་ཆེན་ཆོས་རྣམས་རྡུལ་བྲལ་དོན་དམ་སྟོང་ཞེས་བྱ་བ་ལ། སྤྲོས་པ་མ་ལུས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ངོ་ཁོ་ན་ཉིད་ནི་དོན་དམ་པའོ།། ཞེས་སངས་རྒྱས་རྣམས་སྟོན་པར་མཛད་དོ།། རྒྱལ་པོ་བརྟན་བྱིན་གྱིས་ནི་དེའི་ཚེ་ཐོས ་ཞེས་བྱ་བ་ལ། རང་གི་ཕོ་བྲང་ན་གནས་བཞིན་དུ་ཆོས་བསྟན་པ་དེ་ཐོས་སོ་ཞེས་བྱ་བ་ལ། ཐོས་པ་དང་ལྡན་པའོ།། དེ་ནས་དགའ་བ་དང་། རབ་ཏུ་དགའ་བ་ཐོས་ནས་འཁོར་བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་དང་བཅོམ་ལྡན་འདས་ག་ཡ་བ་དེར་སོང་སྟེ ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞ་བསྔ་ལ་མགོ་བོསྣ་ཕྱག་འཚལ་ནས་ལག་པ་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ།། མིའི་བདག་པོའི་བསམ་པ་མཁྱེན་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན ་དོམ་པ་འདི་བཤད་དོ།། རང་བཞིན་གྱིས་སྟོང་པ་འདི་ཐོས་ནས་མིའི་བདག་པོ་དེ་ལ་དགའ་བ་དང་མཚུངས་པ་མེད་པ་སྐྱེ་བར་གྱུར་ཏོ།། འཕགས་པའི་དགའ་བ་ནི་ཟང་ཟིང་མེད་པའི་ཆོས་ཀྱི་དགའ་བའོ།། དེ་དགའ་བ་དང་། རབ་ཏུ་དགའ་བ་སྐྱེས་བྱས་གླིང ་བཞི་ལ་དབང་བའི་རྒྱལ་སྲིད་ཀྱི་དབང་ཕྱུག་རྩ་བཞིན་དུ་སྤངས་ནས་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར། རབ་ཏུ་བྱུང་བར་གྱུར་གྱི་འདོད་པའི་རྒྱུས་ནི་མ་ཡིན་ནོ།། བསམ་པ་མི་གཡོ་བྱང་ཆུབ་བ་ངེས་པས།། རྟག་ཏུ་སྟོང་པོའི་ཆོས་ལ ་རབ་གནས་ཏེ།། སངས་རྒྱ་སྭཱ་ས་ཡི་མཐར་ཐུག་རྟོགས་འགྱུར་ཞེས།། བསམ་པ་དགྲ་བསམ་རིབ་དྨོ་རབ་ཏུ་བྱུང་།། འཛུམྦུའི་གླིང་པའི་མི་དྲི་དག་ཐམས་ཅད་ཀླུང་དེའི་རྗེས་སྤུ་རབ་ཏུ་བྱུང་བར་གྱུར་ཏོ།། དེའི་ཚེ་སྟོབས་བཅུའི་ཡོན་ཏན་རྒྱ་ཆེ་སྟེ ་ཞེས་བྱ་བ་ལ། གུང་གི་ཚེ་མིའི་བདག་པོ་དང་ལྷན་ཅིག་ཐམས་ཅད་རབ་ཏུ་བྱུང་བར་གྱུར་པས་དེའི་ཚེ་བཅོམ་ལྡན་འདས་དགེ་སློང་དང་དགེ་སློང་མའི་འཁོར་གྱིས་བསྐོར་བར་གྱུར་ཏོ།། དེ་ལྟ་ན་ཆོས་གོས་དང་བསོད་སྙོམས་ལ་སོགས་པ་ཇི་ལྟར་འགྲུབ ་པར་འགྱུར་ཞེས་ཐེ་ཚོམ་ཟ་བ་གསལ་བའི་ཕྱིར།། དེའི་ཚེ་མ་རྨོས་མ་བཏབ་རྩི་འཁྲུངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། མ་རྨོས་ཤིང་མ་བཏབ་པ་ཉིད་དུ་རྩི་ཐམས་ཅད་ལྷའི་བདུད་རྩི་དང་འདྲ་བ་བསོད་ནམས་ལས་བྱུང་བར་གྱུར་ཏོ།། བྱིན་ལེན་བྱེད ་པ་དང་གཡོག་དང་བསྙེན་བཀུར་བ་ཡང་ལྷ་ལ་སོགས་པ་རྣམས་རྟག་ཏུ་ཉེ་བར་གནས་པར་གྱུར་ཏོ།། ཆོས་གོས་གསུམ་ཡང་ལེགས་པར་ཁ་དོག་སྦྱར་བ་ལེགས་པར་དྲུབས་པ། ལེགས་པར་བཅགས་པ་རྣམས་ཀྱི་ཀྱང ་བསོད་ནམས་ལས་བྱུང་ཞིང་གྲུབ་པར་གྱུར་ཏོ།། ཟང་པའི་དུས་ན་སེམས་ཅན་མང་པོ་དག་ཅེས་བྱ་བ་ལ་སོགས་པ་ལ། ཕྱི་མའི་དུས་ན་མི་མང་པོ་དག་ལོངས་སྤྱོད་ཆུང་ཞིང་དབུལ་བཞིན་དུ་ཁྱིམ་ལ་མངོན་པར་ཞེན་པ་དང་རབ་ཏུ་འབྱུང་བར་མི་ནུས་ལ། དེ ་དག་ལ་རྒྱལ་པོའི་ཆད་པས་ཁྲོ་བ་དང་། བརྡེག་པ་དང་། བསྔགས་པ་དང་། བཅིང་བ་དང་། གནོད་པ་རྣམ་པ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར་རོ།། དེ་ལྟ་ན་ཡང་འཁོར་བས་སྐྱོ་བར་མི་འགྱུར་ཞིང་བཟའ་བ་ཙམ་ཡང་རྙེད་པར་མི་འགྱུར་ན ་ནོར་བསགས་ཅིང་འབྱོར་པར་འགྱུར་བ་ལྟ་ག་ལ་ཡོད། ནོརེ་བསགས་པའི་རྒྱུ་བཟོའི་གནས་ཀྱི་ཆ་ལ་མཁས་པ་ཡང་མ་ཡིན་ནོ།། འདོད་ཆགས་དང་ཁོང་ཁྲོ་དང་། འདོད་པས་ཟིལ་གྱིས་མནན་པར་གྱུར་ན་ཡང་བདག་ཀྱང་སངས་རྒྱས་ཉིད་དུ་འགྱུར ་རོ།། ཞེས་སྨྲ་བར་བྱེད་ཅིང་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པའོ་བཙུན་པ་བྱང་ཆུབ་སྦྱོང་བ་སྟོན་ཞེས་སྨྲ་ཞེས་བྱ་བ་ནི་འདི་སྐད་དུ་བཙུན་པ་བྱང་ཆུབ་ཀྱི་སྤྱོད་པ་བདག་ལ་བསྟན་དུ་གསོལ། བདག་ཉན་པར་འཚལ་ལོ་ཞེས་ཀྱང་སྨྲ་བར་བྱེད་ཀྱང་ཆོས ་ཐོས་པའི་རྗེས་སུ་འཇུག་པ་ཡང་མ་ཡིན་ལ། གང་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོས་པ་དེ་ལ་ཡང་དགེ་པའི་བཤེས་གཉེན་གྱིས་འདུ་ཤེས་ཀྱང་མི་སྐྱེད་དོ།། དེ་དག་ཉིད་ལ་སླར་ཡང་ཁོང་ཁྲོ་བོ་རབ་ཏུ་བསྐྱེད་ནས་འཁྲུལ་བ་འཆོལ་བར་བྱེད་ཅིང་ཅིག ་ཏུ་སྐྱོན་སྨྲ་བ་ལ་གནས་པར་འགྱུར་རོ།། གཞོན་ནུ་ངའི་ཚིག་འདི་ཐོས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། ངའི་གསུང་ནི་ཐོས་ནས། དེ་དག་དང་ནི་སྟེན་པར་མ་བྱེད་ཅིག། བྱང་ཆུབ་འདོད་པ་རྣམས་ལ་སྦྱངས་པའི་ཡོན་ཏན་གྱིས་བསྔག་པ་བརྗོད་པར་བྱེད་ཀྱང ་བདག་ཉིད་ནན་ཏན་ཉམས་སུ་ལེན་པ་ལ་རྗེས་སུ་ཞུགས་པ་ནི་མ་ཡིན་ནོ།། ཚུལ་ཁྲིམས་རྣམ་པར་དག་པ་རྒྱགས་པ་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པ་དང་། བྲལ་བ་ནན་ཏན་སྙིང་པོར་བྱེད་པ་རྣམས་ལ་ནི་བྱང་ཆུབ་ཀྱང་རྙེ་པར་དཀའ་བ་མ་ཡིན་ན། ་ཏིང་ངེ་འཛིན་འདི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ།། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པ་ཡོན་ཏན་གྱི་སྒོ་ནས་བཅོམ་ལྡན་འདས་ཡིད་ལ་བྱ་བའོ།། ཞེས་བྱ་བར། འཆག་ཅང་འདུག་དང་འགྲེང་ཞིང་ཉལ་བ་དང་། མི་གང ་ཐུབ་པ་ཟླ་བ་དྲན་བྱེད་པ།། དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས།། དེ་ནི་རྒྱ་ཚར་མྱ་དྲན་འདས་པས་འགྱུར།། ཞེས་བྱ་བ་ལ། སྤྱོད་ལམ་གཞི་པོ་ཐམས་ཅད་དུ་རྗེས་སུ་དྲན་པར་བྱེད་པ་ནི་ངེས་པ་ཁོ་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ།། ཞེས ་གསུངས་པས་དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མཆོད་པའི་ཁྱད་པར་ཅན་གྱི་མཆོག་ཏུ་གུས་པ་དང་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ།། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག་ཅེས་བྱ་བ་ནི་ཕྱི་རོལ་གྱི་སྐུ་གཟུགས་ལ་ཕྱག་བྱ ་བ་དང་། བལྟ་བ་དང་། མཆོད་པས་བསོད་ནམས་བསགས་པར་བྱ་བའི་ཕྱིར་འབྱོར་པ་ཇི་ལྟ་བ་བཞིན་དུ་གསེར་དང་། དངུལ་དང་ཟངས་དང་། ས་ལས་བྱས་པ་ཡང་རུང་། མཛེས་པ། མཚན་གྱིས་ལེགས་པར་བརྒྱན་པ། བཟོ་ལེགས་པར་བྱས་པ་མདུན་དུ ་བཞུགས་སུ་གསོལ་བ་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་དང་། ཞལ་ཟས་སྣ་ཚོགས་ཀྱི་བཤོས་གཙང་གི་བྱེ་བྲག་གིས་མཆོད་པར་བྱའོ།། དེ་བཞིན་དུ་རས་བྱིས་ལ་སོགས་པར ་གཏོགས་པའི་རི་མོ་ལ་ཡང་མཆོད་པར་བྱའོ།། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ཞིང་དབེན་པར་གནས་པར་བྱའོ་ཞེས་བསྟན་པའི་ཕྱིར། རྟག་ཏུ་ནགས་ཁྱོད་དབེན་པ་བསྟེན་པར་གྱིས་ཞེས་བྱ་བ་ལ་སོགས་པ་ལ། གྲོང་དང་གྲོང་ཁྱེར་ལ ་སོགས་པ་ལ་ཞེན་པ་སྤངས་ནས་ནགས་དང་རིའི་ཕུག་དང་། སྨེན་ལྗོངས་ལ་སོགས་པར་གཅིག་པུ་གཉིས་སུ་མིང་བར་བསེ་རུ་ལྟར་གོནས་ལ། ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར་དགའ་བོས་རྟག་ཏུ་མཉམ་པར་བཞག་ན་ཏིང་ངེ་འཛིན ་མངོན་སུམ་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། ང་ནི་ཆོས་རྗེ་ཁྱོད་ནི་ང་ཡི་བུ།། ཞེས་བྱ་བ་ལ། ང་ནི་ཆོས་ཀྱི་རྗེ་ཡིན་ཁྱེད་རྣམས་ནི་ངའི་སྲས་ཆོས་ལས་སྐྱེས་པ་ཡིན་ནོ།། དེ་ལྟ་བས་ན་ཏིང་ངེ་འཛིན་ངེས་པར་གྲུབ་པར་འདོད་པས་ངའི ་རྗེས་སུ་བསླབ་པར་འདོད་པའི་ཕྱིར་ཞུམོ་པ་མེད་པའི་སེམས་ཀྱིས་འབད་པར་བྱ་སྟེ། ཇི་ལྟར་མིའི་བདག་པོ་བསྟན་པས་བྱིན་གྱིས་རྒྱལ་སྲིད་ཀྱི་དབང་ཕྱུག་སྤངས་ནས་རབ་ཏུ་བྱུང་སྟེ། རབ་ཏུ་བྱུང་ནས་ཀྱང་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར ་སྦྱོར་བར་གྱུར་པ་བཞིན་བྱའོ།། ཞེས་བྱ་བ་ལ། གང་མིའི་བདག་པོ་བསྟན་པས་བྱིན་ཞེས་བྱ་བ་བྱུང་བ་ཐོས་པ་དེ་གཞན་མ་ཡིན་ཏེ། དེ་ཉིད་དེའི་ཚེ་དེའི་དུས་ན་མིའི་བདག་པོ་བརྟན་པས་བྱིན་ཞེས་པར་གྱུར་ཏོ།། ངས་སངས་རྒྱས་དཔག་ཏུ ་མྱེད་པ་ལ་མཆོད་པ་བྱས་སྷོ།། ཚུལ་ཁྲིམས་བསྲུངས་སོ།། ཏིང་ངེ་འཛིན་མཆོག་འདི་རྗེས་སུ་ཚོལ་བའི་ཚེ་བུ་དང་། བུ་མོ་དང་། ཚུང་མ་དང་། རྣལ་སྲོད་ཀྱི་ལོངས་སྤྱོད་དང་། ལག་པ་དང་། རྐང་པ་དང་། མིག་དང་ཡན་ལག་གི་མཆོག་ལ ་སོགས་པ་ཡང་ཏིང་འཛིན་འདིའི་རྒྱུར་ཞུམ་པ་མེད་པའི་སེམས་ཀྱིས་སྦྱིན་པར་བཏང་ངོ་།། འབྲུ་དང་། ནོར་དང་། རིན་པོ་ཆེ་དང་། བྲན་པ་དང་། བྲན་མོ་དང་། ཡོངས་སུ་སྦྱོང་པའི་གཡོག་རྣམས་ཀྱང་གསོལ་བ་འདེབས་པ་རྣམས་ལ་བྱིན་ནོ།། དེ ་བཞིན་དུ་རྒྱུན་གྱི་བྱེ་བྲག་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དང་། གློས་ཀྱི་བྱེ་བྲག་ཤིན་ཏུ་ཕྲ་བ་སྲིན་བལ་གྱི་འདབ་མ་ལྟར་རེག་ནི་འཇམ་ཞིང་བདེ་བ་རྣམས་ཀྱང་ཏིང་ངེ་འཛིན་འདི་ཐོབ་པར་བྱ་བའི་ཕྱིར་བཏང་ངོ་།། ང་ཡིས་རྟ་དང་བྱ་ལང་ཤིང ་རྟ་ཚོགས་ཞེས་བྱ་བ་ལ་སོགས་པ་ཡི། ང་ཡིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བཏང་ཞེས་བྱ་བ་ནི་བྱིན་ནོ་ཞེས་ཐམས་ཅད་དུ་བལྟ་བར་བྱའོ།། སེམས་ཅན་སྡུག་བསྔལ་གང་དག་ངས་མཐོང་བ་དེ་དག་ངས་ནོར་གྱིས་བདེ་བར་བྱས་སོ།། ་ངས་སྔོན་སྐྱེད་སྨོས་ཚལ་ནི་མང་པོ་དྲག་བྱ་བ་ལ་སོགས་པས་ནི་ཕྱི་རོལ་གྱི་ཉེ་བར་འཁོ་བ་སྦྱིན་པོར་གསུངས་ཏེ། མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་བརྒྱན་པའི་སྐྱེད་མོས་ཚལ་དགའ་བའི་ཚལ་དང་འདྲ་བརྒྱ་སྟོང་དག་ཀྱང་སངས་རྒྱས་ཀྱི ་ཡོན་ཏན་མ་ལུས་པ་བསྡུས་པའི་ཏིང་ངེ་འཛིན་འདི་ཐོབ་པར་བྱ་བའི་ཕྱིར་བཏང་ངོ་།། གྲོང་དང་གྲོང་ཁྱེར་ཡུལ་འཁོར་གྲོང་འདབས་དང་། ཞེས་བྱ་བ་ལ་སོགས་པས་ནི་དབང་ཕྱུག་གི་ལོངས་སྤྱོད་བདག་གིར་བྱས་པའི་ལོངས་སྤྱོད་ཀྱི་དངོས་པོ ་རྣམས་ཡོངས་སུ་གཏོང་བའི་སྦྱིན་པ་གསུངས་ཏེ། གྲོང་དང་། གྲོང་ཁྱེར་དང་། ཚེང་འདུས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཉེ་བར་འཁོ་བ་ཐམས་ཅད་དང་ལྡན་པ་འབྱོར་པ་ཡང་དག་པར་བརྒྱན་པ་རྣམས་བྱིན་པས ་དེའི་ཚེ་དགའ་བ་དང་བདེ་བ་དཔེ་མེད་པ་རྗེས་སུ་མྱོང་ངོ་།། རི་རབ་ཚོད་ཙམ་རིན་ཆེན་སྣ་ཚོགས་རིན་ཐང་མེད་པའི་སའི་བཏིང་ན་གནས་པ་དང་། རྒྱལ་བའི་ཡོན་ཏན་བཞིན་དུ་བསགས་པའི་རིན་ཆེནི་ཕུང་པོ་དཔག་ཏུ་མེད་པ་དང་། རབ་ཏུ་གྲགས་པའི ་ནོར་བུའི་ཅོད་པན་རབ་ཏུ་མཛེས་པ་རྣམ་པ་གཞན་དག་ཀྱང་། སངས་རྒྱས་ཐོབ་ཕྱིར་འགྲོ་བ་མ་ལུས་ཡིད་འཕྲོག་རབ་ཏུ་གྲགས་པ་སྦྱིན་པར་སྦྱིན།། རིན་ཆེན་ཕུང་པོ་རི་རབ་མཉམ་པ་ཡང་།། ཆོས་དང་ཏིང་འཛིན་ཐོབ་ཕྱིར་ང་ཡིས་བྱིན།། རྙེད་པར་དཀའ་ཞིང ་བཏང་བར་དགའ་བ་ཡང་།། བྱང་ཆུབ་ཆེད་དུ་སྔོན་ཆད་ང་ཡིས་བཏང་།། ཤིན་ཏུ་དབུལ་བ་ངས་ནི་ཕྱུག་པོར་བྱས་ཞེས་བྱ་བ་ལ། དབུལ་པོ་གང་དག་ཕོངས་པར་གྱུར་པ་དེ་དག་ནི་ངས་ཕོངས་པ་མེད་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་བདེ་བ་དང་ལྡན ་པར་བྱས་སོ།། གང་གི་ཚེ་ང་ས་ཡི་བདག་པོར་གྱུར་ཅིང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པས་སྲོག་བསྔལ་བ་མགོན་མེད་པ་མཐོང་བར་གྱུར་པ་ནི་ཅིའི་ཕྱིར་འདི་ལྟར་སྡུག་བསྔལ་བར་གྱུར་ཅེས་འདྲ་བར་བྱེད་དོ།། ནོར་མེད་པས ་སོ་ཞེས་ཟེར་ན་དེ་དག་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་གཞག་ནས་དེ་དག་ལ་རྒྱལ་སྲིད་སྦྱིན་པར་བྱེད་དོ།། གཞོན་ནུ་ང་ཡིས་ངོ་མཚར་བྱས་པ་དང་ཞེས་བྱ་བ་ལ་སོགས་པ་ལོ། གང་ཡང་ང་ཡིས་ཏིང་ངེ་འཛིན་ཐོབ་པར་བྱ་བོའི་ཚད་དུ་སྡུག་བསྔལ ་ཉམས་སུ་མྱོང་བ་དེ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་བགྲང་བའི་སྦྱོར་བས་བགྲང་བར་ནུས་པ་མ་ཡིན་ནོ་ཞེས་བསྟན་ཏོ།། དེ་བཞིན་གཤེགས་པའི་སྤྱོད་པ་ལ་དང་བུ་མ་ཐོབ་པ་རྣམས་ཀྱིས་མཐར་ཐུག་པ་མ་རྙེད་ནས་ཐོས་ནས་སེམས་མྱོས་ཤིང ་མྱོས་པར་འགྱུར་རོ།། གཞོན་ནུ་ཁྱོད་ལ་ཤིན་ཏུ་བསྒོ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐུགས་རྗེ་ཅན་ནི་གཞན་མ་ཡིན་པར་གསུངས་པ་ཡིན་ནོ།། ངས་ཏིང་ངེ་འཛིན་འདི་འཚོལ་བ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི ་བྱང་ཆུབ་ཀྱི་བདེ་བ་ལ་དགོད་པར་བྱའོ།། ཞེས་བྱ་བ་ནས་ཏིང་ངེ་འཛིན་འདི་ཚོལ་བ་ན་སྡུག་བསྔལ་གྱི་ཁྱད་པར་དཔག་ཏུ་མེད་པ་ནཱ་ཉམས་སུ་མྱོང་ངོ་།། གང་གི་ཚེ་ངས་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་པ་ན་ང་ལ་སྒྲིབ་པ་མེད་པའི་ཡེ་ཤེས་སྐྱེས་པར་གྱུར ་ཏོ། ཡེ་ཤེས་དེས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་ངོ་།། ཚེ་འཕྲུལ་གྱི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་ཁྱད་པར་གྱིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས ་པ་རྣམས་མཐོང་ངོ་།། ཆོ་འཕྲུལ་གྱི་མངོན་པར་ཤེས་པའི་རྫུའི་སྦྲུལ་གྱི་ཁྱད་བུར་གྱིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ནི་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་ཉེ་བར་སོང་ནས་སྤྱི་བོས་ཕྱག་འཚལ་ཏེ། གུས་པ་དང་བཅས་པས་གསོལ ་བ་གདབ་པ་སྔོན་དུ་འགྲོ་བས་གལ་ཏེ་བདག་ལ་སྐབས་ཕྱེ་ན་སི་མོ་ཉི་དཔག་ཏུ་མེད་པ་མཆིས་པས་ཐེ་ཚོམ་འགའི་ཞིག་ཞུའོ།། དྲིན་པ་རྗེད་པ་མེད་པས་ཇི་ལྟར་ཐོས་པ་བཞིན་དུ་བཟུང་ནས་དེ་བཞིན་དུ་སེམས་ཅན་རྣམས་ལ་བདག་གི་བསྟན་པར་བགྱིའོ།། ་ཏིང་འཛིན་འདི་ཉིད་ལ་བདག་གིས་གཡོ་བ་མེད་པའི་བློ་གྲོས་འདི་ཉིད་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟར་རབ་ཏུ་བཞག་པར་བགྱིའོ།། གང་གིས་སྔོན་གྱི་དེ་བཞིན་གཤེགས་པ་དག་ཅེས་བྱ་བ་ལ་སོགས་པ་ལ། ཀཱང ་དག་སྔོན་དེ་བཞིན་གཤེགས་པ་མ་མཐོང་བ་དང་། མ་ཐོས་པ་དེ་དག་གི་ཏིང་ངེ་འཛིན་འདི་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་ཐད་ནས་ཆོས་བསྟན་པ་མ་ཐོས་པ་བསོད་ནམས་མ་བྱས་པ་དེ་དག་གིས་ཏི་ངེ་འཛིན་འདི ་ལ་རབ་ཏུ་དྲང་བའི་སེམས་བསྐྱེད་པ་དང་། དད་པར་བྱ་བ་དང་། མཉན་པ་དང་། མོས་པར་བྱ་བར་སླ་བ་མ་ཡིན་ནོ།། ཡང་གང་དག་སྔོན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་ནས་ཏིང་ངེ་འཛིན་འདི་ཐོས་པ་དེ་དག་ནི་ཆོས་ཟབ་མོ་འདི་ཐོས་པ་ང་ལི། ཀ་མི་དང ་པདང་བར་མི་འགྱུར་ཏེ། དེ་འཇོག་པ་ཆུང་ངུ་དང་། འབྱིང་དང་། ཆེན་པོ་མེད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་དེ་ནི་སྲས་ཐུགས་ལས་སྐྱེས་པ་ཉིད་དེ་དག་གི་དོན་དུ་ངས་ཏིང་ངེ་འཛིན་འདི་བྱ་དཀའ་བ་བརྒྱ་སྟོང་གིས་ཡང་དག་པར་བསྒྲུབས་པ་ཡིན་ནོ།། ཡང ་གང་གི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ལན་ཅིག་ཐོས་པ་དེ་ཡང་ངནཱ་སོང་དུ་ལྟུང་བའི་འཇིག་པ་ནམ་ཡང་ཡོད་བཱ་མ་ཡིན་ནོ།། མེ་ཁོམ་པ་བརྒྱད་སྤངས་པའི་དལ་པ་ཕུན་སུམ་ཚོགས་པ་འཐོབ་ཅང་ཐམས་ཅད་དུ་སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་དང་། ་ཆོས་ཐོ་བ་དང་མེ་འབྲལ་བའི་སེམས་ཀྱིས་སངས་རྒྱས་ཁྲག་ཁྲིག་ཤིན་ཏུ་མང་པོ་མཐོང་བ་སྟེ། གང་ཏིང་ངེ་འཛིན་འ་འན་པས་མངོན་སུམ་དུ་སངས་རྒྱས་རྣམས་མཐོང་བའོ།། རྒྱལ་བ་བྱམས་པ་གྲགས་པ་མཐའ་ལས་བཞིན་ཞེས་བྱ་བ་ལ་སོགས ་པ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པ་ངའི་རྗེས་ཐོགས་ཉིད་དུ་ངེས་པར་སངས་རྒྱས་ནས་སེམས་ཅན་མང་པོའི་དོན་གྱིས་ཤིག་ཅེས་ལུང་བསྟན་པ་བཞིན་དུ་བློ་གྲོས་མཐའ་ཡས་དེས་ནི་ང་ལུང་བསྟན་ཞེས་བྱ་བ་ལ་སོགས་པ ་ལ། གང་གི་ལག་ཏུ་ཏིང་ངེ་འཛིན་འདི་ཐོབ་པ་དེ་ཡང་དེ་བཞིན་དུ་རྒྱལྟ་བ་ཉིད་དུ་གྱུར་ནས་སེམས་ཅན་མ་ལུས་པའི་དོན་བྱེད་པར་འགྱུར་རོ།། ཞེས་བྱ་བའོ།། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། སྤོབས་པ་དང་། ལྡན་པར་འགྱུར་རོ།། མི་གང་ཏིང ་དེངེ་འཛིན་མཆོག་འདི་འཛིན་པ་ནི་ཞེས་བྱ་བ་ལ། ཏིང་ངེ་འཛིན་འདི་འཛིན་པ་དེ་ལ་ཡོན་ཏན་འདི་དག་འབྱུང་བར་འགྱུར་ཞིང་། ཡོན་ཏན་གཞན་ཡང་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས ་ཀྱིས་ཀྱང་མཆོད་པར་འགྱུར། སྲུང་བར་འགྱུར་རོ།། དུག་དང་མེ་དང་། མཚོན་དང་། ཆུ་ལ་སོགས་པས་ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། ནགས་ཁྲོད་དང་། རི་དང་སྨན་ལྗོངས་དང་ཁྲག་ཕུག་དག་ཏུ་ཅིག་ཏུ་གཉིས་སུ་མེད ་པར་འདུག་ན་ཡང་ཏིང་ངེ་འཛིན་གྱི་མཐུས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་རྣམས་ཀྱིས་བསྙེན་བཀུར་བྱེད་པར་འགྱུར་རོ།། ཡེ་ཤེས་དྲི་མ་མེད་པ། དཔག་ཏུ་མེད་པ། ཐོགས་པ་མེད་པསྡུ་དེ་བཞིན་གཤེགས་པའི་ཡོན་ཏན ་ཡོངས་སུ་སྒྲོགས་པར་བྱེད་པ་དང་། ཐོགས་པ་མེད་ཅིང་ཉམས་པ་མེད་པས་དཔག་ཏུ་མེད་པའི་ཐོས་པ་འཛིན་པའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ།། ཡེ་ཤེས་ཀྱི་སྒྲོན་མ་འཛིན་ཅིང་འཇིག་རྟེན་མ་ལུས་པའི་མི་ཤེས་པའི་ལིང་ཏོག་གི་རབ་རིབ་སེལ་བ་ལ ་མཁས་པར་འགྱུར་རོ།། ཏིང་ངེ་འཛིན་འདི་འཛིན་པའི་སྟོབས་ཀྱིས་འཇམ་པ་དང་། ཡིད་དུ་འོང་བ་དང་། རྣར་སྙན་པའི་ཚིག་གིས་འཁོར་གྱི་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་དགའ་བ་སྐྱེད་པར་ནུས་པ་ལྟར་བདུད་དང་མུ ་སྟེགས་པ་རྣམས་ཟིལ་གྱིས་གནོན་པའི་སེང་གེའི་སྒྲ་སྒྲོགས་པར་བྱེད་དོ།། མྲི་གང་ཏིང་ངེ་འཛིན་མཆོག་འདི་འཛིན་པ་དང་ཞེས་ཐམས་ཅད་དུ་སྦྱར་བུར་བྱའོ།། དེ་དག་སྨན་པ་དཔྱད་མཁན་འདྲ་བར་ཡང་ཞེས་བྱ་བ་ནི། ནང་མ་ལུས་པ་གསོ་བ་ལ་མཁས་པའི་སྨན ་པ་དཔྱད་མཁན་ཏེ། སྨན་སྟེར་བའི་དུས་ཚོང་བརྩི་བའི་སྐྱེས་བུའི་གནས་ལྟ་བུའི་དུས་ངེས་པར་བྱེད་པའི་སྨན་པའི་མཆོག་ཏུ་འགྱུར་བའོ།། མང་པོའི་རྟེན་དང་དཔུང་གཉེན་སྐྱབས་སུ་འགྱུར་ཞེས་བྱ་བ་ལ། ལམོ་ཉེ་བར་བསྟན་པ་ནི་འགྲོ་བའོ།། སྐྱོན་ཐམས་ཅད ་ཀྱིས་གནོད་པ་དང་བྲལ་བའི་གནས་སུ་གྱུར་པ་ནི་རྟེན་ནོ།། འཁོར་བས་འཇིགས་ཤིང་སྐྲག་པའི་འཇིགས་པ་སེལ་བས་དཔུང་གཉེན་དང་། སྐྱབས་སུ་འགྱུར་རོ།། སྣང་བར་གྱུར་པ་ནི་མི་ཤེས་པའི་མུན་པ་སེལ་བའོ།། ཐམས་ཅད་དུ་མཚན་མ་ཐམས་ཅད ་ཡིད་ལ་བྱེད་པ་དང་བྲལ་བའི་ཕྱིར། རྟག་ཏུ་མཉམ་པར་གཞག་པར་འགྱུར་རོ།། ཐ་མལ་པ་མ་ཡིན་པའི་མིག་ཐོབ་པར་འགྱུར་རོ།། ཡན་ལག་བརྒྱད་ཅུ་དང་ལྡན་པའི་གསུང་གི་དཀྱིལ་འཁོར་གྱིས་བརྒྱན་པའི་ཚངས་པའི་དབྱངས་ཐོབ་པར་འགྱུར་རོ།། ་ཟས་ལ་ཡིད་ཀྱང་ཆགས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ལ་མངོན་པར་དགའ་བའི་ཕྱིར། ཟས་ལ་ཞེན་པ་ཆེ་བར་མི་འགྱུར་རོ།། ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་ལ་སེམས་ཆགས་པར་མི་འགྱུར་རོ།། ་བདག་ཉིད་ལ་བསྟོད་པ་དང་། གཞན་ལ་མི་སྙན་པར་བརྗོད་པས་རྗེས་སུ་ཚུགས་པ་དང་། ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ།། རྟག་ཏུ་བསམ་གཏན་ལ་དགའ་ཕྲ་བའི་སེམས་ཞེས་བྱ་བ་ནི་རྟག་ཏུ་བསམ་གཏན་ལ་མངོན་པར་དགའ་བའི་སེམས ་ཕྲ་མོ་ཉིད་རྟག་ཏུ་འགྱུར་བའོ།། གཞན་གྱི་འཁྲུལ་པ་ཚིལ་བར་ཡང་མི་བྱེད་ཅིང་དེ་ལ་ལྟ་བར་ཡང་མི་བྱེད་དེ། བདག་ཉིད་ཀྱིས་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་ལ་ངེས་པར་རྟོག་པ་ལ་ཞུགས་པའི་ཕྱིར་རོ།། སྤྱོད་པ་ཡོངས་སུ་དག་སེམས ་ལ་ཉོན་མོངས་མེད་ཅེས་བྱ་བ་ནི་སེམས་ཀྱི་རྒྱུད་ཏིང་ངེ་འཛིན་བསྒོམ་པས་བསྒོས་པའི་ཕྱིར་ལུས་དང་། ངག་དང་། ཡིད་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་ཡིན་ནོ།། སེམས་སྐྱ་དང་གཡོ་སྤངས་པ་ཡིན། ཐར་པ་བསྒོམ་པ་དང་མངོན་པར་དགའ་བ ་ཡིན་སེར་སྣ་དང་བྲལ་ཞིང་སྦྱིན་པ་ལ་དགའ་བ་ཡིན། ཚུལ་ཁྲིམས་དང་ཡང་དག་པར་ལྡན་པ་ཡིན། བྱང་བཞིན་བཟང་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་པ་རྒྱན་པར་འགྱུར་རོ།། ཡན་ལག་ཐམས་ཅད་ཡོངས་སུ་མཛེས་པས ་སྐུ་བལྟ་བས་མི་ངོམས་པར་འགྱུར་རོ།། ཚངས་པ་དང་། དབང་པོ་དང་། དྲག་པོ་ལ་སོགས་པ་རྣམས་ཀྱང་གཡོག་བཞིན་དུ་བཀའ་ཉན་ཅིང་། རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ།། ངན་འགྲོར་ལྟུང་བའི་འཇིགས་པ་མ་ལུས་པ་དང་བྲལ་བ ་ཡིན་ནོ།། ཟབ་མོའི་ཆོས་ཐོས་ཤིང་གོམས་པར་བྱས་པའི་བློ་གྲོས་དང་ལྡན་པའི་ཕྱིར། སངས་རྒྱས་ཀྱིས་ཆོས་རྣམས་ལ་སོམ་ཉི་མེད་པ་ཡིན་ཞེས་བྱའོ།། གཟུངས་ཐོབ་པ་ཡིན་ནོ།། གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་ཡང་དེ་བཞིན ་གཤེགས་པ་འོད་དཔག་ཏུ་མེད་པ་འདོད་ཆགས་དང་བྲལ་བའི་དགེ་འདུན་གྱིས་འཁོར་དུ་མས་ཡོངས་སུ་བསྐོར་བ་མཐོང་བར་འགྱུར་བའོ།། རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ ་པ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་འགྲོ་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བཅུ་ཡང་ཏིང་ངེ་འཛིན་འདི་ཐོབ་པ་ནི་འབད་པ་མེད་པར་ཐོབ་པར་འགྱུར་རོ།། ་དེ་བཞིན་དུ་དབང་བཅུ་པོ་ཆེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་པོ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཆོས་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡས་ལ ་བ་རབ་ཏུ་ཐོབ་པར་འགྱུར་རོ།། མི་གང་ཞིག་ཏིང་ངེ་འཛིན་འདི་འཛིན་པ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ།། སེམས་ཅན་ཐམས་ཅད་བཅོམ་ལྡན་སྙིང་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ ་ཐུགས་རྗེ་ཅན་དུ་གྱུར་ལ། དེ་བཞིན་གཤེགས་པ་དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུཾ་མཱཾ་ལ་ལ་ཞིག་གིས་བསྐལ་པ་གང་གཱ་ཀླུང་གི་བྱེ་མ་སྙེད་དུ་གུས་པར་བྱས། བསྙེན་བཀུར་དུ་བྱས། ཉེ་བར་འཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས ་མཆོད་པར་བྱས་ལ། དད་པ་ཅན་གང་ཞིག་གིས་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་ངོ་།། ཞེས་ཚིག་ཏུ་བརྗོད་པར་བྱེད་ན་རིགས་ཀྱི་བུ་སྔ་མ་དེའི་བསོད་ནམས་ཀྱི་ཕུང་པོ་དེ་བས་རྗེས་སུ་ཡི་རང་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ ་བྱས་རྗེས་སུ་ཡི་རང་བ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་བར་ཤེས་པར་བྱའོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཉིད་ཚད་མ་ཡིན་གྱིས། གཞན་ནི་ཚད་མའི་ཡུལ་མ་ཡིན་པའི་ཕྱིར་རོ།། སངས་རྒྱས་བདག ་ཉིད་ལས་བྱུང་ཡེ་ཤེས་མེའི།། འོད་ཟེར་དམར་སེར་སྟེང་དུ་འཕྲོས་པར་གྱུར་པ་ཡིས།། སྲེད་པ་གསུམ་པོ་སྐད་ཅིག་ཙམ་གྱིས་ཐལ་བར་བྱས།། གཟི་བརྗིད་ཅན་གྱིས་འོད་ཅེས་སངས་རྒྱས་གསུངས།། གཟོ་བརྗིད་ཚོགས་ཀྱི་རྒྱལ་པོ ་ལེའུ་སྟེ་སུམ་ཅུ་པའི་འགྲེལ་པ་རྫོགས་སོ།། །། ཕན་ཡོན་གྱིས་ལེའུ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ ་སེམས་དཔའ་གང་ཅི་ནས་བདག་སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ཤེས་པས་ཆོས་སྟོན་ཏོ།། ཞེས་བྱ་བ་ལ་སོགས་པ་ལ། སྙམ་པའི་ཞེས་བྱ་བ་ནི་མངོན་པར་འདོད་པས་སོ།། ཅི་ནས་ཀྱང་བདག་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྟེ་ཐ ་མལ་པའི་བརྡའོ།། སྐད་ནི་ཐ་སྙད་ཀྱི་ཁྱད་པར་སྒྲུབ་པར་བྱེད་པའི་ཚིག་གོ། དབང་པོ་མཆོག་དང་མཆོག་མ་ཡིན་པ་རྟོགས་ཤིང་བརྡའ་དེ་དང་དེས་ཀུན་རྫོབ་ཏུ་ཐ་སྙད་དུ་བྱེད་དེ། ཆུང་ངུ་དང་། འབྲིང་དང་། མཆོག་གི་དབང་པོ་དང་། བསམ་པའི་ཁྱད ་པར་རིག་ནས་གང་དང་གང་འདོད་པ་དེ་ལ་ཆོས་བསྟན་པའི་ཕྱིར། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང ་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་མཁྱེན་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པ་ནི་ཏིང་ངེ་འཛིན་འདི་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། ཚིགས་སུ་བཅད་པས་ཕན ་ཡོན་རྒྱ་ཆེར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་འདས་པའི་འདྲེན་པ་ཚད་མེད་པ་རྣམས་ཀྱང་མཐོང་ཞེས་བྱ་བ་ནི་གཞན་དག་ལ་ཏིང་ངེ་འཛིན་ཐོས་པ་མེད་པས་འདས་པའི་དེ་བཞིན་གཤེགས ་པ་དཔག་ཏུ་མེད་པ་དེ་དག་ལ་ཐེ་ཚོམས་ཐམས་ཅད་བཅད་པའི་ཕྱིར། མཐོང་བ་དང་དྲིས་པའི་དག་པའི་རྩ་བ་རབ་མཆོག་རབ་ཏུ་གན་པས་ཏིང་ངེ་འཛིན་འདི་ལ་མོས་ཤིང་འདོད་ན་གཟུང་བར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར ་བསྟན་པར་བྱ་བའི་བར་དུ་བལྟ་བར་བྱའོ།། ལྷ་དང་མིའི་བདེ་བ་གྱོ་ནོམ་རྙེད་པར་འགྱུར་ཞེས་བྱ་བ་ནི་བསོད་ནམས་ཀྱི་མཐུས་ལྷ་དང་མིའི་བདེ་བ་གྱ་ནོམ་པ་ཉོན་མོངས་པས་མ་གོས་པས་མཆོད་པར་ཡང་འགྱུར་རོ།། ལྷ་རྣམས་ཀྱིས་དབང་པོ་ཡང་། མིའི ་རྒྱལ་པོ་ཡང་རབ་ཏུ་ཐོབ་པར་འགྱུར་རོ།། མི་ཟད་པའི་བསམ་གཏན་གྱི་བདེ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ།། བསྔགས་པ་རྒྱ་ཆེར་ཐོས་ཀྱང་དེ་ནི་དགའ་མི་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་རྗེས་སུ་མ་གོས་པར་བསྟན་པ་ཡིན་ནོ།། ་དགེ་ཞིང་གཉེན་པར་སྨྲ་ལ་འཇམ་པའི་ཚིག་དང་ལྡན་ཞེས་བྱ་བ་ནི་ཐམས་ཅད་དུ་འཇམ་པའི་ཚིག་དང་ལྡན་པ་དང་། ཁྲོ་གཉེར་མེད་པ་དང་། བཞིན་འཛུམ་པ་དང་ལྡན་པ་དང་། འགྲོགས་ན་བདེ་བ་དང་། ཚུལ་ཁྲིམས་ལེགས་པར་བསྡམས་པ་ཉིད་དོ།། ་མཛའ་བའི་སེམས་སུ་འགྱུར་བ་ནི་སྙིང་རྗེ་ཆེན་པོའི་རྩ་བས་བསྒོས་པའི་རྒྱུད་ཡིན་པའི་ཕྱིར་རོ།། འཐབ་པ་དང་། རྩོད་པ་མེད་པའི་གཏམ་བྱེད་པས་ན། སྤྲོས་པ་སྤངས་པ་དང་། བསམ་གཏན་གྱིས་བདེ་བས་གནས་པ་དང་། རབ་ཏུ་དགའ་བའི ་སེམས་དང་། དེས་ཤིང་གཉེན་པའི་སེམས་སུ་འགྱུར་རོ་ཞེས་བྱ་བ་ལོ་སོགས་པའོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པ་དང་། རྟག་ཏུ་མཉམ་པར་བཞག་པར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་རྣམས་ཀྱིས ་ཀྱང་རྟག་ཏུ་གུས་པར་རྗེས་སུ་འབྲང་ཞིང་སྲུང་བ་དང་སྦེད་པར་བྱེད་དོ།། འགྲོ་བ་མ་ལུས་པའི་ཡིད་འཕྲོག་ཅིང་ཡིད་དུ་འོང་བ་དབྱངས་དང་ཚངས་པའི་དབྱངས་དང་ལྡན་པར་འགྱུར་རོ།། ཐར་པར་འདོད་པ་ཏིང་ངེ་འཛིན་རྡུལ་བྲལ་འདི་འཛིན་ན། ཞེས་བྱ་བ ་ལ་སོགས་པ་ལ། ས་བཅུ་དང་། དབང་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡང་དག་པར་རྫོགས་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར། ་རོ། མ་ལུས་མདོ་སྡེ་ཡོན་ཏན་ཕུན་ཡོན་རྣམས།། ཏིང་འཛིན་རྒྱལ་པོའི་རྗེས་སུ་རབ་ཞུགས་པར།། སྔོན་གྱི་རྒྱལ་བ་ཀུན་གྱིས་དབྱངས་སུ་བསྒྲགས།། གཅིག་དྲང་དུ་མའི་རྣམ་རྟོག་སྣ་ཚོགས་སྤངས།། ཡོན་ཏན་དང་། ཕན་ཡོན་བསྟན་པའི ་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའི་འགྲེལ་པ་རྫོགས་སོ།། ། དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པར་བྱ་བའི་ལེའུ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པར་བྱ་སྙམ་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པར་འདོད་པས་མདོར་སྡུས་ན་ཆོས་ཐམས ་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་མཉན་པར་བྱ། བཟུང་བར་བྱ་ཞེས་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་ཞེས་བྱ་བའི་བར་ལ། སྟོང་པ་ཉིད་ནི་ཕྱི་དང་ནང་གི་བདག་ཉིད་ཅན ་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ།། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དང་མཉམ་པ་སྟེ། བཟོད་མོ་ནས་ཞི་བ་མ་སྐྱེས་པ་ཞེས་བྱ་བའོ།། སྤྲོས་པ་མེད་པ་ཉིད་མངོན་པར་རྟོགས་པ་ནི་བརྟགས་པས་རྣམ་པར་མ་སྤྲོས་པས་ནམ་སྤྲོས་པའོ།། མ ་སྤྲོས་པ་ནི་ལྷག་པ་མེད་པ་སྟེ། སྟོང་པ་ཉིད་ནི་ཏིང་ངེ་འཛིན་ཞེས་བྱ་ལ། ཏིང་ངེ་འཛིན་ཡོངས་སུ་ཤེས་པ་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ།། ཚིགས་སུ་བཅད་པས་ཡོན་ཏན་གྱི་སྒོ་ནས་རང་བཞིན་བསྟན་པར་བྱ་བའི་ཕྱིར། ་དོ་ལ་འདོད་ཆགས་སྡང་བ་མེད་ཅིང་ཞེ་སྡང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་བསྒོམས་པ་དང་ལྡན་པ་དེ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། སེར་སཱ་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི ་ཉོན་མོངས་པ་རྣམས་དྲན་པའི་སྤྱོད་ཡུལ་དུ་ཡང་མི་འགྱུར་རོ།། དེའི་ཕྱིར་གནོད་པ་མེད་དོ།། དེ་ནི་བདེ་གཤེགས་ཐུགས་སྲས་བསླབ་པ་ཡོད་མིན་འདོར་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ནི་ཤིན་ཏུ་བཟང་པོའི་སྤྱོད་པ་དང་ལྡན་པ ་བསྒོམ་པ་ལ་བརྟན་པའི་ཕྱིར་བདེ་བར་གཤེགས་པའི་བསླབ་པ་ཡོད་མི་འདོར་ཞེས་བྱ་བ་ནམ་ཡང་འདོར་བར་མི་བྱེད་དེ། ཅི་ནས་ཀྱང་འདོར་བར་མི་བྱེད་ཅེས་བྱ་བའི་དོན་ཏོ།། བུད་མེད་དབང་དུ་ནམ་ཡང་མི་འགྲོའོ།། དེ་བཞིན་གཤེགས་པའི ་བསྟན་པ་ལ་དགའ་བ་དང་། རབ་ཏུ་དགའ་བ་ཐོབ་པར་ཡང་འགྱུར་རོ།། ཆོས་ཀྱི་རང་བཞིན་ཚུལ་གྱི་རིགས་པ་གང་ཤེས་པ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གང་གིས་ཤེས་པ་དེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚི་ག་ཤེས་པ་སྟེ། ་མཁས་པ་ཡིན་ནོ།། དེ་དང་དེ་ནི་སངས་རྒྱས་མཐའ་ཡས་མུ་མེད་མཐོང་ཞེས་བྱ་བ་ནི་གང་དག་གི་ཆོས་ཀྱི་རང་བཞིན་དུ་ཇི་ལྟ་བ་བཞི་ནི་ཤེས་པ་དེས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་ལྷའི་མིག་གིས ་མཐོང་བར་འགྱུར་རོ།། གཟུངས་ཀྱི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་རོ།། རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པར་ཡང་འགྱུར་རོ་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་ངོ་བོ་དབྱེར་མེད་པར་རྟོགས་པའི ་ཕྱིར་རོ།། དེ་དང་དེ་ནི་སྨོན་པ་དཔྱད་ཤེས་བདེ་བ་སྦྱིན་པར་གྱུར་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དེ་ནི་སྨན་པའི་རྒྱལ་པོ་བླ་ན་མེད་པ་སྨན་པའི་མཆོག་ཏུ་འགྱུར་རོ་ཞེས་བྱ་སྟེ། མི་རི་གོས་པའི་རྒྱུ་ལས་བྱུང་བའི་ནང ་གསོ་བར་བྱེད་པའོ།། འཇིགས་ཚིགས་ལ་ལྟ་བའི་ཟུག་རྔུ་འབྱིན་པར་བྱེད་པའོ།། ཉོན་མོངས་པའི་ཚ་བས་གདུངས་པའི་སེམས་ཅན་མཐོང་ནས། ཏིང་ངེ་འཛིན་གྱི་སྨན་ཆེན་པོའི་བཏུང་བ་སྦྱོར་བ་བྱེད་པའོ།། སྡུག་བསྔལ་བ་རྣམས་བདེ་བར ་བྱེད་པའོ།། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་ནས་སྨོན་ལམ་གྱིས་སྟོབས་ཀྱིས་འཕངས་པས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཚུལ་ལ་ལེགས་པར་བསླབས་ཤིང་ཐམས་ཅད་དུ་སེམས་ཅན་ཐམས་ཅད ་རབ་ཏུ་གྲོལ་བར་བྱ་བའི་ཆོ་ག་ལ་མཁས་པས་བསམ་པ་དང་། ལྷག་པའི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་ཆོས་སྟོན་པས་བཏུལ་ནས་སངས་རྒྱས་ཉིད་ལ་རབ་ཏུ་འཇུག་གོ།། ཐམས་ཅད་ལ་ཆགས་པ་མེད་དོ།། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན ་གྱི་ངོ་བོ་ལ་མཁས་པའོ།། འཇིག་རྟེན་པའི་ཐ་སྙད་ཀྱིས་ཐ་སྙད་དུ་བྱེད་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་ཀྱང་མི་གོས་ཏེ། འཇིག་རྟེན་གྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ།། གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན ་ཤེས་པ་དེ་བཟོད་པའི་སྟོབས་ཀྱིས་ཡང་དག་པར་འཕགས་པ་སྟེ། རྡེག་པ་དང་། བསྡིགས་པ་དང་། ཁུ་ཚུར་དང་། ཐལ་ལྕག་དང་། མཚོན་བརྒྱབ་ཀྱང་སེམས་ཁྲོ་བ་དང་བྲལ་བ་ཡིན། ཡན་ལག་དང་ཉིང་ལག་བཅད་ཀྱང་བཞིན་འགྱུར་བ་མེད་པ ་ཡིན་ཏེ། བཟོད་པར་བྱ་བའི་དངོས་པོ་རྣམས་ཀྱི་རང་བཞིན་ལ་ངེས་པར་བརྟགས་པ་ན། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པར་རིག་པའི་ཕྱིར་རོ།། བདག་དང་གཞན་དུ་འདུ་ཤེས་པ་དང་བྲལ་བའི་ཕྱིར་རྟག་ཏུ་ལུས་དང་ངག་དང་ཡིད་རབ་ཏུ ་ཞི་བས་གནས་པར་འགྱུར་རོ།། དེ་དང་དེ་དག་ཆོས་ཀྱི་རང་བཞིན་དམ་པ་སྟོན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དང་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་ནས་རྟོགས་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་ཆོས་སྟོན་པར་བྱེད་ཅིང་སེམས ་ཅན་སླུ་བར་མི་བྱེད་དོ།། ཤེས་རབ་དང་སྙིང་རྗེ་དག་གིས་ཕྱིན་ཅི་མ་ལོག་པར་མངོན་པར་རྟོགས་པ་མངོན་དུ་འགྲོ་བས་སྨོན་ལམ་ཡོངས་སུ་རྫོགས་ནས་སེམས་ཅན་མ་ལུས་པ་ཉེ་བར་འཛིན་པར་འགྱུར་རོ།། དེ་དེ་རིང་པོར་མི་ཐོག་པར ་བླ་མེད་བྱང་ཆུབ་རེག་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་གང་དག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པའི་བསྒོམ་པ་ལ་མངོན་པར་སྦྱར་བ་དེ་དང་དེ་བྱང་ཆུབ་ལ་རེག ་པར་འགྱུར་ཏེ། དེ་མངོན་སུམ་དུ་བྱེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་ལ་སེམས་རབ་ཏུ་དད་བས་མཆོག་ཏུ་གྱུར་པ་འམ། ཆུང་བ་ཡང་རུང་སྦྱིན་པ་སྦྱིན་པར་བྱེད་དོ།། སྦྱིན་པ་དེའི་འབྲས་བུ་ཡང་སངས་རྒྱས་ཉིད་ཀྱི་མཐར་ཐུག་པར ་འགྱུར་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ།། དེ་དེ་མདོ་སྡེ་བྱེ་བ་མཐའ་ཡས་འཆང་བར་བྱེད་ཅེས་བྱ་བ་ནི་སྤོབས་པ་དཔག་ཏུ་མེད་པ་དང་། ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་ཏེ། དེས་འཆད་པར་བྱེད་པ་ཡིན་ཞེས་བྱའོ།། ་ཆོས་ཀྱི་རང་བཞིན་ཞི་བ་གང་ཤེས་པ་ཞེས་བྱ་བ་ལ། བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་ཡེ་ཤེས་མངོན་པར་འཕགས་པས་རི་རབ་ལྟར་མི་གཡོ་བར་འགྱུར་ཏེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཞེས་བྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཆོས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ཉེ་བར་བཟུང་ནས། དེ་དག་ལས་རྐང་པ་ཙམ་ཡང་བརྗེད་པར་མི་འགྱུར་རོ།། ཆོས་དང་། མི་འཇིགས་པ་དང་། ཟང་ཟིང་དང་། བྱམས་པའི་སྦྱིན་བདག་ཏུ་གྱུར་ནས་སེམས་ཅན་ཐམས ་ཅད་ལ་བདེ་བ་སྟེར་བར་བྱེད་དེ། བཟའ་བ་དང་། བཏུང་བ་དང་། གོས་དང་། རིན་པོ་ཆེ་དང་། རྒྱན་དང་། མཛོད་དང་། བང་མཛོད་ལ་སོགས་པ་ཕྱི་དང་། ནང་གི་བདག་ཉིད་ཀྱི་དངོས་པོ་རྣམས་ལ་བལྟོས་པ ་མེད་པའི་སེམས་ཀྱིས་ཡོངས་སུ་གཏོང་བར་བྱེད་ཅིང་བསམས་བཞིན་དུ་འཛམྦུའི་གླིང་གི་དབང་ཕྱུག་གི་རྒྱལ་པོར་གྱུར་ནས་སེམས་ཅན་ཐམས་ཅད་སྦྱིན་པས་བསྡུས་ནས་ཆོས་ལ་སྦྱོར་བར་བྱེད་དོ།། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། ཚངས་པའི་གནས་བཞི་རྟག་ཏུ་རྗེས་སུ་གོམས་པར་བྱས་པས་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གྱུར་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་གང་ཡིན་པ་ཡང ་ཤེས་པར་འགྱུར་རོ།། དཔའ་བོ་བུ་དང་བུ་མོ་བྲན་དག་གཏོང་བར་བྱེད་ཅེས་བྱ་བ་ལ་སོགས་པ་ལ། ཡིད་དུ་འོང་བའི་བུ་སྡུག་པ་དང་། བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། བྲན་པོ་གཡོག་གིས་ལས་ཐམས་ཅད་ལ་མཁས་པ ་དང་། བྲན་མོ་སྒེག་པ་དང་། སྦྱིན་པ་བྱ་བ་རྣམས་ལ་མཁས་ཤིང་ཡིད་དུ་འོང་བ་དང་། ལག་པ་དང་། རྐང་པ་དང་། མིག་ལ་སོགས་པ་དང་། ཡན་ལག་གི་མཆོག་དང་། བདག་ཉིད་བལྟོས་པ་མེད་པའི་སེམས་ཀྱིས་བྱིན་ནོ།། གང ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པོར་བསྒོམས་པའི་བློ་ཅན་དེ་ཐམས་ཅད་བཏོང་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ཐམས་ཅད་གཏོང་ངོ་།། དེས་ནི་འདྲེན་པ་རྐང་གཉིས་གཙོ་བོ་མཆོད་པར་འགྱུར་ཞེས་བྱ་བ་ལ ་སོགས་པ་ལ་གང་དག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་ནས་སྒྲུབ་པ་ཕུན་སུམ་ཚོགས་པར་བྱེད་པ་དེས་དེ་བཞིན་གཤེགས་པཐམས་ཅད་སྒྲུབ་པའི་མཆོད་པས་མཆོད་པ་ཡིན་ནོ།། ཆོས་ཀྱི་རང་བཞིན ་སྟོང་པའི་ཚུལ་དུ་གང་རིག་པ།། དེ་ནི་མཁས་པ་བདེ་བར་གཤེགས་པའི་མཛོད་འཆང་ཡོན་ཞེས་བྱ་བ་ལ་སོགས་པ་ལི། དེ་ནི་བདེ་བར་གཤེགས་པའི་ཆོས་ཀྱི་ཕུང་པོའི་མཛོད་འཆང་བ་ཡིན་ཏེ། གཟུངས་རྣམ་པ་བཞི་ལ་རབ་ཏུ ་གནས་པ་ནི་རིང་པོར་མི་ཐོགས་པར་དེ་བཞིན་གཤེགས་པར་འགྱུར་རོ།། གང་དག་ཏིང་ངེ་འཛིན་རྒྱལ་པོའི་མདོ་འདི་ཟད་པའི་དུས་ཏེ། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་སུ་འཛིན་པ་དེ་དབང་པོ་ཉམས་པར་མི་འགྱུར་རོ།། ་མི་ཁོམ་པ་བརྒྱད་ཀྱི་ནང་དུ་ཡང་སྐྱེ་བར་མི་འགྱུར་ཏེ། དེ་དག་ནི་ཆོས་ཐོས་པ་མེད་པའི་ཕྱིར་རོ།། བདེ་འགྲོ་ལྷ་དང་མིར་སྐྱེས་ནས་གཟུགས་བཟང་ཞིང་མཛེས་པ་ལུས་མཚན་གྱི་བརྒྱན་ཅིང་མངོན་པར་ཤེས་པ་ལྔས་རྩེ་ལ་སངས་རྒྱས ་དཔག་ཏུ་མེད་པ་སྤྲུལ་པ་བྱེད་ཅིང་། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སོང་ནས་སངས་རྒྱས་ཀྱི་མཛད་པ་མཛད་ནས། ཡང་ཕྱིར་འོང་བར་བྱེད་དོ།། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་རྟོགས་ནས་དེ་ལྟ ་བུ་ཉིད་དུ་སྟོན་པར་བྱེད་དོ།། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཡོངས་སུ་དག་པའི་བློས་ཆོས་ཐམས་ཅད་ལ་དབང་ཐོབ་ཅིང་ཚངས་པའི་གནས་བཞི་ལ་གནས་ནས་ས་བཅུ་དང་། དབང་བཅུ་དང་། སྟོབས་དང་མི་འཇིགས་པ ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་སུ་འགྱུར་ཏེ།། ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཐོབ་པའི་ཕྱིར་ཞེས་བྱ་བས་སོ།། ང་སྔོན་བྱང་ཆུབ་སེམས་དཔར་གྱུར ་པ་ན་ཏིང་ངེ་འཛིན་ནི་བསྒོམས་སོ།། མང་དུ་བྱས་སོ།། བརྩོན་འགྲུས་ཉམས་པ་མེད་པ་དང་ལྡན་པའི་ཚེ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་མ་འོངས་པའི་དུས་ན་ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར ་རོ་ཞེས་ལུང་བསྟན་ཏོ།། མདོ་སྡེ་འདི་ལ་ཁྱེད་ཀྱང་དེའི་རྗེས་སུ་སློབས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་མི་དམིགས་པའི་སྦྱོར་བས་ངས་ཇི་ལྟར་ཏིང་ངེ་འཛིན་འདི་ལ་བསླབས་ནས་སེམས་ཅན་མ་ལུས ་པའི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་བསླབ་པར་བྱའོ་ཞེས་བྱ་བ་ཡིན་ནོ།། མདོ་སྡེ་རིན་པོ་ཆེ་འདི་ལ་མི་སློབ་པར་སྤངས་ནས་རྨོངས་པ་རྣམས་མནར་མེད་པར་གཞོལ་བར་འགྱུར་རོ།། དེ་ལྟ་བས་ན་བདག ་དང་གཞན་གྱི་དོན་བྱེད་པ་ལ་མཁས་པའི་བློ་གྲོས་ཅན་གྱི་བག་ཡོད་པར་བྱས་ལ་དམ་པའི་ཆོས་སྤོང་བའི་སེམས་རྨི་ལམ་དུ་ཡེང་བསྐྱེད་པར་མི་བྱའོ།། ཕྱི་མའི་དུས་ན་གང་དག་མདོ་སྡེ་རིན་པོ་ཆེ་འདི་འཛིན་པ་དེ་དག་ནི་ངེས་པར་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་པར་འགྱུར་རོ།། སེམས་ནི་དང་པོར་བྱང་ཆུབ་ལ་ནི་ངེས་བྱས་ནས།། སྟོང་པ་རྩོལ་བྲལ་དོན་དམ་ཡང་དག་ལྡན་པའི།། ངོ་བོ་ཉིད་ནི་ཡང་དག་རྟོགས་བྱས་ནས།། སྐྱེ་བ་མེད་པས་སྦྱིན་པ་ལ་སོགས་སྤྱོད་པ་སྤྱད།། ་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་འགྲེལ་པ་རྫོགས་སོ།། །། མདོ་སྡེ་འཛིན་པའི་ཕན་ཡོན་གྱི་ལེའུ་བསྟན་པར་བཞེད་ནས་དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་ཡོངས་སུ་སྦྱང་བར་བྱ་བ་བས་ཏིང་ངེ་འཛིན་མཉན་པར་བྱེ་གཟུང་བར་བྱ་ཞེས ་བྱ་བ་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་ཞེས་བྱ་བའི་བར་དུའོ།། ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་གང་ཞེས་ན། ཞེས་བྱ་བ་ནི་རང་ཉིད་ཀྱི་གཞན་གྱི་བསམ་པ་རབ་ཏུ་བསྟན ་ནས་ངེས་པར་བསྐྱེད་པའི་ཕྱིར་དྲིས་པ་ཡིན་ནོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉོ་བར་བསྟན་པའི་ཕྱིར་རོ།། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་ནི་གཟུང་བར་བྱ་བ་མེད་པའི་ཕྱིར་རོ།། མཆོག་ཏུ་མི་འཛིན་པ་ནི་འཛིན་པ་པོར་མཆོག་ཏུ། ་འཛིན་པ་མེད་པའི་ཕྱིར་རོ།། དེ་བཞིན་དུ་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་གཟུང་བ་དང་། འཛིན་པ་དང་བྲལ་བས་མི་བདེན་པ་ཉིད་དུ་བསྒྲུབས་ནས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་པོ་རང་བཞིན་མེད་པ་ཉིད་དུ་ཀུན། ་རིག་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕུང་པོར་མི་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་ཚུལ་ཁྲིམས་སོ།། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ།། འདིའི་དོན་དུ་ཚུལ་ཁྲིམས་བསྲུང་ངོ་ཞེས་བྱ་བའི་རྣམ་པར་རྟོག་པ་དང་། ་ལྡན་པའི་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་ཕུང་པོར་འགྱུར་རོ།། དེ་བཞིན་དུ་རྒྱུ་ས་མེད་པའི་ནི་ཏིང་ངེ་འཛིན་གྱི་ཕུང་པོ་སྟེ། འགྲོ་བ་དང་འོང་བ་མེད་པའི་ཕྱིར་རོ།། སྟོང་པ་ཉིད་མཐོང་བ་ནི་ཤེས། ་རབ་ཀྱི་ཕུང་པོའོ།། བདེན་པ་མཐོང་བ་ནི་རྣམ་པར་གྲོལ་བའི་ཕུང་པོ་སྟེ། དེ་བཞིན་ཉིད་མཐོང་བའོ།། ཡང་དག་པར་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་ཡེ་ཤེས་མཐོང་བའི་ཕུང་པོའི་སྟེ། ཐམས་ཅད་དམིགས་སུ་མེད ་པར་མཐོང་བའི་སྦྱོར་བ་དང་། སོ་སོར་རྟོགས་པའི་འགོག་པས་གཉིད་ཀྱི་ངོ་བོ་དང་བྲལ་བར་མཐོང་བའོ།། ཞེས་བྱའོ།། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པ་དེ་ནི་མངོན་པར་ཤེས་པ་སྟེ། གང་དག་མངོན་པར་ཤེས་པ ་དེ་དང་ཡང་དག་པར་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཏིང་ངེ་འཛིན་ཐམས་ཅད་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་རྣམ་པར་རྩེ་ཞིང་སེམས་ཅན་ཐམས་ཅད་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ན་ཡང་གང་ལ ་ཡང་མངོན་པར་ཞེན་པ་མེད་པ་དེ་ལ་ནི་ཆོས་ཐམས་ཅད་ལ་མངོན་པར་ཤེས་བྱ་ཆེན་པོ་བྱི་དོར་བྱས་པ་ཡིན་ནོ་ཞེས་བརྗོད་དོ།། ཚིགས་སུ་བཅུང་བས་རྒྱ་ཆེར་རག་ཏུ་བསྟན་པ་ནི་སྔ་མ་བཞིན་ནོ།། མངོན་ཤེས་ཆེན་པོ་ཡོངས་སྦྱངས་པ།། རྩོད་པ ་མེད་པར་བསྟན་པ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར། རྩོད་པར་བྱེད་པ་མེད་པས་རྩོད་པ་མེད་པའོ།། མངོན་ཤེས་དེའི་སྟེ། མངོན་སུམ་དུ་བྱེད་པའི་ཤེས་པ་ནི་ཤེས་རབ་སྟེ། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས ་བསམ་པ་ཐམས་ཅད་ལས་ཡང་དག་བྱར་འདས་པའོ།། འཛིན་པ་ལ་ནི་གང་གནས་བྱ།། དེ་ལ་ཡེ་ཤེས་ཡོད་མི་འགྱུར་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དངོས་པོར་འཛིན་བྱའི་འཇུག་པ་དེ་ལ་ཐམས ་ཅད་དུ་མི་འབྱུང་བ་ཞེས་བྱ་བའི་དོན་ཏོ།། གང་དག་སྒྲ་ཡིས་བསྟན་པ་ཡིན།། ཆོས་རྣམས་མང་པོ་བསྡམ་མི་ཁྱབ།། ཅེས་བྱ་བ་ནི་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་དགོས་པ་སྣ་ཚོགས་ཀྱིསྐུ་སྒྲ་སྣ་ཚོགས་སུ་སྟོན་པ་འོད་སྒྲ ་དེ་ལ་ཡང་གང་ཆགས་པ།། དགོངས་པའི་བཤད་པ་མི་ཤེས་སོ་ཞེས་བྱ་བ་ལ། སྒྲ་ཙམ་ཐོས་ནས། ཅི་ལ་དགོངས་ཏེ་བཤད་པ་ཡིས།། དགོངས་པ་དག་ནི་མི་ཤེས་པ་ཞེས་བྱ་བ་ལ། རྣམ་པར་དབྱེ་བའི་ནུས་པ་མེད་བཞིན་དུ་ཆོས་མ ་ཡིན་པ་ནི་ཆོས་སུ་བཱ་ཤྭད། ཆོས་ནི་ཆོས་མ་ཡིན་པར་བཤད་པར་བྱེད་དེ། དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་རྣམ་པ་མངོན་པར་ཤེས་པའི་དགེ་བའི་བཤེས་གཉེན་ལ་མ་བརྟེན་པ་ཉིད་དང་། དེ་བཞིན་གཤེགས་པའི་གསུང ་རབ་ལ་མ་བསླབ་པའི་ཕྱིར་རོ།། འཇིག་རྟེན་ཁམས་ནི་སྟོང་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེནི་ཁམས་ཐམས་ཅད་དུ་ངས་གདུལ་བྱ་སྣ་ཚོགས་ཀྱི་བསམ་པའི་དབང་གིས་སྐད་སྣ་ཚོགས་དང་། ཚིག་དང་། ཡི་གེ་སྣ་ཚོགས་ཀྱི ་ཐེག་པ་གསུམ་ལ་བཞུགས་པར་བྱ་བའི་ཕྱིར་མདོ་སྡེ་གང་དག་རབ་ཏུ་བཤད་པ་དེ་དག་ཐམས་ཅད་དོན་གཅིག་པ་སྟེ། སྟོང་པ་ཉིད་ཀྱི་དོན་ཏོ།། ཀུན་ཀྱང་མྱ་ངན་ལས་འདས་པ་ལ་གཞོལ་བའི་དོན་དཔག་ཏུ་མེད་ཅིང་མཐའ་མེད་པ་ཐམས་ཅད ་བརྗོད་པར་ནུས་པ་མ་ཡིན་ཏེ། ཡོངས་སུ་བརྗོད་པ་དང་། མཉན་པ་དང་། བསམ་པ་དང་། བསྒོམ་པའི་འབད་པ་རབ་ཏུ་མང་པོ་ལ་འཇུག་པ་ནི་ཤེས་རབ་ཆུང་བས་ནུས་པ་མ་ཡིན་ནོ་ཞེས་བྱ་བར། ཚིག་གཅིག་རྣམ ་པར་བསྒོམ་ན་ནི།། དེ་དག་ཐམས་ཅད་བསྒོམས་པར་འགྱུར་ཞེས་བྱ་བ་ལ། གང་གི་ཀུན་ཏུ་དངོས་པོ་གཅིག་ཉིད་མཐོང་།། དངོས་ཀུན་ངོ་བོ་དེ་ཡི་ཀུན་ཏུ་མཐོང་།། གཅིག་གི་སྟོང་ཉིད་གང་ཡིན་པ།། དེ་ནི་ཀུན་གྱི་སྟོང་པ་ཉིད།། ཆོས་ཀྱི་དབྱིངས་སུ་མ ་གཏོགས་པའི།། འདི་ལྟར་ཆོས་ཡོད་མ་ཡིན་པས་ཞེས་བྱ་བས་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་བསྒོམས་ན་དེ་ཐམས་ཅད་བསྒོམས་ཤིང་རྟོགས་པར་འགྱུར།། སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐད་ཀྱིས་ཆོས་མང་པོ་རབ་ཏུས ་པཐམས་ཅད་ཀྱི་དོན་ནི་བདག་མེད་པ་ཉིད་དོ།། བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་ནི་དོན་མ་ཡིན་པ་ཞེས་གང་གིས་ཤེས་ནས་གང་སངས་རྒྱས་ཀྱིས་ཆོས་ལ་ཞུགས་པ་དེ་ནི་དོན་ལ་མཁས་པ་སྟེ། དོན་གསལ་བ་ཡིན་ནོ།། དེ་ལྟར ་ཆོས་ཐམས་ཅད་བདག་མེད་པའི་ཚིག་འདི་བསླབ་པར་གྱུར་པ་ལ། སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། ཞེས་བྱ་བ་ལ། འདི་ནི་སངས་རྒྱས་ཉིད་ཐོབ་པའི་རྒྱུ་ཉིད་ཡིན། སངས་རྒྱས་ཀྱི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ།། གཞན་གྱིས་ནི ་རབ་ཏུ་རྙེད་པར་དཀའ་བ་མ་ཡིན་ནོ།། ཞེས་སྟོན་པར་འགྱུར་རོ།། ཆོས་ཀུན་སངས་རྒྱས་ཆོས་ཡིན་ཏེ། ཞེས་བྱ་བ་ལ་ཆོས་ཉིད་ཀྱི་ངོ་བོ་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ལས་མི་འདའ་བའོ་ཞེས་གང་ཆོས་ཉིད་འདི་ལས་མི་འདའ་བ ་སློབ་པ་དེ་ཆོས་ཉིད་དང་། འགལ་བར་ཡང་མི་བྱེད་དེ། གང་གི་ཕྱིར་སྟོང་པ་ཉིད་ནི་གང་དང་ཡང་འགལ་བ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ།། དེ་བཞིན་དུ་ཚིག ་ཀུན་ཀྱང་ནི་སངས་རྒྱས་ཀྱི་ཚིག་སྟེ། གང་གི་ཕྱིར་དངོས་པོ་མེད་པའི་ཚིག་བྱང་ཆུབ་དང་རབ་ཏུ་ལྡན་པ་སྟེ། འདུ་བྱེད་རྗེས་སུ་མེད་པའི་ཕྱིར་རོ།། ཕྱོགས་བཅུ་དྲུག་ན་བཙལ་ན་ཡང་ཞེས་བྱ་བ་ལ་སོགས་པ་ཡང་ཕྱོགས་བཅུ་པོ་ཐམས་ཅད་དུ ་སངས་རྒྱས་ཀྱི་ཚིག་ངོ་བོ་ཉིད་ཀྱིས་མྱེད་པས་དམིགས་པར་མི་འགྱུར་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལས་མི་གཏོགས་པའི་དངོས་པོའི་དོན་མེད་པའི་ཕྱིར་རོ།། གཟུགས་ལ་སོགས་པའི་རང་བཞིན་མེད་པ་ཉིད་ནི་སྔར་ཉིད་དུ་རབ་ཏུ ་བསྒྲུབས་ཟིན་ཏོ།། ཞེས་བྱ་བ་ཡིན་ནོ།། བླ་ན་མེད་པའི་དེ་བཞིན་གཤེགས་པའི་ཚིག་འདི་ནི་མ་རྙེད་དོ།། མི་རྙེད་དོ།། རྙེད་པར་མི་འགྱུར་རོ།། ཆོས་ཉིད་ཀྱི་ངོ་བོ་ཉིད་ལྔ་ནི་དུས་གསུམ་དུ་ཡང་འགྱུར་བ་མེད་པའི་ཕྱིར་རོ།། སངས་རྒྱས་ཚིག ་ནི་བླ་ན་མེད་ཅེས་བྱ་བ་ནི། གོང་ན་ལྷུག་པར་གྱུར་པར་མེད་པ་ནི་བླ་ན་མེད་པའོ།། ཕྲ་བ་ཞེས་བྱ་བ་ནི་ཆོས་མ་སྐྱེས་པའི་ཕྱིར་རོ།། དེ་ལྟ་ན་ཡང་བླ་ན་མེད་པ་ཞེས་བྱ་བའི་ཚིག་གིས་རབ་ཏུ་བསྟན་ཏོ།། ཆོས་ཐམས་ཅད་རྙེད་པ་མེད་པ་ནི་ཐོབ ་པ་མེད་པ་སྟེ། རྗེས་སུ་མ་རྙེད་པའོ།། རྙེད་ལ་ཡང་རྙེད་པ་མེད་ཅེས་བྱ་བ་ནི་མོ་གཤམ་གྱི་བུ་བཞིན་དུ་སྟེན་དོང་བརྟན་པོའི་ངོ་བོར་མེད་པའི་ཕྱིར་རོ།། ཞེས་བྱ་བ་ཡིན་ནོ།། དེ་ལྟར་ཆོས་རྣམས་གང་ཤེས་པ།། བྱང་ཆུབ་དམ་པ་རྟོགས ་པར་འགྱུར་ཞེས་བྱ་བ་ནི་གང་གིས་ཆོས་ཐམས་ཅད་མུ་སྐྱེས་པ། མ་འགགས་པ། རང་བཞིན་གྱིས་སྟོང་པར་ཡང་དག་པར་ཤེས་པ་སྟེ། དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས ་རྒྱས་པར་འགྱུར་རོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུའོ།། ཆོས་ཐམས་ཅད་ཀྱང་དེ་ལྟ་བུའི་རང་བཞིན་ནོ།། ཞེས་སངས་རྒྱས ་ཀྱི་ཆོས་རབ་ཏུ་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་རྟོགས་པར་བྱེད་ཅིང་གནས་ངན་ལེན་གྱི་སྤྲོས་པ་ཐམས་ཅད་དང་། བྲལ་བླའི་སངས་རྒྱས་ཀྱི་ཡེ་ཤེས་བློ་ན་མེད་པ་འཐོབ་བོ།། དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ངེས་པར་རྟོགས་པའི་བྱེང ་ཆུབ་སེམས་དཔའ་ནི་སངས་རྒྱས་ཞེས་བྱ་སྟེ། དྲོན་དམ་པར་རྟོགས་པ་དང་། རྟོགས་བྱ་དང་། རྟོགས་པ་པོའི་མི་དམིགས་པའི་ཡེ་ཤེས་ལ་བྱང་ཆུབ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ།། དངོས་པོ་མེད་པ་དང་། མཚན ་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྟེ། ཐབས་དང་སྒོ་ཞེས་བྱ་སྟེ། སངས་རྒྱས་ཉིད་དུ་འཇུག་པ་ལ་ཐབས་གཞན་ནི་མེད་དོ་ཞེས་བྱ་བའོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ལམ་ཕྱིན་ཅིམ ་ལོག་པའི་ལམ་ཡིན་ཞེས་བྱའོ།། མིག་དང་རྣ་བ་སྣ་དག་དང་། ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་ནས་རྩོང་བ་མེད་པའི་གནས་ལ་གནས་ཏེ། བློ་གྲོས་ངན་པ་དང་། ཐེ་ཚོམ ་དང་། ཡིད་གཉིས་དང་། བྲལ་བའི་བྱང་ཆུབ་ལ་སེམས་ཅན་རྣམས་འདུལ་བར་བྱེད་དོ།། ཚིག་དང་ཡི་གེ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར། སངས་རྒྱས་སྒྲས་ནི་གང་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས ་ཀྱི་སྒྲ་གང་ཡིན་པ་དེ་སངས་རྒྱས་ཀྱི་སྒོ་ཡིནྡ་ལ། སངས་རྒྱས་ཀྱི་སྒྲ་གང་ཡིན་པོ་དེ་ལ་ཚུལ་ཁྲིམས་ཀྱི་སྒྲ་ཞེས་བྱ་བ་གཉི་གྲིའི་སྒྲ་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། མུ་སྐྱེས་པའི་མཚན་ཉིད་ཅེས་བྱ་བའོ།། སངས་རྒྱས་ཀྱི་སྒྲ་དང་། ཚུལ ་ཁྲིམས་ཀྱི་སྒྲ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྲིད་སྒྲས་སྡུས་པ་དམན་པ་དང་། འབྲིང་བ་དང་། མཆོག་གིས་བསྔོས་པའི་དབྱེ་བས་ཐ་དད་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྒོ་དང་མཉམ་མོ་ཞེས་སྟོན་ཏོ།། ཇི་ལྟར་མཉམ་ཞེ་ན། གསུང་བ། ་ཡུལ་ན་མི་གནས། མཚམས་ན་མི་གནས། སྐྱེ་བ་མེད་པ། འགག་པ་མེད་པ། སྣ་ཚོགས་མ་ཡིན་པ། ཐ་དད་པ་མ་ཡིན་པ། འདས་པ་མ་ཡིན་པ། ད་ལྟར་བྱུང་བ་མ་ཡིན་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་ཁ་དོག་མ་ཡིན ་པ། ཆོས་ཐམས་ཅད་གཟུང་དུ་མེད་པ། བརྗོད་དུ་མེད་པའོ།། དེ་ལྟར་ན་ཡང་སྒྲས་བསྣན་ནོ།། སྒྲ་ཡང་མེད། སྒྲས་བསྟན་པྲ་ཡང་མེད། སྒྲ་སྟོན་པ་པོ་ཡང་མེད་དོ།། སྒྲ་ཐམས་ཅད་སངས་རྒྱས་ཀྱི་སྒྲ་དང་མཉམ་ཞེས་བྱའོ།། དབྱངས་ཀྱིས ་བསྟན་པའི་ཆོ་འཕྲུལ་གྱིས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཁམས་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་འགོད་པར་བྱེད་དོ།། ཞེས་བྱ་བའོ།། སེམས་ཅན་གང་ཡང་མྱ་ངན་ལས་འདས་པ་ལ་བཀོད་པ་ཡང ་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཕྱིར་རོ།། ཇི་ལྟར་ཉི་མ་ཟླ་བ་དག་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཆུ་དང་བའི་སྣོད་དུ་ཉི་མ་འམ་ཟླ་བའི་གཟུགས་བརྙན་གང་ཡང་རུང་བ ་མཐོང་བར་འགྱུར་ལ། དེ་དག་འདིར་འོངས་པ་ལ་ཡང་མ་ཡིན་ལ། གཟུགས་བརྙན་མི་སྣང་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་གདུལ་བྱའི་རྒྱུད་ཀྱི་ཆུ་དང་བ་ལ་སངས་རྒྱས་ཀྱི་ཟླ་བའི་གཟུགས་བརྙན་སྣང་བར་འགྱུར་ལ། སངས་རྒྱས་དེ་དག་གང ་ནས་ཀྱང་བྱོན་པ་མེད་ལ། གར་ཡང་བཞུད་པ་ཡང་མེད། གར་ཡང་གནས་པ་ཡང་མེད་ལ། གདུལ་བྱའི་རྒྱུད་ལ་མི་སྣང་བ་ཡང་མ་ཡིན་ནོ།། དེ་བཞིན་དུ་ཆོས་རྣམས་གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པར་གང་གིས་ཤེས་པ་དེས ་སངས་རྒྱས་བཅོམ་ལྡན་འདས་གཟུགས་ཀྱི་སྐུ་ལུས་དང་ལྡན་པར་མཐོང་བར་མི་འགྱུར་རོ།། གང་གིས་ལུས་མེད་པ་ཆོས་ཉིད་ཀྱི་བདག་ཉིད་དུ་གང་གིས་མཐོང་བ་ངེས་དེ་བཞིན་གཤེགས་པ་མཐོང་བ་ཡིན་ཏེ། གང་གི་ཕྱིར། རྫོགས་སངས ་རྒྱས་ཀྱི་ཆོས་ཀྱི་སྐུ།། ཆོས་དབྱིངས་མཉམ་དང་མི་མཉམ་པ་དང་། ཤེས་དང་ཤེས་བྱ་ལས་གྲོལ་བའི།། འདྲེན་པ་དེ་ཡི་མཐོང་བ་ཡིན།། དེ་ལྟརྱ་སངས་རྒྱས་མཐོང་བ་ཡིན།། གཞན་དུ་སངས་རྒྱས་མཐོང་མ་ཡིན།། གང་གིས་སངས ་རྒྱས་མ་མཐོང་བ།། དེ་ཡིས་ཆོས་ཉིད་མཐོང་མ་ཡིན།། རྟེན་ཅིང་སོ་སོར་བསྟན་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་བརྟེན་ནས་འབྱུང་ངོ་ཞེས་རྟེན་ཅིང་འབྲེལ་པོར་འབྱུང་བའི་དོན་སྟོན་པར་ཡིན་ཞེས་བྱའོ།། དགེ་སྦྱོང་ཉིད་ནི་སུ་འདོད་པ།། ་འཇུག་པ་འདི་ནི་རིགས་པར་གྱིས།། ཞེས་བྱ་བ་ནི་གང་ལ་བདག་གིས་དགེ་སྦྱོང་གི་འབྲས་བུ་ཐོབ་བོ་སྙམ་དུ་ང་རྒྱལ་ཡོད་པ་དེས་ཅི་ཡང་ཐོབ་པ་མེད་དེ། མངོན་པའི་ང་རྒྱལ་ཅན་ལ་ཆོས་ཉིད་ཀྱི་དྲི་ཁོ་ན་ཉིད་རྟོགས་པ་མེད་པའི་ཕྱིར་རོ།། གང་གིས ་ཐོབ་པར་བྱ་བ་དང་། ཐོབ་པ་པོ་མེད་པའི་ཕྱིར་དགེ་སྦྱོང་གི་འབྲས་བུ་མ་ཐོབ་པ་དེ་དགེ་སྦྱོང་ཞེས་བརྗོད་དོ།། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རྟོགས་པ་དེ་ནི་དགེ་སྦྱོང་དུ་འགྱུར་ཞིང་དགེ་སྦྱོང་གི་འབྲས་བུ་ཐོབ་ཅེས་བྱའོ།། སུཾ་དག་བསླབས་པར ་མ་གྱུར་པ།། ཟབ་མོའི་ཆོས་འདི་ག་ལ་སླུ་ཞེས་བྱ་བ་ལ། ཇི་ལྟར་ན་འདི་ལྟ་བུའི་ཆོས་ཟབ་མོ་འདི་ག་ལ་སྨྲ་སྟེ། ཚིག་གིས་ཇི་ལྟར་སྒྲུབ་པར་ནུས།། གང་དེ་སྐད་སྨྲ་བོ་དེས་བསྒྲུབས་པ་མ་ཡིན་ཏེ། གང་གི་ཕྱིར་ཟབ་མོའི་སྒྲས་ཚེས་དེ་ཉིད་ནི་སྒྲུབ ་པར་ནུས་པ་མ་ཡིན་པའི་ཕྱིར་རོ།། ཕུང་པོ་ལྔ་ནི་དངོས་མེད་དེ།། མེད་པ་ལས་ནི་འདི་དགུ་འཐུང་ཞེས་པ་སྟེ། འདི་ལ་འབྱིན་པ་པོ་ཡོད་པ་མ་ཡིན་ནོ།། གང་ཡང་ཀུན་ནས་སློང་བ་པོ་དེ་ནི་མི་བདེན་པ་ཡོངས་སུ་བརྟགས་པའོ།། དེ་ཡང་རྣམ་པར་བརྟགས་པ ་ནཱན་ན་མཁའི་པདྨ་དང་འདྲ་བ་བརྗོད་དུ་མེད་པའོ།། ཕུང་པོ་ལྔའི་མཚན་ཉིད་གང་ཡིན་པ་ཡོངས་སུ་བརྟགས་པའི་མཚན་ཉིད་དོ།། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་ལྟ་བུ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། ནམ་མཁའི་མ ་ཉིད་དོ།། ན་མཁའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའ་ལ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་དམིགས་པར་མི་འགྱུར་ཞིང་། ཐམས་ཅད ་མཁྱེན་པ་ཉིད་ཀྱིས་ཀྱང་དམིགས་པར་མི་འགྱུར་ཏེ། དེ་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ།། ཆོས་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་རང་བཞིན་དུ་དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན ་ཚིགས་སོ།། དེའི་ཕྱིར་ཆོས་ཀྱི་རང་བཞིན་འདི་ཉིད་ཡིན།། གཟུང་བ་མེད་པ་ན་མཁའ་འདྲ་ཞེས་གསུངས་པ་ཡིན་ནོ།། དེ་ལྟ་བུར་ནི་ཆོས་བསྟན་ཏེ་ཞེས་བྱ་བ་ནི་བསྟན་བྱ་དང་། སྟོན་པ་པོ་དང་། བསྟན་པ་དང་བྲལ་བ་ཡིན་ན་ཡང་གདུལ་བྱའི ་པའི་དབང་གིས་བསྟན་ཏོ་ཞེས་བརྗོད་པར་བྱེད་དོ།། སུ་དག་ཆོས་ནི་མི་མཐོང་བ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་བལྟ་བྱ་དང་། ལྟ་བ་པོ་དང་། ལྟ་བའི་ཆོས་ཐམས་ཅད་རྗེས་སུ་མི་དམིགས་པའི་སྦྱོར་བས་སྲིད་པ་རང་བཞིན་མེད་པར་བསྒོ། ་བདག་ཉིད་ཅན་གྱི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ།། ཞེས་བྱ་བའོ།། དེ་ལྟ་བུར་ནི་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་འདི་ལྟ་བུའི་ཆོས་ཀྱི་རང་བཞིན་མི་དམིགས་པར ་རྣལ་འབྱོར་པ་ནི་ཆོས་རྣམས་ལ་མི་ཆགས་པ་ཏེ། ཞེས་བྱ་བ་མངོན་པར་ཞེན་པར་མི་འགྱུར་རོ།། མ་ཚོགས་པར་གྱུར་པས་ཆོས་རྣམས་མེད་ཙམ་དུ་རྟོགས་སོ།། ཆོས་རྣམས་མིང་ཙམ་དུ་ཤེས་པས་སངས་རྒྱས་ཀྱི་ཆོས་རྣམས་ལ་རློམ ་སེམས་མི་བྱེད་དོ།། རློམ་སེམས་མེད་པས་སྔོན་གྱི་མཐོའ་དང་། ཕྱི་མའི་མཐའ་སྟོང་པ་ཉིད་དུ་རྟོགས་པར་འགྱུར་རོ།། སྔོན་གྱི་མཐའ་དང་། ཕྱེ་མའི་མཐའ་སྟོང་པ་ཉིན་དུ་སྟེས་པས་སྐྱོ་བ་མེད་པའི་ཆོས་ཀྱིས་སེམས་ཅན་གྱི ་ཁམས་མ་ལུས་པ་བླ་ན་མེད་པའི་སངས་རྒྱས་ཉིད་ཐོབ་པར་བྱའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ།། ན་མཁའ་ལ་ནི་བྱ་བ་རྗེས་བཞིན།། ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་མཁའ་ལ་བྱའི་རྗེས་བལྟ་བར་མི་ནུས་པ་དེ་བཞིན་དུ་བྱང ་ཆབ་སེམས་དཔའི་སྤྱོད་པ་དམྱིགས་པ་དང་བྲལ་བ་གནས་མེད་པ་ཡིན་པའི་ཕྱིར་ན་མཁའ་དང་། བྱ་རྗེས་དང་སྤྱོད་པ་དང་། བྱང་ཆུབ་འདི་དག་ཐམས་ཅད་རང་བཞིན་མེད་པའོ།། བྱང་ཆུབ་སེམས་དཔའ་ཡང་རང་བཞིན་མེད་པའོ།། རང ་བཞིན་མེད་པས་བྱང་ཆུབ་མངོན་པར་སངས་རྒྱས་ནས་སྤྲུལ་པའི་སྐུའི་གཟུགས་སྣ་ཚོགས་བསྟན་ནས་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་དགའ་བར་བྱེད་དེ། ཇི་ལྟར་སྒྱུ་མ་མཁན་གྱིས་སྔགས་དང་རྫས་ལ་སོགས་པའི་སྦྱོར་བས་གཟུགས ་སྣ་ཚོགས་པ་སྟོན་པར་བྱེད་ཀྱང་ཡོད་པ་མ་ཡིན་པ་བཞིན་དུ་སེམས་ཀྱིས་སྒྱུ་མ་ལ་ལེགས་པར་བསླབ་ཅེས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲའོ།། སྒྱུ་མ་ལ་ཡང་སེམས་མེད་ལ། སེམས་ལ་ཡང་སྒྱུ་མ་མེད་དོ། གཉི་ག་ཡང་ཡོངས ་སུ་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་བཞིན་ཆོས་རྣམས་སྟོང་པ་ལ།། བྱིས་པའི་བློ་ཡིས་རྣམ་རྟགས་ནས་ཞེས་བྱ་བ་ནི་བྱིས་པའི་བློ་ཅན་རྣམས་ཀྱི་རྣམ་པར་རྟོག་པས་བརྟགས་པའི་དགེ་པ་དང་། མི་དགེ་བའི་ལས་ཀྱི་ཞགས ་བའི་གཞན་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་གང་ཡིན་པ་རྣམས་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བས་ཉེ་བར་རྒྱས་པའི་འཁོར་བས་འཁོར་བར་འགྱུར་གྱི ་ཡོངས་སུ་གྲོལ་བར་མི་འགྱུར་རོ།། མི་སྦྱོར་བ་དང་རབ་སྦྱོར་དང་།། ལས་ཀྱིས་སྦྱོར་བ་གང་གནས་དང་། ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་དང་མི་ལྡན་པས་མི་སྦྱོར་བ་སྟེ། ཡང་དག་པར་མ་ཞུགས་པའོ།། ་ལས་ཀྱི་ལམ་ཙམ་ལ་གཅིག་ཏུ་གཞོལ་བས་ལས་ཀྱི་རྒྱ་མཚོར་ནུབ་ཅིང་ཁྱེར་པོ་དེ་དག་ནི་ཐ་མ་ས་ཅད་དུ་ལས་མ་ཟད་ཀྱི་བར་དུ་ཡང་དང་ཡང་དེ་དག་ན་སྐྱེ་བར་འགྱུར་ཞིང་འཆི་བར་འགྱུར་ཏེ། དེ་དག་ནི་བདུད་ཀྱི་ཕྱོགས་སུ་གནས་པ། བདུད་ཀྱིས་ཟིལ ་གྱིས་མནན་པའོ།། ཤེས་རབ་ཆུ་པ་དེ་དག་ཕྱིན་ཅི་ལོག་གི་ལས་ཀྱིས་བློས་བསྒོས་པ་ལས་སྣ་ཚོགས་བྱས་ནས་ལས་དང་རྗེས་སུ་མཐུན་པར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ།། བྱིས་པ་སོ་སོའི་སྐྱེ་བོ་དེ་དག་ནི་ལོང་བར་གྱུར་པ་སྟེ། ལམ ་མཐོང་བའི་ཡང་དག་པའི་ལྟ་བ་དང་བྲལ་བའི་ཕྱིར་རོ།། རྨོངས་པས་ཟིལ་གྱིས་མནན་ཅིང་ཁྲོ་བིས་ཟིལ་གྱིས་མནན་པས་ཕན་ཆེན་རྡོག་པར་བྱེད་དོ།། ངའི་བུ་ངའི་ནོར་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ལ། བདག་དང་བདག་གིར་སྒྲོ་བཏགས་ནས ་ཡོད་པ་མ་ཡིན་པ་ལ་བཏགས་པས་འཁོར་བ་འཕེལ་བར་བྱེད་པའི་སོ་སོའི་སྐྱེ་བོ་དེ་དག་འཁོར་བ་ན་འཁོར་རོ།། ལས་ཀྱི་དབང་གི་ས་སོ་སོར་སྐྱེ་བར་འགྱུར་བས་ན་སོ་སོའི་སྐྱེ་བོ་ཞེས་བྱའོ།། ཆོས་རྣམས་མང་པོ་རབ་ཏུ་འཆད་ཅེས་བྱ་བ་ལ་སོགས ་པ་ལ། ལྟ་བ་སྣ་ཚོགས་ལ་བརྟེན་ནས་ཆོས་སྣ་ཚོགས་རབ་ཏུ་འཆད་ཀྱང་ཆོས་སྟོན་པ་དེ་ཆོས་མ་ཡིན་ལ། དེ་དག་ཆོས་ཀྱི་འདུ་ཤེས་ཀྱི་འཇུག་པར་འགྱུར་ཞིང་། འཁོར་བ་ན་འཁོར་བར་འགྱུར་གྱི་ནམ་ཡང་གྲོལ་བར་མི་འགྱུར་ཏེ། གྲོལ་བའི་རྒྱུ ་དེ་བཞིན་གཤེགས་པའི་བསྟན་པ་ལ་མ་བརྟེན་པའི་ཕྱིར་རོ།། འདོད་པའི་ཕྱིར་ནི་བྱིས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ནི་འདོད་ཆགས་ཀྱི་རྒྱུ་ཡིན་ཡང་དེ་ལ་ཉེ་བར་བརྟགས་པ་ནི་ནང་ནི་རུལ་ལ་ཕྱི་རོལ་ནི་པགས་པས་གཡོགས་པ་སྡུག ་བསྔལ་གྱི་རྒྱུ་ཆེན་པོ་སྟེ། རུལ་བར་གྱུར་པ་ལ་འདོད་པོ་སྤེན་པར་བྱེད་པ་དེ་དག་ནི་འགྲོ་བ་རུལ་བར་འགྲོ་པོར་འགྱུར་རོ།། སངས་རྒྱས་རྣམས་ཀྱིས་འདོད་པ་དང་། བུད་མེད་བསྟེན་པ་མ་བསྔགས་སོ་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ལ་རབ་ཏུ་ཆགས ་པ་ནི་བྱང་ཆུབ་ཀྱི་ལམ་བསྒོམ་པ་ལ་རྒྱབ་ཀྱི་ཕྱོགས་པར་འགྱུར་ཏེ། བུད་མེད་ཀྱི་ཞགས་པ་མི་བཟང་པ་ནི་སྡིག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་སྦྲུལ་གདུག་པ་བཞིན་དུ་རིང་དུ་སྤོང་བར་བྱེད་ཅིང་བྱང་ཆུབ་ཀྱི་ལམ་བསྒོམ་པར་བྱེད་པ་ཉིད་ནི་སངས་རྒྱས ་ཉིད་དུ་འགྱུར་ཞེས་བྱ་སྟེ། རྒྱུ་མ་ཚང་བ་མེད་པ་ལ་ནན་ཏན་བྱས་ན་ཕུན་སུམ་ཚོགས་པའི་འབྲས་བུ་ཐོབ་པར་རིགས་སོ།། ཞེས་བྱ་བར་དགོངས་པའོ།། བླ་ན་མེད་པའི་ཡེ་ཤེས་ལེགས་པར་བསྒོམས་པ་དག་ནི། བླ་མེ་སངས་རྒྱས་འགྲུབ་པར ་འགྱུར་ཞེས་བྱ་བའོ།། གསོ་སྦྱོང་དང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་རབ་ཏུ་གནས་ནས་གཞན་དག་ཀྱང་དེ་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པའི་དོན་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི། བདུད་རྩིའི ་རྔ་ཡང་རབ་ཏུ་བརྡུང་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་བདུད་རྩི་སྦྱིན་པའི་རྔ་བོ་ཆེས་སེམས་ཅན་མ་ལུས་པ་ལ་ཐུན་མོངས་དུ་ཆོས་བསྟན་པའི་ཕྱིར་རྗེའི་སྒྲས་སྐུལ་བར་བྱེད་པའོ།། བདུད་ཀྱི་གནས་ཀྱང་གཡོ་བ་དང་། སྐྲག་པ་དང་། འཛགས་པ ་དག་པར་བསྟན་ནས་དབང་དུ་བྱས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་བྱེད་པའོ།། གཞན་མུ་སྟེགས་བྱེད་རྣམས་ཀྱང་རྩོད་པས་ཕན་པར་བྱས་ཤིང་ཟིལ་གྱིས་མནན་ཏེ་རང་གི་ལྟ་བ་འདོར་དུ ་བཅུག་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་པར་བྱེད། ས་ཡང་རབ་ཏུ་གཡོ་བར་བྱེད་ཅེས་བྱ་བ་ལ་སོགས་པ་སྟོན་པ་ལ། མངོན་པར་ཤེས་པ་ལྔ་ངེས་པར་བསྒྲུབས་ནས་རྫུ་འཕྲུལ་གྱིས་རྣམ་པར་རྩེ་ཞིང་། འབར་བ་དང་། ་ཆར་འབྲེབས་པ་དང་། སྣང་བར་བྱས་ནས་ཞིང་ཁམས་བྱེ་བ་གཡོ་བར་བྱེད་པ་དང་། བདུད་ཀྱི་དཀྱིལ་འཁོར་པ་རྣམས་སྐྲག་པ་ལ་སོགས་པ་སྟོན་པར་བྱེད་དོ།། དེ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་ཀྱང་འདུལ་བར་བྱེད་དོ་ཞེས་བྱ་བར་སྦྱར་རོ།། ་དེ་དག་ཞིང་རྣམས་སྤྲུལ་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ལྀ། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་ལྗོན་ཤིང་རྣམས་མེ་ཏོག་དང་འབྲས་བུ་དྲི་ཞིམ་ཞིང་མཛེས་པས་རྣམ་པར་བརྒྱན་པ་རྣམས་དང་། སེམས་ཅན་མ་ལུས་པའི་ཡོངས་སུ་སྤྱོད་པའི ་ཕྱིར་ཕོ་བྲང་དང་། ཁང་པ་བརྩེགས་མ་དང་། མདའ་ཡབ་དང་། གཅིང་ཁང་བྱུར་བུ་དང་། གནས་དང་། བཞོན་པ་དང་། ཁང་པ་ལ་སོགས་པ་རྣམས་ཉེ་བར་མཁྲོ་བ་ཐམས་ཅད་ཀྱིས་གྲང་བ་སྤྲུལ་ནས་སེམས་ཅན་མ་ལུས་པས་ལོངས་སྨད ་པོའི་ཕྱིར་སྦྱིན་པར་བྱེད་དོ།། རྫིང་བུ་ཡིད་དུ་འོང་བ་དག་ཅེས་བྱ་བ་ལ་སོགས་པ་ལ། ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ། སྲེད་པ་དང་། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་ཤིན་ཏུ་ཡིད་དུ་འོང་ཞིང་ཉམས་དགའ ་བ། གང་དག་གིས་ཆུ་དེ་ལ་འཐུངས་པ་དེ་དག་ཕྱིར་མི་ལྡོག་པར་འགྱུར་ཞིང་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་རོ།། དེའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཆོས་ལ་བདག་མེད་པ་ངེས་པར་རྟོགས་པའི་བྱང་ཆུབ ་སེམས་དཔའ་ནི་བླ་ན་མེད་པར་ཞུགས་པ། ཞི་བར་ཞུགས་པ། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞེས་བྱའོ།། འཇུག་པོ་འདི་ནི་མི་ཤེས་པས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་པ་དམིགས་པའི་ལྟ་བ་ཅན་བདག ་ཉིད་ཉམས་ཤིང་གཞན་དག་ཀྱང་འཕུང་བར་བྱེད་པ་དེ་དག་ནི་ཆོས་ཟབ་མོ་ལ་སྐུར་པ་བཏབ་ནས་མནུར་མེད་པའི་བར་དུ་འགྲོ་བར་འགྱུར་ཞིང་། དེར་ཡང་ཚོར་བ་དྲག་པོ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ།། ངས་ནི་དེ་དག་རབ་ཏུ་ཤེས་ཞེས་བྱ་ལ ་སོགས་པ་དང་། བཀོད་པ་དག་ནི་སྤྲུལ་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཆེ་བས་བདག་ཉིད་གསུངས་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་རྣམས་སུ་གཟུགས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པོ ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྟོན་པར་བྱེད་དོ།། ཆོས་ཆེན་གྱིས་ནི་གོ་བགོས་ཏེ་ཞེས་བྱ་བ་སེམས་ཅན་ཐམས་ཅད་སྐྱོབ་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་ཆེན་པོ་ནི་ཆོས་ཆེན་པོའོ།། སྙིང་རྗེ་ཆེན་པོའི་གོ་ཆ་དེ་བོགས་ནས་རྡོ་རྗེའི་སྐུ ་དཔའ་བོ་ཆེན་པོ། སྟོབས་པོ་ཆེ། ཁམས་གསུམ་གྱི་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པར་བྱེད་པའི་ཆེན་པོ་སྟོང་པ་ཉིད་ཀྱི་རྡོ་རྗེའི་སྟོབས་ཀྱིས་རབ་ཏུ་འདེབས་པ་ཞེས་བྱ་བའོ།། ཆེན་པོ་སྟོང་པ་ཉིད་ཀྱི་རྡོ་རྗེས་བདུད་དང་མུ་སྟེགས་ལ་སོགས་པའི ་སྟོབས་རྣམས་སྣང་བ་མེད་པར་བྱས་པས་ཇི་ལྟར་ཕྱིས་ལྡང་བར་མི་འགྱུར་བ་དེ་ལྟར་བྱེད་དོ།། འོད་ཟེར་བྱེ་བ་སྟོང་ཕྲག་དག་ཅེས་བྱ་བ་ལ་སོགས་པ་ལ། སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་བདུད་ཀྱི་གནས་མ་ལུས་པ ་སྣང་བ་མེད་པར་བྱེད་པའོ།། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་རྣམ་པར་སྤངས་པ་འདུ་ཤེས་དང་། ཀུན་ཏུ་རྟོག་པ་ཐམས་ཅད་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉེས་པ་རྣམས་སྟོང་པ་ཉིད་ལ ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ཀུན་ནས་བཅོམ་པའི་ཕྱིར་ཞེས་བྱ་བའོ།། དེ་དག་ལ་ནི་སྡིག་ཅན་འདུད།། བར་ཆད་བྱེད་པར་ག་ལ་འགྱུར། ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ལ་གནས་པ་ལ་བདུད་སྡིག་ཅན་གྱིས་ཀྱང་བར ་ཆུད་བྱ་བར་མི་ནུས་སོ།། ཞེས་བྱ་བའི་དོན་ཏོ།། གང་དག་ལྟ་བ་ཐམས་ཅད་ལྷོ་རབ་ཏུ་གནས་པ། འདྲིད་ཆགས་དང་ཞེ་སྡང་དང་།། གཏི་མུག་དང་། དྲེགས་པ་དང་། ང་རྒྱལ་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པའི་དབང་དུ་གྱུར་པ་དེ་དག ་ཉིད་བདུད་དང་བདུད་ཀྱི་ཕྱོགས་ལྷུང་བ་ཞེས་བྱའོ།། དེ་དག་ལ་བར་ཆད་བྱ་བའི་ཕྱིར་བདུད་འཇུག་པར་མི་འགྱུར་རོ།། དེའི་ཕྱིར་ལམ་དམ་པ་ནས་ཞུགས་པ་རྣམས་ལྔ་བདུད་པར་ཆད་བྱ་བའི་ཕྱིར་འཇུག་པར་འགྱུར་བས་སྟོང་པ་ཉིད་ཀྱི་རྡོ་རྗེས ་དེ་དག་ལ་རབ་ཏུ་དག་པ་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ།། རྣམ་རིག་ཚིག་དང་བརྡ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཚིག་དང་བརྡའི་ཐ་སྙད་སྣ་ཚོགས་ཀྱིས་སྒྱུ་མ་དང་སྤྲུལ་པ་བཞིན་དུ་བརྡ་ལ་ཡང་མངོན་པར་ཞེན་པ་མེད་པར ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། འདུ་ཤེས་འདི་ནི་སྤང་སྙམ་དུ་ཞེས་བྱ་བ་འདུ་ཤེས་ཀྱི་སྤྲོས་པ་ལ་སྤྱོད་པ་དེ་དག་འདུ་ཤེས་ལས་གྲོལ་བར་མི་འགྱུར་རོ།། གང་དག་སུ་ཡི་འདུ་ཤེས་ཡིན།། སུ་ཡིས་འདུ་ཤེས་བསྐྱེད། སུས་ནི་འདུ ་ཤེས་ལ་རེག། སུསུ་ནི་འདུ་ཤེས་འབྱུང་། གང་གིས་ནི་འདུ་ཤེས་བཀག་ཅེས་བྱ་བ་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པའོ་ཞེས་གང་གིས་ཤིས་པ་དེའི་འདུ་ཤེས་ཐམས་ཅད་རབ་ཏུ་སྤོང་བར་འགྱུར་རོ།། འདུ་ཤེས་ཀུན་ལས་རྣམ ་གྲོལ་བ། རྒྱལ་བའི་ཆོས་འདི་སྟོན་པའོ།། སྟོང་ཉིད་དེ་ཉིད་བསྒོམ་པ་ཡི།། ཆོས་ཀྱི་འདུ་ཤེས་ཀྱང་ཡོད་མིན།། གང་ཚེ་རྣམ་ཐར་རེག་པ་ན།། བསམ་པ་ཐམས་ཅད་བསམ་པ་མེད་ཅེས་བྱ་བ་ལ། གང་གི་ཚེ་བསམ་པ་ཐམས་ཅད་དང་བྲལ་བར་འགྱུར ་བས་རྣམ་པར་ཐར་པ་མངོན་སུམ་དུ་བྱས་པ་དེའི་ཚེ་ལས་དང་པོ་པའི་བསམ་པ་གང་ཡིན་པ་དེ་བསམ་དུ་མེད་པ་ནི་བསམ་པ་བསམ་དུ་མེད་པ་ཞེས་བྱ་སྟེ། རང་བཞིན་མེད་པའོ།། དེའི་ཚེ་བསམ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ནི་བསམ་དུ་མེད ་པ་ཞེས་བྱའོ།། དཀར་པོའི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མྱི་ཁྱབ་པའི་ཏིང་ངེ་འཛིན་ཏོ།། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྐད་ཅིག་གཅིག་ལ་ཤེས་པར་འགྱུར་རོ།། ཆོས་ཐམས་ཅད་བསམ་པ་དང་བྲལ་བའོ་ཞེས ་བྱ་བ་ནི་གཅིག་ཏུ་དབེན་པར་གནས་པར་བྱའོ།། ཞེས་བྱ་བའི་བསམ་པ་ཡོད་ན་དེ་ཇི་ལྟར་བསམ་པ་དང་བྲལ་བ་ཡིན་ཞེ་ན། བསམ་པ་དག་ནི་མི་སེམས་ན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་བསམ་པ་ཐམས་ཅད་བྲལ་བའོ་ཞེས་བསམ་པར ་བྱ་བ་སེམས་ན་ཡང་འདས་པའི་བསམ་པ་ཉིད་འཕེལ་བར་འགྱུར་གྱི། བསམ་པ་སེམས་པ་དེས་སངས་རྒྱས་ཐོབ་པར་མི་འགྱུར་རོ།། ཤི་འཕོས་དུས་བྱས་ཤི་བའི་ཚེ།། གང་གིས་བསམ་པ་རབ་འཇུག་པ ་ཞེས་བྱ་བ་ལ། འཕོས་པ་ནི་འདས་པའོ།། ཤི་བ་ནི་སེམས་ཉམས་པའོ།། དུས་བྱས་པ་ནི་མ་འོངས་པར་རོ།། གང་གི་བསམ་པ་རབ་འཇུག་པ་ནི་བསམ་པའི་རྗེས་སུ་རྣམ་པར་ཤེས་པ་རྟག་ཏུ་འཇུག་པ་སྟེ། བསམ་ལས་དེ་ནི་མི་ཐར་རོ།། ་བསམ་པ་འདི་ནི་བསམ་པ་ཆེ།། ཞེས་བྱ་བ་ན་བསམ་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་སེམས་པ་ནི་ཆོས་ཀྱི་བསམ་པ་བླ་ན་མེད་པ་སྟེ། མ་སྐྱེས་ཤིང་ནི་མ་འགགས་པ།། མཚན་མ་མེད་ཅིང་མཚན་ཉིད་མེད་ཅེས་བྱ་བ་ནི་དོན་དམ་པའོ།། ། ་བསྐལ་པ་བྱེ་བར་བཤད་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པ་བྱེ་བ་སྟོང་ཕྲག་དུ་མུར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རབ་ཏུ་བཤད་ཀྱང་ངོ་བོ་ཉིད་རྣམ་པར་གཞག་པ་བྱས་པ་མ་ཡིན་ཏེ། རྫས་ཀྱི་རང་བཞིན་མེད་པའི་ཕྱིར་རོ།། ་མཚན་མ་མེད་པར་བཤ་ཏེ། དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་ནི་དངོས་པོ་མེད་པའི་སྒྲས་བསྟན་གྱི། དངོས་པོ་མེད་པ་ཉིད་ནི་བསྟན་པར་ནུས་པ་མ་ཡིན་ནོ།། དངོས་པོ་ཀུན་གྱི་དངོས་པོ་ནི་རང་བཞིན་ཏེ། དངོས་པོ ་མེད་ཅེས་དེ་བསྟེན་ཏོ།། དེ་ལྟར་དངོས་པོ་རྣམ་རིག་ན་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་རྣམས་ཀྱི་རང་བཞིན་དེ་ལྟར་རིག་པར་བྱས་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ཉིད་དངོས་པོ་ཞེས་རབ་ཏུ་བསྟན་ཏེ་དངོས་པོ་ཉིད་དུ་ཀུན་རྫོབ ་ཏུ་མཚོན་པར་བྱེད་པའོ།། འཇིག་རྟེན་སངས་རྒྱས་བདག་འགྱུར་སྙམ་ཞེས་བྱ་བ་ལ་སོགས་པ་ལ། བདག་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བས་ནི་བདག་ཏུ་མངོན་པར་ཞེན་པ་དང་། བདག་གིར་འཛིན་པ་ལ་སོགས་པ་ཡོངས་སུ་མ་བཏང་བས་དེས ་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། དེ་ལྟ་ན་ཇི་ལྟར་བྱས་ན་དེ་འཐོབ་ཅེ་ན། ཆོས་ནི་གང་དག་ལ་ཡང་སྨོན་མི་བྱེད་ཅེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་ཅུང་ཟད་ལ་ཡང་སྨོན་པར་མི་བྱེད་དེ། ཆོས་ཀྱི་དེ་ཁོ་ན ་ཉིད་རྟོགས་པས་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ།། ཅི་ཡང་མེད་ཅིང་དམིགས་པ་མེད།། དེ་ནི་བྱང་ཆུབ་བརྗོད་པ་ཡིན།། ཞེས་བྱ་བ་ལ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ངེས་པར་འགྲུབ་པས་སྟོང་པ་ཉིད་ནི་ཅི་ཡོང་མེད་པའོ།། དམིགས ་པ་དང་དམིགས་བྱ་དང་བྲལ་བ་ནི་དམིགས་པ་མེད་པའོ།། ཆོས་ཉིད་དང་དེ་བཞིན་ཉིད་ཅེས་བྱ་བ་དེ་དག་ནི་བྱང་ཆུབ་སྟེ། ཕྱིན་ཅི་མ་ལོག་པའི་དོན་རྟོག་པ་ནི་བྱང་ཆུབ་ཅེས་བྱ་བའི་སྒྲས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་ཏུ་ནི་ངེད་ཞུགས ་ཞེས། མང་དུ་ངོ་སྐད་སྒྲ་མོད་ཀྱི།། ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་མངོན་པར་མི་ཤེས་བཞིན་དུ་སྒྲ་ཙམ་ཉིད་འབའ་ཞིག་གིས་བྱང་ཆུབ་སེམས་དཔའ་ཞེས་ཟེར་བ་དེའི། སྤྱིའི་རང་བཞིན་གང་ཡིན་པ།། དེ་ནི་ཤིན་ཏུ་ཟབ་པས ་རྟོགས་པར་དཀའ་བའོ།། དེའི་ཕྱིར་སྒྲ་ཙམ་འབའ་ཞིག་ཉིད་དོ་ཞེས་བྱ་བའོ།། མངོན་པར་ཤེས་ཆེ་ལ་མདོ་སྡེ་འདི།། ངེས་པར་བསྟན་ཞེས་བྱ་བ་ཡིན། ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་ཤེས་པ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་མདོ་སྡེ ་འདི་རབ་ཏུ་བསྟན་ཞེས་བྱ་བའོ།། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་ལྡན་པས་འབད་པ་མེད་པར་འཇུག་པའི་སྨོན་ལམ་དང་། ཡེ་ཤེས་ཀྱིས་མངོན་པར་འདུ་བྱེད་པ་མེད་པའི་རྫུ་འཕྲུལ་ལ་དབང་ཐོབ་པས ་ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་བལྟ་བ། འགྲོ་བ་དང་འོང་བ་དང་འཆི་འཕོ་བ་དང་། སྐྱེ་བ་ལ་སོགས་པ་རབ་ཏུ་སྟོན་པ་ཡང་སེམས་ཙམ་གྱིས་འཇུག་པར་བྱེད་ཅིང་སྟོན་ཏོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གང ་ཡིན་པ་ནི་བྱང་ཆུབ་སེམས་དཔའི་ལྷུན་གྱིས་གྲུབ་པར་འཇུག་པའི་རྫུ་འཕྲུལ་གྱི་ཆ་ཙམ་གྱིས་ཀྱང་ཟིལ་གྱིས་མནན་ནས་ཤེས་པར་ཡང་མི་འགྱུར་རོ་ཞེས་བྱ་བའོ།། ལྷ་རྣམས་ཀྱིས་ཀྱང་དེ་དག་གི། བསམ་པ་ཤེས་པར་མོ་ནུས་ཏེ། ཞེས་བྱ་བ་ལ ་སོགས་པ་ལ། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། འཇིག་རྟེན་པའི་ལྷ་རྣམས་ཀྱིས་ཀྱང་དེའི་ཡེ་ཤེས་ཀྱི་ཁྱད་པར་ཕྲ་བར་འཇུག་པ་རྣམས་ཤེས་པར་ནུས་པ་མ་ཡིན་ན་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་གྱི་ཆོག་ཤེས་པ་ལྟ་སྨོས ་ཀྱང་ཅི་དགོས་ཞེས་བྱ་བའོ།། དེ་དག་སྤྱི་ཆེར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་ལ་དབང་ཐོབ་པར་གྱུར་པས་རྒ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར་རོ།། མདོ་སྡེ་བྱེ་བ་བརྒྱ་རྣམས་ནི།། ཉིན་དང་མཚན་དུ་དེ་དག ་ཚོལ་ཏེ་ཟབ་ཅིང་དཔག་ཏུ་མེད་པའི་མདོ་སྡེ་རྣམས་མཉན་པ་དང་། བཟུང་བ་དང་བཅང་བ་ཡང་གཞན་དག་ལ་ཡང་རབ་ཏུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་མངོན་པར་རྟོགས་པའི་ཏིང་ངེ་འཛིན་བྱེ་བ་བརྒྱ་སྟོང་ཡང་སྟོན་ཏོ།། རྒོལ་བ་བརྒྱ་སྟོང་ལ་ཡང ་ལན་འདེབས་སོ།། ཀུན་ཏུ་རྟོགས་པ་ཐམས་ཅད་ཀྱང་སྤོང་ངོ་།། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཡེ་ཤེས་ཡོངས་སུ་དག་པ་དང་། རྗེས་སུ་མི་དམྱིགས་པའི་སྤྱོད་པ་དང་། ཆོས་ཡང་དག་པར་བརྗོད་པ་ལ། དེ་ཡི་ཚིག ་ཀྱང་དོན་མེད་མིན།། ཆོས་བསྟན་པ་ཡང་འབྲས་བུ་ཡོང་། ཅེས་བྱ་བ་ལ་སོགས་པའི་དོན་ནི་རྟོགས་སླའོ།། གང་གིས་རིན་ཆེན་མདོ་འདི་ལས། ཞེས་བྱ་བ་ནི་གང་དག་མདོ་སྡེ་རིན་པོ་ཚེ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འཛིན ་པའི་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་མཐོང་བར་བྱའོ།། མྱུར་དུ་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་བློ་གྲོས་ངན་པ་དང་ཐེ་ཚོམ་ཡོད་པར་མི་འགྱུར་རོ།། དེས་བྱ་རྒོད་ཀྱི ་ཕུང་པོའི་རི་ལ་དེ་བཞིན་གཤེགས་པ་ཆོས་སྟོན་པ་མཐོང་ཞིང་གུས་པས་རྒྱལ་བ་ལ་མཆོད་པ་བྱས་པ་ཡིནོ།། གང་དག་གིས་མདོ་སྡེ་རིན་པོ་ཆེ་འདི་རྣ་བའི་ལམ་དུ་ཐོས་པར་གྱུར་པ་དེས་དེ་བཞིན་གཤེགས་པ་བྱམས་པ་མཐོང་བར་འགྱུར་ཞིང་། ་མཐོང་ནས་ཆོས་ཟབ་མོ་ཐོས་ནས་ངེས་པར་སངས་རྒྱས་ཉིད་དུ་ལུང་སྟོན་པར་འགྱུར་རོ།། མདོ་སྡེ་འདི་ནི་རབ་སྟོན་ན། སངས་རྒྱས་རྣམས་ཀྱི་མཛོད་བསྲུངས་ཏེ།། ཞེས་བྱ་བ་ནི་སངས་རྒྱས་རྣམ་ཀྱི་ཆོས་ཀྱི་མཛོད་བསྲུངས་པར་འགྱུར་རོ།། མདོ ་སྔསྡེ་འཛིན་པ་དང་། ལེན་པ་དང་། བསྲུང་བ་འདི་ནི་དེ་བཞིན་གཤེགས་པའི་བླ་ན་མེད་པའི་མཆོད་པའོ།། དེ་དག་སྒྲ་ཡང་སྒྲོགས་པར་འགྱུར།། ཞེས་བྱ་བ་ལ་སོགས་པ་ལ། དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་འཁོར་གྱི་དཀྱིལ་འཁོར ་དུ་འདུས་ནས་སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པས་དྲི་བ་དཔག་ཏུ་མེད་པ་དྲིས་ནས་སོམ་ཉི་མེད་པས་ཇི་ལྟར་ཐོས་པ་བཞིན་བཟུང་བླངས་ནས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་བྱེད་དོ།། ་སངས་རྒྱས་རྣམས་ཀྱི་དེ་ལུང་བསྟན།། ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པའི་རྒྱུད་འདི་ཕྱིན་ཅེ་མ་ལྡོག་པར་བསྲུངས་པ་དེ་ནི་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བའོ།། ་དེ་དག་གཟུགས་ནི་ཕུན་སུམ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པའི་ལུས་ཡན་ལོག་ཐམས་ཅད་ཡོངས་སུ་རྫོགས་པས་མཛེས་པ་སེམས་ཅན་ཐམས་ཅད ་ཡང་དག་པར་དགའ་བར་བྱེད་པའོ།། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར་ཆུ་ལས་སྐྱེས་པ་དང་། ཐང་ལྔས་སྐྱེས་པའི་མེ་ཏོག་ཡིད་དུ་འོང་བ་ཁ་དོག་དང་དྲི་དང་ཡང་དག ་པུར་ལྡན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་སྤྲུལ་པ་དང་། དེ་བཞིན་དུ་སིལ་སྙན་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་སྤྲུལ་པ་དང་། དེ་བཞིན་དུ་སིལ་སྙན་རྣམ་པ་སྣ་ཚོགས་ཡིད་ལས་བྱུང་བ་གྲངས་མེད་པ་སྤྲུལ་ནུས་མཆོད་པར་བྱེད་དོ།། ་ཡོན་ཏན་ཕན་ཡོན་འདི་དག་སྟེ། ཞེས་བྱ་བ་ལ་སོགས་པ་ལ། བསྟན་མ་ཐག་པའི་ཡོན་ཏན་དང་ཕན་ཡོན་དཔག་ཏུ་མེད་པ་རྣམས་དང་། འཆད་པར་འགྱུར་བ་དེ་ཐམས་ཅད་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་འདི་འཛིན་པ་ཡིན་ནོ་ཞེས་བྱ་བའོ།། ་བུད་མེད་ཀྱིས་ཀྱང་མདོ་སྡེ་འདི།། ཐོས་ནས་ཚིགས་བཅད་གཅིག་བཟུང་ནས། ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་མ་ལུས་པ་འམ། ཚིགས་སུ་བཅད་པ་གཅིག་ཙམ་ཡང་འཛིན་པར་བྱེད་ན་དེ་བུད་མེད་ཀྱི་ལུས་སྤངས་ནས་སྐྱེས་པའི་ལུས ་བསྒྲུབས་ཏེ་ཆོས་སྨྲ་བར་འགྱུར་རོ།། རབ་ཏུ་མཛེས་ཤིང་མཚན་གྱིས་ཡང་དག་པར་བརྒྱན་པའི་ལུས་སུ་འགྱུར་རོ།། མདོ་སྡེ་མཆོག་རབ་འདི་ཡི་ནི།། ཞེས་བྱ་བ་ལ་སོགས་པ་ལ། མཆོག་རླབ་ཀྱི་ཡོན་ཏན་ཡང་མཆོག་རབ་ཉིད་དོ་ཞེས་བྱ་བའི ་བར་དུའོ།། ས་བདག་འཁོར་ལོས་སྒྱུར་བར་དེ་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་དང་བའི་སེམས་ཀྱིས་ཚིགས་སུ་བཅད་པ་བརྒྱ་སྟོང་གིས་དེ་བཞིན་གཤེགས ་པ་ལ་བསྟོད་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ངོ་།། རབ་ཏུ་བྱུང་ནས་ཀྱང་ཚངས་པར་སྤྱོད་པ་རྣམ་པར་དག་པ་ལ་སྤྱོད་པར་འགྱུར་རོ།། དེ་རྣམ་པར་དག་པས་ཏིང་ངེ་འཛིན་བསྒྲུབས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྟོང་པ ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། བཟོད་མ་ནས་ཞི་བའི་ཆོས་སྟོན་པར་འགྱུར་རོ།། སྣང་བར་གྱུར་པས་མི་ཤེས་པའི་མུན་པ་སེལ་བ.རི་བྱེད་པ་ལ་མཁས་པར་འགྱུར་རོ།། ཏིང་ངེ ་འཛིན་འདི་འཛིན་པར་བྱེད་པ་ནི་ཚངས་པར་སྤྱོད་པ་གཙང་བར་འགྱུར་ཞིང་ཉོན་མོངས་པའི་ཕྱོགས་ཐམས་ཅད་བཀྲུས་པ་དག་པར་འགྱུར་བའི་སེམས་ཀྱི་རྒྱུད་ཀྱིས་གཞན་དག་ཀྱང་རྣམ་པར་དག་པའི་ཚུལ་ཁྲིམས་ལ་རབ་ཏུ་འགོད་པར་བྱེད ་པར་འགྱུར་རོ།། དེ་ཤེས་རབ་རབ་ཏུ་རྣོ་བར་འགྱུར་རོ།། བསྟན་བཅོས་མཱ་ལུས་པ་ཡོངས་སུ་ཤེས་པའི་ཐོས་པའི་རྒྱ་མཚོར་འགྱུར་རོ།། དགེ་བའི་ཆོས་རབ་ཏུ་སྟོན་པས་དགེ་བའི་གཏམ་གྱིས་སེམས ་ཅན་གྱི་ཁམས་དཔག་ཏུ་མེད་པ་འདུལ་བ་ལ་མཁས་པར་འགྱུར་རོ།། གང་ཡང་འཇིག་རྟེན་ལ་གྲགས་པའི་ལས་ཀྱི་གནས་ཀྱི་ཁྱད་པར་དང་། བཟོའི་གནས་ཀྱི་ཁྱད་པར་དང་། གསོ་བ་དང་། སྨན་རྣམས་ཀྱི་རོ་དང་། ནུས་པ་དང་སྨན་པའི་གནས་ཀྱིས ་ཁྱད་པར་དེ་དག་ལ་རབ་ཀྱི་མཐར་ཐུག་པར་ཐོབ་པ། སྙན་དངགས་དང་། བསྟན་བཅོས་དང་། གླུ་དང་། རུང་བ་དང་། གར་གྱི་བསྟན་བཅོས་ལ་སོགས་པ་སྣ་ཚོགས་ལ་སློབ་དཔོན་དུ་བཀུར་བར་འགྱུར་རོ།། འཁོར་དཔག་ཏུ་མེད་པ་དང་། འཁོར ་མི་ཕྱེད་པར་འགྱུར་རོ།། གང་ཅུང་ཟད་སེམས་ལ་གནོད་པ་བྱེད་པ་དང་། ལུས་ལ་གནོད་པ་བྱེད་པའི་ནང་རྣམ་པ་སྣ་ཚོགས་པ་དེ་དག་དེ་ལ་འབྱུང་བར་མི་འགྱུར་ཏེ། ཏིང་ངེ་འཛིན་བསྒོམས་པའི་སེམས་དང་། དེ་འགལ་བ་ཡིན་པའི་ཕྱིར་རོ། ་བར་སྣང་མཁའི་ལ་གོས་པ་མེད་པ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་མཁའ་རང་བཞིན་གྱིས་རྣམ་པར་དག་པ་དང་། ཚད་མེད་པ་ཡིན་པ་དེ་བཞིན་དུ་ཏིང་ངེ་འཛིན་འདི་བསྒོམས་པར་གྱུར་པའི་སེམས་ཀྱང་ན་མཁའ་བཞིན་དུ་ཤིན་ཏུ ་རྣམ་པར་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། ཚད་མེད་པ་སྟེ། ཚད་ཀྱིས་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་རོ།། ཟླ་བའི་འོད་དང་ཞེས་བྱ་བ་ལ་སོགས་པ་དང་། ཅི་ལྟར་ཟླ་བ་དང་ཉི་མའི་འོད་རང་བཞིན་གྱིས་འོད་གསལ་བ ་ཡིན་ནོ།། དེ་བཞིན་དུ་སེམས་ཀྱང་མི་ཤེས་པའི་མུན་པ་མ་ལུས་པ་རྣམ་པར་གསལ་ན་རང་བཞིན་གྱིས་འོད་གསལ་བར་འགྱུར་རོ།། རྡུལ་དང་བྲལ་བའི་ཏིང་ངེ་འཛིན་ཞི་བ་འདི་བཟུང་ན་ཞེས་ཐམས་ཅད་དུ་བསྟན་པར་བྱའོ།། ཇི་ལྟར་ཚོན་རྩི་ཐོགས་ནས ་བར་སྣང་ན་མཁའ་ལ་ཞེས་བྱ་བ་ལ་སོགས་བྱ་ལ། ཆེན་རྩི་སྣ་ཚོགས་ཀྱི་ཆོ་གས་རུས་དང་། རྩིག་ངོས་ལ་སོགས་པ་ལ་འདྲི་བ་བཞིན་དུ་ན་མཁའ་ལ་བྲི་བར་ནུས་པ་མ་ཡིན་ནོ།། དེ་བཞིན་དུ་སེམས་ལ་ཡང་གཉིས་སུ་མེད་པའི་རང་བཞིན་གྱི་ཏིང་འཛིན་མ ་གཏོགས་པ་རྣམ་པར་རྟོག་པོ་སྣ་ཚོགས་ཀྱི་ཚོན་སྦྱར་བས་བྲི་བར་ནུས་པ་མ་ཡིན་ནོ།། རླུང་ནི་ཇི་ལྟར་ཕྱོགས་བཞི་དག་ནས་ལངས་པ་དང་། ཞེས་བྱ་བ་ལ་སོགས་པ་ལ། རླུང་ནི་ཕྱོགས་བཞི་ནས་རྒྱས་བསྐོར་ཞིང་ཞུགས་པས་བཅིང་དུ་རུང་ཡང་སྲིད ་ཀྱི། དེའི་སེམས་ནི་ཤེས་པརི་ནུས་པ་མ་ཡིནི་ཞིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པར་ནུས་པ་མ་ཡིན་ནོ།། ཡོངས་སུ་བརྟགས་པ་ཉེ་བར་བཟུང་ནས་སྣོད་སྣ་ཚོགས་ཀྱི་ཆུའི་ནང་དུ་བྱུང་བའི་ཆུའི་ཟླ་བ་ནི་གཟུང་བར་ནུས་ཀྱང་སྲིད་། གློག ་འགྱུ་བ་ལག་པས་བཅང་བར་ནུས་ཀྱང་སྲིད། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད། གཅིག་ཏུ་བྱས་ནས་གཟུང་བར་ནུས་ཀྱང་སྲིད་ཀྱི། དེའི་སེམས་ཀྱི་སྤྱོད་པ་ཤེས་པར་ནི་ནུས་པ་མ་ཡིན་ནོ།། ཞེས་བྱ་བས་ཏིང་ངེ་འཛིན་ཐོབ་པའི་ཆེ་བའི་བདག་ཉིད་རབ་ཏུ་བསྟོན་པ་ཡིན། ་དེས་ཏིང་ངེ་འཛིན་དེ་ཐོབ་ནས་ཡང་ངན་སོང་གསུམ་དུ་ལས་ཀྱི་དབང་གིས་ལྟུང་བར་མི་འགྱུར་གྱི། སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྲིད་པར་སྐྱེ་བར་ནི་མི་འགྱུར་རོ།། འདོད་པ་དག་ལ་མི་སྲེད་གཟུགས་ལ་མི་སྲིད་དེ། ཞེས་བྱ་བ་ལ ་སོགས་པ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་སྲེད་པ་དང་བྲལ་བས་འདོད་པ་ལ་སོགས་པ་ལ་མི་སྲེད་པའོ།། ཆུང་མ་དང་བུ་དང་བུ་མོ་དང་གཉེན་པཤེས་དང་འཁོར་དང་ནོར་དང་འབྲུ་དང་རིན་པོ ་ཆེ་དང་མུ་ཏིག་ལ་སོགས་པ་ལ་སྲེད་པ་མེད་པ་ཡིན་ནོ།། སྲེད་པ་ནི་ཚོལ་བ་དང་དོན་དུ་གཉེར་བ་སྟེ། ཤིན་ཏུ་འདོད་པས་དེ་དང་དེར་ཚོལ་བས་ངོམས་པ་མེད་པའི་སེམས་ཞེས་བྱའོ།། དེའི་ཚངས་པར་སྤྱོད་པ་མཐོ་རིས་ཀྱི་ཕྱིར་མ་ཡིན། ལྷའི་དབང ་པོ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་གི་ཕྱིར་མ་ཡིན་གྱི། གཞན་དུ་ན་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་བྱ་བས་སེམས་ཅན་མ་ལུས་པ་བསྒྲལ་བར་དམ་བཅས་པའི་ཕྱིར་ཏིང་ངེ་འཛིན་སྒོམ་པར་བྱེད་དོ།། གླུ་ལའང་མི་སྲེད་ཅེས ་བྱ་བ་ལ་སོགས་པ་ལ་གུ་དང་གར་འཧཱུ~ཾ་སིལ་སྙན་དང་རྗེས་སུ་མཐུན་པ་དྲི་དང་། མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་དང་། སྟན་ཚོལ་བ་ཆེད་དུ་བྱེད་པར་མི་འགྱུར་རོ།། ཏིང་ངེ་འཛིན་ཐོབ་པའི ་ཡོན་ཏན་ནི་འདི་དག་སྟེ། རྣམ་པ་སྣ་ཚོགས་པའི་རྣམ་པར་རྟོག་པའི་སྦྱོར་བ་ཡོངས་སུ་སྦྱོང་བ་ལ་མཁས་པར་བལྟ་བར་བྱའོ་ཞེས་བྱ་བ་ཡིན་ནོ།། མིག་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན ་པར་མ་ཞེན་པར་བསྟན་པ་ཡིན་ནོ།། ཁྱིམ་ལ་མི་སྲིད་ཅེས་བྱ་བ་ལ་སོགས་པས་ནི་ཕྱི་རོལ་གྱི་ཉེ་བར་མཁོ་བ་ལ་མངོན་པར་ཞེན་པ་ཡོངས་སུ་སྤངས་ལ་ཏིང་ངེ་འཛིན་བསྒོམ་པ་ལ་མངོན་པར་སྦྱར་བར་བྱའོ།། ཞེས་བསྟན་པར་འགྱུར་རོ།། ་སྦྱིན་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པའི་རྣམ་པར་རྟོག་པ་ཡང་ཏིང་ངེ་འཛིན་ཐོབ་པ་ན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། སངས་རྒྱས་དག་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པས་ནི་སངས་རྒྱས ་དང་ཆོས་དང་དགེ་འདུན་ལ་ཡང་མངོན་པར་ཞེན་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཡོད་ལ་མི་སྲེད་ཅེས་བྱ་བ་ལ་སོགས་པ་ལ། ཡོད་པ་ཉིད་དང་། མེད་པ་ཉིད་དང་། མཐའ་དང་ལྡན་པ་ཉིད་དང་། མཐའ་དང་མི་ལྡན་པ་ཉིད་དང ་དབུས་ཉིད་ལ་ཞེན་པ་ལ་སོགས་པ་ཡང་ཏིང་ངེ་འཛིན་ཐོབ་པར་གྱུར་པ་ལ་ཡོད་པ་མ་ཡིན་ནོ།། ཞེས་བྱ་བའོ།། དེ་ལ་འདོད་ཆགས་ནམ་ཡང་ཡོད་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གིས ་བྱས་པའི་སེམས་རྣམས་རྣམ་པར་རྨོངས་པར་བྱེད་པའི་གནོད་པ་ཡོད་པར་མི་འགྱུའོ།། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པས་གནོད་པར་མི་འགྱུར་རོ།། དེས་ཐམས་ཅད་ཡོངས་སུ་བཏང་བ་དང་། འཇིག་རྟེན ་ལོས་འདས་པའི་སྟོབས་དང་། མཐུ་དང་བརྩོན་འགྲུས་ཐམས་ཅད་ཐོབ་པར་འགྱུར་རོ།། གང་ཚེ་འཇིག་རྟེན་དུ་ཡང་འཁོར་ལོས་སྒྱུར་བ་ཡཱཾ། ཞེས་བྱ་བ་ལ་སོགས་པ་ལ། དེ་བསམས་བཞིན་དུ་གླིང་བཞིའི་དབང་ཕྱུག་གི་འཁོར་ལོས་སྒྱུར ་བར་འགྱུར་རོ།། དེ་ལྟ་ན་ཡང་ཏིང་ངེ་འཛིན་ཡོངས་སུ་སྒོམ་པར་བྱེད་པ་དང་། རྟག་ཏུ་སེམས་མཉམ་པར་བཞག་པ་དང་། དགེ་པ་བཅུའི་ལས་ཀྱིས་ལམ་ལ་འགོད་པར་བྱེད་པ་དང་། འགྲོ་བ་དོན་བྱེད་པར་འགྱུར་རོ།། སུ་དག་གཙོ་བོར ་གྱུར་ཅིང་རིགས་ཚེ་རིན་ཆེན་མཆོག་ཅེས་བྱ་བ་ལ་སོགས་པ་ལ། གང་ཡང་འཛམྦུའི་གླིང་ན་རིགས་རིན་པོ་ཆེར་བརྩིས་པ་ལོངས་སྤྱོད་ཆེན་པོ་དེར་སྐྱེས་ནས་རྣམ་པ་སྣ་ཚོགས་པའི་དོན་གཏོང་བས ་སེམས་ཅན་རྣམས་རྗེས་སུ་བཟུང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པར་འགོད་པར་བྱེད་དོ།། དེ་དག་རིམ་གྱིས་སངས་རྒྱས་རྒྱལ་བ་མཆོག་ཏུ་འགྱུར་ཞེས་བྱ་བ་ལ་སོགས་པ་དང་། ཚངས་སྤྱོད་མཚུངས་མེད་ཚུལ་ཁྲིམས་རབ་ཏུ ་སྲུང་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་ནས་རྫུ་འཕྲུལ་གྱི་རྐང་པ་རྣམས་གོམས་པ་མཐར་ཐུག་པར ་གྱུར་ནས་རྫུ་འཕྲུལ་གྱིས་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་དང་། རྗེས་སུ་མཐུན་པར་ཆོས་བསྟན་པས་དབང་དུ་བྱས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པར་བྱེད་དོ།། མངོན་པར་ཤེས ་པ་ལྔ་དང་ཡང་དག་པར་ལྡན་པས་འཆི་འཕོ་དང་། སྐྱེ་བ་ལ་སོགས་པ་ཡོངས་སུ་ཤེས་ནས་ལས་དང་འབྲས་བུ་སོ་སོར་ངེས་པ་ལ་སོགས་པ་རབ་ཏུ་བསྟན་པས་བཏུལ་ནས་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་རབ་ཏུ་འགོད་པར་བྱེད་དོ།། དེ ་ལ་འཕྱ་བར་བྱེད་པ་ན་སེམས་ཅན་འདུ་ཤེས་མི་འཇོག་སྟེ། ཞེས་བྱ་བ་ནི་དེ་ལ་གང་དག་འཕྱ་བར་བྱེད་པ་ན་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་འཇུག་པར་མི་འགྱུར་ཏེ། བདག་དང་གཞན་དུ་འདུ་ཤེས་པ་དང་བྲལ་བའི་ཕྱིར། ་རོ།། སྟོང་པ་ཉིད་ལ་རྣམ་པར་གནས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཐག་པར་བྱེད་དོ།། བྱང་ཆུབ་ཆེན་པོའི་སྙིང་པོ་ལ་ཞུགས་ནས་བདུད་བཞི་ཕམ་པར་བྱེད་པ་ཞེས་བྱ་བས་འདུ་ཤེས་ཐམས་ཅད་སྤངས་པའི་བྱང་ཆུབ་ཏུ་མངོན་པར ་བྱང་ཆུབ་པར་འགྱུར་རོ།། མངོན་པར་བྱང་ཆུབ་པའི་དུས་སུ་མ་ལུས་པ་གཡོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་ཁྱད་པར་ཡང་འབྱུང་ཞེས་བྱ་བའོ།། རྗེན་ཅིང་ཆོས་རྣམས་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་གང་དག ་རྟོན་ཅིང་འབྱུང་བ་དེ་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་སྟེ། སྟོང་པ་ཉིད་འགྲོ་བས་འགྲོ་བའོ།། དེའི་འགྲོ་བ་ནི་འགྲོ་བའང་མེད་པ་སྟེ། འགྲོ་བ་པོ་དང་འགྲོ་བྱ་དང་འགྲོ་བ་མེད་པའི་ཕྱིར་རོ།། དེ་ནི་འགྲོ་བ་དེར་འགྲོ་སྟེ། ཞེས་བྱ་བ ་ལ་སོགས་པ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྟོགས་པ་ལ་འགྲོ་བ་མེད་པས་རྟོགས་པ་མེད་པ་མངོན་པར་བྱང་ཆུབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལས་གཞེང་ནས་གདུལ་བྱའི་སེམས་ཅན་ཐམས་ཅད་འདུལ་བར་མཛད་ཅིང་སེམས་ཅན ་དམིགས་པར་མི་འགྱུར་ཡང་སྤྲུལ་པ་ལྟ་བུར་ཆོས་རྣམས་རིག་ན་སྤྲུལ་པས་སྤྲུལ་པའི་སྤྲུལ་པ་ལྟ་བུར་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། སྤྲུལ་པ་དེ་དག་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའོ།། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པ་ཞེས ་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གང་དག་ཀྱང་ཞིང་རྣམས་སྟོང་ནས་ལྷག་པ་རྣམས་ཞེས་བྱ་བ་ལ་སོགས་པ་མཆོད་པའི་ཁྱད་པར་སྟོན་པ་ནི་གོ་སླའོ།། པདྨ་བྱེ་བ་བསམ་མི་ཁྱབ།། འདབ་མ་དག་ནི་གསེར་ལས་བྱས། ཞེས་བྱ་བ ་ལ་སོགས་པ་ལ། བཙནྡན་སྦྲུལ་གྱི་སྙིང་པོ་ཅན་གྱི་ཟེ་བ་ཅན་བཻ་ཌཱུརྱའི་སྡོང་པོ་དང་། རིན་པོ་ཆེའི་ཤེལ་གྱི་འདབ་མ་དང་། རིན་པོ་ཆེ་དཔལ་གྱི་སྙིང་པོའི་གེ་སར་ཅན་གྱི་དཔག་ཏུ་མེད་པའི་པདྨ་སྤྲུལ་ནས ་ཡིད་དུ་འོང་བའི་དྲི་དང་རྡུལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཁྱབ་པ་སྤྲོས་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འཇོམས་པའི་ངོ་བོ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན ་པ་མེད་པ་ལ་སོགས་པའི་སྒྲ་རྣམས་སྤྲུལ་པའི་པདྨ་དུ་དག་ལ་བྱུང་ནས་དཔག་ཏུ་མེད་པའི་སེམས་ཅན་ཕྱིར་མཱི་ལྡོག་པ་ལ་འགོད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་དང་། བྱ་རྣམས་ཀྱང་སྤྲུལ་པར་བྱེད་དོ།། སྐད་སྙན་པས་ཆོས་ཉིད་ཀྱི་དེ་ཁོ ་ནུ་ཉིད་སྟོན་པར་བྱེད་པ་དང་། རིན་པོ་ཆེའི་ཤིང་སྣ་ཚོགས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པོའི་ཕྱིར་སྤྲུལ་པར་བྱེད་དོ་ཞེས་བྱ་བའོ།། གོང་མ་བཞིན་དུ་ཞེས་བྱ་བ་ནི་དེ་ལྟ་བུའི་མི་ཆོད་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ།། དབྱས ་ཀྱི་ཡན་ལག་རྣམས་འབྱིན་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བས་དབྱངས་ཀྱང་བསམ་ཡས་ཏེ། བྱང་ཆུབ་སེམས་དཔའ་རློམ་སེམས་མེད། རློམ་སེམས་མེད་པའི་ཆོས་རྣམས་ལ།། བྱང་ཆུབ་སེམས་དཔའ་རྣམ་པར་འབྱོམས།། མངོན ་ཤེས་ལྔ་པོ་ཤེས་རབ་ཆེ།། ཆོས་ཀྱི་འཁོར་ལོ་བསྐོར་བ་པོ།། མདོ་སྡེ་རིན་ཆེན་འདི་བསྔགས་རྣམས།། ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་འཛིན་པའི་ཕན་ཡོན་རྒྱ་ཆེར་ཐོས་ནས། རབ་ཏུ་དགའ་བའི་སེམས་བསྐྱོང་པར་བྱེད་པ་དེ་དག ་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ།། ཟད་དུས་མི་བཟད་པ་ལ་བྱང་ཆུབ་སེམས་དཔའ་གང་། བདེ་བར་གཤེགས་པའི་བསྟན་པའི་ཆོས་མཆོག་འདི་བསྲུང་བ། ཞེས་བྱ་བ་ལ་སོགས་པ་ལ། ཕྱི ་མའི་དུས་ན་ཏིང་ངེ་འཛིན་གྱི་རྒྱལ་པོ་ཀློག་པ་དང་། འདོན་པ་ལ་སྲོགས་པས་གང་དག་སྲུང་བར་བྱེད་པ་དེ་དག་ངའི་བུ་ཆོས་ལས་སྐྱེས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ནོ།། སྣ་ཚོགས་ཀྱི་ཆོས་ཀྱི་དེ་ཉིད་ཡངས་པ་སྟོན་པར་བྱེད་པ་མཁས ་པའི་གྲགས་པ་དང་ལྡན་པ། སྙིང་རྗེ་ཆེན་པོ་ལས་སྤྲོས་སེམས་ཀྱིས་སངས་རྒྱས་ཉིད་འཕགས་སེམས་ཅན་ཀུན་གྱིས་གཉེན་གཅིག་པ། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་རབ་འདུད་བག་ཡོད་པ།། དེ་ཡིས ་རྒྱལ་བ་མཆོག་གིས་གསུངས་པའི་མདོ་སྡེ་ཟླ་བའི་སྒྲོན་མ་བཤད་པར་བྱས། མདོ་སྡེ་འཛིན་པའི་ཕན་ཡོན་གྱིས་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའི་འགྲེལ་པ་རྫོགས་སོ།། ། བརྩོན་འགྲུས་རབ་ཏུ་འབར་བས་རང་གི་ལུས ་དང་སྲོག་ལ་ཡང་བལྟོས་པ་མེད་པར་ཆོས་ཀྱི་རྣམ་གྲངས་འདི་ལ་རྣལ་འབྱོར་དུ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞན་ནུར་གྱུར་པ་ལཱ་བཀའ་སྩལྔ་པ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། ་མཆོད་པ་རྒྱ་ཆེར་བྱ་བ་ལ་མངོན་པར་བརྩོན་པར་བྱའོ།། ཞེས་བྱ་བའི་བར་མི་དོན་གོ་བར་ཟད་དེ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཡིད་དུ་འོང་བའི་དབྱངས་དང་ཚིག་དང་ཡི་གེ་རྒྱུན་ཆགས ་པས་གཞན་ལ་རྒྱུ་ཆེར་རབ་ཏུ་བསྟན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་གོམས་པར་བྱས་ནས་སངས་རྒྱས་ཉིད་འཐོབ་པར་འགྱུར་བ་ཡིན་ན་གང་གི་ཕྱིར་ཏིང་ངེ་འཛིན་གཅིག་པུ་རབ ་ཏུ་བསྟན་པར་བྱ་ཞེས་སོམ་ཉི་ཟ་བར་འགྱུར། ཆོས་ཐམས་ཅད་ཀྱི་རྩ་བ་དང་གཞི་ནི་ཆོས་ཐམས་ཅད་ཀྱི་རང་པོཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའོ་ཞེས་བྱ་བ་ལ། གང་གི་ཚེ་སྙིང་རྗེ་ཆེན་པོ་དང་ཐབས་ཀྱིས་བརྟན་པའི ་བརྩོན་འགྲུས་དང་ལྡན་པས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བྱ་བ་ལ་བརྩོན་པར་འགྱུར་ཅིང་། ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་པའི་ཚེ་དེ་སྟོང་པ་ཉིད་དང་། མཚན ་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ།། དེས་ཆོས་ཅུང་ཟད་ཀྱང་དམིགས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་ངོ་བོ་ངེས་པར་རྟོགས་པའི་ཕྱིར་རོ།། དམིགས་པ་མེད་པའི་ཏིང་ངེ་འཛིན ་ལ་ངེས་པར་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་སངས་རྒྱས་ཉིད་དུ་བྱ་བའི་ཕྱིར་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་། ཏིང་ངེ་འཛིན་ཐོབ་པར་བྱས་ནས་མྱུར་དུ་བླ་ན་མོང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་འཚང་རྒྱའོ།། དེའི་ཕྱིར་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ་ཞེས་བྱའོ།། གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པསོ་ནི་འདས་པའི་དུས་ཀྱི་གཏམ་གསུངས་པ་ཡིན་ཏེ། དེ་བཞིན ་གཤེགས་པ་དབྱངས་སྦྱིན་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར་མིའི་བདག་པོ་དཔལ་དབྱངས་ཞེས་བྱ་བས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་བྱས ་ཏེ། བྱས་ནས་དེ་དག་ལ་མཆོད་པ་རྒྱ་ཆེར་བྱས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལོ་ཡང་ཆོས་མཉན་པའི་ཕྱིར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང ་ཆོས་སྨྲ་བ་ཆེན་པོས་ལེགས་པའི་བློ་གྲོས་ལོ་ལེགས་པར་གནས་པའོ།། དེ་ཉིད་ཀྱི་ཕྱིར་སྤོབས་པ་རྒྱུན་མི་འཆད་པ། ཆགས་པ་མང་པའི་ཏིང་ངེ་འཛིན་དང་གཟུངས་ལ་རབ་ཏུ་གནས་པ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པས ་བརྒྱན་པ། ཆོས་ཟབ་མོ་བསྟན་པ། ཆོས་ཐམས་ཅད་ལ་དབང་ཐོབ་པ་ཤ་སྟག་གོ།། འཁོར་དེ་ནི་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་ཞེས་བྱ་བ་གཟུགས་དང་ལང་ཚོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞིག་ཀྱང་གནས་སོ།། དེའི་ཚེ་རྒྱལ་པོ ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡང་དག་པར་བརྗོད་པ་དང་། གཞུང་དང་། དོནྡ་དང་། ཆོས་དང་། སྔགས་ཀྱི་གཟུངས་ཆེན ་པོ་རང་བཞིན་ཅན་དེ་དག་བསྟན་པའི་ཕྱིར་གསོལ་བ་གདབ་པ་བྱས་སོ།། གསོལ་པ། བཏབ་པ་དང་། ཐབས་མཁས་པ་ནི་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་འཇུག་པའི་ཐབས་སུ་གྱུར་པ་ཞེས ་བྱ་བའོ།། དབང་ནི་དབང་བཅུ་སྟེ། བྱེ་བྲག་ཏུ་བསྟན་ན་མདོ་སྡེ་དང་། མངོན་པའི་ཆོས་དང་། འདུལ་བ་དང་། རྣམ་པར་འབྱེད་པས་རབ་ཏུ་ཕྱེ་ནས་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་དེ་དག་ལ་གསོལ་བ་བཏབ་ནས་དེའི་ནུབ་མོ་སྟེ་སྲོད་ཀྱི་དུས་སུ་ཉུལ་པོའི་དུས་སོ།། དེའི་ཚེ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་གྱི་མདུན་དུ་མར་མེའི་ཡོན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་རབ་ཏུ་འབར་བར་བྱས་ཏེ། ཅི་ལྟར ་བཀའ་ཉན་པ་རྣམས་ཀྱིས་རྒྱལ་པོའི་རྗེས་སུ་སྤྱོད་པས་ཕུན་སུམ་ཚོགས་པ་རྣམས་དང་། རྒྱལ་པོ་དཔལ་དབྱངས་ཀྱིས་བཙུན་མོའི་འཁོར་གྱི་སྐྱེ་བོ་དང་ལྷན་ཅིག་ཏུ་མཆོད་པའི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས་ཡང་བཙུན་མོའི ་འཁོར་དང་བཅས་ཏེ། ཁོང་ཟློག་ཏུ་སོང་ངོ་།། སྡོང་ནས་ལྷ་ལ་སོགས་པའི་འཁོར་དང་བཅས་པར་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བདེ་བས་བྱིན་འདི་སྙམ་དུ་སེམས་ཏེ། བདག་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཞེས་བྱ ་པབ་ལ་སོགས་པ་ལ། བདག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་ལྷ་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ངོ་མཚོར་དུ་འགྱུར་པ་དེ་ལྟ་བུས་མཆོད་པས་ཆོས་ཀྱི་སྣང་བ་ཐོབ་པར་བྱ་བ་དང་། རྒྱལ་པོ་དཔལ་དབྱིངས་ཀྱི་མཆོད་པ ་ཐམས་ཅད་ཟིལ་གྱིས་མནན་པས་ངོ་མཚར་ཐོབ་པར་བྱ་བའི་ཕྱིར་སྣང་བའི་མཆོད་པ་བྱའོ་སྙམ་དུ་ངེས་པར་བསམས་ནས། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་གྱི་མདུན་དུ་འདུག་ནས་ལག་པ་གཡས་པ ་རས་ཀྱི་དཀྲིས་ནས་འབྲུ་མར་གྱི་ནང་དུ་བཅུག་སྟེ་དབར་བར་བྱས་སོ།། བསམ་པ་རྣམ་པར་དག་པ་དང་། ཆོས་ཉིད་རབ་ཏུ་རྟོགས་པས་ལག་པ་དེ་ལྟར་འབར་ཡང་སེམས་དང་བཞིན་གྱི་མདོག་འགྱུར་བ་མེད་པས་ཚོར་བ་མེད་པར་མངོན་པ་ཆོས་ཉིད ་ལ་དགའ་བས་བཞིན་གྱི་མདངས་པདྨ་རབ་ཏུ་རྒྱས་པ་ལྟ་བུར་གྱུར་ཏོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་ངོ་མཚར་ཆེ་བར་བསྟན་པའི་ཕྱིར་ས་ཆེན་པོ་འདི་ཡང་གཡོས་པར་གྱུ་ཏོ།། ལག་པ་གཡས་བུ་འབར་བར་བྱས་པའི་འོད ་དེས་མེར་མེའི་འོད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་མོག་མོག་པོར་བྱས་ནས་ཕྱོགས་ཐམས་ཅད་དུ་སྣང་བར་གྱུར་ཏོ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པར་ཏིང་ངེ་འཛིན་གྱི་མཐུ་ཤིན་ཏུ་ཁྱད་པར ་དུའཕགས་པས། སུམ་ཅུ་རྩ་གསུམ་གྱིས་ལྷ་རྣམས་ཀྱི་བར་ལ་ཆོས་སྟོན་ཏོ།། དེ་དག་གིས་ཀྱང་ཆོས་ཀྱི་དགེའི་བས་མཆོད་པ་ཆེན་པོ་བྱས་སོ།། རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་གྱི་ལག་པ་འབར་བར ་བྱས་པའི་འོད་ཀྱིས་གཞན་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས་འབར་བར་གྱུར་པ་མཐོང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ནི་མངོན་པར་ཤེས་པ་ཆེན་པོ་ཐོབ་པ་ཡིན་ནོ།། སྙམ་ནས་རྒྱལ་པོ་དཔལ་དབྱངས་གུས་པ་དང་བཅས་པས ་བཙུན་མོ་འཁོར་བརྒྱད་ཅུ་དང་ལྷན་ཅིག་ཏུ་ཁང་པའི་སྟེང་ནས་བདག་ཉིད་མཆོངས་ཀྱང་བདེ་བས་བྱིན་མཐོང་བས་སེམས་རབ་ཏུ་དགའ་བའི་ཁྱད་པར་གྱིས་ལྷ་ལ་སོགས་པས་ལེགས་པར་བསྲུངས་པ་དང་། བསོད་ནམས་ལྷག་པར་སྤྱོད་པའི ་ཆེ་བའི་བདག་ཉིད་ཀྱིས་ཁྲུ་སྟོང་ཕྲག་བརྒྱ་ཚང་བའི་ཁང་པའི་སྟེང་ནས་མཆོངས་ན་ཡང་དེ་དག་ལུས་དང་སེམས་ལ་གནོད་པ་ཅི་ཡང་མ་བྱུང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་གྱིས་གན་དུ་སོང་བ་དང་། ་བདེ་བས་བྱིན་ལག་པ་འབར་བར་གྱུར་པ་མཐོང་ནས་དད་པའི་ཤུགས་ཀྱིས་ཆོ་ངེས་བཏབ་བོ།། དེ་ནས་རྒྱལ་པོ་དཔལ་དབྱངས་ངུ་ཞིང་མཆི་མ་ཕྱུང་ནས་བདེ་བས་བྱིན་གྱི་མདུན་ན་འདུག་པ་མཐོང་ནས་བདེ་བས་བྱིན་གྱིས་རྒྱལ་པོ་ཆེན་པོ་ཅིའི་ཕྱིར་བདག ་གི་མདུན་ནོ་བཤུམ་བཞིན་བཞུགས་དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་དཔལ་དབྱངས་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲས་པ་ཞེས་བྱ་བ་ནི་ལེན་གདབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། དེ་དག་ཉིད་བསྟན་པའི་ཕྱིར། ཤེས་རབ་ཆེན་པོ་བདེ་བས ་བྱིན་ཞེས་བྱ་བ་ལ་སོགས་པ་ལ། ཆོས་སྨྲ་བ་ཆེན་པོ་བདེ་བས་བྱིན་མཁས་པ་ཆེན་པོའི་ཡ་མཚན་པ་མཐོང་ནས་སྐྱེ་བོ་མ་ལུས་པ་ཡིད་མི་བདེ་ཞིང་ངུ་བར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ།། དཔེ་མེད་ཡོན་ཏན་པང་མཛོད་ཡེ་ཤེས་ཕུང་པོ་མཆོག་གྱུར་པ ་རྀའི་དབང་ལྟ་བུ་དག་པའི་ཟླ་བ་ཉི་མ་བས་ལྷུག་ཅིང་། མཱ་ལུས་འབྱུང་པོ་ཀུན་ལ་སེམས་སྙོམས་པ་ཡི་འོད་ཟེར་གྱིས།། ཉིད་སྐུ་མཛེས་པའི་མདངས་ཀྱིས་ཅི་ནས་གསལ་མཛད་པའི།། ལག་པ་ཉམས་པར་ཤེས་ནས་བདག་ཀྱང་ཤིན་ཏུ་སྡུག ་ལོ།། ཞེས་བྱ་བས་ནི་ངུ་བའི་རྒྱུ་བསྟན་ཏོ།། ཁྱོད་ཀྱི་ལག་པ་འབར་བ་བྱས་པ་ཞེས་བྱ་བ་ལ་སོགས་པས་ནི་འོད་ཀྱི་ཁྱད་པར་དུ་གྱུར་པ་ཉེ་བར་བསྟན་ཏེ། ཕྱོགས་མ་ལུས་པ་སྣང་བར་བྱེད་པར་མཁས་པ་ཁྱོད་ལས་བྱུང་བའི་སྣང་ངས་མར་མེ ་ལ་སོགས་པ་གཞན་གྱིས་འོད་མི་གསལ་བར་བྱས་པ་དང་། ངོ་མཚར་བསྐྱེད་པར་བྱ་བའི་ཕྱིར། ས་འདི་རབ་ཏུ་གཡོས་གྱུར་ཏེ། ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་སེམས་ཞུམ་པ་མེད་པ་མཐོང་ནས་སྐྱེས་བུ་འདི་ནི་ཐ་མལ་པ་མ་ཡིན་ཏེ། ་ངེས་པར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔོའ་ཡིན་ནོ་སྙམ་དུ་བསམས་ནས་བདག་བཙུན་མོའི་འཁོར་དང་བཅས་པ་ཁང་པའི་སྟེང་ནས་མཆོངས་སོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ལོ་གློ་བར་བྱས་ནས་ལེགས་སོ་ཞེས་བྱ ་བཔ་བྱིན་པ་ནི་ཆེ་བའི་ཡོན་ཏན་བརྗོད་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་བདག་ཉིད་ཆེ་བ་དང་། སེམས་ཀྱི་བདག་ཉིད་ཆེ་བ་དང་། བརྩོན་འགྲུས་ཀྱི་བདག་ཉིད་ཆེ་བ་དང་། འགྱུར་བ་མེད་པའི་བསམ་པས་ཆོས་སྟོང་པའི་ཆེ་བའི་བདག་ཉིད་བསྟན་པའོ།། བདག ་ཀྱང་དེ་བཞིན་མཁས་པ་ཡི།། སྨོན་ལ་མོ་ཡོངས་སུ་རྫོགས་པར་བགྱི།། ཞེས་བྱ་བས་གཞན་དག་ཀྱང་སློབ་ཏུ་འཇུག་པའོ།། འདི་ལྟར་ཡན་ལག་མ་ཚང་བ། ངས་ནི་རབ་ཏུ་སྡུག་བསྔལ་ལོ།། ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བདེ་བས ་བྱིན་ཡན་ལག་མ་ཚང་བ་མ་ཡིན་པར་སྟོན་པའི་ཚིགས་སུ་བཅད་པ་གཞན་གསུངས་པ་ནི་གང་ལ་ལག་པ་མེད་པ་ཡང་། དེ་ནི་ཡན་ལག་མ་ཚང་མིན་ཞེས་བྱ་བ་ལ་དགེ་བའི་ཡན་ལག་ལ་ཡན་ལག་ཅེས་བྱ་བའི་སྒྲས་བརྗོད་པས་ལུས་ཀྱི་ཡནྠ ་ལོག་མཚང་བར་གྱུར་ཀྱང་ཆུབ་ཁྲིམས་ཀྱི་ཡན་ལག་མ་ཉམས་པ་ནི་ཡན་ལག་མཚང་བ་མིང་བཞེས་བརྗོད།། སུལ་ཚུལ་ཁྲིམས་མེད་བ་དག། དེ་ནི་ཡན་ལག་མ་ཚང་ཡིན་ཞེས་བྱ་བ་ནི་བཟློག་པའི་སྒོནས་བསྟན་པའི་རྡོ་ལ་པའི་ལུས་འདིས་རུལ་པ་མ་ཡིན་པའི་ཆོས་ཀྱི ་སྐུ་ཐོབ་པར་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རིན་པོ་ཆེ་སྣ་བདུན ་གྱིས་ཡོངས་སུ་བཀང་ནས་གང་དག་གིས་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བར་གྱུར་པ་དང་། ཡང་གཞན་ཞིག་ཡིས་ཆོས་ཉིད་སྟོང་པ་ཤེས་ནས་དེ་བཞིན་གཤེགས་པ་རྣམས་ལོ་ཡན་ལག་ངང་ཉིང་ལག་ལ་སོགས་པ་པུལན ་སྔ་མ་དེ་བས་ལུས་ཀྱི་ཡན་ལག་གཏོང་བ་འདི་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ།། འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར་བདེན་པའི་བྱིན་གྱིས་བརླབས་བྱེད་པར་རྩོམ་པ་ནི་བདེན་པའི་ཚིག་ནི ་བརྗོད་པར་བགྱི། ཞེས་བྱ་བ་ལ་སོགས་པ་ལ། བདེན་པ་གང་གིས་སངས་རྒྱས་སུ་བདག་འགྱུར་ན་སྟེ་འཇིག་རྟེན་ཐམས་ཅད་ལ་སྣང་བར་བྱེད་པ་དང་། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་རབ་ཏུ་དགྲོལ་བར་བྱེད་པར་འགྱུར་ན་བདེན་པ ་དུང་བདེན་པའི་ཚིག་ངེས་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཅིག་ཅེས་བརྗོད་པ་དང་། བདེན་པའི་ཚིག་དེ་བརྗོད་མི་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ།། ངོ་མཚར་རྨད་དུ་བྱུང་བའི་ལྟོས་དེ་མཐོང་བས་ལྷ་ལ ་སོགས་པ་རྣམས་དགའ་བའི་སེམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པར་གྱུར་ཏོ།། ཡང་སྟོང་པ་ཉིད་ཀྱི་བདག་ཉིད་ཆེ་བ་བསྟན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་བྱེད་པ་ནི། བདེན་པ་གང་གིས ་ཆོས་དེ་ནི། ལག་པ་ཞེས་ཀྱང་བྱ་མེད་ན་ཞེས་བྱ་བ་ལ། དོན་དམ་པར་གཟུགས་ལ་སོགས་པའི་ཕུང་པོ་བདེན་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ།། བདེན་པ་དེ་ཡིས་སྔོན་ལྟར་ཡང་། ལག་པ་མྱུར་དུ་འབྱུང་བར་ཤོག། ཅེས་བྱ ་བཱ་ནི་ཇི་ལྟར་སྔོན་མ་ཉམས་པའི་དུས་ཀྱིས་གཟུགས་བཞིན་དུ་གྱུར་ཅིག་པའོ།། དེ་བཞིན་དུ་བདེ་བས་བྱིན་ཞེས་བྱ་བའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ།། གང་གིས་སྟོན་པར་བྱེད་པའི་སྐྱེ་དེ་ཡང་སྟེང་པའོ།། བདེན་པ་དང་བདེན་པའི་ཚིག་ངེས ་འཇིག་རྟེན་ཐམས་ཅད་ཚིག་པར་མ་གྱུར་ཅིག་ཅེས་གལ་ཏེ་བདེན་པའི་བྱིན་གྱིས་བརླབས་བྱས་ནས་ཡང་ཐམས་ཅད་ཚིག་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། སེམས་ཅན་ཐམས་ཅད་མིཉམ་པར་བཞག་པར་ཤོག་ཅིག། ངེས་པར་ཕྱིར་མི་ལྡོག ་པར་གྱུར་ཅིག་ཅེས་བྱ་བ་ཕན་པའི་བསམ་པས་བརྗོད་མ་ཐག་ཉིད་དུ་མཚན་ཐམས་ཅད་ཡང་དག་པར་རྫོགས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། དེ་ནས་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། མི་དང་། མི་མེ ་ཡིན་པ་ཐམས་ཅད་ཀྱིས་མཆོད་པ་བླ་ན་མེད་པ་བྱས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཐོང་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཆེ་བའི་ཡོན་ཏན་ཡང་འཁོར་རྣམ་པོ་བཞི་ལ་བསྟན་པས་སེམས་དྲང་བ་སྐྱེང་བར་བྱེད་པའི་ཕྱིར་རོ།། ལྷ་ལ ་སོགས་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་རོ།། སངས་རྒྱས་ཤཱཀྱ་སེངྒེ་ནི་ཞེས་བྱ་བ་ལ་སོགས་པ་ལ། ང་ཉིད་དེའི་ཚེ་བདེ་བས་བྱིན་ཏུ་གྱུར་པ་ཡིན་ནོ།། དཔལ་དབྱངས་ནི་བྱམས་པ་མོ་ཕམ་པ་ཉིད་ཡིན་ནོ་ཞེས ་བྱ་བའོ།། ལྷག་མ་ནི་གོ་སླའོ།། ཉེས་པ་ཀུན་ལས་རྣམ་གྲོལ་བ།། བདེ་བ་མྱ་དྲན་ལས་འདས་པར་འདོང་།། སེམས་ཅན་ཀུན་ལ་བདེ་སྦྱིན་པ།། ཐབས་ཆེན་མན་ངག་སྟོན་མཛད་པ།། ཐུབ་པོ་གཙོ་བོ་བདེ་བ་སྐྱེམ། འཇིག ་རྟེན་བསམ་པའི་བྱེ་བྲག་གིས།། ངོ་ཉིད་གཅིག་པུ་རྣམ་པར་བསྒྱུར།། བདེ་བས་བྱིན་གྱི་ལེའུ་སྟེ་སུམ་ཅུ་བཞི་པོའི་འགྲེལ་པ་རྫོགས་སོ།། ། མདོ་སྡེ་འཆང་པའི་ཆོས་སླ་བ་ལ་རང་གཱི་ཤ་དང་ཁྲག་གི་ཀྱང་ཉེ་བར་སྤྱད་པས་སེམས ་ཅན་གྱི་དོན་དུ་བསྙོན་བཀུར་བྱས་ལ་ནད་གསོ་བར་བྱའོ།། ཞེས་བྱ་བར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྦྱིན་པའམ་ཞེས་བྱ་བ་ནས་མངོན་པར་བརྩོན ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་རྟོགས་སླ་བའི་ཕྱིར་མ་བཀྲོལ་ལོ།། སྦྱིན་པ་དེ་ཡང་བསྔོ་བ་བཞིས་ཡོངས་སུ་བསྔོ་བར་བྱའོ།། ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དུ་འགྱུར་བས་དེའི་ཕྱིར་ཁྱད་པར་དུ་འཕགས ་པའི་འབྲས་བུ་འདོད་པས་དེ་བཞིན་དུ་བསྔོ་བར་བྱའོ་ཞེས་བྱ་བ་ཡིན་ནོ།། བཞི་པོ་གང་དག་ཡིན་ཞེས་དྲིས་པ་དང་། འདི་ལྟ་སྟེ་ཞེས་བྱ་བས་ཉེ་བར་སྟོན་པར་བྱེད་དོ།། ཐབས་ལ་མཁས་པ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། ཐབས་ལ་མཁས ་པ་གང་གིས་དེ་བཞིན་གཤེགས་པ་དེ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པའི་དོན་མཛད་པར་གྱུར་པ་དེ་བཞིན་དུ་ཐབས་ལ་མཁས་པའི་ཁྱད་པར་ལ་དམིགས་ནས་སྦྱིན་པ་ལས་བྱུང་བའི ་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བསྔོ་བ་དང་པོའོ།། དགེ་བའི་བཤེས་གཉེན་གང་ལས་ཐབས་ལ་མཁས་པ་འདི་ཐོས་ནས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་དགེ་བའི་བཤེས་གཉེན་དེ་དག ་དང་བདག་རྟ་གཱ་ཏུ་འགྲོགས་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་གཉིས་པའོ།། ལོངས་སྤྱོང་ཐོབ་པ་གང་དག་འཇིག་རྟེན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་དེ་དང་བདག་ཕྲད་པར ་གྱུར་ཅིག་ཅེས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་ནི་གསུམ་པའོ།། བདག་གིས་ལུས་གྲུབ་པ་གང་གིས་ཆོས་དྲང་ཟང་ཟིང་རྣམ་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ་དེ་ལྟ་བུ་དང་མཐུན་པའི་བདག་གི་ལུས་གྲུབ་པར ་གྲུབ་པར་གྱུར་ཅིག་ཅེས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་ནི་བཞི་པའོ།། དེ་ལྟ་བུར་ཡོངས་སུ་བསྔོ་བའི་སྦྱིན་པ་ནི་སངས་རྒྱས་ཉིད་སྒྲུབ་པར་འགྱུར་བའོ།། གཞན་ཡང་གཞོན་ནུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གང ་ངག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་རབ་ཏུ་གནས་པ་དེ་ལ་གཡོ་མེ་པས་བསྟེན་པར་བྱའོ།། བྱང་ཆུབ་སེམས་དཔེའ་ག་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་ནད་ཤིན་ཏུ་མི་བཟད་པས་བཏབ་ནས་ནི་བར་གྱུར་ན་རང་གི་ཤ་དང་ཁྲག་གིས་ཀྱང་ན་བ་དེ ་ལས་སློང་བ་དེ་ལ་སྤྲོ་བར་བྱ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཉིད་འདོད་པས་གཡོ་མེད་པའི་སེམས་ཀྱིས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་ལ་ཆོས་སྨྲ་བའི་དགེ་སློང་ནང་མི་བཟང་པ་དེ་ལས་བསླང་བར ་བྱའོ་ཞེས་བྱ་བ་ཡིན་ནོ།། སྔོན་བྱུང་བའི་གཏམ་གྱིས་ལྷག་པའི་བསམ་པ་གཡོ་བ་མེད་པ་བསྟན་པའི་ཕྱིར། གཞོན་ནུ་སྔོན་བྱུང་བ་འདུས་པའི་དུས་ན་ཞེས་བྱ་བ་ལ་སོགས་བུ་ཡ། སྔོན་བྱུང་བ་ནི་སྔར་གྲུབ ་པ་ལ་སྔོན་བྱུང་བ་ཞེས་བྱ་བ་སྟེ། འོངས་པའི་སྒྲོས་བསྟན་པསྔ་ཚིག་ན་གྲངས་མེད་པ་ལ་སོགས་པ་ཅི་དགོས་ཞེ་ན། གྲངས་ཀྱི་ངེས་པ་བསྟན་པ་ནི་འདས་པའི་ཤིན་ཏུ་རིང་པོར་གྱུར་པ་བསྒྲུབ་པའི་ཕྱིར་བསྟན་ཏོ།། དེ་བཞིན་གཤེགས་པ ་སྨོན་ལམ་བོསམ་གྱིས་མི་ཁྱ་པ་ཁྱུད་པར་དུ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ནི་སྨོན་ལམ་གྱིས་ཁྱད་པར་གྱིས་བསྐལ་པ་གྲངས་མེད་པ་བྱེ་བ་བརྒྱ་སྟོང་དུ་མས་བསྒྲུབ་པར་བྱ་བའོ།། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ཡོངས་སུ་སྨིན ་བར་བྱ་བ་དང་། གྲོལ་བར་བྱ་བའི་མཚན་ཉིད་ཅན་སངས་རྒྱས་ཀྱི་མཛད་པ་རྣམས་ཉི་མ་གཅིག་པོ་དེ་ཉིད་ལ་ཡང་དག་པར་བསྒྲུབས་པར་གྱུར་ནས་སེམས་ཅན་རྣམས་ཐེག་པ་གསུམ་གྱིས་མྱ་ངན་འདས་པ་ལ་བཀོད་དེ། བདག་ཉིད་ཀྱང་ཉི་མ ་ཉིད་ཀྱི་མཐའ་ལ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ།། དེ་ཡོངས་སུ་མྱ་ངན་ལས་འདུས་ནས་དམ་པའི་ཆོས་ནི་ཡུན་རིང་དུ་གནས་པར་གྱུར་ཏོ།། ལྔ་བརྒྱ་ཐ་མར་གྱུར་པ་ན་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔ་བསྡུས་པ་ནི་ལྔ་བརྒྱ་སྟེ། ་དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ལོ་ལྔ་སྟོང་གནས་སོ་ཞེས་ཟེར་རོ།། ལོ་ལྔ་སྟོང་ལ་ལྔ་བརྒྱ་ལྔ་བརྒྱ་ཐ་དད་དུ་བྱས་པའི་དབང་དུ་བྱས་ནས་ལྔ་བརྒྱ་ཕྲག་བཅུར་འགྱུར་བས་དུས་བཅུར་འགྱུར་ཏེ། རེ་ཞིག ་དང་པོར་ནི་མངོན་པར་རྟོགས་པའི་དུས་ཡིན་ནོ།། དེ་ནས་བསྒྲུབ་པའི་དུས་སོ།། དོ་ནས་ལུང་གི་དུས་ཞེས་བྱ་བས་དུས་གསུམ་མོ།། ང་ལ་མངོན་པར་རྟོགས་པའི་དུས་ཀྱང་གསུམ་དུ་འགྱུར་ཏེ། དགྲ་བཅོམ་པའི་དུས་དང་། ཕྱིར་མི་འོང་བའི ་དུས་དང་། རྒྱུན་ཏུ་ཞུགས་པའི་དུས་སོ།། བསྒྲུབ་པའི་དུས་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ་ལྷག་མཐོང་གི་དུས་དང་། ཏིང་འཛིན་གྱི་དུས་དང་། ཚུལ་ཁྲིམས་ཀྱི་དུས་སོ།། ལུང་གི་དུས་ཀྱང་གསུམ་དུ་གྱུར་ཏེ། ཆོས་མངོན་པའི་སྡེ་སྣོད་ཀྱི་དུས་དང ་མདོ་སྡེའི་སྡེ་སྣོད་ཀྱི་དུས་དང་། འདུལ་བའི་སྡེ་སྣོད་ཀྱི་དུས་སོ།། དེ་ལྟར་དུས་དགུ་དང་། རྟགས་ཙམ་འཛིན་པའི་དུས་དང་བཅུར་འགྱུར་རོ།། དེ་ལ་དུས་རེ་རེ་ལ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱར་འགྱུར་ཏེ། དེ་ལྟར་དུས་བཅུ་ལ་ལྔ་བརྒྱ་ཕྲག་ཅུ་ཡིན་པས་པོ་ལྔ་སྟོང་དུ ་འགྱུར་རོ།། དེ་ལ་ལྔ་བརྒྱ་ཕྲག་དང་པོ་ལ་ནི་དགྲ་བཅོམ་པའོ།། གཉིས་པ་ལ་ནི་ཕྱིར་མི་འོང་བའོ།། གསུམ་པ་ལ་ནི་རྒྱུན་ཏུ་ཞུགས་པའོ།། བཞི་པ་ལ་ནི་ལྷག་མཐོང་ངོ་།། ལྔ་པ་ལཱ་ནི་ཏིང་ངེ་འཛིན་ནོ།། དྲུག་པ་ལེ་ནི་ཚུལ་ཁྲིམས་སོ།། བདུན་པཱ་ལ་ནི ་ཆོས་མངོན་པའོ།། བེརྒྱུད་པ་ལ་ནི་མདོ་སྡེའོ།། དགུ་པ་ལ་ནི་འདུལ་བའོ།། ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་མོ།། དེ་ལྟ་བུ་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ།། ལྔ་བརྒྱ་ཞེས་བྱ་བ་ཁ་ཅིག་གཞན་དུ་འདོན་ཏེ། ལཱུ་པདྨ་ཞེས་བྱ་བའི་རིང་པོ་བོར་བའོ་ཞེས ་ཟེར་རོ།། གཞན་དག་ནི་འདི་སྐད་སྨྲ་སྟེ། མི་རྣམས་ན་ཚེ་ཚད་ལོ་བརྒྱ་ཡིན་ནོ།། དེ་ལ་དང་པོའི་ལོ་ལྔ་བཅུ་ལ་ནི་ཁ་དོག་དང་། གཟུགས་དང་། སྟོབས་དང་། ཤེས་རེབ་ལ་སོགས་པ་འཕེལ་བར་འགྱུར་བ་ཡིན་ནོ།། ཕྱེང་ཕྱེ་མའི་ལྔ་བཅུ་ལ་ནི་དེ་དག་རིམ ་གྱིས་འགྲིབ་པར་འགྱུར་བ་ཡིན་ནོ།། དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་དུས་ཀྱི་ཐ་མ་ལ་བབ་པའི་ཚེ་ཕྱེད་ཕྱི་མའི་ལྔ་བཅུའི་ཐ་མ་ལ་བབ་པར་འདྲ་བར་ཐ་མར་གྱུར་པ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི ་ཚེ་མངོན་པར་རྟོགས་པར་ནུབ་པར་འགྱུར་བའི་དུས་ན་མངོན་པར་རྟོགས་པ་ཡོད་པར་མི་འགྱུར་རོ།། ལུང་གི་ཆོས་ཀྱང་འདྲི་བ་དང་། འདྲིར་འཇུག་པ་དང་། ཀློག་པ་དང་། འདོན་པ་ལ་སོགས་པ་ལ་ཉོན་མོངས་པ་དང་གྲོགས་ངན་པ་ལ་སོགས་པས་ཀུན ་ནས་དཀྲུགས་པས་འཇིག་རྟེན་རྣམས་འཇུག་པར་མི་འགྱུར་རོ།། དེ་ལྟ་བུར་གྱུར་ཅིང་ནུབ་པའི་ཚེ་དགེ་སློང་དམིགས་པར་ལྟ་བ་མང་པོ་འབྱུང་སྟེ། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པར་ལྟ་བ་ནི་དམིགས་པར་ལྟ་བ་ཡིན་པར་རིག་པར་བྱའོ།། ་ངག་འདི་ལྟ་བུའི་མདོ་སྡེ་ལ་འདོད་པར་མི་འགྱུར་ཏེ། ལྟ་བུ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ།། མོས་པར་ཡང་མི་འགྱུར་ཏེ། ཟབ་མོའི་ཆོས་ལ་གོམས་པར་མ་བྱས་པའི་ཕྱིར་རོ།། མོས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྤོང་ཞིང་སྐྱོན་འོདོགས་པར ་བྱེད་ཅིང་སྐུར་པ་འདེབས་སོ།། མདོ་སྡེ་འདི་ལྟ་བུ་ཟབ་མོའི་དོན་སྟོན་ཅིང་འཇུག་པ་དང་ལྡན་པའི་མདོ་སྡེ་འཛིན་པའི་དགེ་སློང་རྣམས་ལ་གནོད་པ་བྱེད་ཅིང་སྲོག་ཀྱང་གཅོད་པར་བྱེད་དོ།། རྙེད་པ་དང་བཀུར་སྟི་ལ་ཆགས་པར་འགྱུར་བ་མདོ་བོ་འབྱུང་ངོ་།། ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཤེས་བྱ་བ་འཛམྦུའི་གླིང་གི་དབང་ཕྱུག་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དམ་པའི་ཆོས་ཡོངས་སུ་འཛིན་པ་འབྱུང་ངོ་།། ཡང་འདིར་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཏིང་ངེ་འཛིན་འདི་འཛིན་པ་ཆོས་སྨྲ་བ ་རྒྱལ་པོ་དེའི་དགེ་པའི་བཤེས་གཉེན་དུ་གྱུར་པ་རྒྱལ་པོའི་ཕོ་བྲང་དུ་འགྲོ་ཞིང་ཕན་པར་འདོད་པ་དེ་རྒྱལ་པོ་དེ་ཡང་བལྟ་བ་དང་། ཆོས་མཉན་པ་དང་། བསྙེན་བཀུར་བྱ་བ་ལ་མཁས་པར་གྱུར་ཏོ།། དགེ་སློང་ཆོས་སྨྲ་བ་དེ་ཡང་ཞེས་བྱ་བ་ལ་སྩོགས་པ ་ནཱི་ཆོས་སྨྲ་བའི་ཡོན་ཏན་བརྗོད་པར་བྱེད་པ་ཡོན།། སངས་ཅན་རྣམས་ཀྱི་སྤྱོད་ལམ་དང་། སྤྱོད་པ་དང་། མོས་པ་དང་། ཁམས་དང་། བག་ཆགས་ལ་མཁས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྤྱོད་ལམ་ནི་སྤྱོད་ལམ་ལ་ཞུགས་པའོ།། སྤྱོད་པ་ནི ་སྦྱིན་པ་ལ་སོགས་པ་ལ་ཞུགས་པའོ།། མོས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལམ་བསྒོམ་པའི་རྟོགས་པའི་སེམས་སོ།། ཁམས་ནི་བག་ཆགས་སོ།། བག་ཆགས་ནི་རང་བཞིན་ནོ།། དེ ་དོག་ལ་མཁས་པ་ནི་ངེས་པར་རིག་པར་གྱུར་པའོ་ཞེས་བྱ་བའི་དོན་ཏོ།། དབང་པོ་ནི་ངེད་པ་ལ་སོགས་པའོ།། སྟོབས་ཀྱང་དད་པ་ལ་སོགས་པ་ལྔ་པོ་དེ་དག་ཉིད་དོ།། བརྩོན་འགྲུས་ཀྱི་རིམ་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པ་གསུམ་མོད ་ཁམས་དང་བག་ཆགས་ཤེས་པ་ནི་ཤེས་པ་སྟེ། སྡུག་བསྔལ་ཤེས་པ་དང་། རྗེས་སུ་ཤེས་པ་ལ་སོགས་པའི་བགས་ཆགས་ལ་སོགས་པའོ།། དེ་དག་མཁས་པ་ནི་སྔ་མ་བཞིན་ནོ།། བདེན་པའི་མཚམས་སྦྱར་བ་ནི་དགོངས་པའི་མཚམས་སྦྱར་བ། ་མཚམས་བྲལ་བ་ནི་རྣམ་པར་མི་སྦྱོར་བའོ།། དགོངས་པ་དང་དགོངས་པ་ཅན་མ་ཡིན་པའི་ཚིག་གི་ལན་གདབ་པ་ལ་མཁས་པ་ནི་ངེས་པའི་དོན་དང་། དྲང་པོའི་དོན་གྱི་དབྱེ་བ་ལ་ངེས་པར་མཁས་པའོ།། སྤོབས་པ་ཟབ་ཅེས་བྱ་བ་ནི་ཐེག་པ་དམན ་པ་ལ་ཞུགས་པ་རྣམས་བཟློག་པའི་ཐབས་ཀྱིས་ཟབ་མོའི་ཆོས་སྟོན་པས་འདུལ་བ་ལ་མཁས་པའོ།། གསོང་པོར་སྨྲ་ཞིང་བཞིན་ལ་ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་དང་པོར་བསྡུ་བའི་རྒྱུ ་ཡིན་ནོ།། སེམས་ཆེན་པོར་གྱུར་པ་ལ་གནས་པ་ཞེས་བྱ་བ་ནི་རྒྱ་ཆེན་པོ་ལ་མོས་པའི་སྨོན་ལཱམྲ་དང་མེ་བྲལ་བའི་སེམས་སོ།། སྙིང་རྗེ་ཆེན་པོ་ལ་བརྩོན་པའི་ནི་སེམས་ཅན་ཐམས་ཅད་ལ་སྙོམསོ་པའོ།། ཕ་རོལྔ་རྒོལ་བ་ཚོགས་དྲན་པོའི་དཔོན ་པོ་ཐམས་ཅད་ཚར་གཅོད་པའི་ཤེས་རབ་ཅན་ཡིན་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ནོན་པ་ཞེས་བྱ་བའོ།། དེ་ལྟ་བུར་གྱུར་པའི་ཆོས་སླ་བ་ནི་ཆོས་སྟོན་པ་ལ་དབང་བ་ཡིན་ནོ་ཞེས་བྱ་བས་ཆོས་སྨྲ་བའི་ཡོན་ཏན་བརྗོད་པའི་སྒོ་ནས ་སྟོན་པ་ཡིན་ནོ།། དེའི་ཚེ་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་བུ་མོ་བྱུང་བར་གྱུར་ཞེས་བྱ་བ་ནི་རྒན་པ་ལ་ཡང་སྒྲ་འཇུག་པས་གཞོན་ནུ་ཞེས་བྱ་བ་བཟུང་ངོ་།། དེའི་ཕྱིར་ངེས་པར་བསྟན་པའི་ཕྱིར་ལོ་བཅུ་དྲུག་ལྗོན་པ་ཞེས་བྱ་བ་སྨྲས་སོ།། མཚན་ཐམས་ཅད ་ཀྱིས་བརྒྱན་པ་ཡེ་ཤེས་ལྡན་ཞེས་བྱ་བ་བྱུང་སྟེ། དེའི་སློབ་དཔོན་ནི་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་དེ་ཡིན་ཏེ། དགེ་བའི་ཆོས་རྣམས་ཡང་དག་པོར་སྟོན་པ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཚེ་ཆོས་སྤྲོ་བ་དེ་ལ་བརླ་གཉིས་སུ་འབུམ་བུ ་མེ་དཔལ་ནག་པོ་ཆེན་པོ་གསོ་དཀའ་ཞིང་སྨན་དཀོན་པ་ཞིག་བྱུང་སྟེ། སྨན་པ་རྣམས་ཀྱིས་ཀྱང་འདི་ནི་གསོ་བར་མི་ནུས་སོ།། སྙམ་ནས་བོར་རོ།། དེ་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་བཙུན་མོའི་འཁོར་དང་བཅས་པ་དགེ་སློང་དེ་ན་བར ་མཐོང་ནས་འདི་འཆི་བར་མི་འགྱུར་རམ་སྙམ་ནས་རབ་ཏུ་ངུ་ཞིང་མཆི་མ་ཕྱུང་ངོ་།། དེའི་དུས་ན་རྒྱལ་པོ་ཡེ་ཤེས་སྟོབས་ལ་ལྷ་མོ་སྔོན་སྣག་གི་གཉེན་མཚམས་སུ་གྱུར་པ་ཞིག་ཡོད་དེ་ཞེས་བྱ་བ་ནི་སྣག་གིས་འབྲེལ་པ་ཉེ་དུ་བརྩེ་བ་ཅན་རྟག་ཏུ ་རྗེས་སུ་འབྲང་བ་ཞིག་ཡོད་པ་དེས་རྒྱལ་པོ་དེ་ལ་རྨི་ལམོ་གྱི་ནང་དུ་བསྟན་པ། རྒྱལ་པོ་ཆེན་པོ་གལ་ཏེ་དགེ་སློང་འདི་ལ་མིའི་ཤ་དང་ཁྲག་སར་པ་མ་རུལ་བ་གནོད་པ་མེད་པ་འབྲུམ་བུ་མེ་དཔལ་ནག་པོ་འདི་ལ་བླུགས་ཏེ། མི་ཤ་སཱར་པ་མ ་རུལ་བ་ལས་རོ་སྣ་ཚོགས་སུ་གཡོས་བྱས་ཏེ་བྱིན་ན་དགེ་སློང་འདི་ནང་ལས་སོས་པར་འགྱུར་རོ།། ཞེས་བྱ་བ་ལ་སར་པ་ཞེས་བྱ་བས་ནི་སྲོག་དང་བཅས་པ་ལ་ཁྲག་ཡོད་ཀྱི་གཞན་ལ་མེད་པས་སོ།། གནོད་པ་མེད་པ་ཞེས་བྱ་བས་ནི། གཞན ་ལ་གནོད་པ་མ་བྱིས་པར་བསྟན་ཏེ། ཁྲོག་ནི་བསྐུ་བའོ།། ཤ་ནི་ཟས་སུ་བྱ་བའོ།། རྙེད་པར་ནི་དཀའོ་སྙམ་པས་བཙུན་མོའི་འཁོར་དང་རང་གི་འཁོར་རྣམས་ལ་བཟླས་ནས་སྤྲོ་བ་བསྐྱེད་ན་སུ་ཡང་སྤྲོ་བ་མ་བྱུང་ངོ་།། རྒྱལ་པོའི་བུ་མཽ་ཡེ་ཤེས་ལྡན་ཡང ་རྨི་ལམ་དེ་ལྟ་བུ་ཞིག་མཐོང་ནས་མ་ལ་སོགས་པརེ་འཁོར་རྣམས་ལ་དེ་བཞིན་དུ་བཟླས་པ་དང་། སུ་ཡང་དེ་ལ་སྨན་དྲི་སྟེར་བར་སྤྲོ་བ་མ་བྱུང་སྟེ། དེ་ལྟ་བུའི་ལྷག་པའི་བསམ་པ་དང་གྲོལ་བའི་ཕྱིར་རོ།། དེ་ནས་རྒྱལ་པོའི་སྲས་མོ་ཡེ་ཤེས་ལྡན་དེ་དག ་ཞིང་མགུ་ཡིད་རངས་ཤིང་རབ་ཏུ་དགའ་བ་དང་། དགའ་བ་དང་ཡིད་བདེ་བ་བསྐྱེས་ནས་འདི་ལྟར་སུ་ཡང་དོན་འདི་ལ་སྤྲོ་བ་མེད་པ་ནི་བདག་གི་སྐལ་བ་ཡིན་ནོ་སྙམ་མོ།། དགའ་བ་ནི་ཤིན་ཏུ་དགའ་བའོ།། མགུ་བ་ནི་བདེ་བར་ཆེས་དགའ་བ་རྩེ ་གཅིག་པའོ།། ཡིད་རང་བ་ནི་མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་བ་ལ་ཡིད་བདེ་བ་སྐྱེས་པའོ།། རབ་ཏུ་དགའ་བ་ནི་སྦྱིན་པ་ལ་ཤིན་ཏུ་དགའ་བའོ།། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཞེས་བྱ་བ ་ནི་ཤྭ་དང་ཁྲག་སྟེར་བ་ལ་ངེས་པར་བྱས་པའི་དགའ་བ་ལས་སྐྱེས་པའི་ཡིད་བདེ་བའོ།། འདི་ལྟར་བདག་གིས་ཅི་འདི་བདག་གི་ལུས་ལས་བཅད་དེ་ཞེས་བྱ་བ་ནི་འཆུད་པར་འགྱུར་བའི་ཤ་དང་ཁྲག་སྦྱིན་པར་དམ་བཅས་པའོ།། བདག་གིས ་རྩི་འདི་བདག་གི་ལུས་ལུས་བཅད་དེ་ཞེས་བྱ་བ་དང་སྦྱར་ཏེ། ཇི་སྐད་བསྟན་པ་བཞིན་དུ་ཁྲག་སེར་པ་དང་། ཤྭ་སར་པ་གནོད་པ་མེད་པ་སྦྱིན་པར་བྱའོ།། རྒྱལ་པོའི་ཕོ་བྲང་འདི་ན་བདག་ནི་ཐམས་ཅད་ཀྱི་ནང་ན་གཞོན་ཅིང་ཆུང་སྟེ། ལུས་དང ་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཉོན་མོངས་པ་མེད་པོས་ཉོན་མོངས་པ་མེད་པའི་ཡེ་ཤེས་བཙལ་བར་བྱ་བའི་ཕྱིར་ཞེས་བྱ་བས་ནི་ཕྱི་དང་ནང་གི་དངོས་པོ་ཉོན་མོངས་པ་ཅན་མེད་པར་བསྟན་པ་ཡིན་ནོ།། ཉོན་མོངས་པ་མང་པོའི་ཡེ་ཤེས་ནི ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། འདི་ཞེས་བྱ་བ་ནི་གང་གི་དོན་དུ་བདག་ཐམས་ཅད་དུ་ཐམས་ཅད་ལ་ཞུགས་པ་འདི་ཞེས་བྱ་བའོ།། ཆོས་སྨྲ་བ་ཀུན་ནས་ཉོན་མོངས་པ་མེད་པ་ལ་ཞེས་བྱ་བ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཟབ ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པ་ལ། རང་གི་ལུས་ལས་ཁྲག་དང་ཤ་ཉེ་བར་ཕུལ་ཏེ་དགེ་སློང་འདི་ནད་འང་ལས་གསོ་བར་བྱའོ་ཞེས་ངེས་པར་བྱས་ནས་རང་གི་གནས་སུ་སོང་ནས་མཚོན་རྣོན་པོ་ཐོགས་ཏེ། ཆོས་ལ་ཞུགས་པའི་ཡིད་ཀྱིས་བདག ་གོས་བཪྵ་ལས་ཤུ་བཅད་ནས་རོ་སྣ་ཚོགས་དང་ལྡན་པའི་གྱ་ནོམ་པར་གཡོས་བྱས་ནས་ཁྲག་ཀྱང་སྣོད་དུ་བཟུང་ནས་སློབ་དཔོན་དེའི་དྲུང་དུ་སྤོང་སྟེ། རྒྱལ་པོ་ཡེ་ཤེས་སྟོབས་ཀྱིས་མདུན་དུ་འདུག་ནས། ཁྲག་གིས་འབྲུམ་བུ་མེ་དཔལ་ནག་པོ་དེ་ལྔ ་བྱུགས་སོ།། གཡོས་ལེགས་པར་བྱས་པའི་ཟས་དེ་དག་དགེ་སློང་དེ་ཟར་བཙུག་སྟེ་ཚིམ་པར་བྱས་ཤིང་ལེགས་པར་བསྟབས་སོ།། ཇི་ལྟར་བདེ་བར་བྱས་ཏེ། ཇི་ལྟར་འདོད་པ་བཞིན་དུ་བཟུང་བར་བྱས་སོ།། དེ་ནས་དགེ་སློང་དེ་མི་ཤེས་མ་རིག ་མི་དོགས་པ་ཟས་དེ་ཟོས་སོ་ཞེས་བྱ་བ་ནི་རྒྱལ་པོའི་སྲས་མོའི་ཤཱ་ཚ་ནུ་ཡིན་ནོ་ཞེས་བྱ་བའི་ཡིད་གཉིས་དང་རྟོག་པ་མེད་པའོ།། ཟས་དེ་ཟོས་མ་ཐག་ཏུ་དགེ་སློང་དེའི་ན་ཚ་ཐམས་ཅད་མེད་པར་གྱུར་ཏེ། ནད་དེ་ཐམས་ཅད་ཀྱང་སོས་སོ།། དེ་ནས་ནང་དང ་གནོད་པ་དེ་དང་བྲལ་ནས་དེ་ལྟ་བུའི་ཆོས་བསྟན་ཏེ། བཙུན་མོའི་འཁོར་དེ་དང་། གྲོང་ཁྱེར་པའི་སྐྱེ་བོ་འདུས་པ་དེ་དག་ལས་སྲོག་ཆགས་ཉི་ཁྲི་ཉིས་སྟོང་བླ་ནི་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བའོ།། དེ་ནས་རྒྱལ་པོ ་ཡེ་ཤེས་སྟོབས་ཀྱིས་བདག་གི་བུ་མོ་ལ་ཚིགས་སུ་བཅད་པ་འདི་དག་གིས་དྲིས་སོ།། བུ་མོ་ཁྱོད་ཀྱིས་ཁྲག་འདི་གང་ནས་རྙིད་ཅེས་བྱ་བ་ལ་སོགས་པ་ལ། བུ་མོ་ཁྱོད་ཀྱིས་ཁྲག་འདི་གང་ནས་རྙེད་དེ་བསད་པ་ཡིན་ནམ། རང་ཤི་བ་ཡིན་ནམ། རང་ཤི ་ན་ཡང་ཁྲག་ཀྱང་ཡོད་པར་མི་འགྱུར་ལ། ཤ་སར་པར་ཡང་མི་འགྱུར་རོ།། རྨི་ལམ་དུ་ཡང་གནོད་པ་མེད་པའི་ཁྲག་དང་ཤས་བསྐུས་ཤིང་ཟོས་ན་སོས་པར་འགྱུར་ཞེས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་བློས་དྲིས་པའོ།། ཡབ་ཀྱིས་བཀའ་སྩལ ་པའི་རྗེས་ཐོགས་སུ་བདག་ནི་ཅི་མཆི་ཡང་ཁྱོད་གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ། རང་གི་མཐོང་བའི་རྨི་ལམ་ཟློས་པ་ལ་སོགས་པས་ཡབ་ལ་གོ་བར་བྱེད་པ་བདག་ཉིད་ཀྱི་རྩོལ་བས་རང་གི་ལུས་ཀྱི ་ཁྲུག་དང་ཤྭ་སྦྱིན་པ་སྨྲ་བར་བྱེད་དོ།། བདག་ཉིད་ཀྱི་བརླ་ལས་ཤ་བཅུད་ནས་གཡོས་སུ་བྱས་ནས་ཆོས་སླུ་བ་ལ་བྱིན་ནོ།། བདག་ཉིད་ཀྱི་ཁྲག་གིས་ཀྱུང་འགྲུམ་བུའི་ནང་ལ་རབ་ཏུ་བསྐུ་བ་བྱས་ནས་ཆོས་སྨྲ་བའི་དགེ་སློང་ནད་ལས་ཐར་པར་གྱུར ་ཏོ་ཞེས་བྱ་བའོ།། རྒྱལ་པོས་རང་གི་སྲས་མོ་ལ་བརྩེ་བས་ཁྱོད་རང་ཉིད་ཀྱེ་ཤ་བཅད་པ་ནི་སྡུག་བསྔལ་ཇི་ལྟ་བུར་མྱོང་བར་གྱུར་ཞེས་དྲིས་པ་དང་། བུ་མོ་ཡེ་ཤེས་ལྡན་གྱིས་ཡབ་ལ་སྦས་པ། ས་བདག་མོའི་རྒྱལ་པོ་གསོན་ལ་ཚུལ་བཞིན་དུ་སྒྲུབ ་པ་མཛོད་ཅིག་ཅེས་བྱ་བར། ལས་ཀྱིས་རྣམ་པར་སྨིན་བསམ་ཡས་དེ་འདྲ་བ་ཞེས་བྱ་བ་ལ་སོགས་པ་ལ། སྡིག་པོའི་ལས་ཀྱིས་སེམས་ཅན་རྣམས་དམྱལ་བར་ལྟུང་བར་འགྱུར་རོ།། དེར་ཤཱ་མེད་པར་གྱུར་ནས་ཡང་ལས་ཀྱིས་དབང་གིས་ཤ ་དེ་སླར་འབྱུང་བར་གྱུར་ཡང་དགེ་བའི་ལས་ཀྱིས་ནི་མི་ཡིན་ནོ།། ཅི་སྟེ་ལྷག་པའི་བསམ་པས་བླ་ན་མེད་པའི་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་ལུས་བཅད་ཅིང་བྱིན་ཡང་བདག་ལ་ཚོར་བ་མི་བདེ་བ་མེད་།། བདག་ཆོས་ཀྱི་དགའ་བ་ལ་གནས ་པས་སྒྲོ་བཏགས་པས་བྱས་པའི་སྡུག་བསྔལ་གྱི་ཚོར་བ་རིང་དུ་སྤངས་པར་གྱུར་ཏོ།། ཤ་བཅང་བདག་ལ་ན་ཆ་མ་མཆིས་ཏེ། ཁྲག་ཕྱུང་བདག་ལ་གཡོ་བ་ཡོད་མ་མཆིས་ཞེས་བྱ་བ་ལོགས་པ་ལ། བདག་ལ་ཁྲག་ཕྱུང་བ་ན་སེམས ་གཡོ་ཞིང་འགྱུར་བའི་མཚན་མ་བདག་ལ་མེད་དོ།། བདུག་གི་ཆོས་ཉིད་ཇི་ལྟར་ཐོས་པ་དེ་ལྟ་བུའི་ཆོས་ཀྱི་དེ་ལྟ་བུའི་ཆོས་ཀྱི་སྐུ་ལ་རྨ་ཡང་མེད་ལ། བཅང་བ་ཡང་མེང་ཤ་ཡང་མེད། ཁྲག་ཀྱང་མེད་པ་དེ་ལྟ་བུ་གལ་ཏེ་རིག་པར་གྱུར་ན་ལུས ་ཐམས་ཅད་བཅད་ཅིང་དུམ་བུ་མ་བྱས་པ་དེ་ལྟ་ན་ཡང་ཆོས་ལ་དགའ་བས་དེ་དག་བགྲང་བ་ཙམ་དུ་ཡང་མི་ཤེས་སོ།། བདག་གྲི་ཤ་དང་ཁྲག་ཆོས་སྨྲ་བ་ལ་བྱིན་པ་ལ་བདག་གི་ལུས་ལ་རྨ་ཡང་མེད་ལ་སྡུག་བསྔལ་ཡང་མེད་དེ། སྐད་ཅིག ་དེ་ལ་ཆོས་ཉིད་ལ་མོས་པའི་སྟོབས་ཀྱིས་བདག་གི་སྔོན་གྱི་ལུས་ཇི་ལྟ་པཱ་དེ་ལྟ་བུའི་ལུས་སུ་གྱུར་ཏོ།། ཡབ་ཅིག་སུ་དུམ་བཱ་རའི་མེ་ཏོག་བཞིན། ཞེས་བྱ་བ་ལ་སོགས་པས། ཆོས་སྨྲ་བ་རྙེད་དཀའ་བར་བསྟན་ཏོ།། འཇིག་རྟེན་དུ་ཨུ་དུམ་ཝ ་རའི་མེ་ཏོག་བརྒྱ་ལ་འབྱུང་བར་འགྱུར་རོ།། དེ་བཞིན་དུ་འཛུམྦུའི་གླིང་འདིར་ཡང་ཆེ་ས་སྨྲ་བ་ཆེས་ཆེན་པོ་ཡང་རྙེད་པར་དཀའ་སྟེ། འཇིག་རྟེན་གྱི་ཁམས་སྙིགས་མ་ཅན་ཡིན་པའི་ཕྱིར་རོ།། ཇི་ལྟར་འཛམྦུའི་ཆུ་བོའི་གསེར་འབར་བ་ཞེས་བྱ་བ་ལ་སོགས་པ ་ལ། ཇི་ལྟར་འཛ་མྦུའི་སུ་ཀླུང་གི་གསེར་མཐོང་ཡང་ངོམས་པ་མེད་པ་བཞིན་དུ་ཆོས་སྨྲ་བའི་དགེ་སློང་མཐོང་བས་ཀྱང་ངོམས་པར་མི་འགྱུར་རོ།། ཞེས་བྱ་བས་ནི་གཟུགས་དང་ལྗང་ཚོ་ཕུན་སུམ་ཚོགས་པ་བསྟན་ཏོ།། སྐྱེ་བོ་སྐོམ་པ་དང་བའི་ཆུ་འཐུངས་ནས ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཆུ་གཙང་ཞིང་དང་ལ་གྲང་བ་སྐོམ་གྱིས་གདུངས་པས་འཐུངས་ན་སྐོམ་པའི་གདུང་བ་དང་བྲལ་བར་འགྱུར་རོ།། དེ་བཞིན་དུ་ཆོས་སྨྲ་བའི་དགེ་སློང་ལས་ཆོས་ཀྱིས་བདུད་རྩི་འཁོར་བའི་སེམས་ཅན་སྐོམ་གྱིས ་གདུངས་པས་འཐུངས་ན་འཁོར་བའི་སྲེད་པའི་གདུང་བ་དང་བྲལ་བར་འགྱུར་རོ།། དེ་བཞིན་དུ་ཆོས་སྨྲ་བ་ཡོན་ཏན་དཔག་ཏུ་མེད་པའི་ཕུང་པོར་གྱུར་པ་ལ། ཤ་དང་ཁྲག་ལ་སོགས་པ་གང་བྱིན་པ་ནི། བདག་གི་ཤ ་དང་ཁྲུག་བཏང་བ་ལེགས་པར་བཏང་བ་ཡིན་ནོ་ཞེས་བྱ་བས་བདག་གིས་ཤེ་དང་ཁྲག་བཏང་བ་ནི་གནས་སུ་བཏང་བ་ཡིན་ཏེ། དེ་བཞིན་དུ་ཆོས་སྨྲ་བའི་ནད་རབ་ཏུ་ཞི་བར་བྱེད་པའི་སྤྲིན་སྦྱིན་པ་བྱས་པ་ནི་སངས་རྒྱས་ཀྱིས་གསུངས་པ་བཞིན་བྱས་པའི ་ཕྱིར་རོ།། སྦྱིན་པ་དེ་ཡོངས་སུ་བསྔོ་བ་ཉེ་བར་རྩོམ་པར་བྱེད་པ་ནི་མང་དུ་ཐོས་ཤིང་ཡོ་བྱད་དང་ལྡན་པ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་ཐོས་པ་དང་། ཚུལ་ཁྲིམས་དང་། གཏོང་བ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན ་པོའི་ཏིང་ངེ་འཛིན་འདི་འཛིན་པའི་ནད་གསོ་བཱརཱ་བྱ་བའི་ཕྱིར་བདག་གི་ཤ་དང་། ཁྲག་བཏང་བའི་བསོད་ནམས་ཀྱིས་འདི་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཇི་སྙེད་མངའ་བ་བདག་གིས་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱ་བའོ།། ཇི་ལྟར་ཙནྡན་ལ་སོགས་པའི་དྲི ་ཀུན་ཏུ་ལྡང་བ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡིད་འཕྲོག་པའི་དྲི་ལྡང་བ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་འཇིག་པ་བཅོས་པའི་བསོད་ནམས་དཔག་ཏུ་མེད་པ་འཐོབ་པ་བཞིན་དུ། འགྲོ་བའི་ཆོས་ཀྱི་སྐུའི ་མཆོད་རྟེན་འཇིག་པ་ཡང་དག་པར་བསྲུངས་པའི་བསོད་ནམས་ཀྱང་དཔག་ཏུ་མེད་དོ་ཞེས་བྱ་བའོ།། བདག་ལ་ཕྱིར་ཡང་ལོག་ལྟུང་འཇིགས་མ་མཆིས་ཞེས་བྱ་བ་ལ་སོགས་པ་ནི། ངན་འགྲོར་འགྲོ་བ་དང་། མི་ཁོམ་པར་སྐྱེ་བ་དང་། བུད་མེད་ཀྱི ་དངོས་པོར་མི་འགྱུར་རོ་ཞེས་བྱ་བའོ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ།། ཞེས་བྱ་བའི་དོན་ནི་གློ་བར་ཟད་དོ།། གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས ་སུ་དཀང་བ་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་ལ། གཞན་ཞིག་གིས་སོར་མོའི་རྩེ་མོ་ཙམ་ཞིག་ཆོས་ཀྱི་ཕྱིར་བཏང་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་འབྱུང་བར་འགྱུར་རོ།། བུ་མོ་དེ་ནི་འདི་ནས་ཤི་འཕོས་ནས་ཞེས་བྱ་བ་ནི་འ ་འི་དུས་བྱོས་ནས་སངས་རྒྱས་ཀྱི་ཞེང་དུ་སྐྱེས་ནས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་བར་འགྱུར་ཞིང་དེ་དག་ལ་ཆོས་ཀྱང་ཐོས་ལ་ཐམས་ཅད་དུ་རབ་ཏུ་བྱུང་ནུས་ཚངས་པར་སྤྱོད་བར་འགྱུར་རོ།། མར་མེ་མཛད་པ་དེ་བཞིན་གོ་ཤེགས ་ཡི་ཞེས་བྱ་བ་ལྔ་སོགས་པ་ལ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་དྲུང་དུ་ཚུངས་པར་སྤྱོད་པ་སྤྱད་དུ། བུད་མེད་ཀྱི་དངོས་པོ་སྤངས་ནས་ཆོས་སྨྲ་བ་ཆེན་པོར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་ཡེ་ཤེས་སྟོབས་ནི་བྱམས་པ་ཡིན་ནོ།། དགེ་སློང་ཆོས ་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་མར་མེ་མཛད་དུ་གྱུར་པ་ཡིན་ནོ།། དེའི་ཚེ་རྒྱལ་པོའི་བུ་མོ་ཡེ་ཤེས་ལྗོན་ཞེས་བྱ་བ་ནི་ང་ཡིན་ནོ།། རྨི་ལམ་སྟོན་པའི་ལྷ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པར་གྱུར་ཏོ།། གང་དག་དགེ་སློང་ཆོས ་སྨྲ་བ་ན་བ་མཐོང་ནས། མཆི་མ་ཕྱུང་བ་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་གྱུར་ཏོ།། དེ་དག་རྟག་ཏུ་མིག་ཀྱང་ན་བ་མེད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་གཤེགས་པའི་མཛོད་ཀྱང་གཟུང་ནས་ནི་ཞེས་བྱ་བ་སོགས་པས་ནི ་ཏིང་ངེ་འཛིན་འཛིན་པའི་ཡོན་ཏན་བསྟན་པ་ཡིན་ནོ།། སངས་རྒྱས་བྱེ་བ་སྟོང་ངག་མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བས་ན་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འདོད་པས་ཆོས་སྨྲ་བའི་དགེ་སློང ་ན་བ་ལ་ཉེ་བར་སྤྱོད་པས་བསྙེན་བཀུར་བྱའོ་ཞེས་བྱ་བ་ཡིན་ནོ།། རང་གི་ཤ་ནི་ཁྲུག་དང་བཅས་པ་དང་། སངས་རྒྱས་ཐོབ་ཕྱིར་སྙིང་རྗེས་བཏོད་བྱས་པས། ཆོས་སྨྲའི་དགེ་སློང་ནད་ལུས་ཐར་བྱས་པའི།། ཡེ་ཤེས་ལྡན་དེ་བཅོམ་ལྡན་དེ་ཐུབ ་དབང་ཡིན།། ཡེ་ཤེས་ལྡན་གྱི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའི་འགྲེལ་པ་རྫོགས་སོ།། །། མཻ་ཏོག་ཟླ་མཛེས་ཀྱི་སྤྱོད་པའི་གཏམ་རྒྱུ་སྐབས་ཀྱི་དང་པོའི་རྩོམ་པ་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་ཀུན་དགའ ་པོ་སྟན་ལས་ལངས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་གང་ལགས། རྐྱེན་གང་ལགས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་རྒྱུ་ནི་ཅི་ལགས། ལྷན་ཅིག་བྱེད་པའི་རྒྱུ་ནི་གང་ལགས་ཞེས་ཞུས་པ་ཡིན་ཏོ། བྱང་ཆུབ་སེམས་དཔའ་འགའ་ཞིག ་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་དང་། མིག་དབྱུང་བ་དང་། མགོ་བཅད་པ་དང་། ཡན་ལག་དང་། ཉིང་ལག་བཅད་པ་ལ་སོགས་པ་མྱོང་བ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་པ་གཞན་དང་གཞན་དག་ཀྱང་ཉམས་སུ་མྱོང་ཡང་སྡུག ་བསྔལ་ཉམས་སུ་མྱོང་བས་སྐྱོ་བར་ཡང་མི་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་མི་ཉམས་པ་ལགས། ཞེས་ཀུན་དགའ་བོའི་ཞུ་བའི་ལན་བཀའ་སྩལ་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ་ཀུན་དགའ་བོ་ངས་སྔོན་སྡུག་བསྔལ་ཇི་སྙེད་མྱོང་བར་གྱུར་པ་ཁྱོད་ཀྱིས་ཤེས་ཤིང་དེ་འདྲ་དག་དྲན་ནས་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡང་དག་པར་སྒྲུབ་པ་ན་ངས་སྡུག་བསྔལ་གང་དག་ཉམས ་སུ་མྱོང་བ་དེ་དག་ཁྱོད་ཉིད་ཀྱིས་རབ་ཏུ་ཤེས་བཞིན་དུ་དེ་དག་ཁྱོད་ཀྱིས་མི་དྲན་ནམ་ཅིའི་ཕྱིར་ཡང་དེ་བཞིན་གཤེགས་པ་ལ་དེ་དག་འདྲི་བར་སེམས་ཁྱོད་ཀྱིས་ལན་གདབ་པར་འོས་སོ་ཞེས་དགོངས་པའོ།། ཀུན་དྲི་གའ་བོས་ལ་ནི་བཏབ་པར་གྱུར་ན་གདུལ ་བྱ་རྣམས་གུས་པར་མི་འགྱུར་རོ།། ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་ལན་གདབ་པོར་བྱ་བའི་ཕྱིར། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ལ་སྐྱེས་བུ་ལ་ལ་ཞིག་རྐང་པ་ནས་སྤྱི་བོའི་བར་དུ་འབར ་བོར་གྱུར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དེ་ལ་སྐྱེས་བུ་ལ་ལ་ཞིག་དེར་ཉེ་བར་འོངས་ཏེ། འདི་སྐད་དུ་ཀྱེ་སྐྱེས་བུ་ཚུར་ཤོག། ལུས་ལ་མེ་འབར་བ་མོ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིག། ཅེས་བྱ་བ་ལ་སོགས་པ་ལ། ་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལུས་ལ་མེ་འབར་བ་དེ་མ་ཞི་བར་འདོད་པའི་ཡོན་ཏོན་ལྔ་དང་ཕྲད་ཅིང་ལྡན་པར་གྱུར་ཏེ། རྩེ་བ་དང་། དགའ་བ་དང་། ཡོངས་སུ་སྦྱོང་པར་བྱེད་དམ། དེ་ལྟ་བུ་ནི་འབྱུང་ཡང་སྲིད་ཀྱི་དེ་བཞིན ་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་ངན་སོང་གསུམ་གྱིས་སྡུག་བསྔལ་བར་གྱུར་ཅིང་མི་ཡིན་ཡང་དབུལ་བ་དག་མཐོང་ནས་ཡིད་བདེ་བ་འམ་སེམས་དགའ་བ་དག་མ་བྱུང་ངོ་།། དེ་ཇི་ལྟ་བ་དེ་བཞིན ་@དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཚུལ་ཁྲིམས་མ་ཉམས་པ་དང་། ཞེས་བྱ་བ་ལ་སོགས་པ་དེ་ལ་ཚུལ་ཁྲིམས་མ་ཉམས་པ ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ཏེ། ཉོན་མོངས་པས་རལ་པ་མེད་པས་ཚུལ་ཁྲིམས་མ་རལཱ་པའོ།། ཚུལ་ཁྲིམས་མ་ཞིག་པ་ནི་དྲི་མོ་ཞིག་པོ་ནི་དྲི་མུ་ཕྲ་མོས་དྲི་མ་ཅན་དུ་བྱས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ།། ཚུལ་ཁྲིམས་འདྲེན་མ་མ་ཡིན ་བ་ནི་བོར་བར་དུ་ཚུལ་ཁྲིམས་མེད་པས་འདྲེས་པ་མ་ཡིན་པའོ།། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མ་ཡིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མེང་པ་ཉིད་དོ།། ཚུལ་ཁྲིམས་མ་གཡོས་པ་ནི། ལྟེ་བ་གཞན་ལ་འཇུག་པའི ་བསམ་པ་མེད་པ་ཉིད་དོ།། ཚུལ་ཁྲིམས་མ་རྨོངས་པ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ཐམས་ཅད་ཉམས་པ་མེད་པ་ཉིད། ཚུལ་ཁྲིམས་མ་འཁྲུགས་པ་ནི་བདུད་ལ་སོགས་པ་གཞན་ཕ་རོལ་པོ་གཞན་དག་གིས་འཁྲུགས་པ་སྟེ། གཞན་དུ་བསྒྱུར་དུ་མི་ནུས ་པ་ཉིད་དོ།། ཚུལ་ཁྲིམས་མི་ཡང་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་གོམས་པར་བྱས་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་དང་། ཟབ་མོའི་ཆོས་ལ་བཟོད་པ་ཡོངས་སུ་བསྒོམས་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ།། ཚུལ་ཁྲིམས་གཞན་ལ་མི་སྟོནྡ ་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པའི་གཉེན་པོ་བདག་མེད་པ་བསྒོམ་པོའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ།། ཚུལ་ཁྲིམས་མི་བསླུ་བ་ནི་འབྲས་བུ་བསླུ་བ་མེད་པའི་ཕྱིར་དང་། ལྷ་དང་མི་དང་བཅས་པའི་འཇིག་རྟེན་བསླུ་བ་མེད་པའི་བྱི ་རོ།། ཚུལ་ཁྲིམས་དྲུང་བ་ནི་བསམ་པ་ལ་གཡོ་བ་མེད་པའི་ཕྱིར་རོ།། ཚུལ་ཁྲིམས་ངམ་བཅས་པ་བཞིན་དུ་བྱེད་པ་ན་ངམ་བཅས་པའི་དོན་རྫོགས་པར་བྱེད་པ་ཉིད་དོ།། ཚུལ་ཁྲིམས་སེམས་ཅན་རྣམས་ལ་ཕན་འདོགས་པ་ནི་གཞན་གྱིས་དོན་བྱེད་པའི་ངོ་བོ ་སྟེ། དེ་ལྟ་བུའི་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་ནི་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་དཔག་ཏུ་མེད་པ་ལ་སྤྱོད་པའི་ཚེ་ལག་པ་དང་། རྐང་པ་ལ་སོགས་པ་བཅད་པར་བགྲང་བ་མེད། ཆོས་ཉིད་ལ་སོ་སོར་རྟོགས་པར་བྱེད་པའི་ཕྱིར་རོ།། ་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱང་ཉམས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ།། དེ་ལྟ་བས་ན་ཆོས་ཟབ་མོ་བསྒོམ་པ་ཡིད་ལ་བྱུང་བ་ལ་གནས་པར་བྱ ་བ་དང་། སེམས་ཅན་གྱི་དོན་བྱ་བ་གནས་སྐབས་ཐམས་ཅད་དུ་ཡོངས་སུ་བཏང་བར་མི་བྱའོ་ཞེས་བསྟན་པར་འགྱུར་རོ།། སྔོན་བྱུང་བ་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཉིད་བསྟན་པའི་ཕྱིར་འདས་པོའི་དུས་ན་དེ་བཞིན་གཤེགས་པ་རིན་པོ ་ཆེཚེའི་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དེགཱར་ཇི་སྐད་གསུངས་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ནས་མྱ་ངན་ལས་འདས་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་མྱ་ངན་ལ ་འདས་པའི་དམ་པའི་ཆོས་རབ་ཏུ་འཇིག་པར་འགྱུར་བའི་དུས་ཀྱི་ཚེ་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བ་ཞིག་བྱུང་ངོ་།། དེའི་ཕོ་བྲང་འཁོར་རིན་ཆེན་ལྡན་ཞེས་བྱ་བ་ཡངས་ཤིང་རྒྱ་ཚོ་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་དུས་ཀྱི་ཚེ་འཇིགས་པ ་ཆེན་པོའི་དུས་ཀྱི་ཚེ་ལོག་པར་ལྟ་བ་མུ་སྟེགས་ཀྱི་གསང་སྔགས་ཡོངས་སུ་ཚོལ་བས་རྣམ་པར་གཡེངས་པས་མུན་པར་གྱུར་པའི་ཚེ་དེ་ལྟར་གྱུར་པས་འདི་ལྟ་བུའི་མདོ་སྡེ་རོམང་པོས་སྤངས་པར་གྱུར་ཏོ།། ་དེ་ལྟར་གྱུར་པས་བྱང་ཆུབ་སེམས་དཔའ་བདུན་སྟོད་ཟབ་མོའི་ཆོས་རབ་ཏུ་སྟོན་པར་བྱེད་པ་རྣམས་གྲོང་དེང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ལྟོ་སུ་ནས་བསླ་ནས་དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དང ་ལྷན་ཅིག་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཁྲིད་དེར་སྟེན་ཅིང་གནས་ཏེ། དགེ་སློང་དེ་དག་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ།། ནགས་ཁྲོད་དེ་ཡང་དུས་ཐམས་ཅད་དུ་སྣང་བའི་མེ་ཏོས་སྣ་ཚོགས་དང་། འབྲས་བུས་བརྒྱན་པ་ཡིད་དང ་རྗེས་སུ་མཐུན་པ་ཤིང་སྣ་ཚོགས་ཀྱིས་གང་ཞིང་རེ་རྒྱ་དང་། སྔོན་པོ་དང་། སེར་པོ་དང་། རེག་ན་བདེ་བའི་རྩི་སྣ་ཚོགས་དང་མྱུག་གུས་བརྒྱན་པ་སའི་ནང་ནས་འཐོན་ཏེ། བྲག་དང་རྡོ་བ་སྣ་ཚོགས་ཀྱི་ཕུག་ཡངས་ཤིང་མཐོ་ལ་རིན་པོ་ཆེའི་རི་དེགས་གེ་མཛེས་པར ་བརྒྱན་པ་ཤིན་ཏུ་ཡིད་དུ་འོང་ཞིང་ཆུ་ལས་སྐྱེས་པའི་མེ་ཏོག་པདྨ་དང་། ཨུཏྤ་ལ་སྔོན་པོ་ལ་སོགས་པས་ཆུ་དྲི་མ་མེད་པས་བརྒྱན་པ། སངས་རྒྱས་དཔག་ཏུ་མེད་པ་བཞུགས་བཞུགས་པ། དྲང་སྲོང་གི་ཚོགས་དང་། གྲུབ་པ་དང་། རིགས་པ་འཛིན་བྷཱུ་དང་། ་དྲི་བ་དང་། མེའི་མཅི་གནས་པ་བསམ་གཏན་དང་རྗེས་སུ་མཐུན་པ། ཀ་པ~ཾ་བཻངྒེ་དང་། ཁུ་དྲུག་དང་། བྱ་དང་། ནི་ཙོང་། ཤ་རི་ཀ་དང་། དང་བ་རྣམས་ཀྱི་སྒྲས་རབ་ཏུ་གང་བ། བུམ་ཅུ་རྩེ་གསུམ་མྱ་རིག་འ་བོའི་ཚལ་བཞིན་དུ་ཤིན་ཏུ་མི ་འོང་བྱཱ། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་ནགས་ཁྲོད་ཆེན་པོ་ཀུནྡ་ཏུ་བཟང་པོ་དེན་བྱང་ཆུབ་སེམས་དཔའ་དེ་དག་སྦྱོང་ལས་རྣམ་པ་པནས་རྡུལ་འབྱོར་ལ་རྗེས་སུ་བརྩོན་པས་གནས་པར་གྱུར་ཏོ།། དེ་ནས་ཆོས་སྒྲུབ་མ་ཏོག་རྒྱུ་མཛ། ་དེ་གཅིག་པུ་དབེན་པར་སོང་ནས་ནང་དུ་ཡང་དག་འཇོག་ལ་ཞུག་སྟེ། ཏིང་ངེ་འཛིན་གྱི་སྟོབས་ལས་བྱུང་བའི་ལྷའི་མིག་གིས་བལྟས་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་འཇིག་རྟེན་གྱི་ཁམས་སྣ་ཚོགས ་ནས་འདིར་སྐྱེས་སོ།། གལ་ཏེ་དེ་དག་གིས་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་རྙེད་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ལ། གལ་ཏེ་མཉན་པ་མ་རྙེད་ན་ནི་ཕྱིར་ལྡོག་པར་འགྱུར་བ་དག་མཐོང་ངོ་།། ་དེ་ནས་ཆོས་སྤྲོ་བ་མེ་ཏོག་ཟླ་མཛེས་ཏིང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེ་དག་གླན་བར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དྲུག་ཁོ་བོ་ནི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱིས་ཇི་ལྟར་མཐོང ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བསམས་ཏེའོ།། དེ་ནས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེ་དག་གིས་དེའི་བསམ་པ་མི་ཤེས་པས་བཟློག་པར་བྱ་བ་ལ་འབད་པའི་ཕྱིར། ཁྱོད་རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་བ་ནི་ཁོ་བོ་ཅག་འདོད ་པ་མ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེའི་རྒྱུ་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། ཞེས་དྲིས་པ་དང་། ལྷག་པའི་ང་རྒྱལ་ཅན་མང་པོ་དག་བྱུང་གིས་དེ་དག་ཚེ་དང་ལྡན་པའི་སྲོག་གཅོད་པར་གྱུར་ན་མ་ལེགས་སོ།། ཞེས་བྱ་བ་ལ་སོགས་པ ་ལ། ཚེ་དང་ལྡན་པ་ཁྱོད་ནི་ཤིན་ཏུ་མཛེས་ཤིང་བྱད་བཞིན་བཟང་ལ་བལྟ་ན་སྡུག་སྟེ། མཚན་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པ། མིག་དང་ཡིད་འཕྲོག་པ་ཡིན་པ་རྒྱལ་པོ་འམ་གཞན་དག་ཕྲག་དོག་དང ་སེར་སྣའི་དབང་གིས་ཁྱོད་ཀྱི་སྲོག་བཅད་པར་གྱུར་ནེ་མ་ལེགས་སོ་ཞེས་སྨྲས་སོ།། དེ་སྐད་སྨྲས་པ་དང་། དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་ཚེས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁོ་བོས་བདག ་ཉིད་བསྲུང་བ་བྱས་ན་ཞེས་བྱས་ན་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་མངོན་པར་བསྲུང་བ་དེས་ནི་དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་ནུས་པར་མི་འགྱུར་རོ།། དོན་དེ་དག་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་རྒྱ་ཆེར་བསྟན་པར ་བྱ་བའི་ཕྱིར། བདག་ཏུ་འདུ་ཤེས་འདི་ལ་གནས་ནས་སུ།། བསྟན་པ་འདི་ནི་བསྲུང་བར་ཡོང་མི་ནུས།། ཞེས་བྱ་བ་ལ་སོགས་པ་ལ། བདག་ཏུ་འདུ་ཤེས་པ་ལ་གནས་པས་ནི་བསྟན་པ་འདི་བསྲུང་བར་ནུས་པར་མི་འགྱུར་རོ།། གང་གི་ཕྱིར་དེ་བཞིན ་གཤེགས་པའི་དམ་པའི་ཆོས་བསྟན་པ་ནི་བརྩོན་འགྲུས་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ཏེ། བདག་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། གཟུགས་ལ་སོགས་པའི་ཡོན་ཏན་ལ་ཆགས་པ་སྤངས་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན ་བཀུར་བྱས་པ་རྣམས་ཀྱིས་བསྲུང་བར་ནུས་སོ།། དམ་པའི་ཆོས་འཇིག་པར་འགྱུར་བའི་ཚེ་གང་དག་བཏང་སྙོམས་སྒོམ་པར་བྱེད་པ་གང་ཡིན་པ་དེས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་འགྱུར་རོ།། ཁྱེད་པ་དེ་རང་གི་དོན་གྱིས་ལ། ཞེས ་བྱ་བ་ལ་སོགས་པ་ལྔ། བདག་ཉིད་བསྲུང་བ་ལྔ་འབད་བ་གྱིས་ལ་ཁྱེད་རྣམས་བདེ་བར་གནས་པར་གྱིས་ཤིག། དེ་ལྟ་ན་ཡང་དེ་བཞིན་གཤེགས་པས་རབ་ཏུ་བསྔགས་པའི་ཚུལ་ཁྲིམས་བསྲུངས་ན་ནི་བདག་ཉིད་ལེགས་པར་བསྲུང་བར་འགྱུར ་རོ།། ཆོས་མཆོག་རིན་ཆེན་སྦྱིན་པ་སྦྱིན་པར་གྱིས།། ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་འདེམས་པར་བྱེད་དོ།། ཆོས་ཀྱི་སྦྱིན་པ་ནུས་པ་ཇི་ལྟ་བ་བཞིན་དུ་སྦྱིན་པ་གྱིས་ཤིག། རྟག་ཏུ་བཟོད་པ་བསྒོམ་པར་གྱིས་ཤིག། དགོན་པ་ན་གནས་པ་བཏང ་བར་མི་བྱའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་རྟག་ཏུ་བརྩོན་འགྲུས་བརྟན་པོས་རྗེས་སུ་སྤྱད་པར་གྱིས་ཤིག། ཅེས་རྗེས་སུ་གདམས་ནས། བདག་ནི་སེམས་ཅན་རྣམས་ཀྱང་བསྐྱབ་པའི་ཕྱིར། གྲོང་དང་རྒྱལ་པོའི་ཕོ་བྲང་འགྲོ་བར་བྱ་ཞེས་བྱ་བ ་ལ་སོགས་པའོ།། བློ་གློས་ཆེ་འཆང་སེམས་ཅན་དམ་པ་མཆོག། དྲང་སྲོང་དེ་ནི་འགྲོ་བར་བྱས་པ་དང་།། ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཆོས་སྨྲ་བ་དེས་ངེས་པར་ཆས་པར་བྱས་པོ་དང་། ཁ་ཅིག་ནི་ངུ་ཞིང་མཆི་མ་འབྱིན་པར་བྱེད། ལ་ལ་སྙིང ་རྗེ་རྗེ་ལྟར་ངུ་བར་བྱེད་ཁུ་ཅིག་ནི་རྐང་པ་ལ་འཇུ་ཞིང་འགྲོ་བར་འགོག་པར་བྱེད་དོ།། མཁས་པོ་བློ་གྲོས་ཆེན་པོ་མ་བཞུད་པར་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་དག་ཀྱང་ཁྱིམ་གྱི་གནས་སྤངས་ཏེ་ནགས ་ཚལ་དང་བྲག་དང་རིའི་རྩེ་མོར་གཤེགས་ནས་དགོན་པ་ལ་བརྟེན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པས་སངས་རྒྱས་ཀྱིས།། ཁྱོད་ཀྱང་དེ་བཞིན་དུ་སློབས་ལེ་ལམ་དེའི་རྗེས་སུ་འབྲང་བར་གྱིས་ཤིག་ཅེས་བྱ་བས་ནགས་སུ་གནས་པར་སྤྲོ་བ ་སྐྱོད་པར་བྱེང་ངོ་།། ལུས་ནོ་ཤིན་ཏུ་མཛེས་པའི་རྒྱུན་གྱིས་བརྒྱན་ཞེས་བྱ་བ་ལ་སོགས་པ་ལ། ཕྲག་དོག་གི་གཞན་དབང་དུ་གྱུར་པས་སྡིག་པའི་བློ་དང་ལྡན་པ་དགྲ་གནས་མ་ཡིན་པ་ལྔ་ཁྲོ་བར་འགྱུར ་རོ་ཞེས་ཁ་ཅིག་སྨྲའོ།། ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་ཀུན་ནས་བསྡུས་ནས་ཕྱོགས་གཅིག་ཏུ་ལན་བཏབ་པ། ཇི་སྙེད་སྔོན་གྱི་བདེ་གཤེགས་བྱུང་བ་ནི། ཞེས་བྱ་བ ་ལ་སོགས་པ། བདེ་བར་གཤེགས་པ་གང་དག་སྔོན་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་རྣམས་ཀྱི་དོན་བྱའོ་ཞེས་སེམས་ཅན་གྱི་དོན་མཛད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གནས་ནས་སེམས་ཅན་གྱི ་དོན་ལ་གཅིག་ཏུ་གཞོལ་བས་བྱང་ཆུབ་ཐོབ་ནས་ཡང་སེམས་ཅན་གྱི་དོན་ཉིད་ལ་འཇུག་པར་མཛད་པ་ཡིན་ནོ།། དེ་བཞིན་དུ་བདག་ཀྱང་ངེས་པར་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་བློས་ངེས་པར་བྱས་ནས་ལྷུང་བཟེད་དང་། ཆོས་གོས་བླངས་ནས ་ལམ་དུ་ཞུགས་སོ་ཞེས་བྱ་བར་སྦྱོར་རོ།། སྤྱད་པའི་དམ་པ་བྱང་ཆུབ་རྒྱུ་སྤྱད་དེ། དེ་དག་བསོད་ནམས་ཡེ་ཤེས་མཆོག་དང་ལྡན་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་བྱང་ཆུབ་རྒྱུར་སྤྱད་དེ། ཞེས་པ་བྱང་ཆུབ་ཀྱི་རྒྱུར་སྤྱོད་པ་ཉིད་ཀྱིས་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཉིད་ལས་བུང་བའི་སྐུ། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲག་ཁྲིག་དེའི་རྗེས་སུ་བསླབས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པར་འདོང་པ་དེ་དག་ཐམས་ཅད་ཀྱིས་ཆོས་སྨྲ་བ་དེ་ལ ་བསྐོར་བ་བྱས་ནས་ངུ་ཞིང་སྐུད་ཆེན་པོ་བཏོན་ཏེ་འདུག་གོ།། གཞན་ཁ་ཅིག་ནི་ཤིང་སཱ་ལ་རྩ་བ་ནས་བཅད་པ་བཞིན་དུ་འགྱེལ་ནས་བརྒྱལ་ལོ།། ལ་ལ་ནི་དྲན་པ་མེད་བཞིན་དུ་སྨྲེ་སྔགས་འདོན་པར་བྱེད་ཀྱང་སེམས་ཅན་གྱི་དོན་འདོད་པའི་ངང་སྲོང་དེ་ལོགས ་པར་མ་གྱུར་ཏོ།། དྲང་སྲོང་ཆོས་ཀྱི་ལྷུང་བཟེད་ཐོགས་ནས་ཆས།། ཇི་ལྟར་སེང་གེ་རལ་པ་ཅན་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཐེ་ཚོམ་ཐམས་ཅད་བྲལ་ཞིང་སྐྱོན་དང་ཡོན་ཏན་ལ་ངེས་པར་རྟོག་པ་དང་བྲལ་བས་གཅིག་ཏུ་ཆོས་ཉིད་ཀྱི་ངོ་བོ་བསྒོམ ་པའི་བློ་ཅན་ནི་བདག་ཉིད་གཅིག་པུ་ནགས་ན་གནས་ཤིང་རང་གི་དོན་ལ་ཆེད་དུ་བྱེད་པར་མ་གྱུར་ལ། སེམས་ཅན་རྣམས་དྲན་འགྲོར་ལྷུང་བར་གྱུར་ན་མི་རུང་ངོ་ཞེས་ཤེས་ནས་གྲོང་ཁྱེར་གྱི་མཆོག་ཏུ་སོང་བར་གྱུར་ཏོ།། དེར་དེ་འོངས་ནས་སྔ་དྲོ་དང་པོ་ལ ་སྲོག་ཆགས་ཁྲི་ཕྲག་དགུ་བཅུ་རྩ་དགུ་ཕྱིར་མི་ལྡོག་པ་ལ་བཀོད་དོ།། ད་དུང་རྒྱལ་པོའི་ཕོ་བྲང་དེར་མ་བྱིན་ནས། དེ་མཐར་གྱིས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་པ་དེར་ཉེ་བར་སོང་སྟེ། ཤིང་པུཀྵ་དང་སཱ་ལའི་དྲུང་དུ་འདུག་གོ། ཞེས་བྱ་བ་ནི་གནས ་ལ་ཞེན་པ་མེད་པར་བསྟན་པའི་ཕྱིར་རོ།། དེ་འི་ནུབ་མོ་འདས་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པར་གྱུར་ཏེ། ཞུགས་ནས་སྲོག་ཆགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་ལ་བཀོད་ཀྱང ་གཅིག་ཏུ་སེམས་ཅན་གྱི་དོན་ལ་བློ་ཞུགས་པ་དེས་ང་དུང་ཟས་ཀྱི་བྱ་བ་མ་བྱས་སོ།། དེ་ཟས་བཅད་པ་དེ་ཅི་རེ་ཡང་མ་བརྩིས་པར་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་སེན་མོའི་མཆོད་རྟེན་གང་ན་ཡོད་པ་དང ་སོང་སྟེ། འགྲེང་བཞིན་དུ་ཉིན་མཚན་འདས་པར་བྱས་སོ།། སྔོན་གྱི་དེ་བཞིན་གཤེགས་པའི་སེན་མོའི་སྐུ་གདུང་གི་ཟ་མ་ཏོག་བཅུག་པའི་མཆོད་རྟེན་སེམས་ཅན་དཔག་ཏུ་མེད་པའི་བསོད་ནམས་ཉེ་བར་བསགས་པ ་ཕྱིར་བཞེངས་པའི་མཆོད་རྟེན་ནི་སེན་མོའི་མཆོད་རྟེན་ཞེས་བྱའོ།། འགྲེང་བཞིན་དུ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་རབ་ཏུ་བསྒྲུབས་པའི་སྤྱོད་ལམ་གྱིས་བཞུགས་པ་བསྟན་ཏོ།། དེ་བཞིན་དུ་ཉི་མ་ལྔ་པའི་བར་དུ་རྒྱལ་པོའི་བཙུན་མོའི་འཁོར་གྱི་ནང ་དུ་སོང་ནས་བུད་མེད་བརྒྱད་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ།། དེ་བཞིན་དུ་དེ་ཉི་མ་ལྔ་པ་ལ་ཡང་ཟས་བཅད་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ཏེ། རྒྱལ་པོའི་བུ་སྟོང་ཕྱིར་མི་ལྡོག་པ་ལ་བཀོད་དོ།། བུད་མེད ་དྭདྲང་རྒྱལ་པོའི་བུའི་གྲངས་བསྟན་པ་ནི། ཕྲག་དོག་གི་གནས་ཡིན་པར་བསྟན་པའི་ཕྱིར་རོ།། དེ་སྔ་དྲོ་བདུན་པ་ལ་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་རྒྱལ་པོ་དཔའ་བས་བྱིན་སྐྱེད་མོས་ཚལ་དུ་འགྲོ་བར་མཐོང་སྟེ། གསར་གྱི ་ཤིང་རྟ་ལ་ངོས་ནི་དངུལ། མདའ་ནི་སྦྲུལ་གྱི་སྙིང་པོའི་ཙནྡན། འཁོར་ལ་ནི་བཻ་ཌཱུརྱ། གོདུགས་དང་། རྒྱལ་མཚན་དང་། བ་ངན་བསྒྲེང་བ་ཡིད་ལ་འདོད་པ་བཞིན་དུ་འགྲོ་བའི་རྟ་རོ་གཉའ་བར་མཉའ་ཤིང་པྲོཀ་ལྭ་བ་དེ་བུ་མོ་བཞོན་ནུ་བརྒྱད་བརྒྱས་རིན་པོ་ཆེའི ་ཐ་གུས་བརྟགས་ཤིང་འདྲེན་ཏེ་ཞེས་བྱ་བ་ནི་གང་ངེ་འདྲེན་པ་དེ་དག་ཀྱང་ཁ་ཏུ་རོ་གཉིས་ནས་བཏགས་པའི་རིན་པོ་ཆེའི་ཐ་དགུའི་སྣ་ནས་སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་ལག་པའི་སོར་མོས་རྩེད་མོ་ཙམ་དུ་འདྲེན་པར་བྱེད་དོ།། དེ་དག ་ཀྱང་གཞོན་ནུ་མ་རྣམས་མཐོང་བ་ཙམ་གྱིས་འདོད་ལྷའི་མདའ་ཡིས་ཕོག་པ་བཞིན། སྲིད་པའི་འཁོར་ལོ་མ་ལུས་འདོད་པའི་འཁོར་ལོར་ཞུགས་པར་གྱུར་པ་ན། འདོད་པས་མྱོས་ཤིང་མདའ་རྣམས་མྱུར་བ་ཉིད་དུ་ཕྱེ་མར་རློག་བྱེད་བ། སྔོན་གྱི་བྱས། ་ཀྱིས་རབ་ཏུ་བསྐྱེད་ནུས་ཤིང་རྟ་མཆོག་ལ་བཞོན་པར་བྱེད།། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོའི་བུ་མོ་ལྔ་བརྒྱ་ཡང་རིན་པོ་ཆེའི་ཤྲིང་རྟའི་ནང་དུ་ཞུགས་ནས་མདུན་ཐིག་ཐག་ཏུ་འགྲོ་སྡེང་དེ་དག་གིས་དགེ་སློང་ང་མཐོང ་མ་ཐག་ཏུ་ཕྱིར་མི་ལྡོག་པར་གྱུར་ཏོ།། བཙུན་མོའི་འཁོར་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱང་དེ་བཞིན་དུ་ཕྱིར་མི་ལྡོག་པར་གྱུར་ཏོ།། རྒྱལ་པོ་དེ་དང་ལྷན་ཅིག་འོངས་པའི་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཀྱང་ཚུལ་ཇི་ལྟ་བ་བཞིན་དུ་ཐལ་མོ་སྦྱར་ཏེ་ཕྱག ་འཚལ་ཞིང་འཁོད་པར་གྱུར་ཏོ།། བུ་མོ་དེ་དག་ཀྱང་སྔོན་གྱི་དགེ་བའི་རྩ་བ་དྲུག་གིས་བསྐུལ་བས་ཁྱོགས་དེ་དག་ལྡེ་བབས་ནས་ནོར་བུ་དང་གང་བུ་རྣམས་བཀྲོལ་ཏེ་ཚུལ་དང་མཐུན་པར་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་དགྲ་སྨྲས་ཏེ། འདུ ་ངག་རབ་ཏུ་སྣང་བར་བགྱིས་ཞེས་བྱ་བ་ལ་སོགས་པ་ལ། འཆར་ཁའི་ཉི་མའི་དཀྱིལ་འཁོར་གྱི་འོད་དང་འདྲ་བར་དགེ་སློང་དེ་དེར་བྱོན་པ་ཙམ་གྱིས་སྐྱེ་བོའི་ཚིགས་ཆེན་པོ་མ་ལུས་པ་དེ་དག་ཆོས་ཀྱི་སྣང་བས་སྣང་བར་བྱས་སོ།། བྱིན་གྱིས་བརླབས།། ་བྱང་ཆུབ་སེམས་དཔའི་མཐུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྒྱགས་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྲེད་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་པར་མ་གྱུར་ཏོ།། དགེ་སློང་དེ ་@བོར་ནས་རྒྱལ་པོ་དཔའ་བས་བྱིན་པ་གང་ཡང་ལྟ་བར་མི་བྱེད་དོ།། ཇི་ལྟར་ཟླ་བ་ཉ་བསྐར་མའི་ཚོགས་ཀྱི་སྐུ་བསྐོར་བ་བཞིན་དུ་དགེ་སློང་དེ་ལ་རྒྱལ་པོའི་བུ་ལ་སོགས་པ་མ་ལུས་པས་ཡོངས་སུ་བསྐོར་བར་གྱུར་ཏོ། ་དེ་བཞིན་དུ་གསྡེར་གྱི་གཟུགས་ཀྱི་དཔེ་དང་། སཱ་ལའི་རྒྱལ་པོའི་དཔེ་དང་། བརྒྱ་བྱིན་དང་། ཚངས་པ་དང་། རབ་འཕྲུལ་དང་། འཐབ་བྲལ་གྱི་ལྷའི་བུའི་དཔེས་འཇིག་རྟེན་མ་ལུས་པ་ཟིལ་གྱིས་གནོན་པའི་གཟུགས་ཤིན་ཏུ་མཛེས་པ་བསྟན་ཏོ།། ་དེ་བཞིན་དུ་གསྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སྣང་བས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས་སྣང་བར་བྱས་པས་ཉི་ས་སྟོང་པས་ལྷག་པའི་མདངས་དང་ལྡན་པར ་གནས་སོ།། ཆོས་ཀྱི་རྒྱལ་པོ་དབང་བརྙེས་རྣམས་ཀྱི་སྲས་དེ་ལགས། ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྲས་ཐུགས་ལས་སྐྱེས་པའི་སྲས། ཆོས་ཀྱི་སྲོས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་མཛད་པ་བྱེད་པ ་ཡིན་པར་བསྟན་ཏོ།། དགེ་སློང་ཁྱོད་ནི་མི་རྟག་པ་ནམ་ཡང་མ་གྱུར་ཅིག་ཅེས་བྱ་བ་ནི་མ་འོངས་པའི་དོན་མཚོན་པར་བྱེད་དོ།། ཆོས་འདི་ཇི་ལྟར་ཁྱོད་བདག་ཉིད་ཀྱིས་རབ་རྟོགས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་སྨོན་ལམ་འདེབས་པར་བྱེད་པའི་རྒྱུ ་གསུངས་པ་ཡིན་ནོ།། ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་ལ་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་སྤྱོད་པ་སྤྱད་པ་བཞིན་དུ་བདག་ཅག་ཀྱང་ཁྱོད་བཞིན་དུ་འཇིག་རྟེན་ཐམས་ཅད་རྗེས་སུ་འཛིན་པར་ནུས་པའི་བུད་མེད་ཀྱི་དངོས་པོ་ཀུན་སྤངས་ཏེ་སྐྱེས་པའི ་ལུས་ཐོབ་ནུས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གྱུར་ནས། དགེ་སློང་དུ་གྱུར་ཅིག་ཅེས་སྨོན་ཡུམ་འདེབས་ཤིང་ཐལ་མོ་སྦྱར་ནས་གོས་དང་། ཕྲེང་བ་དང་། རྒྱན་དང་། གདུ་བུ་འཕྲ་ཅན་དང་། དཔུང་རྒྱན་དང་། སྐ་རགས་དང་། རྐང ་གདུབ་ལ་སོགས་པ་བཀྲོལ་ནས་རབ་ཏུ་དགའ་བ་བསྐྱེད་པས་མཆོད་པའི་དོན་དུ་ཕུལ་ལོ།། དབང་པོ་ཞི་ཞིང་སྟོབས་བཅུ་ལྡན་པ་ཡི།། སངས་རྒྱས་ངེས་པ་ཀུན་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཡོན་ཏན་དཔག་ཏུ ་མེད་པའི་ཕུང་པོ་དང་ལྡན་པ་དང་། ལྷ་དང་མི་དང་། ལྷ་མོ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དེའི་སྲས་ལ་ཕྱག་འཚལ་ལོ།། གང་གི་ཐུགས་སྲས་འདི་འདྲ་མངའ་བ་ཡི།། སྨན་རྒྱལ་མཚུངས ་མེད་རྒྱལ་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་སྨྲས་ནས་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པ་བྱས་ནས་རྟོགས་པ་བྱས་ནས་རྟོགས་པ་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་དགའ་བའི་སེམས་ཀྱིས་གནས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་དཔའ་བས་བྱིན་འདི ་སྙམ་དུ་སེམས་ཏེ་ཞེས་བྱ་བས་ནི་ཕྲག་དག་གི་ས་ཀུན་ནས་བསླང་བཱིའི་སེམས་ཀྱི་རྣམ་པར་རྟོག་པ་བསྟན་པ་ཡིན་ཏོ། ཀྱེ་མ་བཙུན་མོའི་འཁོར་འདི་དག་ནི་ལོག་པར་ཞུགས་ཏེ། སྐྱེ་བོའི་ཚོགས་ཀྱང་ལོག་བྱར་གྱུར་ཏོ་སྙོམ་ནས་དེ་རྒྱལ་པོའི་སྲིད ་ཀྱི་ཕྱིར་ཤིན་ཏུ་དངངས་པར་གྱུར་ཏོ།། བློན་པོ་དང་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱང་ང་བོར་ནས་དགེ་སློང་འདིའི་ཕྱོགས་སུ་སོང་ནས་གནས་སོ་ཞེས་བསམས་ནས་ཤིན་ཏུ་ཡང་འཁྲུགས་པར་གྱུར་ཏོ།། དགེ་སློང་རྒྱལ་པོའི་ལམ་ན་འདུག་པའི་མིག་ཏུ ་རྡུལ་སོང་བ་དང་། རྒྱལ་པོ་དེ་ཡང་བརྟག་པ་མེད་པའི་སེམས་ཀྱིས་དགེ་སློང་འདིས་ཆགས་པའི་སེམས་ཀྱིས་ངའི་བཙུན་མོའི་འཁོར་ལ་བལྟས་ཏེ་མིག་གིས་ཀྱང་བརྡ་བྱས་སོ།། སྐུས་མོ།། ཅུང་ཞིག་འཛུམ་པའི ་མིག་དང་ཆགས་སེམས་ཀྱིས།། དྲི་ཡི་བཙུན་མོའི་འཁོར་ནི་འདི་དྲག་ལ།། བལྟས་པ་ཙམ་གྱིས་འདོད་ལྷའི་མདའ་ཡིས་བརྒྱ་པ།། བསད་བྱ་མིན་ཡང་འདི་ནི་གསང་བར་བྱ།། མི་དབང་དེས་ནི་རང་གི་བུ་རྣམས་བསྒོ།། ང་ཡིས་བུ་ཉིད་བདག་ཡོད་བཀའ ་བཞིན་བསྒྲུབས།། གདུག་པ་ཅན་གྱིས་དགེ་སློང་འདི་སོང་ལ།། ང་ཡི་ཡང་བཞིན་འདོད་པའི་དོན་རྣམས་སྒྲུབས།། དེ་ནས་གཞོན་ནུ་དེ་དག་རྒྱལ་པོ་དཔའ་བས་བྱིན་ལ་སླར་ཟློག་གོ། དགེ་སློང་དེའི་ཕྱིར་དེ་དག་འདི་སྙམ་དུ་སེམས་ཏེ། ཡབ་ཀྱི་བཀའ་སྩལ་པ ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ན་ཡང་དེ་དག་དགེ་བའི་རྩ་བ་བསགས་པ་ཡིན་པའི་ཕྱིར་དྲོའི་བཀའ་ལས་འདའ་བར་བྱེད་དོ།། དེ་ནས་རྒྱལ་པོ་དཔའ་བས་བྱིན་ལ་གསོད་པའི་གཤེད་མ་དགའ་བྱེད་ཅེས་བྱ་བ་གཏུམ་པོ་སྟེ་རབ་ཏུ་དྲས་པའི་ལས་བྱེད་པ ་བསམ་པ་མོད་པ་ནི་རྡོག་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། ལས་དང་རྗེས་སུ་མཐུན་པོའི་མིང་ངོ་།། དེ་རྒྱལ་པོ་དཔའ་བས་བྱིན་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་གོ།། ཞེས་བྱ་བ་ལ་སོགས་པ་ལོ། དེ་ནས་རྒྱལ་པོ་དཔའ་བྱས་བྱིན་གྱིས་དགའ ་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལ་བྱ་དགའ་ཆེར་སྦྱིན་ན་དགེ་སློང་འདི་སྲོག་དང་བྲལ་བར་བྱེད་ནུས་སམ། ཞེས་བྱ་བ་ལ་སོགས་པ་ལ། དགའ་བྱེད་ཀྱིས་སྨྲས་པ། ལྷ་ཤིན་ཏུ་རྔོ་ཐོག་གོ།། རྒྱལ་པོས་སྨྲས་པ། འོ་ན་ང་རུང་ཅིའི་ཕྱིར་ཐོགས་མཚོན ་རྣོན་པོ་ཐོགས་ལ་དགེ་སློང་འདིའི་ལག་པ་དང་། རྐང་པ་ཆོད་ཅིག། རྣ་བ་དང་སྐུ་ཡང་ཆོད་ཅིག། མིག་ཡང་སྐམ་པས་ཕྱུང་ཤིག། དགའ་བྱེད་ཀྱིས་ཀྱང་དེ་བཞིན་དུ་ཐམས་ཅད་བསྒྲུབས་སོ།། དེ་ནས་དགེ་སློང་དེའི་མགོ་དང་། རྣ་བ་དང་། རྐང་ལག་བཅད་པར ་གྱུར་པ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་བྱུང་། འོ་མའི་རྒྱུན་ཡང་བྱུང་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པོ་མི་ཉུང་བར་གོམས་པར་བྱས་པའི་བསྲོང་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་བསྒྲུབས་པའི་ལུས་ཡིན་པའི་ཕྱིར ་བཅུད་ཅིང་གཏུབས་པའི་འཕྲོ་ནས་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་འཁོར་ལོ་ལ་སོགས་པའི་མཚན་སྣང་བ་དང་། འོ་མའི་རྒྱུན་བྱུང་བར་གྱུར་ཏོ།། དེས་ན་འདི་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་གཞན་གྱིས་གནོད་པ་བྱས་པས་ཇི་ལྟར ་འཆི་བར་འགྱུར་ཞེས་གཞན་གྱིས་བཅད་དུ་མེད་དེ་ལུས་དང་སྲོག་ལ་ཡང་བལྟོས་པ་མེད་པར་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་དང་། དེ་ལྟ་བུས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་གཞན་གྱིས་ཉེ་བར ་ཟིལ་གྱིས་མནན་པའི་འཆི་བའི་བསྟན་པ་ལ་འགལ་བ་མེད་དོ།། དེ་བཞིན་དུ་མྱ་ངན་ལས་འདས་འདས་པ་ལྔ་སོགས་པ་ལ་ཡང་བརྗོད་པར་བྱའོ།། དེ་ནས་སྐྱེ་བོའི་ཚིགས་ཆེན་པོ་དུས་དགེ་སློང་དེ་ལམ་ན་བཅད་གཏུབས་ཤིང་འདུག་པ་མཐོང་ནས་དེ ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ངོ་མཚར་དུ་གྱུར་ནས་ངུ་ཞིང་ཆོ་ངེས་བཏབ་སྟེ་སྨྲེ་སྔགས་བཏོན་ནས་ཕྱིར་ཡང་རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་སོང་ངོ་།། དེ་ནས་རྒྱལ་པོ་དཔའ་བས་བྱིན་ཞག་བདུན་འདས་པ་དང་། སྐྱེད་མོས་ཚལ་མཆོག ་ན་འདུག་པ་མི་དགའ་མི་རྩེ་ཡོངས་སུ་མི་སྤྱོད་དེ། དེ་ཞག་བདུན་འདས་ནས་སྐྱེད་མོས་ཚལ་ནས་ལོག་ནས་རྒྱལ་པོའི་ཕོ་བྲང་འཁོར་རིན་ཆེན་ལྡན་དུ་ཞུགས་པ་དང་། དེས་དགེ་སློང་དེ་རྒྱལ་པོའི་ལམ་དུ་བོར་བ་ཤི ་ནུས་ཞག་བདུན་ལོན་ཡང་ལུས་ཀྱི་མདོག་མ་འགྱུར་བ་ཤིན་ཏུ་ཡིད་དུ་འོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དགེ་སློབ་འདི་ནི་ཐེ་ཚོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་སྙམ་ནས། བདག ་གིས་ཤིན་ཏུ་མི་བཟང་སྡིག་པའི་ལས་བྱས་པས།། བདག་ནི་མྱུར་དུ་དམྱལ་བའི་སྡུག་བསྔལ་ཚུར་བ་དག། སྟག་ལྟོགས་ཤ་མཐོང་རྒྱུག་པ་ཇི་བཞིན་དུ།། འགྲོ་ལས་འདིར་ནི་སྐྱོབ་པ་འགོའ་མ་མཆིས། ཞེས་བསེམས་པ་དང་། སྟེང་གི་བར་སྣང ་ལསཱ་ལྷའི་བུ་བརྒྱད་ཁྲིས་སྒྲ་སྐད་མཐུན་པར་དབྱངས་གཅིག་ཏུ་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་དེ་བཞིན་ཏེ། ཁྱོད་ཇི་ལྟར་སེམས་པ་ལྟར་དགེ་སློང་འདི་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་ཟེར་རོ།། བར་སྣང་ལུས་ལྷ་དག་གི་སྐྲ་ཐོས་ནུས ་དེ་ཤིནྡ་ཏུ་འཇིགས་ཤིང་སྐྲག་ནས་བག་ཚ་ཞིང་སྤུ་ཟིང་ཞེས་བྱེད་དེ་འགྱོད་ཅིང་སྐྱབས་མེད་པར་གྱུར་ཏོ།། དེ་ནས་རྒྱལ་པོ་དཔའ་བས་བྱིན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་འགྱོད་པར་གྱུར་པས་དེའི་ཚེ་ཆོ་ངེས་བཏབ་ནིས་ཚིག་འདི་སྐད་ཅེས་སྨྲས་སོ།། ་རྒྱལ་པོའི་སྲིད་དང་རྒྱལ་པོའི་ཕོ་བྲང་དང་། ནོར་བུ་རིན་ཆེན་མུ་ཏིག་གསེར་དབྱིག་སྤངས།། རྟ་དང་གླང་པོ་ཆེ་དང་། ཤིང་རྟ་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་རྣམས་སྤངས་ལ་རང་ཉིད་རུམ་བུ་དུམ་བུར་བྱས་ལ་འཆི་བར་བྱའོ་ཞེས ་ཞིང་གྲོང་ཁྱེར་གྱི་མཆོག་ནས་འབྱུང་བའི་དུས་ཀྱི་ལོ་རྒྱས་གསལ་བར་བྱེད་ཅིང་དགེ་སློང་མེ་ཏོག་ཟླ་མཛེས་འདིར་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། ལུས་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པས་འགྲོ་བ་མ་ལུས་པ་ངེས་པར་སྣང་བར་བྱེད་པ་སྟོན་གྱི་ཟླ་བ ་དྲི་མ་མེད་པའི་དཀྱིལ་འཁོར་ལྟར་ཡོངས་སུ་རྫོགས་ཤིང་མཛེས་པ་གཤེགས་པའི་ཚེ་འདོད་པའི་ལོངས་སྤྱོད་ངན་པས་བདག་དཀྲུགས་ཏེ་ཞེས་བྱ་བ་ལ། འདོད་པའི་འོདམ་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པས་དྲན་པའོ།། དཀྲུགས་པ་ནི་འདོད་པའི ་འདམ་གྱིས་གོས་པ་སྟེ། བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ངེས་པར་བྱུང་བ་ན་ཤིང་རྟའི་མཆོག་ལོ་ཞོན་ཏེ་རྒྱལ་རིགས་ཀྱི་ཡོངས་སུ་བསྐོར་ཅིང་འགྲོ་བའི་ཚེ། དགེ་སློང་དྲི་མཆོག་མིག་བཟངས་འདི་ཉིད། དྲི་ན་ཆོག་མིག་བཟང་ནི་བའི་རྫི་མ་ལྟ་བུའི་མིག་ཅེས་བྱ་བའི་དོན་ཏོ། དེར ་བྱོན་དགེ་སློང་དེ་ཡང་མཐོང་ནས་སུ།། བུད་མེད་ཚོགས་རྣམས་རབ་ཏུ་དགའ་གྱུར་ཅིང་།། ཞེས་བྱ་བ་ནི་དགེ་སློང་མཐོང་བས་བུད་མེད་ཀྱི་ཚེགས་རྣམས་རབ་ཏུ་དགའ་བར་གྱུར་པའོ།། མོས་པ་སྐྱེས་ནས་གསེར་གྱི་ཕྲེང་བ་མཐོར་ཞེས་བྱ་བ་ནི་གསེར་གྱི་ཕྲེང་བ་རྣཾམ་མགོ་ལྔ་བུ་ན ་ལོག་པ་གཉིས་ཀྱིས་བཟུང་སྟེ། སོར་མོ་བཅུའི་ཐལ་མོ་སྦྱར་བ་བྱས་ནས་ཚིགས་སུ་བཅད་པའི་དབྱིངས་ཀྱིས་གུས་པ་དང་བཅས་པས་བསྟོད་པས་བསྟོད་པར་བྱེད་པའོ།། རྒྱལ་པོ་དེའི་གླུ་དང་རོལ་མོ་ལ་སོགས་པའི་ཅ་ཅོའི་སྒྲ་རྣམས་ཀྱང་རབ་ཏུ་ཞི་བར ་གྱུར་ནས་རང་རང་གི་བྱ་བ་རྣམས་བོར་ཏེ་དགེ་སློང་མཐོང་བས་མི་ངོམས་པའི་སེམས་སུ་གྱུར་ཏོ།། ཐམས་ཅད་རང་རང་ཤིང་རྟ་ལ་ཞོན་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ཤིན་ཏུ་གཏུམ་པའི་སེམས་ཀྱིས་གསོད་དུ་བཏང་ཞེས་བྱ་བ་ལ། ཤིན་ཏུ ་གཏུམ་པ་ནི་ཤིན་ཏུ་མི་བཟད་པ་སྟེ། དེ་ལ་གཅིག་ཞེན་ཅིང་གཞོལ་བར་གྱུར་ཞེས་བྱ་བའི་དོན་ཏོ།། ཕྱི་དུས་བདག་མེད་ལྟུང་ནས་མནར་མེད་སྲེག། ཅེས་བྱ་བ་ནི་ལས་དེས་བདག་མནར་མེད་པར་ཚ་བ་ཆེན་པོས་གདུངས ་པར་གྱུར་ཞིང་ལྷུང་བར་གྱུར་པ་ལ་ཅི་ཞིག་བྱར་ཡོད་ཅེས་བྱ་བའོ།། དགའ་བྱེད་དེ་ནི་རྒྱལ་པོའི་ལམ་འདིར་གནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། བདག་གི་བཀའ་བཞིན་དེ་འདྲ་ངས་བགྱིས་ཏེ། མེ་ཏོག་ཕྲེང་བརྒྱས་འདྲ་བའི་དགེ་སློང་གཏུབས ་ཞེས་བྱ་བ་ལུ་བཀའ་ནི་བཀྲའ་སྩལ་པ་བཞིན་དུ་བྱེད་པའོ།། དེ་བྱས་པས་བདག་འདི་ལྟ་བུར་གྱུར་ཏེ་དྲི་མི་ཞིམ་པའི་མཚན་ཉིད་ཅན་དུ་བདག་བྱས་སོ་ཞེས་བསྟན་ཏོ།། ཡང་ན་གསོང་པཱ་ལ་དགའ་བས་བདག་སྡིག་པའི་ལས་ཅན་དུ་བྱས་བྲན་དགའ་བྱེད་དོ།། ་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་དྲན་པ་ལ་གནས་པ་བཅད་པས་ན་སྣང་པོའི་ལས་ལ་དགའ་བས་ན་དགའ་བྱེད་དོ།། རྒྱལ་པོ་འདི་འདྲ་བཀའ་བཞིན་པོ་གྱིར་མི་རུང་ཞེས་བྱ་བ་ནི་བཀའ་སྩལ་པ་བཞིན་དུ་མི་བགྱིད་དོ་ཞེས་བྱ་བ་དང་སྦྱར་རོ།། ཡང་ན་དགའ་བྱེད ་རྒྱལ་པོའི་ལམ་ན་འདུག་པ་ལ་སོང་ཅིག། ཅེས་གསོད་བྱེད་དུ་ངས་མིང་དུ་བཏུགས་པ་བྱས་པ་ཡིན་ནོ།། དུས་བྱོས་ཞེས་བྱ་བ་ནི་ངས་བྱས་པ་སྟེ། དེས་མེ་ཏོག་ཕྱིང་བརྒྱུས་འདྲེ་བའི་དགེ་སློང་གཏུབས་པ་སྟེ། མེ་ཏོག་སྣ་ཚོགས་བརྒྱུས་པའི་ཕྱུང་བའི ་སྐུད་པ་འདྲ་བ་བཏུབས་པ་ནི་བཅད་པའོ།། དེ་བཞིན་དུ་མཚན་ཐམས་ཅད་ཀྱི་མེ་ཏོག་གི་ཕྲེང་བ་ཆོས་སྨྲ་བ་ཡོན་ཏན་ཆེན་པོ་ཅན་སྐྱོན་མེད་པ་དུམ་བུ་དུམ་བུར་བྱས་སོ།། ཞེས་བྱ་བའོ།། ནགས་མཆོག་ཀུན་ཏུ་བཟང་པོ་དགའ་བ་ན་ཞེས་བྱ་བ་ལ་སོགས་པ ་ལ་ཁྱོད་ནི་དགེ་སློང་གི་དགེ་འདུན་གྱི་མ་ལྟ་བུར་གྱུར་པ་ཡིན་པས་ཁྱོད་མི་བཞུགས་ན་དེ་དག་མ་དང་བྲལ་བའི་བུ་ཆུང་ངུ་བཞིན་དུ་སྡུག་བསྔལ་བར་འགྱུར་རོ།། དེའི་ཕྱིར་དགེ་སློང་ཁྱོད་བཞེངས་ལྔ་ནགས་སུ་གནས་པར་མཛོད་ཅིག་ཅེས ་བྱ་བ་ནི་ཁྱོད་ལ་འཆི་བ་ཡོད་པ་མ་ཡིན་ནོ།། ཞེས་བྱ་བར་དགོངས་པའོ།། གང་གིས་དོན་དུ་བྱོན་པ་དེ་ཁྱོད་ཀྱིས་བསྒྲུབས་ལགས་ཀྱིས་བེའོ།། དགེ་སློང་ཤིན་ཏུ་སྙིང་རྗེས་ངུ་ཞིང་ཚོལ་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོའི་ནག་ན་གནས་པའི་དགེ ་སློང་རྣམས་འོང་བར་མཆི་བས་ཇི་སྲིད་མ་མཆིས་ཀྱི་བར་དུ་ཁྱོད་བཞེངས་ཤིག་ཅེས་བྱ་བའོ།། ལེག་པ་གཡས་པས་མེ་ཏོག་རྒྱལ་མཚན་ཐོགས་ཞེས་བྱ་བ་ལ་སོགས་པ་ལ། གཡོན་པ་དང་གཡས་ཀྱི་ཕྱོགས་ནས་རྣམ་པ་སྣ་ཚོགས་པའི་གདུགས ་དང་། རྒྱལ་མཚན་དང་། བཱ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། གོས་དང་། རྒྱན་ལ་སོགས་པས་ལམ་ཡང་ལེགས་པར་བརྒྱན་ནས་མཆིས་པས་ཆོས་བསྟན་པའི་དོན་དུ་བྱོན་པ་ལགས་པས་བཞེངས་ལ་རྒྱལ་པོའི་ཕོ་བྲང་དུ་གཤེགས་ནས ་ཆོས་བསྟན་པ་མཛོད་ཅིག་ཅེས་གསོལ་བ་འདེབས་པའོ།། ཇི་ལྟར་སྐྱེས་བུ་མཐུ་ཆེན་ལ་ལ་ངག་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རབ་ཏུ་གྲགས་པ་འགའ་ཞིག་སའི་སྟེང་དུ་ལྷུང་བར་གྱུར་ཀྱང་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ།། དེ ་བཞིན་དུ་སྐྱོན་ཐམས་ཅད་དང་བྲལ་བ་ཁྱོད་བསད་པར་གྱུར་པས་ས་ལ་ལྟུང་བར་གྱུར་ཅིང་དུམ་བུ་དུམ་བུར་བཅད་པར་གྱུར་ཀྱང་མཛེས་པར་གནས་སོ།། དགེ་སློང་རབ་ཏུ་སྙིང་རྗེས་ངུ་ཞིང་ཚོལ་ཞེས་བྱ་བ་ལ་སོགས་པ་ལ། དགེ་སློང་རྣམས་ཀྱིས་ཤི་བ ་མཐོང་ན་ཐམས་ཅད་སྡུག་བསྔལ་གྱིས་བཅོམ་པར་འགྱུར་ལ། ཐོས་པས་ཀྱང་མྱ་ངན་གྱིས་ཟུགུ་རྔུས་ཟུག་པར་འགྱུར་རོ།། ཤིན་ཏུ་ངོ་མཚར་ཆེ་བར་བསྟན་པར་བྱ་བའི་ཕྱིར། མེ་ཏོག་ཟླ་མཛེས་རི ་ཡི་རྒྱལ་པོ་ལྟར། ཞེས་བྱ་བ་ལ་སོགས་པ་ལ། མཚན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པའི་ཡོན་ཏྲོན་གྱི་ཕྲེང་བ་ཡང་བུད་མེད་ཀྱི་ཚོགས་ཀྱི་མེ་ཏོག་གི་ཕྲེང་བ་གཏུབས་པ་བཞིན་དུ་བདག་གིས་དུམ་བུ་རུ་མ་བུར་བྱོས་སོ།། བདག་ནི་སངས ་ས་རྣམས་དང་རིང་བས་རིང་ཞེས་བྱ་བ་ནི་བདག་ནི་སྐྱབས་འདོད་པ་འགྲེས་ན་བུ་ལ་སོགས་པ་རྣམས་ཀྱིས་ནི་སྐྱབས་བྱེད་པར་མི་ནུས་སོ།། ཞེས་བྱ་བའོ།། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྡོ་རྗེ་ལྟར་སྲ ་ཞིང་བརྟན་པའི་སྐུ་མ་དེ་དག་ལ་སྐྱབས་སུ་མཆིའོ།། ཞེས་བྱ་བ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་སྐུ་མངའ་བ་དེ་དག་ལའོ།། དེང་ནི་དགེ་སློང་དུས་བུར་བྱས་མཐོང་ནས། ཞེས་བྱ་བ་ལ་སོགས་ལ། ལྷ་རྣམས་ཀྱི་སྡེ་དགེ་སློང་དེ་དུམ་བུ་དུམ་བུར་བཅད་པ ་མཐོང་ནས་སྙིང་རྗེ་རྗེ་ལྟར་ངུ་ཞིང་ཀུན་ཏུ་བཟང་པོའི་ནགས་ཚལ་དུ་སོང་ནས་དགེ་སློང་རྣམས་ལ་གེ་བར་བྱེད་པ་ནི། མེ་ཏོག་ཟླ་མཛེས་རྒྱལ་པོའི་ཁབ་འདོར་བསད་ཅེས་བྱ་བ་ལ། སྩོགས་པ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན ་ས་དང་། བསམ་གཏན་དང་། ཤེས་རབ་ལ་སོགས་པའི་རང་བཞིན་གྱི་ཡོན་ཏན་གྱི་བསྔགས་པ་བརྗོད་ཅིང་ངུ་བའི་སྒྲས་ལྷ་དེ་དག་གིས་གོ་བར་བྱས་པ་དང་། ལྷའི་ཆོང་སྙེང་རྗེ་ཐོས་ནོས་ནི། དགེ་སློང་དེ་ཀུན་ཤིན་ཏུ་སྡུག་བསལ་གནས། ཞེས་བྱ ་བུ་ལ་སོགས་པ་ལ། ངུ་བའི་སྒྲ་ཐོས་ནས་དགེ་སློང་དེ་ཐམས་ཅད་མཆོག་ཏུ་སྡུག་བསྔལ་བར་གྱུར་ནས་མེ་ཏོག་ཟླ་མཛེས་ལྟ་བའི་ཕྱིར་རྒྱལ་པོའི་ཕོ་བྲང་དུ་ཞུགས་སོ།། ཞུགས་བུ་དང་དེ་དུམ་བུ་དུམ་བུར་བྱས་པ་མཐོང་ནས་སྐུད་ཆེན་པོ་བཏོན་ནས ་ཚེ་ངེས་བཏབ་སྟེ་ངུས་ནས་རྒྱལ་ནས་ས་ལ་འགྱེལ་ཏོ།། དགེ་སློང་དགེ་འདུན་རྒྱལ་པོ་དེ་ལྡེ་སྨྲ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་དགེ་སློང་འདུས་ཉེས་པ་ཅི་ཞིག་བྱས་ཞེས་ཉེས་པའི་རྒྱུ་ཅི་ཞིག་ཡོད་དམ་སྙམ་དུ་དོགས་ནས་དྲིས་པའོ།། ཚུལ་ཁྲིམས་སྦྱིན ་མེད་ཤིན་ཏུ་བསྡམས་པ་ཡི་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཕྱིན་ཅི་ལོག་མེད་པར་བསྟན་པ་ཡིན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་བདག་དང་གཞན་གྱི་སྤྱོད་པ་ཤེས་པ་བརྗོད་པ་མེད་པ་ལ་འཇུག་པའི ་ཕྱིར་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པ་རྣམ་པར་ཐར་པ་རྣམས་ལ་ཡང་དངོས་པོར་མངོན་པརླ་ཞིན་པ་ཡོད་པ་མ་ཡིན་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལ་ལྟ་སྨོས་ཀྱང་ཏི་ཅིང་དགོས། སེམས་ཅན་ཐམས་ཅད་ལ་བུ་གཅིག ་པ་ལྟར་ལྟ་བའི་བྱམས་པ་དང་ལྡན་ཡང་ཆགས་པས་ལྟ་བ་ནི་མ་ཡིན་ནོ།། འདོད་པའི་ཉེས་དམིགས་བསྟན་པའི་ཕྱིར། འདོད་པ་དྲན་ཅིང་བརྩོག་ལ་སྡུག་བསྔལ་སྐྱེས་ཅེས་བྱ་བ་ལ་སོགས་པ་ལི། མཐོ་རིས་ཀྱི་གེགས་སུ་གྱུར་པ་དང་། དབང་ཕྱུག ་ཐམས་ཅད་ཉམས་པར་བྱེད་པ་དང་། ཕ་མ་གསོད་པ་དང་། ཚུལ་ཁྲིམས་མ་ཉམས་པའི་ཚུལ་ཁྲིམས་དུམ་བུ་དུམ་བུར་བྱེད་པའི་རྒྱུར་ནི་འདོད་པ་ཡིན་ཞེས་བྱའོ།། འདོད་པས་ལྡོངས་པར་གྱུར་ཅིང་འདོད་པའི་དབང་གྱུར་སྐྱེ་བོ་སྡིག་པའི་ལས ་རྣམས་བྱེད། འདོད་པ་བསྟེན་པས་རབ་ཏུ་ཉམས་ཤིང་མྱོས་པའི་སྟོབས་ཀྱིས་བྱིས་པ་འདུ་འཛིར་གནས། འཇིགས་ཤིང་ཤིན་ཏུ་འཇིགས་པར་འཇུག་པའི་ངུ་འབོད་དག་དང་ངུ་འབོད་ཆེན་པོར་འགྲོ། དེ་ཕྱིར་ཉེས་པ ་མཐའ་ཡས་ཡུལ་གྱུར་འདོད་པ་སྤོངས་ལ་དགེ་ལ་འཇུག་པར་གྱིས། ལུས་ནི་སྒྱུ་མ་སོགས་དང་འདྲ་བ་དང་། ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱང་སྒྱུ་མ་ལྟ་བུར་རིག་ཅིང་། ལག་པ་དང་རྐང་པ་དང་མིག་དང་། ཡན་ལག་གི་མཆོག་ལ་སོགས་པ་རྣམས ་ལ་བལྟོས་པ་མེད་པར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་འདོད་པས་ཡོངས་སུ་བཏང་བར་བྱ་ཞིང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཏུ་བསྒོམས་པའི་སེམས་ཀྱི་རྒྱུད་ཡིན ་པའི་ཕྱིར། སྙིང་རྗེ་ཆེན་པོ་དང་ལྡན་པ་འགྲོ་བ་མ་ལུས་པའི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གླང་པོ་ཆེ་དང་། རྟ་དང་ཤིང་རྟ་དང་། གྲོང་ཁྱེར་གྱི་མཆོག་དང་། ཁང་བཟངས་དང་། ཁང་པ་རྩེགས་པ་དཔག་ཏུ་མེད་པའི་རིན་པོ་ཆེའི་རྒྱན་གྱིས ་བརྒྱན་པ། ཤིན་ཏུ་ཡིད་དུ་འོང་བའི་ཕྲེང་བས་རྣམ་པར་བརྒྱན་པ། གཞོན་ནུ་མས་ཡོངས་སུ་བསྐོར་བ། དཔེ་མེད་ཅིང་དཔག་ཏུ་མེད་པའི་ཆུང་མ་དང་། བུ་དང་བུ་མོ་རྣམས་ཀྱང་གཏོང་བར་བྱེད་དོ།། དགའ་ནས་མཆོད་པ་མཚུངས་པ་མེད་པ་ཅེས་བྱ། ་པ་ལ་སོགས་པ་ནི། ཐམས་ཅད་གཏོང་བ་འབའ་ཞིག་མ་ཟད་ཀྱི། མཆོད་པ་ཐམས་ཅད་ཀྱི་ཀྱང་མཆོད་པར་བྱེད་ཅེས་བྱ་བའོ།། འདོད་པའི་ཁམས་རྣམས་དང་ནི་གཟུགས་ཀྱི་ཁམས། གཟུགས་མེད་ཁམས་ལ་དེ་དག་མི་གནས་ཏེ། ཞེས་བྱ་བ་ལ ་སོགས་པ་ལ། གཟུགས་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཁམས་གསུམ་ལ་མངོན་པར་ཞེན་པ་དང་། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པའི་འདུ་ཤེས་དང་བྲལ་བ་དངོས་པོ་དང་། དངོས་པོ་མེད་པ་དང་། བདེ ་བ་དང་། མི་བདེ་བ་དང་། མཐའ་དང་། མཐའ་མེ་པ་དང་། ཡོད་པ་དང་། མེད་པ་དང་། བུད་མེད་དང་། སྐྱེས་པ་ལ་སོགས་པའི་འདུ་ཤེས་དང་བྲལ་བའོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རྒྱགས་པ་དང་། ང་རྒྱལ་དང་། མ་རིགས ་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱི་འདུ་ཤེས་དང་བྲལ་བའོ།། སུ་དག་གཞན་ལས་ཆོས་མཆོག་ཐོས་ནས་ནི། ཞེས་བྱ་བ་ལ་སོགས་པ་ལ། ངོ་མཚར་དུ་གྱུར་པ་དཔག་ཏུ་མེད་པའི་སྤྱོད་པ་ཐོས་ནས་བློ་དང་ལྡན ་རྣམས་ཐེ་ཚོམ་ཟ་བར་ཡང་མ་འགྱུར་རོ།། འབྲུ་མར་གང་བའི་སྣོད་བཞིན་དང་ཞིང་དག་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཏིལ་མར་གྱི་སྣོད་ཀྱི་ནང་དུ་ཉེ་བ་ན་གནས་པའི་གཟུགས་བརྙན་འབྱུང་བ་བཞིན་དུ་གཞན་གྱི་སེམས་ཤེས་པ་ཡིན་ནོ།། ་གཞན་གྱི་སེམས་ཤེས་པ་དང་བཅད་པ་དང་དབྱུག་པའི་རང་བཞིན་ངེས་པར་རྟོགས་པའི་ཕྱིར་སེམས་ཅན་མ་ལུས་པའི་དོན་ཡང་དག་པར་རྫོགས་པར་བྱེད་པའོ་ཞེས་བྱ་བའོ།། མཛའ་བ་བྱས་ན་རྗེས་སུ་ཆགས་པ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་རྣམ་པར་སྤངས་པ། ཕྱི་དང་ནང་གི་དངོས་པོ་ཡོངས་སུ་གཏོང་བ། སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་བདེ་བོར་གཤེགས་པའི་ཡོན་ཏན་མ་ལུས་པར་འཛིན་པའི་བྱང་ཆུབ་སེམས་དཔར་གྱུར་པ།། སྐྱོན ་@ཐམས་ཅད་བྲལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་མཛེས་ཁྱོད་ཀྱིས་ཇི་ལྟར་བསད་ཅེས་བྱ་བ་ཡིན་ནོ།། དེ་ནུས་རྒྱལ་པོ་དཔའ་བས་བྱིན་གྱིས་དགེ་སློང་གི་དགེ་འདུན་ལུས་མེ་ཏོག་ཟླ་མཛེས་ཀྱི་སུམ ་ཏན་གྱི་བྱེ་བྲག་རྒྱ་ཆེན་པོར་གྱུར་པ་ཐོས་ནས་ལས་ངན་པ་བྱས་པས་འཇིགས་ཤིང་སྐྲག་ནས་སྡུག་བསྔལ་བར་གྱུར་ཏེ། བྱང་ཆུབ་སེམས་དཔོའི་དགེ་འདུན་ལ་ཚིགས་སུ་བཅད་པའི་དབྱིངས་ཀྱིས་ལན་བཏབ་པ། ནགས་ཁྲོད་ཆེན་པོ་ཀུན་ཏུ་བཟང་པོ ་ནི།། ཞེས་བྱ་བ་ལ་སོགས་པ་ལ། ནགས་ཁྲོད་སྟུག་པོ་ཀུན་ཏུ་བཟང་པོ་ནི་ཞེས་བྱ་བ་ནི་སྔར་བཤད་ཟིན་པས་ཡང་བརྗོད་པར་མི་བྱའོ།། བྱང་ཆུབ་སེམས་དཔའ་ཐུགས་རྗེའི་སྟོབས་ལྡན་དག་ཅེས་བྱ་བ་ལ་སོགས་པ་ལ། མགོན་མེད་པའི་སེམས་ཅན་བསྒྲལ ་པཔར་དམ་བཅས་པ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཁྱོད་ཀྱིས་ཤིན་ཏུ་དྲག་པོའི་སྡིག་བགྱིས་པ་བདག་ལ་སྐྱབས་མཛོད་ཅིག་ཅེས་བྱ་བའོ།། དེ་ལྟ་བས་ན་ཀུན་དགའ་བོ་ལུས་དང་སྲོག་ལ་ཡང་མ་ཆགས་པར་བྱའོ་ཞེས་བྱ་བ་ནི་བཅོམ ་ལྡན་འདས་ཀྱིས་མ་འོངས་པའི་སྐྱེ་བོ་ལ་ཕན་པའི་དོན་དུ་འཇུག་པའི་རིམ་པ་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ལུས་དང་། སྲོགཽ་ལ་མ་ཆགས་པར་བྱ་བ་དང་། ཆགས་པའི་ཡོན་ཏན་དང་སྐྱོན་ཤེས་ནས་བླང་བ་དང་བཏང་བར་བྱའོ། ་ཞེས་བྱ་བའི་དོན་ཞུས་པ་དང་། དབྱེ་བ་གསུངས་པ། ལུས་དང་སྲོག་ལ་ཆགས་པ་ནི་མི་དགེ་བའི་ལས་རྣམས་མངོན་པར་འདུ་བྱེད་པར་འགྱུར་རོ།། ལུས་དང་སྲོག་ལ་མ་ཆགས་པ་ནི་དགེ་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི ་རྒྱལ་པོ་ལ་དགོངས་ནས་བསྟན་པ་ཡིན་ནོ།། དེ་ལ་འདི་སྐད་ཅེས་བྱ་སྟེ་ཞེས་བྱ་བས་ནི་ཚིགས་སུ་བཅད་པས་དེ་དག་ཉིད་གསལ་བར་མཛད་པ་ཡིན་ནོ།། སེམས་ཅན་གང་དག་ཆགས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་དག་སྙིང་པོ་མེད་པའི་ལུས ་རྨ་བཞིན་དུ་རྟག་ཏུ་རྣག་འཛག་པ་དང་། སྲོག་ཀྱང་ངེས་པར་གཡོ་བ་ལ་ཆགས་པ་ནི་ཤིན་ཏུ་དྲག་པའི་ལས་བྱས་ནས་འཇིགས་པ་ཆེན་པོ་དང་ལྡན་པའི་དམྱལ་བ་ཐར་པར་དཀའ་བ་ཐོབ་པར་འགྱུར་རོ།། ཡང་གང་དག་དབུ་པའི་གོང་བུ་ལྟ་བུའི་སྲས་དང ་ཤིན་ཏུ་མྱུར་བར་འགྲོ་བའི་སྲོག་ལ་མངོན་པར་ཞེན་པ་མེད་པ་དེ་དག་ནི་རྟག་ཏུ་སྦྱིན་པ་ལ་སོགས་པའི་བསོད་ནམས་ལ་ཞུགས་པ་དེ་དག་དམ་པའི་འགྲོ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས།། ་ཉེ་བར་གཞག་ནས། དབེན་པ་ན་བདེ་བར་གནས་པ་དང་། དགོན་པ་དང་ནགས་ཁྲོད་ཀྱི་བདེ་བ་སྤངས་ཏེ། གྲོང་ལ་སོགས་པར་གནས་ནས་སེམས་ཅན་རྣམས་ཕྱིར་མི་ལྡོག་པར་འགྱུར་བར་དེ་ལྟར་ཆོས་བསྟན་པར་བྱའོ།། ཞེས་བྱ་བ་ལ་སོག་པ་ལ། ་སྔོན་བྱུང་བའི་གཏམ་བསྟན་པའི་ཕྱིར། ང་སྔོན་སྤྱད་པ་དག་ནི་སྤྱོད་པ་ན། དེ་ཚེ་རྒྱལ་པོ་དཔའ་བས་བྱིན་ཏུ་གྱུར། འདོད་པའི་རྒྱུ་ཡི་དགེ་སློང་མེ་ཏོག་ཟླ་མཛེས་དཱ་ཡིས་བསད་ཅེས་བྱ་བར་འབྲེལ་ཏོ།། རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ་བ་ལ་སོགས ་པ་ལ། རྒྱལ་པོའི་ཕོ་བྲང་ནས་འབྱུང་བའི་དུས་སུ་འཁོར་ལ་སོགས་པ་ཐམས་ཅད་ཀྱིས་མཐོང་བར་གྱུར་ནས་ཞེས་བྱ་བ་མཚོན་པ་ཡིན་ནོ།། གང་གི་ཚེ་རྒྱལ་པོའི་ཕོ་བྲང་ནས་བྱུང་ནས་ཤིང་རྟ་ལ་ཞོན་པའི་ཚེ་ཤིན་ཏུ་མཛེས་པའི་དགེ་སློང་མཐོང་ནས་འདིས ་#ནི་བདག་གི་རྒྱལ་སྲིད་ཁྱེར་བའི་དོགས་པ་ཡོད་སྙམ་དུ་ཕྲག་དོགས་དང་སེར་སྣའི་དབང་གིས་འཇིགས་པའི་བློ་བདག་ལ་སྐྱེས་ཏེ། བུ་དང་བུ་མོ་དང་འཁོར་རྣམས་ཀྱིས་ཀྱང་བསྐོར་བ་མཐོང་ནས་བདག་གི་ཕུན་སུམ་པ་ནི ་ཕྲོགས་པར་གྱུར་ཏོ་སྙམ་ནས་ཕྲག་དོག་དང་སེར་སྣ་དང་། ཁྲོ་བས་ཟིལ་གྱིས་མནན་ནས། དབང་ཕྱུག་རྒྱ་གསྣ་པཱིས་བུ་ལ་འདི་སྐད་བྱས། མདུན་ན་འདུག་པའི་དགེ་སྦྱོང་བསད་པར་གྱིས་ཞེས་བྱ་བ་ལ་སོགས་པ་ལ་གཞོན་ནུ་དེ་དག་གིས་འདི་སྐད་ཅེས་སྨྲས ་སོ།། བསོད་ནམས་བསགས་པའི་རྟེན་དུ་གྱུར་པའི་དགེ་སློང་འདི་མི་གསོད་དོ་ཞེས་སྨྲས་པ་དང་། བུ་རྣམས་ཀྱི་ཚིག་ཐོས་ནས་ཤིན་ཏུ་ཁྲོས་པའི་བཞིན་གྱིས་གསོད་པའི་བཞིན་གྱིས་གསོད་པའི་གཤད་མ་དགའ་བྱེད་ལ་སྨྲས་པ་མྱུར་བར་མྱུར་བར་དགེ ་སློང་འདི་སོད་ཅིག་ཅེས་བསྒོ་བ་དང་ཤིན་ཏུ་དྲག་པོ་ལས་ཅན་གསོད་པའི་གཤེད་མོ་དགའ་བྱེད་ཀྱིས་དགེ་སློང་དེ་དུམ་བུ་དུམ་བུར་གཏུབས་སོ།། བཅད་པའི་འཕྲོ་ནས་ཀྱང་འོ་མའི་རྒྱན་འབབ་པར་གྱུར་ཏོ།། ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། བདག ་སྐྱེ་མོས་མཚལ་ནས་ཕྱིར་ལོག་ནས་ཕྱོགས་ངར་ཕྱིན་པ་དང་། ལུས་དུམ་བུ་དུམ་བུར་བྱས་ཀྱང་འགྱུར་བ་མེད་པ་དེ་མཐོང་ནས་རྒྱུ་ཅི་ཞིག་གིས་འགྱུར་པ་མེད་པར་འདུག་སྙམ་ནི་སོ་བདག་ངོ་མཚར་སྐྱེས་པར་གྱུར་ཏོ།། དེ་ནས་བར་སྣང་ལ་ལྷ་རྣམས་དུ། ་ཞིང་སྨྲེ་སྔགས་འདོན་པའི་སྒྲ་ཐོས་ཏེ། ཁྱོད་ཀྱིས་སྡིག་པའི་ལས་ཤིན་ཏུ་མི་བཟད་པ་བྱས་ཏེ། སྡིག་པའི་ལས་ངེས་ཁྱོད་ངེས་པར་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་ཟེར་བ་ཐོས་པས་རྒྱལ་པོ་དེ་ལྟས་བསྐུལ་བས། སྡུག་བསྔལ་ཞིང་ཡིད་མི་བདེ ་ལ་ཤིན་ཏུ་སྐྲག་པའི་སེམས་ཀྱིས་མནར་མེད་པར་འགྲོ་བའི་སྒྲ་ཐོས་པས། བདག་གིས་ཤིན་ཏུ་མི་ཟད་པའི་སྡིག་པའི་ལྔས་བྱསཱ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་མཛེས་བཱ་དགུ་གི་བཀྲོངས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི ་དམ་པའི་ཆོས་ཀྱི་མཛོད་འཛིན་པ།། ཡེ་ཤེས་ཀྱི་སྒྲོན་མར་གྱུར་པ། མི་ཤེས་པའི་མུན་པ་སྤེལ་བ་ལ་མཁས་པ། ཆོས་བདུད་རྩི་སྨོན་སྦྱིན་པར་བྱེད་པའི་སྨན་པའི་རྒྱལ་པོ་ཆེན་པོར་གྱུར་པ་བདག་གིས་ཀྲོངས་སོ།། ཞེས་སྨྲེ་སྔགས་འདོན་པར་བྱེད་དོ།། ཆོས ་རྣམས་སྐྱེ་དགུ་དག་ལ་གང་འཆད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། མང་དུ་སྨྲེ་སྔགས་འདོན་ཅིང་འདས་པ་དང་། མ་བྱོན་པ་དང་། དེ་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་ལ་སྐྱབས་སུ་འགྲོ་བར་བྱ་བ་ལ་སྐྱབས་གཞན་མེད་རོ་སྙམ་མོ།། དེ་ནས་རྒྱལ་པོ་དཔའ ་པས་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་ཡོན་ཏན་སྙིང་རྗེ་དང་བཅས་པ་རྒྱ་ཆེར་ཚིགས་སུ་བཅད་པ་ཡང་དག་པར་བརྗོད་པ་ཀུན་ཏུ་བཟང་པོར་འཕགས་པའི་དགེ་འདུན་གྱིས། ཁྱོད་ལ་རྣམ་པ་མང་པོར་བསྒོ་བ་བགྱིས་ཞེས་བྱ་བ་ལ་སོགས ་པ་ལ། ཀུན་ཏུ་བཟང་པོའི་ནགས་ཁྲོད་ན་གནས་པའི་དགེ་སྦྱོང་གི་དགེ་འདུན་གྱིས་རྣམ་པ་མང་པོར་བསྒོ་བ་བྱགྲུས་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་རིན་ཆེན་ལྡན་དུ་མ་བཞུད་ཅིག་ཅེས་ཡོངས་སུ་བསྐྱོབ་བགྱིས་ཞེས་བྱ་བ་ནི་རྒྱལ་པོའི་པོ་བྱང་རིན་ཆེན་ལྡན་དུམ ་བཞུད་ཅིག་ཅེས་ཡོངས་སུ་བསྒོ་བ་བྱས་པའོ།། ཁྱོད་ཀྱི་སྲོག་གི་བར་ཆང་བྱུང་ང་རེ་ཞེས་བྱ་བ་སྨྲས་པ། ཁྱོད་ཀྱིས་དགེ་སློང་དགེ་འདུན་ཚིག་མ་བཟུང་ཞེས་བྱ་བ་ལ། དགེ་སློང་གི་དགེ་འདུན་གྱི་བཀའ་བཅག་ནས་གང་གི་དོན་དུ་གྲོང་ཁྱེར་དུ་གཤེགས ་@པའི་དོན་དེ་དེ་བཞེངས་ལ་ཡང་དག་པར་རྫོགས་པར་མཛོད་ཅིག་པའོ།། ལྷ་རྫས་མྱུ་གུ་སྣ་ཚོགས་བརྒྱན་པའི་ས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ཏུ་བཟང་པོའི་ནགས་ཚལ་དམ་པ་བོར་ནས། གང་གི་དོན་དུ་ཁྱོད་འདིར་བྱོན་པའི ་དོན་དེ་བདག་ལ་འདིར་གསུངས་ཤིག་དེ་ཐོས་པ་དང་ཁྱོད་ཀྱི་བཀའ་བཞིན་དུ་བགྱིའོ།། སངས་རྒྱས་སྲས་པོ་བཞེངས་པ་ལ་བཀའ་སྩོལ་ཅིག། བདག་ནི་མགོན་མེད་ཁྱོད་ལ་སྐྱབས་སུ་མཆི་ཞེས་བྱ་བ་ནི་དམྱལ་བ་མ་ནཱར་མེད་པར་མཆི་བ་ལས།། གཟུང ་དུ་གསོལ་ཞེས་བྱ་བའོ།། གཅིག་པུ་རི་དགས་རྒྱལ་བ་སེང་གེ་ལྟར་ཞེས་བྱ་བ་ལ་སོགས་པའི་དོནྡ་ནི་གོ་བར་ཟད་དོ།། བདག་གིས་དཔའ་བོ་དུམ་བུ་དུམ་བུར་བཅད་ཅེས་བྱ་བ་ལ་སོགས་པ་ལས། བདག་སྟེ་བདག་གི་ཧཱུ~ཾ་སྦྲིད་དགེ་སློང་གི་དགེ་འདུན་འདས ་བྱིན་གྱི་བར་དུ་ཁྱོད་བཞེངས་ལ་བདག་གི་གསོལ་བ་བཏབ་པ་བཞིན་མཛད་པར་འོས་སོ།། མེ་ཏོག་བླ་མཛེས་མི་འཇིགས་བདག་གསོལ་ལ་བཞེངས་ལ་བདག་འཇིགས་པ་ཆེན་པོ་ལས་བསྒྲལ་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟ་བུའི ་ཁྱོད་ཀྱི་ལུས་མཚན་དང་ཆ་ཤས་ཡོངས་སུ་རྫོགས་པ་ཡང་བཞེངས་ལ་བདག་ལྔ་མི་འཇིགས་པ་གསོལ་ཅིག་ཅེས་བྱ་བའོ།། སེམས་ཅན་མ་ལུས་པ་ལ་མི་འཇིགས་པ་གསོལ་བར་མཛད་པའི་ལྷ་ཁྱོད་ནི་ཉེས་པ་ལས་རབ་ཏུ་གྲོལ་བ་ཆོས་སྨྲ་བོ་ཆེན་པོ་ཁྱོད་ཀྱི ་བདེ་བར་གཤེགས་པས་བསྟན་པའི་ཆོས་བཤད་དུ་གསོལ་ཞེས་པའོ།། དི་རིང་བདག་ལ་སྣ་གཅིག་གནང་བར་མཛོད་ཅེས་བྱ་བ་ལ་སོགས་པ་ལ། བདག་གི་བློའི་མི་ཤེས་པའི་མུན་པ་བསལ་བའི་ཕྱིར། ཡེ་ཤེས་ཆེན་པོའི་ཉི་མ་ཤར་བར་མཛོད་ལ ་བཞེངས་སུ་གསོལ་ཏེ། ཡེ་ཤེས་ཆེན་པོའི་ཉི་མའི་སྣང་བས་འཇིགས་པ་ཆེན་པོ་དམྱལ་བར་འགྲོ་བར་མུན་པ་ཆེན་པོ་གསལ་དུ་གསོལ་ཞེས་གསོལ་བ་འདེབས་པའོ།། ཉོན་མོངས་བྱེད་པའི་སྡིག་སེམས་ཅི་རུ་རུང་།། རྒྱགས་པས་ཁེངས་པའི ་རྒྱལ་སྲིད་ཅི་རུ་རུང་།། ཞེས་བྱ་བ་ལ། ཐམས་ཅད་དུ་དམྱལ་བ་ལ་སོགས་པར་ཁྲིད་པར་བྱེད། སྡིག་པའི་ལས་བྱེད་པའི་སེམས་དེ་ལྟ་བུ་ཡང་ཅི་རུ་རུང་། རྒྱལ་སྲིད་ནི་རྒྱལ་པོའི་དབང་ཕྱུག་ཉིད་དེ།། དེས་ཀྱང་ཅི་རུ་རུང་ཞེས་བྱ་བ་སྡིག་པ་དང་རྗེས་སུ་འབྲེལ ་པའི་ཕྱིར་རོ།། ཐམས་ཅད་སྤངས་ཏེ་གཅིག་པུ་འགྲོ་བར་འགྱུར་ཞེས་བྱ་བ་ལ། བུ་དང་བུ་མོ་མ་ཡིན་ཆུང་མ་འཁོར་རྣམས་མིན།། གྲོང་ཁྱེར་ཡུལ་འཁོར་ཆེན་པོ་རྒྱལ་པོའི་ཕོ་བྲང་མིན།། དེ་དག་ནང་ནས་ཅིག་ཀྱང་བདག་དང་འགྲོ་མི་འགྱུར།། འདི་ནས ་བདག་གིས་སྙིང་པོ་ཅིག་མ་བླངས།། དམྱལ་བའི་རྗེས་མཐུན་སྡིག་པ་འཇིགས་རླུང་པ།། དོག་གཉིས་དྲིང་དུ་བྱེད་པ་རབ་ཏུ་དྲག་པཱ་དེས།། བདག་ཉིད་ཅིག་པུ་མཱནར་མེད་ཁྲིད་པར་འགྱུར།། བདག་གི་སྐྱེ་བ་ཐམས་ཅད་དོན་མེད་བྱས།། ཧཱ་ཧཱ་བཟོད་དང་དཀའ ་ཐུབ་བརྟུལ་ཞུགས་བཟང་།། ཞེས་བྱ་བོ་ལ་སོགས་པ་ལ་ཚུལ་ཁྲིམས་དང་། བཟོད་པ་དང་། ངེས་པ་ལ་སོགས་པའི་ཡོན་ཏན་གྱི་ཕུང་པོ་ཁྱོད་སྐྱབས་མ་མཆིས་པ་བདག་བོར་ནས་གང་དུ་གཤེགས་ཞེས་བྱ་བའོ།། འཕགས་པ་ཁྱོད་ཀྱི་ལས་དང་ཡན ་ལག་བཅད་པ་ན། ཞེས་བྱ་བ་ལ་སོགས་པ་ལས། ཁྱོད་ཀྱི་ཡན་ལག་དང་། ཉིང་ལག་བཅད་པར་གྱུར་པ་ན་འོད་ཟེར་སྣ་ཚོགས་འབྱུང་བར་གྱུར་ཅིང་། འོ་མའི་རྒྱན་འབྱུང་བར་གྱུར་པས་སྐྱེ་བོ་མ་ལུས་པ་ངོ་མཚོར་སྐྱེད་པར་མཛད་པ་ཁྱོད་བཞེངས་ཤིག་ཅེས ་གསོལ་བ་འདེབས་པའོ།། བྱམས་པ་དང་། སྙིང་རྗེ་ཆེན་པོའི་རང་བཞིན་ཅན། ཆོས་ཟབ་མོ་རབ་ཏུ་སྟོན་པའོ།། ས་བཅུ་ལ་རབ་ཏུ་གནས་པའི་བདག་ཉིད་ཅན།། དཔུང་བཅུའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་དབང ་བཅུ་ལ་དབང་དུ་གྱུར་པ་ཁྱོད་གང་དུ་གཤེགས་ད་མྱུར་དུ་གཞེངས་ཤིག་ཅེས་བྱ་བའོ།། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དེ་ཡང་གང་དུ་ཐཐུལ་ནས་ཐུགས་རྗེའི་ཡུལ་དུ་གྱུར་པ་བདག་ལ་ཅི་སྟེ་མི་གཟིགས། ཁྱོད་ཀྱི་བཟོད་པའི་རང་བཞིན་དུ། ་མཛད་ན་བདག་ལྟ་བུ་ཤིན་ཏུ་རྨོངས་པ་ལ་ཅིའི་ཕྱིར་ཁྲོ་བར་དགོངས། དེ་ལྟ་བསྔོ་ནུ་ཆོས་སྲ་བ་ཆེན་པོ་ཁྱོད་ཅིའི་སླད་དུ་ཅང་མི་གསུང་བར་ཡུན་རིང་དུ་བཞུགས། དུས་རིང་པོར་ཆོས་མི་སྟོན་པར་བཞུགས་པ་མཛེས་པ་མ་ལགས་སོ།། ཁྱོད་བཞེངས ་ལ་བདག་གི་ཁབ་ཏུ་གཤེགས་ལ་ཐོགས་པ་མེད་པའི་སྤོབས་པས་བུད་མེད་ཀྱི་ཚོགས་ཀྱི་ནང་དུ་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་བསྟན་དུ་གསོལ། ལྷ་ཁྱོད་ལྷའི་ལུས་འདི་མི་ཤིགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན ་གྱི་རང་བཞིན་རྡོ་རྗེ་ལྟར་མི་ཕྱེད་པའི་སྐུ་ནི་ལྷ་ལ་སོགས་པས་བཤིག་པར་ནུས་པ་མ་ཡིན་པས་དུམ་བུ་ལྷུར་སྣང་བའི་སེམས་ཅན་རྨོངས་པར་མཛད་པའི་སྒྱུ་མ་མི་མཛེས་པས་བཞེངས་ཤིག་ཡང་དོན་དམ་པར་ནི་གཉིས་སུ་མེད་པའི་ཡེ་ཤེས ་ཀྱི་སྐུ་ལ་དབྱེ་བ་ཡོད་པ་མ་ཡིན་ནོ།། དེ་ལྟ་བས་ན་དུམ་བུ་དུམ་བུར་སྣང་བ་འདི་ནི་སྒྱུ་མ་ཙམ་སྟེ། བྱང་ཆུབ་སེམས་དཔའ་སྒྱུ་མ་མཛད་པ་མི་མཛེས་སོ།། སྒྱུ་མེའི་རྣམ་པར་སྤྲོས་པ་མཐོང་མཛོད་ལ་བཞེངས་ནས་བླ་ན་མེད་པའི་ཆོས་བསྟན་ཅིང་བཤད ་ས་དྷཱ་ནན་གྷུ། ས་ས་སྨྲ་ཙྪ་། ཀྵ་མྦྷ།། དངྒཱ་ང་ས་ག། ན་དུ་བྷཱུ་རྒྱུན་རྒྱུ་ན་རླུ་། ཟླུགྶ་བྷྱ། ་ནུས་པ་ཡིན། རྙོང་བཞིན་རྣམ་པར་དགེ་པའི་ཆོས་ཀྱི་སྒྱུར་གྱུར་ནས། སྐྱེ་བོ་མ་ལུས་པན་ཕྱིར་ཐུབ་དབང་གཟུགས་ཀྱི་སྦྲུས། འགྲོ་བ་རྣམས་ལ་ཆོས་ཉིད་སྣང་བའི་རང་བཞིན་དེ་ཉིད་སྟོན།། བདར་གཤེགས་སྷོམྦྷ་ཀྱྀ་ཉྀད་རྡོ་པོ་ནི་ས་ཤུགས། ་འཕགས་པ་མེ་ཏོག་ཟླ་མཛེས་ཚུར།། ཞེས་བྱ་བ་ལ་སོགས་པ་ལ། ཁམས་གསུམ་གྱི་འདོད་ཅིང་ཆགས་པར་བྱ་བ་ལ་མ་ཆགས་པས་ནི་འདོད་ཆགས་དང་བྲལ་བའོ།། སེམས་ཅན་ཐམས་ཅད་ཀྱི་ཕ་མར་གྱུར་པ་ཁྱོད་ཀྱིས་བདག་ཇི་ལྟར་ངན་སེང་དུ་འཇུག་པར ་མི་འགྱུར་བ་དེ་ལྟར་ངན་སོང་གི་སྒོ་བཅད་དུ་གསོལ། དེས་ན་ཐར་པའི་ལམ་རྣམས་ནི་དབྱེ་བར་མཛོད་ཅིག་པའོ།། མགོན་པོ་ཁྱོད་ནི་དགུང་བདུན་བཤོས་མ་གསོལ། ཞེས་བྱ་བ་ལ་སོགས་པ་ལ། ཆོས་སྟོན་པ་ལ་ཞེན་པས་དུས་ཡོལ་བར་གྱུར་ཏེ། ཁྱོད་ཀྱིས ་དགུང་བདུན་དུ་བ་ཤོས་མ་གསོལ་གྱིས་བདག་གི་སྡུམྦྷ་པར་རྒྱལ་པོའི་ཕོ་བྲང་རིནྡ་ཆེན་སྔོན་དུ་གཤེགས་ལ་བཤོས་གསོལ། ཆོས་བསྟན་དུ་གསོལ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་བུ་དེ་ལྟར་སྦྱིན ་མྲྀ་གྲ་བྲི་བའི་དྲན་ཡོང་བར་འགྱུར་རོ།། ལྕེབོ་ཉིད་རྗེ་མགྲིན་དང་བཅས་པའི་དགེ་འདུན་དྲི་ཡང་ཀྱྀ་མང་ན་མགོན་མང་བར་གྱུར་པས་སེམས་ཅན་སྙིང་གི་ཁྱེད་ནི་མྱུར་བཞེངས་ལ་ཞེས་བྱ་བ་ལ་སོགས་ཐམ་ཐོནངས་ལ་དན་སློང་གི་དགེ་འདྲིར་ག ་ཐོན་མཛོད་ཅིག། ཁྱོད་ནི་འཇིགས་རྟེན་ཁམས་གསུམ་གྱི་སྒྲོན་མར་གྱུར་པ་ལག་པས་ཁྱོད་མི་བཞུགས་ན་འཇིག་རྟེན་གསུམ་པོ་ལོང་བ་ལྟ་བུར་འགྱུར་རོ།། དེའི་ཕྱིར་ཁྱོད་བཞེངས་ལ་ཀུན་ཏུ་བཟང་པོའི་ནགས་ཚལ ་དུ་གཤེགས་ནས་དགེ་སློང་གི་དགེ་འདུན་ལ་བདག་ཉིད་སྟོན་ཅིག་པའོ།། ཀྱེ་མ་ཞེས་བྱ་བ་ནི་བརྟབས་པའི་དོན་ཏོ།། ཀྱེ་ཀྱེ་ཞེས་པ་ནི་མི་ཡེངས་པར་བྱ་བའོ།། ཀྱེ་ཀྱེ་ཆོས་འཛིན་ཡོན་ཏན་རྨད་བྱུང་ཚོ།། ཞེས་བྱ་བ་ལ་སོགས་པ་ལ། ལུང་དང་རྟོགས ་པའི་ཆོས་འཛིན་པ་ཁྱོད་ལྟ་བུ་འགྲོ་བ་རྣམས་ཀྱི་ནང་དུ་དུས་ཐམས་ཅད་དུ་འབྱུང་བ་མ་ཡིན་ཏེ། ཨ་ཤྭཏྠ་ཡི་མེ་ཏོག་ལྟ་བུ་ཁྱོད་ཀྱིས་ཤེས་རབ་དང་། སྙིང་རྗེའི་སྤྱན་གྱི་དགེ་སློང་གི་དགེ་འདུན་ལ་རྣམ་པར་གཟིགས་ལ་ངག་གི་སྤྱོད་ཡུལ་ཐམས་ཅད་ལས ་འདས་པའི་དོན་དམ་པའི་གཟུངས་བཤད་དུ་གསོལ་ཞེས་བྱ་བའོ།། བདག་རྗེས་སུ་གཟུང་བའི་ཕྱིར་བཞེངས་ལ་ཁྲོ་བ་མེད་པ་བསྟན་དུ་གསོལ། གང་གི་ཕྱིར་བཟོད་པ་དང་ཐུགས་རྗེ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་ཁྱོད་ལ་ཁྲོ་བ་ག་ལ་མངའ་ཞེས་བྱ་བའོ། ་དེའི་ཕྱིར་དེ་རིང་ཁྱོད་བཞེངས་ཤིག་ཅེས་བྱ་བ་ནི་བཞེངས་ལ་ཆོས་སྟོན་ཅིག་ཅེས་ཐམས་ཅད་དུ་བལྟ་བར་བྱའོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་ཞུགས་སམ་མེ་ཏོག་ཟླ་མཛེས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བཞི ་བར་བྱིད་པས་དཔེ་མེད་པའི་ཟླ་བ་བཞེངས་ཤིག། ཚུལ་ཁྲིམས་དང་། བསླབ་པ་དང་། བརྟུལ་ཞུགས་དང་། ཐོས་པ་དང་། བློ་གྲོས་དང་། རྟོགས་པས་རབ་ཏུ་རྟོགས་པར་མཛད་པ།། ཐུགས་རྗེ་ཆེན་པོའི་ཚོན་གྱིས་ཁ་དོག་བསྒྱུར་བའི་ངུར་སྨྲིག་འཆང ་བ། ངེས་པར་འབྱུང་བར་མངོན་པར་དགའ་བའི་བསམ་པ་ཅན། ལུས་དང་། ངག་དང་། སེམས་རབ་ཏུ་ཐུལ་བ། མཐུལ་བའི་སེམས་ཅན་རྣམས་འདུལ་བར་མཛད་པ་དང་། གཉིད་ལོག་པ་དང་། རབ་ཏུ་ལྡོག་པའི་སེམས་ཅན་རྣམས། ཆོས་ཀྱི་སྒྲས་སད་པར ་མཛད་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་འཇོག་པར་མཛད་པའོ།། ཀྱེ་ཀྱེ་སྦྱིན་པ་ཡི་ནི་སྤང་ལེབ་ལ། ཚུལ་ཁྲིམས་ཐ་གུས་འབྲེལ་པའི་གྲུ་སྦྱར་ཏེ། ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་པོའི་གྲུབ་པའི་དེད་དཔོན་དུ་བསྟན་ཏོ།། སྦྱིན་པའི་སྤང་ལེབ་ལ་ཚུལ ་ཁྲིམས་ཀྱི་ཐ་གུས་བཅིངས་ཤིང་། བཟོད་པའི་ཡོན་ཏན་གྱི་བཅིངས་པ། བརྩོན་འགྲུས་ཀྱི་རླུང་གཡོར་བཙུགས་པ། མངོན་པར་འདོད་པའི་ཡུལ་དུ་འགྲོ་བའི་བསམ་གཏན་གྱིས་མཐུན་པའི་རླུང་གི་ཕུལ་ནས་ཤེས་རབ་ཀྱི་སྐྱེ་བ་འཛིན་པས་ལེགས་པར ་བཟུང་ནས་ཤིན་ཏུ་བསྟན་པའི་ཐེག་པ་ཆེན་པོ་གྲུར་ཞུགས་ནས་འཁོར་བའི་རྒྱ་མཚོ་ཆེན་པོ་མ་རིག་པ་དང་། སྲེང་བ་དང་། རྣམ་པར་རྟོག་པའི་རླབས་ཀྱི་མ་ལུས་པ་ཁྱབ་པར་གཡེང་བའི་སེམས་ཅན་རྣམས་སྒྲོལ་བར་བྱེད་དགོས་ན། ཅིའི་ཕྱིར་རབ་ཏུ་གཉིད ་ལོག་པ་བཞིན་དུ་སེམས་ཅན་གྱི་དོན་ལ་བཏང་སྙོམས་སུ་མཛད་ཅེས་བྱ་བའོ།། བླ་ན་མེད་པའི་སྨན་པའི་རྒྱལ་པོར་བསྟན་པའི་ཕྱིར་གསུངས་པ། ཀ་ཀྱེ་སྨན་པའི་དམ་པ་བརྟུལ་ཞུགས་ལ། ཞེས་བྱ་བ་ལ་སོགས་པ་ལ། ནད་ཀྱི་རྒྱུ་དང་། གསོ་བ་ཤིན་ཏུ ་ཁས་པའི་སྨན་གྱི་རྒྱལ་པོ་ཁྱོད་བཞེངས་ལ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ནད་ཀྱི་ཡོངས་སུ་མནར་བར་གྱུར་པའི་སེམས་ཅན་རྣམས་ལ་རྣམ་པར་གཟིགས་ཏེ། ཉེས་པའི་ནང་ཐམས་ཅད་རབ་ཏུ་ཞི་པར་བྱ་བའི་ཕྱིར་དམ་པ་འི་ཆོས་ཀྱི ་བདུད་རྩིའི་སྒྲར་སྦྱིན་པས་སེམས་ཅན་ཐམས་ཅད་ལ་ཉོན་མོངས་པའི་ནད་ཐམས་ཅད་ལས་རྣམ་པར་ཐར་བར་བྱས་ནས་བདུད་རྩིའི་དབྱིངས་མྱ་ངན་ལས་འདས་པ་ལས་དགོད་པར་བྱ་བའོ།། ཀྱེ་ཀྱེ་མཁས་པ་ཡ་ཤེས་རྒྱ ་ཚར་བརླབས་ཆོས་ཀྱི་རྔ་དག་ཤིན་ཏུ་རྡུང་བ་མཛད། ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་ལ་ཐུན་མོང་དུ་ཆོས་བསྟན་པའི་རྒྱུ་མཚན་རབ་ཏུ་བསྒྲུབ་པའི་ཕྱིར་རྡོ་ངག་ཤིན་ཏུ་རྡུང་པ་སྟེ། ཆོས་ཀྱི་རྡོའོ།། རྡུང་བ་ནི་ཆོས་དང་། དོན་དང ་ངེས་པའི་ཚིག་དང་། སྤོབས་པ་སོ་སོར་ཡང་དག་པར་རིག་པ་ཐོབ་པས་ཆོས་སླ་བ་ཆེན་པོར་གྱུར་པས་སེམས་ཅན་མོས་པ་སྣ་ཚོགས་པ་རྣམས་ལ་བསམ་པ་དང་། ལྷག་པའི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་ཆོས་སྟོན་པས ་ཡང་དག་པའི་ལམ་ལྔ་དགོད་པར་མཛད་པའི་ནུས་པ་མ་བ་བཞིན་དུ་ཅིའི་ཕྱིར་བཏང་སྙོམས་སུ་མཛད་ཅེས་བྱ་བའོ།། མེ་ཏོག་ཟླ་བ་མཚན་གྱིས་བརྒྱན་པ་ཀྱེ། ཞེས་བྱ་བ་ལ་སོགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར ་བསགས་པའི་བདག་ཉིད་ཅན་གྱི་ཉེ་བར་བཅོམ་པའི་འཆི་བ་ཡོད་པར་མི་འགྱུར་བས་ཀྱེ་མེ་ཏོག་ཟླ་བ་ཁྱོད་བཞེངས་ལ་འཁོར་བའི་བརྩོན་རར་བསྒོམ་པའི་སེམས་ཅན་རྣམས་དགྲོལ་དུ་གསོལ་ཞེས་གསོལ་བ་གདབ་པའི་ཕྱིར། མེ་ཏོག་ཟླ་བ་མཚན ་མཆོག་བརྒྱན་པ་ཀྱེ་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་གསོལ་བ་གདབ་པའི་ཚིག་གསོན་ལ་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་བསམ་གཏན་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དུ་བཞུགས་ལ་བསམ་གཏན་བཞི་ལ་བསམ་གཏན་པ་དང་། རྟག ་ཏུ་སེམས་ནང་དུ་བསྡུས་པ་དང་། མཛར་བ་དང་། མཛའ་བ་མ་ཡིན་པ་ལ་མཉམ་པའི་སེམས་ཀྱི་རི་རབ་བཞིན་མི་གཡོ་བའི་ཐུགས་མངའ་བ་ཁྱོད་བཞེངས་ལ་ཚུར་བྱོན། སངས་རྒྱས་དང་། སངས་རྒྱས་མ་ཡིན་པའི་སེམས་ཅན་ལ་རབ་ཏུ་མཉམ་པར ་བཞུགས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ངེས་པར་བཞུགས་ནས་བདུད་བཞི་ལས་རྣམ་པར་རྒྱལ་ཏེ། མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་ལེགས་པར་སྒོམ་པས་དེ་དག ་ལྷུན་གྱི་གྲུབ་པར་མངོའ་བས་ཁྱོད་ཀྱིས་མི་མཁྱེན་པ་ཅི་ཡང་མི་མངའ་ཡིས་བདག་གིས་བསམ་པ་ཕྱིར་གདུང་བར་གྱུར་པའི་མེ་འདི་ཞི་བར་མཛད་དུ་གསོལ། བདག་གི་གསོལ་བ་བཏབ་པ་དོན་ཡོད་པར་མཛད་དུ་གསོལ། ཁྱོད་ཀྱི་བཞེད་པ ་ཐམས་ཅད་བདག་གིས་ཡོངས་སུ་རྫོགས་པར་བསྒྲུབ་ཀྱིས་བཞེངས་སུ་གསོལ། ཁྱོད་དུམ་བུ་དུམ་བོར་མ་བཞུགས་ཤིག་གྲོང་ཁྱེར་དང་། གྲོང་དང་། ཚོང་ངུས་དང་། སྐྱེ་བོའི་ཚོགས་དང་། བློན་པོ་དང་། བུ་དང་། བུ་མོ་ལ་སོགོས་པའི་འཁོར ་རྣམས་ལ་བཀའ་སྩལ་པ། ཨ་ཀོ་རུ་དང་། ཙནྡ་དཱན་དང་། གུར་ཀུམཱ་དང་། ག་བུར་དང་། གླ་རྩི་ལ་སོགས་པའི་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་དང་། མེ་ཏོག་དྲི་ཞིམ་པོས་ཡོངས་སུ་བཀང་བའི་སྒྲོམ་བུ་མྱུར་དུ་གིས་ལྱ་གང་དུ་ཆོས་སྨྲ་བུའི་བུར ་སྨྲིག་པ་དེར་ཁྱེར་ཅིག་ཅེས་བསྒོ་ནས་འབྲུ་མར་དྲི་ཞིམ་པོ་སྣ་ཚོགས་ཀྱིས་བསྒོས་པའི་ཨ་ཀཱ་རུ་དང་། ཙན་ངན་དང་། ལྷ་ཤིང་རྣམས་ལས་མེམི་སྦྱར་ནས་སྒྲོམ་དུ་དེའི་བུར་བཅུག་ནས་ཉོན་མོངས་པ་དང་བྲལ་བའི་དགེ་སློང་རྣམས་ཀྱིས་མེ་སྦར་ནས། ་ནས་སྲེག་པའི་ཆོ་ག་བྱས་སོ།། སྲེག་པའི་ཆོ་ག་ནི་ཤིང་ཕྲན་བཅུག་ནས་མེ་སྐུར་བའོ།། དེ་ནས་ཆོས་སྨྲ་བ་དེའི་ལུས་ལས་དེ་བཞིན་གཤེགས་པའི་སྐུ་བཞིན་དུ་སྐུ་གདུང་གི་ཕུང་པོ་བྱུང་བར་གྱུར་ཏོད། ་རྒྱལ་པོ་དེས་ནི་མཆོད་རྟེན་བྱས་ནས་སུ།། འདི་ལ་ངས་ནི་མཆོད་པ་བྱ་ཞེས་ཟེར་ཞེས་པ་ལ། ངས་འདིའི་མཆོད་རྟེན་སྐུ་གདུང་གི་སྙིང་པོ་ཅན་བྱས་ལ་ལས་ངན་པ་བྱས་པ་ཟད་པར་བྱ་བའི་ཕྱིར་མཆོད་པ་རྣམ་པ་སྣ་ཚོགས་པ་མེ་ཏོག་དང་། ཕྲང ་བུ་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། སེལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པས་དུས་གསུམ་དུ་སོང་ནས་མཆོད་པར་བྱེད་པར་གྱུར་ཏོ།། དེར་མཆོད ་རྟེན་གྱིས་མདུན་དུ་འདུག་ནས་དུས་གསུམ་དུ་མི་ཤེས་པས་བྱས་པའི་སྡིག་པ་རྣམས་བཤགས་པར་བྱེད་དོ།། སླན་ཆད་ཀྱང་མི་བགྱིད་པར་སྡོམ་པར་བྱེད་པ་དེ་ལྟ་བུས། ལོ་སྟོང་བྱེ་བ་ཕྲག་ནི་དགུ་བཅུ་ལྔར། ཉེས་པ་བྱས་པ་དག་ཀྱང་རབ ་བཤགས་ཤིང་། ཞེས་བྱ་བ་ནི་ལོ་བྱེ་བ་སྟོང་ཕྲག་དགུ་ཅུ་རྩ་ལྔར་ཉེས་པ་བྱས་པའི་ལས་རྣམས་ཟོད་པར་བྱ་བའི་ཕྱིར་ཚུལ་ཁྲིམས་མ་ཉམས་པ་དང་། མ་རལ་པ་དང་། མ་འདྲེས་པ་དང་། དྲི་མ་མེད་པ་བསྲུངས་པར་གྱུར་ཏེ། གསོ་སྦྱོང ་དག་ཀྱང་དེ་ཚེ་རབ་གསོས་ཏེ་ཞེས་བྱ་བ་ལ། འདི་ལ་གསོ་བ་ཡོད་པས་ན་གསོ་སྦྱོང་སྟེ། གསོ་སྦྱོང་ལ་ལོ་སྟོང་ཕྲག་དགུ་བཅུ་རྩ་ལྔར་གནས་སོ།། དེ་ལྟར་བྱས་ཀྱང་ལུས་ཞིག་ནས་དེ་མནར་མེད་པར་ལྟུང་བར་གྱུར་ཏེ། འདོད་པའི་ཕྱིར་སྙིང་རྗེ ་མེང་པའི་ལས་བྱས་པས་སྡུག་བསྔལ་མང་བ་རྣ་སྨྲས་སུ་མྱུང་བང་གྱུར་ཏོ།། སངས་རྒྱས་རྣམས་ཅད་བྱུདག་གིས་སྐྱེ་སྨྲ་བ་ས་བྱས་ས།། མ་བྱེ་ཟུག་དགྲུ་བནྡྷཅཝ་ལྔར་དམང་བར་ཡང་གྱུར་ཧཱུ~ཾ།། བསྐུལ་བ་བྱེ་གཁྲག་ཞུག ་དྲུག་ཅུ་རྩ་གཉིས་སུ་དའི་མིག་བཅེར་བར་གྱུར་ཏོ།། ལག་པ་དང་། རྒུང་བ་དྲུང་། རྣ་བྲོ་དང་། སྐུ་དང་ཨོཾགོས་བཅོད་མི་གྲོ་བ་སྟེས་ཀྱོང་དང་འགྲོ་བ་གཞན་དུ་སྐྱེས་ཀྱང་དུ་སྙིང་དག་ཐམས་ཅད་སྡུག་བསྔལ་གྱིས་གནོད་པར་གྱུར་ཅིང་སྐྱབས་མང ་པཱའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ། དེ་ལྟ་བས་ན་འདོད་པའི་ཕྱིར་ཤིན་ཏུ་མི་ཟད་པའི་ལས་བྱེད་པ་སྤང་བར་བྱའོ།། བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ལག་པ་དང་། རྐང་པ་དང་། མགོ་དང་། བུ་དང་། བུ་མོ་དང་། ཆུང་མོ་ཤིན་ཏུ ་ཡིད་དུ་འོང་ཞིང་ཡིད་འཕྲོགས་པ་རྣམས་དགའ་བའི་སེམས་ཀྱིས་བྱིན་པོར་གྱུར་ཀྱང་སྔོན་གྱིས་ལས་ཟོད་པར་མ་གྱུར་ཏེ། ལས་ཤིན་ཏུ་དྲག་པོ་བྱས་པ་ནི་ཟད་པར་དཀའ་བའི་ཕྱིར་རོ།། ཀུན་དགའ་དེ་ལྟར་བསྐལ་པ་མཐའ་ཡས་དཔྱད ་ཅེས་བྱ་བ་ལ་སོགས་པ་ལ། ངས་དེའི་ཚེ་སྡུག་བསྔལ་འདི་དག་སྔོན་མྱོང་གྱུར་ཞེས་བྱ་བ་ལ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་དང་དེར་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ།། ཡང་གང་དག་གཟུངས་ལ་རབ་ཏུ་གནས ་ཤིང་། བྱམས་པ་ལ་གནས་པ་དང་། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་པ་ལ་གཞོལ་བ་དེ་ལྟ་བུ་དག་ནི་ནམོ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། དེའི་ཕྱིར་བྱང་ཆུབ་འདོད་པས་ཚུལ་ཁྲིམས་ལ་རབ་ཏུ་གནས་ནས་ཆོས་ཀྱི ་སྦྱིན་པ་ལ་མངོན་པར་དགའ་བར་བྱའོ་ཞེས་བྱ་བ་ཡིན་ནོ།། ང་ནི་དེ་ཆེ་རྒྱལ་པོ་དཔའ་བྱིན་ཡིན་ཞེས་བྱ་བ་ལ། ང་ཉིད་དེའི་ཚེ་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བར། གྱུར་གྱི་གཞན་མ་ཡིན་ནོ།། སྡིག་པ་ཟད་པར་བྱ་བ ་དང་། བསོད་ནམས་འཕེལ་བར་འགྱུར་བའི་ལས་དེ་ལྟ་བུ་བྱས་པས་བྱང་ཆུབ་མངོན་པར་ཐོབ་པར་འགྱུར་རོ།། བའི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ་ཞེས་བྱ་བ་ལ་སོགས་པ་ལོ། ངའི་བུར་གྱུར་པ་གང་དག་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའི ་སྤྱོད་པ་དཔྱད་ནས་ཆོས་སྐྱོང་བའི་དེ་བཞིན་གཤེགས་པར་གྱུར་ཏོ།། མེ་ཏོག་ཟླ་མཛེས་ཀྱང་པདྨའི་བླ་མྱ་ཞེས་བྱ་བའི་དེ་བཞིན་གཤེགས་པར་གྱུར་ཏོ།། གཤེད་མ་དགའ་བྱེད་ཀྱང་དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ཞེས་བྱ་བར་གྱུར ་ཏོ། སྐྱེས་པ་དང་། བུད་མེད་དང་། རྒྱལ་རིགས་དང་། ཁྱིམ་བདག་དང་། གྲོང་ཁྱེར་གྱི་དཔོན་དང་། ཚོང་དཔོན་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ།། ཞེས་བྱ་བ་ཡིན་ནོ།། ཀུན་ཏུ་བཟང་པོ་སྟོང་ཉིད་ངོ་བོ་ཉིད།། སྟོང་ཉིད་བདག་མེད་ཕྱིར་ནི་དེ་ཉིད་གནས།། ཕ་རོལ་ཕྱིན་བཅུའི་བདག་ཉིད་ཀུན ་བསྡམས་པ།། ཀུན་ཏུ་བཟང་པོའི་ནགས་ཚལ་ཞེས་དེ་བརྗོད།། ཟླ་བ་ཐུབ་དབང་ཚོགས་གསུངས་ཏིང་ངེ་འཛིན།། བྱང་ཆུབ་ཡན་ལག་ཚོགས་ནི་མེ་ཏོག་ཚུལ་ཁྲིམས་འདྲི།། སངས་རྒྱས་སྲས་པོ་སངས་རྒྱས་ཡོན་ཏན་གཅིག་ལ་གཞོལ ་མེ་ཏོག་ཟླ་མཛེས་སྙིད་གསུམ་སྙིང་པོ་གཅིག། དྲི་མེང་ཆོས་ཀྱི་བདག་ཉིད་གྲགས་པ་གཙོར་གྱུར་པ།། འགྲོ་བའི་དོན་སྒྲུབ་བྱེད་པ་སངས་རྒྱས་ཐོབ་བྱའི་ཕྱིར།། སེར་སྣའི་ཉེས་པ་སྤངས་ནས་འབད་པ་ཡི།། འདོད་པའི་ལྷ་ཡི་གནང་འབྱེད་པ་ཡི ་བཤད་པ་བྱས་མེ་ཏོག་ཟླ་མཛེས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའི་འབྲེལ་པ་རྫོགས་སོ།། །། ཏིང་ངེ་འཛིན་གྱི་ཡོན་ཏན་དང་། གཟུགས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཟླ ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བས་ན་ཞེས་བྱ་བ་ནས་བརྩམས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཡང་རབ་ཏུ་གནས་པར་བྱའོ་ཞེས་བྱ་བའི་བོར་གྱི་དོན་ནི་གོ་བར་ཟད་དོ།། ཏིང་ངེ་འཛིན་དང་། ་གཟུངས་ཀྱི་ཡོན་ཏན་དང་། ཕན་ཡོན་ཚིགས་སུ་བཅད་པས་རྒྱ་ཆེར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་གསུངས་པ། བྱང་ཆུབ་སེམས་དཔའ་གང་ཞིག་ཚུལ་ཁྲིམས་ཚོགས་གནས་ཤིང་། ཞེས་བྱ་བ་ལྔ་སོགས་པ་ལ། བྱང་ཆུབ་སེམས་དབྱའ ་གང་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་རབ་ཏུ་གནས་པ་བདག་ལ་ཕན་པར་འདོད་པ། བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་མངོན ་པར་དགའ་བར་སྐྱེ་བར་འགྱུར་ཞིང་ཆོས་ཟབ་མོ་ལ་བཟོད་པ་ཐོབ་སྟེ། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ།། དེ་ཕྱིར་གནོད་སེམས་མེད་ཅིང་ཀུན་མཐུན་གྱི། ཞེས ་བྱ་བ་ལ་སོགས་པ་ལས། ཀུན་མཐུན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བའོ།། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉེས་པ་ཀུན་དང་བྲལ་བའི་སེམས ་ཀྱི་གཞན་ལ་ཕན་པ་བྱེད་པ་ལ་གཅིག་ཏུ་གཞོལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བྱས་ནས་སངས་རྒྱས་ཉིད་ཐོབ་པར་གྱིས་ཤིག་ཅེས་བྱ་བའོ།། དེའི་ཕྱིར་ཕན་ཡོན་མཆོག་འདི་ཐོབ་ནས་ནི་ཞེས་བྱ་བ་ལ་སོགས་པ ་ལ་ཚུལ་ཁྲིམས་ཀྱི་ཡིན་ཏན་དང་ལྡན་པའི་དགེ་སློང་མཐོང་ནས་གུས་པ་དང་བཅས་པ་དེ་ལ་བསྙེན་བཀུར་བྱའོ།། ཡིད་བཞིན་གྱི་ནོར་བུ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མར་ཀ་ཏ་དང་། པུ་ཤར་ག་དང་། ཀར་ཀེ་ཏ་དང་། མུ་ས་ལ་གརྦྷ་9 ་སོགས་པའི་རིན་པོ་ཆེའི་ཁྱད་པར་གྱོས་ཡོངས་སུ་བཀང་བའི་འཇིག་རྟེན་གྱིས་ཁམས་གང་གའི་ཀླུང་གི་བྱེ་མ་སྙེདང་ཡོད་པར་གྱུར་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་མོས་པ་གང་ཞིག་གི་རིན་པོ་ཆེ་དེ་དག་བླངས་ནས་བསྐལ་པ་གང་གིའི ་ཀླུང་གི་བྱེ་མ་སྙེད་ཡོད་པར་གྱུར་ལ། བྱང་ཆུབ་སེམས་དཔའ་སྦྱིན་པ་མོས་པ་གང་ཞིག་གི་རིན་པོ་ཆེ་དེ་དག་བླངས་ནས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བཏང་བས། གང་གཞན་དག་གི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་འཛིན་པོར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྦྱིན་པ་ལས་བྱུང་བ་དེ་བས་བསོད་ནམས་ཀྱི་ཕུང་པོ་འདི་ཉིད་མང་དུ་འཕེལ་བར་རིག་པར་བྱ་སྟེ། སྦྱིན་པའི་འབྲས་བུ་ནི་གཏོང་བ་དང་ལོངས་སྤྱོད ་བ་ཡིན་ལ་ཏིང་ངེ་འཛིན་གྱི་འབྲས་བུའི་དཔག་ཏུ་མེད་པའི་ཡེ་ཤེས་ཀྱི་ཚོགས་རྫོགས་ན་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ་ཞེས་བྱ་བ་ཡིན་ནོ།། དེ་ལྟ་བས་ན་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ན་ཆོས་ཆེན་པོ་མི་ཟད་པའི་ཆོས་ཀྱི་མཛོད ་དུ་འགྱུར་རོ།། ཐོས་པའི་རྒྱ་མཚོ་ཐོབ་པར་འགྱུར་རོ།། ཆོས་ཀྱི་མཆོག་རྣམས་བསམ་གྱིས་མི་ཁྱབ་པས། ཤིན་ཏུ་རྒྱས་བྱས་བྱང་ཆུབ་སེམས་དཔར་བརྗོད་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་མཆོག་དང་། ་རིབ་མཆོག་དང་། བསས་གྱིས་མི་ཁྱབ་པ་དང་། དབྱེ་མེད་པ་དང་། ལེགས་པར་བསྡམས་པ་ཞེས་བརྗོད་དོ།། གང་གི་ཏིང་ངེ་འཛིན་འདི་བསྒོམ་པར་བྱེད་པ་དེ་ནི་དེ་བཞིན་གཤེགས་པའི་བསོད་ནམས་མ་གཏོགས་པ་བསོད་ནམས་གཞན ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ།། བསོད་ནམས་དང་ཡེ་ཤེས་དང་། བརྩོན་འགྲུས་དང་། སྟོབས་ཀྱིས་དེ་བས་ལྷག་པ་ཡོད་པ་མ་ཡིན་ལ། མཉམ་པ་ཡང་ཡོད་པ་མ་ཡིན་ནོ།། གཞོན་ནུ་ཅི་སྟེ་ཆོས་དེ་གཟུགས་ཡོད་ན་ཞེས ་བྱ་བ་ལ་སོགས་པ་ལ། དེས་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་དེ་གལ་ཏེ་ཆོས་གཟུགས་ཅན་ཞིག་ཡིན་ན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་འགྱུར་ཞིང་ན་མཁའི་ཁམས་སུ་ཡང་བཤང་བར་མི་འགྱུར་རོ།། དེའི་ཕྱིར། ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འདོད་པ་དང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་། བསྙེན་བཀུར་ཡོངས་སུ་སྤྱད་པ་དང་། སེམས་ཀྱིས་ཉེས ་པར་བྱེད་པར་འདོང་བས་ཀྱང་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་གཟུང་བར་བྱའོ།། བྱང་ཆུབ་ཅེས་བྱ་བ་ནི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པ་འདི་ཉིད་ལ་བྱང་ཆུབ་ཅེས་བྱའོ།། གཞོན་ནུ་ངའི་ཚིག་ལ་དད་པར ་གྱིས་ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པའི་གསུང་གི་བྱང་ཆུབ་ཀྱི་ངོ་བོ་ངེས་པར་རྟོགས་པར་བྱའོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་མི་འགྱུར་བའོ་ཞེས་བྱ་བར་ཤེས་པར་བྱས་ལ། དྲད་པར་གྱིས་ཤིག་པ་དེ་ལ་དང ་པ་དང་ལྡན་པར་གྱིས་ཤིག་པའོ།། ངས་ནི་བདག་ཏུ་ལྟ་བ་འདིར་སྦྱངས་སོ།། ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སྤྱད་པ་མཆོག་འདི་སྤྱོད་པར་བྱེད་པ་ནཱ་བདག་དང་བདག་གིར་ལྟོ་བ་རྣམ་པར་སྤངས་ནས་ངས་ཏིང་ངེ་འཛིན་འདི་བཙལ་བའི ་ཚེ་གཡེང་བ་མེད་པའི་སེམས་ཀྱིས་བཙལ་བར་གྱུར་པ་ན་རྙེད་པར་གྱུར་པ་ནི་བྱང་ཆུབ་པ་ཡིན་ཏེ། ཏིང་ངེ་འཛིན་ཉིད་བྱང་ཆུབ་པོ་ཞེས་བྱས་ནས་སོ།། དེའི་ཕྱིར་མདོ་སྡེ་འདི་མཉན་པར་བྱའོ།། འདི་ལས་མདོ་སྡེ་བྱེ་བ་ཁྲག་ཁྲིག་འབྱུང་ཞེས་བྱ་བ ་ནི་ཀུན་གྱི་ལུང་དུ་གྱུར་པ་སྟེ། མདོ་སྡེ་ཐམས་ཅད་བསྡུས་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ།། འདི་ནི་མདོ་སྡེ་ཀུན་གྱི་ངེམ་པའི་མདོ་ཞེས་བྱ་བ་ནི་མདོ་སྡེ་ཐམས་ཅད་ཀྱི་རབ་མཆོག་ཏུ་གྱུར་པ་སྟེ། གང་གི་ཕྱིར་ཆོས་དེ་རྣམས་ལ་མཐའ ་ཐུག་པ་རྙེད་པར་མི་འགྱུར་བ་དེ་དག་གིའོ།། སྟོང་ཚོན་དག་ནི་བཅད་ཅིང་བཤིགས་ནོས་སུ།། ཞེས་བྱ་བ་ལ་སོགས་པ་ལ། རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་བགྲང་བར་ནུས་ཀྱང་སྲིད་ཀྱི་གང་ཏིང་ངེ་འཛིན་འདི་ཐོབ་པ་དག་མདོ་སྡེ་གང་དག ་སྟོན་པ་དེ་དག་ནི་བགྲང་བར་མི་ནུས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་བ་དང་འཇུག་པ་བགྲང་བར་ནི་ནུས་ཀྱང་སྲིད་ཀྱི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོབ་པའི་མདོ་སྡེ ་སྟོན་པ་ནི་ཤེས་པར་མི་ནུས་སོ།། ཞེས་བྱ་བས་ནི་སྤོབས་པ་དཔག་ཏུ་མེད་པར་བསྟན་པ་ཡིན་ནོ།། སངས་རྒྱས་ཀྱི་ཞིང་གང་གིའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་བགྲང་བར་ནུས་ཀྱང་སྲིད་། དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་བྱེ་མ་ནི་ཚད་གཞལ ་བར་ནུས་ཀྱང་སྲིད། དེ་བཞིན་དུ་སྐྲའི་ཚལ་པ་བརྒྱར་བཤགས་པའི་དུམ་བུའི་རྩེ་མོས་རྒྱ་མཚོ་ཆེན་པོའི་ཆུ་བླངས་པས་བགྲང་བར་ནུས་ཀྱང་སྲིད་ཀྱི། ཆོས་སླུ་བ་དེའི་དབྱངས་ཀྱི་ཡན་ལག་ནི་ཤེས་པར་མི་ནུས་སོ།། འདས་པའི་སེམས་ཅན་གང་དག་ཇི ་སྙེད་པ་དེ་ནི་བགྲང་བར་ནུས་ཀྱང་སྲིད་ཀྱི། ངེས་ཤེས་པའི་མདོ་སྡེ་ནི་ཤེས་པར་མི་ནུས་སོ་ཞེས་བྱ་བའོ།། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ཀྱི་ཚད་ནི་ཤེས་པར་ནུས་ཀྱི། གང་མདོ་སྡེ་འདི་འཆད་པ་དེའི་སྐད་དང་། སྒྲའི་མཐར་ཐུག་པ་ནི ་ཤེས་པར་མི་ནུས་སོ།། ཞེས་བྱ་བའོ།། བྱང་ཆུབ་སེམས་དཔའ་ཏིང་འཛིན་ཐོབ་པ་ནི་ངེས་པའི་ཚིག་དང་། བསྟན་པའི་དོན་མ་ལུས་པ་ལ་མཁས་ཤིང་གཏན་ལ་དབབ་པ་ལ་མཁས་པ་དང་། རྣམ་པར་དག་པའི་བློ་གྲོས་བསམ་གྱིས་མི་ཁྱབ ་པ་དང་། ཤིན་ཏུ་ཕྲ་བའི་དོན་ལ་ཡང་འཇོག་ཅིང་ཤེས་པ་དང་། བཟོད་མ་ནས་མ་སྐྱེས་པའི་ངོ་བོར་སྒྲ་རྣམས་རྣམ་པར་རིག་པར་དེ་ལ་ཡང་མངོན་པར་ཞེན་པ་མེད་པར་ཆོས་སྟོན་པར་བྱེད་དོ།། ཐོགས་མེད་དེ་ནི་ཆོས་སླར་བརྗོད་པ་སྟེ། འགྲོ། ་@བ་ཀུན་ལ་སྟོན་ཀྱང་ཆགས་མི་འགྱུར། ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སྐད་ཐམས་ཅད་ལེགས་པར་ངེས་པའི་བློ་དང་ལྡན་པའི་ཕྱིར་ཐམས་ཅད་ལ་མ་ཆགས་ཤིང་མངོན་པར་ཞེན་པ་མེད ་པར་ཆོས་ཀྱི་དེ་ཁོ་ན་ཉིད་དདུ་མ་བྲལ་བས་སེམས་ཀྱི་རྒྱུད་ཆོས་ཉིད་ལ་མི་གཡོའོ།། ཀུན་རྫོབ་ལ་ཞེན་པའི་སེམས་ཅན་རྣམས་ལ་ཡང་དེ་དང་དེ་ལྟ་བུའི་ཆོས་སྟོན་པར་བྱེད་དོ།། ཞེས་བྱ་བའོ།། དྲི་བ་ངེས་པར་བསྟན་པ་བརྒྱ་ལ ་མཁས། ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་དཔག་ཏུ་མེད་པས་རྒོལ་བ་ཡང་དཔག་ཏུ་མེད་པ་འབྱུང་ལ། དེ་དག་ལ་ལན་འདེབས་པ་ལ་མཁས་པ་ནི་མཁས་པ་ཉིད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་རྟོགས ་པས་ཆགས་པ་མེད་པ་སྟེ་ཀུན་ཏུ་མ་ཞེན་པའོ།། མདོ་སྡེ་གཅིག་གི་ཕྱོགས་ཀྱང་བྱེ་བ་སྙེད། ཅེས་བྱ་བ་ལ་སོགས་པ་ལ། གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་ལམ་ལ་དགོད་པའི་ཕྱིར་སྤོབས་པ་དཔག་ཏུ་མེད་པས ་བསྐལ་པ་དཔག་ཏུ་མེད་པར་སྟོན་པས་ན་ཆགས་པར་མི་འགྱུར་ཏེ། དམིགས་པ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། ཏིང་ངེ་འོཛིན་འདི་ལ་ལེགས་པར་གནས་པ། ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལ་ལེགས་པར་གནས ་པའི་བྱང་ཆུབ་སེམས་དཔའ་ནི་བྲག་གི་རང་བཞིན་གྱི་རི་རབ་བཞིན་དུ་ཕས་ཀྱི་རྒོལ་བའི་སྨྲ་བ་རྣམས་ཀྱིས་རབ་ཏུ་གཡོས་པར་མི་འགྱུར་རོ།། རྒོལ་བ་མ་ལུས་པ་ལ་དུས་གཅིག་ཏུ་ལན་བཏབ་པས། དེ་དག་ཐམས་ཅད་ཟིལ་གྱིས ་མནན་ནས་མི་སྨྲ་བར་སྡོད་པར་གྱུར་ནས་རླུང་གི་ཕྱོགས་ལ་འཇོག་པར་བྱེད་དོ་ཞེས་བྱ་བའོ།། སུ་དག་སྟོང་པ་ཉིད་ལ་རྟག་བརྩོན་པ།། སངས་རྒྱས་གནས་སུ་ངེས་པ་དེ་ཡིན་ཏེ།། ཞེས་བྱ་བ་ལ་སོགས་པ་ལྔ། སངས་རྒྱས་རྣམས ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་ལ་གནས་པའོ།། གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་ཤེས་པ་དེ་ནི་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱི་སྤྱོད་པར་ནུས་པ་མོ་ཡིན་ནོ།། དེའི་ཕྱིར་མི་འཁྲུགས་པ་དང་། མི ་སྤྱོད་པ་དང་། ཟིལ་གྱིས་མི་ནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་བསྒོམ་པའི་བདག་ཉིད་ཆེན་པོ་མཐུ་ཆེན་པོ་དང་ལྡན་པའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའོ།། དེ་ཡིས་སྟོང་ཉིད་རྟོགས་པར་ཁོང་དུ་ཆུད་ཅེས་བྱ ་པོ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་རྟོགས་པར་ཁོང་དུ་ཆུད་ན་ཆོས་ཐམས་ཅད་ལ་ནེམ་ནུར་དང་། ཐེ་ཚོམ་དང་། ཡིད་གཉིས་ཡོད་པར་མི་འགྱུར་རོ།། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། བྱང་ཆུབ་ཀྱི་ཡན་ལག ་བདུན་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་སོགས་པ་ནི་ཏིང་ངེ་འཛིན་ཐོབ་ན་ཐོབ་པར་འགྱུར་རོ་ཞེས་བྱ་བའོ།། སྟོབས་ལ་སོགས་པ་རྣམས་སྔར་བཤད་ཟིན་པས་ཡང ་བཤད་པར་མི་བྱའོ།། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་མཐོང་བ་དང་རྟག་ཏུ་མི་འབྲལ་བ་དང་། ཆོས་ཉན་པ་ལ་གཅིག་ཏུ་ཞེན་པའི་ཡེ་ཤེས་བླ་ན་མེད་པོ་དང་ཡང་དག་པར་ལྡན་པ་དང་། དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ ་དབང་ཐོབ་པ་དང་། དཔེ་མེད་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཆོ་ག་ཤེས་པ་ལ་མཁས་པ་དེའི་བསྟོད་ནམས་ཀྱི་མཐའ་ནི་ཤེས་པར་སྨྲ་བྱ་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར་ནོར་བུ་རིན་ཆེན ་ངག་གིས་གང་གྱུར་དང་། ཞེས་བྱ་བ་ལ་སོགས་པ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོག་གི་ས་གཞི་ནས་བཟུང་ནས་སྲིད་པའི་རྩེ་མོའི་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས་པ ་རྣམས་ལ་བསྐུལ་བ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པར་བྱེད་པ་དང་། གང་ཆོས་ཀྱི་བདགུ་ཉིད་ཅན་ཞིག་སྟོང་པ་ཉིད་ལ་དགའ་བས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བྱེད་ན་སྔ་མའི་བསོད་ནམས་ཀྱི་ཕུང་པོ་དེས་བྱེ་བའི ་ཆུཚུར་ཡང་མི་ཕོད་དོ་ཞེས་བྱ་བ་ནཱི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་རྒྱུ་ཆེན་པོ་ལ་འཇུག་པའི་རྒྱུ་ནི་ཏིང་ངེ་འཛིན་ནོ།། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ངེས་པར་བསྒྲུབ་པར་གྱུར་པའོ།། བསོད་ནམས་ཐམས་ཅད་ནི་འདིའི་རྒྱའི་ཆར་ཡང ་མི་འགྱུར་རོ།། ཞེས་བསྟན་པ་ཡིན་ནོ།། ཏིང་ངེ་འཛིན་དང་བྲལ་བའི་སྦྱིན་པས་ནི་མྱུར་དུ་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ནོ།། ཏིང་ངེ་འཛིན་ཉན་པ་དང་། སེམས་པ་དང་། བསྒོམ་པ་དང་ཡང་དག་པར་ལྡན་པས་ནི་མྱུར་དུ་ཐོབ་པར་འགྱུར་རོ། ་ཞེས་བྱ་བའོ།། གང་གི་འདི་ལྟ་བུའི་གཏེར་རྙེད་པ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཁྱབ་པར་ནོར་ཐམས་ཅད་ཀྱིས་ཡོངསུ་གང་བའི་གཏེང་རྙེད་ན་ཡང་དེ་ཕུལ་དུ་བྱུང་བའི་མཛོད་ཆེན་པོ་ཅན་ཞེས་མི་བྱའོ།། ཏིང ་ངེ་འཛིན་ཐོབ་པ་དེ་ནི་ཕུལ་དུ་གྱུར་པའི་མཛོད་ཐུལ་བར་དཀའ་བ་ཐོབ་པར་འགྱུར་རོ།། རྒྱལ་སྲིང་ཐོབ་པས་ཀྱང་དགའ་བར་མི་འགྱུར་ཏེ། ངོམས་པ་སྐྱེད་པ་མ་ཡིན་པའི་ཕྱིར་རོ།། ཇི་ལྟར་ཏིང་ངེ་འཛིན་ཐོབ་པར་གྱུར་ན་ནི་ཤིན་ཏུ་ཚིམ་པར ་འགྱུར་རོ།། དེ་དང་དེ་དག་སངས་རྒྱས་ཀུན་མཁྱེན་གྱི།། ཆོས་རྣམས་རྟག་ཏུ་འཛིན་པར་བྱེད་པ་ཡིན། ཞེས་བྱ་བ་ལ་སོགས་པ་ལ། གླང་ཆོས་ཐམས་ཅད་བསྡུས་པའི་ངོ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྱུམ་ཏིང་ངེ་འཛིན་གྱི་རྒྱལ་པོ ་སྒྲུབ་པས་འཛིན་པ་དེ་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པ་ཡིན་ནོ།། དེ་དག་ནི་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་རྒྱུ་གླུའི་དབྱངས་སྙན་པས་ཆོས་སྟོན་པ་ལ་མཁས་པ་ཡིན། ཚུལ་ཁྲིམས་ཀྱི་ནོར་ཅན་ཡིན། བསླབ ་པུས་ཕྱུག་པ་ཡིན། དོན་དམ་པའི་ཆོས་ལ་མངོན་པར་དགའ་བས་ངུར་སྨྲིག་དམར་པོའི་ཆོས་གོས་འཆང་བ་ཡིན། ཁམས་གསུམ་ནས་དྲིས་པར་འབྱུང་བའི་བསམ་པ་ཅན་ཡིན། རྟག་ཏུ་མཉམ་པར་བཞག་པ། ཤིན་ཏུ་དུལ་བ་གདུལ་དཀའ་བའི ་སེནཱ་ཐམས་ཅད་འདུལ་བར་བྱེད་བའོ།། ཤིན་ཏུ་བག་མེད་པ་རབ་ཏུ་གཉིད་ཀྱི་ལོག་པའི་སེམས་ཅན་གྱི་ཁམས་རྣམས་ཆོས་བསྟན་པའི་སྐུས་རབ་ཏུ་སད་པར་མཛད་ཟབ་མོའི་སྒྲས་རབ་ཏུ་སང་པར་བྱས་ནས་ཐེག་པ་གསུམ་ལ་རབ་ཏུ ་དགོད་པར་བྱེད་པའོ།། སེར་ན་མེད་པའི་སྦྱིན་བདག་ཆེན་པོའོ།། སེམས་ཅན་ཐམས་ཅད་ལ་བདེ་བ་དང་། ཡིད་བདེ་བ་སྐྱེད་པར་བྱེད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྦྱིན་པར་བྱེད་པའོ།། ཆོས་ཀྱི་རྔའི་སྒྲས་སེམས་ཅན་ཐམས་ཅད ་@#བསྡུས་ན་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གྱི་འཁྲི་ཤིང་རྒྱས་པར་གྱུར་པ་ཡེ་ཤེས་ཀྱི་རལ་གྲིས་གཅོད་པ་ལ་མཁས་པས་ཐེ་ཚོམ་ཐམས་ཅད་བཅད་ནས་ཐེ་ཚོམ་མེད་པའི་ཆོས་ཀྱི་དབྱིངས་ལ་རབ ་ཏུ་དགོད་པའི་ཕྱིར་ངེས་པར་འབྱུང་བའི་ཆོས་སྟོན་པར་བྱེད་པའོ།། ཆོས་ལ་གུས་པ་ཆོས་ལ་དགུའོ་བས་ཕྱིན་ཅི་ལོག་ལ་ཞུགས་པའི་སེམས་ཅན་རྣམས་འཁོར་བའི་འདམ་དུ་ཞུགས་པར་མཐོང་ནས་དེ་དག་ལ་སྙིང་རྗེ་ཆེན་པོའི་སེམས ་བསྐྱེད་ནས་འཕགས་པའི་ལཱམ་ཡན་ལག་བརྒྱད་པ་ཉེ་བར་སྟོན་པར་བྱེད་པའོ།། འཁོར་བའི་རྒྱ་མཚོ་ཆེན་པོར་འཁྱམས་པའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་ཆོས་ཀྱི་གྲུ་ལེགས་པར་སྦྱར་ནས་ཟག་གླན་བྱས་ཏེ། མདོ་སྡེ་སྣ་ཚོགས ་ཀྱི་སྐྲོད་པས་ཡང་དག་པར་བཅིངས་ནས་ཤེས་རབ་སྐྱ་བ་འཛིན་པས་ལེགས་པར་བཟུང་བ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་རླུང་གིས་བསྐྱོད་ནས་དེད་དཔོན་ཆེན་པོའི་མགོན་དང་བཅས་པས་མངོན་པར་འདོད ་པའི་ཕ་རོལ་གྱི་འགྲམ་ལྟ་བ་ཡེ་ཤེས་ཀྱི་ཚོགས་དང་། ལམ་གྱི་མཆོག་ལ་ཡང་དག་པར་ཞོན་ནས་མགོན་མེད་པའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་གྲི་དེར་བཅུ་གོ་ནས་གནོད་པ་ཐམས་ཅད་དང་བྲལ་བ་ཡོན་ཏན་ཐམས་ཅད་ཀྱི་འབྱུང ་གནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱེད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའོ།། དེ་ཉིད་ནི་སྨན་པའི ་རྒྱལ་པོ་བླ་ན་མེད་པའི་དབང་པོ། ཆོས་ཀྱི་སྨན་སྦྱིན་པས་ཐམས་ཅད་ཀྱི་ནང་གསོ་བར་བྱེད་པ་དེ་ནི་འཇིག་རྟེན་ལུས་འདས་པའི་རིགས་པས་རྒོལ་བ་རྣམས་ཕ་རོལ་ཏུ་སོང་བ། ཕས་ཀྱི་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་པ། རྒོལ་བའི་དབང་པོ ་རྒོལ་བའི་དབང་ཕྱུག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤེས་པས་དཔའ་བ་བདུད་ཀྱི་དགྲའི་སྟོབས་འཇོམས་པའོ།། སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། དཔུང་གཉེན་དང་། མགོན་དང་། གླིང་དང་། སྣང་བར་གྱུར་པའོ།། དམ་པའི་ཆོས ་ཉན་པ་དང་སེམས་པ་དང་། སྒོམས་པ་དང་། སྒོམ་པ་ཡོངས་སུ་སྐྱོ་བ་མེད་པའི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའི་སྒྲིབ་པ་མེད་པའི་ཆོས་སྟོན་པས་བསམ་པ་ཐམས་ཅད་ཡོངས་རྫོགས ་པར་བྱེད་པའོ།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་མཁས་པའོ།། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་ཤིང་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་རྫུ་འཕྲུལ ་སྣ་ཚོགས་ཡང་དག་པར་སྟོན་པས་སེམས་ཅན་རྣམས་འདུལ་བར་བྱེད་ཀྱང་སེམས་ཅནྡ་གྱི་འདུ་ཤེས་ཀྱང་སྐྱེད་པར་མི་འགྱུར་རོ།། ཡོངས་སུ་བརྟགས་པ་ཉེ་བར་བཟུང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད ་སངས་རྒྱས་སུ་གྱུར་ལ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཏིང་ངེ་འཛིན་གྱི་ཡོན་ཏན་མ་ལུས་པོ་བརྗོད་པར་བརྩམས་པ་དེ་དང་ལྡན་ཡང་ཡོན་ཏན་གྱི་མཐའ་ཤེས་པར་མི་འགྱུར་རོ་ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི། ་དཔག་ཏུ་མེད་པའོ་ཞེས་བསྟན་ཏོ།། ཏིང་འཛིན་རྒྱལ་པོ་ཡོན་ཏན་རྒྱ་མཚོ་ཡི།། ཡོན་ཏན་མ་ལུས་རབ་ཀྱི་མཐར་ཐུག་པ།། དཔག་མེང་སངས་རྒྱས་ཀྱིས་ཀྱང་བརྗོད་མི་སྤྱོད།། ཐམས་ཅད་མཁྱེན་པའི་བློ ་བཞིན་མཐའ་མི་ཤེས།། ཏིངེ་འཛིན་གྱི་ཡོན་ཏན་དང་། གཟུངས་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ། སུམ་ཅུ་རྩ་བདུན་པའི་འགྲེལ་པ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས། གཞན་དག་ལ ་ཡང་རྒྱ་ཆེར་རབ་ཏུ་བསྟན་པར་བྱ་ཞེས་བྱ་བའི་བར་དུ་ནི་བཤད་ཟིན་ཏོ།། དེས་བཟོད་པའི་སྟོབས་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི་འཆད་པར་འགྱུར་བ་མཚོན་པ་ཡིན་ནོ།། བསྟེན་པར་བྱ་བ་ནི་རྟག་ཏུ་གོམས་པའི་སྦྱོར་བས་སོ།། མང ་དུ་བྱ་བ་ནི་བསྟེན་པར་བྱ་བའོ།། ཆོས་དོན་དུ་གཉེར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་དོན་དུ་གཉེར་བ་ནི་ཆོས་མཉན་པའི་ཕྱིར་དགེ་བའི་བཤེས་གཉེན་ལ་བརྟེན་པའོ།། ཆོས་འདོད་པ་ནི་བསྒོམ་པ་ལ་མངོན་པར་བརྩོན་པར་གྱུར ་པའོ། ཆོས་ཡོངས་སུ་འཛིན་པའི་ཆོས་ཉིད་མངོན་སུམ་དུ་བྱེད་པའོ།། ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ནི་སངས་རྒྱས་མཆོད་པ་ལ་བརྩོན་པ་དང་ལྡན་པའོ།། དེ་ལྟར་རབ་ཏུ་ཞུགས་པས་གནས་གསུམ་ལ་བརྩོན་པར་བྱའོ།། ། ་གསུམ་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པོའི་ཚིག་ཡིན་ནོ།། ཉོན་མོངས་པ་ཟད་པ་ནི་བྱས་པ་དང་། མི་བྱས་པའི་སྡིག་པ་རྣམས་སྤོང་ཞིང་ཟང་བར་བྱེད་པའོ།། བསོད་ནམས་ཀྱི་དབང་དུ་གྱུར་པ་ནི་བསོད་ནམས་ཀྱི་སྟོབས་བདག་པོར ་གྱུར་པས་འཇུག་པའོ།། སངས་རྒྱས་ཀྱི་ཡེ་ཤེས་འདོད་པས་མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པ་རྣམས་བསྐྱེད་པར་བྱ་བའི་འཇིག་རྟེན་གྱི་བདེ་བ་ལ་རེག་པར་མི་བྱའོ།། དོན་དེ་དྲག་གསལ་བར་བསྟན་པའི་ཕྱིར་སྔོན་གྱི་སྦྱོར་བའི ་ཚིགས་སུ་བཅད་པའི་དབྱངས་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་འདུན་པར་བྱ་བའི་ཕྱིར། བསྐལ་པ་སྟོང་དུ་ཇི་ལྟར་ངས་སྤྱད་པ་ཞེས་བྱ་བ་ལ་སོགས་པ་ལ། མཉན་པར་གྱིས་ཞེས་བྱ་བ་ནི་རྣ་སྟོང་དུ་གཞུག་པའོ།། ཏིང་ངེ་འཛིན་འད་འཚོལ ་བའི་ཚེ་ངས་སྔོན་བསྐུལ་པ་སྟོང་ཕྲག་མང་པོར་སངས་རྒྱས་བརྒྱ་སྟོང་ཕྱུག་མང་པོ་ལ་མཆོད་པ་བྱས་སོ།། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་རྡུལ་གྱི་ཚོགས་པས་མང་བའི་སྐལ་པོ་ཡང་འདས་པ་ན་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང ་ཕྱུག་ཅེས་བྱ་བ་བྱུང་ངོ་།། དེ་བཞིན་གཤེགས་པ་དེའི་དགེ་སློང་གི་དགེ་འདུན་ནི་བྱེ་བ་སྟོང་ཕྲག་དྲུག་ཅུ་བྱུང་ངོ་།། དེའི་ཚེ་ས་ཆེན་པོ་འདི་ཡང་བདེ་ཞིང་ལོ་ལེགས་པ་ལ་སོགས་པའི་ཡོན་ཏནཱ་དང་ལྡན་པར་གྱུར་ཏོ།། དེ་ན་གནས་པའི་སེམས་ཅན ་ཐམས་ཅད་ཀྱང་བདེ་བ་དང་ལྡན་པར་གྱུར་ཏོ།། དེས་ཤིང་བརྟུལ་ཞུགས་བཟང་ལ་ཉོན་མོངས་ཆུང་ཞེས་བྱ་བ་ནི་བདེ་བ་ཐམས་ཅད་དང་ལྡན་དུ་ཟིན་ཀྱང་དེ་བཞིན་གཤེགས་པའི་བདག་པོའི་དབང་གི་ཉོན་མོངས་པ་དྲང་བྲལ་བར་གྱུར་ཅིང་ཚུལ ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པར་གྱུར་ཏོ།། དེའི་དུས་ནས་བདག་བྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེའི་དུས་ན་ས་ཆེན་པོའི་བདག་པའི་རྒྱལ་པོའི་སྲས་མེ་ཏོག་མཆོག་ཅེས་བྱ་བ་བྱུང་ངོ་།། དེའི་བུ་ཡང་ལྔ་བརྒྱ་ཡོད་དོ། ་གཟུགས་བཟང་ཞིང་བལྟ་ན་སྡུག་པ། སྐྱེས་བུའི་མཚན་ཐམས་ཅད་ཀྱིས་བརྒྱན་པའོ།། དེ་ནས་རྒྱལ་པོ་དེས་དེ་བཞིན་གཤེགས་པ་དེ་ལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པའི་སྐྱང་མོས ་ཚུལ་སྟོང་ཕྲག་བརྒྱ་སྙེད་ལོངས་སྤྱོད་དང་ཡོངས་སུ་སྤྱད་པའི་ཕྱིར་ཕུལ་ལོ།། འཆག་པ་ལ་སོགས་པའི་སར་ཡང་གོས་རྣམ་པ་སྣ་ཚོགས་བཏིང་ངོ་།། རྒྱལ་པོའི་བུ་དེ་ལས་ཀྱི་ལམ་དང་ཡང་དག་པར་ལྡན་པས་མེ་ཏོག་དང་། སོ་དང་། མར ་མེ་དང་། དྲི་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དང་རྣམ་པ་སྣ་ཚོགས་པ་དང་། སིལ་སྙུན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་པས་བཅོམ་ལྡན་འདས་དེ་ལ་མཆོད་པ་བྱས་ཏེ། ཐལ་མ ་སྦྱར་ནས་མདུན་དུ་འདུག་པར་གྱུར་ཏོ།། དེ་ནས་དགེ་སློང་རྣམས་དང་། ལྷ་ལ་སོགས་པ་ཡང་ཅི་ཞིག་སྟོན་པར་འགྱུར་སྙམ་པ་ལ། ཟབ་མོའི་ཆོས་སྟོན་པར་འགྱུར་རོ་སྙམ་ནས་དགའ་བར་གྱུར་ཏོ།། སའི་བདག་པོ་དེའི་བླ་ན་མེང་བའི་ལྷག་པའི ་བསམ་པ་མཁྱེན་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་སྟོན་པར་མཛད་དོ།། ཆོས་བསྟན་པའི་བྱིན་གྱིས་བརླབས་ཀྱིས་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། ན་མཁའི་དཀྱིལ་ནས ་ཀྱང་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་ཀྱི་ཆར་བབ་པར་གྱུར་ཏོ།། ས་ཆེན་པོ་འདི་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་པདྨའི་ཁྱད་པར་མང་པོ་བྱུང་བར་གྱུར་ཏོ།། དེ་ནས་དེའི་བསམ་པ་ལྷག་པར་བཟང་བའི་ངོ་བོ་ཐུགས་སུ་ཆུད་ནས་བླན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་འདི་ཡང་བཤད་དོ།། དེའི་དོན་ཚིག་རྣམས་ཏེ་དོན་དང་ཚིག་གི་དབྱེ་བ་རྣམས་ཕྱེ་ནས་དེའི་དོན་ཚིག་རྣམས་ཀྱང་མཉན་པར་གྱིས་ཞེས་བྱ་བ ་ལ་སོགས་པ་ལ། དོན་ནི་དོན་དམ་པའོ།། ཚིག་ནི་རབ་ཏུ་གནས་པ་སྟེ། མེ་གནས་པའི་མྱ་ངན་ལས་འདས་པའོ།། ཞེས་བསྟན་པར་བྱ་བའི་ཕྱིར། སྲིད་ཐམས་ཅད་སྲིད་པ་མེད་པ་སྟེ། ཀུན་བརྟགས་གསྲོག་དང་སྨིག་རྒྱུ་འདྲ་བ་ཡིན། ཞེས་བྱ་བ ་གསུངས་སྟེ། སྲིད་པ་ཐམས་ཅད་ཏེ་འབྱུང་བར་འགྱུར་བས་ནི་སྲིད་པའོ།། དེ་དག་འབྱུང་བར་འགྱུར་བ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རང་དང་གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལ་སྐྱེ་བ་མེད་པ་ཉིད་དོ།། དེ་ལ་བརྟགས་པའི་ངོ་བོས་མ ་སྐྱེས་པའོ།། བརྟགས་པ་ཡང་གཟུང་བ་དང་། འཛིན་པའི་རྣམ་པའོ།། གཞན་གྱི་དབང་གི་ངོ་བོས་ནི་ཡང་དོན་དམ་པའི་སྐྱེ་བ་ཡོད་དེ་ཞེས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་པ་རྣམས་ཟེར་རོ།། དོན་འདི་ཤེས་པར་བྱེད ་འདོད་པ་ནི། ཀུན་ཏུ་བརྟགས་པའི་ངོ་བོ་ཡིན།། ཆོས་རྣམས་ཐམས་ཅད་མ་སྐྱེས་པ།། གཞན་གྱི་དབང་ལ་བརྟེན་ནས་ནི།། མི་རྣམས་ཀྱི་ནི་རྣམ་རྟོག་སྐྱེ། ཞེས་གསུངསོ་ཞེས་ཟེར་ན། དི་ནི་མི་རིགས་ཏེ། གཞན་གྱི་དབང་ཡང་སྐྱེ་བ་མེད་པར་སྒྲུབ ་པར་བྱེད་པའི་མདོ་སྡེ་ཡོད་པའི་ཕྱིར་རོ།། དེ་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པའི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོས་ཆོས་ཐམས ་ཅད་རང་བཞིན་མེད་པ་དང་། མ་སྐྱེས་པ་མ་འགགས་པ། བཟོད་མ་ནས་ཞི་བ་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ཡིན་ནོ།། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད ་མེད་པ་གང་ཞེ་ན། གང་ཀུན་བརྟགས་ཀྱི་མཚན་ཉིད་གང་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མིང་བརྡས་རྣམ་པར་གཞག་པའི་མཚན་ཉིད་དེ་ནི་རིང་གི་མཚན་ཉིད་མ་ཡིན་ཏེ། ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པ་འདུས་བྱས་དང་། ་འདས་མ་བྱས་དང་། རླུང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བརྗོད་དོ།། དེ་ལ་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ནི་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དོ།། དེའི་ཕྱིར ་གང་གི་ཕྱིར་དེ་ནི་གཞན་གྱི་རྐྱེན་གྱིས་འབྱུང་བར་འགྱུར་གྱི། རང་གི་ངོ་བོས་ནི་མཱ་ཡིན་ནོ།། རང་གི་ངོ་བོར་མེད་པ་དེ་ནི་མ་སྐྱེས་པའོ།། མ་སྐྱེས་པ་ནི་རང་གི་ངོ་བོར་མེད་པའོ་ཞེས་བྱ་བས་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བརྗོད་དོ།། དོན ་དཔ་པའི་ངོ་བོ་ཉིད་མེད་པ་གང་ཡིན་ཞེ་ན། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དེ་ཉིད་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་བདག་མེད་པོ་གང་ཡིན་པ་དེ་ནི་དོན་དམ་པའི།། དེའི་ངོ ་ང་མེད་པ་ཞེས་བྱ་བ་གང་ཡིན་པ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཞེས་བྱ་བའོ།། དཔེར་ན་ན་མཁའ་ཇི་ལྟ་བུ་ནི་མཚན་ཉིད་མེད་པའོ།། སྒྱུམ་བྱས་པ་ཇི་ལྟ་བུ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད།། ཇི་ལྟར་ན་མཁའ་གཟུག་ཐམས་ཅད་ཀྱིས་སྟོང་པ་ཙམ་དང་། ཐམས་ཅད་དུ་འགྲོ་བ་ཡིན་པ ་དེ་བཞིན་དུ་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་བལྟ་སྟེ། ཆོས་བདག་མེད་པས་རབ་ཏུ་བསྒོམ་པའི་ཕྱིར་དང་། ཐམས་ཅད་དུ་འགྲོ་བའི་ཕྱིར་ཞེས་བྱའོ།། ལུང་འབའ་ཞིག་ཙམ་གྱིས་དེ་སྐད་སྨྲ་བ་མ་ཡིན་གྱི། རིགས་པས་ཀྱང་ཇི་ལྟར་སྐྱེ་བ་ཡང ་པ་ཡིན་པ་དེ་ལྟར་བསྒྲུབ་པར་བྱ་ཡིས་རྣ་གཏོང་ལ་ཤེས་རབ་ཀྱི་རྗེས་སུ་འབྲང་བ་རྣམས་ཉོན་ཅིག། འབྲས་བུ་འབྱུང་བ་ན་རྒྱུའི་ངོ་བོར་འབྱུང་ངམ། གཞན་ཞིག་འབྱུང་ངམ་རང་དང་གཞན་གཉིས་ལས་འབྱུང་ངམ། རྒྱུའི་བྱ་བ་ལ་མ་བལྟོས་པར ་སྐྱེ་བར་འགྱུར་རིམ། ཡོད་པ་འམ། མེད་པ་འམ། གཉི་གའི་ངོ་བོ་འམ། རྒྱུ་དུ་མ་ལས་འབྲས་བུ་གཅིག་གམ། དུ་མ་ཞིག་སྐྱེད་པ་འམ། ཡང་ན་དུམ་དུ་མ་སྐྱེད་པར་བྱེད། ཡང་ན་གཅིག་གིས་གཅིག་ལ་སྐྱེང་ལ། དུ་མ་ཡང་སྐྱེང་ངམ། རྒྱུ་ཞིག ་པོ་ལ་འབྲས་བུ་འབྱུང་བར་འགྱུར་རམ། ཡང་རྒྱུ་མ་ཞིག་པ་ལས་འབྲས་བུ་འབྱུང་བར་འགྱུར་ཞེས་བྱ་བའི་རྣམ་པར་རྟོག་པ་འབྱུང་བར་འགྱུར་ན་དེ་ལྟ་བུའི་ཕྱོགས་དེ་དག་ཐམས་ཅད་ཀྱང་རང་གི་ཕྱོགས་ལོ་གཅིག་ཏུ་ཆགས་པས་བསྒོས་པའི ་རྟོག་པས་སྙིང་པོ་མེད་པ་ལ་སྙིང་པོར་བརྟགས་པར་ཡང་དག་པར་མཚོན་པར་བྱའོ།། དེ་ལྟ་ན་ཡང་འབྲས་བུ་རྒྱུའི་རང་བཞིན་དུ་གྱུར་ན་འབྲས་བུ་ཡང་རྒྱུ་བཞིན་དུ་འགྲུབ་པའི་ཕྱིར་དེ་སྐྱེས་པ་མ་ཡིན་ཏེ། རྒྱུའི་རང་གི་ངོ་བོ་བཞིན་ནོ།། སྐྱེ ་བ་དང་བྲལ་བར་ཁྱོད་རང་འདོད་པས་འབྲས་བུའི་བདག་ཉིད་དུ་གྱུར་པའི་གཙོ་བོ་ནི་རྒྱུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་སོ།། དེ་ཡང་མ་སྐྱེས་པའི་ཕྱིར་བོང་བུའི་རྭ་བཞིན་དུ་རྒྱུ་ཉིད་དུ་མི་རིགས་སོ།། རང་དངོས་བཞིན་ཏུ་དེ་གཞན་མིན ་རྒྱུ་ནི་རྒྱུ་མ་ཡིན་པར་འགྱུར།། མ་སྐྱེས་ཉིད་ཕྱིར་གང་གི་ཅི།། རྒྱུ་མ་ཡིན་པ་རྒྱུར་འགྱུར་ཞེས་བྱ་བ་ཡིན་ནོ།། གཞན་དག་ཀྱང་གཉིས་པ་ལ་བལྟོས་པས་བརྗོད་པར་བྱ་བ་ཡིན། གཉིས་པ་ཡང་འབྲས་བུའི ་རྫས་ཡིན་ན་དེ་ཡང་རྒྱུ་ཡོད་པའི་དུས་ན་དེ་མེད་ལ་དེ་ཡོད་པའི་དུས་ནི་ནི་རྒྱུ་མེད་པ་དེ་ཅི་ལ་བལྟོས་ནས་གཞན་ཉིད་ཡང་དག་པར་ཁས་ལེན་པར་བྱེད། བ་ལང་གི་རྭ་ལ་བལྟོས་ནས་རྟའི་རྭ་གཞན་ཞེས་བརྗོད་པར་བྱ་བ་ནི་མི་ནུས་སོ།། མངོན ་པར་འདོད་པའི་རྒྱུས་མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པ་ཡང་གཞན་ཉིད་ཡིན་ཏེ། མི་མཐུན་པའི་དངོས་པོའི་དོན་བཞིན་ནོ།། འདོད་པའི་འབྲས་བུ་ཡང་འདོད་པའི་རྒྱུ་ལས་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དེ་ལས་གཞན་པ ་བཞིན་ནོ།། སྨྲས་པ། ངོ་བོ་ཉིད་ཀྱི་དངོས་མེད་ན། གང་ཕྱིར་གང་ལ་གཞན་ཞེས་བརྗོད།། བ་གླང་རཱ་དང་མི་ཡི་རུ།། རྟ་རུ་གཞན་ཞེས་བརྗོད་མི་ནུས།། གདྲ་ཡང་མིག་ལ་སོགས་པའི་རྐྱེན་མིག་གི་རྣམ་ཤེས་སྐྱེད་པ་ལ།། གཞན་དག ་ཡང་དགྲ་སྐྱེད་མིན་ཏེ།། གཞན་ཕྱིར་རེ་ལྕེ་ལ་སོགས་བཞིན།། འདོད་པའི་མིག་གི་བློ་ཡི་རྒྱུ།། མིག་བློར་མི་འདོད་གཞན་ཉིད་བཞིན།། སྡེ་ནས་ཡོད་པ་མ་ཡིན་ཕྱིར།། ཇི་ལྟར་བུམ་པ་གོས་སོགས་བཞིན།། གཉི་ག་ལ་སྐྱེ་བར་ཡང་མི་རིགས ་ཏེ། ཡོད་པ་དང་། མེད་པའི་ངོ་བོ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པས་ལྷན་ཅིག་མཉམ་དུ་གནས་པ་མི་སྲིད་དོ།། དེ་ཉིད་ཀྱིས་ན་བརྗོད་དུ་མེད་པའི་ཕྱོགས་ཀྱང་འཐད་པ་མ་ཡིན་ཏེ། བརྟགས་པ་མ་ཡིན་པའི ་རང་བཞིན་ལ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་རྣམ་པར་རྟོགས་པ་མ་སྤངས་པ་དང་། གང་ཡང་འདི་མ་ཡིན་ཞེས་བྱ་བར་གྱུར་པ་ན་དུ་ཡིན་ཞེས་བྱ་བར་འགྱུར་བས་གཅིག་སྤངས་པར་འགྱུར་བ་དེ་ནི་ཐ་དད་པ་ཞེས་བྱའོ།། དེ་སྤངས་པས་ནི་ཐ ་མི་དད་པར་འགྱུར་ཞེས་བྱ་བ་ཡིན་ནོ།། དངོས་པོ་རྣམས་ཀྱི་གནས་པ་གཞན་ཇི་ལྟ་བུ་ཞིག་གང་ན་ཡོད་པ་ཡིན། གང་རྒྱུ་མེད་པ་ལས་སྐྱེ་བ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་མེང་གཞན་ལ་མི་བལྟོས་ཕྱིར།། རྟག་ཏུ་ཡོད་པ་འམ་མེང་པར་འགྱུར། ་ཞེས་བྱ་བ་དང་། དེ་ལྟ་བས་ན། བདག་ལས་མ་ཡིན་གཞན་པས་མིན།། གཉི་ག་ལུས་མིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ན་ཡང་།། སྐྱེ་བ་ནམ་ཡང་ཡོད་མུ་ཡིན།། ཞེས་བྱ་བ་ལ། བདག་ལས་སྐྱེ་བར་ནི་གྲངས་ཅན་འདོང་ངོ་།། གཞ།། ་ལས་སྐྱེ་བར་ནི་བདེ་བར་གཤེགས་པ་པ་ཁ་ཅིག་དང་། བྱེ་བྲག་པ་ལ་སོགས་པའོ།། གཉི་ག་ལས་སྐྱེ་བར་ནི་སྤྱོད་པ་པ་དང་། ཕྱོགས་ཀྱི་གོས་ཅན་པ་ངག་འདོད་།། རྒྱུ་མང་པ་ལས་སྐྱེ་བར་རང་བཞི་ནི་རྒྱུར་སྨྲ་བ་འདོད་དོ།། ད་ནི་འབྲས ་བུའི་རང་གི་ངོ་བོ་དཔྱད་པར་བྱའོ།། ཡོད་པ་སྐྱེ་བ་ཡང་མ་ཡིན་ཏེ། ཡོངས་སུ་རྫོགས་པ་ལ་ཡང་སྐྱེ་བོའི་དོན་དགོས་པ་མ་ཡིན་ཏེ། ངེས་པར་གྲུབ་ཟིན་པའི་ངོ་བོ་བཞིན་ནོ།། གཞན་དུ་ཡོད་པ་དེ་ཡང་སྐྱེ་བར་འགྱུར་ན་ནི་སྐྱེས་ཟིན་པ་ཉིད ་ཡང་སྐྱེ་བར་འགྱུར་བའི་ཕྱིར་རོ།། མེད་པ་ལས་སྐྱེ་བར་རང་རིགས་པ་མ་ཡིན་ཏེ། ངེས་པར་བརྟགས་པས་ན་བོང་བུའི་རྭ་བཞིན་དུ་སྐྱེ་བ་འཇུག་པའི་སེམས་མེད་པའི་ཕྱིར་རོ།། གཞན་དུ་ན་མེད་པ་ཐམས་ཅད་གང་ཅི་ཡང་རུང་བ་ལས་སྐྱེ ་བར་འགྱུར་བས་དེས་ན་རྒྱུ་དང་འབྲས་བུ་ངེས་པ་མེད་པར་འགྱུར་རོ།། སོ་སོ་ངེས་པའི་ནུས་པ་ཡོད་པས་དེ་ལྟར་མ་ཡིན་ནོ།། ཞེས་པ་དེ་ནི་བདེན་ན་དངོས་པོའི་ནུས་པ་སོ་སོར་ངེས་པ་དེ་དག་ཀྱང་འགའ ་ཞིག་ལས་འགའ་ཞིག་འབྱུང་བར་འགྱུར་གྱི། ཐམས་ཅད་ནི་མ་ཡིན་པས་མེད་པ་དང་ཁྱད་པར་མེད་དོ་ཞེས་བྱ་བ་ཡིན་ནོ།། གང་གི་རྒྱུ་ནི་ཡོད་པ་ལས། འབྱུང་ཕྱིར་མེད་ལས་འབྱུང་ཕྱིར་མེད་ལས་འབྱུང་མ་ཡིན་ཞེས་པའོ།། གང་ཡང ་མེད་པའི་འབྲས་བུ་དང་རྒྱུ་རྐྱེན་ཕྲད་ཅིང་རེག་པས་དེའི་ཕྱིར་དེ་དག་ལས་སོ་སོར་ངེས་པའི་འབྲས་བུ་དང་འབྲེལ་པ་མེད་པས་འབྲས་བུ་གང་ལ་ནུས་པ་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བའོ།། དུས་དྲང་མཚམས་ངེས་པའི་ནུས་པ ་ཡོད་པ་མ་ཡིན་ནོ།། ཞེས་བྱ་བས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་པ་ནི་བཟློག་པར་དཀའ་བ་ཡིན་ནོ།། ཡོད་པ་དང་མེད་པའི་ཕྱོགས་གཉི་ག་ལ་བརྗོད་པའི་སྐྱོན་དང་ལྡན་པར་འགྱུར་བས་གཉི་ག་ལས་སྐྱེ་བ་ཡང་རིགས་པ ་མ་ཡིན་ནོ།། གཅིག་ལ་རང་བཞིན་གཉིས་ཡོད་པ་ནི་མི་སྲིད་བས་གཉི་ག་དང་གཅིག་ནི་ཕན་ཚུན་འགལ་བ་ཡིན་ནོ།། དེ་ཡང་ཡོད་ལས་མོ་ཡིན་མེང་ལས་མིན།། རྐྱེན་ནི་དོན་ལ་མི་རིགས་ཏེ།། མེད་ནའང་རྐྱེན་གྱིས་ཅི་ཞིག་བྱ།། ཡོད་ནཱ ་འང་རྐྱེན་གྱིས་ཅི་ཞིག་བྱ།། ཡོང་མིན་མེང་མི་གཉི་ག་ཡང་།། གང་ཚེ་ཆོས་ནི་འབྱུང་མིན་པ།། སྐྱིང་བྱེད་རྒྱུ་ནི་དེ་ལྟ་ན།། ཇི་ལྟ་བུར་ནི་རིགས་པ་ཡིན།། བསྡུས་པ་དང་ནི་སོ་སོ་ཡི།། རྐྱེན་ལ་ངོ་འབྲས་ཡོང་མ་ཡིན།། ཚུན་དག་ལ་ཡང ་ལྷུལྟར། གང་ཡང་རྐྱེན་ལ་དེ་ཡོད་མིན།། ཞེས་བསྟན་པ་ཡིན་ནོ།། གལ་ཏེ་རྒྱུ་མང་པོས་འབྲས་བུ་གཅིག་སྐྱེད་པར་བྱེད་ན་ཡང་། དེ་ལྟ་ནི་ངོ་བོ་ཐ་དད་པའི་རང་བཞིན་ཅན་རྒྱུ་རྣམས་འབྲས་བུའི་རང་བཞིན་གཅིག་པུ་ཞིག་འབྱུང་བ་ན་ལྷན་ཅིག ་བྱེད་པའི་རྒྱུས་འབྲས་བུ་གཅིག་སྐྱེད་པར་བྱེད་པ་ན་རྒྱུའི་དབྱེ་བས་འབྲས་བུའི་དབྱེ་བ་ཐོབ་པར་མི་འགྱུར་རོ།། དེ་ལྟ་བས་ན་དབྱེ་བ་མེད་པར་འགྱུར་ཏེ། རྒྱུ་ལ་དབྱེ་བ་ཡོད་ན་ཡང་འབྲས་བུའི་དབྱེ་བ་འཐོབ་པར་མི་འགྱུར་རོ།། གང་ཡང་དབྱེ་བ ་ཡོད་པ་ལས་དབྱེ་བ་འབྱུང་བར་འགྱུར་ན་ནི། དབྱེ་བ་མེད་པ་ལས་ཀྱང་དབྱེ་བ་མེད་པར་འབྱུང་བར་རིགས་ཏེ། མེད་ན་མི་འབྱུང་བར་ངེས་པའི་ཕྱིར་རོ།། འདིར་ནི་དེ་ལྟར་མི་འགྱུར་ཏེ། ཐ་དད་བ་དང་ཐ་དད་པ་མ་ཡིན་པའི་སྣ་ཚོགས་པ་རྣམ་རྒྱུ ་མེད་པར་འགྱུར་རོ།། དེ་མ་ཡིན་པའི་དངོས་པོ་གཞན་ནི་གང་ཡང་ཡོད་པ་མ་ཡིན་ནོ།། ཞེས་བྱ་བས་དངོས་པོ་ཐམས་ཅད་རང་དབང་དུ་འབྱུང་བར་ཐལ་བར་འགྱུར་རོ།། ཡང་གལ་ཏེ་རྒྱུའི་རང་བཞིན་ཐ་དད་པ་དག་ལས་འབྲས་བུའི་རང ་བཞིན་ཐ་དད་པ་འབྱུང་བར་འགྱུར་ཏེ། རྒྱུའི་བྱ་བ་མ་འདྲེས་པར་བསྒྲུབས་པའི་འབྲས་བུའི་ངོ་བོའི་ཁྱད་པར་དེ་ལྟ་བུར་འགྱུར་ཏེ། ཇི་ལྟར་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པའི་ཆོག་པ་ལས་རྣམ་པར་ཤེས་པ་འབྱུང་བ་ནི་ཡུལ་གྱི་རྣམ ་པ་སྐྱེད་པར་བྱེད་ཀྱི་དབང་པོས་ཀྱང་མ་ཡིན་ཡིད་ལ་བྱེད་ལས་ཀྱ་ད་མ་ཡིན་ནོ།། དབང་པོས་ནི་ཡུལ་སོ་སོར་ངེས་པར་འཛིན་ཏེ། གཞན་གྱིས་ནི་མ་ཡིན་ནོ།། དེ་བཞིན་དུ་དེ་ཡིད་ལ་བྱེད་པས་ནི་རྟགས་པའི་ངོ་བོར་འགྱུར་གྱིས་གཞན ་གྱིས་ནི་མ་ཡིན་ནོ།། རྒྱུར་བྱེད་པའི་ཁྱང་པར་ཐ་དད་དུ་སྦྱིན་ཀྱང་འབྲས་བུ་ད་ཐ་དང་བུར་མི་འབྱུར་ཏེ། དབྱེ་བ་མང་བའང་བ་ཡིན་པར་ཕྱིརརྱ་མ་ན། ད་ནི་གང་གི་མ་མིའི་གཟུང་ཁས་བླངས་ནས་གནས་པ ་རྣམས་དང་འདྲ་བས་ཇི་ལྟར་ན་འབྲས་བུའི་ངོ་བོ་གཅིག་པུ་ཐ་མི་དང་པ་ཁྱུང་བར་སྨྲ་རྨུགས་པར་འགྱུར་བ་ཡིན། སྣ་ཆགས་པ་དང་། གཅིག་ཉིད་ནི་ཕུན་ཚུན་འབུལ་བའི་ཕྱིར་རོ།། སུལ་གྱིས་རྣམ་པར་སྣང་བ་ཡང་རྣམ་པར་ཤེས་པ ་ཟི་མི་དད་ཕྱིས་ཡུལ་ལ་སོགས་པས་ཇི་ལྟར་བྱེད་པ་དེ་བཞིན་དུ་དེ་ལས་ཐུ་མི་ངང་པའི་ཡིད་ལ་བྱེད་པས་ཀྱང་དེ་དག་དང་འདྲ་བར་དེ་དང་ཐ་མི་དད་པའི་ཡིད་ལ་བྱེད་པའི་རྟོགས་པ་སྐྱེད་པར་བྱེད་དོ།། དེ་དག་ཀྱང་མ་འདྲེས་པར་གནས་པ་ཡིན་ནོ།། ། ་དེ་བས་ནི་སྐྱོན་འདི་ཡོད་ན་མི་རླུང་ངོ་།། ཞེས་འབྲས་བུ་ལས་ཐ་དད་པའི་བྱེ་བྲག་རྣམས་སུ་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་རྒྱུའི་བྱ་བའི་ཁྱད་པར་གྱི་སྦྱོར་བ་དང་ལྡན་པས་དེའི་འབྲས་བུ་རྒྱུ་མྱོང་པར་ཐལྟ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། འབྲས ་བུ་ལས་ནི་ཡིན་པ་ཡི།། ཁྱེད་ནི་ཁྱད་པར་འདོད་པར་བྱེད།། དབྱེ་བ་དེ་ནི་གཞན་མིན་ཏེ།། དེས་ནི་དབང་ཕྱུག་ཅི་ཞིག་བྱེད།། རྟོགས་པའི་དངོས་ལས་གཞན་མིན་ཕྱིར།། གཟུགས་ལས་དེ་ནི་བྱུང་མ་ཡིན།། རྣམ་པ་ལས་གཞན་མ་ཡིན་ན།། ་སོང་དེ་གཟུགས་ལས་འབྱུང་བར་འགྱུར།། འབྱུང་དང་འབྱུང་བ་མ་ཡིན་དང་།། སྐྱེད་དང་སྐྱེད་པ་མ་ཡིན་ཉིད།། གཅིག་ཉིད་ལ་ནི་དུས་གཅིག་ཏུ།། འབྱུང་བ་མི་འགལ་ཁྱོད་ཀྱིས་སྨྲས།། འོན་ཏེ་འདི་དག་གཞན་མིན་ཉིད།། རྣམ་པར ་བ་ཇི་ལྟར་རིགས།། སྨྲས་པའི་སྐྱོན་དུ་ཐལ་འགྱུར་བས།། གླང་ཆེན་གྱི་ནུ་ཁྲུས་དང་འདྲ་ཞེས་བྱ་བའོ།། གང་ཡང་རྒྱུ་གཅིག་གི་འབྲས་བུ་གཅིག་སྐྱེད་པར་བྱེད་དོ།། ཞེས་ཟེར་ན། དེ་ལྟར་ན་ནི་ཐམས་ཅད་ལོང་བ་དང་། འོན་པའི་སྐྱོན་དུ་ཐུལ ་པར་འགྱུར་ཏེ། མིག་ལ་སོགས་པ་རང་གི་རིགས་མཐུན་པར་སྐྱེད་པའི་སྐད་ཅིག་ལ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ལ། གང་གི་ཚེ་རྣམ་པར་ཤེས་པ་སྐྱེད་པའི་སྐད་ཅིག་ལ་རང་གི་རིགས་མཐུན་པ་མི་སྐྱེད་པས་སྐད་ཅིག ་གཉིས་པ་ལ་མིག་ལ་སོགས་པ་མེད་པས་དེ་ལོང་བ་ལ་སོགས་པར་ཐལ་བར་འགྱུར་བ་བཟློག་པར་དཀའོ།། དབང་ཕྱུག་ལ་སོགས་པ་བྱེད་པའི་རྒྱུ་གཅིག་གིས་འབྲོས་བུ་དུ་མ་ཉིད་སྐྱེད་པར་འདོད་པ་དེ་ཡང་ཚད་མོ་ཐམས་ཅད་ཀྱིས ་གནོད་པ་ཡིན་ཏེ་རྒྱུ་ཚོགས་པའི་རིམ་གྱིས་འབྲས་བུ་འབྱུང་བར་མཐོང་བའི་ཕྱིར་རོ།། གལ་ཏེ་རྒྱུ་ཞིག་པའི་རྗེས་ལ་འབྲས་བུ་འབྱུང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་རྒྱུ་མེད་པར་ཐལ་བར་འགྱུར་ཏེ་ཞིག་པ་ནི་ན་མཁའི་མེ་ཏོག་དང་འདྲ ་བ་ཡིན་པས་རྒྱུར་རུང་བ་མ་ཡིན་ནོ།། ཨཱ་ཞིག་པ་ལས་སྐྱེ་བར་འགྱུར་ཞེ་ན། དེ་ལྟར་ན་ཡང་རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་རོ།། བཾ་གླང་གི་རྭ་གཡས་གཡོན་བཞིན་དུ་དུས་གཅིག་ཏུ་བྱུང་བ་ལ་རྒྱུ་དང ་འབྲས་བུའི་ངོ་བོ་ཡོད་པ་མ་ཡིན་ནོ།། མེད་པའི་སྔོན་དུ་ནུས་མེད་ལ།། ནུས་པའི་དུས་སུ་འབྲས་བུ་འང་ཡོད།། རྒྱུ་དང་འབྲས་བུ་དུས་གཅིག་ཏུ།། འབྱུང་བ་གསལ་པོར་འགལ་བ་ཡིན།། ཞེས་བྱ་བ་ཡིན་ནོ།། ཡང་ན་སྐྱེས་པར་གྱུར་པའི ་རྗེས་སུ་ལ་ཕྱིས་འབྲས་བུ་དང་དུས་མཉམ་དུ་ཡང་དམིགས་པ་ཡིན་ནོ་ཞེས་འདོད་པས་དུས་མཉམ་པར་གནས་པ་མི་འགལ་ལོ་ཞེ་ན། དེ་ལྟ་ན་ནི་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་གསུངས་པས་སྐད ་ཅིག་མས་གནོད་པས་ཤིན་ཏུ་ཡང་འབྲས་བུས་སྐྱེད་པར་རིགས་པ་ཡིན་ནོ།། འོན་ཏེ་རྒྱུ་འགག་པར་འགྱུར་བའི་དུས་སུ་འབྲས་བུ་སྐྱེ་བར་འགྱུར་བ་ལ་སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་ན་དེ་ལ་ཡང་བརྗོད་པར་བྱ་སྟེ། ་རྒྱའི་འཇིག་པུ་ཞེས་བྱ་བ་གང་ཡིན་ཅིའི་རྒྱུའི་ངོ་བོ་ཉིད་ཡིན་ནམ། སྐད་ཅིག་ལས་མི་གནས་པའི་ཆོས་ཞིག་པ་ཡིན་ཞེས་བྱ་བ་ཡིན་ནམ། ཡང་ན་རྒྱུ་ཐམས་ཅད་དུ་དམིགས་པར་མ་གྱུར་པ་ཡིན་ནམ། དེ་ལྟ་ན་ཅི་ཉེས་ཞེ་ན། རྒྱུའི་ངོ་བོ ་ཉིད་ཡིན་ན་ནི་དེ་ལྟར་ན་ཡང་རྒྱུ་དང་འབྲས་བུ་དུས་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ།། འོན་ཏེ་རྒྱུ་ཞིག་པ་ཉིད་ཡིན་ནོ་ཞེ་ན། འབྲས་བུ་དང་དུས་མཉམ་པ་ཉིད་ག་ལ་ཡོད།། ཡང་དངོས་པོ་མེད་པ་ཞེས་བྱ་བར་རེས་འགའ་བ་ཡིན་ནོ་ཞེ་ན། ་དེ་ཡང་རིག་པ་མ་ཡིན་ཏེ། རེས་འགའ་བ་ཉིད་དུ་གྱུར་པ་ནི་རྒྱུ་དང་བཅས་པ་ཉིད་དང་། རྫས་ཉིད་དུ་ཐལ་བར་འགྱུར་ཏེ། རྣམ་པར་ཤེས་པ་བཞིན་ནོ།། ཡང་སྨྲས་པ། རེ་ཞིག་ཉམས་པའི་རྒྱུ་ལས་ཀྱང་།། འབྲས་བུ་འབྱུང་བར་མི་རིགས་ལ། ་མ་ཉམས་ལས་མིན་རྨི་ལམ་དང་།། འདྲ་བར་ཁྱོད་ཀྱི་འབྱུང་བར་འདོད།། མ་ཞིག་པ་ལས་འབྲས་སྐྱེ་ན།། དེ་ཚེ་འབྲས་བུ་ཅི་སྟེ་མེད།། ཞིག་པར་གྱུར་ལས་འབྲས་སྐྱེ་ན།། དེ་ཚེ་འབྲས་དེ་གང་ལས་བྱུང་།། ཞེས་བྱ་བ་ཡིན་ནོ།། དེ་ལྟ ་བས་ན་དངོས་པོའི་དོན་རྣམས་ཀྱི་སྐྱེ་བ་བརྟགས་པ་ཇི་ལྟ་ཇི་ལྟར་དཔྱད་པ་བྱས་པ་དེ་ལྟ་དེ་ལྟར་རིགས་པ་བཟོད་པ་མ་ཡིན་ནོ།། དེའི་ཕྱིར་རྒྱུ་དང་བཅས་པའི་སྲིད་པ་རྣམས་སྙིང་པོ་མེད་པ། དངོས་པོ་མེད་པ། མ་སྐྱེས་པ་ཡིན་ན་སྐྱེ་བ་ལ ་སྩོགས་པའི་ཐ་སྙད་ཇི་ལྟར་རུང་ཞེ་ན། སྨྲས་པ། ཀུན་བརྟགས་ཏེ་མཽ་བདེན་པའི་ཀུན་ཏུ་བརྟགས་པ་ཙམ་སྟེ། དངོས་པོ་རྣམས་བརྟགས་པ་ཙམ་དུ་བྱུང་བའོ།། དེའི་ཕྱིར་གསོག་དང་སྨིག་རྒྱུ་འདྲ་བ་ཡིན་ཞེས་བྱ་བ་གསུངས་ཏེ། གསོག་ནི ་སྨིག་རྒྱུ་ལ་ཆུ་ཡོད་པ་མ་ཡིན་པའོ།། དེ་དང་འདྲ་བའི་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། སྒྱུ་མ་སྟེ་སྤྲུལ་པ་དང་། ན་མཁའི་མེ་ཏོག་གི་དྲི་དང་འདྲ་བ་མ་ཡིན་ནོ།། གློག་དང་སྦྱིན་འདྲི་སྟེ། གཡོ་བ ་དིང་། སྟོང་པ་ཉིད་དེ། དེ་དག་ཇི་ལྟ་བ་བཞིན་དུ་བརྟགས་པ་ན་ཡང་གཡོ་བ་དང་། གློག་ལྟར་སྐད་ཅིག་མའི་རང་བཞིན་དང་། སྤྲིན་བཞིན་དུ་ཡོངས་སུ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པའོ།། གང་ཟག་ལ་བདག་མེད་པར་བསྟེན་པའི་སྒོ ་ནས་སྐྱེ་བ་མེད་པར་སྒྲུབ་པས་ཆོས་ལ་བདག་མེད་པ་ཡང་བསྒྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་དང་སེམས་ཅན་སྲོག་ཀུན་མེད། ཅེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེང་པ་དང་། སེམས་ཅན་མེད་པ་དང་། སྲོག ་མེད་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་བདག་ལ་སོགས་པ་རྫས་སུ་གྱུར་པ་རྣམས་ཡོད་དེ། རིགས་པ་དང་། བྱེ་བྲག་པ་དང་། སྐྱེད་པ་པ་དང་། གྲངས་ཅན་ལ་སོགས་པའི་བར་དང་། ཕྱོགས་ཀྱི་གོས་ཅན་ལ་སོགས་པ་རྣམས་ཡོད་པ་མ ་ཡིན་པའི་བདག་ལ་སོགས་པ་ཁས་བླངས་ནས་དེ་བསྒྲུབ་པའི་ཕྱིར་རིགས་པ་སྨྲ་བ་རྩོམ་པར་བྱེད་དོ།། དེ་དག་ལས་རིགས་པ་སྨྲ་བ་བས་སྨྲས་པ། གང་ཡང་བདག་མེད་ན་ལས་དང་འབྲས་བུ་དག་དང་། ་བྱེད་པ་པོ་དང་། སྤྱོད་པའི་རྣམ་པར་གཞུག་པ་རྙེད་པར་མི་འགྱུར་ཏེ། བྱེད་པ་པོ་ག་ཅིག་ཉིད་མེད་ན་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་ཐལ་བར་འགྱུར་རོ།། དེ་དག་གི་ཡོད་པ་ཉིད་དང་། རྟག་པ་ཉིད་དང་། ཁྱབ་པ ་ཉིད་དང་། བྱེད་པ་པོ་ཉིད་དང་། སྤྱོད་པ་པོ་ཉིད་སྒྲུབ་པར་བྱེད་པའི་ཚད་མ་བརྗོད་པར་བྱེད་དོ།། ཡོང་པོ་ཉིད་ནི་རེ་ཞིག་ལེགས་ལྡན་བྱེད་ཚང་མ་འགོད་པ་ནི་ཡོད་པ་ལ་སོགས་པ་དྲུག་པོའི་ཁྱད་པར་ཡུལ་དུ་གྱུར་པ་དང་། ཡུལ་དུ་གྱུར་པ ་མ་ཡིན་པ་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་པ་དང་། སྒྲ་ལས་བྱུང་བ་དང་། དྲན་པ་དང་། སོ་སོར་ཤེས་པ་དང་། གྲུབ་པའི་ལྟ་བ་དང་། གྲུབ་པའི་ཤེས་པ་དང་། ཡིད་གཉིས་དང་། ཕྱིན་ཅི་ལོག་དང་། སོ་སོར་མ་བརྟག ་པ་དང་། རྨི་ལམ་དང་། རྨི་ལམ་གྱི་རྨི་ལམ་སྟེ། བདག་གི་ཤེས་པའི་ཁྱད་པར་རྣམས་ཀྱིས་ལུས་ལ་ཐ་དད་པའི་རིགས་པར་འགྱུར་ཏེ། རང་གི་རྒྱུ་ལས་བྱུང་བའི་སྐྱེ་བ་ཡིན་པའི་ཕྱིར། སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ།། ཆོས་མི ་མཐུན་པ་ནི་ཞིག་པའི་བུམ་པ་ལ་སོགས་བཞིན་ནོ།། དེ་ལ་ཡོད་པ་ལ་སོགས་པ་ཁྱད་པར་དྲུག་སྟེ། ཡོད་པ་དང་། མི་རྟག་པ་དང་། རྫས་དང་ལྡན་པ་དང་། འབྲས་བུ་དང་། རྒྱུ་དང་། སྐྱོའི་ཁྱད་པར་ཞེས་བྱ་བ་ལས་དྲུག་པོ་དེ་དག་གི ་ཡུལ་ལས་རྫས་དང་། ཡོན་ཏན?་དང་། ལས་རྣམས་ནི་ཡུལ་དུ་གྱུར་པའོ།། ཡུལ་དུ་མ་གྱུར་པ་ནི་སྤྱི་དང་། ཁྱད་པར་དང་འདུ་བའོ།། འདི་དག་གཉི་གང་ཤེས་བྱ་སྟེ་ཡུལ་ལོ།། གང་དག་མངོན་གསུམ་ལ་སོགས་པ་ལ་དེ་སྐད་ཅེས་བྱའོ།། གྲུབ ་བའི་ལྟེ་བ་ནི་རྩིས་ཀྱི་བསྟན་བཅོས་དང་འབྲེལ་པ་སྟེ། གྲུབ་པ་རྣམས་ཀྱི་ལྟ་བ་ཡིན་པ་འམ། གྲུབ་པར་བྱེད་པའི་ལྟ་བ་ཡིན་པས་གྲུབ་པའི་ལྟ་བ་ཞེས་བྱའོ།། སྤོབས་པའི་ཤེས་པ་ནི་གྲུབ་པའི་ཤེས་པ་ཞེས་བྱ་སྟེ། སང་ངའི་ཕུ་བོ་འོང་ངོ་ཞེས ་བྱ་བ་ལྟ་བུའོ།། ཡང་ན་ནི་དྲང་སྲོང་རྣམས་ཀྱི་ཤེས་པ་ཡིན་པས་གྲུབ་པའི་ཤེས་པ་ཞེས་བྱའོ།། ཡིད་གཉིས་ནི་ཐེ་ཚོམ་མོ་ཕྱིནི་ཅི་ལོག་ནི་ཕྱིན་ཅི་ལོག་ཏུ་གྱུར་པའོ།། རྨི་ལམ་ནི་དང་པོའི་རྨི་ལམ་གྱི་གནས་སྐབས་ཀྱི་རྐྱེན་གྱི་རྨི་ལམ་མོ།། རྨི་ལམ ་གྱི་རྨི་ལམ་ནི་རྨི་ལམ་གྱི་ནང་དུ་རྨི་ལམ་གཞན་བྱུང་བའོ།། འདི་དག་བུད་མེང་རྣམས་དང་། དམང་རིགས་རྣམས་ངོ་མཚར་བསྐྱེད་པའི་ཕྱིར་རྣལ་མ་དུག་པས་བསྟན་པ་ཡིན་ནོ།། སྣང་བར་བྱེད་པ་བས་ཚང་མ་འགྲོང་པ་ནི་ལྷས་སྦྱིན་ངས་ཡིད་ཆེས ་པས་རབ་ཏུ་སྦྱོར་བར་བྱེང་དེ། གཟུགས་དང་། རོ་དང་། དྲི་དང་། རེག་པའི་རྐྱེན་གཅིག་པུ་དང་། དུ་མའི་མཚན་མ་ཅན་ཡུལ་ཚོགས་ཀྱི་རྐྱེན་དེ་དག་ཉིད་ལ་མཚན་མ་གཅིག་དང་རབ་ཏུ་སྦྱོར་བའི་མཚན་མ་གཅིག་པུ་གང་ཡིན་པ་དེ་ནི་བདག ་ཅེས་བྱའོ།། བདག་ཅེས་བྱ་བའི་ཚིག་ནི་ལུས་དང་། དབང་པོ་དང་། ཡིད་དང་། བློ་དང་། ཚོར་བ་ལ་སོགས་པ་བསྡུས་པ་ལས་ཐ་དད་དུ་གྱུར་པའི་ཡུལ་ཏེ། སྒྲ་གཅིག་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ།། དེ་བཞིན་དུ་འཚོ་བ་དང ་བཅས་པའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་དང་བྲལ་བར་ཐལ་བར་འགྱུར་བའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའོ།། དེ་ལྟར་ཡོད་པར་སྨྲ་བའི་ཚད་མ་བརྗོད་ནས་རྣལ་མ་ཕུག་པས་རྟག་པ་ཉིད ་དང་། ཁྱབ་པ་ཉིད་ཀྱི་ཚད་མ་བརྗོད་པའི་ཕྱིར་སྨྲས་པ། ངའི་དང་པོ་མའི་མངལ་ནས་བྱུང་མ་ཐག་པའི་ཡུལ་རིག་པའི་ཤེས་པ་དེ་ཉིད་ཕྱི་དུས་ཐ་མའི་ཡུལ་རིག་པའི་ཤེས་པ་ཡང་དེ་ཉིད་ཡིན་ཏེ། རང་གི་ཤེས་པ་ཡིན་པའི་ཕྱིར་དང་པོའི་རང་གི་ཤེས ་པ་བཞིན་ནོ་ཞེས་ཟེར་རོ།། ཁྱབ་པའི་མཚན་མ་ཡང་དེ་ཉིད་ཡིན་ཏེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ཡིད་ཅེས་བྱ་བ་རྣམས་ནི་རྩོད་པའི་ཡུལ་དུ་གྱུར་པ་ཡིན་ཏེ། རིང་དུ་གྱུར་པ་ན་གནས་ན་ཡང་ང་ཡི་དགས་དང་འབྲེལ་པ་ཡིན་ཏེ། ཐོགས་པ ་དང་བཅས་པ་ཉིད་དང་། ཤུགས་དང་བཅས་པ་ཉིད་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། ཕན་ཚུནྡ་ཡང་དག་པར་སྦྱོར་བའི་རྣམ་པར་དབྱེ་བ་ཉིད་ཀྱི་ཕྱིར་བདག་ཉིད་ཀྱི་ལ་སོགས་པ་བཞིན་ཞེས་བྱ་བའོ།། དེ་དག་གིས་ནི་ཡོད་པ་ཉིད ་དང་། རྟག་པ་ཉིད་དང་། ཁྱབ་པ་ཉིད་དུ་བསྒྲུབས་པ་ཡིན་ནོ།། གལ་ཏེ་དེ་ལྟར་རྟག་པ་ཉིད་དང་། ཁྱབ་པ་ཉིད་ཡིན་ན་ཡུང་བྱེད་པ་པོ་ཉིད་དང་། སྤྱོད་བྱ་པ་ཉིད་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། སྲོག་དང་། གསོད་པ་ལ་སྩོགས་པ ་འགལ་བར་མི་འགྱུར་རོ།། དེ་ལྟར་ན་ཡང་ཤེས་པ་དང་བྱེད་པར་འདོད་པ་དང་། འབད་པ་རྣམས་བདག་དེ་ལ་མཉམ་དུ་ཚོགས་པ་ནི་བྱེད་པོ་པ་ཞེས་བྱའོ།། བདེ་བ་དང་། སྡུག་བསྔལ་ཡང་དག་པར་རིག་པ་མཉམ་དུ་ཚོགས་པ་ནི་སྤྱོད་པ་པོ་ཞེས། ་བྱའོ།། དེ་ཡང་བདེ་བ་དང་། སྡུག་བསྔལ་གྱི་རྐྱེན་ནི་ལོངས་སྤྱོང་ངོ་།། དེ་བདག་ཉིད་ལ་མཉམ་དུ་ཚོགས་པ་ནི་སྤྱོད་པ་པོ་ཉིད་དོ།། སྐྱེ་བ་ནི་ལུས་དང་། དབང་པོ་དང་། བློ་དང་ཚོར་བ་ལ་སོགས་པ་རིགས་རྣམ་པར་དྲག་པ་རྣམས་སུ་སྔོན་མ་ཐོབ་པར ་མངོན་པར་སྦྱོར་བའོ།། སྔོན་གྱི་དེ་དང་འབྲལ་བ་ནི་འཆི་བའོ།། ལུས་དང་བཅས་པའི་བདག་དང་། ཡིད་སྦྱོར་བ་ཆོས་དང་ཆོས་མ་ཡིན་པ་ལ་བལྟོས་པ་ནི་སྲོག་ཅེས་བྱ་བའོ།། དགོས་པའི་རྟེན་དང་བྱེད་པའི་རྒྱུན་ལ་གནོད་པ་བྱེད་པའི ་རྒྱུན་ལ་གནོད་པ་བྱེད་པ་ནི་གསོད་པ་ཞེས་བྱའོ།། དེའི་དོན་ནི་འདི་ཡིན་ཏེ། སེམས་ཅན་འཆི་བ་མེད་པའི་ཆོས་ཅན་ལ་བདེན་པ་ལ་སོགས་པ་ཡང་དག་པར་མྱོང་བའི་ཚོར་བ་འབྲས་བུའི་རྟེན་ལུས་དྲང་། ཡུལ་ཉེ་བར་དམིགས་པའི་བྱེད ་པ་པོ་དབང་པོ་རྣམས་ཀྱི་རྒྱུན་གཅོད་པ་ལ་གསོད་པ་ཞེས་རྣམ་པར་འཇོག་པར་བྱེད་དོ།། དེ་དག་ལ་ལན་གདབ་པར་བྱའོ།། གང་རྟགས་པ་ལ་སོགས་པའི་སྦྱོར་བས་ཚིག་གི་དོན་དྲུག་གི་ཡུལ་ཉིད་ལ་མངོན་སུམ་ལ་སོགས་པ་གསུངས ་པ་དེ་མ་གྲུབ་པ་ཡིན་ཏེ། མངོན་སུམ་གྱི་རྫས་དང་། ཡོན་ཏན་དང་། ལས་དང་། སྠི་དང་། ཁྱད་པར་དང་། འདུ་བ་རྣམས་མི་འཛིན་པའི་ཕྱིར་རོ།། མཱི་འཛིན་པ་ཡང་མིག་ལ་སོགས་པ་ནི་ཡུལ་སོ་སོར་ངེས་པའི་ཕྱིར་རོ།། དེ་ཡང་མིག་གི ་གཟུགས་ཉིད་འཛིན་གྱི་རོ་ལ་སོགས་པ་ནི་མེ་ཡིན་ཏེ། དབང་པོ་ལྷག་མ་རྣམས་དོན་མེད་པར་འགྱུར་བའི་ཕྱིར་རོ།། དེ་བཞིན་དུ་རྣ་བས་སྒྲ་ཉིད་འཛིན་གྱིས་གཟུགས་ལ་སོགས་པ་ནི་མ་ཡིན་ནོ།། དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་རང ་གི་ཡུལ་འཛིན་པར་ངེས་པ་ཡིན་ནོ།། གང་གཟུགས་ལ་སོགས་པ་དེ་དག་ལ་ཐ་དད་པའི་རྫས་ལ་སོགས་པ་བཟུང་པར་འགྱུར། གལ་ཏེ་རྗེས་སུ་དཔག་པས་བསྒྲུབ་པར་བྱའོ་ཞེས་ཟེར་ན། དེ་ལྟ་ན ་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཡིན་པས་དེ་མེད་པར་ཇི་ལྟར་འཇུག་པར་སྤྲོ་བར་བྱེད། བདག་གི་ཤེས་པའི་ཁྱད་པར་རྣམས་ཀྱིས་ལུས་ལས་ཐ་དད་པའི་རིག་པར་བྱ་བ་རིག་པར་འགྱུར་ཏེ། ཞེས་བྱ་བ་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། ཁྱོད ་ཀྱི་ཡུལ་ལས་ཐ་དད་པའི་ཐམས་ཅད་མཁྱེན་པ་དང་། འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པས་རིག་པའི་ཕྱིར་རོ།། གང་ཡང་སྐྱེས་བུ་གཞན་གྱི་ཤེས་པ་བཞིནོ་ཞེས་ཆོས་མཐུན་པའི་དཔེར་བསྟན་པ་དེ་ཡང་བསྒྲུབ་བྱས་སྟོངས་པ ་ཡིན་ནོ།། རྣམ་པར་ཤེས་པ་ཐམས་ཅད་རང་རིག་པའི་བདག་ཉིད་ཅན་ཉིད་དོ།། ཤེས་པ་གཞན་གྱི་རིག་པར་འདོད་པའི་ཕྱོགས་ལྷོར་ན་ཐུགས་པ་མེང་པར་ཐལ་བར་འགྱུར་བ་སྒྲུབ་པ་མེད་པའི་སྐྱོན་དུ་འགྱུར་རོ།། གང་དག་མ་ལུས ་པ་འདི་དག་ནི་རྣམ་པར་ཤེས་པ་ཉིད་དོ།། རང་རིག་པའི་མཐར་ཐུག་པའི་ཕྱིར། དེ་ལས་གཞན་དག་ཡོད་པ་མ་ཡིན་ནོ།། ཞེས་བྱ་བའི་ལྟ་བ་ལྟར་ན་ནི་གསལ་བ་པོ་ཉིད་དུ་གྲུབ་པ་སྒྲུབ་པའི་སྐྱོན་དུ་འགྱུར་བའོ།། དེ་བཞིན་དུ་གཞན ་དག་ལ་ཡང་གཏན་ཚིགས་ཀྱི་གཞན་དབང་དུ་གྱུར་པའི་སྐྱེ་བ་དང་ལྡན་པ་ལ་གྲུབ་པ་སྒྲུབ་པའི་སྐྱོན་བརྗོད་པར་བྱའོ།། གང་ཡང་སྣང་བར་བྱེད་པས་སྨྲས་པའི་ལྷས་བྱིན་གཟུགས་ལ་སོགས་པ་དང་། སོ་སོར་སྦྱོར་བའི་ཤེས་པས་བདག ་གིས་མཐོང་ངོ་།། བདག་གིས་ཐོས་སོ།། ཞེས་བྱ་བས་བྱེད་པ་པོ་གཅིག་ཉིད་གློ་བར་བྱེད་པ་ཡིན་པས་གང་དང་སོ་སོར་སྦྱོར་བ་དེ་ཉིད་བདག་ཡིན་ནོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། རྟག་པ་དང་། ཐམས་ཅད་དུ་གཏོགས་པ ་དང་། གཅིག་པུ་ཉིད་དེ་ལྟ་བུ་དང་། སོ་སོར་སྦྱོར་བས་མི་མཐོང་བའི་ཕྱིར་མི་སྲིད་པ་ཉིད་དོ།། རྟག་པ་དང་། རྟག་པ་ཐམས་ཅད་དུ་གཏོགས་པ་དང་། བྱེད་པ་པོ་དང་། སྤྱོད་པ་པོ་དང་། རྗེས་སུ་སྦྱོར་བ་ཉིད་ལ་སོགས་རྗེས་སུ ་འགྲོ་བ་དང་། མེད་ན་མི་འབྱུང་བ་མེད་པའི་ཕྱིར་མོ་བཤམ་གྱི་བུ་བཞིན་དུ་བརྟགས་པ་ཙམ་མོ།། དེ་ལྟ་ན་གླང་དང་སོ་སོར་སྦྱོར་བར་བྱེད་ཅེ་ན། སེམས་སྐད་ཅིག་པ་ཉིད་ལོ་ཐོག་མ་མེད་པའི་དུས་ཀྱིས་མ་རིག་པུས་གཅིག་པ་ཉིད ་དུ་སྒྲོ་བཏགས་ནས་སོ་སོར་སྦྱར་བའི་རྣམ་པར་འཁྲུལྔ་པས་དངོས་པོ་དང་མ་རེག་པ་ནི་དངོས་པོའི་དེ་ཁོ་ན་ཉིད་དང་སོ་སོར་མཱི་སྦྱོར་བའོ།། དེ་ལྟ་བས་ན་བདག་ཡོད་པར་རྟོག་པ་ནི་ཤིན་ཏུ་སྡིག་པ་ཅན་ཡིན་ནོ།། ཚིག་གཅིག་པ་ཉིད ་ཀྱིས་ཞེས་བྱ་བའི་བསྒྲུབ་པར་བྱེད་པ་ཡང་བདག་གིས་མི་མཐུན་པའི་ཕྱོགས་སྒྲུབ་པར་བྱེད་པ་ཡིན་ཏེ། ཚིག་གི་བརྗོད་བྱ་ནི་སྤྱི་ཡི་ན་ལ། བདག་ནི་སྤྱི་མ་ཡིན་པས་སོ།། གཞན་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་ཚིག་གི་ཡུལ་ནི་མེད་པའོ། ་དེས་ནི་བདག་ནི་མ་ཡིན་ནོ་ཞེས་སྒྲུབ་པར་འགྱུར་རོ།། གང་ཡང་སྲོག་དང་བཅས་པའི་ལུས་འདི་མི་བདག་མེད་པ་མ་ཡིན་ཏེ། སྲོག་ལ་སོགས་པ་མེད་པ་ལྟར་ཐལ་བར་འགྱུར་བའི་ཕྱིར་ཤིན་ཏུ་ཡང་འབྲེལ་པ་མེད་པ་ཡིན་ཏེ། སྲོག་ལ་སོགས ་བ་དང་བདག་ལ་འབྲེལ་པ་གྲུབ་པ་མེད་པའི་ཕྱིར་རོ།། དེའི་བདག་ཉིད་ཀྱི་འབྲེལ་པ་ནི་མ་ཡིན་ཏེ། ཐ་ད་ཀྱི་དབྱེ་གྲ་ཁས་བླངས་པའི་ཕྱིར་རོ།། དེ་ལས་བྱུང་བའི་འབྲེལ་པ་ཡང་མ་ཡིན་ཏེ། རྟུག་པ་ནི་རིམ་དང ་ཅིག་ཅར་དོན་བྱ་བ་བྱེད་པ་འགལ་བའི་ཕྱིར་རོ།། དེ་ལ་རེ་ཞིག་རིམ་གྱིས་བསྐྱོད་པའང་མི་རིགས་ཏེ། སྐྱེད་པར་བྱེད་པ་དང་། སྦྱོང་བར་བྱེད་པ་མོ་སྨིན་པའི་རང་བཞི་ནོ་གཉིས་དུས་གཅིག་ཏུ་གཅིག་ལ་འགལ་བའི་ཕྱིར་རོ།། ལྷན་ཅིག་བྱེད ་པ་སྟོང་གིས་ཀྱང་འགྱུར་བ་མེད་པ་ལ་ལྷོག་པར་ཕན་གདགས་པར་ནུས་པ་མི་སྲིད་པས་ལྷན་ཅིག་བྱེད་པ་ལ་ལྟོས་པས་རྟགས་པ་ལོ་ཅི་ཞིག་དགོས། ཅིག་ཅར་སྐྱེང་བར་བྱེད་པ་ཡིན་ན་ཡང་སྐད་གཅིག་ལ་ཐམས་ཅད་སྐྱེང་པར་བྱེད་དེ་ཞེས་བྱ་བས ་སྐད་ཅིག་གཉིས་པ་ལ་བྱ་བ་མེད་པས་དབུགས་འབྱུང་འཇུག་རྒྱུན་ཆང་བའི་འཆི་བ་འམ། ཡང་ན་དངོས་པོ་ཐམས་ཅང་མི་དམིགས་པའི་གྲོལ་བ་ཐོབ་པར་འགྱུར་རོ།། ཡང་མེད་ན་མཱི་འབྱུང་བའོ་ཞེས་རྟོག་ན་ཡང་རྗེས་སུ་མཐུན་པ་མ་ཡིན་ནོ།། ་གང་ཡང་རྟག་པ་ཉིད་དང་། ཁྱབ་པ་ཉིད་དུ་སྒྲུབ་པར་བྱེད་པའི་གཏན་ཆགས་གཉིས་ཉེ་བར་བཀོད་པ་དེ་དག་ཀྱང་ཤིན་ཏུ་འབྲེལ་པ་མེད་པ་ཡིན་ཏེ། ཆོས་ཅན་མེད་པ་ཉིད་དེ་བདག་ནི་ཆོས་ཅན་དུ་མ་གྲུབ་པའི་ཕྱིར་རོ།། འོན་ཏེ་ལུས་ཕྱོགས ་སུ་བྱས་ནས་དང་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་དུས་ཕྱི་མར་འབྱུང་བའི་རྣམ་པར་ཤེས་པ་ཡང་སྐྱོང་པར་བྱེད་དོ་ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ཉིད་ལས་འདི་ཡང་སྐྱེས་སོ་ཞེས་བྱ་བ་ལ་ཚང་མ་ཡོད་པ ་མ་ཡིན་ནོ།། དེ་ལ་རེ་ཞིག་མངོན་སུམ་ནི་སྔོན་དང་ཕྱི་མའི་དངོས་པོ་ལ་འཇུག་པ་མ་ཡིན་ནོ།། རྗེས་སུ་དཔག་པ་ཡང་མངོན་སུམ་དུ་འགྲོ་བ་ཉིད་ཡིན་པས་དེ་མེད་ན་དེ་འཇུག་པ་མ་ཡིན་ནོ་རྗེས་སུ་དཔག་པ་ཉིད་སྔོན་དུ་འགྲོ་བ་ཡང་ཐུག་པ་མེད ་པར་འགྱུར་རོ།། སྦྱོར་བ་གཉིས་པ་གཟུགས་དང་ལྗོན་པའི་ཕྱིར་བདག་གིས་ལུས་བཞིན་ནོ་ཞེས་བྱ་བའི་དཔེ་ཉིད་བདག་དང་འབྲེལ་པར་མ་གྲུབ་པ་ཡིན་ན་ཐམས་ཅད་དུ་འགྲོ་བ་དང་ཁྱབ་པ་ཉིད་ལྟ་ག་ལ་ཡིན། བྱས་པའི་ཚིག་བཞིན་འབྲེལ་པ་མེད ་པར་འགྱུར་རོ།། བྱིས་པས་སྨྲས་པ་སུན་འདོན་པའི་ཕྱིར་བརྡ་ལྟོ་བའི་ལན་བརྗེད་པར་བྱ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་ཡང་མེད་པའི་ཕྱིར་དེ་ལ་སེམས་ཅན་ཡང་མེད་དེ་རི་བོང་ག་རཱ་བཞིན་ནོ།། གཞན་གྱིས་འདོད་པའི་བདག་ལ་ནི་སྐྱེ་བ་ལྡང ་མྱེང་། འགག་པ་ཡང་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ།། དེ་བཞིན་དུ་གང་རིམ་གྱིས་ཀྱང་རུང་། ཅིག་ཅར་ཡང་རུང་། དོན་བྱ་བ་བྱེད་པ་དེ་ནི་རྟག་པ་ཡང་མ་ཡིན། ཁྱབ་པ་ཡང་མ་ཡིན་ན། མེད་པ་ཡང་མ་ཡིན་པའི ་ཕྱིར་མར་མེ་དང་། ས་བོན་དང་། མྱུ་གུ་དང་། འཁྲི་ཤིང་ལ་སོགས་པ་བཞིན་ནོ།། རིམ་གྱིས་སམ། ཅིག་ཅར་ཡང་རུང་། དོན་བྱ་བ་བྱེད་པ་ལས་ལོག་པ་དེ་ནི་རྟག་པ་ཉིད་དང་། ཁྱབ་པ་ཉིད་མེད་པ་མ་ཡིན་པ་ལས་ལོག་པའི་ཕྱིར་མེད་པ་མ ་ཡིན་པ་དང་འགལ་བའི་ཡོད་པ་ཉེ་བར་དམིགས་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ།། ཡང་ན་གང་རིམ་གྱིས་སམ་ཅིག་ཅར་ཡང་རུང་བས་དོན་བྱ་བ་བྱེད་པ་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་དང་། རུས་སྦལ ་གྱི་སྤུ་ལ་སོགས་པ་བཞིན་ནོ།། རིམ་གྱིས་ཀྱང་རུང་། ཅིག་ཅར་ཡང་རུང་བས་དོན་བྱ་བྱེད་པ་བདག་རྟག་པ་ལ་ཡོད་པ་མ་ཡིན་ནོ།། རིམ་གྱིས་འམ་ཅིག་ཅར་གྱི་མཚན་ཉིད་ཀྱི་དོན་བྱ་བ་བྱེད་པ་རྟག་པ་ལས་ལོག་པས། ་ཁྱབ་པར་བྱ་བ་སེམས་ཅན་ཡང་ལྡོག་པ་ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ།། ཡང་ན་གང་ཡང་རྫས་ཉིད་དང་། ཡོད་པ་ཉིད་དང་། བྱེད་པ་པོ་ཉིད་དང་། སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་ཐམས་ཅད་བདག་མེད ་པའི་ཕྱིར་ཕྱི་རོལ་གྱི་བུམ་པ་ལ་སོགས་པ་བཞིན་ནོ།། རྫས་ཉིད་ལ་སོགས་པའི་ཆོས་དང་ལྡན་པའི་ནང་གི་བདག་ཉིད་ཅན་གྱིས་སྲོག་དང་བཅས་པའི་ལུས་དང་། ཡང་དང་། བློ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་ཡང་ཞེས་བྱ་བ་ནི་རང་བཞིན ་གྱི་གཏན་ཚོགས་སོ།། རིམ་པ་འདི་ཉིད་ཀྱིས་སྤྱོད་པ་པ་ལ་སོགས་པ་ལ་ཡང་མངོན་སུམ་ལ་སོགས་པ་ལ་ཡང་མངོན་སུམ་ལ་སོགས་པའི་ཚད་མས་གནོད་པས་བདག་ལ་སོགས་པ་ཁས་ལེན་པའི་རྒོལ་བ་རྣམས་ཀྱང་སུན་ཕྱུང་བར་འགྱུར་རོ།། དེ་ལྟ་ན ་ཡང་ཅུང་ཟད་ཙམ་བསྟན་པར་བྱའོ།། དེ་ལ་སྤྱོད་པ་པ་ནི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རང་བཞིན་གྱི་སེམས་པ་བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་ངོ་བོར་རྗེས་སུ་སོང་བ་བདག་གི་དེ་ཁོ་ན་ཉིད་ཁས་ལེན་པར་བྱེད་དེ། གཅིག་ཏུ་མེད་པར ་གྱུར་ན་ནི་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་འགྱུར་རོ།། གཅིག་ཏུ་སྐྱེས་བུ་རྟག་པར་གྱུར་ན་ནི་བྱེད་པ་པོའི་རང་གི་ངོ་བོ་མ་བཏང་བས་སྤྱོད་པ་པོ་ཉམས་པར་འགྱུར་རོ་ཞེས་བྱ་བའོ།། དེ་ཡང་གཞོན་ནུ་མ་ལོན་གྱིས། དེའི་ཕྱིར་གཉི ་གསྤངས་ནས་ནི།། སྒྲོག་དང་རྗེས་འགྲོའི་བདག་ཉིད་ཀྱི།། སྐྱེས་བུ་ཁས་བླངས་བྱ་བ་སྟེ།། བསྒྲིལ་ལ་སོགས་པའི་སྦྲུལ་དང་འདྲ།། ཞེས་སྨྲས་པ་ཡིན་ནོ།། བྱེད་པ་པོ་དང་། སྤྱོད་པ་པོ་ཉིད་ནི་བདག་ལ་བརྟེན་པ་ཡིན་གྱི། གནས་སྐབས་ལ་བརྟེན ་པ་ནི་མ་ཡིན་ནོ།། དེ་ཉིད་ནི་བྱེད་པ་པོ་དང་། སྤྱོད་པ་པོ་ཉིད་དུ་ཤེས་པ་སྟོབས་ཀྱིས་རྣམ་པར་འཇོག་པར་བྱེད་དོ།། དེ་ནི་བདག་ཉིད་མ་དོན་སུམ་དུ་བྱས་པ་ན་རྟག་པ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པ་བདག་གི་ཡུལ་ཡིན། ་པའི་ཕྱིར་བདག་ཤེས་པ་དང་ལྡན་ནོ།། བདག་གིས་ཤེས་པར་འགྱུར་རོ།། བདག་གིས་ཤེས་སོ་ཞེས་ཡུལ་གཅིག་གཉིས་སུ་དེས་པར་བྱེང་ངོ་ཞེ་ན། དེ་ལྟ་བུ་ནི་ཤིན་ཏུ་ཚང་མ་ལ་མཁས་པའི་བྲམ་ཟེ་རྣམས་སྲིད་པ་ཡིན་ནོ།། དེ་ཡང་མངོན་སུམ ་ནི་གཉིས་ཀའི་བདག་ཉིད་ཅན་འདས་པ་དང་མ་འོངས་པ་ལ་སོགས་པའི་དུས་ལ་ཁྱབ་པའི་དངོས་པོ་རབ་ཏུ་ཤེས་པའོ་ཞེས་བྱ་བས་ནི་འདི་སྐད་བསྟན་པར་འགྱུར་ཏེ། འདས་པ་ཞེས་བྱ་བ་ནི་ཉམས་པའོ།། མ་འོངས་པ་ནི་ང་དུང་མ་བྱུང་བའོ།། དེ ་དག་མངོན་སུམ་གྱིས་རབ་ཏུ་རིག་གོ་ཞེས་སྨྲས་པས་ཡོད་པ་དང་རབ་ཏུ་སྦྱོར་བའི་མདོའི་རྩ་བས་གནོད་པར་འགྱུར་བ་ནི་མ་འོངས་པ་ནི་མ་མཐོང་བ་ས་མངོན་སུམ་གྱུར་པ་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པས་འདས་པ་དང་མ་འོངས་པ་ལ་སོགས་པའི ་ཡུལ་ལ་སྦྱོར་བས་འཇུག་པ་ལ་རྩོད་པའི་སྐྱེས་བུས་བྱས་པ་མ་ཡིན་པས་སྒྲུབ་པའི་འབད་པ་འབྲས་བུ་མེད་པར་འགྱུར་ཏེ། དེའི་ཕྱིར་མངོན་སུམ་ནི་ང་ལྟར་བྱུང་བའི་ཡུལ་ཙམ་འཛིན་པོར་ངེས་པར་ཤེས་པར་བྱའོ།། དེ་ལྟར་ན་སྔོན་དང་ཕྱི་མ་དང་། ་བྲལ་བའི་ད་ལྟར་བྱུང་བའི་ངོ་བོ་ཙམ་གྱི་བདག་རང་རིག་པར་བྱ་བ་ཤེས་པར་བྱའོ།། ཞེས་བྱ་བས་རྣམ་པར་ཤེས་པ་ཉིད་སྨོན་དང་ཕྱི་མའི་རྗེས་སུ་འགྲོ་བ་དང་བྲལ་བ་སྐད་ཅིག་མ་རང་རིག་པར་བྱ་བའི་བདག ་ཉིད་ཁས་བླངས་པ་ནི་བདག་ཅེས་མིང་གི་རྣམ་པ་གཞན་བཏགས་པར་ཟད་དོ།། གལ་ཏེ་རྗེས་སུ་དཔག་པས་བདག་རྟག་པོ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེ་ན། དེ་ལྟར་ན་ཡང་མངོན་སུམ་སྔོན་དུ་འགྲོ་བ་འམ། རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ན ་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ།། མངོན་སུམ་ལ་འཇུག་པ་སྔོན་དུ་མ་སོང་བར་ཡང་ཇི་ལྟར་རྗེས་སུ་དཔག་པ་ལ་འཇུག་པར་ནུས་པར་འགྱུར། གཞན་ཡང་བདག་ཏུ་ང་རྒྱལ་བའི་སྟོབས་ཀྱིས་བདག ་སྒྲིབ་པར་བྱེད་ན་ཡང་ལུས་ལ་བམིགས་ཏེ་བདག་རིད་དོ།། ཚེའོ།། དམར་སེར་རོ་ཞེས་སྤྱིའི་དབང་དུ་བྱས་ནས་སྤུ་ཡི། བདག་ནི་བདག་གི་སྤྱིའི་དབང་དུ་བྱས་ནས་ནི་མ་ཡིན་ནོ།། དེས་ན་འདི་སྐད་སྨྲས་པར་འགྱུར་ཏེ། མིག་ལ་སོགས ་བའི་བདག་ཉིད་ཅན་ལུས་ཨ་ཡ་དམིགས་ནས་བདག་ཅེས་བྱ་བར་རྟོགས་པར་འགྱུར་རོ།། དེ་ལ་འགལ་བ་མེད་དེ། མིང་ཙམ་དུ་བྱས་ནས་བྱེད་པ་པོ་ཉིད་ལ་སོགས་པ་ཡང་རྣམ་པར་ཤེས་པ་སྐད་ཅིག་མའི་ཁྱད་པར་ཅན་གྱི་རྒྱུ་དང་འབྲས ་བུའི་ངོ་བོ་ལས་གཞན་ནི་མིང་ངོ་།། བྱས་པ་ཏུད་ཟོས་པ་དང་། མཁས་པ་དང་ཕྲད་པར་འགྱུར་རོ་ཞེས་རྩོད་པ་དེ་ཡང་རྩོད་པ་མ་ཡིན་པ་ཉིད་དོ།། དེ་ལྟ་བས་ན་སྤྱོད་པ་པས་བརྟགས་པའི་བདག་ནི་བཏགས་པ་འབའ་ཞིག་ཁོ་ནའོ།། ཕྱོགས ་ཀྱིས་གོས་ཅན་པ་ནི་མངོན་སུམ་ཉིད་ཀྱིས་འཇུག་པ་དང་། ལྡོག་པའི་ཤེས་པའི་བདག་ཉིད་ཀྱི་བདག་ཉེ་བར་དམིགས་སོ་ཞེས་སྨྲས་པ་དེ་ལྟར་ན་ཡང་བདེ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གནས་སྐབས་ཀྱི་དབྱེ་བས་ཕྱེ་བ་ཡོད་ཀྱང་གང ་ཡང་གནས་སྐབས་ཅན་ནི་གནས་སྐབས་ཐམས་ཅད་དུ་རྟོགས་པའི་ངོ་བོར་ཉེ་བར་དམིགས་ཏེ། དེ་ཡང་རྫས་སུ་ཡོད་པའོ།། རྣམ་གྲངས་ཀྱང་རིམ་གྱིས་གོམ་པ་ལས་བདེ་བ་དང་། སྡུག་བསྔལ་གྱི་གནས་སྐབས་དབྱེ་བ་ཡིན་ལ། ཡང ་མངོན་སུམ་གྱིས་གྲུབ་པ་ཡིན་ནོ།། དེ་ལྟ་ན་ཡང་ཡུལ་དང་། དུས་དང་། ངོ་བོ་ཉིད་དབྱེ་བ་མེད་པ་ཆོས་དང་ཆོས་ཅན་གྱི་དབྱེ་བ་མེད་ངོ་།། གྲངས་དང་། མིངྒ་དང་། མཚན་ཉིད་དང་། འབྲས་བུའི་དབྱེ་བས་ནི་དབྱེ་བ་ཡོད་དེ། དཔེར་ནི་བུམ་པ་དང་། གཟུགས ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་བུམ་པ་དང་། དེའི་གཟུགས་ལ་སོགས་པ་དང་། ཡུལ་ལ་སོགས་པ་དབྱེ་བ་ཡོད་དོ།། གང་ཡང་ཡུལ་བུམ་པའི་ཡུལ་དང་། དུས་དང་ངོ་བོ་ཉིད་ནི་གཟུགས་ལ་སོགས་པའོ།། གྲངས་ལ་སོགས་པས་ནི་བུམ ་པའི་གཟུགས་ལ་སོགས་པ་ལས་དབྱེ་བ་ཡོད་དོ།། དེ་ཡང་བུམ་པ་ནི་གཅིག་གོ། གཟུགས་ལ་སོགས་པ་ནི་མང་པོའོ།། ཞེས་བྱ་བ་ནི་གྲངས་ཀྱི་དབྱེ་བའོ།། གདུ་བུ་དང་། རྣ་ཆ་དང་། རྐང་གདུབ་དང་། ཁམ་པོར་ཞེས་བྱ་བ་ནི་མིང་གི་དབྱེ་བའོ།། རྗེས ་སུ་འཇུག་པའི་མཚན་ཉིད་ནི་རྗེས་སོ།། ལྡོག་པའི་མཚན་ཉིད་ནི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་དབྱེ་བའོ།། བུམ་པའི་དགོས་པ་ནི་ཆུ་ལེན་པ་དང་། གཟུགས་ལ་སོགས་པའི་ནི་རང་དང་རྗེས་སུ་མཐུན་པར་སྦྱོར་བ་ནི་འབྲས ་བུའོ་ཞེས་བྱ་བ་ནི་འབྲས་བུའི་དབྱེ་བའོ་ཞེས་ཟེར་ན། དེ་ལ་བརྗོད་པར་བྱའོ།། གང་ཡང་རྟོགས་པའི་ངོ་བོའི་བདག་ཉིད་རྫས་ཀྱི་རྣམ་གྲངས་དང་སྦྱོར་བར་བྱེད་པ་ནི་སྔར་གྱི་རང་གི་ངོ་བོ་དང་སྦྱོར་བར་བྱེད་དམ། ་ཡང་ན་སྔར་གྱི་རང་གི་ངོ་བོ་ཡོངས་སུ་གཏོང་བར་བྱེད་ཅེས་རྣམ་པར་རྟོག་པར་བྱེད་ན། དེ་ལ་རྟོག་པ་དང་པོ་ལྟར་ན་སྔོན་དྲང་ཕྱི་མའི་གནས་སྐབས་སུ་ཁྱད་པར་མེད་པས་རྟོགས་པ་དྲི་ཡོངས་སུ་གྱུར་པ་ཡིན་ཞེས་བྱ་བ་ཇི་ལྟ་བུ། ཡོངས་སུ་གྱུར་པ ་ཞེས་བྱ་བ་ནི་སྔོན་གྱི་གནས་སྐབས་ཡོངས་སུ་བཏང་ནས་གཞན་ཞིག་ཡོངས་སུ་བཟུང་བ་ལ་བརྗོད་དོ།། དེ་ལ་མི་འགྱུར་བའི་རང་བཞིན་མེད་པས་ཚིག་ཙམ་གྱིས་ཡོངས་སུ་གྱུར་པར་རིགས་པ་མ་ཡིན་ནོ།། སྦྱོར་བ་ནི་གང་ལ་སྔོན་དང་། ཕྱེ་མའི ་གནས་སྐབས་སུ་ཁྱད་པར་མེད་པ་དེ་ནི་ཡོངས་སུ་འགྱུར་བ་མ་ཡིན་ཏེ། ནམ་མཁའ་བཞིན་ནོ།། རྟོགས་པ་ལ་ཡང་སྔོན་དང་ཕྱི་མའི་གནས་སྐབས་ཁྱད་པར་མེད་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ།། གལ་ཏེ་རྣམ་པར་རྟོག་པ་གཉིས་པ་ལྟར ་ནུན་ཡང་སྔར་གྱི་རང་གི་ངོ་བོ་ཡོངས་སུ་བཏང་ནས་གཞན་གྱི་ངོ་བོར་སྐྱེ་བར་འགྱུར་ཏེ། ཐ་ག་པ་ལ་རས་ཡུག་བྱུང་བ་བཞིན་ཞེས་བྱ་བས་ཇི་ལྟར་དེ་ཡོངས་སུ་གྱུར་པ་ཡིན་སྦྱོར་བ་ནི་གང་གི་ཚེ་མི་འགྱུར་བའི་ངོ་བོར་གནས་པ་མ་ཡིན་པར་གྲང་གྱུར་པ ་དེ་ནི་ཡོངས་སུ་གྱུར་པ་མ་ཡིན་ཏེ། མི་འགྱུར་བའི་རང་བཞིན་གྱི་བུམ་པ་ཡོད་བཞིན་དུ་རས་ཡུག་བྱུང་བར་གྱུར་པ་བཞིན་ནོ།། སྔར་གྱི་རང་གི་ངོ་བོ་ཡོངས་སུ་བོར་ནས་ངོ་བོ་གཞན་ཞིག་ཏུ་གྱུར་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའི་འགེལ་བ ་དམིགས། གང་ཡང་གཉི་གའི་བདག་ཉིད་ཡིན་པས་གཅིག་ཏུ་རྫས་ཀྱི་རྣམ་གྲངས་ལ་དབྱེ་བ་ཡང་ཡོད་པ་མ་ཡིན། དབྱེ་བ་མེད་པ་ཡང་མ་ཡིནོ།། དེ་ལྟ་ན་ཡང་ཐ་དད་པ་དང་། ཐ་དང་པ་མ་ཡིན་པ་དང་གཉི་ག་ཡང་རུང་ཇི་སྐད་བསྟན་པའི ་སྐྱོན་ཡོད་པ་མ་ཡིན་ནོ།། ཞེ་ན་དེ་ལྟ་ན་ཡང་མཛེས་པ་མ་ཡིན་ཏེ། གལ་ཏེ་རྫས་ཀྱི་རྣམ་གྲངས་ཀྱི་དབྱེ་བ་མེད་པར་ཁས་ལེན་པར་བྱེད་ན་དེ་ལྟར་ན་བདག་ཉིད་ཐམས་ཅད་ཀྱི་དབྱེ་བ་མེད་པ་ཡིན་པའི་ཕྱིར་དེ་ལས་བཟློག་པའི་དབྱེ་བ་ཡོད་པར ་ཇི་ལྟར་འགྱུར། གཅིག་ལ་དུས་གཅིག་ཏུ་དགག་པ་དང་། སྒྲུབ་པ་ཕན་ཚུན་འགལྔ་བ་རིགས་པ་མ་ཡིན་ནོ།། སྦྱོར་བ་ནི་གང་དབྱེ་བ་མེད་པ་དེར་དེ་དང་འགལ་བའི་དབྱེ་བ་དམིགས་པར་མི་འགྱུར་ཏེ། ཇི་ལྟར་དེའི་རྣམ་གྲངས་ཀྱི་རྫས་རྣམས ་ལ་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་སོ་སོར་ངེས་པ་བདག་ཉི་ད་ཀྱི་ངོ་བོ་དེའི་རང་བཞིན་ནི་དབྱེ་བ་མེད་ལ་དབྱེ་བ་མེད་པའི་རྫས་ཀྱི་རྣམ་གྲངས་གང་ཡིན་པ་དེ་ནི་ངེས་པར་གནས་སོ།། ཞེས་བྱ་བ་ནི་འགལ་བ་དམིགས་པའོ།། ཡང་ན་ལྡོག ་པ་དང་ལྡན་པ་རང་གི་ངོ་བོ་ལས་ཐ་མི་དད་པ་དེ་ནི་ལྡོག་པ་དང་ལྡན་པའི་ཕྱིར། ཇི་ལྟར་རྣམ་གྲངས་ཀྱི་རང་གི་ངོ་བོ་ལས་ལྡོག་པ་དང་ལྡན་པའི་རང་བཞིན་ལས་ཐ་མི་དད་པའི་རྫས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།། ཡང་ན་གང་རྗེས ་སུ་འགྲོ་བའི་བདག་ཉིད་ཅན་གྱི་གཟུགས་ལས་ཐ་མི་དད་པའི་ཕྱིར་དེ་ནི་རྗེས་སུ་འགྲོ་བའི་བདག་ཉིད་ཁོ་ན་སྟེ། རྫས་ཀྱི་རང་བཞིན་ནོ།། རྗེས་སུ་འགྲོ་བའི་བདག་ཉིད་ཅན་གྱི་ངོ་བོ་ལས་ཐ་མི་དང་བའི་རང་བཞིན་གྱི་བདེ་བ་དང་། སྡུག་བསྔལ་ལ ་སོགས་པའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ།། གཞན་དུ་ཆོས་འགལ་བའི་གནོད་པ་ཡོད་པར་འགྱུར་ན་ཡང་དབྱེ་བ་མེད་པ་ཡིན་ཏེ། དབྱེ་བ་མེད་པའི་ཕྱིར་དབྱེ་བ་ཡང་ཡོད་པར་མི་འགྱུར་ཏེ། དབྱེ་བ་དང་། ་དབྱེ་བ་མེད་པའི་ཐ་སྙད་རྒྱུན་ཆང་བས་འགྲོ་བ་རྣམས་ཀྱང་འཇུག་པ་དང་ལྡོག་པ་མེད་པར་འགྱུར་རོ།། ཞེས་བྱ་བ་ནི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ།། དེ་ལྟ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་དང་བྲལ་བ་སྔོན་དང་ཕྱི་མའི་རང་བཞིན ་ཀྱིས་དབེན་པ། ད་ལྟར་བྱུང་བ་ཙམ་གྱི་དངོས་པོ་ཉེ་བར་འཛིན་པ། རང་རིག་པའི་བདག་ཉིད་ནི་མངོན་སུམ་ཞེས་བྱ་བས་བདག་མེད་པ་མངོན་སུམ་དུ་གྲུབ་པ་ཡིན་ནོ།། མངོན་སུམ་གྱིས་གྲུབ་ཀྱང་རྗེས་སུ་དཔག་པ་ཉེ་བར་འགོད་པ་ནི་བདག་མེད ་པཱ་ལ་ཕ་རོལ་པོ་རྣམས་ཀྱི་རང་གི་བྱ་བས་རྒོལ་བ་རྣམས་བཟློག་པའི་ཕྱིར་ཡིན་པས་འདི་ལས་མངོན་པར་ཞེན་པར་མི་བྱའོ་སྙམ་དུ་དགོངས་པའོ།། བདག་ཏུ་བལྟ་བ་མཐུག་པོ་འཛིངས་པའི་ནང་དུ་ཞུགས་པའི། མུ་སྟེགས་ཚད་མ་ངན་པའི་རླུང ་གིས་ཤིང་བལ་བཞིན་བངས་ལ། ཞི་ཤེས་བྲག་རི་ཕྱེ་མར་རློག་པས་ཐོག་ལྟུང་བར། ཕྱེ་མར་བརླབ་པས་ཕྱིས་འབྱུང་བར་ནི་ག་ལ་འགྱུར་དེ་ལྟར་ན་ཆོས་ཐམས་ཅད་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པའོ་ཞེས་བཤད་པ་ཡིན་ནོ། ་གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཕྱི་རོལ་གྱི་དངོས་པོའི་དོན་མེད་པ་དང་། བདག་མེད་པས་བདག་མེད་པ་རྣམ་པར་གཞག་པ་ཡིན་ན་ཡང་དེ་ལྟར་ན་ཡང་གང་ན་བདག་མེད་པ་ཡིན་གྱི། ཆོས ་ཐམས་ཅད་བདག་མེད་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་ཆོས་སུན་མ་ཕྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐེ་ཚོམ་དང་བྲལ་བའི་ཕྱིར་གཟོད་མ་ནས་ནི་སྟོང་ཞིང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གཟོད་ནས་ཞི་བ་དང་མ་སྐྱེས་པ་དང་ཞེས་བྱ་བ་ལ ་སོགས་པ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་མ་སྐྱེས་པས་ན་གཟོད་མ་ནས་ཞི་བའོ།། ཇི་ལྟར་ཕྱི་རོལ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མ་སྐྱེས་པའི་ཕྱིར ་གཟོད་མ་ནས་ཞི་པ་ཞེས་བྱའོ།། ཕུང་པོ་ལྔ་སྟོང་པ་ཉིད་དུ་བསྒྲུབ་པོས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒྲུབས་པ་ཡིན་པའི་ཕྱིར་དེས་ན་གང་ནས་ཀྱང་འོངས་པ་མེད། གར་ཡང་སོང་བ་མེད། གང་དུ་ཡང་གནས་པ་མེད་པ་སྟེ། རང་བཞིན་གྱིས ་གནས་པ་མེད་པའི་ཕྱིར་རོ།། སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད་ཅེས་བྱ་བ་ལ་སྙིང་པོ་མེད་པ་སྟེ། ཐམས་ཅད་དུ་ཕྱི་དང་། ནང་གི་དངོས་པོ་རྣམས་ལ་བདག་ལ་སོགས་པའི་སྙིང་པོར་གྱུར་པའི་རྫས་ཅི་ཡང་མེད་པའོ།། སྒྱུ་མའི་རང ་བཞིན་ཏེ། གཟུགས་བརྙན་ཙམ་གྱིས་བྱིས་པ་རྣམས་རྣམ་པར་རྨོངས་པར་བྱེད་དོ།། དོན་དམ་པར་ནི། ཐམས་ཅད་དག་ཅིང་རྣམ་དག་ན་མཁའ་བཞིན་ཞེས་བྱ་བ་ནི་དག་པ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་སྤྲིན་དང་། ཁྲི་གྲ་རྣ་ལ་སོགས ་པ་ལྟ་བུ་དང་བྲལ་བས་ཆོས་ཐམས་ཅད་རྣམ་ངག་ན་མཁའ་བཞིན་ཞེས་བྱ་བའོ།། མི་སྔོན་མི་སེར་དཀར་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་པོ་དང་། སེར་པོ་དང་། དཀར་པོ་ལ་སོགས་པའི་ཁ་དོག་དང་། བྲལ་བའི་ཕྱིར་ཏེ། སྔོན ་པོ་ལ་སོགས་པའི་ཡོན་ཏན་ནི་རྫས་ལ་བརྟེན་པའི་ཕྱིར་རྫས་ཀྱི་རུང་བཞིན་མེད་ན་དེ་ལ་བརྟེན་པ་རྣམས་ཤིན་ཏུ་ཡང་རིང་དུ་མེད་པ་ཁོ་ནའོ་ཞེས་བྱ་བས་མིང་འབའ་ཞིག་ཙམ་མོ།། དེ་ཡང་ནང་ན་ཡང་མེད། ཕྱི ་རོལ་ན་མེད། གཉི་གུའི་བར་ན་ཡང་མི་དམིགས་ཞེས་བྱ་བ་ལ་སོགས་པས་སུན་ཕྱུང་བ་ཉིད་ཡིན་ནོ།། དེའི་ཕྱིར། སེམས་ནི་དབྱེན་ཞིང་སྟེ། སེམས་ཀྱི་བསམ་པར་བྱ་བ་མ་ཡིན་པའོ།། ཐམས་ཅད་སྒྲ་དང་བྲལ་བ་ནི་བརྗོད་དུ་མེད་པའོ།། སྐོང ་ཅིག་སྟེ་བརྡར་བྱ་བ་ཡོད་པ་མ་ཡིན་པས་ཕྱི་དང་ནང་གིས་བདག་ཉིད་ཐམས་ཅད་སྒྲ་དང་བྲལ་བའོ།། བཤད་པ་ན་ཡང་ཡི་གེ་འཕོ་བ་མེད་ཅེས་བྱ་བ་ལ་སོགས་པ་ལ། བཤད་ཀྱང་རུང་། མ་བཤད་ཀྱང་རུང་། ཡི་གེ་རྣམས་ལ་འཕོ་བ་མེད་པ་སྟེ། ་གཞན་དུ་འགྲོ་བ་ཡང་མེད་པ་ཞེས་བྱ་བ་ཡུལ་གཞན་དུ་འགྲོ་ཡང་རུང་། མི་འགྲོ་ཡང་རུང་། བཤད་ཀྱང་རུང་། མ་བཤད་ཀྱང་རུང་བར་ཡི་གེའི་ངོ་བོ་ནི་མི་ཟད་པར་བསྟན་པ་ཡིན་ནོ།། དེ་ལྟར་གང་གིས་ཡི་གེའི་རང་བཞིན་མི་ཟད་པ་སྟེ། ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེ་ནི་མི་ཟད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྱུར་རོ།། སངས་རྒྱས་བརྒྱ་སྟོང་དག་ནི་གང་འདས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་སངས་རྒྱས་བརྒྱ་སྟོང་གྲངས་མེད་པ་འདས་པ་རྣམས ་ཀྱིས་ཆོས་བརྒྱ་སྟོང་ཕྲག་མང་པོ་རབ་ཏུ་བསྟན་ཀྱང་ཆོས་དང་ཡི་གེ་ལ་ཟད་པ་ཡོད་པ་མ་ཡིན་ཏེ། སྐྱེས་པ་མེད་པ་ལ་འགག་པ་ཡང་མེད་པའི་ཕྱིར་རོ།། སྐྱེ་བ་མེད་པ་ཇི་ལྟ་བུ་ནི་སྔར་བསྟན་པ་ཡིན་ནོ།། མདོ་སྡེ་བརྒྱ་སྟོང་དག་ནི་བཤད་བྱས་ཀྱང ་ཞེས་བྱ་བ་ལ་སོགས་པ་ལྔ། མདོ་སྡེ་དཔག་ཏུ་མེད་པ་འདིས་བཾ་གདུལ་བྱ་རྣམས་དང་མཐུན་པར་བཤད་ཀྱང་ཆོས་ཐམས་ཅད་ཡི་གེ་མེད་པར་ཡང་ཤེས་ལ་རྣམ་པར་རྟོག་པས་དེ་ལ་ཆགས་པར་ཡང་མི་འགྱུར་རོ།། བདག་མེད་པ་དང་། སེམས ་ཅན་མོང་བ་ལ་སོགས་པའི་ཆོས་བསྟེན་ཀྱང་ཟད་པར་མི་འགྱུར་ཏེ་ཉམས་པ་མེད་པའོ།། མཁས་པ་དེ་ནི་ཚིག་ཀུན་སྨྲ་བྱེད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སྐད་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལྔ་ངེས་པའི་ཚིག་བསྒྲུབ་པས་སྟོན་ཀྱང ་དེའི་སེམས་འཕྲོགས་པར་ཡང་མི་འགྱུར་ཏེ། དེ་སེམས་ཅན་ཐམས་ཅད་ལ་གནས་པ་མེད་པའི་ཕྱིར།། ཚིག་རྣམས་ཐམས་ཅད་རི་ཡི་བྲག་ཅ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཐམས་ཅད་ནི་རིའི་ཅོང་རོང་དང་ཕུག་གོ་ནང་གི་བྲག་ཅ ་དང་འདྲ་བས་རིང་བཞིན་མེད་པའོ་ཞེས་བྱ་བར་ཤེས་ནས་དེ་དང་དེ་ལ་མངོན་པར་ཞེན་པ་མི་འབྱུང་ཞིང་ཆགས་པར་མི་འགྱུར་རོ།། ཚིག་དེའི་ནི་ཞེས་བྱ་བ་ནི་སྒྲ་གང་དག་གི་ཆོས་ཐམས་ཅད་ཡོངས་སུ་བསྒྲགས་ཀྱང་དེའི་སྐད་ཅིག་མ་ཡིན་པའི་ཕྱིར། ་བརྟན་པ་མ་ཡིན་ནོ།། ཇི་ལྟར་སྒྲ་སྐད་ཅིག་མ་ཡིན་ཞིང་མ་བསྟན་པ་ལྟར་ཆོས་ཐམས་ཅད་མི་རྟག་པ་ཉིད་དོ།། མཚན་མེད་ནི་མཚན་ཉིད་དང་། མཚོན་པར་བྱ་བ་དང་བྲལ་བ་ཉིད་དོ།། དབེན་པ་ནི་དབེན་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པའོ།། རྣམ་པར་དག་པའི། ་ཕྱིར་སྟོང་པའོ་ཞེས་བསྟན་པར་འོས་པ་ཡིན་ནོ།། འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བའི་རྣམ་པར་རྟོག་པ་དྲང་སྲོང་དེ་དག་སྟེ། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་མེད་པའོ།། དེ་འགྲོ་བ་ཐམས ་ཅད་སྐྱེས་པར་གྱུར་པའི་སེམས་ཅན་རྣམས་འདུལ་བ་ལ་མཁས་བ་ཡིན་ནོ།། འདུས་མ་བྱས་པའི་འགྲོ་བའི་འགྲོ་བར་གྱུར་པས་ལྟ་བས་བྱས་པའི་ཉོན་མོངས་པའི་འདམ་ཐམས་ཅད་ལས་རྒྱལ་བའོ།། ཏིང་ངེ ་འཛིན་ལ་དབང་བར་གྱུར་པས་འབད་པོ་མེད་པ་མེད་པ་ཉིད་དུ་འགྲོ་བའི་དོན་སྒྲུབ་པར་བྱེད་པའི་ཚིག་གི་རང་བཞིན་ཤེས་པོའོ།། ཤེས་རབ་ཀྱི་སྟོབས་ཀྱིས་མངོན་པར་ཤེས་པ་ལྔ་ངེས་པར་བསྒྲུབས་ནས་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། ་སོ་ཡང་དག་པར་རིག་པ་ལ་འཇུག་ཅིང་མངོན་པར་བསྒྲུབས་ནས་ངེས་པའི་ཚིགས་དག་གི་སྤྱོད་ཡུལ་ཐམས་ཅད་ལས་འདས་པ་ཞི་བ་རབ་ཏུ་ཞི་བ་སྟོན་ཏོ་ཞེས་བྱ་བ་ཡིན་ནོ།། བཏགས་པ་དེ་ཙམ་དུ་བཏགས་ནས་བརྗོད་པ་ཡིན་ཞེས་བྱ་བ་ལ ་སོགས་པ་ལ། ཁམས་གསུམ་པ་ཐམས་ཅད་སེམས་དང་སེམས་ལས་བྱུང་བས་བརྟགས་བ་ཡིན་པས་བརྟགས་པ་ཙམ་ཞེས་བརྗོད་དོ།། དེ་ནི་བརྟགས་པ་ཙམ་ཉིད་ཡིན་པའི་ཕྱིར་རྫས་ནི་ཕྲ་མོ་ཙམ་ཡང་ཡོད་པ་མ་ཡིན་ནོ།། གཞན་གྱི ་དབང་གང་ཡིན་པ་དེ་ལ་ནི་མཐའ་མེད་དེ། སྔོན་གྱི་མཐའ་དང་། ཕྱི་མའི་མཐུས་སྟོད་པའི་ཕྱིར་སྐྱེ་བ་དང་འཇིགས་པའི་ངོ་བོསྟེ་སྟོང་པ་ཉིད་ཀྱིས་དབུས་ཀྱང་མེད་པའོ་ཞེས་བྱ་བས། འཁོར་བ་ལ་ནི་མཐའ་མ་མི་སྙེད་དེ་ཞེས་བྱ་བ་བཤད་པ ་ཡིན་ནོ།། ཡོངས་སུ་གྲུབ་པ་ཡང་། གང་དག་སྔོན་བྱུང་མཐའ་ནི་མཚན་ཉིད་མེད་ཅེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་མཐའི་ནི་རྒྱུ་སྟེ། སྐྱེ་བའི་མཐའ་ཉིད་མེང་པས་མཚན་མེད་པའོ།། དེ་ལ་བལྟོས་ནས་མ་འོངས་པ་དང་། ད་ལྟར་གྱི ་མཚན་ཉིད་ཀྱང་མེད་པའོ།། དེའི་ཕྱིར་ཀུན་བརྟགས་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་སྨྲ་བ་སུན་ཕྱུང་ནས་དབུ་མ་ཉིད་དུ་བསྒྲུབས་པ་ནི་ཆོས་རྣམས་སྟོང་པ་ཞེས་བྱ་བ་སྟེ། ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དགེ་བ་དང་། མི་དགེ་བའི་ལས་དང་། དེའི་འབྲས་བུ་རྣམ་པར་གཞག་པ་ཇི་ལྟར་གྲུབ་ཅེ་ན། བརྗོད་པར་བྱའོ།། དགེ་བ་དང་། མི་དགེ་བའི་ལས་དང་འབྲས་བུ་རྣམ་པར་གཞག་པ་ནི་རྨི་ལམ་ཇི་ལྟ་བ་བཞིན་ནོ།། ཞེས ་བྱ་བ་གསུངས་པ། ལས་དང་བྱ་བས་དེ་ལྟར་ཞུགས་གྱུར་ཏེ་ཞེས་བྱ་བ་ནི་དམན་པ་དང་། རབ་དང་བར་མའི་དབྱེ་བས་འབྲས་བུ་མྱོང་བར་འགྱུར་བའི་དབྱེ་བ་ཡང་འབྱུང་བར་འགྱུར་རོ།། ཆོས་རྣམས་རྟག་ཏུ་དབེན་ཞིང་རང་བཞིན་སྟོང་ཞེས་བྱ་བ་ལ ་སོགས་པ་ལ། བདག་ལ་སོགས་པས་སྟོང་ཡང་ཇི་ལྟར་ས་བོན་དང་། མྱུ་གུ་དང་། འཁྲི་ཤིང་ལ་སོགས་པའི་རྒྱུ་དང་འབྲས་བུ་ཡང་དམིགས་པ་ཡིན་ནོ།། དེ་དང་འདྲ་བར་ནང་གི་བདག་ཉིད་ཀྱི་ལུས་ཀྱི་མིག་ལ་སོགས་པ་ཡང་བལྟའོ་ཞེས་བྱ་བ་ནི ་རང་བཞིན་གྱི་གཏན་ཚིགས་སོ།། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤང་ངེ་ཞེས་བྱ་བ་ལ་སོགས་པ་ལ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ནི་ཀུན་རྫོབ་ཅེས་བྱ་བའི་སྒྲས་བརྗོད་དོ།། དོན་དམ་པར་ནི་བརྗོད་དུ་མེད་པ་ཞེས་བྱ་བའོ།། འགྲོ ་པ་ཀུན་གྱི་མཚན་ཉིད་དེ་འདྲའོ་ཞེས་བྱ་བ་ལ། འདུས་བྱས་དང་འདུས་མ་བྱས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་མཚན་ཉིད་འདི་ཉིད་དོ།། ལས་དཀར་ནག་གི་འབྲས་བུ་བདག་ཉིད་ཀྱི་བྱས་པ་རྣམས་རྒྱུད་གཅིག་ཏུ་མངོན་པར ་ཞེན་བྱས་ཉམས་སུ་མྱོང་བར་འགྱུར་བས་འབྲས་བུ་རྒྱུ་མེད་པ་ཡང་མ་ཡིན་ཏེ། ལས་དང་རྗེས་སུ་མཐུན་པའི་འབྲས་བུ་ཡོད་པའི་ཕྱིར་རོ།། སྲིད་པ་ཐམས་ཅད་སྒྱུ་མ་དབང་མེད་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས ་བུའི་དངོས་པོར་བརྟགས་པའི་སོ་སྔོར་ངེས་པར་སྣང་བའི་རྒྱུ་ཐམས་ཅད་སྒྱུ་ས་དང་། སྨིག་རྒྱུ་དང་འདྲུ་བ་རྫུན་པ། སྟོང་པའོ་ཞེས་བསྟན་པ་ཡིན་ནོ།། དངོས་པོ་རྣམས་འདི་ལྟ་བུར་ཤེས་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར ་སྡུག་པའི་ཤེས་རབ་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་སྐྱེ་བ་མྱེད་པར་བཟིང་དེའི་སྟོབས་དང་ལྡན་པའི་ཕྱི་ཅུང་ཟུང་ཙམ་པ་ཡང་རྟོག་པར་མི་བྱེད་དོ།། བྱང་ཆུབ་སེམས་པལ་ག་ཏུ་ས་པ་མཉམ་པར་བཞག་པ་ན ་མཉམ་པར་བཞག་པ་ཞེས་བྱའོ།། རྒྱལ་པོ་དེས་ནི་ཇི་ཙམ་ཆོས་རིག་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ངོས་དོན་དང་། ཚིག་དང་བནས་པ་ཐམས་ཅད་འཛིན་པར ་ནུས་ཤིང་བརྗོད་པར་ཡང་མི་འགྱུར་རོ།། དོན་ཇི་ལྟ་བ་བཞིན་ངེས་པར་རྟོགས་པས་རྒྱལ་པོ་དེ་འཁོར་དང་བཅས་པར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་མ་ཉམས་པར་བསླངས་སོ།། རྒྱལ་པོའི་བུ་རྣམས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནུས ་ལེགས་པར་གསུངས་པ་ལ་མངོན་པར་དགའ་ནས་ཡིད་རབ་ཏུ་མགུ་བས་བདེ་བར་གཤེགས་པ་སྲས་དང་བཅས་པ་ལ་ཕྱག་འཚལ་ནས། ཏིང་ངེ་འཛིན་རབ་ཏུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པར་གྱུར་ཏོ།། ནས ་གསུངས་པ་ཡིན་ནོ།། དེར་ཡང་སྲོག་ཆགས་སྟོང་ཕྲག་བརྒྱད་ཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལཱ་དྱེར་ཆོས་བསྟན་པས་སྐྱེ་བ་མེད་པའི་ཆོས་ལ་བཟུང་བ་ས་སོར་ཐོབ་པར་གྱུར་ཏོ་ཞེས་བྱ་བར་འགྲེལ་ཏོ།། ཆོས་ཀྱི་རང་བཞིན་བཟང་པོ་འང། ་ཐོས་ནས་ཞེས་བྱ་བ་ལ། ཆོས་ཀྱི་རང་བཞིན་ཟབ་མོ་འདི་ཐོས་ནས་ཏིང་ངེ་འཛིན་ཡང་དག་པ་འདིའི་དོན་དམ་པ་སྟེ། ཕྱིན་ཅི་མ་ལོག་པ་བདེན་པ་འདི་བཅོམ་ལྡན་འདས་ཀྱི་ངེས་པར་བསྟན་ཏོ།། ཞེས་བྱའོ།། ཇི་ལྟ་བུའི་མི ་སྐྱེ་བ་ཞིག་ཅེ་ནུ། སྐྱེས་བུ་ལ་ནི་སྐྱེ་དང་འགུག་པ་མེད་ཅེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་སྟེ་བདག་ལ་སྐྱེ་བ་དང་། འགག་པ་མེད་པའོ།། དེ་བཞིན་ཆོས་འདི་ལྟ་སྟེ། གཞན་དག་ཀྱང་རྟག་ཏུ་སྔ་ནས་ཏེ། ཐམས་ཅད་དུ་གཟོད་མ་ནས་དབེན་པ་དང་ཞི ་བ་ནཱི་མི་སྐྱེ་བའི་ཆོས་ཞེས་བྱའོ།། དེ་ལྟ་བུའི་ཆོས་ཀྱི་རང་བཞིན་ངེས་བྱར་རྟོགས་ནུས་རྒྱལ་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པས་རྒྱལ་སྲིད་ཡོངས་སུ་སྦྱངས་ནས་དེ་བཞིན་གཤེགས ་པའི་བསྟོན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ།། བུ་དང་བཅས་པའི་འཁོར་གཞན་དེའི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་འདོད་པས་དེའི་རྗེས་སུ་རླབག་ཏུ་བྱུང་བར་གྱུར་ཏོ།། ལོ་ནི་བརྒྱ་ཕྲག་ཉི་ཤུ་ཡོངས་སུ་ཚོང་བར་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རབ་ཏུ ་བསྟན་པ་དང་། ཐོས་པའི་དུས་ངེས་པར་བསྟན་པ་ཡིན་ནོ།། དེ་ནས་དུས་ཀྱང་གཞན་དུ་གྱུར་པའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་དེ་ཡང་མྱ་ངན་ལས་འདས། ཉན་ཐོས་རྣམས་ཀྱང་མྱ་ངན་ལས་འདས་ནས་དེའི་ཆོས་ཉམ ་ཆུང་བར་གྱུར། ཡོངས་སུ་འཛིན་པ་ཡང་ཉུང་བར་གྱུར་པ་ན་རྒྱལ་པོ་དེའི་བུ་རྒྱལ་ཚབ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་དང་པར་གྱུར་པ་ཞིག་བྱུང་བ་དེའི་ཁབ་ཏུ་རྟག་ཏུ་འོང་བའི་དགེ་སློང་ཞིག ་ཡོད་པ་དེས་ཏིང་ངེ་འཛིན་འདི་རབ་ཏུ་བསྟན་ཏོ།། ཡང་དག་པར་བཤད་དོ།། དེ་ཡང་ཡང་དུ་འོང་བ། ཤིན་ཏུ་འཇམ་པ། སྙན་པར་སྨྲ་བའོ།། སྔོན་གྱི་འབྲེལ་བར་གྱུར་པའི་ལྷ་ཞིག་རྟག་ཏུ་དེའི་བསྔགས་པ་བརྗོད་པར་བྱེད་དོ།། དེ་ཡང་དྲན་པ ་དང་། བློ་གྲོས་དང་། རྟོགས་པ་དང་། བརྟེན་པ་ཕུན་སུམ་ཚོགས་པའི་ཕྱིར་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཚིག་གིས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པ་ལ་མཁས་པས་ཆོས་གོས ་དང་། ལྷུང་བཟེད་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་མང་དུ་རྙེད་པ་དང་ལྡན་པས་གྲགས་པ་དང་ལྡན་པའི་འོད་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་འོད་འདི་ལ་ཡོད་པས་དགེ་སློང་དེའི་མིང་སྨན་པའི་འོད་ཅེས་བྱའོ།། གཞན་དགེ ་སློང་མང་པོས་དེའི་བསོད་ནམས་ཀྱི་སྟོབས་མཱ་བཟོད་ནས་དམིགས་པའི་ལྟ་བ་ཅན་དེ་དག་ལ་ཕྲག་དོག་གི་མཚན་རྣོན་པོ་སྙིང་ལ་ཕོག་པར་གྱུར་པས་དེ་མ་དད་པའི་སེམས་བསྐྱེད་པར་གྱུར་ཏོ།། དགེ་སློང་དེ་ཡང་བསོད་ནམས་དང་། ཡེ་ཤེས་དང་། ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་ཐམས་ཅད་ལས་འཕགས་པར་གྱུར་ཅིང་། འཇིག་རྟེན་ཐམས་ཅད་ཀྱི་མིག་འཕྲོག་པར་བྱེད་པ་མཆོད་པར་བྱེད་པོའི་དགེ་སློང་ཆོས་སྨྲ་བ་དེ་ལ་དགེ་སློང་གཞན་དགེ་གདུག་པའི་སེམས ་བསྐྱེད་པར་རིག་ནས་ཆོས་སྨྲ་བ་དེ་བསྲུང་བའི་ཕྱིར་གོ་ཆ་དང་། ཡ་ལང་ལེགས་པར་བགོས་པ། ལགྣ་ན་མཚོན་སྣ་ཚོགས་ཐོགས་པ་སྐྱེས་བུ་རྣམས་ལྔ་བཀའ་སྩལ་པས་དེ་བསྐོར་ནས་དོགས་པ་དང་། བག་ཚ་བ་དང་བྲལ་བས་སྟོང་བ་དང་། ་མཚན་མ་མེད་པ་དང་། དོན་དམ་པ་མྱ་ངན་ལས་འདས་པ་རབ་ཏུ་སྟོན་པའི་ཆོས་རབ་ཏུ་སྟོན་ཏོ།། དམྱིགས་པའི་ལྟེ་བ་ཅན་གང་དྲུག་ཡིན་པ་དེ་དག་ནི་སྟོང་པ་ཉིད་བསྟན་པ་ལ་སྤྲོ་བ་མེད་དོ།། དགེ་སློང་དག་ནི་ལྗག་ནུ་མཚན་ཐོགས་འོངས་ཞེས ་བྱ་བ་ལ་སོགས་པ་ལ། རང་དང་རྗེས་སུ་མཐུན་པའི་ཆོས་སྟོན་པར་བྱེད་པ་དགྲ་འདི་གསང་བར་བྱ་བའི་ཕྱིར་ལག་ནི་མཚོན་ཆ་སྣ་ཚོགས་ཐོགས་པས་འབྲེལ་བའི་ལག་པ་དང་བཅས་པས་ལངས། དགེ་སློང་འདི་ནི་ཆོས་མིན་རབ་སྟོན་གྱིས ་ཞེས་བྱ་བ་ལ་སོགས་པ་ལ། དགེ་སློང་འདི་ནི་བདག་ཅག་གི་འདོད་པ་དང་མི་མཐུན་པའི་ཕྱིན་ཅི་ལོག་གི་ཆོས་སྟོན་གྱིས་འདི་བསད་ན་བསོད་ནམས་ཉིད་མང་དུ་འཕེལ་བར་འགྱུར་གྱིས་བདག་ཅག་ལ་བསོད་ནམས་མ་ཡིན་པ་རོ་ནི་མི་འགྱུར། ་རོ་ཞེས་ངེས་པར་བསྣམས་ནས་རྡེག་པར་བརྩམ་པ་དང་། མཐོང་ནས་དགེ་སློང་མཚན་གྱིས་མི་འཇིགས་ཏེ་ཞེས་བྱ་བ་ལ་སོགས་པཱ་ལ། མང་དུ་མཚོན་ཆ་སྣ་ཚོགས་རྡེག་པར་བྱེད་པ་དེ་དག་མཐོང་བ་ཡང་འཆི་བའི་འཇིགས་པ་མེད་པས ་བྱགྲ་ཆུ་བ་ཅི་ཡང་མེད་ཀྱི། སྤྱོང་པ་ཉིད་རྗེས་སུ་དྲན་ཞིང་གྲང་གསང་བ་དང་། གང་གིས་གསོད་པ་དང་། ཅིས་གསོད་པ་དེ་དག་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་བསད་དུ་མེད་དེ། འཆི་བར་འགྱུར་བ་ཡང་མེད་པའི་ཕྱིར་སུ་ཞིག་འཆི་བར་འགྱུར་ཞེས་ངེས ་པརརྱ་སེམས་པའི་བློས་དེ་བཞིན་གཤེགས་བྱ་ཐམས་ཅད་ལ་ཕྱག་འཚལ་ནས་བདེན་པའི་བྱིན་གྱིས་བརླབས་རྩོམ་པར་བྱེད་དོ།། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་བདེན་པ་དང་། བདེན་པའི་ཚིག་འདིས ་མཚོན་ཆ་འདི་དག་མནྡ་རཱ་བའི་མེ་ཏོག་ཏུ་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་ངོ་མཚར་རྨད་དུ་བྱུང་བའི་ལྷས་བྱུང་བར་གྱུར་ཏེ། མཚོན་ཆ་དེ་དག་ཀྱང་མེ་ཏོག་མནྡ་ར་བར་གྱུར། རཱི་དང་ནགས་ཚལ་དང་བཅས་པའི་ས་ཆེན་པོ་ཡང་གཡོས་པར ་གྱུར་ཏོ།། མཚོན་ཆ་འཛིན་པའི་དགེ་སློང་དེ་དག་ཀྱང་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཡང་དེ་དང་ཉེ་བར་འགྲོ་བར་མ་ནུས་སོ།། སུ་དག་ཐུབ་དབང་ལ་ནི་ངང་མོས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གང་དག་སྟོང་པ ་ཉིད་ལ་མོས་པ་དེ་དག་ནི་ཐུབ་པའི་དབང་པོ་དེ་ལ་དད་ཅིང་མོས་པར་གྱུར་ཏེ། དེ་དག་ཨེ་ལ་ལ་སྟོང་ཞེས་བརྗོད་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་ལ་ཞེས་བྱ་བ་ནི་སྡིག་པ་ཅན་ལ་སྨང་པས་དགེ་སློང་སྡིག་པ་ཅན་གྱི་སྤྱོད་པ ་སྨད་པཱ་དང་། ཆོས་སྨྲ་བ་ལཱ་སེམས་དང་བ་བསྐྱེད་པས་ལན་སྟོང་སྐྱེད་བརྗོད་པའོ།། རས་བཅོས་བུ་བརྒྱ་སྟོང་གིས་དགེ་སློང་མངོན་པར་གཡོགས་ཞེས་བྱ་བ་ལ་ཆོས་སྨྲ་བའི་དགེ་སློང་དེ་རང་བཞིན་གྱི་བཟང་བ་ཉིད་དང་། བདག ་ཉིད་ཀྱི་བྱམས་པ་ཆེན་པོའི་བདག་ཉིད་ཅན་དུ་གསོལ་བར་བསྟན་པའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་མདུན་དུ་ཚིག་འདི་སྐད་ཅེས་བརྗོད་པར་བྱེད་དོ།། སེམས་ཅན་སུ་དག་ང་ལ་སྡང་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་བདག ་གསད་པར་བྱ་བའི་ཕྱིར་སྡང་བའི་སེམས་ཀྱིས་ཞུགས་པ་དེ་དག་ངེས་པར་མནར་མེད་པར་འགྲོ་བར་འགྱུར་བས་དེ་དག་གཟུང་བར་བྱ་བའི་ཕྱིར་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་བླང་བར་བྱའི། གཞན་གྱིས་ནི་གཟུང་བར་ནུས་པ་མ ་ཡིན་ནོ།། ཞེས་སྨྲས་ནས་དགེ་སློང་ངེས་ལོ་བརྒྱད་ཅུར་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྟོང་པ་ཉིད་ཀྱི་མཛོད་བཤད་དོ།། དགེ་སློང་གང་དག་སྡང་པོར་གྱུར་པ་དེ་དག་ནི་ཕ་མོ་པར་གྱུར་ཅིང་འཇིག་རྟེན་ཐམས་ཅད་ཀྱིས་སྨད་ཅིང་བརྙས་པར ་གྱུར་ཏོ།། དགེ་སློང་དེ་ནི་གཞན་དག་གཤེ་བའི་ཚིག་དྲུག་པོ་མཚན་ཆ་དང་འདྲ་བས་སྨད་ཅིང་ཞེར་འདེབས་པར་བྱེད་ཀྱང་དགེ་སློང་སྡིག་པ་ཅན་གྱི་ཡུལ་དེ་དག་ལ་ཡང་བཟོད་པ་ལ་གོམས་པའི་སྟོབས་ཀྱི་བཞིན་གྱི་པདྨའི་མདངས་གཞན་དུ་གྱུར་པ ་མྱེད་དོ་ཞེས་བྱ་བ་ཡིན་ནོ།། དེ་ནས་དགེ་སློང་དེ་ལ་རྒྱལ་པོའི་བུ་བསོད་ནམས་བློ་གྲོས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་གི་སློབ་དཔོན་དེ་ལ་གྲང་སུ་དག་གིས་ཡིད་མི་བདེ་བའི་རྒྱུ་སེམས་ལ་གནོད་པ་ཅི་ཞིག་མ་བྱས་སམ་ཞེས་སྨྲས་པ་དང་། བཟོད་པ་ལྔ ་གོམས་པར་བྱས་པའི་སྟོབས་ཀྱིས་སེམས་ལ་བྱམས་པ་ཆེན་པོ་ཤིན་ཏུ་བསྟན་པར་རིང་དུ་གོམས་པར་གྱུར་པས་ཁྲོ་བ་དང་འཁྲུག་པས་བསྐྱེད་པའི་གནང་པ་མ་མཆིས་སོ་ཞེས་སྨྲསོ།། གང་གིས་བསྐལ་པ་བརྒྱ་སྟོང་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི ་ཚེ། བཟོད་པོ་ལེགས་པར་སྒོམ་པའི་བདག་ཉིད་དུ་བྱས་པའི་དགེ་སློང་སྙན་པའི་འོད་ཅེས་བྱ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ང་ཡིན་ནོ།། གང་གིས་ཆོས་སྨྲ་བའི་དགེ་སློང་སྙན་པའི་འོད་སྲུང་བར་བྱེད་པའི་རྒྱལ་པོའི་བུ་བསོད་ནམས ་བློ་གྲོས་གང་ཡིན་པ་བྱམས་པ་འདི་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ།། གང་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང་ཕྱུག་ལ་མཆོད་པ་བྱས་པའི་རྒྱལ་པོ་མེ་ཏོག་མཆོག་ཅེས ་བྱ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་མཆོག་ཅེས་བྱ་བར་གྱུར་ཏོ་ཞེས་ལུང་བསྟན་ནོ།། དེ་ལྟ་བུར་བསྐལ་པ་དཔག་ཏུ་མེད་པས་ཆོས་མཉན་པོ་དང་། བསམ་པ་དང་། བསྒོམ་པ ་མངོན་སུམ་དུ་བྱ་བའི་ཕྱིར་བཟོད་པ་རྣམས་གསུམ་མངོན་དུ་བྱས་སོ།། དེ་ལྟར་ངས་སྔོན་བཟོད་པའི་སྟོབས་བསྒྲུབ་པ་བཞིན་དུ་གཞོན་ནུ་ཁྱོད་ཀྱང་རྗེས་སུ་སློབས་ཤིག་ཅེས་ཟླ་འོད་གཞོན་ནུ་ལ་གདམས་པའོ།། དཱ་མྱ་དྲན་ལས་འདས་པར་གྱུར་ནས ་དོན་དམ་པའི་ཆོས་རྣམ་པར་འཇིག་པར་གྱུར་པའི་ཚེ་མུ་སྟེགས་ཀྱི་གཞུང་ལ་བརྩོན་ཅིང་ཞེན་པའི་དགེ་སློང་མད་པོ་འབྱུང་བར་འགྱུར་ཏེ། དེ་དག་པའི་དམ་པའི་ཆོས་སྟོང་པ་ཉིད་ལྟ་བ་ངན་པ་ཐམས་ཅད་འཇིག་པར་བྱེད་པ་འདི་སྤོང་བར་བྱེད་པར ་འགྱུར་ཏེ། དེ་དག་ནི་རྨོངས་པའི་ཡུན་ནག་འཐུག་པོར་ཞུགས་པས་བདག་ཉིད་འཕུང་བར་བྱས་ནས། གཞན་དག་ཀྱང་འཕུང་བར་བྱེད་པ་ཡིན་ནོ།། ཞེས་བྱ་བས་དེའི་ཕྱིར་བག་ཡོད་པར་བྱའོ།། གང་ཡང་ནད་ཐམས་ཅད་ཞི་བར་བྱེད་པའི་བདུད ་རྩི་འཐུང་བ་བཞིན་དུ་སྟོང་པ་ཉིད་ལ་མོས་པ་དེ་ནི། ངའི་བསྟན་པ་ལས་རབ་ཏུ་བྱུང་བ་ཞེས་བྱའོ།། དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་ཏེ། གསོ་སྦྱོང་གིས་ལས་ལ་སོགས་པ་ཡང་རུང་བ་ཁོ་ནའོ།། དེ་ལྟ་བས་ན་ལུས་དང་སྲོག་ལ ་འང་བལྟོས་པ་མེད་པར་བྱས་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་བདག་ཉིད་བསྒོམ་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་གྱིས་ཕྱིར་ངལ ་བ་མེད་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ས་རྣམས་ངེས་པར་སྒྲུབ་པར་བྱེད་པའི་དགེ་བའི་རྩ་བ་རྣམས་ཉེ་བར་བསྒྲུབ་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། མཆོད་པ་ཐམས་ཅད་དང་། ལུགས་སྐུ་ལ་སོགས་པ་ཡང་འདི་དག་ཉིད་ཀྱི་ཁོངས་སུ ་གཏོགས་པས་མ་སྤྲོས་སོ།། གང་གི་ཚེ་སྟོང་པ་ཉིད་བསྒོམ་པས་འདོད་ཆགས་ལ་སོགས་པ་རྣམ་པར་བསལ་བར་མི་ནུས་པ་དེའི་ཚེ། འདོད་ཆགས་ལ་མི་སྡུག་པ་དང་། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་ཤེས་རབ་ནི་གཉེན་པོ་ཡིན་ནོ་ཞེས་བྱ ་བས་མི་སྡུག་པ་ལ་སོགས་པ་བསྒོམ་པར་བྱ་བ་ལ་སོགས་པ་ནི་མན་དྲུག་གོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ།། འཇིག་རྟེན་གྱི་ཆོས་བརྒྱད་རྣམ་པར་སྤངས་པའི་སེམས་ཀྱིས་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཁོ་ན་ཉིད་རྗེས་སུ་ཚོལ་བ་གཅིག་ཏུ་མངོན ་པར་ཞེན་པས་ཚུལ་བཞིན་དུ་བསྒོམས་ན་སངས་རྒྱས་ཉིད་དུ་འགྱུར་གྱི་ཚིག་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བསྟོན་ཏོ།། སངས་རྒྱས་སྨྲས་པོ་བདེ་གཤེགས་འོད་ཀྱི་ཕྲེང་བས་ཕྲེང་བརྒྱུས་པའི། མ་ལུས་འཁོར་ལོ་དེ་ཡི་སྙན་པའི་འོད་ཀྱིས་ཁྱབ་པར ་འགྱུར། བསོད་ནམས་ཡེ་ཤེས་དག་གིས་དེ་ཉིད་མ་ལུས་གསལ་བྱས་ནས།། དེ་ནི་ཡང་འདིར་ཤཱཀྱའི་མགོན་པོ་ཤིན་ཏུ་མགོན་པོར་གྱུར།། སྙན་པའི་འོད་ནི་དེ་ཉིད་ཤེས་པའི་མ་ཚིག། ཏིང་འཛིན་རྒྱལ་པོ་ཡོན་ཏན་ལྡན་པར་གྲགས།། སྙན་པའི་འོད ་ཀྱིས་ཤིན་ཏུ་གསལ་བར་བྱས།། སྙན་པའི་འོད་འདིར་ཐུབ་པའི་དབང་པོར་གྱུར།། སྙན་པའི་འོད་ཀྱི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའི་འགྲེལ་པ་རྫོགས་སོ།། ། ད་ནི་བྱང་ཆུབ ་སེམས་དཔའ་ལུས་དང་ངག་དང་། ཡིད་ཀྱི་སྡོམ་པས་བསྡམས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྡོམ་པ་གསུམ་ལས་ངེས་པར་བྱུང་བ་ཡིན་པས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པར་འགྱུར་བས ་དེ་ལ་མངོན་པར་བརྩོན་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། དེ་ལ་ལུས་ཀྱི་སྡོམ་པ་ཉེ་བར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལུས་ཀྱི་སྡོམ་པ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་པ ་དང་། ཀུན་རྫོབ་པའི་དོན་དམ་པའི་ལུས་ནི་ཆོས་ཀྱི་སྐུའོ།། དེ་མངོན་སུམ་དུ་བྱེད་པ་དང་། བསྲུང་པོའི་ལུས་ཀྱི་སྡོམ་པ་ཞེས་བྱའོ།། ཡང་དག་པའི་མཆོག་དང་། གཙོ་བོ་ཞེས་བྱ་བ་ནི་སྡོམ་པ་སྟེ། ལུས་ཀྱི་སྡོམ་པའོ།། འདི་ཉིད་བསྟན་པར ་བྱ་བའི་ཕྱིར། ལུས་ཀྱི་སྡོམ་པ་གང་དང་ལྡན་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འགྱུར་བ་དེ་ནི་ལུས་ཀྱི་སྡོམ་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་སྐུ་ཉིད་ཆོས་ཐམས ་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་སུ་གྱུར་པ་ནི་དེ་ཐོབ་པའོ།། ལོངས་སྤྱོད་རྫོགས་པའི་སྐུ་ཡང་དོན་དམ་པ་པ་ཡིན་ཞེས་བྱ་བར། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ཐོབ་པར་འགྱུར་བ་དེ་ནི་ཞེས ་བྱ་བ་ལ་སོགས་པ་ཡིན་ཏེ། ངོ་བོ་ཉིད་ལོངས་རྫོགས་པ་དང་།། དེ་བཞིན་གཞན་ནི་སྤྲུལ་པ་དང་།། ཆོས་སྐུ་ཞེས་བྱ་བ་ལ། ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བསྟན་པའི་ཕྱིར་ལུས་ཀྱི་སྡོམ་པ་གང་དང་ལྡན་པ་དེ་བཞིན་གཤེགས ་པའི་སྟོབས་བཅུ་འཐོབ་པ་ཞེས་བྱ་བ་ལ་དེ་ལ་དང་པོར་བྱང་ཆུབ་སེམས་དཔའི་སྟོབས་བཅུ་ནི་ལྷག་པར་མོས་པའི་སྟོབས་དང་། སོ་སོར་བརྟགས་པའི་སྟོབས་དང་། བསྒོམས་པའི་སྟོབས་དང་། བཟོད་པའི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། ་སྤོང་བའི་སྟོབས་དང་། སྤོབས་པའི་སྟོབས་དང་། ཐོས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། སྒྲུབ་པའི་སྟོབས་ཏེ། འདི་བདག་གི་བཤད་པ་རྒྱས་པ་ནི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་ནས་ཤེས་པར་བྱའོ།། དེ་བཞིན ་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ལུས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང ་པོའི་རྣམ་པ་དབྱེ་བ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དྲང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན ་པ་མཁྱེན་པའི་སྟོབས་དང་། འིཆེ་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ།། འདི་དག་གི་བཤད་པ་ཡང་དེ་ཉིད་ནས་ཤེས་པར་བྱའོ།། མི་འཇིགས་པ་བཞི་ཞེས་བྱ་བ་ལ། བཞི་གང་ཞེ་ན། སྐྱེ་མ་བདག་ཡང ་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ན་ཆོས་འདི་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་གང་གིས་ཀྱང་ཆོས་དང་ལྡན་པར་རྒོལ་བར་འགྱུར་བའི་རྒྱུ་དགེ་སློང་དང་བྲམ་ཟེའི ་ནང་ནས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བླདྲ་བ་ཐོབ་པ་དང་། བྲག་ཚ་བ་མེད་པར་ཐོབ་པ་དང་། མི་འཇིགས་པ་ཐོབ་པའི་འདི་ནི་དང་པོའི།། དེ་བཞིན་དུ་བདག་ཟག་པ་ཟད་དོ།། ཞེས་དེས ་བཅས་པ་ན་ཟག་པ་འདི་རྣམས་ཟད་པར་མཾ་གྱུ་རཱི་ཏོ།། ཞེས་བྱ་བ་དང་། དེ་བཞིན་དུ་བདུག་གི་ངེས་པར་འབྱུང་བའི་ལམ་བསྟན་པ་ན་འདི་ནི་སྡུག་བསྒྲལ་ཟད་པ་ཡང་མ་ཡིན་ངེས་པར་འབྱུང་བ་མ་ཡིན་ཞེས་ཟེར་བ་གནས་མེད་དོ་ཞེས་བྱ་བ་དང་། ་གང་ཡང་བདག་གིས་བར་དུ་གཅོད་པར་འགྱུར་བའི་ཆོས་བཤད་པ་ན་འདི་ནི་བར་དུ་གཅོད་པ་མ་ཡིན་ནོ་ཞེས་ཆོས་དང་ལྡན་པར་རྒོལ་བ་དེ་གེ་སྦྱོང་དང་བྲམ་ཟེའི་ནང་ནས་ཞེས་བྱ་བ་སྡེ་མ་བཞིན་ནོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ ་བརྒྱད་ཐོབ་པ་ཞེས་བྱ་བ་ནི་གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ཉེ་བར་བཟུང་ནས། གང་གིས་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ།། ་མི་མངའོ།། དགོངས་པ་ཉམས་པ་མ་མངའོ།། ཐུགས་མཉམ་པར་མ་གཞག་པ་མི་མངའོ།། འདུ་ཤེས་སྣ་ཚོགས་མི་མངའོ།། ཀུན་ཏུ་མ་བརྟགས་པའི་བཏང་སྙོམས་མི་མངའོ།། འདུན་པ་ཉམས་པ་མི་མངའོ།། བརྩོན་འགྲུས་ཉམས་པ་མངའོ།། ་དྲན་པ་ཉམས་པ་མི་མངའོ།། ཏིང་ངེ་འཛིན་ཉམས་བུ་མི་མདའོ།། ཤེས་རབ་ཉམས་པ་མི་མངའོ།། རྣམ་པར་གྲོལ་བ་ཉམས་པ་མི་མངའོ།། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ།། གསུང་གི ་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་ཡེ་ཤེས་ཀྱི་རྗེས་སུ་འབྱུང་བའོ།། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ།། འདྲེས་པའི་དུས་ལ་མ་ཐོགས་མ་ཆུགས་པའི་ཡེ་ཤེས་གཟིག ་པོ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤོས་གཟིགས་པ་འཇུག་པ་ཞེས་བྱ་བ་སྟེ། འདི་ནི་གཞོན་ནུ་ལུས་ཀྱི་སྡོམ ་པ་ཞེས་བྱའོ་ཞེས་བྱ་བ་ནི་ཐམས་ཅད་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་ལུས་ཀྱི་སྤྲོས་པ་ཞེས་གཟུང་བར་བྱའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒྲོ་གསུམ་ནི་སྨྲས་ཀྱི་སྡོམ་པའོ།། བྱམས་པ ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ནི་ལུས་ཀྱི་སྡོམ་པའོ།། ཆོས་དང་། དོན་དང་། ངེས་པའི་ཚིགས་དང་། སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཞི་ནི་ལུས་ཀྱི་སྡོམ་པགོ། དྲན་པ་ཉེ་བར་གཞག་པ ་བཞི་སྟེ། ལུས་དང་། ཚིར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་བཞིའོ།། ཡང་དག་པར་སྤོང་བ་བཞི་ནི་སྡིག་པ་བྱས་པ་རྣམས་སྤོང་བ་དང་། མ་བྱས་པ་རྣམས་མི་བྱེད་པ་དང་། དགེ་བ་བྱིས་པ་རྣམས་སྤེལ་བར་བྱེད་པ་དང་། ་མ་བྱས་པ་རྣམས་བྱེད་པ་ལ་འདུན་པ་སྐྱེད་ཅེས་བྱ་བ་ལ་སོགས་པའོ།། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང ་འཛིན་དང་། ཤེས་རབ་ཅེས་བྱ་བ་དབང་པོ་ལྔ་དང་། གཞན་དེ་དག་ཉིད་སྟོབས་དང་ལྡན་པར་གྱུར་པའི་སྟོབས་ལྔ་པོ་དང་། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དགེ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏེ། བྱང ་ཆུབ་ཀྱི་ཡོན་བདུན་དང་། འཕགས་པའི་ལམ་ཡན་ལགྲོ་བརྒྱ་དེ་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཆི་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག ་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ལུས་ཀྱི་སྡོམ་པའོ།། ཞེས་བྱ་བས་ནི་དོན་དམ་པའི་ལུས་ཀྱི་སྡོམ་པ་བསྟན་ཏོ།། ང་ནི་ཀུན་རྫོབ་པའི་ལུས་ཀྱི་སྡོམ་པ་བརྗོད་པར་བྱའོ།། ལུས་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ ་སྲོག་གཅོད་པ་སྤོང་བར་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་བསྲུང་བ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་སྤོང་བ་ནི་ལུས་ཀྱི་སྡོམ་པའོ།། གཞན་ཡང་མི་དགེ་བའི་བྱེ་བྲག་རྣམས་བསྟན་པའི་ཕྱིར། ་སྲང་ལ་གཡོ་བྱེད་པ་དང་ཞེས་བྱ་བ་ལ། སྲང་ལ་གཡོ་བྱེད་པ་ནི་སྲང་མཐོ་དམན་དུ་བྱེད་པའོ།། ཚུད་ལ་གཡོ་བྱེད་པ་ནི་བྲེ་ཕུལ་མཐོ་དམན་དུ་བྱེད་པ་ལ་སོགས་པའོ།། ནོར་ལ་གཡོ་བྱད་པ་ནི་བཅོས་མའི་གསེར་ལ་སོགས་པ་བྱེད་པའོ།། ཆགས ་པ་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་ནུས་བསླང་བའི་སེམས་ཀྱིས་བཅིང་བ་ནི་ལྕགས་སྒྲོགས་ལ་སོགས་པས་བསྡམས་པའོ།། གཟུང་བ་ནི་བཅིང་བའི་གནས་སུ་བཅུག་ནས་འཛིན་པའོ།། རྡེག་པ་ནི་དབྱིགས་པ་ལ་སོགས་པསོ།། སྡིགས ་པ་ནི་འདི་བཞིན་གྱིས་ཤིག་མི་བྱེད་ན་ཁྱོད་གཉེན་དང་བཅས་པ་འཆི་བར་བྱའི་ཞེས་བྱ་བ་ལ་སོགས་པས་འབྲོས་པར་རློམ་པའོ།། བཅད་པ་ནི་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་ལ་སོགས་པ་གཅོད་པའོ།། དབུགས་པ་ནི་མདུང་ལེ ་བསྐྱོན་པའོ།། ཞེ་ལྔ་གནོན་པ་ནི་གཞན་གནོད་པ་བྱེད་པ་ལ་མི་བཟོད་པའོ།། དེ་དག་ལས་ལྡོག་པ་ནི་ལུས་ཀྱི་སྡོམ་པའོ་ཞེས་བྱ་བའོ།། ལག་པ་རྒོད་པ་དང་། རྐང་པ་རྒོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཀྱང་དོན་འདི་ཉིད་བསྟན་པ་ཡིན་ནོ།། ་བཤོད་པ་རྣམ་པ་གཉི་ག་ཡང་ལུས་ཀྱི་སྡོམ་པ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཞོན་ནུ་སྟོན་བྱུང་བ་འདས་པའི་དུས་ནུ་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་སྡོམ་པའི་ཏིང་ངེ་འཛིན ་གྱི་སྒོར་འཇུག་པ་ཚིགས་སུ་བཅང་བའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་བྱ་བ་ནི་ཇི་ལྟར་བར་སྣང་ན་མཁའ་རྣམ་པར་དག་པ་སྟེ། ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་ཤིན་ཏུ་རྣམ་པར་དག་པ་རང་བཞིན་གྱིས་འོད་གསལ་བ་སྟེ་དེ་ལྟ ་བུའི་རྣམ་པརླ་དག་པ་ནི་ལུས་ཀྱི་སྡོམ་པའོ།། དེ་ནི་སྒྲས་བསྟན་པར་ནུས་པ་མ་ཡིན་ཏེ། ཚིག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ།། ཇི་ལྟར་ལུས་ཀྱི་སྡོམ་པ་དབེནྱ་ཞིང་སྟོང་པ་ཡིན་པ་ལྟར་ལུས་ཀྱང་སྟོང་པ་སྟེ། ་ལུས་ཀྱི་མཚན་ཉིད་ནི་ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ལུས་དང་སྡོམ་པ་དག་མཚན་ཉིད་གཅིག་པའི་ཕྱིར། ཀུན་རྫོབ་ཏུ་ན་མཁའ་ཞེས་གདགས་པོའི་ཐ་སྙད་ཀྱིས་འཇུག་པར་འགྱུར་རོ།། དེ་བཞིན་དུ་ལུས་དང་སྡོམ་པ་ཞེས་བྱ་བའི ་གདགས་པའི་ཐ་སྙད་ཀྱང་འཇུག་པར་འགྱུར་རོ་ཞེས་བྱ་བའོ།། སྡོམ་པའི་མཚན་ཉིད་དེ་འདྲར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། སྡོམ་པའི་མཚན་ཉིད་འདི་ལྟ་བུ་སུས་ཤེས་པ་དེ་ལ་སྡོམ་པ་ནམ་ཡང་མིང་མི་འགྱུར་ཏེ། ནམ་ཡང ་སྡོམ་པ་ལས་མ་གཏོགས་པའི་སྡོམ་པ་མ་ཡིན་པ་རྗེས་སུ་མི་དམིགས་པའི་ཕྱིར་རོ།། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐོབ་པའི་ཐེག་པ་མེད་པ་ལ། ཉོན་མོངས་པའི་འཇུག་པ་འབྱུང་བར་ག་ལྔ་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། ་གཏི་མུག་གི་དབང་དུ་གྱུར་པས་ནི་ལུས་ཀྱི་སྡོམ་པ་འདི་མངོན་དུ་ཤེས་པར་མི་ནུས་ཏེ། འདོད་ཆགས་ལ་སོགས་པ་དང་འགལ་བ་ཡིན་པའི་ཕྱིར་ལྷན་ཅིག་གནས་པ་འགལ་བ་བཟློག་པར་དགའ་བ་ཡིན་ནོ།། ཟག་པ་མེད་པའི་ལུས་ཀྱི་སྡོམ ་པ་གང་གི་ཤེས་པ་དེ་ནི་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བར་མི་འགྱུར་རོ།། ཉོན་མོངས་པ་དང་བྲལ་བར་གྱུར་ཀྱང་སྨོན་ལམ་གྱི་དབང་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པ་ལ་ནི་འགལ་བ་མེད་དོ།། དགྲ་བཅོམ་པའི ་ཆོས་ནི་དེ་དང་འདྲ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དགྲ་བཅོམ་པ་རྣམས་ལས་དང་ཉོན་མོངས་པའི་དབང་གི་ལེན་པར་མི་འགྱུར་བ་བཞིན་དུ་གང་དག་ཁམས་གསུམ་ལ་ཆགས་པ་མེད་པ་དེ་དག་ཀྱང་དེ་བཞིན་ཏེ། དེས་ལུས་ཀྱི་སྡོམ་པ ་ཤེས་པ་ཞེས་བྱའོ།། ལུས་ཀྱི་སྡོམ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། དོན་དམ་པ་སྟེ། ཆོས་ཀྱི་སྐུའོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡང་དག་པ་གང་ཡིན་པ་ནི་ཡོངས་སུ་གང་བའི་ཕྱིར ་རབ་ནི་མཆོག་ཏེ། སྡོམ་པ་ཞེས་བྱའོ།། དོན་དམ་པརོ་ནི་ཚིག་གི་བརྗོད་དུ་མེད་པས་ཇི་ལྟར་བཤང་པར་ནུས་ནས་ཇི་ལྟར་ལུས་ཀྱི་སྡོམ་པ་ཞེས་བྱ་ཞེ་ན། གསུངས་པ། དོན་ལ་ཞུགས་ལ་ངས་ནི་དོན་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་རྫོབ་ཀྱང ་རང་གི་ངོ་བོ་ལ་མངོན་པར་ཞེན་པ་མེད་པ་དོན་དམ་བཞུགས་པ་རྣམས་ལ་ངས་བསྟན་ཏེ། ཆོས་ཀྱི་སྐུའི་དབང་གིས་སྐལ་པ་དང་ལྡན་པ་རྣམས་ལ་བཤད་པའི་རྣམ་པའི་སྣང་བ་ཡང་འབྱུང་བར་འགྱུར་རོ།། ཞེས་བྱའོ།། དོན་མེད་རྣམས་སྤངས་དོན་ལ་གནས་པ ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། གང་དོན་དང་མངོན་པར་ལྡན་པ་དེ་དོན་མ་ཡིན་པ་སྤངས་ནསཱ་ལུས་ཀྱི་སྡོམ་པ་ལ་གནས་པར་འགྱུར་རོ།། རྒྱལ་བའི་བསྟན་ལ་དོན་དུ་གང་བརྗོད་དང་ཞེས་བྱ་བ་ནི་བློ་དམན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དྲིས་པ། ་དོན་ནི་གང་ཞིག་ཡིན་ཇི་ལྟར་ནི་ཤེས་པར་བྱ་ཞེས་བྱ་བའོ།། ཆོས་ཐམས་ཅད་སྟོང་པ་རང་བཞིན་གྱི་འོད་གསལ་བ་ཞེས་བྱ་བས་དེ་བཞིན་ཉིད་ཀྱི་དོན་ནི་དོན་ཏོ།། ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཡེ་ཤེས་ཀྱི་རང་གི་ངོ་བོ་བསྟན་པ་ཡིན་ནོ།། དོན་ཚུལ ་རང་བཞིན་གང་གིས་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་དོན་གྱིས་ཚུལ་གྱི་རང་བཞིན་ཤེས་པ་དེ་ནི་ལུས་ཀྱི་སྡོམ་པ་ཤེས་པ་ཡིན་ནོ།། གང་གི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོམ ་པ་མེད་པའི་རྣམ་པར་ཐར་པའི་སྒོ་ནས་བདག་མེད་པ་དང་གསོག་ཤེས་པར་བྱ་སྟེ། དེས་ནི་ལུས་ཀྱི་སྡོམ་པ་ཤེས་པར་འགྱུར་རོ།། དངོས་པོ་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་མེད་པ་གང་རིག་པར་གྱུར་པ་དེ་ནི་དངོས་པོ་ཐམས་ཅད་ལ ་ཆགས་པར་མི་འགྱུར་ཏེ། མངོན་པར་ཞེན་པར་མི་འགྱུར་རོ།། དེ་མངོན་པར་ཞེན་པས་མཚན་མ་མེད་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ།། ཏིང་ངེ་འཛིན་རབ་ཏུ་ཐོབ་པས་ལུས་དང་། ངག་དང་། ཡིད་ཀྱི་གནས་དྲན་ལེན་སྡོམ་པ་མ་ཡིན། ་པའི་མཚན་ཉིད་འབྱུང་བར་མི་འགྱུར་རོ།། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་མཚན་མར་འཛིན་པས་གཟུང་ནས་མངོན་པར་ཞེན་པས་ཕྱིན་ཅི་ལོག་སྒྲོ་བཏགས་པས་སྡོམ་པ་མ་ཡིན་པ་འཁོར་བའི་རྒྱུ་བྱུང་བར་ལ་གྱུར་རོ། ་གློགྲ་མ་ཀུན་གྱི་གཡོ་སླ་ཤིང་འགུལ་མི་ནུས་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པའི་ཚུལ་ལ་རབ་ཏུ་གནས་པ་རི་རབ་ལྟར་མི་གཡོ་བའི་རང་བཞིན་ཅན་དེ་ལ་ཇི་ལྟར་གློག་ཨས་རི་རབ་འདོད་ཨས་ལ་སོགས་པས་གཡོ་བར་མི་འགྱུ་ད ་མི་སྲིང་བར་བསྟན་པའི་ཕྱིར་ཡོངས་སུ་བཏག་པ་ཉེ་བར་བཟུང་ནས་ན་མཁའ་ལ་རི་མོ་བྲི་བར་ནུས་ཤིང་ལག་པས་ན་མཁའ་ལ་གཟུང་བར་ནུས་པར་འགྱུར་སྲིད་ཀྱང་ཏིང་ངེ་འཛིན་ལ་གནས་པ་ནི་འདོད་ཆགས་ལ་སོགས་པས་བསྐྱོད་པར ་ནུས་སོ།། གང་ཡང་སེམས་ཅན་ཐམས་ཅད་སྒྲ་ཐམས་ཅད་སྒྲོམ་དུ་བཅུག་ནས་བཅིང་བར་ནུས་ཀྱང་སྲིད། དེ་བཞིན་དུ་ཉི་མའི་འོད་དང་། གློག་དང་། རླུང་རྣམས་རྒྱའི་ནང་དུ་བཟུང་ནས་བཅིང་བར་ནུས་ཀྱང་སྲིད་ཅེས་བྱ་བ་ལ་སོགས་པས་ནི ་ཐམས་ཅད་དུ་མི་སྲིད་པར་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ།། སྤྱོད་ཡུལ་གང་གནས་ལུས་ཀྱི་སྡོམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་གོང་དག་ལུས་ཀྱི་སྡོམ་པ་ལ་གནས་པ་དེ་ལ་ནི་འཇིག་རྟེན་གྱིས་ཆོས་ཐམས ་ཅད་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་འབྱུང་བར་མི་འགྱུར་རོ།། དུག་དང་མཚོན་ལེ་སྔོགས་པས་ཀྱང་གནོད་པར་མི་འགྱུར་རོ།། དེ་བཞིན་དུ་ཏིང་ངེ་འཛིན་ལ་གནས་པས་འཇིགས་པ་དང་། སྐྲག་པ་ཐམས་ཅད་སྤངས་པ་ཡིན།། ་འགྲོ་བ་མ་ལུས་པའི་དོན་བྱེད་པ་ཡིན། ཞི་བ་དང་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་དབང་བ་རབ་ཏུ་ཐོབ་པ་ནི་འཇིགས་པ་དང་། སྐྲག་པ་དང་། ཀུན་ནས་འཁྲུག་པ་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པའི་རྣམ་པར་རྟོག ་པ་ལས་རྣམ་པར་གྲོལ་བ་ཡིན་ནོ།། གང་གི་ཕྱིར་ལུས་ཀྱི་སྡོམ་པ་ལ་ལེགས་པར་བསླབ་པ་ནི་བདག་དང་བདག་གི་འདུ་ཤེས་དང་བྲལ་ཞིང་། འཇིགས་པ་ཐམས་ཅད་དང་བྲལ་བས་བདུད་བྱེ་བ་བརྒྱ་སྟོང་གིས་ཀྱང་བསྐྱོད་པར་མ་ནུས་སོ།། ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པའི་ཕྱིར་སྡོམ་པ་གང་བརྗོད་པ་ནི་གཞུང་གི་སྒོ་ནས་སོ།། བཤད་པ་ནི་བསྒོམས་པའི་ཁྱད་པར་གྱི་མན་ངག་བསྟན་པའོ།། རབ་ཏུ་བསྟན་པ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ལོ་སོགས་པ་ཕ ་རོལ་རྒོལ་བ་མ་ལུས་པས་རབ་ཏུ་སྦྱར་བའི་ཚད་མ་ངན་པ་སུན་དབྱུང་བའི་ཕྱིར་བདེ་བར་གཤེགས་པ་པའི་གཞུང་གི་འདོད་པ་ལ་སྦྱར་བའི་ཚད་མ་དང་ལྡན་པའི་ཆོས་བདག་མེད་པར་རབ་ཏུ་བསྒྲུབས་ནས་གཞུང་དང་དོན་རབ ་ཏུ་བསྟན་པའི་ཕྱིར། ཆོས་རྣམས་ཀུན་ལ་ཡེ་ཤེས་ཐོགས་པ་མེད། ཅེས་བྱ་བ་ལ་སོགས་པ་ལ། ཐོགས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་གཤེགསོ་བ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡོ་ཤེས་མངོན་པར་བྱང་ཆུབ ་ནས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པོའི་དེ་བཞིན་གཤེགས་པའི་སྐུ་ཐུན་མོང་མ་ཡིན་པ་ངེས་པར་སྒྲུབ་པར་འདོད་པས་ཇི་སྐད་གསུངས་པའི་ལུས་ཀྱི་སྡོམ་པ་བསྒོམ་པར་བྱའོ།། ལུས་ཀྱི་སྡོམ་པ་དང་། ་ཡང་དག་པར་ལྡན་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྙེད་དཀའ་བ་མ་ཡིན་ནོ།། དྲང་སྲོང་ཆེན་པོའི་ཆོས་འདི་གང་འདོད་པ་ཞེས་བྱ་བ་ལ་སོགས་པ་ལ། གང་དག་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྟོག ་པར་འདོད་པ་དེས་ཀྱང་ལུས་ཀྱི་སྡོམ་པ་ལ་བསླབས་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པས་ཕྱག་བྱ་བའི་གནས་སུ་འགྱུར་རོ།། སྟོབས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ནི་བཤད་ཟིན་པས་ཡང་བཤད ་པར་མི་བྱའོ།། འདི་འདྲའི་ལུས་ཀྱི་སྡོམ་པ་ཐོས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་ཁྱད་པར་སེམས་ངོས་ལུས་ཀྱི་སྡོམ་པ་ཐོས་ནས་དགའ་བ་དང་། རབ་ཏུ་དགའ་བ་ཐོབ་ནས་རབ་ཏུ་བྱུང་ངོ་།། རབ་ཏུ་བྱུང་ནས་ཀྱང་ལོ་བྱེ་བ་ཕྲག་བཅུ ་ཚངས་པར་སྤྱོད་པ་སྤྱད་དོ།། ཚངས་པའི་གནས་བཞི་ཡང་བསྒོམས་ནས་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་སོ།། ཚུལ་ཁྲིམས་རྣམ་པར་དག་པ་སྐྱོན་མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་དང་། གཞོན་ནུ་གཞན ་ཞིག་ཡིན་ན་མོ་སེམས་གྱུར་ན་ཞེས་བྱ་བ་ལ་སོགས་པ་དེའི་དུས་དེའི་དུས་ཀྱི་རྒྱལ་པོ་ཁྱད་པར་སེམས་གང་ཡིན་པ་དེ་ནི་གཞན་ཡིན་སྙམ་ན་དེ་ལྟར་མི་ལྔ་སྟེ་ཤཱཀྱ་ཐུབ་པ་ཇི་ཉིད་དེའི་ཚེ་རྒྱལ་པོ་ཁྱད་པར་སེམས་ཞེས་བྱ་བར་གྱུར་ཏོ་ཞེས ་གསུངས་སོ།། ད་ནི་ལུས་ཀྱི་སྡོམ་པའི་ཕན་ཡོན་བསྟན་པའི་ཕྱིར་དེ་ནས་ཡང་བཅོ་མ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བས་ནི་ལུས་ཀྱི་སྤྱོང་བ་ཡོངས་སུ་དག་པར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བོ་ལ་བལྟོས་ནས་སློབས་ཤིག་ཅེས་བསྟན་པའོ།། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་རྒྱུ་གང་གི་ཕྱིར་ལུས་ཀྱི་སྤྱོད་པ་ཡོངས་སུ་དྲུག་པུ་ལ་ཀུན་ཏུ་སྦྱང་པར་བྱ་ཞེས་སོམ་ཉི་ཟླ་བའི་ཕྱིར། ལུས་ཀྱི་སྦྱོང་བ་ཡོངས་སུ་དག ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བ་དག་ལ་མི་འཇིགས་ཞེས་བྱ་བ་ལ་སོགས་པཱ་ལ། དམྱལ་པོ་དང་། ཡི་དགྲོས་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་རྒྱུ་ཡོད་པ་མཽ་ཡིན་ནོ།། དུག་དང་། མེ་དང་། ་ཆུ་དངོ་། མཚན་དང་། སེང་གེ་དང་། གླང་པོ་ཆེ་དང་། གླེང་དང་། སྟག་དང་། གནོད་སྦྱིན་ངག་གིས་ཀྱང་འཇིགས་པོར་མི་འགྱུར་ཏེ། འཇིགས་པའི་རྒྱུ་མི་དགེ་བོ་མེད་པའི་ཕྱིར་དང་། གཅིག་ཏུ་དགེ་བའི་རང་བཞིན་གྱིས་ལུས་ཀྱི་སྡོམ་པ་ལ ་མི་དགེ་བ་ཕྲ་མོ་ཙམ་གྱི་གནས་ཀྱང་ཡོད་པ་མ་ཡིན་ནོ།། ཡང་ལུས་ཀྱི་སྤྱོད་བ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལག་མཐིལ་དུ་བཞག་སྟེ། ་ཏཱ་ལ་གཅིག་ཙམ་མམཱ། ཏཱ་ལ་བདུན་ཙམ་གྱི་བར་དུ་སྟེང་དུ་འཕེན་པར་བྱེད་དོ་ཞེས་བྱ་བས་ནི་སྟོབས་རྣམས་ཀྱི་མཐར་ཐུག་པ་ཐོབ་པའི་བར་ཡང་ལུས་ཀྱི་སྡོམ་པ་ལེགས་པར་བསྡམས་པ་ལ་རྙེད་དཀའ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར ་རོརེ། རྫུ་འཕྲུལ་དང་ཆོ་འཕྲུལ་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཞེས་བྱ་བས་ནི་ལུས་ཀྱི་སྡོམ་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཉིད་དུ་བསྟན་པ་ཡིན་ནོ།། ཀུན་ཚོགས་པས་ན་རྫུ་འཕྲུལ་ལོ།། ཆོ་འཕྲུལ་ནི་ཡང་རྫུ་འཕྲུལ་གང་དང་ཡང ་དག་པར་ལྡན་པས་རྫུ་འཕྲུལ་གྱི་ཡུལ་སྣ་ཚོགས་པ་ཉམས་སུ་མྱོང་བ་དེ་གཅིག་ཏུ་གྱུར་ཅིང་མང་པོར་ཡང་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱུས་པར་འབྱུང་བ་སྟེ། གཟུགས་བསྟན་པས་འདུལ་བའི་སེམས་ཅན་རྣམས་འདུན་པར་བྱ་བའི་ཕྱིར། ་གཅིག་ཏུ་གྱུར་ཅེས་བྱ་བ་ནི་མདོར་བསྡུས་པའི་གཟུགས་བསྟན་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་རོ།། སྣང་བར་གྱུར་པ་ནི་གཟུགས་གསལ་བ་ཉིད་དོ།། མི་སྣང་བར་གྱུར་པ་ནི་གཟུགས་མཐོང་བ་མེད་པ་ཉིད་དོ།། རྩིག་པ་ལ ་ཐང་ཀར་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། རྩིག་པ་དང་། ར་བ་དང་། བྲག་ལ་སོགས་པ་ཐོགས་པ་དང་བཅས་པའི་རྫས་རྣམས་ལ་ཐོགས་པ་མེད་པར་འགྲོ་བའོ།། དེས་ན་ཐམས་ཅད་ལ་ཐིགས་པ་མེད་པར་འགྲོ་བ་ཞེས་བྱའོ།། ནམ་མཁའ་ལ་ཡང ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བར་བྱེད་ལ། ས་ལ་ཡང་སྟེང་དུ་འབྱུང་བར་བྱེད། བྱི་ཟུལ་ཡང་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ།། ཆུ་ལ་ཡང་ས་ལ་བྱ་བ་བཞིན་མི་འབྱིང་བར་འགྲོ་བའོ།། ཆོ་འཕྲུལ་ཟུང་སྟོན་ཅིང་འབར་བ་དང་། ཆར་འབེབས་པའི ་མཚན་ཉིད་སྟོན་ཏེ། བསྐལ་པ་སྲོག་པའི་མེ་ལྟ་བུའི་མེའི་ཕུང་པོ་ལུས་ཀྱི་ཕྱོགས་གཅིག་ནས་སྟོན་པར་བྱེད་དོ།། འཇིག་པའི་དུས་ཀྱིས་སྤྲིན་གྱི་ཆར་གྱི་རྒྱུན་བཞིན་དུ་ལུས་ཀྱིས་ཕྱོགས་གཅིག་ནས་ཆུའི་ཕུང་པོ་འབེབས་པར་བྱེད་དོ།། བསྐལ ་པ་སྲེག་པའི་མེའི་ཕུང་པོ་གང་ཡིན་པ་ཡང་ཁའི་དབུགས་གཅིག་གིས་ཞི་བར་བྱེད་དོ།། ཚངས་པའི་འཇིག་རྟེན་གྱི་བར་བར་དུ་ལུས་ཀྱི་སྐྱིལ་མོ་ཀྲུང་གཅིག་གིས་དབང་བསྒྱུར་རོ།། དོན་འདི་དག་ཉིད་ཚིགས་སུ་བཅང་བའི་དབྱིངས་ཀྱིས ་བསྟན་པ་ནི་མ་བཤང་ངོ་།། རྫུ་འཕྲུལ་གྱི་ཆོ་ག་བསྟན་ནས་དནྟི་ལྷའི་རྣ་བ་ལ་སོགས་པ་བཤང་བར་འདོད་པས། གཞོན་ནུ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། ལུས་ཀྱི་སྤྱོད་པ་ཡོངས་སུ་དགུ་པའི་བྱང་ཆུབ་སེམས་དཔའ་ནི་ལྷའི ་རྣ་བའི་ཁམས་མིའི་ལས་འདས་པས་ལྷའི་དྲང་གཞན་དག་གི་སེམས་ཅན་ཐམས་ཅད་ཀྱི་སྐུ་ཐམས་ཅད་ཐོས་ཏེ། གང་ཐག་རིང་བ་དང་གཞན་དག་ཀྱང་རུང་། ཕྲ་བ་དང་། རྒྱ་ཆེ་བཱ་ཡང་ཐོས་སོ་ཞེས་བྱ་བའོ།། དེ་བཞིན་དུ་ལྷའི་སྣའི ་དབང་པོ། མིའི་ལས་འདས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲིའི་ཁྱད་པར་ཡིད་དུ་འོང་བ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བའི་རྒྱུ་དེ་དག་ཐམས་ཅད་ཚོར་རོ།། མིག་དང་། སྣ་དང་། ཡིད་ཀྱི་དབང་པོ་རྣམས་ནི་མང་འཐོབ ་པའི་ཡུལ་ཅན་ཡིན་ལ། གསུམ་ནི་གཞན་ནོ་ཞེས་བྱ་བ་འདི་ཚིག་གིས་བསྟན་ན་ཇི་ལྟར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་དྲི་རྣམས་སྣའི་དབང་པོས་འཛིན་པར་ནུས་ཞེས་ཟེར་ན། དེ་ནི་དེ་བཞིན་གཤེགས ་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པ་གཞན་རྣམས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་དབང་པོ་རྣམས་ནི་ཡུལ་ཐམས་ཅད་ཀྱི་ཡུལ་ཅན་ཏེ། ཐམས་ཅད་ཀྱང་དོན་ཐམས ་ཅད་སྤྱོད་ཡུལ་བའོ་ཞེས་བྱ་བའི་ཚིག་གིས་སོ།། སེམས་ཙམ་སོ་སོར་སྣང་བ་ལ་བར་ཆད་ལ་སོགས་པ་ནི་ཀུན་ཏུ་རྟོག་པའི་ཟོས་བསྒྲུབས་པ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ།། སྣའི་དབང་པོ་དང་། རོའི་དབང་པོ་དང་། ་རེག་བའི་དབང་པོ་རྣམས་ཀྱིས་ཐམས་ཅད་ཤེས་བྱ་བ་སྟེ། ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པ་ཉིད་དུ་གལ་ཏེ་རྣམ་པར་འཇོག་པར་བྱེད་ན་མི་གཙང་བ་ལ་སོགས་པའི་རོ་ལ་སོགས་པ་ཡང་མྱོང་བ་ཐོབ་པར་ཐལ་བར་འགྱུར ་རོ་ཞེས་རྒོལ་བའི་ལན་གདབ་པར་དཀའོ་ཞེ་ན། རྒོལ་བ་འདི་ནི་ལན་གདབ་པར་འོས་པ་ཡང་མ་ཡིན་ཏེ། གཞོན་ནུ་མ་ལེན་གྱི་ཚིག་མི་ཤེས་པས་ཀུན་ནས་བསྐྱེད་པ་ཡིན་ནོ།། དེ་ཡང་སྒྱུ་མ་སྤྲུལ་པའི་དངོས་པོ་ཉམས་སུ་མྱོང་བ་བཞིན་དུ ་ཕན་ཚུན་སེམས་རྣམ་པར་འཁྲུག་པ་ཙམ་དུ་ཟད་ཀྱི། གང་དུ་ཅུང་ཞིག་ཀྱང་ཉམས་སུ་མྱོང་བ་ནི་མེད་དེ། རྫས་སུ་གྲུབ་པ་མེད་པའི་ཕྱིར་རོ།། གཞན་གྱི་རྣམ་པར་རྨོངས་པ་བཟློག་པ་ཙམ་ངོའི་དགོས་པ་ཡིན་ནོ་ཞེས་དེ་བཞིན་དུ་རབ་ཏུ་བསྟན ་པའི་ཕྱིར་ཀུན་རྫོབ་དུ་དངོས་པོ་ཐམས་ཅད་གཟུང་བར་བྱའི། དོན་དམ་པར་ནི་གཟོད་མ་ནས་ཞི་བ་སྐྱེ་བ་མེད་པའོ་ཞེས་བྱ་བར་གནས་སོ།། སེམས་ཀྱི་རྣམ་གྲངས་ཤེས་པ་བསྟན་པའི་ཕྱིར་གསུངས་པ། སེམས་ཅན་ཕ་རོལ་དང་ཞེས་བྱ་བ་ལ་སོགས ་པ་ལ། སེམས་ཅན་ཕ་རོལ་པ་ཞེས་བྱ་བ་ནི་སེམས་ཅན་གྱི་སྤྱི་བསྟན་པ་ཡིན་ནོ།། གང་ཟག་ཕ་རོལ་པ་ཞེས་བྱ་བ་ནི་སོ་སོར་ངེས་པའི་སེམས་ཅན་གྱི་ཁྱད་པར་རོ།། སེམས་ཀྱི་རྣམ་པར་རྟོག་པ་དང་སྤྱོད་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ ་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དང་བཅས་པོ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཉོན་མོངས་པ་དང་བཅས་པ་དང་། ་ཉོན་མོངས་པ་མེད་པའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུའོ།། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་གསུངས་པ། དེས་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྐྱེ་བ་གཅིག་ཀྱང ་རྗེས་སུ་དྲན་ནས་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་སྐྱེ་བའི་བར་དུ་ཡང་རྗེས་སུ་དྲན་ནོ།། འཇིག་པའི་བསྐལ་པ་དང་། འཆག་པའི་བསྐལ་པ་གཅིག་ནས་འཇིག་པ་དང་། འཆགས་པའི་བསྐལ་པ་བྱེ་བོ་ཁྲག་ཁྲིག་བརྒྱ་སྟོང་དུ ་མའི་བར་དུ་ཡང་རྗེས་སུ་དྲན་ཏེ། བདག་སྔོན་གནས་ཆེ་གེ་མོ་ཞིག་ཏུ་སྐྱེས་ཏེ་མིང་ནི་འང་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་དོག་ནི་འདི་འདྲ་བ་ཞིག། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདག་གི་འཚོ་བ་ནི་འདི་འདྲད ་ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ།། ཡུན་ནི་འདི་སྲིད་གཅིག་ཏུ་གནས་གནས་བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་མྱོང་། དེ་ནས་ཤི་འཕྲོས་ནས་ནི་ཆེ་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤྲཱི་འཕྲོས་ནས་ནི་འདིར ་སྐྱེས་ཞེས་རྣམ་པ་དང་བཅས་པ་དང་། ཡུལ་ཕྱོགས་དང་བཅས་པ་དང་། གཞི་ཅི་ལས་གྱུར་པ་དང་བཅས་པར་སྟོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲོན་ནོ།། ཞེས་བྱ་བ་ནི་རྟོག། སླ་བའི་ཕྱིར་མ་བཤད་དོ།། ལྷའི་མིག་གིས་མངོན་པར ་ཤེས་པ་གསུངས་པ། དེ་ལྟའི་མིག་གི་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་ཡང་འཆི་འཕོ་བ་དང་སྐྱེ་བ་ཡང་ཤེས་པ་རྣམ་པར་དག་པའི་ཁྱད་པར་གྱིས་མཐོང་ངོ་།། ཁ་དོག་བཟང་པོ་དང་། ཁ ་དོག་ངན་པ་ལ་སོགས་པ་ཡང་ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་ཤེས་སོ།། སེམས་ཅན་འདི་རྣམས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པའོ།། ལུས་ཀྱི ་ཉེས་པར་སྤྱོད་བ་རྣམ་པ་གསུམ་མོ།། དག་གི་སྐྱེས་པར་སྤྱོད་པ་ནི་རྣམ་པ་བཞིའོ།། ཡིད་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམྦྷ་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་དགེ་པར་ལྡན་པ་སྟེ་བཅས་པའི།། འབྲེགས་པ་ལ་སྒྱུར ་པ་ནི་འཕགས་པའི་ལཾ་སུན་པར་བྱེད་པའོ།། ལོགས་པར་ལྟ་བ་ནི་ལས་དང་འབྲས་བུ་མེད་པར་ལྟ་བ་ལ་ཞུགས་པའོ།། ལོགས་པར་ལྟ་བའི་ཆོས་ཀྱི་ལས་ཡང་དག་པར་འཛིན་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སང ་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་སོ་ཞེས་བྱ་བ་ཡིན་ནོ།། དེ་དག་ལས་བཟློག་པའི་ལམྲ་ལ་ནན་ཏན་བྱས་པས་ནི་བདེ་འགྲོ་མཐོ་རིས་ཀྱིས་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། མངོན་པར་ཤེས་པ་ལྔའི ་གོ་རིམ་འཆོས་པ་ནི་འདིར་མདོ་ཇི་ལྟ་བ་བཞོན་དུ་བཤད་པ་ཡིན་པས་བརྟག་པར་བྱ་བ་མེད་དེ།། དེ་ལྟར་རིམ་གྱིས་མངོན་པར་རྟོགས་ངེས་པར་བསྟན་ནས་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར། གཞོན་ནུ་ལུས་ཀྱི་སྤྱོད་པ་ཡོངས ་སུ་དག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱི་གང་ཅུང་ཟད་ཤེས་པར་བྱ་བ་དང་། བལྟ་བར་བྱ་བ་དང་། མཉན་པར་བྱ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་དང་། རྣམ་པོར་འཁྲུལ ་པར་བྱ་བ་དེ་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཐོསྟེ་སོ།། མཐོང་ངོ་།། མངོན་པར་རྫོགས་པར་སངས་རྒྱས་སོ།། དོན་དེ་དག་ཉིད་ཚིགས་སུ་བཅད་པས་གསུངས་པ་བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི།། མངོན་པར ་ཤེས་པའི་རིམ་པ་བསྟན་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་ཤེས་པའི་རིམ་པ་ངེས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའི་རྟོགས་པ་ལ་མཁསཱ་པཱ་ཤེས་པར་བྱ་བའི་ཕྱིར་རོ།། ཏིང་ངེ་འཛིན་ལ་གནས་པས་ནི་བྱང་ཆུབ་སེམས་དཔའ ་ཞེས་ཀྱང་བྱ་བ་ནི་ཏིང་ངེ་འཛིན་འབའ་ཞིག་ལ་གནས་པས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན་ནོ་ཡང་གང་ཡང་རྣ་བས་ཀྱང་རྣམ་པར་སྦྱང་བའི་ཕྱིར་དེ་དག་རྣོ་བ་རྣམས་སྦྱོང་སྟེ། ལྷ་ཡི་རྣ་བ་བས་ཁྱབ་ཅེས་བྱ་བ་ལ་སོགས་པ་ལ། ་དེ་ལྷའི་རྣ་བས་སངས་རྒྱས་ཐམས་ཅད་ཀྱི་གསུངས་པའི་ཆོས་ཉན་ཏོ།། དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ཀྱི་དྲིའི་ཁྱད་པར་རྣམས་ཇི་ལྟར་འདི་ན་འདུག་པ་བཞིན་དུ་ལྷའི་སྣས་སྣོམ ་མོ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་རྣམས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་པས་ལུས་ཀྱི་སྡོམ་པ་རྣམ་པར་དག་པ་ལ་གནས་ནས་ངེས་པར་སྒྲུབ ་པར་བྱེད་།། མ་ལུས་རྣམ་དག་ནམ་མཁའ་ལྟ་བུའི་ཆོས་ཀྱི་ལུས།། བདག་ཉིད་རྫོགས་སངས་རྒྱས་ཀྱི་སྐུ་རུ་གསུངས།། དེ་ཡི་སྡོམ་པ་བྱང་ཆུབ་མཆོག་གཙོ་རྟོག་གྱུར་པ།། སངས་རྒྱས་ཞེས་བསྟན་དེ་ནི་ཆོས་ཀྱི་དབྱིངས།། ལུས་ཀྱི་སྡོམ་པའི ་ཕན་ཡོན་བསྟན་པའི་ལེའུ་སྟེ། སུམ་ཅུ་རྩ་དགུ་པའི་འགྲེལ་པ་རྫོགས་སོ།། །། ལུས་ཀྱི་སྡོམ་པའི་རྗེས་ལ་དག་གི་སྡོམ་པ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གཞོན ་ནུ་དེ་ལ་ངག་གི་སྡོམ་པ་གང་ཞེ་ན། ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་དྲུག་ཅུ་དང་ལྡན་པའི་སངས་རྒྱས་ཀྱི་གསུངས་དབྱངས་ཐོགས་པ་མེད་པ། བསམ་གྱིས་མི་ཁྱབ་པ་རབ་ཏུ་ཐོབ་པར ་འགྱུར་རོ།། རྣམ་པ་དྲུག་ཅུ་ནི་མཉེན་པ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། གསལ་བ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ ་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་ཚིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བ་དང་བདེ་བ་སྐྱེད་པ་དང་། ཡོངས་སུ་གདུད་པ་མེད་པ་དང་། ཀུན་ཏུ ་ཤེས་པར་བྱེ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་། འབྲེལ་བ་དང་ཟློས་པའི་སྦྱིན ་མེད་པ་དང་། སེང་གེའི་སྒྲའི་ཤུགས་དང་། གླང་པོ་ཆེའི་སྒྲའི་སྐད་དང་། འབྲུག་གི་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟོའི་གླུ་དབྱངས་དང་། ཀ་ལ་པདི་ཀའི་སྒྲ་དབྱངས་དང་། ཚངས་པའི་སྒྲ་དབྱངས་དང་། ཤང་ཤིང་ཏེའུའི་སྒྲ་དབྱངས་སུ ་གྲགས་པ་དང་། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཚོགས་པ་མེད་པ་དང་། མི་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞེན་པ ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཐ་བ་དང་བཅས་པའི་ཚེ་དངང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མུ་སྨད་པ་དང་། མི་འགྱུར་བ་དང་། མ་རྟོགས་པ་དང་། ་འཁོར་ཀུན་ཏུ་གྲགས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་རྣམས་ནི་གཞོན་ནུ་དག་གི་སྡོམ་པ་ཞེས་བྱ་བའོ།། ངག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཚིག་བཙུན་པ་ཐོབ་པར་འགྱུར་བ་དང་། སྐྱེས་བུ་ཆེན ་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རབ་ཏུ་འཐོབ་པར་འགྱུར ་པབཔ་དེ་ནི་ངག་གི་སྡོམ་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ངེས་པར་བསྒྲུབ་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་དག་ནི་ལུས་ཀྱི་སྡོམ་པའི་སྐབས་སུ་རྒྱས་པར་བཤད ་པས་ཡང་བཤད་པ་མ་བྱས་སོ།། གཞན་ཡང་དག་གི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་སྤོང་བར་གྱུར་པ་དང་། མ་བྱིན་པར་ལེན་པ་དང་། མོ་ཚངེས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མོའི་ཚིག་དང་། ་ཚིག་རྩུབ་པོ་དང་། ཁྱད་པར་སྨྲ་བ་སྤངས་པར་གྱུར་པ་དང་། ཕ་མ་དང་སྒྲིབ་དཔོན་དག་ལ་སྨྲ་བར་བྱ་བ་མ་ཡིན་པའི་ཚིག་མི་སྨྲ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་སློང་བ་དང་། ཚིག་གཞན་གང་ཉེས་པ་དང་ལྡན་པའི ་ཚིག་དེ་དག་སྤངས་པ་ཡིན་ཏེ། ཚིག་དེ་དག་ལ་ཡང་མི་དམིགས། མི་རྟོག་གོ་རློམ་སེམས་སུ་མི་བྱེད་མི་ལྟ། མངོན་པར་ཆགས་པར་མི་བྱེད་དེ་ཞེས་བྱ་བར་སྦྱར་ཏེ། གང་གི་ཕྱིར་བྲག་ཅ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་མིག ་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུའོ་ཞེས་ཤེས་ན་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པར་མི་འགྱུར་རོ།། མི་རྟོགས་པས་ན་མངོན་པར་མི་ཞེན་པ་དེ་དག་གོ་སྡོམ་པ་ཞེས་བརྗོད་པ་ཡོངས་སུ་དག་པོའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་ཐ ་ཅད་ཀྱིས་མི་འཇིག་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དོན་འདི་དག་ཉིད་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྣུན་པ་ནི་གོ་སླ་བས་མ་དཀྲོལ་ལོ།། ཆོས་ཀྱི་ངེས་ཚིག་རྟོགས་པ་དག་གི་སྡོམ་པ་སྟེ། སངས་རྒྱས་གསུང་རྣམས་ཐམས་ཅད་རྣམ་པར ་དྲག། ཏིང་འཛིན་རང་བཞིན་ཏིང་འཛིན་རྒྱལ་པོར་གསུངས།། གང་ཕྱིར་ཚིག་གིས་བསྟན་པས་རྣམ་པར་སྤྲོས།། དག་གི་སྡོམ་པའི་ལེའུ་སྟེ། བཞི་བཅུ་པའི་འགྲེལ་པ་རྫོགས་སྷོ།། ། ངག་གི་སྡོམ་པའི་རྗེས་ལ་ཡང ་ཀྱི་སྡོམ་པ་བསྟན་པའི་ཕྱིར་གསུངས་པ། གཞོན་ནུ་དེ་ལྟ་བས་ནཱ་ཡིད་ཀྱི་སྡོམ་པས་བསྡམ་པར་བྱའོ་ཞེས་བྱ་བ་ལ་སྩོགས་པ་ལ། ཡིད་ཀྱི་སྡེ་བ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་འཇིགས་པ་ཐོབ ་པར་འགྱུར་བ་ཞེས་བྱ་བ་ནི་འཇིགས་པ་ཐམས་ཅད་དང་བྲལ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དོ།། ཆོས་ནི་སངས་རྒྱས་ཀྱི་རང་བཞིན་ཅན་གྱི་ཆོས་སོ།། འཐོབ་པར་འགྱུར་བ་ནི་མངོན་སུམ་དུ་བྱེད་པའོ།། མི་འཁྲུགས་པའི་སེམས་རྣམ་པར ་གྲོལ་བ་རབ་ཏུ་ཐོབ་པར་གྱུར་པ་ནི་ཉོན་མོངས་དང་། བདུད་དང་། རྣམ་པར་རྟོག་པས་བསྐྱོད་པར་མི་ནུས་པས་རྣམ་པར་གྲོལ་བ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་མཚན་ཉིད་ཅན་གྱི་མཐར་ཐུག་པ་ཐོབ་པར་གྱུར་པ་ལ་ཡིད་ཀྱི་སྡོམ་པ་ཞེས ་བྱ་བའོ།། རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ལ་གནས་པས་བདུད་ལ་སོགས་པས་མི་བྱེད་ཅིང་མི་བསྐྱོད་པ་སྟེ། སེམས་ལས་མ་གཏོགས་པའི་བདུད་ཀྱི་ངོ་བོ་མེད་པ་འདི་ལྟ་བུར་རྟོགས་ཤིང་སེམས་ཀྱིས་རང ་བཞིན་དུ་རྟོགས་པ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱ་བའོ།། འབར་བའི་བྱེ་བྲག་དང་འདྲ་བ་ཞེས་བྷཱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཞེས་བྱ་བྱ་ནི་བར་བྱཱ་ནཱི་སྤྲུལ་བའི་འོད་ཟུར་གྱི་ཚོགས་སོ།། ཏིང་ངེ་འཛིན་གང ་ལས་ཐ་དད་པ་ལྟ་བུར་སྣང་བའི་འབར་བའི་ཚོགས་འཕྲོ་བྱ་དེ་ལྟ་བུ་ཐོབ་པའོ།། གཞུང་ལ་ཡ་སྭཱ་ནི་འོད་ཟླར་འཐོབ་པར་འགྱུར་ཞེས་ཟེར་བ་དེ་ནི་ཏིང་འཛིན་གྱི་རྒྱུས་བྱུང་བའི་ཕྱིར་ཏིང་ངེ་འཛིན་ཉིད་འོད་ཟེར་གྱི་སྐྱེས་ཉེ་བར་བཏགས་པ་ཡིན་ནོ།། ་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི། བསྟན་ཟིནྡ་ཏོ།། ཡིད་ཀྱི་སྡོམ་པ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའོ་ཚིག་བཙུན་པ་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཚིག་གཟུང་བར ་འོས་པར་འགྱུར་བའོ།། ཡིད་ཀྱི་སྡོམ་པ་ཞེས་བྱའོ་ཞེས་ཐམས་ཅད་དུ་སྦྱར་རོ།། མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནས། བརྩམས་ནས་ཇི་སྲིད་དུ་ཕན་པར་འདོད་པ་དང་། སྤྱོད་ལམ་དང་སྤྱོད་པ་ལ་འཇུག་པ་ཐོབ་པར་འགྱུར་ཞེས་བྱ་བ ་པར་ནི་སྔར་བཤད་ཟིན་པས་ཡང་བཤད་པར་མི་བྱའོ།། གཞན་ཡང་གཞོན་ནུ་ཞེས་བྱ་བ་ལ་སོགས་པས་ནི་ཡིད་ཀྱི་སྡོམ་པ་རྣམ་པ་གཞན་བཤང་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྡོག་པར་ལྟ་བུ་སྤངས་པའི་ཕྱིར་ལོག་པར་ལྟ་བ་དང་འགྲོགས ་པར་མི་བྱེད་ཅེས་བྱ་བ་ནི་ལོག་པར་ལྟ་བའི་བག་ཆགས་སྤང་བའི་དོན་ཏོ།། དེ་བཞིན་དུ་བརྣབོ་སེམས་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། བརྣབ་སེམས་ནི་གཞན་གྱི་རྫས་ལ་མི་རིགས་པའི་འདོད་པས་བདག་གིར་གྱུར་ཅིག་ཅེས་དདོད་པའོ།། ་གནོད་སེམས་ནི་སེམས་ཅན་སྡང་བའོ།། གནོད་སེམས་སྤང་བའི་ཕྱིར་གནོད་སེམས་དང་འགྲོགས་པར་མི་བྱེད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ།། ལེ་ལོ་སྤང་བའི་ཕྱིར་ལེ་ལོའི་སེམས་དང་འགྲོགས་པར་མི་བྱེད་ཅེས་བྱ་བ་ལ། ལེ་ལོ་ནི་སྙམ་པ། ་བླ་མ་རྣམས་ལ་གཡོ་ཡི་སེམས་མི་བསྐྱེད་ཅེས་བྱ་བ་ནི་བསླབ་པའི་སེམས་མི་བསྐྱེང་པ་སྟེ། དགེ་བའི་ཕྱོགས་མི་ཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཕ་དང་མ་དང་སློབ་དཔོན་རྣམས་ལ་གཡོའི་སེམས་མི་བསྐྱེད་པའོ།། འདོད་ཆགས་དང་ཞེ ་སྡེང་དང་། གཏི་མུག་གི་སེམས་མི་བསྐྱེད་པ་སྟེ། ཆགས་པར་མི་བྱའོ།། འདོད་ཆགས་ལ་སོགས་པ་དང་མི་འགྲོགས་པ་དང་། བྱང་ཆུབ་ཀྱི་སེམས་གཏང་བར་མི་བྱ་བུ་དང་ལྷག་པའི་སེམས་ཀྱང་འཁྲུག་པར་མི་བྱེད་པ་ནི་ཕྱིན་ཅི་ལོག ་ཏུ་སྒྲོ་བཏགས་པས་མི་གཡོ་བའོ།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཡང་དག་པར་ལྡན་པའི་ཀུན་ཏུ་རྟོག་པ་སྤངས་པར་འགྱུར་བ་ཡིན་ཏེ། དེ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱའོ།། ཡིད་དེ་ཡང་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་འཇུག ་གྲོ་ཞེས་བྱ་བ་ནི་སེམས་རྣམ་པར་རྨོངས་པའི་རང་བཞིན་ཅན་གྱི་བྱིས་པ་རྣམས་རང་གི་རང་བཞིན་འཛིན་པའི་ཤེས་རབ་དང་བྲལ་བའི་ཕྱིར་དེ་ལྟ་བུའི་བྱིས་པ་རྣམས་ཁམས་གསུམ་འདི་དག་ནི་སེམས་ཙམ་མོ་ཞེས་བློ་འབྱུང་བར་འགྱུར་ཏེ། ་སེམས་ཀྱི་རང་བཞིན་ཇི་ལྟ་བུ་མ་ཤེས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་ཇི་ལྟར་སྒྱུ་མའི་རང་གི་ངོ་བོ་ཉིད་ནི་མ་སྐྱེས་པའོ།། གང་ངོ་བོ་ཉིད་ཀྱི་མ་སྐྱེས་པ་དེ་ནི་སྐྱེ་བ་མེད་པ་འགག་པ་མེད་པ་སྟེ་དེའི་ངོ་བོ་ཉིད་མེད་པ་དེ་རང ་བཞིན་མེད་པའོ།། རང་བཞིན་མེད་པའི་ཕྱིར་དམིགས་སུ་མེད་དེ། ཤེས་པ་ཞེས་བྱ་བ་འམ་རྣམ་པར་ཤེས་པ་ཞེས་བྱ་བ་འམ། མི་ཤེས་པ་ཞེས་པའམ། ཡོད་ཅེས་བྱ་བ་འམ། མེད་ཅེས་བྱ་བར་རྣམ་པར་རྟོག་བླམ ་འབྱུང་ངོ་།། གླལ་ཏེ་དེ་ལྟ་ན་ཐུ་སྙད་བཞག་པ་ཇི་ལྟ་བུར་འགྱུར་ཞེ་ན། ཐོ་སྙད་ཡ་བརྟག་པས་དགོས་པ་ཅི་ཞིག་ཡོད། གལ་ཏེ་ཐ་སྙད་དམ་པར་གཞག་པ་མེད་པར་གནས་པར་མི་ནུས་སོ་ཞེས་ནཱ། དེ་ལྟ་ན་སྐྱེ་བ་དང་འགག་པ་ནི་རྨི་ལམ་ལྟ་བུའོ།། ་ཆུ་ལྟར་སྣང་བ་ནི་སྨིག་རྒྱུ་ལྟ་བུའོ།། བུ་དང་རྩཝ་མོ་ལ་སོགས་པའི་ཐ་སྙད་ནི་སྤྲུལ་པ་ལྟ་བུའོ།། དེ་དག་ཐམས་ཅད་ཀྱང་གང་ནས་ཀྱང་འོངས་པ་མེད། གར་ཡང་འགྲོ་བ་མང་ལ་དེ་ལྟ་ན་ཡང་ཀཞི་མེང་བཞིན་དུ་བྷཱུ་སྱཱད་ཉི་ཞུགས་པར་གྱུར་ཅིང་འཇུག་པ ་ཥྚི་བྷེ་།། དེ་བཞིན་དུ་རྣསྔ་པར་ཤེས་པའི་ཐུ་སྙད་ཀྱང་ཁྱད་པར་མེད་པར་ལྟ་བར་བྱའོ།། ཡིད་ཀྱི་སྡོམ་པས་ཡང་དག་པར་བསྣམས་པའི་བྱང་ཆུབ་སེམས་དཔའ་ཡིད་དེ་ཡང་མི་དམིགས་སོ།། དེའི་ཕྱིར་མི་རྟག་གོ།། དེ་དེ་ཕྱིར་རློམ་སེམས་སུ་མི་བྱེད་དོ།། ་པོཉིད་ཀྱི་ཕྱིར་དམིགས་པར་མི་འགྱུར་ཏེ། གང་གི་ཕྱིར་ཅུང་ཟད་ཙམ་ཡང་མི་མཐོང་ངོ་།། དེས་ན་ཐམས་ཅད་ལ་མངོན་པར་མི་ཞེན་ཏེ། ཀུན་རྫོབ་ཏུ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལས་ནི་གཡོ་བ་ནི་ཡིད་ཀྱི་སྡོམ་པ་ཞེས་བྱའོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད ་འོ།། ཚིགས་སུ་བཅད་པ་རྣམས་ལ་ནི་ལྷག་པ་མེ་བས་མ་བཤད་དོ།། སངས་རྒྱས་ཡོན་ཏན་ཡོངས་སུ་རྫོགས་པར་རྫོན་པ་ལ་ཞུགས་ཤིད་རྫོགས་སངས་རྒྱས་ཀྱི་གཟུགས་ལྡན་རྟོགས་པ་འདི་ནི་རབ་འདོད་ཅིང་། ཐམས་ཅད་མཁྱེན་གྱིའི ་ཉི་མའི་འོད་ཀྱི་ཚོགས་ཀྱི་དཀྱིལ་ཞུགས་ན།། སྒྲིབ་པ་མ་ལུས་རྣམ་པར་གསལ་ནས་རབ་ཏུ་སད་པའི་སེམས།། ཡིད་སྡོམ་པ་ཞེས་དེ་བཤད་ཆོས་རྣམས་ཐམས་ཅད་ལེགས་བསྡུས་ག། ཆོས་ཉིད་ལས་གཞན་མིན་གཟུགས་ཕྱིར་ནི་སྡོམ་པ ་ཆོས་ཀྱི་སྐུ།། ཡིད་ཀྱི་སྡོམ་པའི་ལྡེའུ་སྟེ་བཅུ་བཅུ་རྩ་གཙུག་པའི་འགྲེལ་པ་རྫོགས་སོ།། ། ཚིགས་སུམ་བརྒྱ་པོ་འདི་དག་ནི་གླེང་གཞིར་ལེའུ་བཤད་པས་བརྗོད་པར་མི་བྱའོ།། རྒྱ་ཆེ་བ་ནི་སངས་རྒྱས་ཀྱི ་ཆོས་ཡོངས་པར་གྱུར་པའོ།། སྟེ་ནི་གང་གི་ཕྱིར་ཏེ་གང་གི་ཕྱིར་རྒྱ་ཆེ་བ་དེའི་ཕྱིར་བསྟན་པ་ཡང་རྒྱ་ཆེ་བ་སྟེ། ཚུལ་སྣ་ཚོགས་དང་། སྒོ་སྣ་ཚོགས་ནས་བསྟན་པས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་བྱང་ཆུབ་ཆེན་པོ་ལ་རབ་ཏུ་བཀོད། ་ནས་དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་འཐོབ་པར་འགྱུར་བས་འདི་ནི་ན་མཁའ་བཞིན་རྒྱ་ཆེ་བའོ།། རིན་ཆེན་འོད་ཟླར་རྒྱ་ཆེ་གང་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དགེ་འདུན་དཀོན་མཆོག་རྣམས ་དཔག་ཏུ་མེད་པའི་སྤྱོད་པ་རྒྱ་ཆེ་བ་དང་། བསྟན་པ་རྒྱ་ཆེ་བ་ནི་རྒྱ་ཆེ་བ་ཞེས་བརྗོད་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པོའི་ཏིང་ངེ་འཛིན་ངེས་པར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་ཀྱིས་བཤད་པ ་ན་སྐལ་པ་ཇི་ལྟ་བ་བཞིན་དུ་ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཁ་ཅིག་ནི་ཕྱིར་མི་ལྡོག་པ་ཉིད་དུའོ།། གཞན་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཡང་གཞན་དག་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ་ཞེས་བྱ་བས ་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་ནི་འབྲས་བུ་དང་བཅས་པ་ཡིན་ནོ།། ཞེས་བསྟན་པར་འགྱུར་རོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་ཤིང་ལྟས་ཆེན་པོ་བཅོ ་བརྒྱད་དུ་གཡོས་པ་ནི། གཡོས་སོ།། རབ་ཏུ་གཡོས་སོ།། འགུལ་ཏོ།། རབ་ཏུ་འགུལ་ཏོ།། ཀུན་ཏུ་རབ་ཏུ་འགུལ་ཏོ།། ལྡེག་གོ།། རབ་ཏུ་འདེག། ཀུན་ཏུ་རབ་ཏུ་ལྡེག་གོ། འུར་འུར། རབ་ཏུ་བུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ།། ཆེམ་ཆེམ། ་རབ་ཏུ་ཚེམཚམ། ཀུན་ཏུ་རབ་ཏུ་ཆེམ་ཚམ། ཤིག་ཤིག། རབ་ཏུ་ཤཱིག་ཤིག། ཀུན་ཏུ་རབ་ཏུ་ཤིག་ཤིག་གོ་ཞེས་བྱེ་བ་ནི་དེ་ལ་རྣམ་པ་དྲུག་ཏུ་གཡོས་པ་ནི་གཡོ་བ་དང་། མཐོ་བ་དང་དམའ་བ་དང་། སྟེང་དུ་འགྲོ་བ་དང་། འོག་ཏུ་འགྲོ་བ་དང་། ་སྒྲ་རྗེས་སུ་སྒྲོགས་པའོ།། ལྟས་ཆེན་པོ་བཅོ་བརྒྱད་ནི་དྲུག་པོ་དེ་དག་ཉིད་ཀྱི་རྣམ་པར་འགྱུར་བ་རྣམས་ཀྱི་གཡོ་བ་ལ་སོགས་པ་ཆུང་ངུ་དང་། འབྱིང་དང་། ཆེན་པོའི་དབྱེ་བས་གོ་རིམ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ།། སྣོད་ཀྱི་འཇིག་རྟེན་ཡང ་རྣམ་པ་གཉིས་ཏེ། འདུས་བྱས་པ་དང་། འདུས་མ་བྱས་པའོ།། སེམས་ཅན་གྱི་འཇིག་རྟེན་ཡང་རྣམ་པ་གཉིས་ཏེ། སེམས་ཅན་མི་དགེ་བ་ལ་སྤྱོད་པ་དང་། ལྷ་ཚོགས་ལ་མོས་པ་དང་། ང་རྒྱལ་ཅན་དང་། རིག་པ་དང་། ལྡན་པ་རྣམས་ཀྱི ་དབང་དུ་བྱས་ནས་ཆུང་ངུ་དང་། འབྲིང་དང་ཆེན་པོའི་དབྱེ་བས་གཡོས་སོ་ཞེས་བྱ་བ་ནས་ཀུན་ཏུ་ཤིག་ཤིག་ཅེས་བྱ་བའི་བར་དུ་ཚིག་བཅོ་བརྒྱད་ཀྱི་དོན་བསྟན་པ་ཡིན་པར་ཤེས་པར་བྱའོ།། ཡང་ན་གཞན་དུ་བཤད་པར་བྱ་སྟེ། རྣམ་པ་དྲུག་ཏུ་གཡོས་པ ་དང་། ལྟས་ཆེན་པོ་བཅོ་བརྒྱད་ཅེས་བྱ་བ་ནི་གཡོས་པ་དང་། འགུལ་བ་དང་། ལྡེག་པ་དང་། ཚམ་ཚིམ་པ་དང་། འུར་འུར་བ་དང་། ཤིག་ཤིག་པ་ནི་རྣམ་པ་དྲུག་གོ།། དེ་དག་ཉིད་སོ་སོར་ཆུང་ངུ་དང་། འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་མ་ལྟས་ཆེན ་པོ་བཅོ་བརྒྱད་དུ་འགྱུར་རོ།། ཕྱོགས་དྲུག་ལ་མཐོ་བ་དང་། དམའ་བའི་དབྱེ་བས་ཕྱོགས་ཀྱི་འགྱུར་བ་བཅུ་གཉིས་སུ་འགྱུར་ལ། དེ་དག་ཀྱང་སྔར་བསྟན་ཟིན་ཏོ།། དེ་ལ་རྒྱུ་གཉིས་ཀྱིས་གཡོ་བ་ལ་སོགས་པ་འདི་དག་འབྱུང་བར་འགྱུར་ཏེ། མཐུ ་ཆེན་པོ་དང་ལྡན་པའི་ལྷ་རྣམས་ཀྱི་དམ་པའི་ཆོས་ཐོས་པ་ལས་བྱུང་བའི་དགའ་བ་རབ་ཀྱི་མཐར་ཐུག་པར་གྱུར་པ་ལས་བྱུང་བས་ཀུན་ཏུ་འཁོར་བར་གྱུར་པ་ལས་འཁྲུགས་པའོ།། བསྟན་པའི་འཇིག་རྟེན་ཡང་ཐམས་ཅད་ལས་འདས་པའི་དེ་བཞིན ་གཤེགས་པའི་བསྟན་པའི་ཆོས་ཉིད་ཀྱི་དབང་པོར་གྱུར་པ་ཉིད་དུ་བསྟན་པ་དང་། ཆོས་ཉིད་ཀྱི་མཐུས་ཆོས་ཀྱི་བདག་ཉིད་ཀྱི་ཚ་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ།། དེ་ལ་ཕྱོགས་གཅིག་པར་བར་དུ་འགུལ་བ་ནི་གཡོ་བའོ།། ཤིང་རྣམས ་བཞིན་དུ་བདག་ཉིད་ཐམས་ཅད་གཡོ་བཱ་ནི་འགུལ་བའོ།། མགལ་མོའི་འཁོར་ལོ་བཞིན་དུ་འཁོར་བ་ནི་ལྡེག་པའོ།། ཆེམཚམ་པ་ནི་སྐྲ་རྒྱུན་ཆགས་སུ་འབྱུང་བའོ།། འུར་འུར་ནི་འཁྲུགས་པའོ།། ཤིག་ཤིག་པ་ནི་ཤིན་ཏུ་ཟབ་པའི་སྒྲའོ།། ་ཡང་ན་གཡོ་བ་ནི་སའོ།། འགུལ་བ་ནི་ཤིང་ཐམས་ཅད་དོ།། ལྡོག་པ་ནི་རི་ཐམས་ཅད་ངོ་།། ཚམ་ཚིམ་པ་ནི་ལྷའི་རྔའི་སྒྲ་ལ་སོགས་པའོ།། འུར་འུར་བ་ནི་རྒྱ་མཚོ་ལ་སོགས་པའོ།། ཤིག་ཤིག་པ་ནི་འབྲུག་གི་སྒྲ་ལྟར་སྒྲོགས་པའོ།། དེ་དག ་@ཀྱང་དང་པོའི་གནས་སྐབས་རྩོམས་པའི་དུས་ན་ནི་ཆུང་བར་འབྱུང་ལ། བཱར་དུ་ནི་འབྲིང་དུ་འབྱུང་། ཐ་མར་ནི་ཆེ་བར་འབྱུང་ངོ་ཞེས་བྱ་བས་བཅོ་བརྒྱད་དུ་འགྱུར་རོ།། ཕྱོགས་ཐམས་ཅད་དུ་ཡང་མཐོ་བ་དང་། ་དམྱའ་བ་ལ་སོགས་པ་རྣམ་པ་གཅིག་ཏུ་མཉམ་དུ་འབྱུང་བར་འགྱུར་ན་ནི་བཅང་ནུས་གཏོར་བ་བཞིན་དུ་ཤིན་ཏུ་འཁྲུག་པར་འགྱུར་ན་རིམ་གྱིས་མཐོ་བ་དང་། དམའ་བ་ལ་སོགས་པར་འགྱུར་རོ།། དེ་ལ་གང་གི་ཚེ་ཤར་ཕྱོགས་ཀྱི་ས་ཆེན ་བོ་རི་དང་ཤིང་དུ་བཅས་པ་ཤིན་ཏུ་འཁྲུགས་པར་གྱུར་པ་དེའི་ཚེ་ཤཱར་ཕྱོགས་མཐོ་བ་ལྟ་བུར་སྣང་བར་འགྱུར་རོ།། དེའི་ཚེ་ནུབ་ཕྱོགས་རང་གི་རང་བཞིན་དུ་གནས་ཀྱང་དམའ་བ་ལྟ་བུར་སྣང་བར་འགྱུར་རོ།། དེའི་ཕྱིར་ཤར་ཕྱོགས་མཐོན། ་ནུབ་ཕྱོགས་དམའ་བ་ཞེས་བསྟན་པ་ཡིན་ནོ།། གང་གི་ཚེ་ནུབ་ཕྱོགས་ཀྱི་ས་ཆེན་པོ་རི་དང་ཤིང་དུ་བཅས་པ་ཤིན་ཏུ་འཁྲུགས་པར་གྱུར་པ་དེའི་ཚེ། ནུབ་ཕྱོགས་མཐོ་བ་ལྟར་སྤང་བར་འགྱུར་རོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ།། ཆོ་འཕྲུལ ་དང་བཅས་པར་བསྟན་པ་ཡང་ཆོ་འཕྲུལ་བསྟན་པས་སེམས་ཅན་རྣམས་འདུལ་བ་ནི་དགོས་པ་ཡིན་ནོ།། ཆོས་ཉིད་ཀྱི་བདག་ཉིད་ཆེ་བ་ཉིད་ཀྱིས་གཡོ་བ་ལ་སོགས་པ་ཡིན་ནོ།། ཞེས་ཤེས་ནས་ཆོས་ཀྱི་དེ་ཁོ་ན་ཉིད་གོམས་པར་བྱ་བ་ལ་རྟག་ཏུ་ནན ་ཏན་བྱའོ་ཞེས་བྱ་བ་ཡིན་ནོ།། གཞན་ཡང་ལྷའི་མེ་ཏོག་ལ་སོགས་པའི་ཆར་འབབ་པ་ལ་སོགས་པ་རྣམས་ཀྱང་ཆོས་ཉིད་ཀྱི་སྟོབས་སུ་བལྟ་བར་བྱའོ།། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ཟུང་ཤིག་ཅེས་བྱ་བ་ལ་སོགས་པས་ནི་ཡང ་ཡང་དག་པར་གཏོང་བར་བྱེད་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཞེས་བྱ་བ་ནི་མྲིད་བཟུང་བ་ཙམ་གྱིས་བསོད་ནམས ་ཀྱི་ཕུང་པོ་ཆེན་པོར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ།། ཇི་ལྟར་གཟུང་བར་བྱ་བགྱི་ཞེས་བྱ་བ་ནི་ཐ་སྙད་དུ་བྱེད་པའི་དུས་སུ་ཐེ་ཚོམ་མེད་པར་ཐད་སྐད་དུ་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་རྗེ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ ་ཟུང་ཞིག་ཅེས་བྱ་བ་ནི་འདིས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ངེས་པར་བྱས་པ་ཞེས་བྱའོ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྨོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བར་ཟུང་ཞིག། ཅེས་བྱ་བ་ནི་དེ་བཞིན ་གཤེགས་པའི་བཀའ་ནི་ཤིན་ཏུ་འདའ་བར་དཀའོ་ཞེས་བྱ་བའོ།། ཀུན་དགའ་བོས་གསོལ་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་བཟུང་ལགས་སོ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོས་ཁས་བླངས་པར་གྱུར་པའོ།། ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་མདོ་སྡེ་འདི་གསུངས་པར་གྱུར་པ་ནའོ།། ཡིད་རངས་པ་ནི་གདུལ་བྱ་རྣམས་ཀྱི་བསམས་པ་དང་། ལྷག་པའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་པས་ཤིན་ཏུ་ཡིད་བཟུང ་པས་ཡིད་རངས་པས་བཅོམ་ལྡན་འདས་ཀྱང་ཐུགས་རངས་པའོ།། ཟླ་འོད་གཞོན་ནུར་གྱུར་པ་ཡང་ཡིད་རངས་པའོ།། ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་ཡིད་རངས་པའོ།། འཁོར་བཞི་པོ་དེ་དག་ཀྱང་ཡིད་རངས་པའོ།། གནས་གཙང་མའི ་ལྷའི་བུ་དུ་མ་ཡང་ཡིད་རངས་པའོ།། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཀྱང་ཡིད་རངས་པའོ།། བཅོམ་ལྡན་འདས་ཀྱི་ཐུགས་ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་ཡང་དག་པར་མཉེས ་པར་བྱས་པ་གང་ཡིན་པ་དེ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཞེས་བྱ་བ་ནི་ལེགས་སོ་ལེགས་སོ་ལེགས་པར་གསུངས་སོ་ཞེས་བྱ་བས་མངོན་པར་དགའོ་བ་དང་ལྡན་པའོ།། ཤིན་ཏུ་ཡིད་འོང་ཤིན་ཏུ་སྙན ་པའི་ཚིག་གི་ཚོགས་ཀྱི་འོད་ཟེར་དང་། འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨ་རྣམ་སྙེད་འགྲོ་བ་ཡི། སྲིད་པར་གཏོགས་པའི་རབ་རིབ་ཚོགས་རྣམས་མ་ལུས་སེལ་བྱེད་པ། བདེ་བར་གཤེགས་པའི་ཚུལ་གྱིས་གནས་གྱུར་རྣམ་པར་འགྲེལ་ལ་རབ་མཁས ་ཤིང་། བདེ་བར་གཤེགས་པའི་ཆོས་རྣམས་བསྒོམ་བྱ་མ་ལུས་བསྒོམས་གྱུར་གང་ཡིན་པས།། ཚུལྔ་རྣམས་སྣ་ཚོགས་རྙེད་པའི་གཉེན་དང་མ་ཆགས་པ་གང་གིས།། བདེ་བར་གཤེགས་པའི་གསུང་གི་སྙིང་པོར་གྱུར་པ་རབ་གནས་པ།། ་བཀྲོལ་བཞག་པ་བདག་ལ་སྐལ་པ་ཅུང་ཟད་ཙམ་ཞིག་ཡོད་པ་ཡིན། སེམས་ཅན་དོན་ལ་བརྩོན་པའི་སེམས་ལྡན་སྙིང་རྗེ་རྣམ་པར་འཕྲོ་བ་སེམས་ཅན་གཉེན་གཅིག་པ། ས་སྟེང་རིག་མང་ལྡན་པར་གྲགས་པ་འཇམ་དཔལ་གྲགས་པ་ཞེས ་བྱ་བརྟུལ་ཞུགས་ཅན།། དེས་ནི་མདོ་སྡེ་རིན་པོ་ཆེ་འདིའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བྱས།། དེ་ནི་བསྒོམས་བྱ་བསྒོམས་ན་བདེ་གཤེགས་ཀྱིས་གསུངས་དེ་ཉིད་གཅིག་ཏུ་ཞི་བ་སྣང་བར་འགྱུར།། ཆོས་རྣམས་ཐམས་ཅད་མཉམ ་xxx ་xxx ་ལཱྀ་མུ་བ་པལ་རྫི་གགས་ལྡན་རྒྱམ་པའི་སྲས་མཆོག་བྱུང་ཆུབསས་མྦྷ་ང་ས་ས་རྦྦས་བྱུང་བ་ཤོག། ལཱམ་དལ་སཀྵྨ་ཧྲཱིན་གྱིས་པ་རྗེས་ཀྱི་ཐུགས་པའི་ཐུགས་པ་ས་རྒྱས་ནས།། སྣ་བའི་དུམྀ་བྱུ ་xxx ་ཡི་ན་རྒྱམ་པའི་རྒྱལ་པ་ཕྱུགས་པའི་ཕྲེང་བཞེས་བྱ་ཧྲཱི་བ་ཧྲཱིའི་འཇམ་ཧཱ་ལ~ཾ་བླུགས་བསྣ་མཛད་པ་དྷྲྀགས་།། ས+འུ་བྷཱུ་བྷཱ་ནུ་བྱུང་རྒྱུབ་འདི་མས་བཀའ་ལྡིང་གིས་ཀྱི་གར་གྱི་མཁན་པོ་ཞི་བ ་པོའི་ཞལ་སྔ་ནས། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ནུས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཁུ་བརྩོན་འགྲུས་གཡུང་དྲུང་གིས་སྐུའི་བསོད་ནམས་སུ་བསྒྱུར།། ་