| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱཱ་བུདྡྷ་བྷཱུ་མི་བྷུ་ཁྱཱ་ན། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། གང་དག་ཆོས ་དབྱིངས་མ་ལུས་ཐུགས་སུ་ཆུད་གྱུར་ལ། ཚིག་གམ་ཡང་ན་བློ་ཡིས་བརྗོད་པར་མི་ནུས་ཀྱང་། ས་ཡི་ཡོན་ཏན་ཉིད་སྐྱེས་རྣམས་ལ་དེ་འཆད་པ། ཡཽན?་ཏཱན་འབྱུང་གནས་དེ་དག་རྣམས་ལ་ཕྱག་འཚལ་ཏེ།། བླ་མ་རྣམས ་ཀྱི་དགོངས་པ་ཡིད་ཆེས་ངག་མཐོང་ནས།། གང་དག་བདག་པས་བློ་ཞན་རྣམ་པར་རྨོངས་པ་རྣམས།། དེ་དག་རྣམ་པར་དག་པ་མཆོག་རབ་བསྐྱེད་པའི་ཕྱིར།། ཐུབ་པ་རྣམས་ཀྱིས་ནི་རྣམ་པར་དགྲོལ་བར་བྱ།། སངས་རྒྱས ་ཞིང་ནི་ཕུན་སུམ་ཚོགས།། ཡོན་ཏན་དང་ནི་ཕུན་སུམ་ཚོགས། སངས་རྒྱས་ས་རྣམས་བཞག་པ་སྟེ། དེ་ལྟར་མདོ་དོན་བསྡུས་པ་ཡིན།། ཆོས་ཉིད་ཡེ་ཤེས་མེ་ལོང་དང་། མཉམ་པ་ཉིད་དང་སོ་སོར་རྟོག། བྱ་བ་བསྒྲུབ་པའི ་ཡེ་ཤེས་ནི།། ས་ཡི་བསྡུ་བ་ངེས་པ་ཡིན།། གྲངས་རྣམས་དང་ནི་མིང་ཉིད་དང་།། བསྡུ་དང་རབ་ཏུ་དབྱེ་བ་དང་།། ཡེ་ཤེས་རྫོགས་ལོ་བྱེ་བྲག་གིས།། སངས་རྒྱས་ཀྱི་ནི་ས་བཤད་དོ།། མདྨོ་སྡེ་འདི་ལས་མདོར་ན་བཅོམ ་ལྡན་འདས་ཀྱི་གནས་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། ས་རྣམ་པར་གཞག་པ་ཡོངས་སུ་བསྟན་ཏེ། གང་ན་ཅི་འདྲ་བ་ཞིག་ཇི་ལྟ་བུ་དག་དང་བཞུགས་པ ་དང་། ས་ཇི་ལྟར་རྣམ་པར་བཞག་པ་དེ་རིམ་གྱིས་བསྟན་པའི་ཕྱིར་རོ།། གང་ན་ཞེ་ན། གཞལ་མེད་ཁང་ཆེན་པོ་ན་སྟེ། དེའི་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་པ་བཀོད་པ་ཞེས་བྱ་བ ་ལ་སོགས་པ་ཡིན་ནོ།། ཅི་འདྲ་བ་ཞིག་ཅེ་ན། བཅོམ་ལྡན་འདས་ཏེ། དེའི་ཡོན་ཏན་ཕུན་སུམ་ཚོགས་པ་ནི་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཇི་ལྟ་བུ་དག་དང་ཞེ་ན། དེའི ་འཁོར་ཉན་ཐོས་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཏེ། མདོ་སྡེ་གཞན་ལས་དུལ་བ། འཁོར་དུལ་བ། གྲོལ་བ། འཁོར་གྲོལ་བ་ཞེས་འབྱུང་བའི་ཕྱིར་དང་། འདི་ལས་ཀྱང་ཉན་ཐོས་ཚད་མེད་པའི ་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་དང་ཐབས་གཅིག་གོ་ཞེས་འབྱུང་བའི་ཕྱིར་རོ།། དེའི་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ཀྱང་ཅང་ཤེས་པ་ཞེས་བྱ་བ་དང་ཐམས་ཅད་ཀྱང་གནས་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གོ་རིམ་བཞིན་ནོ།། །། ས་རྣམ་པར་བཞག་པའི་ཆོས་ལྔས་ཞེས་བྱ་བ་ལ ་སོགས་པ་ཡིན་ནོ།། སངས་རྒྱས་ཀྱིས་ཞེས་བྱ་བ་ནི་མདོའི་མིང་དོན་དང་ལྡན་པར་བཏགས་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལྟ་བུ་དང་། རིན་པོ་ཆེ་ཕྲོགས་པ་ལྟ་བུར་ལྟ་བར་བྱའོ།། དེ་ལ་གང་དུ་དོན་རྣམ་པར་ངེས ་པར་སྦྱིན་པར་བྱེད་ཅིང་སྦྱོར་བར་བྱེད་པ་འམ་ཕན་ཚུན་རྣམ་པར་ངེས་པ་སྦྱིན་པར་འབྱུང་བ་དེ་ནི་གླེང་གཞི་སྟེ། དེ་ཉིད་གནས་ཡིན་ནོ།། དེ་ཐོག་མ་ཉིད་དུ་བསྟན་པའི་དགོས་པ་ནི་འཇིག་རྟེན་ཐམས་ཅད་ལས་འདས་པ ་ཐམས་ཅད་མཁྱེན་པའི་གནས་ཡིན་ནོ་ཞེས་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་རོ།། དེ་བསྟན་པས་ཡང་གདུལ་བྱ་རྣམས་དེ་ལ་མོས་པ་བསྐྱེད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར ་སྨོན་ལམ་འདེབས་པར་བྱ་བའི་ཕྱིར་དང་། རྒྱ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དགའ་བ་ཡང་དག་པར་བསྐྱེད་པར་བྱ་བའི་ཕྱིར། ལྷག་པོའི་བསམ་པ་ལོ་མོས་པ་རྣམས་ལྷག་པའི་བསམ ་པའི་ཁམས་བརྟན་པར་བྱ་བའི་ཕྱིར་དང་། གང་དུ་བཞུགས་ཏེ་ཆོས་རབ་ཏུ་སྟོན་པར་མཛད་པ་དེ་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་རོ།། གཞན་དུ་ནཱ་གང་དུ་བཞུགས་དེ་རབ་ཏུ་སྟོན་མི་ཤེས་པས་ཀུན་ལ་ཐེ་ཙོམ་དུ ་འགྱུར་བས་དེའི་དབང་དུ་མཛད་དོ།། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་སྐད་ཅེས་བྱ་བ་ཚིག་ཕྱུང་འདི་ནི་དཔེ་དང་ལུང་འབྲོག་པ་དང་། དྲིས་པ་རྣམ་པར་ངེས་པ་དང་། དམ ་བཅའ་བ་དང་། ཚིག་གི་ལན་དག་ལ་འབྱུང་སྟེ། དཔེ་ལ་ནི་རྣམ་ཐོས་ལྟར་ཕྱུག་པ་རྣམ་ཐོས་དང་འདྲ་བར་ཤེས་པ་ལྟ་བུའོ།། ལུང་འབོག་པ་ལ་འདི་སྐད་ཐོན་ཅིག་ཅེས་བྱ་བ་ལྟ་བུའོ།། དྲིས་པ་རྣམ་པར་ངེས་པར ་པར་བྱ་བ་ལ་ནི་བདག་གིས་འདི་སྐད་ཐོས་སོ།། འདི་སྐད་དུ་བཤད་དོ་ཞེས་བྱ་བ་ལྟ་བུའོ།། དམ་བཅའ་བ་ལ་ནི་དེ་བཞིན་དུ་བྱའོ་ཞེས་བྱ་བ་ལྟ་བུའོ།། ཚིག་གྲི་ལན་ལ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ།། འདི་ནི་དམ ་བཅའ་བ་ཁོ་ན་ལ་བལྟ་བར་བྱ་སྟེ། ཡང་དག་པར་སྡུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་ཁོ་ན་བཞིན་དུ་བཤད་པར་གསོལ་ཞེས་གསོལ་བ་བཏབ་པ་དང་། བྱང་ཆུབ་སེམས་དཔས ་བདག་གི་ཐོས་པ་དེ་ཁོ་ན་བཞིན་དུ་སྨྲ་བར་བྱའོ་ཁས་འཆེས་པའོ།། ཡང་ན་ཇི་སྐད་དུ་སྨྲས་པ་དེ་ཁོ་ན་བཞིན་དུ་བདག་གིས་ཐོས་ཏེ། དེ་བཞིན་དུ་བསྟན་པར་བྱའི་གཞན་དུ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཡན་ལག་གཞན ་གྱིས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ཡོང་སུ་སྤངས་ནས་སྙམ་དུ་དགོངས་པའོ།། བདག་གིས་ཤེས་བྱ་བ་ནི་བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཡིན་གྱི། གུད་ནས་གཅིག་ནས་གཅིག་ཏུ་བརྒྱུད ་དེ་མ་ཡིན་པའོ།། ཐོས་པ་ནི་ཉན་ནུས་པའི་རྣ་བའི་དབང་པོ་ཟིན་པའོ།། འདིས་ཀྱང་ཡན་ལག་གཞན་གྱིས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་ཉེས་པ་ཡོངསུ་སྤོང་སྟེ། བྱིས་པ་གང་དག་མཱི་ནུས་པ་དེ་དག་ནི ་ཡན་ལག་ལ་སྐུར་པ་འདེབས་པ་འམ་སྒྲོ་འདོགས་པར་བྱེད་དོ།། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་ན་སྟེ། ཉན་པའི་ཚེ་བར་ཆད་མེད་པའི་ཕྱིར་རྒྱུན་ཆགས་པ་ཁོ་ནས་དུས་གཅིག་ཡིན་ནོ།། དེ་ལྟ་མ་ཡིན ་ཡིན་ན་ཡི་གེ་དང་། ཚིག་དང་ངག་འཛིན་པའི་དུས་ཐ་དད་པའི་ཕྱིར་ཇི་ལྟར་གཅིག་དུ་འགྱུར། ཡང་ན་གཟུངས་ཐོབ་པས་ཡི་གེ་འབྲུ་གཅིག་ལ་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར་རོ།། ཡང་ནུ ་རྣ་བའི་དབང་པོ་རྣམ་པར་དག་པ་ཐོབ་པས་ཡི་གེ་འབྲུ་བ་ཅིག་ཡོངས་སུ་བཤད་ན་གཞན་ལ་ཐོགས་པ་མེད་པའི་ཕྱིར་རོ།། ཡང་ན་དུས་ནི་ཚོགས་པ་ཡིན་ཏེ་དུས་ཚོགས་པ་གཅིག་ན་ཞེས་བྱ་བའི་ཐ་ཚིག་གོ།། བཅོམ ་ལྡན་འདས་ཞེས་བྱ་བའི་སྒྲ་ནི་རང་དབྱུང་དང་། ཤིན་ཏུ་སྦྱངས་པ་དང་། གཟུགས་བཟང་བ་དང་། གྲགས་པ་དང་། དཔལ་དང་བདག་ཉིད་ཆེན་པོ་ལ་འབྱུང་སྟེ། རང་དབང་ཤིན་ཏུ་སྦྱངས་པ་དང་། གཟུགས་བཟང་བ་དང་གྲགས ་པི་དང་། དཔལ་དང་བདག་ཉིད་ཆེ་སོགས་པ། དྲུག་ལ་སྐལ་པ་ཞེས་པ་ཤྭད་དོ།། ཞེས་གང་བཤད་པའོ།། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དང་མི་འབྲལ་བར་མངའ་བས། ་དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་ཡིན་ནོ།། ཇི་ལྟ་ཞེ་ན་རང་དབང་ཉིད་ནི་ཉོན་མོངས་པའི་གཞན་གྱི་དབང་དུ་གྱུར་པ་མི་མངའ་བའི་ཕྱིར་རོ།། ཤིན་ཏུ་སྦྱངས་པ་ཉིད་ནི་ཡེ་ཤེས་ཀྱི་མྱེའི་གདུང་བུས་ཡོངས་སུ ་སྦྱངས་པའི་ཕྱིར་རོ།། གཟུགས་བཟང་བ་ཉིད་ནི་སྐྱེས་བུ་ཆེན་པོའི་མཚན་མཆོགསུམ་ཅུ་རྩ་གཉིས་ལ་སོགས་པ་མངའ་བའི་ཕྱིར་རོ།། བྲགས་པ་ནི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་ཕུན་སུམ་ཚོགས་པའི་ཕྱིར་རོ།། དཔལ ་ནི་འགྲོ་བ་ཐམས་ཅད་ཀྱིས་བསྙེན་པར་བྱ་བ་ཡིན་པའི་ཕྱིར་རོ།། ཆེ་བ་ཉིད་ཚོགས་པ་ནཱི། སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་མཛད་པའི་སྦྱོར་བ་ཉམས་སུ་མཱི ་མངའ་བའི་ཕྱིར་རོ།། རྣམ་པ་གཅིག་དུ་ན་བདུད་བཞི་པནི་པྲ་བཅོཾ་ལྡན་འདས་ཏེ། བདུད་བཞི་ནི་ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དོ།། དེ་ལ་གནས་ཕུན་སུམ་ཚོགས་པ་ནི ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། དེ་ཡང་ཕུན་སུམ་ཚོགས་པ་རྣམ་པ་གཙོ་བརྒྱད་ཀྱིས་ཕུན་སུམ་ཚོགས་ཏེ། ཁ་དོག་ཕུན་སུམ་ཚོག་པ་དང་། དབྱིབས་ཕུན་སུམ་ཚོགས་པ་དང་། ཚད་ཕུན་སུམ་ཚོགས་པ ་དང་། ཡུལ་ཕུན་སུམ་ཚོགས་པ་དང་། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། བདག་ཕུན་སུམ་ཚོགས་པ་དང་། ཕྱོགས་ཕུན་སུམ་ཚོགས་པ་དང་། ཞ་འབྲིང་བ་ཕུན་སུམ་ཚོགས་པ་དང་། སྟོན ་པ་ཕུན་སུམ་ཚོགས་པ་དང་། ལས་ཕུན་སུམ་ཚུགས་པ་དང་། ཕནཱ་འདོགས་པ་ཕུན་སུམ་ཚོགས་པ་དང་། མི་འཇིགས་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། ལམ་ཕུན་སུམ་ཚོགས་པ་དང་། ་གཞོན་པ་ཕུན་སུམ་ཚོགས་པ་དང་། སྒོ་ཕུན་སུམ་ཚོགས་པ་དང་། གཞི་ཕུན་སུམ་ཚོགས་པ་སྟེ། གོ་རིམ་བཞིན་དུ་ཚིག་བཅུ་དགུས་ཡོངས་སུ་བསྟན་ཏོ།། དེ་ལ་མཆོག་ཏུ་འབར་བ་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་རིན་པོ ་ཚེ་སྣ་བདུན་མཆོག་ཏུ་འབར་བ་དག་གིསྲ་བཀོད་པ་བརྒྱན་པའི་བྱེ་བྲག་ཡོད་པའོ།། ཡང་ནུ་གཞལ་ཡས་ཁང་གི་ཁྱད་པར་དེ་ཉིད་རིན་པོ་ཆེ་དེ་དག་གིས་མཆོག་ཏུ་འབར་བའོ།། རིན་པོ་ཆེ་སྣ་བདུན་ནི་གསེར་དང་། དངུལ་དང་། བཻ་ཌཱུརྱ ་དང་། སྤུག་དང་། རྡོའི་སྙིང་པོ་མུ་ཏཱིག་དམར་པོ་སྟེ། དམར་པོ་ནི་སྲོག་ཆགས་ཀྱི་རིགསོ།། དེ་ལས་བྱུང་བའི་ཕྱིར་བྱེ་བྲག་མེད་པར་ཉེ་བར་བཏགས་ཏེ། མུ་ཏིག་དམར་པོ་ཞེས་བྱའོ།། ཀྲེ་ཀཽ་རུ་ནཱི་བདུན་པ་སྟེ། དེ་ལྟར་ན་ནི ་མཆོག་ཏུ་འབྱུར་བའི་གནས་ཡིན་ནོ།། གང་གི་ཕྱིར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་རྒྱས་པར་འགེངས་པ་ཁྱབ་པར་བྱེད་པ་དེས་ན་འོད་ཟེར་ཆེན་པོ་དག་རབ་ཏུ་འབྱུང་བ་སྟེ། དེ་ཉིད་ཀྱི་ཕྱིར་འོད་ཟེར་རྣམས ་མདའ་བོ་ཉིད་དོ།། དེ་དག་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པ་ཡང་ཡིན་ལ། འོད་ཟེར་ཆེན་པོ་དག་ཀྱང་ཡིན་ཏེ། གང་ལ་དེ་དག་རབ་ཏུ་འབྱུང་བ་ཡོད་ཅེས་ཚིག་རྣམས་སྦྱར་རོ།། དེ་ལྟ་བས ་ན་ཚིག་འདི་གཉིས་ཀྱིས་ཁ་དོག་ཕུན་སུམ་ཚོགས་པ་བཤད་དོ།། དེ་ལྟར་ཁ་དོག་ཕུན་སུམ་ཚོགས་པའི་དབྱིབས་ཇི་ལྟ་བུ་ཞེ་ན། གནས་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གནས་ཐ་དོད་པ་ཤིན་ཏུ་རྣམ ་པར་ཕྱེ་བ་ཚད་མེད་པ་དག་རྣམ་པར་གནས་པ་སྟེ། འདི་ལ་རྣམ་པར་གནས་པ་བྱེ་བྲག་དུའམ་རྣམ་པ་སྣ་ཚོགསུ་འམ་མཆོག་ཏུ་གནས་པ་ཡོད་པས་ཤེས་བྱ་བར་སྦྱར་རོ།། ཚད་མེད་པ་ཉིད་ནི་གྲངས་ཚད་མེད་པའི་ཕྱིར་དང ་ཡུལ་ཚད་མྱེད་པའི་ཕྱིར་རོ།། ཤིན་ཏུ་རྣམ་པར་ཕྱེ་བ་ནི་བློ་སྔོན་དུ་བཏང་བའི་ཆ་རྣམ་པར་བཞག་པས་བཀོད་པའི་ཕྱིར་རོ།། ཇི་ལྟར་ན་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པའི་ངོ་བོ་ལ་བློ་སྔོན་དུ་བཏང་བའི་ཆ་རྣམ ་པར་བཞག་པ་སྲིད་ཙཱ་ན། དེའི་ཕྱི་རོལ་གྱི་དངོས་པོ་བསྒྲུབ་པ་ལ་ཡོངས་སུ་གྲུབ་པར་ནི་མ་ཡིན་གྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་ཤེས་རབ་ཀྱི་རྒྱུ་མངོན་པར་འདུ་བྱེད་པ་དང་བྱིཅས་པར་འབྱུང་བ་ལྔ ་སྤྱོད་ན། སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་ལྟ་དེ་ལྟར་མངོན་པར་འདུས་བྱས་པའི་ཕྱིར། སྔོནི་མངོན་པར་འདུ་བྱས་པའི་དབང་གིས་སྤྲོས་པ་མེད་པའི་གནས་སྐབས་ན་ཡང་དེ་ཁོ་ན་བཞིན་དུ་འབྱུང་བའི ་ཕྱིར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པར་རིག་པ་སྣང་བ་འགལ་བ་མེད་དེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ།། དེ་ལྟར་དབྱིབས་ཕུན་སུམ་ཚོགས་པ་དེའི་ཚོད་ཛཱི་ལྟ་བུ་ཞེན ་དེའི་དབང་དུ་མཛད་ནས་རྒྱ་ཡོངས་སུ་མ་ཆད་པ་ཞེས་བྱ་བ་གསུངས་ཏེ། གང་གི་རྨྱི་འདི་ཙམ་མོ་ཞེས་བྱ་བར་ཡོངསུ་ཆད་པའོ།། རྒྱུ་ནི་གན་ནུས་ཁྱོན་ཆེ་བ་ཡིན་ནོ།། ཡང་ན་གང་གིས་རྒྱུ་སྐྱིད་ལ་སོགས་པའི་ཆད ་ཡོངས་སུ་མི་ཆད་པོ་སྤྱི། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ནི་ཐ་དད་པ་ཡོངསུ་ཆད་པ་མེད་པའི་ཕྱིར། དེ་སྐད་ཅེས་བྱའོ།། དེ་ལྟར་ཚད་ཡོངས་སུ་མ་ཆད་པ་དེ་ཅི་ཁམས་གསུམ་ནི་སྤྱོད་པ་ཞིག་ཡིན་ནམ་ཞེན ་མ་ཡིན་ནོ།། འོ་ན་ཅི་ཞེ་ན། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྤྱོད་དོ་ཡུལ་ཡིན་ཏེ། གང་ལ་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ལམ་གནས་སུམ་ཡུལ་ཡོད་པའོ།། ་ཁྱམས་གསུམ་པ་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྟས་པར་འགྱུར་བའི་ཕྱིར། རང་གི་ས་པའི་སྲེད་པ་དག་གིས་བདག་གིས་བྱས་པ་དང་། དེའི་རྣམ་པར་སྨིན་པ་ཡིན་ནོ།། དེ་ནི་དེས་བདག་གིར་མ་བྱས་པའི ་ཕྱིར་དང་། དེའི་རྣམ་པར་སྦྱིན་པ་མ་ཡིན་པའི་ཕྱིར་སྐྱེ་ཡིན་ཏེ། མྱ་ངན་ལས་འདས་པ་བཞིན་ནོ།། འོན་ནི་བརྒལ་བ་དེ་གཞལ་མེད་ཁང་རྣམ་པར་སྦྱིན་པའི་ས་ལྕེས་ཡང་དག་པར་འདས་པའི་ཕྱིར་དེ་དང་འདྲ་བ་ཉིད་དུ་རྒྱུ་མེད ་དུང་ཅནྡ་ཡིན་ནོ།། འོན་ཏེ་རྒྱུ་དང་ལྡན་པ་ཉིད་ཡིནྡ་ན་ནི་དེའི་ཁོངསུ་འདུས་པར་འགྱུར་རོ།། ཡང་ན་ནི་དེའི་རྒྱུ་ཁམས་གསུམ་པ་མ་གཏོགས་པ་ཞིག་བརྗོད་དགོས་སོ་ཞེ་ན། བདེན་ཏེ་འདིའི་རྒྱུ་ནི་ཁམས་གསུམྦྷ་པ་ལྔས་འོངས་པ ་ཡོན་ཡིན་ནོ།། རྒྱུ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། འཇིག་རྟེན་ལས་འདས་པའི་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ།། དེའི་བླ་མའི་དགེ ་བའི་རྩ་བ་ནི་དེའི་རྗེས་ལ་ཐོབ་པ་སྟེ། རྒྱུ་དེ་ལས་འབྱུང་བ་ནི་གྱི་རྒྱུ་མེད་པ་ཅན་ཡང་མ་ཡིན་ལ་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ནོ།། ཇི་ལྟ་ན་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དག་པ ་འཇིག་རྟེན་པའི་ཆོས་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་རྣམ་པར་སྨིན་པའི་རྒྱུ་བ་ཡིན་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ཞེས་ཅི་བྱའོ།། འོན་ཅི་ཞེ་ན། དེ་ལས་གཞན་པ་ཡང་སྲིད་པ་སྟེ། སྡུག་བསྔལ ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ཀྱི་འཇིག་རྟེན་པའི་ཆོས་ཀྱི་མཆོག་བཞིན་ནོ།། རྣམ་པ་དག་གཅིག་ཏུ་ན་འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་མོ།། དེའི་བླ་མ་དག་ནི་དེ་བཞིན་གཤེགས ་པ་རྣམས་ཀྱི་དགེ་བའི་རྩ་བ་ཟག་པ་མེད་པ་རྣམས་ཏེ། རྒྱུ་དེ་ལས་བྱུང་བ་ནི་དེའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་རྒྱུ་ཕུན་སུམ་ཚོགས་པའི་འབྲས་བུ་ཇི་འདྲ་ཞེ་ན། ཤིན་ཏུ་རྣམ་པར་དག་ཅིང་བ་དབང་ཕྱུག ་པའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བྱ་བ་གསུངས་ཏེ། ཤིན་ཏུ་རྣམ་པར་དྲུག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་དེའི་མཚན་ཉིད་ཡིན་ནོ།། དེ་ནི་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་རྣམ་པར ་རིག་པ་འམ་གཏོགས་པའི་རིན་པོ་ཆེ་ལ་སོགས་པ་མེད་པས་རྣམ་པར་རིག་པའི་ཤིན་ཏུ་རྣམ་པར་བྱང་བ་དེ་ཉིད་དེ་ལྟར་སྣང་སྟེ་སྔར་ཇི་སྐད་དུ་བཤད་པ་བཞིན་ནོ།། ཡུལ་དང་འདྲ་བའི་ཕྱིར་འབྲས་བུ་ཡིན་ཏེ། ཟད་བུར ་སྔོན་པོ་ལ་སོགས་པའི་སྙོམས་པར་ཞུགས་པ་རྣམས་ཀྱི་དེའི་རྣམ་པར་རིག་པ་བཞིན་ནོ།། གཞལ་མེད་ཁང་ནི་བདག་པོས་ཡོངས་སུ་བཟུང་བའི་ཕྱིར་དེ་ལྟར་འབྲས་བུ་ཕུན་སུམ་ཚོགས་པའི་བདག་པོ་གང་ཡིན་ཞེ་ན། ་དེ་བཞིན་གཤེགས་པའི་གནས་ཞེས་བྱ་བ་གསུངས་ཏེ་དེ་ནི་བདག་པོའི་ཁྱད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཡིན་གྱི་མ་ཡིན་གཞན་གྱིས་མ་ཡིན་པ་འམ། དེས་དེ་བྱིན་གྱིས་བརླབས་ཤིང་གཞེས་པ་ཟུང་བ ་ཡིན་གྱིས་གཞན་གྱིས་མ་ཡིན་པའོ།། བདག་པོ་ནི་ཕྱོགས་ཡོངས་སུ་འཛིན་པའི་ཕྱིར་དེ་ལྟར་བདག་པ་ཕུན་སུམ་ཚོགས་པའི་ཕྱོགས་དགོས་པས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་སོང་བ་ཞེས ་བྱ་བ་གསུངས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་འོང་བར་ཡོད་པའོ།། གང་ཞིག་གང་གི་རྗེས་སུ་འགྲོ་བ་དེ་ནི་དཱིའི་ཕྱོགས་ཤེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ ་རྣམས་ཀྱང་དེའི་རྗེས་སུ་འགྲོ་བ་ཡིན་ནོ།། དེ་དག་ཁོ་ན་དགྲ་རྣམ་པ་ཐམས་ཅད་དུ་ཕྱིར་ཟློག་ནུས་པས་དེའི་ཕྱོགས་ཡིན་གྱི་ཉན་ཐོས་ལ་སོགས་པ་ནི་མཱ་ཡིན་ནོ།། དེ་ལྟར་ཕྱོགས་ཕུན་སུམ་ཚོགས་པའི་ཞ་འབྲིང་བ་དགོས ་པས་དེའི་འོག་དུ་ལྟ་ལ་སོགས་པ་བསྟན་ཏོ།། ལྟོ་འཕྱེ་ཆེན་པོ་ནི་སྦྲུལྔ་ཆེན་པོའོ།། འོ་ན་ཇི་ལྟར་ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་ཞེས་བཤད། ཁམས་གསུམ་པ་ལས་ཡང་དག་པར ་འདས་པའི་སྤྱོད་ཡུལ་ན་ནི་ལྷ་ལ་སོགས་པ་ནི་མི་སྲད་དེ། དེ་དག་ནི་ཁམས་གསུམ་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ།། ཞེ་ན་དེ་ལྟ་བུའི་རྣམ་པར་རིག་པ་སྣང་བ་ཡོངས་སུ་འཛིན་པ་དང་ལྡན་པས་འགལ་བ་མེད་དོ།། ཡང ་ནཱ་དེ་དག་ནི་སྤྲུལ་པ་ཡིན་ལ་དེ་ལྟར་ཀུན་ཏུ་བསྟན་པ་ནི་གདུལ་བར་བྱ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཏེ། ཀ་པ་ནི་གདུལ་བའི་ཕྱིར་འཁོར་ལོས་སྒྱུར་བའི་འཁོར་ཀུན་ཏུ་བསྟན་པ་བཞིན་ནོ།། ་ཡང་ན་དེ་དག་ནི་བྱང་ཆུབ་སེམས་དཔེའཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལྷ་ལ་སོགས་པའི་ལུས་ལ་སྔོགས་མངོན་པར་སྤྲུལ་ནས་རྣམ་པར་གནས་པར་ཟད་དོ།། དེ་ལྟར་ཞམ་རིང་བ་ཕུན་སུམ ་ཚོགས་པ་ཅིས་བསྟན་པ་ཡིན་ཞེ་ན། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆོས་པས་བསྟན་པ་ཞེས་བྱ་བ་གསུངས་ཏེ། འདི་ན་ཆོས་ཀྱི་རོའི་དགའ་བ་དང་། བདེ་བ་ཆེན་པོས་བསྟན་པ་ཡོད་པ་ས་ཞེས་ཚིག་རྣམ་པར་བསྒྱུར་རོ།། ་ཟས་ནི་གནས་པའི་རྒྱུ་ཡིན་པའི་ཕྱིར་སྟོན་པ་སྟེ། དེས་ཀྱང་གནས་པར་འགྱུར་རོ།། ཁམས་གསུམ་པ་ལས་ཡང་དགྲ་བར་འདས་པའི་སྤྱོད་ཡུལྔ་ཤེས་བཤད་པ་མ་ཡནི་ནམ། ཇི་ལྟར་ན་དེའི་ཟས་ཡིན། ཟག་པ ་མེད་པའི་ཆོས་རྣམ་ས་ཀྱང་དེའི་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། ཟས་ནི་སྲིད་པ་གསོ་བར་བྱེད་པ་ཡིན་པའི་ཕྱིར་ལ་དེ་དག་ནི་སྲིད་པཱ་གཅོད་བའི་རྒྱུ་ཡིན་ནོ་ཞེ་ན། འདི་ནི་གཟུགས་ལ་སོགས་བའི ་ཁམས་སུ་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་འདྲ་བར་འགྱུར་རོ།། དེ་དག་འདས་པའི་ཟས་ཀྱིས་ཟས་དང་བཅས་པ་ཞེས་བརྗོད་པ་ཡེང་རིགས་པ་མ་ཡིན་ཏེ། འདས་པ་མེད་པའི་ཕྱིར་དང ་འདི་ལ་ཡང་དེར་ཐལ་བར་འགྱུར་རོ།། དེ་ལྟ་བས་ན་དེས་དེ་དག་དེ་ནུ་གནས་པར་འགྱུར་བས། གནས་པའི་རྒྱུ་མ་ཡིན་པའི་ཕྱིར། ཉེ་བར་རྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། དེ་ལྟར་སྟོན་པ་ཕུན་སུམ་ཚོགས་པ ་འཕྲིན་ལས་ཅི་མཛད་ཅི་མཛད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་བྱེད་ཉེ་བར་གནས་པ་ཞེས་བྱ་བ་གསུངས་སོ།། འདི་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད ་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ་ཡོད་པའི་ཕྱིར་རམ་དོན་ཐམས་ཅད་ཡང་དག་པར་སྒྲུབ་པར་ཉེ་བར་གནས་པ་ཡོད་པའི་ཕྱིར་ཏེ། ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ཀྱང་སྔོན་མངོན ་པར་འདུ་བྱེད་པའི་དབང་གིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།། ཇི་སྐད་བ་ཤད་པའི་ཕྲིན་ལས་ཕུན་སུམ་ཚོགས་པའི་ཕན་ཐོགས་པ་གང་ཡིན་ཞེ་ན། དེ་ཡང་དྲག་པར་བསྟན་པའི་ཕྱིར་ཉོན་མོངས་པའི་དྲི་མའི་གནོད ་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་དག་ཉིད་དྲི་མ་ཡིན་ནོ།། དྲི་དག་ཀྱང་གནོད་པའི་རྒྱུ་ཡིན་པས་དེ་མེད་པའི་ཕྱིར་དེ་ལས་གྱུར་པའི་གནོད་པ་མེད་དོ།། འོ་ན་དེའི་ཚེ་ཅི་ཞིག་ཕན་བཏགས་ཤེ་ན། ཉོན ་མོངས་པ་ལས་གྱུར་པའི་གནོད་པོ་མེད་པ་གང་ཡིན་པ་དེ་ཉིད་ཕན་བཏགས་པ་ཡིན་ཏེ། དཔེར་ན་ཇོ་བོས་ཕན་མ་བཏགས་ཀྱང་། གནོད་པ་མི་བྱེད་པའི་ཕྱིར་བདག་ལ་ཇོ་བོས་ཕན་བཏགས་སོ་ཞེས་ཐ་དད་འདོགས་པ་ཡིན་པ ་བཞིན་ནོ།། ཡང་ན་ཉོན་མོངས་པའི་དྲི་མ་ལས་དབེན་པའི་ཡེ་ཤེས་རྙེད་པ་ཡིན་ནོ།། དེ་ལྟར་ན་ངག་གི་གནོད་པ་མེད་པས་ཕན་པ་མཛད་པ་ཕུན་སུམ་ཚོགས་པ་ལ་ཕྱི་རོལ་གྱི་འཇིགས་པའི་རྒྱུ་ཡང་མེད་པས། ་བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཞེས་འཇིགས་པ་མེད་པ་ཉིད་ཕུན་སུམ་ཚོགས་པ་སྟོན་པར་མཛད་དོ།། བདུད་ཐམས་ཅད་ནི་ཕུང་པོ་དང་ཉོན་མོངས་པ་དང་། འཆི་བདག་དང་ལྷའི་བུའི་བདུད་རྣམས་ཏེ། དེ་དག་གིས ་དེ་ཡོངས་སུ་སྤངས་པ་འམ། གང་གིས་དེས་ངག་ཡོངསུ་སྤངས་པའི་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་དག་ཀྱང་འཇིགས་པའི་རྒྱུ་ཡིན་ཏེ། དེ་དག་ཐིབ་ཀྱིས་མནན་ཏེ་རྒྱལ་བས་ན་འཇིགས་པ་མེད་པ་ཡིན་ནོ།། ་དེ་ལྟར་འཇིགས་པ་མེད་པ་ཕུན་སུམ་ཚོགས་པའི་གནས་ཀྱི་ཁྱད་པར་ཅི་འདྲ་བ་ཞིག་ཅེ་ན། ཐམས་ཅད་ཀྱིས་བཀོད་པ་ལ་སྣ་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ་ཞེས་བྱ་བ་གསུང ་ཏེའདི་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ། གཞན་དག་གིས་བཀོད་པ་གང་དག་ཡིན་པ་དེ་དག་པས་ལྷག་པ་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་བཀོད་པ་ཡོད་པས་ཤེས་ཚིག་རྣམ་པར ་སྦྱར་ཏེ། དེའི་བྱིན་གྱིས་རླབས་ཁོ་ནས་དེ་ལྟར་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། གནས་ཐམས་ཅད་པས་ཁྱད་དུ་འཕགས་པའི་ཕྱིར། གནས་ཕུན་སུམ་ཚོགས་པའོ།། དེ་ལྟར་གནས་ཕུན་སུམ་ཚོགས་པ་དེར ་བགྲོད་པར་བྱ་བའི་ལམ་ཇི་ལྟ་བུ་ཞིག་ཅེ་ན། དྲན་པ་དང་། བློ་གྲོས་དང་། རྟོགས་པ་ཆེན་པོ་ངེས་པར་འབྱུང་བ་ཡིན་པ་ཞེས་བྱ་བ་གསུངས་ཏེ། འདིས་ངེས་པར་འབྱུང་བ་ནི་ངེས་བྱ་འབྱུང་བྱའི་ལམ་མོ།། དྲན་པ ་ལ་སོགས་པ་འདི་དག་གིས་དེ་དག་ངེས་པར་འབྱུང་བས་ནི་དྲན་པ་ལ་སོགས་པ་ནི་ངེས་པར་འབྱུང་བ་ཡིན་ནོ།། དེ་ལ་དྲན་པོ་ཆེན་པོ་ན་ཐོབ་པ་ལས་བྱུང་བའི་ཤེས་རབ་སྟེ། ཐོབ་ནས་དོན་ཕྱིན་ཅི་མ་ལོག་པར ་མངོན་པར་བརྗོད་པའི་ཕྱིར་རོ།། བློ་གྲོས་ཆེན་པོ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་སྟེ། ཐོས་པ་རིགས་པས་ངེས་པར་སེམས་པའི་སྒོ་ནས་ངེས་པ་འཐོབ་པའི་ཕྱིར་རོ།། རྟོགས་པ་ཆེན་པོ་བསྒོམས ་པ་ལས་བྱུང་བའི་ཤེས་རབ་སྟེ། བསྒོམས་པའི་སྟོབས་ཀྱིས་དེ་ཁོ་ན་ཉིད་རྟོགས་བྱའི་ཕྱིརརོ།། དྲན་པ་ལ་སྩོགས་པའི་ཆེན་པོ་ཉིད་ནི་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པ་ལས་བྱུང་བའི་ཕྱིར་དེའི ་འབྲས་བུ་ཡིན་པའི་ཕྱིར་དང་། དེས་བསྡུས་པའི་ཕྱིར་རོ།། དེ་ལྟར་ལམ་ཕུན་སུམ་ཚོགས་པ་ནས་གང་ལ་ཞོན་ཏེ། ལམ་དེ་ནས་འགྲོ་བའི་བཞོན་པ་དེ་དགོས་པསྔ་དེའི་དབང་དུ་མཛད་དེ། ཞི་གཽནས་དང ་ལྷག་མཐོང་ཆེན་པོ་བཞོན་པ་ཡིན་པ་ཞེས་བྱ་བ་གསུངསོ།། ཞི་གནས་ནི་ཏིང་ངེ་འཛིན་ཏོ།། ལྷག་མཐོང་ནི་ཤེས་རབ་བོ།། དེ་གཉིས་རང་གི་ངང་གིས་འཇུག་པ་ནི་བཞོན་པ་སྟེ། དེ་གཉིས་དེ་ནས་དེར་འགྲོ ་བའི་ཕྱིར་རོ།། ཆེན་པོ་ཉིད་ནི་སྔ་མ་བཞིན་ནོ།། དེ་ལྟར་བཞོན་པ་ཕུན་སུམ་ཚོགས་པ་གང་གིས་ན་དེར་འཇུག་པར་འགྱུར་བའི་སྒོ་དགོས་པས། དེའི་འོག་ཏུ་སྒོ་ཕུན་སུམ་ཚོགས་པ་དེའི་དབང་དུ ་མཛད་དེ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མང་པ་དང་སྨོན་པ་མེད་པ་ནས་འཇུག་པ་ཞེས་བྱ་བ་གསུངས་ཏེ། སྒོ་ནི་སྒོ་མོའོ།། རྣམ་པར་ཐར་པ་ནི་རྣམ་པར་གྲོལ་བ་སྟེ། མྱ་ངན་ལས་འདས ་པའོ།། སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པའི་སྒོ་ཡིན་ཏེ། དེ་ལ་སྟོང་པ་ཉིད་ནི་ཆོས་ལ་བདག་མེད་པ་སྟེ། ཀུན་ཏུ་བརྟགས་པའི་ཆོས་མེད་པའོ།། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི ་སྒོ་སྟོང་པ་ཉིད་ཡིན་ནོ།། མཚན་མ་ནི་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་དང་། སྐྱེས་པ་དང་བུད་མེད་དང་སྐྱེ་བ་དང་རྒ་བ་དང་འཆི་བ་སྟེ། མཚན་མ་འདི་གང་ལ་མེད་པ་ནི་མཚན་མ་མེད་པའོ།། དེ ་ཡང་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ནི་མཚན་མ་ཐམས་ཅད་བསལ་པའི་ངོ་བོ་ཡིན་པའི་ཕྱིར་རོ།། དེ་ལ་དམིགས་པོའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ནོ།། སྨོན་པ་ནི་སྨོན ་ལམ་སྟེ། དོན་དུ་གཉེར་བའོ།། ཁམས་གསུམ་པ་སྡུག་བསྔལ་ཉིད་དུ་ལྟ་ན་མི་སྨོན་ཏེ། འདི་ལ་སྨོན་པ་མེད་པས་ན་སྨོན་པ་མེད་པའོ།། དེ་ལ་དམིགས་པའི་ཏིང་འཛིན་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ ་ཡིན་ནོ།། འདི་ལ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་དེ་དག་གི་འཇུག་པ་ཡོད་པས་ཤེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་གིས་དེར་འཇུག་པའི་ཕྱིར་རོ།། ཆེན་པོ་ཉིད་ནི་སྔ་མ་བཞིན་ནོ།། དེ་ལྟར་སྒོ་ཕུན ་སུམ་ཚོགས་པའི་གཞལ་མེད་ཁང་ཕྲལ་བཞིན་དུ་དེ་གང་ལ་བརྟེན་པའི་གཞི་དགོས་པས་དེའི་ཕྱིར་དེའི་འོག་དུ་གཞི་ཕུན་སུམ་ཚོགས་པ་དེའི་དབང་དུ་མཛད་ནས། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་གྱི ་ཚོགས་ཚད་མེད་པས་བརྒྱན་པའི་བཀོད་པ་ལ་བརྟན་པ་ཞེས་བྱ་བ་གསུངས་སོ།། དཔེར་ན་སའི་དཀྱིལ་འཁོར་ལ་སོགས་པ་ཆུའི་དཀྱིལ་འཁོར་ལ་སོགས་པ་ལ་བརྟེན་པ་འམ། འཇིག་རྟེན་པའི་གཞལ ་མེད་ཁྲང་ས་ལ་བརྟེན་པའི་དེ་བཞིན་དུ། རིན་པོ་ཆེ་ཆེན་པོའི་པདྨོའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ་གང་ཡིན་པ་དེའི་བཀོད་པ་ཆེན་པོ་འདི་ནི་བཞག་པའི་ཁྱད་པར་ཏེ། དེ་ནི་འདིའི ་རྟེན་ཡིན་ནོ།། ཆེན་པོ་ཉིད་ནི་དྲི་ལས་གཞན་པའི་བཀོད་པ་ལ་བལྟོས་པའི་ཕྱིར་ཏེ། དེ་ནི་རིན་པོ་ཆེ་ཆེན་པོའི་རྒྱུ་ལས་བྱུང་བའི་པདྨའི་རྒྱལ་པོ་ཆེན་པོ་དེ་ལ་བརྟན་པ་ཡིན་ནོ།། ཡང་ན་པདྨ་ཆེན་པོ་ནི་བྱང་ཆུབ ་སེམས་དཔའ་ལ་སོགས་པའི་བྱིན་གྱིས་རླབས་ལས་བྱུང་བ་རྣམས་ཡིན་ལ། དེ་དག་གི་རྒྱལ་པོ་སྟེ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་རྒྱལ་པོ་ཡིན ་ལུང་དེ་ནི་དེའི་དགེ་བའི་རྩ་བ་ལས་བྱུང་བས་དེ་དག་གི་བདག་པོ་ཡིན་ནོ།། དེ་ཉིད་དཀོན་པའི་ཕྱིར་དང་། རིན་པོ་ཆེ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རིན་པོ་ཆེ་ཆེན་པོ་ཡིན་ནོ།། དེ་རིན ་པོ་ཆེ་ཆེན་པོ་ཡང་ཡིན་ལ། པདྨའི་རྒྱལ་པོ་ཡང་ཡིན་ཏེ། དེའི་བཀོད་པ་ཆེན་པོའོ།། དེ་ལ་བརྟེན་པའི་གཞལ་མེད་ཁང་ན། བཅོམ་ལྡན་འདས་པ་ཞུགས་ཏེ་ཞེས་བྱ་བར་སྦྱར་རོ།། དེའི་འོག་ཏུ་དེ་ལས་གཞན་པའི ་སྟོན་པོ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་དང་། གཞན་དག་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཡོན་ཏན་པ་དེའི་ཕུན་སུམ་ཚོགས་པ་ལས་བརྩམས་ནས། ཡོན་ཏན་གྱི་ཁྱད་པར་རྣམ་པ་ཉི་ཤུ ་རྩ་གཅིག་ཡོངསུ་བསྟན་ཏོ།། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་འདིས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། འདྲི་ལ་འདུས་བྱས་དང་། འདུས་མ་བྱས ་ཐུགས་སུ་ཆུད་པར་བྱ་བ་ཇི་སྙེད་ཡོད་པ་དེ་སྙེད་ཐུགས་སུ་ཆད་པས་ཐུགསུ་ཆུད་པར་བྱ་བ་ལ་ལེགས་པར་རྫོགསྔ་པུར་མ་ལུས་པར་ཐུགས་སུ་ཆུད་པའི་བློ་མངའ་བའི་ཕྱིར་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་དང ་སྙིང་རྗེ་ཡོད་པས་ཐུགས་སུ་ཆུད་པའི་ཕྱིར་རོ།། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་ཡོན་ཏན་གྱིས་ཁྱད་པར་སྟོན་ཏེ། བྱིས་པ་དང་ཉན་ཐོས་ཀྱི་ཀུན་ཏུ་སྤྱོད་པ་སྒྲིབ་པ་གཉིས ་པའི་ཕྱིར་རོ།། དེ་ལ་བྱིས་པའི་ཀུན་ཏུ་སྤྱོད་པ་ནི་འཁོར་བའི་ཀུན་ནས་ཉོན་མོངས་པ་སྟེ། དེའི་བདག་ཉིད་དུ་གནས་པའི་ཕྱིར་རོ།། ཉན་ཐོས་ཀྱི་ཀུན་ཏུ་སྤྱོད་པ་ནི་མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པ་ཉིད་དེ། ་གཞན་གྱི་དོན་བྱ་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ།། འདི་ལ་ནི་ཀུན་ཏུ་སྤྱོད་པ་གཉིས་མི་མངའོ།། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ་ཞེས་བྱ་བ་འདིས་ནི་འདུལ་བའི་ཐབས་ཡིན་གྱི ་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། མཚན་ཉིད་མེད་པའི་ཆོས་ནི་མྱ་ངན་ལས་འདས་པ་ཡིན་པར་བཞེད་ལ། དེར་ཐེག་པ་གསུམ་གྱི་སེམས་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་གདུལ་པའི་ཐབས་ཡོངས་སུ་མཁྱེན ་བའི་ཕྱིར་དང་། དེ་བཞིན་དུ་ཡང་སྟོན་པའི་ཕྱིར་ཏེ། འདི་ལ་མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་འགྲོ་བར་མཛད་པ་ཡོད་པའི་ཕྱིར་རོ།། སངས་རྒྱས་ཀྱི་གནས་པས་གནས་པ་ཞེས་བྱ་བ་འདིས་ནི་གདུལ ་བྱ་ལ་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཐུགས་རྗེ་ཆེན་པོས་ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་གཟིགས་པོའི་ཕྱིར་རོ།། སངས་རྒྱས་ཐམས་ཅད་དང་མཉམ་ཉིད་བརྙེས་པ་ཞེས་བྱ་བ ་འདིས་ནི་སངས་རྒྱས། ཐམས་ཅད་དང་། ཕྲིན་ལས་མཛད་པ་འདྲ་བའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སངས་རྒྱས་ཐམས་ཅད་དང་འཕྲིན་ལས་འདྲ་བ་མཛད་པའི་ཕྱིར་དེ་དག་དང་མཉམ་པ་ཉིད་བརྙེས་པ ་ཡིན་ནོ།། སྒྲིབ་པ་མེད་པའི་རྟོགས་པ་ཐུགས་སུ་ཆུད་པ་ཞེས་བྱ་བ་འདིས་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས ་པ་ལས་དབེན་པའི་ཡེ་ཤེས་མངོན་སུམ་དུ་མཛད་པའི་ཕྱིར་དང་། སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་རོ།། ཕྱིར་མི་ཟློག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་འདིས་ནི་མུ་སྟེགས་ཅན་ཟིལ་མནོན་པའི་ཡོན་ཏན་གྱི ་ཁྱད་པར་སྟོན་ཏེ། དེ་དག་གིས་ཕྱིར་ཟློག་མི་ནུས་པའི་ཕྱིར་དང་། དེ་དག་ཟིལ་གྱིས་མནན་ནས་ཡང་དག་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ།། སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱ་བ་འདིས་ནི་བདུད་ཟིལ ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏོ། སྤྱོད་ཡུལ་ནི་ཡུལ་ཏེ། གཟུགས་ལ་སོགས་པའོ།། ཡུལ་དེ་ཉིད་སེམས་འཁྲུལ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དགེ་བའི་བར་ཆད་བྱེད་པ་གཉིས་ཀྱིས་བདུད ་ཅེས་བྱའོ།། བཅོམ་ལྡན་འདས་ལ་ནི་ཡུལ་ཤིན་ཏུ་ཡིད་དུ་འོང་བྱས་ཀྱང་བར་ཆད་བྱེད་པར་མི་ནུས་ལ། དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཤིན་ཏུ་ཡོངས་སུ་རྫོགས་པ་དག་གིས་ཟིལ་གྱིས་གནོན ་ཏེ། སྤྱོད་ཡུལ་གྱིས་དབྲོག་མི་ནུས་པས་སྤྱོད་ཡུལ་གྱིས་མི་འཕྲོགས་པ་ཞེས་བྱའོ།། བསམ་གྱིས་མི་ཁྱབ་པར་རྣམ་པར་འཇོག་ལ་ཞེས་བྱ་བ་འདིས་ནི་ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད ་པར་སྟོན་ཏེ། རྟོག་གེའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་རྣམ་པར་འཇོག་པའི་ཕྱིར་རོ།། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ་ཞེས་བྱ་བ་འདིས་དུས་ལུང་སྟོན་པའི་ཡོན་ཏན་གྱི་ཁྱད་པར་ཏེ། ད་ལྟར་བྱུང་བའི ་དུས་བཞིན་དུས་འདས་པོ་དང་མ་འོངས་པའི་དུས་ལུང་སྟོན་པ་ལ་ཐོགས་པ་མི་མངའ་བའི་ཕྱིར་རོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ་ཞེས་བྱ་བ་འདིས་ནི་དགའ་ལྡན་གྱི་གནས ་ནས་གཤེགས་པ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅིག་ཆར་སྤྲུལ་པའི་སྐུས་ཁྱབ་པར་མཛད་པའི་ཕྱིར་རོ།། ཆོས་ཐམས་ཅད་ལ་ཐེ་ཙོམ ་མེད་པའི་མཁྱེན་པ་མངའ་བ་ཞེས་བྱ་བ་འདིས་ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཆོས་ཐམས་ཅད་ལ་ཐེ་ཚོམ་མ་ལུས་པར་བསལ་བའི་ཡེ་ཤེས་བརྙེས་པའི་ཕྱིར་རོ།། ། ་སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ་ཞེས་བྱ་བ་འདིས་ཐེག་པ་ཐམས་ཅད་ཀྱིས་གདུལ་བར་བྱ་བ་ལ། དེ་དང་འདྲ་བའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སེམས་ཅན་ཐམས་ཅད ་ཀྱི་སྤྱོད་པ་ཡོངས་སུ་མཁྱེན་པའི་ཕྱིར་དང་། དེ་བཞིན་དུ་ཡང་སྐུ་ཀུན་ཏུ་སྟོན་པའི་ཕྱིར་རོ།། ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ་ཞེས་བྱ་བ་འདིས་ནི་ཤིན་ཏུ་རྣམ་པར་ངེས་པའི་ཡེ་ཤེས་ཀྱིས་ཅི་རིགས ་@པར་གདམས་ངག་རྩོལ་བའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། ཆོས་རྣམས་ལ་ནེམ་ནུར་དང་ལྡན་པ་ནཱི་ཅི་རིགས་པར་གདམས་ངག་སྦྱིན་མི་ནུས་པའི་ཕྱིར་རོ།། གང་ཞིག་ཆོས་འདི་ཐུགས་སུ་ཆུད་ཅིང་དེ ་མཁྱེན་པ་ལ་ཤིན་ཏུ་རྣམ་པར་ངེས་པ་ཡིན་པ་དེ་ནི་གདམས་ངག་ཕྱིན་ཅི་མ་ལོག་པར་སྟོན་ནུས་ཀྱི་གཞན་ནི་མ་ཡིན་ནོ།། རྣམ་པར་མ་བརྟགས་པའི་སྒོ་མངའ་བ་ཞེས་བྱ་བ་འདིས་ནི་ཀུན་ནས་ཉོན་མོངས་པ་མི་མངའ་བའི ་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། སྐུ་རྣམ་པར་རྟོག་པ་ལས་མ་འཁྲུལ་པའི་ཕྱིར་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མཽ་མངའ་བས་འདི་ལ་ཀུན་ནས་ཉོན་མོངས་པ་རྣམས ་ཀྱིས་རྣམ་པར་མ་བརྟགས་པའི་ཕྱིར་སྐུ་མངའ་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ་ཞེས་བྱ་བ་འདིས་ནི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི ་ཁྱད་པར་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར། སྦྱོར་གྱི་གཞན་དག་ནི་མ་ཡིན་ནོ།། དེའི་ཕྱིར་དེ་དག་ཁོ་ན་ཡེ་ཤེས་ཡང་དག་པར་ལེན་ཏོ།། སངས་རྒྱས་ཀྱི་གནས ་པོ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདིས་ནི་སངས་རྒྱས་ཀྱི་རང་བཞིན་པོའི་སྐུས་པཞུགས་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ཐ་དད་པ་མ་ཡིན ་པའི་ཕྱིར་རོ།། སངས་རྒྱས་ཀྱི་གནས་པ་གླཉི་ས་མེད་པ་ནི་ཆོས་ཀྱི་སྐུ་སྟེ། དེ་བཞིན་ཉིད་དོ་དེ་མཚན་ཉིད་ཐ་དད་པ་མ་ཡིན་པ་ཉིད་ཀྱིས་གཉིས་སུ་རྣམ་པར་རྟོག་པ་ཀུན་ཏུ་འབྱུང་བ་མ་ལུས་པར་བྱེད་པའི་ཕྱིར་ཏེ། དེ་ལ་དམིགས ་བའི་ཏིང་ངེ་འཛིན་གྱིས་རྟག་ཏུ་གནས་པའི་ཕྱིར་དང་། དེའི་ཡང་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཞེས་བྱ་བ་འོངས་ན་དེ་བཞིན་གཤེས ་པ་ལོངས་སྤྱོད་རྫོགས་པའི་སྐུས་བཞུགས་པའི་ཡོན་ཏན་གྱི་ཁྱད་པདྨ་སྟོན་ཏེ། སོ་སོའི་རྒྱུད་ཀྱི་སྒོ་ནས་ལོངས་སྤྱོད་རྫོགས་པའི་སྐུས། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་རྣམ་པར ་བར་མཛད་པའི་ཡེ་ཤེས་གངྒཱ་ཡིན་བྱའི་ཡེ་ཤེས་དེའི་མཐར་ཕྱིན་པའི་ཕྱིར་རོ།། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནརྀ་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་དག་ཏུ་འཁོར་གྱི་དཀྱིལ་འཁོར་རྣམས་སྐུ། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་སོ་སོར་ཉམས་སུ་མྱོང་བར་མཛད་པའི་ཡེ་ཤེས་གང་ཡིན་པ་སྟེ། དེའི་མཐར་ཕྱིན་པའི་ཕྱིར་དེ་སྐད་ཅེས་བྱའོ།། མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ས ་མཉམ་པ་ཉིད་ཐུག་སུ་ཆུང་པ་ཞེས་བྱ་བ་འདིས་ནི་མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། མཐའ་དང་དབུས་མེད་པ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་ཡོངས་སུ་སྤང ་པའི་མཚན་ཉིད་ཀྱི་ཕྱིར་དང་། ཡུལ་ཡོངས་སུ་མ་ཆད་པའི་མཚན་ཉིད་ཀྱི་ཕྱིར་རོ།། མཉམ་པ་ཉིད་ཐུགས་སུ་ཆུད་པ་ནི་འདུས་བྱས་དང་འདུས་མ་བྱས་ཡོངས་སུ་མཁྱེན་པའི་ཕྱིར་དང་། དེ་ལ་ཡང་ཀུན ་ནས་ཉོན་མོངས་པ་ཡང་མེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་དམ་པ་ཅན་ཞེས་བྱ་བ་འདིས་ནི་འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་སྟོན་ཏེ། འདི་ལ་ཆོས་ཀྱི་དམ་པ་རྣམ་པར་དག་པ་ཡོད་པ་སྟེ། དེ་ནི་ལམ་བསྒོམས ་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། ཡོན་ཏན་རྣམས་མི་ཟད་པ་ཉིད་དུ་བསྟན་པའི་ཕྱིར། ནཱ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་ཞེས་བྱ་བ་སྟེ། བདག་དང་གཞན་ལ་ཕན་པའི་གཞི ་ཡིན་པའི་ཕྱིར་ཡོན་ཏན་མི་ཟད་པ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་རོ།། ཇི་ལྟར་ན་མཁའ་འཇིག་པ་དང་། ཆགས་པ་དག་ན་ཟད་ནི་ཤེས་པ་ཉིད་དེ་བཞིན་དུ་འདིའི་ཡོན་ཏན་རྣམས་གཏན་དུ་མི་ཟད་པ་ཉིད་ཀྱི་ཕྱིར་ཏེ། འཁོར ་བའི་མཐའ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ།། རྣམ་པ་གཞན་དུ་བསྟན་པ་དང་བཤད་པའི་སྒོ་ནས་སྟོན་ཏེ། དང་པོ་བསྟན་པའི་དོན་ལྷག་མ་རྣམས་ཀྱིས་བཤད་པའི་ཕྱིར་རོ།། དེ་ལྟར་ན་ཡོན་ཏན་གྱི་ཁྱད ་པར་ཉི་དུས་ནི་ལེགས་པར་ཐུགསུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བ་ཡིན་པས་ཆོས་ཉིད་ལེགས་པར་བཤད་པ་ཡིན་ཏེ། ཤེས་པ་ལི་གཅིག་ཏུ་སྒྲིབ་པ་མེད་པ་ཡོན་ཏན་གྱི་ཁྱད་པར་གྱིས་ནི་ཇི་ལྟར་ཉན་ཐོས་རྣམས་ཀྱི ་ཤེས་པ་ཡུལ་དང་དུས་ཀྱིས་སྐལ་བའི་དོན་རྣམས་དང་། སངས་རྒྱས་ཀྱི་ཆོས་རབ་ཏུ་དབྱེ་བ་མཐའ་ཡས་པ་དག་པ་ལ་ཤེས་པ་མི་འཇུག་པའི་ཕྱིར་ལ། ལ་ལར་ཐོགས་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཡུལ ་དང་དུས་དང་རྣམ་པ་ཐ་དད་པའི་དངོས་པོ་མཐའ་ཡས་པ་ཐམས་ཅད་ལ་ཆགས་པ་མི་མངའ་བ་དང་ཐོགས་པ་མི་མངའ་བར་འཇུག་པའི་ཕྱིར་དེ་ལྟ་མ་ཡིན་ཏེ། འདི་ལྟར་དངོས་པོའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་དང་ཡོངས ་སུ་མི་ཤེས་པ་དང་། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བའི་ཕྱིར་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ་ཡིན་ཏེ། དེས་ནཱ་ལེགས་པར་ཐུགསུ་ཆུད་པའི་བློ་དང་ལྡན་པའོ།། མཆོག་ཏུ་རྣམ་པར་དག་པ་ཁོང་དུ་ཆུད་པའི་ཡོན་ཏན ་གྱིས་ནི་དངོས་པོ་དང་། དང་ས་པོ་མེད་པ་གཉིས་ཀྱི་མཚོན་ཉིད་ཀྱི་དྲི་མ་མ་ལུས་པ་ལས་དབེན་པའི་དེ་བཞིན་ཉིད་རྣམ་པར་རྟོག་པ་ཐམས་ཅད་བསལ་བའི་ངོ་བོ་བདག་ཉིད་ཀྱིས་རྟོགས་ནས་གཞན་དག་ལ་ཡང ་ཁོང་དུ་ཆུད་པར་བྱེད་པའོ།། སངས་རྒྱུས་མཛད་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་གྱིས་སེམས་ཅན་གྱི་དོན་མཛད་པ་དག་རྒྱུན་མི་གཅོད་པར་ལྷུན་གྱིས་གྲུབ་པར་འཕགས་པ་དང་། ལྷ་དང་ཚངས་པའི་གནས ་པ་དག་གིས་གནས་པའི་ཕྱིརརོ།། ཆོས་ཀྱི་སྐུ་ལ་རྟེན་པ་དང་། དགོད་པ་དང་འཕྲིན་ལས་ཁྱད་པར་མི་མངའ་བའི་ཡོན་ཏན་གྱིས་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྣམ་པར་དག་པའི་ཡེ་ཤེས་དང་། སེམས་ཅན ་ཐམས་ཅད་ལྔ་པནྡ་པ་དང་བདེ་བའི་དགོངས་པ་ནྡན་དང་། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་གཞན་གྱི་དོན་མཛད་པ་ལ། ཁྱད་པར་མི་མངའ་བའི་ཕྱིར་རོ།། སྒྲིབ་པ་ཐམས་ཅད་ཀྱི་གཉེན ་པོ་བསྒོམས་པའི་ཡོན་ཏན་གྱིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་འཕགས་པའི་ལམ་གོམས་པའི་སྒྲིབ་པ་ཐམས་ཅད་ལས་དབེན་པའི་རྟོག་སྲོ་པ་ཁོང་དུ་ཆུད་ཅེས་བྱ་བ་ཐུགསུ ་ཆུང་པ་བརྙེས་པའི་ཕྱིར་རོ།། མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་གྱིས་ནི་བརྟན་པ་དང་ཐུགས་སུ་ཆུང་པའི་ཆོས་གཞན་དག་གིས་ཕྱིར་ཟློག་མི་ནུས་པའི་ཕྱིར་རོ།། འཇིག་རྟེན་དུ་སྐྱེས་ན་ནི་འཇིག ་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་གྱིས་རྙེད་པ་དང་མ་རྙེད་པ་ལ་སྩོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་འཕྲོགས་པར་མི་ནུས་པའི་ཕྱིར་རོ།། ཆོས་རྣམ་པརཱི་འཇོག་པའི་ཡོན་ཏནྡ་གྱིས་ནི་གསུང ་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས། རྟོག་གེ་ལྔས་འདས་པ་བྱིས་པའི་བློས་ཁོང་དུ་ཆུད་པར་བྱ་བ་མ་ཡིན་པ། རང་དང་སྤྱིའི་མཚན་ཉིད་བརྗོད་པས་རྣམ་པར་འཇོག་པའི་ཕྱིར་རོ།། ལུང་སྟོན་པའི་ཡོན་ཏན་གྱིས ་ནི་དུས་གསུམ་ན་ཡོད་པའི་དངོས་པོ་རྣམས་ཀྱི་བྱུང་བ་དང་འབྱུང་བར་འགྱུར་བ་ཞེས་བྱ་བ་ཚེ་རབས་བརྒྱུད་པ་ལུང་སྟོན་པའི་ཕྱིར་རོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ ་པ་པའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱིས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅང་དུ་གདུལ་བ་ཇི་ལྟ་བ་བཞིན་དུ་སྐུ་བཻ་ཌཱུརྱ་ལ་སོགས་པའི་མདོག་ལྗང་བུ་ཀུན་ཏུ་སྟོན་པའི་ཕྱིར་རོ།། ཐེ་ཙོམ་གཅོད་པའི་ཡོན་ཏན་གྱིས ་བདག་ལ་ངེས་པ་བཞིན་གཞན་ལ་ངེས་པ་སྐྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ།། སྤྱོད་པ་སྣ་ཚོགས་དགྲ་གིས་མཛད་པའི་ཡོན་ཏན་གྱིས་ནི་གདུལ་བ་ཇི་ལྟ་བ་བཞིན་དུ། སྐལ་བ་འདྲ་བའི་ལུས་ཀུན་ཏུ་སྟོན ་པས་འཛུད་པའི་ཕྱིར་རོ།། མུ་འོངས་པ་ན་ཆོ་ས་འབྱུང་བའི་མཁྱེན་པའི་ཡོན་ཏན་གྱིས་ནི་རྡོ་ཕྲག་གསེར་གྱི་ས་བོན་ཡོད་པ་ལྟ་བུ། དགེ་བའི་རྩ་བའི་སྔ་བོན་ཕྲ་མོ་ཉན་ཐོས་ལ་སོགསྔ་པའི་ཡུལ་ལས ་འདས་པ་ཡང་ཕྱིན་ཅི་མ་ལོག་པའི་རྣམ་པར་ཡོངས་སུ་མཁྱེན་པའི་ཕྱིར་རོ།། མྱོས་པ་ཇི་ལྟ་བ་བཞིན་དུ་ཀུན་ཏུ་སྟོན་པའི་ཡོནྡ་ཏན་གྱིས་ནི་ཡིད་བཞིན་གྱི་ནོར་བུ་ལྟར་མི་རྟོག་ཀྱང་། དེ་བཞིན་གཤེགས་པའི་བྱིན ་རླབས་དང་། རང་གི་མོས་པའི་དཔུང་གིས་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ལ་སོགས་པ་ལྟ་བུ་མཐོང་སྟེ། མདོ་ལས་ཇི་སྐད་དུ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད་རྣམ་པར་རྟོག་པར་མི་མཛད་ཅེས ་བྱེ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ།། ལུས་ཚད་མེད་པས་སེམས་ཅན་གདུལ་བར་བྱ་བའི་ཡོན་ཏན་གྱིས་ནི་བྱང་ཆུབ་སེམས་དཔའི་ལུས་ཚད་མེད་པ་དག་གིས་སེམས་ཅན་གདུལ་བའི་ཕྱིར་སྦྱོར་བ་གང་ཡིན་པ་དེ་དེ་བཞིན ་གཤེགས་པའི་དབང་གིས་དམ་པའི་ཆོས་ཉན་པ་དང་། སེམས་པ་དང་སྒོམ་པའི་རིམ་གྱིས་ཡེ་ཤེས་ཀྱི་ཁྱད་པར་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་བཏགས་པ་དང་ཡོངསུ་གཏད་པ་དྲག་གིས ་རྒྱུན་མི་འཆད་པར་རྒྱུད་པར་བྱུང་བའི་ཕྱིར་རོ།། ཆོས་ཀྱི་སྐུ་ལ་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་གྲུབ་པའི་ཡོན་ཏན་གྱིས་ནི་ཆོས་ཀྱི་སྐུ་གཉིས་སུ་མེད་པར་སངས་རྒྱས་ཀྱི་ས་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ ་ཐམས་ཅད་མཚུངས་པར་གྲུབ་པའི་ཕྱིར་རོ།། སངས་རྒྱས་ཀྱི་ཞིང་མ་འདྲེས་པ་མོས་པ་ཇི་ལྟ་བུ་བཞིན་དུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱིས་ནི་སེམས་ཅན་གྱི་མོས་པ་ལ་བལྟོས་ནས་སངས་རྒྱས་ཀྱིས་ཞིང་གསེར་ལ ་སྩོགས་པའི་རང་བཞིན་མ་འདྲེས་པ་འདྲེས་པ་མེད་པར་ཀུན་ཏུ་སྟོན་པའི་ཕྱིར་རོ།། སངས་རྒྱས་ཀྱི་སྐུ་གསུམ་ཆར་ཡང་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་གྱིས་ནི། ཐོག་མ་དང་བར་དང་ཐ་མ་དང་བྲལ་བའི་སངས་རྒྱས ་ཀྱི་སྐུ་གསུམ་གྱི་བདག་ཉིད་རྣམས་སངས་རྒྱས་ཀྱི་ཞིང་རྣམས་སུ་ཐམས་ཅད་དུ་ཡུལ་ཡོངས་སུ་ཆད་པ་མེད་པར་མཉམ་བྱ་ཉིད་དུ་གཤེགས་པའི་ཕྱིར་རོ།། འཁོར་བའི་མཐའ་ཇི་སྲིད་པར་སེམས་ཅན་ཐམས་ཅད ་ལ་ཕན་པ་དང་བདེ་བ་མཛད་པར་ཞ་ཉེ་བར་གནས་པའི་ཡོན་ཏན་གྱིས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་འཁོར་བའི་ཇི་སྲིད་པར་གནས་པའི་ཕྱིར་དེའི་རྒྱུ་མཐུན་པ་མདོ་ལ་སོགས་པའི་ཆོས་རྣམས ་གདུལ་བ་རྣམས་ཀྱི་དུས་ཇི་ལྟ་བ་བཞིན་དུ་ཕྱིས་དང་། དེའི་ཚེ་ཉེ་བར་གནས་པའི་ཕྱིར་རོ།། མི་ཟད་པ་ཉིད་ཀྱི་ཡོན་ཏན་གྱིས་ནི་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བཀོད་པའི་ཡོན་ཏན་རྣམས་ན་མཁའ་བཞིན་དུ་མཐའ་མེད་པའི་ཕྱིར ་ཏེ་ཆོས་ཀྱི་དབྱིངས་ལས་འཁོར་བ་ཇི་སྲིད་པར་འགྲོ་བ་མཐའ་ཡས་ཀྱི་དོན་བྱེད་པའི་སྦྱོར་བ་རྒྱུན་མི་འཆད་པའི་ཕྱིར་ཡོན་ཏན་མི་ཟད་པ་ཉིད་དོ།། མི་ཟད་པ་ཉིད་ཀྱི་ཡོན་ཏན་དེས་ནུ་ལེགས་པར་ཐུགསུ་ཆུད་པའི་བྲྀ་དང ་ལྡན་པ་ཞེས་བྱ་བ་སྟེ་བར་མ་ཆུད་པ་ལ་ཡང་དེ་བཞིན་དུ་སྦྱར་རོ།། །། འཁོར་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་དགེ་འདུན་ཐོག་མར་སྨོས་པ་ནི་ཐེག་པ་ཆེན་པོ་ལ་ཐེ་ཙོམ་ཟ་བ ་རྣམས་ཀྱི་ཐེ་ཙོམ་གསལ་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་མ་ངེས་པའི་རིགས་ཅན་རྣམས་ཀྱི་རྐྱེན་ཉེ་བར་བསྒྲུབ་པའི་ཕྱིར་དང་། འཁོར་ན་སྤྱོད་པ་རྣམས་བཏུལ་བས། དེའི་སྒོ་ནས་དུལ་བར་འཇོ་ནས་དུལ་བར་འགྱུར་གྱི་ཕྱིར་ད། ་ཐོས་རྣམ་པར་དག་པ་རྣམས་བདག་ཉིད་ང་རྒྱལ་བྱིང་བས་སྤངས་པའི་ཕྱིར་དང་། བྱང་ཆུབ་སེམས་དཔས་ནི་ཉན་ཐོས་རྣམས་ལ་གུས་པར་མི་བྱ་བ་ཡང་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས ་དག་ལ་གུས་པ་བསྐྱེད་པའི་ཕྱིར་དེ་ཉིད་ཀྱི་ཕྱིར་དེ་ལས་གཞན་པ་དག་ཀྱང་དེ་ལ་གུས་པ་སྐྱེད་པར་བྱ་བའི་ཕྱིར་དེ་དག་ཡོན་ཏན་བརྗོད་དོ།། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་བཤད ་པ་མ་ཡིན་ནམ། ཇི་ལྟར་ན་དེ་ན་ཉན་ཐོས་རྣམས་སྲིད་དེ། འགལ་བའི་ཕྱིར་རོ་ཞེ་ན། འགལ་བ་ཅི་ཡོད་བྱང་ཆུབ་སེམས་དཔའ་རྣམས་དང་མཚངས་པར་མཐོང་བར་ཐལ་བར་འགྱུར་རོ་ཞེ་ན། གལ་ཏེ་དེ ་ངག་གིས་ཀྱང་མཐོང་ངོ་ཞེས་བཤད་པར་གྱུར་ན་ནི་འགལ་བར་འགྱུར་བ་ཞིག་ན། དེ་དག་དེ་ན་འཁོད་མོད་ཀྱི་འོན་ཀྱང་དེ་མཐོང་བར་འགྱུར་བའི་ཚོགས་དང་བྲལ་བའི་ཕྱིར་འོང་བ་བཞིན་དུ་འབྱོར་པ་དེ་ལྟ་བུ་དེ་མི་མཐོང་བས་འགལ ་བ་མེད་དེ། གསེར་ལ་སོགས་པ་ལ་སོ་ལ་བ་ལ་སོགས་པ་མཐོང་བ་བཞིན་དུ་རང་གིས་གཞན་མཐོང་བའི་ཕྱིརརོ།། ཡང་ན་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཅུང་ཟད་ཅིག་མཐོང་ངོ་།། ཅང་ཤེས་པ་ནི་བསླབ་པ་རྣམས་འགལ ་བར་མི་བྱེད་པ་རྣམས་ཀྱིས་དམུ་རྒོད་མ་ཡིན་པའི་ཕྱིན་ཏེ། རྟ་ཅང་ཤེས་བཞིན་ནོ།། སངས་རྒྱས་ཀྱི་སྲས་ནི་དེ་བཞིན་གཤེགས་པའི་ལུང་གི་སྟོབས་ཀྱིས་འཕགས་པའི་ལམ་སྐྱེས་པའི་ཕྱིར་ཡིན་གྱི། དེའི་རིགས་འཚོ ་བའི་ཕྱིར་ནི་མ་ཡིན་གྱིས། བཅོམ་ལྡན་འདས་ཀྱི་སྲས་གསུང་ལས་སྐྱེས་པ་ཆོས་ལས་ངེས་པར་སྐྱེས་ཞེས་འབྱུང་བའི་ཕྱིར་རོ།། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཁམས་གསུམ་པའི་འདོད་ཆགས་ལས ་རྣམ་པར་གྲོལ་བའི་ཕྱིར་ཏེ། འདོད་ཆགས་ལ་འདོད་ཆགས་དང་བྲལ་བས་སེམས་རྣམ་པར་གྲོལ་བའོ་ཞེས་འབྱུང་བའི་ཕྱིར་རོ།། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཐམས་ཅད ་ལས་རྣམ་པར་གྲོལ་བའི་ཕྱིར་ཏེ། མ་རིག་པ་འགགས་པས་ཤེས་རབ་རྣམ་པར་གྲོལ་བའོ་ཞེས་འབྱུང་བའི་ཕྱིར་ཏེ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་ནི་ཡན་ལག་དྲུག་གི་ཚུལ་ཁྲིམས་ཀྱིས་ཏེ། ཡན་ལག་དྲུག་ནི ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མྲ་ཐོ་བ་ཕྲ་རབ་ཙམ་དགེ་ལ་འཇིགས་པར་ལྟ་བ་དང་། བསླབྱ་བའི ་གཞི་རྣམས་ལ་ཡང་དག་པར་བླངས་ཏེ། སློབ་པ་ཞེས་མདོ་ལེས་ཇི་སྐད་དུ་འབྱུང་བའོ།། རྣམ་པ་གཅིག་དུ་ན་ཟག་པ་མྱེད་པའི་ཚུལ་ཁྲིམས་ཐོབ་པའི་ཕྱིར་རོ།། ཆོས་འདོད་པ་རྣམས་བདེ་བར་ཕྲད་པ་ནི་ཀླན་ཀཱ་ཚོལ་བའི ་བསམ་པ་མེད་པའི་ཕྱིར་དང་། སྤྱོད་ལམ་ངན་པ་ཡོངསུ་སྦྱངས་པའི་ཕྱིར་རོ།། ཐོས་པ་མང་པོ་ནི་མདོ་སྡེ་དུ་མ་དང་པོ་དང་ཐ་མུར་ཐོས་ཤིང་བཟུང་བའི་ཕྱིར་རོ།། ཐོས་པ་ཀུན་ཏུ་འཛིན་པ་ནི་དེའི་དོན་ཀུན་ཏུ་འཛིན་པའི་ཕྱིར ་ཏེ། ཐོས་པའི་དོན་ཀུན་ཏུ་འཛིན་པར་བྱེད་པའི་ཕྱིར་རོ།། ཐོས་པའི་དོན་བསམ་པ་ནི་གཉིས་ཀས་ཚིག་དང་དོན་བརྟན་པར་བྱེད་པའི་ཕྱིར་རོ།། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་བརྗོད་པ། ལེགས་པར ་བྱ་བའི་ལས་བྱེད་པ་ནི་བྱིས་པ་རྣམས་ནི་ཉེ་བར་བསམ་པ་སེམས་པ་ཉེས་པར་སྨྲ་བ་བརྗོད་པ་ཉེས་པར་བྱེད་པའི་ལས་བྱེད་པ་དག་ཡིན་ན། འཕགས་པ་རྣམས་དེའི་ཆོས་ལས་འདས་པས་དེ་མེད་པར་བཤད་དོ།། ཤེས ་རབ་མྱུར་བ་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་མྱུར་དུ་འཇུག་པའི་ཕྱིར་རོ།། ཤེས་རབ་མགྱོགས་པ་ནི་དེ་ཉིད་ཀྱི་དོན་མང་པོ་ལ་འཇུག་པའི་ཕྱིར་ཏེ། མང་པོ་ལ་འགྲོ་བ་ནི་མགྱོགས་པ་ཞེས ་བྱའོ།། ཤེས་རབ་རྣོ་བ་ནི་དོན་ཆ་ཕྲ་བ་ལ་འཇུག་པའི་ཕྱིར་རོ།། ངེས་པར་འབྱུང་བའི་ཤེས་རབ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཤེས་རབ་འཐོབ་པའི་ཕྱིར་རོ།། ངེས་པར་རྟོགས་པའི་ཤེས་རབ་ཅན་ནི་དགོས་པ་མྱ ་ངན་ལས་འདས་པ་ཅན་ཡིན་པའི་ཕྱིར་རོ།། གཏན་ལ་བབ་པར་རྟོགས་པ་ནི་ངེས་པར་རྟོགས་པ་སྟེ། མྱ་ངན་ལས་འདས་པའོ།། གང་དག་ལ་དེ་དགོངས་པ་ཅན་ངེས་པར་རྟོགས་པའི་ཤེས་རབ་ཡོད་ལ། དེ་དག་ལ ་འདི་སྐད་ཅེས་བྱའོ།། ཤེས་རབ་ཆེ་བ་ནི་དྲིས་པ་རྣམ་པར་གཏན་ལྔ་འབྱེབས་པ་ལ་ཡོངས་སུ་གཏུགས་པ་མེད་པའི་ཕྱིར་རོ།། ཤེས་རབ་ཡངས་པ་ནི་མངོན་པར་ཤེས་པ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའི་ཕྱིར་རོ།། ་ཤེས་རབ་ཟུག་པ་ནི་གཞན་དག་གི་སྲ་གཏིང་དཔག་དཀའ་བའི་ཕྱིར་རོ།། ཤེས་རབ་མཉམ་པ་མེད་པ་ནི་ཉྫན་ཐོས་དབང་པོ་རྟུལ་པོ་རྣམས་ལས་ཁྱད་བཱར་དུ་འཕགས་པའི་ཕྱིར་རོ།། ཤེས་རབ་རིན་པོ་ཆེ་དང་འདྲ་བ ་ནི་དོན་གྱི་མཆོག་ཐོབ་པར་བྱེད་པས། རིན་པོ་ཆེ་དང་འདྲ་བའི་ཕྱིར་རོ།། རིག་པ་གསུམ་དང་ལྡན་པ་ནི་མི་སློབ་པའི་རིག་པ་གསུམ་ཐོབ་པའི་ཕྱིར་ཏེ། མི་སློབ་པའི་རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའི་རིག་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པའི་རིག་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར ་ཤེས་པའི་རིག་པའོ།། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ་ནི་ཡོངསུ་ཉམས་པར་མི་འགྱུར་བའི་བསམ་གཏན་ཐོབ་པའི་ཕྱིར་རོ།། ཞིང་བཤིན་པ་བཞིན་དུ་འབྲས་བུ་མྱུར་ཞིང་མཐའ་བཟང་བའི་ཕྱིར་དང་། སྤྱོད་ལམ ་ཐམས་ཅད་དུ་ཤེས་བཞིན་དུ་གནས་པའི་ཕྱིར་དང་། སྡུག་བསྔལ་བཟོད་པ་ཉིད་ཀྱིས་འགྲོགས་ན། བདེ་བའི་ཕྱིར་དང་། བསླབ་པ་རྣམས་ལ་ཡོངསུ་རྫོགས་པར་བྱེད་པའི་ཕྱིར་གོ་རིམ་བཞིན་དུ་ཡོན་ཡོངས་སུ་སྦྱང ་སྦྱངས་པ་ཆེན་པོ་སྤྱོད་ལས་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ། བཟོད་པ་དང་ངེས་པ་ཆེན་པོ་དང་ལྡན་བྱ། བོད་པར་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བའི་ཚིག་རྣམས་ཀྱིས་རབ་ཏུ་དབྱེ་བར་རིག་པར ་བྱའོ།། འབྱང་ཆུབ་སེམས་དཔའི་ཡོན་ཏན་བསྟན་པའི་དགོས་པ་ནི། ཉན་ཐོས་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་གདུད་པར་བྱའོ་ཞེས་གསུང ་པའི་ཕྱིར་དེ་དག་ལ་ཁ་ཅིག་བརྙས་པ་བཟློག་པའི་ཕྱིར་དང་། རེ་ཞིག་བྱང་ཆུབ་སེམས་དཔའ་ཁོ་ན་ཡང་དེ་ལྟ་བུར་གྱུར་པ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྐད་ཅིག་རབ་ཏུ་དང ་པ་བསྐྱེད་པའི་ཕྱིར་རོ།། དེ་ལ་བྱང་ཆུབ་སེམས་དཔའ་སྔགས་པར་བྱ་བ་ལ་ཆེ་བ་ཉིད་གསུམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེན་པོ་ཉིད་བརྗོད་དེ། གྲངས་ཕལ་ཆེ་བ་ཉིད་ཀྱིས་ནི་དཔག་ཏུ་མེད་པ ་ཉིད་ཀྱི་ཕྱིར་རོ།། ཡོན་ཏན་ཆེ་བ་ཉིད་ཀྱིས་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པར་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ།། ལས་ཆེ་བ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད ་པ་ཉིད་ཀྱི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ལས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་པས་སྷོ།། སངས་རྒྱས་ཐམས་དང་པ་ནས་འདུས་པ་སྨོས་པ་ནི་དོན་དུ་མི་གཉེར་བ་དང་། ལེ་ལོ་དང་ང་རྒྱལ་གྱི ་དབང་གིས་ཆོས་ཉན་དུ་ཉེ་བར་མི་འགྲོ་བ་དེའི་གཉེན་པོར་བྱས་པའི་ཕྱིར་ཏེ། ཆོས་ཉན་པ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་བདག་ཉིད་གཞན་ནས་འོངས་ཀྱི། གཞན་གྱིས་ངོ་མི་ཚོགས་པ་ནི་མ་ཡིན་ལ། འཇིག་རྟེན་གྱི་ཁམས་གཞན ་ངག་ནས་ཐག་རིང་པོ་ནས་ཀྱང་འོངས་ཤིང་། མཐུ་ཆེན་པོ་ཡང་ཡིན་ན་གཞན་དྲག་ཇི་ལྟར་ཉེ་བར་འགྲོ་བར་མི་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་སྙོམ་པའོ།། ཡོན་ཏན་ཆེ་བ་ཉིད་ནི་ཆེན་པོ་ཉིད་རྣམ་པ་དགུས་རིག་པར་བྱ་སྟེ། བརྩོན ་འགྲུས་ཆེན་པོ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་གང་ཡིན་པའོ།། དེ་ཡང་ཐོག་པོ་ཆེན ་པོ་ཡིན་ཏེ། ཡང་དག་པར་ཞུགས་པའི་བརྩོན་འགྲུས་ནི་དེའི་ཆེད་ཡིན་པའི་ཕྱིར་རོ།། རྒྱུ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་ཆེན་པོའི་ཆོས་ས་བཅུ་ལ་སོགས་པ་མཉན་པ་དང་། བསམས་པ་དང་བསྒོམ་པའི་རིམ་གྱིས་ངེས་པར ་འབྱུང་བའི་ཕྱིར་རོ།། དམིགས་པ་ཆེན་པོ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་མཉམ་པ་ཉིད་ཐོབ་པས། བྱམས་པ་ལ་སྩོགས་པས་མཉམ་པར་སྦྱོར་བའི་ཕྱིར་རོ།། དུས་ཆེན་པོ་ཉིད་ཀྱིས་ནི་དུས་ཐམས ་ཅད་ལ་སྐད་ཅིག་མ་གླུཅིག་བཞིན་དུ་འཇུག་པས། བསྐལ་པ་དང་བསྐལ་པ་མ་ཡིན་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ།། འདོད་པ་མེད་པ་ཉིད་ཀྱིས་ནཱི་ཡོངསུ་གཟུང་བ་ཐམས་ཅད་བཏང་བས་བདུད ་ཐམས་ཅད་བཅོམ་པའི་ཕྱིར་ཏེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཱ་པའི་གང་གི་ཚེ་ཡོངས་སུ་གཟུང་བ་ཐམས་ཅད་དོན་དུ་མི་གཉེར་བ་ཡིན་པ་དེའི་ཚེ་བདུད་ཀྱི་ཕྱིར་རྒྱལ་བ་བཅོམ་པ་ཡིན་ནོ་ཞེས་བྱ་བ་ལ ་སོགས་པ་འབྱུང་བའི་ཕྱིར་རོ།། ཡིད་ལ་བྱེད་པ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ་དམན་པ་ཡིད་ལ་བྱེད་པ་རྒྱངས་བཅད་དེ་སྤངས་པའི་ཕྱིར་རོ།། ཉེ་བར་རྟོགས་པ་ཆེན་པོ་ཉིད་ནི་ཐེགས་པ་ཆེན་པོའི་ཆོས་ཀྱི་རོའི་དགའ་བ་དང་། ་བདེ་བས་ཉེ་བར་བརྟན་པོའི་ཕྱིར་རོ།། ཡོངསུ་དག་པ་ཆེན་པོ་ཉིད་ཀྱིས་ནི་ལས་རྣམ་པ་གསུམ་ཡོངས་སུ་དག་པས་འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ཏེ། ངན་སོང་གི་འཇིགས་པ་ལ ་སོགས་པའི་རྒྱུ་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པའི་ཕྱིར་རོ།། འཇིགས་པ་ལྔ་ནི་འཚོ་བ་མྱེད་པའི་འཇིགས་པ་དང་། ཚིག་སུ་གཅད་པ་མེད་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ་ངན་འགྲོའི་འཇིགས་པ་དང་། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་སྟེ། དེ་དག་ནི་ལྷག་པའི་བསམ་པ་དགྱེ་བའི་ས་ཐོབ་པ་ཁོ་ནས་མེད་པར་འགྱུར་རོ།། རྟོགས་པ་ཆེན་པོ་ཉིད་ཀྱིས་ནི། ཐམས་ཅད་མཁྱེན་པ་ཉིད་དུ ་ལུང་བསྟན་པའི་ས་ཐོབ་པས་བགྲོད་པ་གཅིག་ཏུ་གྱུར་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པོ་དག་ལ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འབྱུང་བའི་ཕྱིར་བགྲོད་པ་གཅིག་ཏུ་གྱུར་བི་མ་ཡིན་ནོ།། ་བགྲོད་པ་ནི་ལམ་མོ།། དེ་ཐོག་པའི་ཕྱིར་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔེའ་རྣམས་དང་། བགྲོད་པ་གཅིག་ཏུ་གྱུར་བ་ཡིན་ཏེ། གྲང་ལྡེ་ལ་དག་ལ་ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་ཏུ་གྱུར་པ་ཡོད་པ་ཞེས་ཚིག་རྣམ ་པར་སྦྱར་རོ།། གང་དག་ལ་འདི་ནས་གང་གིས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་གང་གི་རྒྱུ་མཚན་ཅན་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་རབ་ཏུ་ཞི་བར་བྱེད་པ་དེ་མངོན་སུམ་དུ་གྱུར་པ་ཡོད་པའོ།། ས་དེ་ནི་སྙིང་རྗེ ་ཆེན་པོ་དང་བྱམས་པ་ཆེན་པོ་སྟེ། དེ་གཉིས་ཀྱིས་གནོད་པ་བསལ་བ་ལ་སོགས་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་དང་། དབུལ་བ་ལོ་སོགས་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་ཕྱིརརོ།། ། ་དེ་གཉིས་ཀྱིས་ཕལ་ཆེར་སེམས་ཅན་གྱི་དོན་བྱ་བ་བྱེད་པས། དེ་ཐོབ་པ་ལས་ཆེན་པོ་ཉིད་ཡིན་ནོ།། ཡོན་ཏནཱ་ཀུན་ཏུ་རྫོགས་པའི་ཏིང་ངེ་འཛིན་ནི་ཤིནྡ་ཏུ་འདུས་སོ།། དེ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་མཚན་ཡང་དེ ་སྐད་ཅེས་བྱ་སྟེ། མཚན་ནི་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་བྱམས་པ་བཞིན་ནོ།། དེའི་མཚན་བསྟན་པ་ནི། དེ་ནི་འཁོར་དེའི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་ལ་བཀྲའ ་སྩལ་པ་དེ་ནི་བཤད་པའི་གནས་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་ཉན་ཐོས་རྣམས་གནས་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་པར་འདོད་པས་ཆོས་ཀྱི་རྣམ ་བཻ་དེ་ལྟ་བུ་དཱ་ལ་མོས་པར་བྱེད། འཇུག་པར་བྱེད། ནན་ཏན་དུ་བྱེད་ཅིང་ནན་ཏན་གྱིས་ཀྱང་བསྒྲུབ་པར་བྱ་བ་ཡང་བྱེད་ཀྱི་ཉན་ཐོས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐལྔ་པ་མེད་པའི་ཕྱིར་མོས་སུ་ཟིན་ཀྱང་ནན་ཏན ་གྱིས་སྒྲུ་བ་མི་ནུས་སོ།། འོ་ན་ཅིའི་ཕྱི་དེ་བཞིན་དུ་དེ་བཤདྲ་པའི་གནས་སུ་འ་གྱུར་ཞེ་ན། འཁོར་དྲོའི་ནང་དུ་ཚོ་བ་ཉིད་བརྗོད་པའི་ཕྱིར་ཏེ། ཇི་སྐད་དུ་སྔར་བཤད་པའི་བཞིན་ནོ།། ཡང་ན་དེའི་མིང་དེ་ཞེས་བྱ་བའི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་པ་ཡིན་པས་འགལ་བ་མེད་དོ།། སངས་རྒྱས་ཀྱིས་ནི་བྲངས་དང་མིང་དང་བསྡུས་པ་དང་རྣམ་པར་གཏན་ལ་དབབ་པའི་རབ་ཏུ་དབྱེ་བ་དང་རྣམ་པ་བཞིས་རྣམ ་པར་བཞག་གོ།། རང་གི་དྲོ་བོ་བསྟུན་པ་ཁོ་ནས་གྲངས་ཀྱི་བྱེ་བྲག་ངེས་པར་ཟིན་མོད་ཀྱི། ཡང་སྨོས་པ་ནི་ཉུང་ངུ་དང་མང་པོས་མ་ཡིན་གྱིས་ལྔ་ཁྱོ་ནས་སོ་ནུས་བརྣན་པར་བྱ་བའི་ཕྱིར་རོ།། ་ཆོས་ནི་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཡིན་གྱི། འབྲས་བུ་རྣམ་པར་སྨིན་པ་སྡུག་པ་སྐྱེད་པའི་དོན་གྱིས་ནི་མ་ཡིནོ།། སངས་རྒྱས་ནི་དོན་དམ་པ་པ་དང་། ལོངས་སྤྱོད་རྫོགས་པ་པ་དང་། སྤྲུལ་བླ་པཱ ་དང་། རྣམ་པ་གསུམ་སྟེ་དེ་དག་ནི་འོག་ནས་འཆད་དོ།། དེ་དག་གིས་ནི་བགྲོད་པའི་ཡུལ་ཏེ། རོང་གི་ངོ་བོ་དང་། འབྲས་བུ་རྣམ་པར་བཞག་པ་མི་དབྱེ་བར་ཆོས་ཐམས་ཅད་དེ་དག་གཱི་ཡུལ་ཡིན་པའི་ཕྱིར།། ། ་དེ་ཉིད་ཀྱི་ཕྱིར་བསྡུས་པ་ཞེས་བཤད་དེ། དེའི་བདག་ཉིད་དུ་གནས་པའི་ཕྱིར་རོ།། གཅིག་ཏུ་བྱ་བ་ནི་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ།། དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ནི་སོ་སོར་རྟོག ་པས་ཡེ་ཤེས་ཀྱིས་བསྡུས་ཏེ། ལུས་ལ་སོགས་པ་ལ་སོ་སོར་རྟོག་པའི་ཕྱིར་རོ།། ཡང་དག་པར་སྤོང་བ་བཞི་ནི་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པའི་ཕྱིར་ལ་བརྩོན་འགྲུས་རྣམས་ཀྱང་དེ་བཞིན་གཤེགས་པ ་རྣམས་ཀྱི་ཤེས་རབ་ཀྱིས་ཡོངསུ་བསྡུས་པ། དོར་བ་མེད་ཅིང་བཞག་པ་མེད་པའི་མཚན་ཉིད་ཡིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་སོ།། ཚད་མེད་པ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་ཏེ། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་གནས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ།། གཞན་གང་དག་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང ་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་། ཟག་པ་ཟད་པ་མཁྱེན་པ་དང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དག་མ་གཏོགས་པ་མངོན་པར་ཤེས་པ་རྣམས ་དང་། དེ་བཞིན་དུ་ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བསྙེལ་བ་མི་མངའ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལམ་མཁྱེན་པ་དང་། ཐམས ་ཅད་དུ་འགྲོ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ངག་མ་གཏོགས་པ་རྣམས་ཀྱང་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་སོ།། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས ་བསྡུས་སོ།། ཟག་པ་ཟད་པ་མཁྱེན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟཟུད་པ་མཁྱེན་པའི་སྟོབས་ནི་ཟག་པ་ཟད་པའི་རྒྱུ་དེ་ལ་བརྗོད་པར་འདོད་ན་ནི་འདི་ལྟ་ཟག་པ་རྣམསྣ་ཟད་པ་ཡོད་པས་ཞེས་བྱ་བ ་ཡིན་པས་ཡེ་ཤེས་བཞི་ཆར་གྱིས་བསྡུ་སོ།། གལ་ཏེ་མྱ་ངན་ལས་འདས་པའོ་ཞེ་ན་ནི། ཟག་པར་རྣམས་ཟད་པ་ཡིན་པས། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་བསྡུས་སོ།། ཐམས་ཅད་དུ ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི་ཡེ་ཤེས་བཞི་ཆར་གྱིས་བསྡུས་སོ།། ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་སྟོབས་ནི་མེ་ལོང་ལྟ་བུད་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་བསྡུསོ།། ་བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་ནི་མཉམ་པ་ཉིད་ཀྱིས་བསྡུས་སོ།། ཤེསྲི་པ་བཅུ་པོ་སྡུག་བསྔལ་ཤེས་པ་ལ་སོགས་པ་གང་དག་ཡིན་པ་དང་ཟུག་པ་མེད་པ་གང་དག་ཡིན་པ་དེ་དག་ནི་མེ ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྡུས་སོ།། བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བསྡུས་སོ།། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་ནི་ཆོས ་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བསྡུས་སོ།། ཕ་རོལ་ཏུ་ཕྱིན་པ་ཟག་པ་མེད་པ་རྣམས་ཀྱང་ཆོས་ཀྱི་དབྱིང་ས་རྣམ་པར་དྲུག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་བསྡུས་སོ།། ་ཟག་པ་དང་བཅས་པ་རྣམས་ནི་ཡེ་ཤེས་ཐ་མ་གཉིས་ཀྱིས་བསྡུས་སོ།། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་བསྡུས་སོ།། ཡེ་ཤེས་རྣམས་ཀྱི་ཉེ་བར་མཚོན་པའི་སེམ་ས་དང ་སེམས་ལས་བྱུང་བའི་ཚོགས་སྨོས་པའི་ཕྱིར་དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱར་བར་བྱའོ།། ཆོས་ལྔ་པོ་དག་ནི་རྒྱུ་དང་འབྲས་པུ་དང་། དེའི་རབ་ཏུ་དབྱེ་བ་རྣམ་པར་བཞག་སྟེ། དེ་ལས་རྒྱུ་ནི ་འཕགས་པའི་ཆོས་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ནོ།། འབྲས་བུ་ནི་འཕགས་པའི་ཡེ་ཤེས་ཏེ། དེ་ལ་དམིགས་ནས་སྐྱེ་བའི་ཕྱིར་དང་། དེ་ལ་བརྟེན་པའི་ཕྱིར་རོ།། དེའི་རབ་ཏུ ་དབྱེ་བ་ནི་རྣམ་པ་བཞིའོ།། དེ་དག་ཀྱང་ཇི་ལྟར་འབྱུང་བའི་སྒོ་ནས་རྣམ་པར་བཞག་སྟེ། ཆོས་ཀྱི་དབྱིངས་ལ་དམིགས་པས་ཐོས་པ་མ་ལུས་པར་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་བདག་དང་གཞན་མཉམ ་པ་ཉིད་བརྙེས་པ་དང་། ཡང་དག་པའི་ཆོས་རབ་ཏུ་སྟོན་པའི་ཐབས་དང་གཞན་ལ་ཕན་འདོགས་པའི་རྒྱུ་ནིའོ།། རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་དང་། རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པར་བཞག ་སྟེདེ་བཞིན་གཤེགས་པའི་ངོ་བོ་ཉིད་ནི་རྣམ་པར་དག་པའི་མཚན་ཉིད་དང་། དེ་ལ་དམིགས་པ་རྣམ་པར་མི་རྟག་པའི་ཡེ་ཤེས་མཆོག་ཏུ་གྱུར་པའི་མཚན་ཉིད་གང་ཡི་ན་པའོ།། རྒྱུ་ནི་སེམས་ཅན་ཐམས་ཅད ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཆོག་ཏུ་གྱུར་པ་ཚད་མེད་པའི་རྗེསུ་སོང་བ་ཡིན་ནོ།། འབྲས་བུ་ནི་གཞན་ལ་ཕན་འདོགས་པའོ།། དེ་ཡང་སེམས་ཅན་སྐལ་པ་ཡོད་པ་དང་། སྐལ་པ་མེད་པ་ལ་སོ་སོར་རྟོག་པ ་དང་དེ་དང་མཐུན་པའི་བྱ་བ་བསྒྲུབ་པོ།། རྣམ་པ་གཅིག་དུ་ན་སངས་རྒྱས་ཐམས་ཅད་རྣམ་པར་བཞག་པའི་སྒོ་ནས་རིམ་པར་བྱས་པས། རང་བཞིན་དང་ལོངས་སྤྱོད་རྫོགས་པ་དང་། བྱ་བ་སྒྲུབ་པའི་སངས་རྒྱས་ཏེ། གཉིས ་དང་གཉིས་དང་གཅིག་དང་གོ་རིམ་བཞིན་ནོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ནི། ཉོན་མོངས་པ་ཅན་གྱི་ཡིད་གྱུར་པའི་མཚན་ཉིད་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་ཡིན་མོད་ཀྱི།། ་འོན་ཀྱང་ལྗོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་བསྡུས་པ་ཡིན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་གཡོ་བ་ཉིད་ཀྱིས་ཆོས་ཀྱི་སྐུས་བསྡུས་པ་དེའི་ཕྱིར་མཉམ་པ་ཉིད་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི་ལོངས་སྤྱོད ་རྫོགས་པའི་རྒྱུ་ཡིན་ནོ།། དེ་ལ་སངས་རྒྱས་ཀྱི་ས་ནི་འབྲས་བུའི་གནས་སྐབས་ཏེ། འབྲས་བུ་དེ་ཡང་ཡེ་ཤེས་དྲང་སྤངས་པའི་བདག་ཉིད་དོ།། སྤངས་པ་དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དེར་ཡང་སྒྲིབ་པ ་མུ་ལུས་པར་སྤངས་པའི་ཕྱིར་རོ།། ཡེ་ཤེས་ནི་རྣམ་པ་བཞི་སྟེ་མེ་ལྡོང་ལྟ་བུའི་ཡེ་ཤེས་ལ་སྩོགས་པའོ།། འདི་ལ་སངས་རྒྱས་ཀྱི་ཆོས་མཐའ་དག་མ་ལུས་པར་རྣམ་པར་བཞག་པའི་ཕྱིར། སངས་རྒྱས་ཀྱི་ས་ནི་འདི ་སྙེད་ཅིག་ཁོ་ནར་ཟད་དེ། ཇི་སྐད་དུ་སྔར་བཤད་པ་བཞིན་དེ་ལ་ཆོས་ཀྱི་རྣམ་གྲངས་མཐའ་དག་ཐོས་པའི་བག་ཆགས་ཡོངས་སུ་སྨིན་བྱས་མ་ལུས་པར་བསྒོམས་པ་རྒྱུར་གྱུར་པ། རྟག་ཏུ་སེམས་ཅན་ཐམས་ཅད་ལ ་ཕན་པ་དང་བདེ་བ་ཉེ་བར་བསྐྱེད་པོར་བྱ་བའི་ཕྱིར་ཉེ་བར་གནས་པ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པ་དང་ལྡན་པ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས ་ཅད་ལས་དབེན་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན་འཕགས་པའི་ཆོས་ཐམས་ཅད་ཉེ་བར་བསྐྱེད་པའི་རྒྱུ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བང།། ་ཉི་ཡིན་ནོ།། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངར་འཛིན་པ་དང་། ང་སྲིར་འཛིན་པ་དང་། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་ལས་དབེན་པ། དམིགས་པ་དང་། རྣམ་པ་ཡོངས་སུ་མ་ཆད་པ། ཉོན་མོངས་པའི་དྲི ་མ་དང་། རྣམ་པར་རྟོག་པ་མཐའ་དག་དང་བྲལ་བ་མྱི་གཡོ་བ་ཡེ་ཤེས་མ་ལུས་པའི་གནས་དམྱིགས་པ་མ་ལུས་པ་བསྙེལ་བ་མི་མངའ་བ་ཤེས་བྱ་དང་རྣམ་པ་ཐ་དད་པར་མ་ཞུགས་པ། ཤེས་པའི་གཟུགས ་བརྙན་འབྱུང་བའི་རྒྱུ་མཚན་ཤེས་པ་ཐ་མ་སེ་ཅད་ཀྱི་རྟེན་དུ་གྱུར་པ། རྣམ་པར་རྟོག་པའི་གནས་ཡོངས་སུ་གྱུར་པའི་ངོ་བོ་དེ་བཞིན་ཉིད་ལ་དམིགས་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ།། མཉམ་པ་ཉིད ་ཀྱི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔས་མངོན་པར་རྟོགས་པའི་རྒྱུས་ན། བདག་དང་གཞན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་དེ་ལ་དམིགས་པ་གང་ཡིན་པ་དེ་ཉིད་གོང་དུས་སྒོམ་པ་ཁྱད་པར་ཞུགས་པ་དང ་ལྡན་པས་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་ཀྱི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པར་ཞུགས་པ། གཟུགས་དང་ཁ་དོག་སྣ་ཚོགས་པའི་སྐུ་ཀུན་ཏུ་སྟོན་པའི་ཐབས་སུ་རྣམ་པར་བཞག ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་ཡོངསུ་གྱུར་པའི་ངོ་བོ་དེ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་དང་བྱེ་བྲག་ཡོད་དོ།། སོ་སོར་རྟོག་པའི་ཡེ་ཤེས་ནི་གཟུངས་དང་བསམ་གཏན་དང་ཏིང ་དེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་འབྱུང་གནས། ཤེས་བྱའི་རྣམ་པ་ཐ་དད་པ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ། སྐུ་བཻ་ཌཱུནྱ་ལྟ་བུ་ལ་སོགས་པ་ཀུན་དུ་སྟོན་པའི་ཐབས་སུ་གྱུར་པ་སྟེ། ་ཐེ་ཙོམ་ཐམས་ཅད་གཅོད་པའི་རྒྱུའི་ཆོས་རབ་ཏུ་སྟོན་པའོ།། བྱ་བ་གྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའོ་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས ་སྣ་ཚོགས་དཔག་ཏུ་མེད་ཅིང་བ་སམ་གྱིས་མི་ཁྱབ་པ་དག་གིས། གཞན་ལ་ཕན་འདོགས་པ་ལ་གཅིག་ཏུ་གཙོ་བོར་གྱུར་པའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་ཆོས་ཀྱི ་དབྱིངས་རྣམ་པར་གཏན་ལ་དབབ་པའི་རབ་ཏུ་དབྱེ་བ་བརྒལ་བ་དང་། ལན་དུ་བཅས་པ་ནི་གལ་ཏེ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ་ཆོས་ཀྱི་དབྱིངས་ནི་དེ་བཞིན་གཤེགས་པ་ཉིད ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་ནི་སྤྱིའི་མཚན་ཉིད་ཡིན་ལ། དེ་ཆོས་ཐམས་ཅད་ནི་ཐ་དད་ན་དེ་དང་ལྡན་པའི་ཆོས་ཀྱིས་དབྱིངས་ཇི་ལྟར་སྣ་ཚོགས་སུ་མི་འགྱུར། སྣ་ཚོགས་ཡིན་ན་ནི་ཇི་ལྟར་ཡོངས་སུ་དག་སྟེ། ་ཤེས་སྣ་ཚོགས་ཉེ་བར་བཞུག་པ་དང་། འབྲེལ་པའི་ཕྱིར་སྣ་ཚོགས་པ་མ་ཡིན་ནོ།། ཞེས་བྱ་བ་ནི་བརྒལ་བ་ཡིན་ནོ།། དེ་ཡོངས་སུ་སྤངས་པའི་ཕྱིར་ནཱ་མཁའི་དཔེ་དང་པོ་སྟེ། གཟུགསུ་གྱུར་པ་སྣ་ཚོགས་ཀྱི་རྣམ ་པ་ཐམས་ཅད་ལ་ཀུན་ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་མ་ཡིན་པའོ།། སྣ་ཚོགས་ནི་རིགས་མཐུན་པ་དང་རིགས་མི་མཐུན་པའི་ཐ་དད་པའི་བྱེ་བྲག་གིས་སོ།། རྣམ་པ་ནི་འདྲ་བར་བྱེད་པའི་ཕྱིར་ཏེ། བློ་ལ་རང ་གི་ངོ་བོ་ལྟ་བུ་འགོད་པར་བྱེད་པའི་ཕྱིར་ཞུ་བྱ་བའི་ཐ་ཚིག་གོ། གཟུགས་སུ་གྱུར་པ་ནི་གཟུགས་ཀྱི་རྣམ་པ་སྟེ། གྱུར་པ་དང་ཚུལ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པའི་དོན་དག་ཡིན་ནོ།། ཀུན་ན་ཡོད་པ་ནི་ལུས ་དང་ལྡན་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ།། དེས་བརྗོད་པར་བྱ་བ་མ་ཡིན་པ་ནི་གཟུགས་སུ་གྱུར་པ་སྣ་ཚོགས་ཀྱི་རྣམ་པ་དེས་བརྗོད་པར་བྱ་བ་སྟེ། བརྗོད་པར་འོས་པ་འམ། བརྗོད་པར་ནུས་པ་འམ། བརྙས ་པར་བྱ་བ་མ་ཡིན་པའོ།། དེས་ཤེས་བྱ་བའི་གསུམ་པ་ནི་རྒྱུ་འམ་དྲི་ལྟ་བུའི་དངོས་པོ་སྟེ། གཟུག་སྐྱེ་སྣ་ཚོགས་ནི་ན་མཁའ་སྣ་ཚོག་སུ་ཐ་སྙད་གདགས་བྱའི་རྒྱུ་མཚནྡ་ཡུངྒ་མ་ཡིན་ལ། དེས་དེ་སྣ་ཚོགས་སུ ་མཚོན་པ་ཡང་མ་ཡིན་ཏེ། དེ་ནི་དེ་ལྟ་བུའི་རྣམ་པ་མ་ཡིན་པའི་ཕྱིར་ཏེ། འོན་ཏེ་ནམ་མཁའ་སྣ་ཚོགས་སུ་སྣང་ཞེས་ཐ་སྙད་འདོགས་པ་མཐོང་བས་སྣ་ཚོག་སུ་འདོད་དོ་ཞེ་ན། དབྱུག་པ་ལ་སོགས་པ་བཞིན་དུ ་ཐ་སྙད་བཏགས་པ་བཞིན་དུ་འགྱུར་གྱི་དངོས་ནི་མ་ཡིན་ནོ།། ཐཱ་སྐད་བཏགས་པ་ཙམ?་གྱིས་ནི་དེ་ལྟར་མཱི་འགྱུར་ཏེ། ཛཱི་ལྟ་ཞེ་ན་དེ་ནི་ཀུནྣ་ན་ཡོད་པ་ཡིན་ཡང་སྣ་ཚོགས་མ་ཡིནྣ་ཏེ་རོ་གཅིག་གོ།། གཟུགས ་སྨྲ་ཚོགས་སུ་འབྲེལ་བས་ཀྱང་སྣ་ཚོགས་སུ་མྱི་འགྱུར་ལ། རང་གི་ངོ་བོ་སྟེ། ངོ་བོ་ཉིད་གཅིག་པ་ཡང་མི་འདོར་རོ།། རོ་ནི་སྙིང་པོ་དང་ངོ་བོ་ཉིད་དེ། མཚན་ཉིད་ཐ་དད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་དུ ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་དངོས་པོ་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ། ལུས་ཅན་ཐམས་ཅད་དང་ཡང་ལྡན་ལུསཽ་ཅན་གྱིས་ཐ་དད་པར་ཡང་མི ་འགྱུར་ལ། དེ་ཐ་སྙད་དུ་གདགས་པར་ཡང་མི་ནུས་སོ།། ཐ་སྙད་འདོགས་པ་ཡོད་དུ་ཟིན་ཀྱང་དེ་ཁོ་ན་ཙམ་དུ་འགྱུར་གྱི། འདྲི་རང་གི་ངོ་བོ་འདོར་ཞིང་ངོ་བོ་གཞན་ཉེ་བར་ལེན་པ་ནི་མ་ཡིན་ཏེ། ཇི་སྐད་དུ་ན་མཁའ་ན་མཁའ་ཞེས ་བརྗོད་མོད་ཀྱི། ནུ་མཁའ་ནི་བརྗོད་པར་བྱ་བ་ནི་མ་ཡི་ནོ།། དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བརྗོད་མོད་ཀྱི། སྙིང་པ་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་ཤེསྟྲ་བྱ་སྣ་ཚོགས་ཀྱི་རྣམ་པ་དང་། ་འབྲེལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཤེལ་བཞིན་དུ་སྣ་ཚོགསུ་འགྱུར་རོ་ཞེས་གང་སྨྲས་པ་མ་ངེས་པ་ཡིན་ཏེ། ན་མཁའ་སྣ་ཚོགས་མ་ཡིན་པ་ལ་ཡང་གཟུགས་སྣ་ཚོགས་དང་འབྲེལ་པ་མཐོང་བའི་ཕྱིར་རོ།། ཇི་སྟེ་ནམ་མཁའ་ཡང ་དུ་བ་དང་། ཁུག་རྣ་བ་དང་སྤྲིན་ལ་སོགས་པ་དང་འབྲེལ་བའི་ཕྱིར་སྣ་ཚོགས་ཁོ་ནར་སྣང་ངོ་ཞེ་ན། དེ་ཡང་མི་རུང་སྟེ། རང་གི་རྟོག་པའི་དབང་གིས་དུ་བ་དང་ཁུག་རྣ་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ཉིད་སྣ་ཚོགས་ཡིན་གྱི། ་ནམཁའ་ནི་མ་ཡིན་ཏེ། དེ་ནི་མྱི་སྣང་བའི་ཕྱིར་རོ།། དེ་བཞིན་དུ་རིང་གི་རྟོག་པས་སྒྲོ་བཏགས་པའི་དབང་གིས་གཟུགས་ལ་སོགས་པ་སྣང་བ་གང་ཡིན་པ་དེ་ཉིད་སྣ་ཚོགས་ཡིན་གྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མ ་ཡིན་ནོ།། ཆོས་ཀྱི་དབྱིངས་སྣ་ཚོགས་མ་ཡིན་ཞིང་བརྗོད་པར་བྱ་བ་མ་ཡིན་ཡང་དེའི་ཡུལ་ཅན་གྱི་ཆོས་སྟོན་པ་སྣ་ཚོགས་ཀྱང་འཇུག་ལ། དེ་སྣ་ཚོགས་ཡིན་པའི་ཕྱིར་སྣ་ཚོགས་ཉིད་དུ་ཡང་ཐུལ་བར་མི་འགྱུར་ཏེ། བརྗོད ་པར་བྱ་བ་མ་ཡིན་པའི་ཕྱིར་དང་། བརྗོད་པ་ནི་བརྟགས་པའི་ཡུལ་ན་ཅན་ཡིན་པའི་ཕྱིར་རོ།། དེ་རྟོགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་བསྟན་པའི་ཆོས་དོན་མེད་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། སྤྲིང་ཡིག་གི་ཡི་གེ་མཐོང་ནས ་རྒྱུ་དེས་དོན་གོ་བ་བཞིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པ་བརྗོད་པར་བྱ་བ་མ་ཡིན་པའི་དོན་བརྗོད་པས་བརྗོད་པས་མཛད་པ་གང་ཡིན་པ་འདི་ནི་ནུ་མཁའ་ལཱ་རི་མོ་སྣ་ཚོགས་འདྲི་བ ་བཞིན་ངོ་མཚར་ཆེ་སྟེ། ཇི་སྐད་དུ་བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁའ་གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་རྣམ་པར་རིག་པར་མི་བྱེད་པ་འདི་ལ་ཚེ་ནི་སྣ་ཚོགས་ཀྱི་རི་མོ ་འདྲི་བར་བྱེད་པ། དེ་བས་ཀྱང་བློ་གྲོ་ས་རྒྱ་མཚོ། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་བརྗོད་པར་བྱ་བ་མ་ཡིན་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞན་རྣམས་དང་གང་ཟག ་གཞན་རྣམས་ལྔ་བརྗོད་པས་རྣམ་པར་རིག་པར་མཛད་པ་ནི་ཆེས་དཀའ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། ཤེལ་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་ཡོངསུ་དག་པ་ཡིན་པའི་ཕྱིར་དཔེར་མི་རུང་ངོ་།། གཏན ་ཚིགས་ཀྱང་གཉིས་ཀ་འམ་གང་ཡང་རུང་བ་ལ་མ་གྲུབ་བོ།། གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་བྱ་ཐམས་ཅད་ལ་ཡོད་པ་ཉིད་ཡིན་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་དང་འབྲེལ་པའི་ཕྱིར་ཇི་ལྟར ་རྣམ་པར་མ་དག་པར་མི་འགྱུར་ཏེ། དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་བཞིན་ནོ་ཞེས་བྱ་བ་ནི་བརྒལ་པའོ།། དེ་ཡོངསུ་སྤངས་པའི་ཕྱིར་རྣམ་མཁའི་དཔེ་གཉིས་པ་སྟེ། འདི་ལྟ་སྟེ་དཔེར་ན་ན་མཁའ ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཐ་མི་དད་པར་ཞུགས་པ་ཞེས་བྱ་བ་མི་དད་པ་ནི་སོ་སོ་མ་ཡིན་པ་སྟེ། དེའི་ཁྱོང་སུ་གཏོགས་པ་ཉིད་དེ་ཐ་དད་པ་ལྟ་ནི་དེ་ཉིད་དང་གཞན་དག་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ།། ཐ་མི་དད་པར ་གྱུར་ན་ནི་ལུས་ཅན་ཉིད་དང་མི་རྟོག་པ་ཉིད་དུ་ཐལ་བར་འགྱུར་རོ།། དཔེར་ན་ན་མཁའ་གཟུགས་ཅན་ཐམས་ཅད་ན་ཡོད་ཀྱང་གཟུགས་ཀྱི་ཉེས་པ་རྣམས་ཀྱིས་མི་གོས་ཏེ་གཟུགས་ཀྱི་ཉེས་པ་ནི་འདོད་ཆགས་དང་ཁོང་ཁྲོ་བ་ཉེ་བར་སྤྱོད་པའི ་རྒྱུ་སྔོན་པོ་ལ་སོགས་པ་སྣ་ཚོགས་ཡིན་ནོ།། རྣམ་པ་གཅིག་ཏུ་ནཱ་སྤྲིན་དང་ཁུག་རྣ་དང་གཟུགས་ན་གནོག་དུ་འདུག་པ་ལ་སོགས་པ་ནི་ཡོངསུ་མ་དག་པ་ཉིད་ཀྱིས་ཡོངསུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། མཐོང་བྱ་རྣམ་པར ་དག་པ་སྐྱེ་བའི་བགེགསུ་གྱུར་པའི་ཕྱིར་ཉེས་པ་ཡིན་ནོ།། རྣམ་པ་གཅིག་དུ་ན་གཞན་ལ་གྲགས་པའི་ངོར་ཤེས་པ་ལ་ཡོད་པ་ཤེས་བྱ་ལ་སྒྲོ་གདགས་ཏེ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་དེས་ཀྱང་མི་གོས་པ་ལྟར་ཆོས་ཀྱི ་དབྱིངས་ཡོངས་སུ་དག་པ་ཡང་དེ་དང་འདྲའོ།། སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱི་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་པ་ཞེས་བྱ་བ་ནི་རང་གི་སེམས་ཀྱིས་ལྗོངས་སུ་གྲུབ་པ་རྣམ་པར་དག་པ་རྟག་ཏུ་རང ་བཞིན་གྱིས་འོད་གསལ་ཞིང་རང་བཞིན་ཡོངསུ་དག་པ་ཅི་འདྲ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་གྱུར་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་དེ་དང་འདྲ་བ་སྟེ། སེམས་ཀྱི་རང་བཞིན་དེ་ནི་དེ་བཞིན་ཉིད་དོ།། དེས་དེ་དག་མཉམ ་པ་ཡིན་ཏེ། ཇི་སྐད་དུ་འདི་གང་གིས་མཉམ་ཞེ་ན། སྟོང་པ་ཉིད་དུ་མཉམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། སེམས་ཀྱི་རང་བཞིན་ཡང་སེམས་ཀྱི་ཆོས་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེའི་ཆོས་ཉིད་ཡིན་པར་བསྟན ་པའི་ཕྱིར་སེམས་མཉམ་ཅེས་ངོ་བོའི་རྐྱེན་དུ་བྱས་པ་ཡིན་ནོ།། དེའི་གྱུར་པ་ནི་ཡོངས་སུ་གྲུབ་པ་སྟེ་ཡོངས་སུ་དག་པ་ཡིན་ནོ།། དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ནོ།། དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན ་མོད་ཀྱི་དེའི་ཚེ་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་རྣམ་པར་བཞག་གོ། རྣམ་པ་གཅིག་དུ་ན་སེམས་མཉམ་པ་ཁོ་ན་ཡོངསུ་གྲུབ་པ་ཡིན་ཏེ། ཡོངསུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། གསུམ་པ་ནི་དེ་ལྟ་བུའི་ངོ་བོས ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱི་ཡོངས་གྲུབ་པའི་མཚན་ཉིད་དེ་ལྟ་བུར་འདི་སེམས་ཅན་ཐམས་ཅད་ཀྱི་སེམས་ངག་ལ་ཐ་མི་དད་པར་མཚོན་པར་བྱེད་དོ།། རྣམ་པ་གཅིག་དུ་ན་ངོ་བོར་ཡིན་ཏེ། ཡོངས་སུ་གྲུབ ་པའི་མཚན་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་དག་ལ་ངོ་བོ་ཐ་མི་དད་པར་འཇུག་པར་མཚོན་པར་བྱེད་དེ། ཐ་དད་པ་མ་ཡིན་པར་བརྗོད་པར་བྱ་བ་ཉིད་ཀྱིས་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་ཏེ། རང་བཞིན ་གྱིས་རྣམ་པར་དག་པའི་ཕྱིར་རོ།། ཉེས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། སེམས་ལ་སྐྱོན་ཆགས་པར་བྱེང་པའི་ཕྱིར་དང་། དྲི་མུ་ཅན་དུ་བྱེད་པའི་ཕྱིར་རོ།། དེ་དག་ཀྱང་རྟོག་པའི་དབང་གིས་བྱུང་བས། དེའི་རང་བཞིན་མ་ཡིན་པའི་གློ། ་བུར་པ་དག་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་དེ་དག་སྤང་བར་བྱ་སྟེ། རང་བཞིན་ནི་སྤྲིང་བར་མི་ནུས་པའི་ཕྱིར་རོ།། ངོ་ཉིད་ལས་དགོངས་ཏེ་ཆོས་ཉིད་ཀྱི་སེམས་ལ་སེམས་ཀྱི་སྒྲར་བཏགས་ནས། འདི་ནི་རང་བཞིན་གྱིས་འོད་གསལ་བའོ། ་ཞེས་གསུངས་ཏེ། ཆོས་ཉིད་ཀྱི་སེམས་མ་གཏོགས་པར་རང་བཞིན་གྱིས་འོད་གསལ་བའི་སེམས་གཞན་མེད་པའི་ཕྱིརརོ།། འོ་ན་ཇི་ལྟར་སེམས་ཅན་དག་ལ་འདོད་ཆགས་ལ་སོགས་པ་ཡོད་ཅེ་ན། རང་གི་རྟོག་པའི་སྟོབས་བསྐྱེད ་པའི་ཕྱིར་ཏེ། དེ་ཡང་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་ལ། དེ་ཡང་མ་རིགས་པའི་དབང་གིས་སོ།། འདི་སྐད་དུ་ཇི་ལྟར་ན་མཁའ་རང་བཞིན་གྱིས་ཡོངསུ་དག་ཀྱང་མིག་རྣམ་པར་དག་པ་རྣམས་ལ་རབ་རིབ་ལ་སོགས་པའི་གནོད ་པས་རྣམ་པར་མ་དག་པར་སྣང་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་རང་གི་རྟོག་པས་ཀུན་ནས་བསླང་བའི་འདོད་ཆགས་ལ་སོགས་པའི་རྒྱུས་མ་རིག་པའི་རབ་རིབ་ཀྱིས་གནོད་པར་བྱས་པའི་མིག་ཅན་རྣམས ་ལ་རང་བཞིན་གྱིས་ཡོངསུ་དག་ཀྱང་། ཕྱིན་ཅི་ལོག་དུ་སྣང་གི་རྣམ་པ་ཐམས་ཅད་དུ་ཡོངསུ་དག་པའི་ཤེས་རབ་ཀྱི་མིག་ཅན་རྣམས་ནི་དེ་ལྟར་མི་དགོས་སོ་ཞེས་བཤད་པ་ཡིན་ནོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཡང ་རྣམ་པ་ཐམས་ཅད་དུ་ཡོངསུ་དྲག་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱད་པར་མེད་པར་ཆོས་སྐུར་བརྗོད་པར་བྱ་སྟེ། དེ་ཉིད་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར། དོན་དམ་པར་དེ་བཞིན་གཤེགས ་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་ལྔ་ཡང་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངསོ།། དེ་ནི་ཐམས་ཅད་ལ་ཡོད་ཀྱང་སེམས ་ཅན་རྣམས་ཀྱི་རང་གི་སྒྲིབ་པའི་སྟོབས་བསྐྱེད་པས་དམུས་ལོང་གིས་ཉི་མ་བཞིན་དུ་མ་མཐོང་སྟེ་ཇི་སྐད་དུ་སྣོད་ཆག་པ་ཡི་ཟླ་བ་བཞིན། སེམས་ཅན་ཉེས་པས་མི་སྣང་ངོ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་ཆོས་ཀྱི ་དབྱིངས་ནི་འདོད་ཆགས་ལ་སོགས་པའི་དྲི་མ་དང་འབྲེལ་པའི་ཕྱིར་རྣམ་པར་དག་པ་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ་ཞེས་གང་སྨྲས་པ། ན་མཁའ་གཟུགས་ལ་སོགས་པའི་དྲི་མ་དང ་འབྲེལ་ཀྱང་རྣམ་པར་མཱ་དག་པ་མེད་པས་མ་ངེས་པ་ཡིནྡ་ནོ།། དེ་བཞིན་དུ་སེམས་ལ་སོགས་པའི་ཆོས་ཉིད་ཀྱང་འདོད་ཆགས་ལ་སོགས་པ་དང་འབྲེལ་བའི་ཕྱིར་རྣམ་པར་མ་དག་པ་ཡང་མ་ཡིན་པས་དཔེར་མི་རུང་ངོ་།། བསམ ་པ་རྣམ་པར་མ་དག་པའི་དོན་ནི་དེའི་ངོ་བོ་མི་གསལ་བའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་མ་དག་པ་ཉིད་དུ་ཡང་འདོད་དོ།། བསམ་པ་རྣམ་པར་དག་པ་རྣམས་ནི་འདོད་ཆགས་ལ་སོགས་པའི་དྲི་མ་འབྲེལ་པ་དང་བྲལ་བའི་ཕྱིར་དེ ་ལྟར་མི་དགོངས་སོ་ཞེས་བཤད་ཟིན་ཏོ།། འདིས་ནི་ན་མཁའ་ལྔ་སྩོགས་པ་བཞིན་དུ་ཆོས་ཀྱི་དབྱིངས་ཐམས་ཅད་ནི་ཡོད་པའི་ཕྱིར་སེམས་ཅན་གྱི་ཉེས་པ་དག་གིས་མི་གྲོས་སོ།། ཞེས་བཤད་པ་ཡིན་ནོ།། བཏགས་པའི་ཆོས ་ཀྱིས་དབེན་པ་ཐམས་ཅད་ནི་ཡོད་པ་ཉིད་ནི་ཀུན་ནུ་ཡོད་པའི་ཕྱིར་བསྒྲུབ་མི་དགོས་སོ།། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ལ། དེ་ཡང་སྤྲོས་པ་མེད་པའི་ངོ་བོ་ཉིད་ཡིན ་པའི་ཕྱིར་རྩོལ་བ་མེད་ན་སེམས་ཅན་གྱི་དོན་བྱ་བའི་རྒྱུ་མཚན་ཡེ་ཤེས་རྣམས་ཇི་ལྟར་འབྱུང་། འོན་ཏེ་དེ་འབྱུང་ན་ནི་རྩོལ་བ་དང་བཅས་པའི་ཕྱིར་ཇི་ལྟར་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་ཞེ་ན། དེའི་ལན ་ལན་གདབ་པའི་ཕྱིར། དཔེར་ན་ནམ་མཁའ་ནི་ལུས་དང་ངག་དང་ཡིད་ཀྱི་ལུས་སུ་གྱུར་པ་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ཞེས་བྱ་བ་འདི་གསུངས་སོ།། རེ་ཞིག་ལུས་དང་ངག་གི་ལུས་ནི་ལུས་ཅན་ཡིན་པའི་ཕྱིར། གོ་འབྱེད ་པར་ཡང་རིགས་ན། ཡིད་ཀྱི་ལས་ལ་གོ་རིམ་ཇི་ལྟར་ཏེ། ལུས་ཅན་མ་ཡིན་པ་ལ་ནི་གང་གྲིས་ན་གོ་འབྱེད་པར་འགྱུར་བ་ཐོགས་པ་མེད་དོ་ཞེ་ན། དེ་སྐྱེ་བ་ལ་བགེགས་མི་བྱེད་པ་གང་ཡིན་པ་དེ་ཉིད་གོ་འབྱེད་པ་ཡིན།། ། ་ཐོགས་པ་དང་བཅས་པ་ལ་ཡང་སྐྱེ་བ་ལ་བགེགས་མི་བྱེད་པ་ཉིད་ན་མཁའ་གོ་འབྱེད་པ་ཡིན་ཏེ། གང་གི་ཕྱིར་དེ་སྐྱེ་བ་ན། སྒྲིབ་པ་མེད་པར་སྐྱེ་བ་དེའི་ཕྱིར་དེ་གོ་འབྱེད་ཅེས་བཤད་དོ།། རྣམ་པ་གཅིག་དུ་ན་ཐོགས་པ ་པ་དང་བཅས་པའི་དངོས་པོ་དེ་ནས་བསལ་ཏེ་གཞན་གྱི་གོ་འབྱེད་པས་དེ་ལ་ཡོད་པའི་ཆོས་ན་མཁའ་ལ་ཉེ་བར་འདོགས་པ་དེ་བཞིན་དུ་ཡིད་ཀྱི་ལས་ཀྱང་འགགས་པ་ན་གཞན་གྱི་གོ་འབྱེད་པས་དེ་ལ་ཡོད་པའི་ཆོས ་ན་མཁའ་ལ་ཅིའི་ཕྱིར་ཉེ་བར་མི་གདགས། དེ་ལྟར་མ་ཡིན་ནུ་ཐམས་ཅད་ན་ཡོད་པའི་དངོས་པོས་རྫི་ཞིག་གོ་དབྱེར་ཡོད། ན་མཁའ་ནི་རྩོལ་བ་ཡང་མེད་མངོན་པར་འདུ་བྱེད་པ་ཡང་མེད་ཅེས་བྱ་བ་ནི་ན་མཁའ་ལ་འདི ་ལ་ནི་གོ་དབྱེའོ།། འདི་ལ་ནི་གོ་མི་དབྱེའོ་སྙམ་དུ་རྣམ་པར་རྟོག་པ་མེད་དོ།། དེ་བཞིན་དུ་ཟླ་བ་དང་ཉི་མ་དང་སྒྲོན་མ་ལ་སོགས་པའི་འོད་ཟེར་དག་ཀྱང་འབྱུང་བ་ན་དེའི་རྩོལ་བ་མེང་བཞིན་དུ་བྱུང་ནས་གཟུགས་ལ ་སོགས་པ་རབ་ཏུ་གསལ་བར་བྱེད་ལ། ཡིད་བཞིན་གྱི་ནོར་བུ་རྣམས་ཀྱང་རྩོལ་བ་དང་བྲལ་པ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་སྐངས་པར་བྱེད་དོ།། ནམ་མཁའ ་སྨོས་པ་ནི་དཔེ་ཙམ་དུ་ཟད་པས་འདྲི་ཐམས་ཅད་སྦྱར་བར་བྱའོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེའི་བདག་ཉིད་དུ་གནས་པ་ན་ཡང་རྩོལ་བ་མི་མངའ་བར་སེམས་ཅན ་གྱི་དོན་མཛད་པར་རྣམ་པར་གཤེགས་ཏེ། དེ་འི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་ཡེ་ཤེས་དང་སྤྲུལ་པ་དང་སེམས་ཅན་གྱི་བྱ་བསྒྲུབ་པ་ཐམས་ཅད་ཀྱི་གྲོ་འབྱེད་ཀྱང་ཞེས ་བྱ་བ་ལ། ཡེ་ཤེས་ཐམས་ཅད་ནི་མེ་ལྟ་བུའི་ཡེ་ཤེས་ལ་སོགས་པའོ།། སྤྲུལ་པ་ཐམས་ཅད་ནི་སྐུ་དང་གསུང་དང་ཐུགས་སྤྲུལ་པ་རྣམ་སོ།། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པ་དག་ནི་སེམས་ཅན ་གྲང་གི་བྱ་བ་སྟེ་དགོངས་པ་གང་ཡིན་པ་དེ་སྒྲུབ་ཅིང་གྲུབ་པར་བྱེད་པའོ།། དེ་དག་གོ་འབྱེད་པ་ནི་དེ་དག་སྐྱེ་བ་ལ་རྒྱུ་མཚན་གྱི་དངོས་པོ་ཉེ་བར་འགྲོ་བའི་ཕྱིར་རོ།། རྩོལ་བ་ཡང་མེད་མ་ངོན་པར་འདུ་བྱེད་པ་ཡང ་མེད་ཅེས་བྱ་བ་ལ་སོགས་པ་ནི་ཡིད་ལ་བྱེད་པ་སྟེ། སེམས་དམིགས་པ་ལས་དམིགས་པ་གཞན་ལ་འགྲོ་བ་གང་ཡིན་པའོ།། མངོན་པར་འདུ་བྱེད་པ་ནི་སེམས་ཀྱི་ཡོངསུ་གཡོ་བའོ།། རྣམ་པ་གཅིག་ཏུ་ན་ཡེ ་ཤེས་ཀྱི་སྤྲུལ་པ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བདུག་ཉིད་སེམས་ཅན་གྱི་བྱ་བ་སྒྲུབ་པའི་རྒྱུ་མཚན་ཐམས་ཅད་ཀྱི་གོ་འབྱེད་ཅེས་བྱ་སྟེ་མི་ཟད་པ་ཉིད་ཀྱིས་རྒྱ་ཆེ་བའི་ཕྱིར་དང་ཐོགས་པ་མེད་པའི་ཕྱིར། ་རྣམ་པར་མི་རྟོག་བཞིན་དུ་ཡང་དེའི་དབང་གིས་འབྱུང་བའི་ཕྱིར་རོ།། འདི་སྐད་དུ་ཇི་ལྟར་ནམཁྱེའ་ལ་སོགས་པ་གཟུགས་ལ་སོགས་པའི་སྐྱེ་བའི་གོ་འབྱེད་པ་ལ་སོགས་པའི་བྱི་བ་ལ་འཇུག་པ་རྣམས་ངར ་འཛིན་པ་དང་། ང་ཡིར་འཛིན་པ་ལ་རྩོལ་བ་ལ་སོགས་པའི་སྤྲོས་པ་མེད་མོད་ཀྱི་འོན་ཀྱང་བྱ་བའི་བྱེ་བྲག་ཐམས་ཅད་མངོན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཟུག་པ་མེད་པའི་དབྱིངས་ལ་རྣམ་པ་ཐམས་ཅུང ་དུ་ངར་འཛིན་པ་དང་ང་ཡིར་འཛིན་པའི་རྩོལ་བའི་སྤྲོས་པ་དང་བྲལ་བ་རྣམས་ཀྱི་ཡེ་ཤེས་དང་སྦྲུལ་པྲ་དང་། སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱང་། སྔོན་མངོན་པར་འདུ་མཛད་པའི་དབང་གིས་འབྱུང་ངོ་ཞེས ་བཤད་པ་ཡིན་ནོ།། གང་མཚན་དང་དཔེ་བྱད་བཟང་པོའི་ཡོ་བྱད་ཐམས་ཅད་དང་ལྡན་པར་འཁོར་བའི་མཐའི་བསྐལ་པ་ཇི་སྲིད་བ་ཞུགས་ཤིང་ཆོས་ཀྱི་སྐུར་བཞུགས་པའི་ཕྱིར་རྣམ་པར་རྟོག་པ་མི་མངའ་ཡང་། ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཡེ་ཤེས་ཀྱི་སྤྲུལ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་འདི་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་དུ་བསམོ་གྱིས་མི་ཁྱབ་པའི་ངོ་བོ་ཡིན་ནོ།། དེའི་ཚེ ་དེ་བཞིན་གཤེགས་པ་ལ་འདི་ནི་མཛད་དོ།། འདི་ནི་མཛད་དོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་འཕྱངས་པའི་དབང་གིས་བསམས་ནུས་གཉིད་ཀྱིས་ལོག་པ ་ལས་སད་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་པ་བཞིན་དུ་ཇི་སྐད་བཤདདྠ་པའི་བྱ་བ་རྣམས་ཀྱང་མངོན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་བསྟན་པ་ལས་དཔེར་དགེ་སློང་གཎྜཱི་རྡུང་བ་ལ་བབ ་ཀྱི་བར་དུ་བྱིན་གྱིས་བརླབས་ཏེ། འགོག་པ་ལ་སྙོམས་པར་ཞུགས་པ་དེའི་རྣ་ལམ་དུ་གཎྜཱིའི་སྒྲ་མི་གྲག་ལ་རྣམ་པར་རྟོག་པ་ཡང་མི་བྱེད་མོད་ཀྱི། འོན་ཀྱང་ལྡང་བར་འགྱུར་རོ་ཞེས་བྱ་བ་གསུངས་པ་ལྟ་བུའོ།། གལ་ཏེ ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་བྱ་ཐམས་ཅད་ཀྱི་རྗེ་སུ་སོང་ཞིང་ཐ་མི་དང་པར་འདུག་པ་ཡིན་ན། དེ་དང་ཐ་མི་དད་པའི་ཕྱིར་དེ་ཡང་དེ་དང་འདྲ་བ་ཁོ་ནར་སྐྱེ་བ་དང་འཇིག་པ་དག་ཏུ་འགྱུར་བ་འམ། སྐྱེ་བ་དང་འཇིག་པ ་མེད་པའི་ཕྱིར། ཤེས་བྱ་དང་ཐ་མི་དད་པར་འདུག་པ་མ་ཡིན་ནོ་ཞེ་ན། དཔེར་ན་ན་མཁའ་ལ་གཟུགས་ཀྱི་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་སྐྱེ་བ་ཡང་སྣང་འཇིག་པ་ཡང་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྐད ་དུ་ཇི་ལྟར་གཟུགས་ལ་སོགས་པ་སྐྱེ་བ་དང་འགག་པ་ཡོད་ཀྱང་། དེ་དང་ཐ་མི་དད་པར་འདུག་ཅིང་དེའི་གོ་འབྱེང་བའི་མཚན་ཉིད་རྣ་མཁའ་ལོ་ནི་སྐྱེ་བ་དང་འགག་པ་དག་མེད་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ ་ཡེ་ཤེས་དང་སྤྲུལ་པ་དང་། སེམས་ཅན་གྱི་བྱ་བ་བསྒྲུབ་པ་ཐམས་ཅད་ཀྱི་གོ་འབྱེད་པ་ལ་ཞུགས་ཤིང་དེ་དང་ཐ་མི་དད་པར་འདུག་པ་ལ་ཡང་སྐྱེ་བ་དང་འགགུ་པ་དག་མེད་དོ་ཞེས་བཤད་པ་ཡིན་ནོ།། དེ་ཉིད་ལས་དགོངས་ནས ་འཇམ་དྲུཔལ་སྐྱེ་བ་མེད་པ་དང་། འགག་པ་མེད་བ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེ་གས་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཟུགས་ལ་སོགས་པ་ཡང་དོན་དམ་པ་དེ་བཞིན་ཉིད་ཀྱི་ངོ་བོ ་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་ནི་མེད་ཀྱི་ཀུན་རྫོབ་དུ་རྣམ་པར་བཞག་གོ།། དེ་ཉིད་ཀྱི་ཕྱིར་སྣང་ཞེས་གསུངས་ཏེ། ཀུན་རྫོབ་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་སྙམ་དུ་དགོངས་ཏེ། ཡེ་ཤེས་ཀྱི་སྤྲུལ་པ་ལ་སོགས ་པ་ཐམས་ཅད་ཀྱང་དྲི་དང་འདྲའོ།། གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་དུ་འགྲོ་བ་ཡིན་ན། དེ་བཞིན་གཤེགས་པའི་བསྟན་པ་ཡང་འཕེལ་བ་དུང་ནུབ་པ་སྣང་བས་དེ་ཡང་དེ་དང་ཐ་མི་དད་པའི་ཕྱིར་དེ་ཁོ་ན་བཞིན ་དུ་འཕེལ་བ་དང་འགྲིབ་པ་དག་ཏུ་འགྱུར་ཏེ། དེའི་ཕྱིར་རྣམ་པར་དག་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དཔེར་ན་ན་ཁའ་ལྔ་གཟུགས་ཀྱི་རྣམ་པ་སྣ་ཚོགས་རྣམས་ཀྱི་འཕེལ་བ་ཡང་སྣང་འགྲིབ་པ་ཡང་སྣང་ཞེས་བྱ་བ ་ལ་སོགས་པ་གསུངསོ།། དེ་དང་འདྲ་བར་དེ་བཞིན་གཤེགས་པའི་བསྟན་པའི་སྙིང་ཁུ་ནི་དེ་བཞིན་གཤེགས་པ་བསྟན་པའི་ཉིང་དེ་ལས་གཞན་པ་མུ་སྟེགས་ཅན་གྱི་བསྟན་པ་ལས་བལྟོས་ན། ཤིན་ཏུ་མཆོག་ཏུ་གྱུར ་པ་ཉིད་ཀྱིས་སྙིང་པོར་གྱུར་པའི་ཕྱིར་སྙིང་ཁུ་ཡིན་ཏེ་མཱར་སྙིང་ཁུ་བཞིན་ནོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་འཕེལ་བ་ཡང་མེད་འགྲིབ་པ་ཡང་མེད་དོ་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པའི་བསྟན་པ་ཡང་དོན་དམ་པར་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་འཕེལ་བ་དང་འགྲིབ་པ་དག་མེད་དོ།། ཀུན་རྫོབ་ཀྱི་ཚུལ་དུ་ནི་གཟུགས་ལ་སོགས་པ་བཞིན་དུ་ཡོད་དོ།། དེ་དག་ཀྱང་ཆོས་ཀྱི ་དབྱིངས་ཀྱི་རང་བཞིན་རྣམས་ནི་ཡང་དག་པར་ན་མེད་པའི་ངོ་བོ་ཡིན་པའི་ཕྱིར་ན་མཁའ་བཞིན་དུ་འཕེལ་བ་དང་འགྲིབ་པ་དག་མེད་དོ།། དེ་ཉིད་ཀྱི་ཕྱིར་སྣང་ཞེས་གསུངས་ཏེ། དེར་སྣང་བའི་རྣམ་པར་ཤེས་པའི་སྐྱེ་བ ་མང་པའི་ཕྱིར་ཀུན་རྫོབ་དུ་སྣང་བ་ཡིན་གྱི། ཡང་དག་པར་ན་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའི་ངོ་བོ་ལ་ནི་མ་ཡིན་ནོ།། གལ་ཏེ་དེ་བཞིན་གཤེགས་པ་ཆོས་ཀྱི་ང་བྱིངས་ཀྱི་རང་བཞིན་ཡིན་ལ་དེ་བཞིན་གཤེགས་པ ་ཡང་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་བསྒྲུབ་པའི་ཕྱིར་བཞུད་ཅིང་བྱོན་ན་གོ་ཆོས་ཀྱི་དབྱིངས་ཀྱང་དེ་དང་ཐ་མི་དད་པའི་ཕྱིར་འགྲོ་བ་དང་འོང་བར་ཐལ་བར་འགྱུར་བས་ཕལ་པ་བཞིན་དུ་རྣམ་པར་དག་པ་མེད་པ ་དང་། སྐྱེ་བ་ལ་སོགས་པར་ཐལ་བར་འགྱུར་བ་འམ། དེ་མེད་ནི་ཕྱོགས་གཞན་དག་དུ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པ་ཡང་མེད་དོ་ཞེ་ན། དཔེར་ན་ན་མཁའ་མཐའ་ཐུག་པ་མེད་པའི་ཕྱིར། ་ནམ་མཁའ་ལ་ཕྱོགས་བཅུ་ན་གཟུགས་སུ་གྱུར་པ་གཡོ་པ་རྣམས་མཐའ་ཡས་མུ་མེད་ཀྱང་ན་མཁའ་ནི་འགྲོ་བ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ན་ན་མཁའ་མཐའ་ཐུག་པ་མེད་པ་དེ་བཞིན་དུ་འཇིག་རྟེན་གྱི ་ཁམས་རྣམས་ཀྱང་མཐའ་ཐུག་པ་མེད་དོ།། དེའི་ཕྱིར་གཟུགས་སུ་གྱུར་པ་གཟུགས་ཀྱི་རྣམ་པ་རྣམས་མཐའ་ཡས་པ་ནི་ཕྱོགས་གཅིག་གི་སྒོ་ནས་སོ།། མུ་མེད་པ་ནི་ཐམས་ཅད་དུའོ།། ཡང་ན་དུས་སམ་ཡུལ་གྱི་སྒོ ་ནས་སོ།། ནམ་མཁའ་ནི་ཐམས་ཅད་ན་ཡོད་པའི་ཕྱིར་དང་། བྱེད་པ་མེད་པའི་ཕྱིར་གོ་དབྱེ་བའི་ཕྱིར་འགྲོ་བ་འམ་འོང་བ་ཡང་མེད་དོ།། དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་ཐུག་པ་མེང་བའི་ཕྱིར། ཆོས་ཀྱི ་དབྱིངས་རྣམ་པར་དག་པ་མུ་ཐུག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སེམས་ཅན་ལ་ཕན་པ་དང་བྱུང་པ་ཉེ་བར་གནས་པའི་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་མུ ་མེད་པ་དེ་སྔ་མ་བཞིན་ནོ།། འགྲོ་བ་མེད་ཀྱང་འཇིག་རྟེན་གྱི་ཁམས་མཐའ་ཡིས་པ་དག་ཏུ་སེམས་ཅན་གྱི་དོན་མཛད་པ་མཐའ་ཡས་པ་དག་འབྱུང་ངོ་།། འགྲོ་བ་ཞེས་བྱ་བ་ནི་འདི་ནས་གཞན་དུའོ།། འོང་བ་ཞེས་བྱ་བ ་ནི་གཞན་ནས་འདིར་རོ།། གཡོ་བ་འམ་འགུལ་བ་ཞེས་བྱ་བ་ནི་བསྟན་པ་དང་བཤད་པ་དག་གོ།། དེ་དག་མེད་པ་ནི་ཆོས་ཀྱི་དབྱིངས་ལ་མུ་མེད་པའི་ཕྱིར་རོ།། གང་ཞིག་ལུས་ཡོད་པ་དེ་ནི་ཡུལ་གཞན་དག་ཏུ་འབྱུང་བའི ་བྱའི་ཕྱིར་འགྲོའོ་ཞེས་བྱ་བ་ལ་སོགས་པའི་ཟླ་སྙད་འཐོབ་ཀྱི་ལུས་མེད་པ་ནི་མ་ཡིན་ཏེ། ན་མཁྲུའ་ལ་སོགས་པ་བཞིན་ནོ།། འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དོན་དམ་པར་ནི་ཆོས་ཀྱི་དབྱིངས། ་རླུང་བཞིན་ཁོ་ན་ཡིན་ལ་ཆོས་ཀྱི་དབྱིངས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པས་སེམས་ཅན་དེ་དག་ཀྱང་རང་གི་ས་བོན་ཡོངས་སུ་སྨིན་པའི་དབང་དང་། དེའི་བྱིན་གྱིས་དེ་ལྟ་བུའི་སྤྱོད་པར་སྣང་བའི་རྣམ་པར ་རིག་པ་སྐྱེས་ན་གང་གིས་ན་དེ་བཞིན་གཤེགས་པའི་སེམས་ཅན་གྱི་དོན་མཛད་པ་མཛད་དོ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་འདོགས་པ་འབྱུང་ངོ་ཞེས་བཤད་པ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་ནི་བྱིནི་ཙམ་ཉིད་མ ་གཏོགས་པར་གང་གིས་ན་དེ་ལྟ་བུའི་མཛད་པར་འགྱུར་པའི་སྤྱོད་པ་གཞན་མི་མངའ་སྟེ། ཇི་སྐད་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་གང་དུའང་གཞུད་པ་འམ་བྱོན་པ་ནི་མངའོ་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ལྟ་བུའོ།། སྤྲུལ་པའི་སྐུ་ལས་དགོངས་ནས་དེ་བཞིན་གཤེ་གས་པ་བཞུད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་འགལ་བ་མེད་དོ།། གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་འགྲོ་བ་དྲང་འོང་བ་མེད་ན་ཡང་ཡུལ་དེང ་འགྲོ་བ་མེད་པ་ཇི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཡོང་སུ་མྱ་ངན་ལས་འདས་པར་འགྱུར་བ་འམ། འགྲོ་བ་དང་འོང་བ་ཡོད་ན་ནི་དེ་ཉིད་ཉེས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ལ་ཡང་འཇིག་པ་དང་། ་འཆགས་པ་དག་ཡོད་ཀྱང་ན་མཁའ་ལ་མེད་པ་དེ་དག་མེད་པ་དེ་བཞིན་དུ་ཆེས་ཀྱི་དབྱིངས་རྣམ་པར་དག་པར་ལ་གང་གིས་ན་དེའི་དོན་དུ་དེར་འགྲོ་བར་འགྱུར་བ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས ་འདའ་བ་མེད་དེ། དཔེར་ན་ན་མཁའ་ལ་འཇིག་རྟེན་གྱི་ཁམས་འཇིག་པ་སྟེ་རྣམ་པར་འཇིག་པ་དང་འཆགས་པ་སྟེ། འབྱུང་བ་ཀུན་རྫོབ་དུ་མངོན་གྱི་དེ་དག་ཀྱང་ན་མཁའ་འདྲ་བར་སྟོང་པའི་ཕྱིར། ཡང་དག་པར་ནི། ་མ་ཡིན་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྣམ་པ་ཐམས་ཅད་མངོན་པར་རྫོག་ས་པར་བྱང་ཆུབ་པ་དང་། ཡོངསུ་མྱི་དྲན་ལས་འདས་པ་དཔག་ཏུ་མེད་པ་སྨད་པ་ཡང་ཀུན་རྫོབ་དུ་མངོན་གྱི་ཡང ་དག་པར་ནི་མ་ཡིན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་པོ་དང་། ཡོངས་སུ་མྱ་ངན་ལས་འདྲ་བ་པོ་དག་མེད་པའི་ཕྱིར་རོ།། ཕུང་པོ་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ།། ་གལ་ཏེ་དེ་གཉིས་ཀ་ཡ་ང་དག་པ་ཉིད་དུ་ཡིན་ནོ་ཞེ་ན། ཡང་དག་པ་ཉིད་དུ་མི་འགྱུར་ཏེ། ཡང་དག་པ་ནི་རང་གི་ངོ་བོ་ལ་མ་ཉམས་པ་ཡིན་ན། མངོན་པར་རྫོགས་པར་བྱང་མ་ཆུབ་པའི་གནས་སྐབས་ཉམས་ན། ་མངོན་པར་རྫོགས་པར་བྱང་ཆུབ་ལ་ཡོངསུ་མྱ་ངན་ལས་འདས་པའི་གནས་སྐབས་ཉམས་ན་ཡོང་སུ་མྱ་ངན་ལས་འདྲ་པར་འདོད་པའི་ཕྱིར་རོ།། འོན་ཏེ་ཡང་འདི་སྙམ་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང ་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་མ་ཡིན་པར་མི་འགྱུར་ལ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་ནམ་ཡོངས་སུ་མྱ་ངན་ལས་མཱ་འདས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཡང་དག་པ ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་ཡང་དེ་དང་འདྲ་བར་འགྱུར་ཏེ། འཇིག་པ་ཡང་ནཱམ་ཡང་འཆགས་པ་མ་ཡིན་ཞིང་། འཆགས་པ་གཡོང་ནམ་ཡང་འཇིག་པ་མ་ཡིན་པས་བུམ་པོ་ལ་སོགས་པ་ཡང་ནམ ་ཡུང་བུམ་པ་ལ་སོགས་པ་མཱ་ཡིན་པ་མ་ཡིན་ནོ།། དེའི་ཕྱིར་རྣལ་འབྱོར་པ་རྣམས་འཇིག་རྟེན་གྱི་ཁམས་མྱེ་ལ་སོགས་པས་ཡོངསུ་གྲང་བ་བཱརྒྷ་ལཱ་ཏྲེ། འགྲོ་བར་ཡང་མི་འགྱུར་ཏེ། དེ་དག་དང་འབྲེལ་ན་ཚིགས་པ་ལ ་སྩོགས་པ་ཐལ་བར་འགྱུར་བའི་ཕྱིར་ལ། མོས་པའི་དབང་གིས་ས་ལ་སོགས་པ་གསེར་ལ་སོགས་པའི་དངོས་པོར་ཡང་མི་འགྱུར་རོ།། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་མཱ་ཡིན་པར ་མི་འགྱུར་རོ།། དེ་ལྟ་བས་ན་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཡོངས་སུ་མྱ་ངན་ལས་འདའ་བའི་གནས་སྐབས་ཀྱི་སྔོན་རོལ་དང་། དེའི་ཚེ་ཡང་དེ་བཞིན་ཉིད་མ་ཉམས་པའི་ངོ་བོ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ ་པར་དག་པ་ནི་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ།། དེ་གཉིས་ནི་དེ་ལ་སྒྲོ་བཏགས་པའི་ངོ་བོ་ཡིན་པས་ཡང་དག་པ་མ་ཡིན་ཏེ། བྱེད་པ་པོ་དང་བྱ་བ་དག་ནི ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པས་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ནི་བྱང་ཆུབ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་མི་རྟོག་པའི་ཡེ་ཤེས་ལས་དགོངས་པ་ཡིན་ཏེ། དེ་བཞིན་ཉིད་ལ ་དམིགས་པའི་ཡེ་ཤེས་དེ་ཡང་གཉིསུ་རྣམ་པར་རྟོག་པ་ཀུན་ཏུ་མི་འབྱུང་བའི་ཕྱིར། དེའི་ཚེ་ཡང་མ་ངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ལ། ཡོང་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན་ནོ།། དེ་ཉིད་ལས་དགོངས ་ནས་ལྷའི་བུ་ཆོས་ཐམས་ཅད་འབྱུང་བ་མེད་པ་ནི་དེ་བཞིན་གཤེགས་པ་འབྱུང་བའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཐོབ་པ་མེད་པ་དང་མངོན་པར་རྟོགས་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་བརྟགས ་པ་མེད་པའི་ཕྱིར་དང་། སྐྱེ་བ་ལ་སྩོགས་པ་རྣམ་པར་རྟོག་པ་མྱེད་པའི་ཕྱིར་རོ།། ཀུན་རྫོབ་དུ་ནི་དེ་གཉིས་ཀ་མངོན་ཏེ། དེ་བཞིན་གཤེགས་པ་སྤྲུལ་པའི་སྐུས་དེ་ལྟར་ཀུན་ཏུ་བསྟན་པས་འདུལ་བར་འགྱུར་བའི ་སེམས་ཅན་གྱི་ངོར་དེ་གཉི་ག་སྟོན་པརཱ་མཛད་དོ།། གལ་ཏེ་ཆོས་དབྱིངས་སེམས་ཅན་ཐམས་ཅད་དང་ལྡན་ན། དེ་དག་ཇི་ལྟར་ལོག་པར་སྒྲུབ་པ་ཡིན་ཆོས་ཀྱི་དབྱིངས་ལ་ནི་ལོག་པར་སྒྲུབ་པ་དག་མེད་དེ་ཡོངས་སུ ་དག་པའི་ཕྱིར་རོ།། དེའི་ཕྱིར་བསླབ་པའི་གཞི་བཅའ་བ་དོན་མེད་པར་ཐལ་བར་འགྱུར་ཏེ་སེམས་ཅན་རྣམས་ཀྱི་ལོག་པར་བསྒྲུབ་པ་མེད་པའི་ཕྱིར་རམ། ཉན་ཐོས་བཞིན་དུ་ཡོངས་སུ་སྐྱོ་བ་དང་། ཡོངསུ་དག་པ་མེད་པར ་ཇི་ལྟར་འགྱུར་ཞེ་ན་མ་ཡིན་ཏེ་ན་མཁའ་བཞིན་ནོ།། དཔེར་ན་རྩ་ལ་སོགས་པ་གཟུགས་ཀྱི་རྣམ་པར་ན་མཁའ་ལ་བརྟེན་པ་རྣམས་ལ་སྣང་བ་ལ་སོགས་པ་འགྱུར་བ་སྣ་ཚོགས་དམིགས་ཀྱང ་ན་མཁའ་ནི་དེའི་ཁོངསུ་གཏོགས་ཀྱང་ན་མཁའ་ནི་གཞན་དུ་མི་འགྱུར་པའི་ཕྱིར་དེ་དག་གི་འགྱུར་བ་ཡང་མེད་ལ་སྣང་པོ་ལ་སོགས་པའི་སྡུག་བསྔལ་གྱིས་མི་གནོད་པའི་ཕྱིར་ཡོངས་སུ་སྐྱོ་བ་ཡང་མེད་དོ།། དེ་བཞིན་དུ ་སེམས་ཅན་གྱི་ཁམས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བརྟེན་པ་ལ་ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས་པའི་སེམས་ནྡན་རྣམས་ལ་ཡེའང་གི་རྣམ་པར་རྟོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་དང ་ཡིད་ཀྱི་ལས་ལོག་པར་སྒྲུབ་བྱ་མི་དགེ་བ་མ་གསོད་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་ལ་ཅི་རིགས་པར་དམིགས་པ་དེ་དག་བཟློག་པའི་ཕྱིར་ཀུན་རྫོབ་དུ་བསླབ་པའི་གཞི་བཅའ་བ ་དང་། དེ་ལས་འདས་པའི་ངོ་བོ་ལོག་པར་སྒྲུབ་པ་ཡང་དམིགས་མོད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་ལོག་པར་སྒྲུབ་པ་དེ་དག་གིས་འགྱུར་བ་ཡང་མེད་ལ་མི་གནོད་པའི་ཕྱིར ་ཡོངས་སུ་སྐྱོ་བ་ཡང་མེད་དོ།། གང་ཞིག་སྡུག་བསྔལ་རྣམས་ཀྱིས་གནོད་པ་ནི་དེ་མི་བཟོད་པ་ཉིད་ཀྱིས་ཉན་ཐོས་བཞིན་དུ་ཡོངས་སུ་སྐྱོ་བར་འགྱུར་གྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མ་ཡིན་ཏེ། ནམ་མཁའ ་བཞིན་དུ་ཐམས་ཅད་བཟོད་པའི་ཕྱིར་རོ།། ཇི་ལྟར་ན་མཁའ་ལ་གཟུགས་ལ་སོགས་པའི་གནོད་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པར་ནི་མཱི་འདོད་པ་དེ་བཞིན་དུ་བསླབ་པ་ལ་སོགས་པ་བཅའ་བ་དང་། ་ལྡོག་པར་སྒྲུབ་པ་རྣམས་ཀྱང་རྣམ་པར་བཞུག་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དེ་དག་ཡོད་པ་ནི་མ་ཡིན་ནོ།། འདི་ལྟར་ལུས་ལ་སྩོགས་པའི་ལས་ནི་མཚུངས་པར་ལྡན་པ་དང་། ཀུན་ནས་སློང་བའི་དབང ་གིས་མི་དགེ་བ་ལ་སོགས་པ་ཉིད་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ཞིང་། དེས་ཀུན་ནས་བསླང་བའི་བོང་བ་ལ་སོགས་པ་ཡང་མི་དགེ་བ་ཉིད་དུ་ཁས་བླང་བར་ཡང་མི་ནུས་ལེ། ལུས་ཀྱང་ས་ལ་སོགས་པ་གནས ་པ་ཡིན་པའི་ཕྱིར་དེ་དང་ཆོས་མཐུན་པ་ཡིན་ནོ།། དགུ་གིས་ལས་ཀྱང་རྔ་བོ་ཆེ་ལ་སོགས་པའི་སྒྲ་བཞིན་དུ་མི་དགེ་བ་ལ་སོགས་པ་ཉིད་མི་སྲིད་དོ།། རྣམ་པར་རིག་བྱེད་མ་ཡིན་པ་དེ་ལྟར་གྱུར་པ་ཡང་ཡོད་པ ་མ་ཡིན་ཏེ། དེ་ནི་མི་བྱེད་པ་ཙམ་དུ་ཟད་པའི་ཕྱིར་རོ།། དེ་དང་མཚུངས་པར་ལྡན་པའི་སེམས་པ་ཡང་དགེ་བ་ལ་སོགས་པ་དང་མཚུངས་པ་ལྡན་པ་བཞིན་དུ་མི་དགེ་བྱ་ལ་སོགས་པ་ཉིད་མི་སྲིད་དོ།། དེའི་འབྲས་བུ ་ཡང་དེ་ཁོ་ན་དང་འདྲའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་ལས་དང་འབྲས་བུ་དག་ཡོད་པ་མ་ཡིན་ཏེ། དེ་གཉིས་ནི་བརྟགས་པ་ཡིན་པའི་ཕྱིར་རོ།། ཀུན་རྫོབ་ཏུ་དེར་སྣང་བའི་རྣམ་པར་རིག་པ་སྐྱེས་ན ་མངོན་ཏེ་ཇི་ལྟར་མངོན་པར་དེ་ལྟར་ཡང་རྣམ་པར་བཞག་གྲོ། གལ་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཐམས་ཅད་ལྡན་པ་ཡིན་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་ཐལ་བར་འགྱུར་བ ་འམ་དེ་དག་ཐ་མི་དད་པའི་ཕྱིར་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་ཕུང་པོའི་བདག་ཉིད་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། ནམ་མཁའ་བཞིན་ནོ།། དཔེར་ན་ན་མཁའ་ལ་བརྟེན་པའི་ས་ཆེན་པོ་ལ་སོགས་པ་ཡང་དམིགས་པ་ཉི ་མ་ལ་སོགས་པ་རྒྱུ་བ་ཡང་དམིགས་མོད་ཀྱི་ནམ་མཁའ་ནི་ས་ལ་སོགས་པའི་ཕུང་པོ་དང་འབྲེལ་པའི་ཕྱིར་དེའི་བདག་ཉིད་མ་ཡིན་པ་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་དམིགས་པ ་ཡང་དེ་དྲང་འདྲའོ།། ། དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་སོ།། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་དག་ནི་ཟག་པ་མེད་པའི་བསམ་གཏན་དང་ཤེས་རབ་བོ།། རྣམ་པར་གྲོལ་བའི་ཕུང་པོ་ནི་མི ་སློབ་པའི་རྣམ་པར་གྲོལ་བའོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ།། ཕུང་པོ་ལྔ་པོ་འདི་དག་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་ལྡན་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི། ་དེ་དག་དང་ལྡན་དུ་ཟིན་ཀྱང་དེ་དག་གི་མཚན་ཉིད་མ་ཡིན་ནོ།། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་མ་ཡིན་ནོ།། དེ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་དག་ཀྱང་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་སྨོས་པ་ནི་ཟག་པ་མེད་པའི་ཆོས་མཐུན་པས་སོ།། གལ་ཏེ་སངས་རྒྱས་ཐམས་ཅང་ཆོས་ཀྱི་དབྱིངས་རྣམ་པར་དྲུག་བྱའི་བདག་ཉིད་ཡིན་ནོ།། ཁྱོད་ཀྱི་ངའི་ཞེས་བྱ་བའི་རྩོལ་བ ་མེད་པར་འཁོར་ཀྱི་དཀྱིལ་འཁོར་ཐ་དད་པརླ་ཇི་ལྟར་འགྱུར། རྩོལ་པ་ཡོད་ན་ནི་ཆོས་ཀྱི་དབྱིངས་ལྟར་ཡོངསུ་དག་པ་ཡིན་ཞེ་ན། མ་ཡིན་ཏོ་ནམྲ་ཁའ་བཞིན་ནོ།། དཔེར་ན་ན་མཁའ་ལ་རང་གི་རྒྱུ་དང་རྐྱེན་ལས་ཡང་དག ་པར་འབྱུང་བའི་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་ཆུད་པའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་དམིགས་ཀྱང་ན་མཁའ་ལ་ནི་ང་ཡིར་འཛིན་པའི་ཐ་དད་པ་ཡང་མེད་ལ་དེ་རྣམ་པར་མི་རྟོག་ཀྱང་འཇིག ་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་ཐ་དད་པ་རྣམས་ཀྱི་གོ་ཡང་འབྱེད་དོ།། དྲི་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རང་གི་ལས་ཀྱི་དབང་གིས་ཡང་དག་པར་བྱུང་བའི་རྣམ་པ་ཐམ ་ཅད་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་གཅིག་ཏུ་འདུས་པའི་སངས་རྒྱས་གྱི་འཁོར་གྱི་དཀྱིལ་འཁོར་རང་གི་རྒྱུ་དང་རྐྱེན་གཞན་དང་གཞན ་ངག་ལས་བྱུང་བ་རྣམས་དམིགས་ཏེ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གཅིག་གི་རྒྱུ་གང་ཡིན་པ་དེ་ཉིད་གཉིས་པ་འམ་གསུམ་པའི་རྒྱུ་མ་ཡིན་ནོ།། གང་གི་དབང་དུ་མཛད་ནས་མདོ་གཞན་ལས་སངས་རྒྱས ་དེ་དགྲ་གི་སངས་རྒྱས་ཀྱི་ཞིང་ཐ་དད་པ་ཉིད་དང་། འཁོར་གྱི་དཀྱིལ་འཁོར་ཐ་དད་པ་ཉིད་ནི་སྣང་བ་འབའ་ཞིག་དུ་ཟད་དོ་ཞེས་གསུངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་ངར་འཛིན་པ ་དང་། ང་ཡིར་འཛིན་པའི་ངོ་བོའི་རྩོལ་བ་དང་གཟུང་བ་དང་འཛིན་པ་རྣམ་པར་རྟོག་པའི་མངོན་པར་འདུ་བྱེད་པ་ཡང་མེད་པའོ།། འདི་སྐད་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུས་ཐ་མི་དད་ཅིང་སྤྲོས་པ་མེད་པའི་ངོ་བོ ་རྣམས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་ཐ་དད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་རང་གི་འདུ་བྱེད་པའི་དབང་གིས་བྱུང་བའི་རྣམ་པ་ཐམས ་ཅད་ཕུན་སུམ་ཚོགས་པ་རྣམས་ཀྱང་དམིགས་ལ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཀྱི་བཀོད་པ་སྣ་ཚོགས་པ་ཉིད་ཀྱང་དམིགས་སོ་ཞེས་བཤད་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་བུད་མྱུད་རིན་པོ་ཆེ་ལ་སོགས་པ་བཞིན ་དུ་དེ་ལྟ་བུའི་རྣམ་པར་རིག་པ་དྲུག་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། སྔ་མ་ནི་ཡེ་ཤེས་འབྱུང་བ་དང་གཞན་གྱི་དོན་བྱེད་པ་ལ་མངོན་པར་འདུ་བྱེད་པ་མེད་པར་བཤད་པ་ཡི་ན་གྱི། འདི་ནི་ཆོས་ལ་རྫོགས་པར་ལོངས་སྤྱོད ་བར་བྱ་བའི་ཕྱིར། རང་གི་ལས་ཀྱིས་འབྱུང་བའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ལ་ཐ་དད་པར་རྣམ་པར་རྟོག་པ་མེད་པ་ཡིན་པས་བྱེ་བྲག་ཡོད་དོ།། འདིས་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཟབ་པ་དང་། ་ལས་ཟབ་པ་དང་། གནས་ཟབ་པ་བཤད་དོ།། དེ་ལ་མཚན་ཉིད་ཟབ་པ་ནི་རྣམ་པར་མ་དག་པའི་ཉེས་པ་བཅུ་ཡོངསུ་སྤང་བར་རྣམ་པར་དག་པའི་མཚན་ཉིད་བཅུ་ཁོ་ནར་ལྟ་བར་བྱ་སྟེ། རྣམ་པར་མ་དག་པའི་ཉེས ་པ་བཅུ་ནི་སྣ་ཚོགས་ཀྱི་ཉེས་པ་དང་། ཀུན་ནས་ཉོན་མོངས་པའི་ཉེས་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པའི་བྱ་བའི་ཉེས་པ་དང་། འདུས་བྱས་ཀྱི་མཚན་ཉིད་ཀྱིས་ཉེས་པ་དང་། འབྲེལ་བ་དང་ཟད་པའི་ཉེས་པ ་པ་དང་། འང་བ་དང་འགྲོ་བའི་ཉེས་པ་དང་། རྟག་པ་དང་ཆད་པའི་ཉེས་པ་དང་། ཡོངས་སུ་སྐྱེ་བའི་ཉེས་པ་དང་། རིལ་པོའི་ཉེས་པ་དང་། འཁོར་འཛིན་པའི་ཉེས་པ་དང་། རྣམ་པར་དག་པའི་མཚན་ཉིད་བཅུ་ནི་སྣ་ཚོགས ་ཡིན་པའི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དང་། མངོན་པར་འདུ་བྷ་བ་མེད་པའི་མཚན་ཉིད་དང་། འདས་མ་བྱས་ཀྱི་མཚན་ཉིད་དང་། འཕེལ་བ་མེད་པ་དང་། ཟད་པ་མེད་པའི་མཚན ་ཉིད་དང་། འོང་བ་དང་འགྲོ་བ་མེད་པའི་མཚན་ཉིད་དང་། རྟག་པ་མྱེད་པ་དང་ཆུད་པ་མྱེད་པའི་མཚན་ཉིད་དང་། ཡོངསསུ་སྐྱོ་བ་མེད་པའི་མཚན་ཉིད་དང་། རིལ་པོ་མ་ཡིན་པའི་མཚན་ཉིད་དང་། ང་ཡིར་འཛིན་པ་མེད་པའི ་མཚན་ཉིད་དང་གོ་རིམ་བཞིན་ནོ།། ལས་ཟབ་པ་ནི་སྤྲུལ་པ་ལ་སོགས་པའི་ལས་ཀྱི་སྒོ་ནས་རིག་པར་བྱའོ།། གནས་ཟབ་པ་ནི་འོང་བ་དང་། འགྲོ་བ་མེད་པའི་སྒོ་དང་། རྣམ་པ་ཐམས་ཅད་ཕུན་སུམ་ཚོགས ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་སྒོ་ནས་རིག་པར་བྱའོ།། ཆོས་ཀྱི་དབྱིངས་ཀྱི་རྣམ་པ་ཐམས་ཅད་ན་མཁའ་དང་ཆོས་མཐུན་པ་རབ་བསྟན་པའི་ཕྱིར་ཐམས་ཅད་དུ་ན་མཁའ་དཔེར ་མཛད་དེ། འདི་སྐད་དུ་འདི་ལྟ་སྟེ། ནམ་མཁའ་དཔེ་གཅིག་པུ་མ་གཏོགས་པ་གང་གིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་བར་ལ་འཇལ་བར་བྱེད་པའི་དཔེར་བཀོད་པ་ཇི་སྙེད་པའི་དཔེར་དགོད་པ་དེ་དག་ཐམས་ཅད ་ནི་དེ་བཞིན་གཤེགས་པ་ལྔ་སྐུར་བ་འདེབས་པ་ཡིན་ཏེ། ནམ་མཁའ་ཇི་ཙམ་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱང་དེ་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། སྤངས་པ་རྣམ་པར་བཞག་ནས། ་ཡེ་ཤེས་རྣམ་པར་བཞག་པའི་དེ་བ་དུ་མཛད་ནས། ཤིན་ཏུ་འདུས་མེ་ལྡོང་ལྟ་བུའི་ཡེ་ཤེས་ནཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འཇུག་པའི་རྒྱུ་མཚན་སྟོན་པར་བྱེད་དོ།། ་དེ་བཞིན་གཤེགས་པའི་ཡེ་ཤེས་ཉིད་མེ་ལོང་གི་དཀྱིལ་འཁོར་ལྟ་བུ་ཡིན་ཏེ། མེ་ལོང་གི་དཀྱིལ་འཁོར་དང་ཆོས་མཐུན་པར་ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ།། སྐྱེ་མཆེད་རྣམས ་ནི་མིག་ལ་སོགས་པའི་ནང་གི་དྲུག་པོ་རྣམས་སོ།། དེའི་ཡུལ་རྣམས་ནི་དེ་དག་ཡུལ་ཏེ། མིག་ལ་སོགས་པ་དེ་དག་གི་ཡུལ་གཟུགས་ལ་སོགས་པ་ཕྱིའི་དྲུག་གོ།། སྐྱེ་མཆེད་རྣམས་དང་དེའི་ཡུལ་རྣམས་ཏེ། དེ་དག་གི ་རྣམ་པར་ཤེས་པ་དག་ནི་གང་དག་དམིགས་པ་དེས་སྐྱེ་བུ་རྣམས་སོ།། དེ་དག་ཉིད་གཟུགས་བརྙན་དག་ཡིན་ཏེ། ཐམས་ཅད་དུ་ཤེས་པ་རྒྱུ་མཚན་ཉིད་དུ་བཤད་པའི་ཕྱིར་རོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར ་འབྱུང་བའི་དངོས་པོ་ཙམ་གྱིས་ཡུལ་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་ཡིན་ནོ།། སོ་སོར་རྟོག་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཏེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱང་དེ་དང་འདྲའོ།། སྐྱེ་མཆེད་དང་། ་དང་དེའི་ཡུལ་ཏེ། གཟུང་བའི་ཡུལ་ཐམས་ཅད་ཤེས་པའི་གཟུགས་བརྙན་དང་སྤྱིའི་མཚན་ཉིད་སྣང་བ་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བྱུང་བའི་འདི་གསུམ་སྣང་སྟེ ་ཡོངསུ་གཅོད་དོ།། སུས་ཞེ་ན། དེ་བཞིན་གཤེགས་པ་ཁོ་ནས་སོ།། ཡང་ན་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར། དེ་དག་རང་རིག་པའི་རྣམ་པར་ཤེས་པ་སྐྱེ་བ་ན་བློས་ཐ་དད་པར ་ཕྱེ་ནས། དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་སོ།། ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དེ་དག་རབ་ཏུ་མཁྱེན་ཏེ། དེ་ལ་བརྟེན་ནས་གཟུགས་བརྙན་ཙམ་གྱི་ཚུལ་དུ་འབྱུང་བ་དེ་ལ་སྣང་བར ་འགྱུར་བའི་ཕྱིར་རོ།། ཡང་ན་ཚིག་གསུམ་གྱིས་ཟླས་དབྱེ་བ་ཡིན་ཏེ། སྐྱེ་མཆེད་རྣམས་དང་། དེའི་ཡུལ་རྣམས་དང་། རྣམ་པར་ཤེས་པ་རྣམས་སོ།། དེ་དག་ཉིད་གཟུགས་བརྙན་དག་ཡིན་ཏེ། དེ་དག་ཀྱང་དེ་བཞིན ་གཤེགས་པས་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་ནས་བྱུང་བ་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བུ་བཞིན་དུ་ཡོད་པ་ཉིད་དུ་རབ་ཏུ ་མཁྱེན་ཏེ་སྔ་མ་བཞིན་ནོ།། ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་ནས་རབ་ཏུ་མཁྱེན་ཏེ། མེ་ལོང་ལྟ་བུའི་ཡ་ཤེས་སྐྱེ་བ་ན། ཤེས་བྱ་ཐམས་ཅད་ཡུལ་གྱི་ངོ་བོར་གྱུར་པ་ཡིན་ལ། དེ་ལ་སྐྱེ་མཆེད་ལ་སོགས ་པ་གཟུགས་བརྙན་ལྟ་བུར་སྣང་བ་དེ་དྲག་མེ་ལྡོང་ལྟ་བུའི་ཡེ་ཤེས་དེ་ཉིད་ཀྱིས། དེའི་རྣམ་པ་ཉེ་བར་འཛིན་པའི་རྣམ་པར་རྟོག་པ་མེད་ཀྱི་འོན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྐྱེ ་བ་ན་དེ་བཞིན་གཤེགས་པ་ཡང་དེའི་བདག་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་རང་དང་སྤྱིའི་མཚན་ཉིད་ཀྱི་རྗེསུ་སྟོང་བྱ་དེ་དག་རང་རིག་པའི་རྣམ་པར ་རབ་ཏུ་མཁྱེན་ཏོ།། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་དུ་རུང་སྟེ། ཤེས་བྱ་མཐའ་དག་བསྙེལ་པ་མི་མངའ་བའི་ཕྱིར་རོ།། དེ་ལྟ་མ་ཡིན་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་མི་མངའ་ན།། ་དེ་བཞིན་གཤེགས་པ་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡིནི། རྒྱུན་གྱིས་སྤྱོད་པའི་ཕྱིར་འགྱུར་ཏེ། ཇི་སྐད་དུ་དཔེར་ན་རྒྱུན་གྱི་ནུས་པའི་ཕྱིར། མེ་ཡིས་ཐམས་ཅད་བསྲེག་འདོད་ལྟར། དེ་བཞིན་ཐམས་ཅད་མཁྱེན ་འདོད་ཀྱི།། ཅིག་ཆར་ཐམས་ཅད་མཁྱེན་ཕྱིར་མིན། ཞེས་བཤད་པ་ལྟ་བུའོ་ཞེ་ན། དེ་ཡང་འདི་ལྟ་སྟེ། གཞན་གྱི་སེམས་ཤེས་པ་ལ་སོགས་པ་རྫས་གཅིག་འཛིན་པའི་དུས་ན། དེ་ལས་གཞན་པའི་རྫས་མི་འཛིན་པའི་ཕྱིར ་མ་གཏོགས་པ་ཁོ་ནར་འདས་པས་རྒྱུན་གྱིས་ཀྱང་འཛིན་པར་མི་སྲིད་ལ་ཐམས་ཅད་མཁྱེན་པ་ཡང་བཏགས་པར་འགྱུར་གྱིས་དངོས་ནི་མ་ཡིན་ནོ།། ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་ཐམས་ཅད་མཁྱེན་པར་ཉེ ་བཔར་བཏགས་པས་ནི་ཐམས་ཅད་མ་ཁྱེན་པར་མི་འགྱུར་རོ།། ཡང་ན་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། འཇིག་རྟེན་ན་འམ་འཇིག་རྟེན་གྱི་རྒྱུད་གཞན་དག་ལ་ཡང་སྐྱེ ་མཆེད་དང་། དེའི་ཡུལ་དང་རྣམ་པར་ཤེས་པའི་གཟུག་ས་བརྙན་རྣམས་སྣང་སྟེ། དེ་མད་ན་དེ་དག་མི་སྣང་བའི་ཕྱིར་རོ།། འབྱུང་བའི་དུས་ཉིད་ན་རིག་པས་དེའི་ཕྱིར།། འདི་སྐད་དུ་དེ་བཞིན་གཤེགས་པའི་མེ་ལོང་ལྟོ་བུའི ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྐྱེ་མཆེད་དང་དེའི་ཡུལ་དང་རྣམ་པར་ཤེས་པའི་གཟུགས་བརྙན་རྣམས་སྣང་ངོ་ཞེས་གསུངས་སོ།། དེའི་དབང་གིས་འབྱུང་ངོ་སྙམ་དུ་དགོངས་པ་སྟེ། ས་བོན་ཡོད་ཀྱང་ས་ལ ་སོགས་པ་མེད་པའི་ཕྱིར། མྱུ་གུ་མི་སྐྱེ་བ་ལྟ་བུ་དང་གཟུགས་ཡོད་ཀྱང་མེ་ལོང་མེད་ན་གཟུགས་བརྙན་མི་འབྱུང་བ་བཞིན་ནོ།། འབྲས་བུ་ཐམས་ཅད་སྐྱེད་པ་ལ་དེའི་སྤྱིའི་རྒྱུར་ཁས་བླངས་པའི་ཕྱིར་བཅོམ་ལྡན ་འདས་དབང་ཕྱུག་ལ་སོགས་པའི་ལྟ་བ་དང་ལྟ་བ་མཐུན་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། ཐལ་བར་འགྱུར་བ་མེད་དེ། འདི་ལྟར་དེ་སྐྱེ་བ་ལ་དེའི་བདག་པོའི་རྐྱེན་ཙམ་ཉིད་ཡིན་གྱི། བྱེད་པ་པོ།། ་ཉིད་ནི་མ་ཡིན་ལ། དེ་ནི་རུས་དཔག་ཏུ་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྔགས་པས་ཡང་དག་པར་འགྲུབ་པའི་ཕྱིར། མི་རྟག་པ་ཡང་ཡིན་ནོ།། དབང་ཕྱུག་ལ་སོགས་པ་ནི་བྱེད་པ་པོ་ཡང་ཡིན་ལ། ་ཐེར་ཟུག་གི་རྟག་པ་ཉིད་ཀྱིས་རྟག་པ་ཉིད་ཀྱང་ཡིན་པས་འདིར་ནི་མི་མཐུན་ནོ།། འོ་ན་ནི་རང་གི་གཟུགས་བརྙན་རྗེས་གཞན་མེད་པའི་ལྟར་ན། དེ་ཇི་ལྟར་དཱཔེར་རུང་སྟེ། འདི་ལྟར་རྒྱུ་མཚན་དུ་གྱུར་པ་མེ་ལོང་ཡོད་ན ་གཟུགས་ཉིད་དེ་ལྟར་བུར་སྣང་དྨོ་ཞེ་ན། དེ་ལྟ་སྣང་མངོན་པར་ཞེན་པའི་བྲག་ཆགས་ཡོངསུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ནང་ན་གནས་པ་ཉིད་དེ་ལྟར་སྣང་སྟེ། དེས་ན་འཇིག་རྟེན་གཟུགས་བརྙན་མཐོང ་ཞེས་དེ་སྙམ་དུ་དྲི་རྒྱུ་ལ་སྐྱེའོ།། དེ་ཉིད་ཀྱི་ཕྱིར་སྣང་ངོ་ཞེས་བཤད་ཀྱི་སྐྱེའོ་ཞེས་ནཱི་མ་བཤད་དོ།། དེ་བཞིན་དུ་ཤེས་བྱ་གཞན་ཡང་ཤེས་བྱ་ནང་གི་ཡིན་པར་ལྟ་བ་ལ་དྭེ་དང་འདྲ་བར་ལྟའོ།། འདྲ་བས་མཉམ་པ་ནི ་མཉམ་པ་སྟེ། མེ་ལོང་དང་དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་གཟུ་གས་བརྙན་འབྱུང་བའི་རྒྱུ་མཚན་ཙམ་དང་རྣམ་པར་མི་རྟོག་པས་མཉམ་མོ།། དེས་ན་ཞེས་བྱ་བ་ནི ་རྒྱུའི་གསུམ་པ་ཡིན་ཏེ་དེའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་འཐོབ་བོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་གནས་ཡིན་ཏེ། དེ་ལ་དམིགས་པའི་སྒོ་ནས་དེར་བཞག་པ་ཡིན་ནོ།། དེར་བཞག་པས་རྒྱུན ་མི་འཆད་པ་ཉིད་ཀྱི་ཕྱིར། འཁོར་བ་ཇི་སྲིད་པར་རྒྱུན་གྱི་རྒྱུན་མི་འཆད་པར་དེའི་རྗེ་སུ་འགྲོ་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་མི་གཱཡོ་མི་འགུལ་ཏེ། རྣམ་པར་རྟོག་པའི་གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་དང་། རྟག་ཏུ་རྒྱུན་གྱིས ་རྗེསུ་འགྲོ་བའི་ཕྱིརརོ་ཞེས་བཤད་པ་ཡིན་ནོ།། མ་ཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གསུམ་ནི་རེས་འགའ་བ་ཡིན་པའི་ཕྱིར་གཡོ་བ་དག་ཡིནོ།། ཅིའི་ཕྱིར་དེར་བཞག་ཅེ་ན་སེམས་ཅན་རྣམས་ཀུན་ནས་ཉོན་མོང་ས་པ ་དུདང་རྣམ་པར་བྱང་བ་ལ་སོ་སོར་རྟོག་པར་བྱ་བའི་ཆེད་དུའོ།། ཅིའི་ཕྱིར་སོ་སོར་བརྟག་ཅེ་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྩལ་ཞིང་སྐྱེད་པའི་ཕྱིར་ཏེ་ཀུན་ནས་ཉོན་མོངས་པ་ནི་ཉོན ་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ།། དེ་བསྔལྔ་པ་ནི་འཇིག་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་དུས་རེ་ཞིག་དང་གཏན་དུ་སྤངས་པའོ།། རྣམ་པར་བྱང་བ་ནི་དགེ་བ་གང ་གིས་སེམས་ཅན་རྣམས་ཀྱི་སེམས་རྣམ་པར་བྱང་བར་འགྱུར་བའོ།། དེ་བསྐྱེད་པ་ནི་ཇི་ལྟར་སྨོན་པའི་ཐེག་པས་ས་བོན་འཇོག་པ་དང་། གསོལ་བ་འདེབས་པ་དང་ཡོངསུ་སྨིན་པ་དང་རྣམ་པར་གྲོལ་བ་དག་ཏུ་འགྱུར་བའོ།། ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན་སེམས་ཅན་གྱི་དོན་མཛད་པ་རྣམ་པ་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕྱིན་པ ་དྲང་བདེ་བའི་ལྷག་པའི་བསམ་པ་དང་ལྡན་པའི་རྒྱུད་ཀྱིས་བསོད་ནམ་ས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བསགས་པ་རྣམས་ཡོངས་སུ་བསྔོ་བ་ལ་མཁས་པས་ཆོས་ཀྱི་དབྱིངསུ་འཇོག་སྟེ། དེས་ན་དུ་དག་སྤྲོས་པ ་མེད་པའི་བདག་ཉིད་དུ་གནས་ཀྱང་དེ་དགེ་གི་དབང་གིས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ཐེག་པ་རྣམ་པར་བཞག་པའི་རྗེསུ་འབྲང་ཞིང་འཇུག་པའི་སེམས་ཅན་རྣམས་དགེ་བའི་རྩ་བའི་ས་བོན་བསྐུད་པ་དང་། གསོལ ་པ་འདིབྱས་པ་དང་། ཡོངསསུ་སྨིན་པ་དང་། རྣམ་པར་གྲོལ་བ་དག་བཤད་པ་ཡིན་ནོ།། གསལ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ།། རྣམ་པར་དག་པ་ནི་གློ་བུར་གྱི་དྲི་མ་དང་བྲལ་བས་ཁྱད་པར་དུ་རྣམ་པར་དག ་པའི་ཕྱིར་རོ།། གཡོ་བྷཱུ་མྱེད་པ་ནཱི་ཀུནྡྷ་ནས་དཱི་མ་རྣམ་པར་དག་པས་གཉི་གླུར་རྣམ་པར་དག་པའི་ཕྱིར་རོ།། ལམ་ནི་རྣམ་པར་དག་པའི་དང་པོའི་ཕྱིར་རོ།། ཐལ་ལེ་ནི་རྣམ་པར་དང་བའི་ཕྱིར་རོ།། ལྷུང་དེ་ནི་ག་ཡའ་མེ་དུ་བྱས་པ ་གར་རྣམ་པར་དག་པའི་ཕྱིརརོ།། ཉོན་མོངས་པའི་སྒྲིབ་པ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དྲི་མ་ཡིན་ནོ།། དེ་བསལ་བ་ནི་བྲལ་བ་དང་སྤངས་པ་སྟེ། དེའི་ཕྱིར་རམ་འདི་ལ་དྲི་མ་རབས་ལ་བདེ་ཡོད་ན། མེ་ལོང་ལྟ་བུའི་ཡེ་ཤེས ་ཤིན་ཏུ་སྦྱངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་དང་། ཀུན་ནས་དཀྲིས་པ་དང་། བགྲ་ལ་ཉལ་གྱི་གནས་སྐབས་རྟག་ཏུ་ཀུན་ཏུ་འབྱུང ་བ་རྣམས་ཡིན་ཏེ། འཕགས་པའི་ལམ་སྐྱེ་བའི་གེགས་བྱེད་པའི་ཕྱིརརོ།། ཤེས་བྱའི་སྒྲིབ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གེགས་ཡིན་ནོ།། མྱ་ངན་འདས ་པབའི་ནི་མ་ཡིན་ཏེ། དེ་ཡོད་ཀྱང་ཉན་ཐོས་ལ་སོགས་བུ་མྱ་ངན་ལས?་འདའ་བ་མཐོང་བའི་ཕྱིར་རོ།། སྒྲིབ་པ་དེ་ཉིད་དྲི་མ་ཡིན་ཏེ་ཡེ་ཤེས་རྣམ་པར་དག་པ་སྐྱེ་བུའི་གེགས་བྱེད་པའི་ཕྱིར་རོ།། དེ་བསལ་བ་ནི་བྲལ ་བུ་སྟེ། གྲཱཉེནྱ་པོ་རྙེད་པས་གློ་བུར་བ་ཡང་ག་ཏཱནྱཱ་དུ་མི་འབྱུང་བའོ།། སྒྲིབ་པྲ་དེ་དང་བྲལ་བསཽ་དེའི་ཚེ་མེ་ལོངྒ་ལྟ་བུའི་ཡེ་ཤྲཱིས?་ཤིན་ཏུ་རྣམ་པར་དྲག་ཙདྡ་ཤཱནྨ་ཏུ་སྦྱངས་པྲཱ་ཡི་ནོ།། གང་གིསྠཱ་ཞེ་ན། དེར་བརྟེན་པའི ་ཏིང་འཛིན་ཡོངསུ་བཟུང་བས་དེ་དེ་ལ་བརྟེན་པའོ།། མེ་ལིང་ལྟ་བུའི་ཡེ་ཤེས་དེ་ལ་སྟེ། དེ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ།། འདི་ནི་དེར་བརྟེན་པ་ཡང་ཡིན་ལ་ཏིང་འཛིན་ཡང་ཡིན་པས་ཤས་ཚིག་རྣམ་པར་སྦྱར་རོ།། ་ཡང་ན་ཡེ་ཤེས་ཏིང་ངེ་འཛིན་དེ་ལ་བརྟེན་པ་སྟེ། དེའི་མཇུག་ཐོགསུ་རྣམ་པར་གྲོལ་བའི་ལམ་ཆེས་རྣམ་པོར་དག་པ་སྐྱེ་བའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་ཁྱད་པར་དེ་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། དེའི་སྟོབས་ཀྱིས་སྒྲིབ་པ་སྤོང ་པའི་ཕྱིར།། དེ་ཡོངསུ་གཟུང་བར་འམ་ངེས་ཡེ་ཤེས་ཏེ། ཡོངསུ་བཟུང་བ་སྟེ། དེའི་མཇུག་ཐོག་སུ་སྐྱེ་བའི་ཕྱིར།། དེའི་སྟོབས་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཤིན་ཏུ་ཡོངསུ་དག་པ། རྣམ་པར་རྟོག་པར་འགྱུར་བའི་ངོ་བོ ་རྣམ་པར་མི་རྟོག་པ་འབྱུང་།། གསལ་བ་ནི་ངོ་བོ་ཉིད་ཀྱིསོ།། རྣམ་པར་དང་བུ་ནི་ཉོན་མོངས་པའི་སྒྲིབ་པ་མེད་པའི་ཕྱིར་རོ།། རྙོག་པ་མྱེད་པ་ནི་ཤེས་བྱའི་སྒྲིབ་བྱ་ལྔས་དབེན་པའི་ཕྱིར།། ལམ་མེ་པ་ནི་གསྩལ་བའི་ཕྱིར་ཏེ། ངོ་བོ་ཉིད་ཀྱིས ་ཡོངསུ་དག་པའི་ཕྱིར།། ཐལ་ལེ་ལྷུང་ངེ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར་ཏེ། གོ་རིམ་བཞིན་ནོ།། མེ་ལོང་གི་དཀྱིལ་འཁོར་གདོང་གི་སྐྱོན་དང་། ཡོན་ཏན་ཀུན་བསྟན་པའི་ཕྱིར་ལེགས་པར་ཕྱིས་པ་ནི་སྣང ་བའི་ཕྱིར་ལམ་མེ་ཞེས་བྱར་རུང་ན། དི་གོ་མི་སྣང་བ་ཡིན་ན་ཇི་ལྟར་ཤིན་ཏུ་སྦྱངས་པྲ་ལམ་མེ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་བསྒྲུབ་པའི་ཕྱིར་ཏེ། དེ་མི་སྣང་དུ་ཟིན་ཀྱང་དེའི་དབང་གིས་འབྱུང་བ་སྤྲུལ ་པའི་སྐུས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་སྒྲུབ་པས་དེ་སྣང་བའི་ཕྱིར་ཏེ། དེས་ན་འབྲས་བུའི་སྒོ་ནས་དེ་ལ་ལམ་ཐལ་ལ་ལྷུང་དེའོ།། མེ་ལོང་གི་དཀྱིལ་འཁོར་ཡང་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བའི་རྒྱུ་མ་ཚན ་གྱིས་དངོས་པོར་འགྱུར་བ་ཁོ་ནའི་ཕྱིར་ཏེ། དེ་སྐད་དུ་ཐ་སྙད་གདགས་ཀྱི་གཞན་དུ་ནི་མ་ཡིན་ནོ།། གལ་ཏེ་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་ན། དེའི་རྣམ་པ་ཐ་དད་པར་ཡང་ཇི་ལྟར་མི་འགྱུར་རྒྱུ་མཚན་རྟག་ཏུ་ཉེ་བའི་ཕྱིར་དེ ་ལ་རག་ལུས་ཏེ། སྐྱེ་བའི་ཤེས་པའི་གཟུགས་བརྙན་རྣམས་སྲོག་ཆགས་ཐམས་ཅད་ལ་གཅིག་ཅར་དང་རྟག་ཏུ་སྐྱེ་བར་ཐལ་བར་ཡང་ཇི་ལྟར་མི་འགྱུར་ཞེ་ན། འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་ཀྱི་རྐྱེན ་ལ་བལྟོས་ནས་གཐུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་དུ་འགྱུར། ཡང་གཟུགས་བརྙན་ཐ་དད་པས་དེའི་རྣམ་པར་ཐ་དད་པར་ཡང་མི་འགྱུར་ལ་གཟུགས་བརྙན་རྟག་ཏུ་འབྱུང་བར་ཡང་མི་བྱེད་དེ་གཟུགས་ཀྱི་རྐྱེན་ལ ་བལྟོས་པའི་ཕྱིར་རོ།། དེ་བཞིན་དུ་མི་ལོང་ལྟ་བུའི་ཡེ་ཤེས་ཀྱང་སེམས་ཅན་གྱི་དུས་ཀྱི་རྐྱེན་ལ་བལྟོས་ནས་ཤེས་བྱའི་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་དུ་འགྱུར་ཡང་སྔོན་པོ་ལ་སོགས་པ་བཞིན་དུ་ཐ ་ད་པར་མི་འགྱུར་བའི་ཕྱིར། དེ་ཐ་དད་པས་རྣམ་པ་ཐ་དད་པར་སྣང་མི་འགྱུར་ལ། སེམས་ཅན་རྣམས་ཀྱི་ཤེས་པ་སྐྱེ་བའི་དུས་ཀྱི་རྐྱེན་ལི་བལློ་སྨྲ་པའི་ཕྱིར་ཐཱམ་ས་ཅད་ལ་ཤེས་པའི་གཟུགས་བརྙན་གཅིག་ནཨཱརྱཱ་དང་རྟག ་ཏུ་སྐྱེད་པར་ཡང་མི་བྱེད་དོ།། གལ་ཏེ་ཤེས་པ་དེ་དག་ཡོད་ན་ནི་ཇི་ལྟར་ན་དེ་ལ་བརྟེན་ཏེ་སྐྱེ། འོན་ཏེ་མེད་ན་ནི་ཤེས་པ་མེད་སྐྱེ་བའི་རྒྱུ་མཚན་གྱིས་ཡེ་ཤེས་ཇི་ལྟར་རྩོལ་བ་མེད་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ ་མེད་པའི་སྐྱེ་བའི་རྒྱུ་མཚན་རྫ་མཁན་ལ་སོགས་པའི་ཤེས་པ་རྩོལ་པ་ཉིད་ནི་མ་མཐོང་ངོ་ཞེ་ན། དཔེར་ན་མེ་ལོང་གི་དཀྱིལ་འཁོར་རྒྱུ་མཚན་དུ་གྱུར་པ་ལ་རྣམ་པ་དུ་མ་ཞེས་བྱ་བ་ནི་རྣམ་པ་དུ་མ་ཉིད་ཡིན་པའོ།། རྣམ་པ་སྣ ་ཚོགས་ཞེས་བྱ་བ་ནི་རིགས་ཐུ་དད་པ་སྟེ། རིགས་མཐུན་པ་ལས་བལྟོས་པའི་ཕྱིརརོ།། མང་ངོ་ཞེས་བྱ་བ་ནི་གྲངས་ཕལ་ཆེ་བས་སོ།། གཅིག་ཉིད་རྣམ་པར་བཅད་ནས་རྣམ་པ་དུ་མ་ཞེས་བྱ་བ་སྨོས་ལ་རིགས་ཐ་དད། ་པ་དང་། ཕལ་ཆེ་བ་ལ་བལྟོས་ནས་རྣམ་པ་སྣ་ཚོགས་མང་པོ་ཞེས་བྱ་བ་སྨོསོ།། གཟུགས་བརྙན་སྐྱེ་བ་དེ་ལ་མེ་ལོང་གི་དཀྱིལ་འཁོར་དེ་རྩོལ་བ་སྟེ། རྣམ་པར་རྟོག་པ་ཡང་མདོ།། དེ་བཞིན་དུ་མེ་ལོང་ལ་བའི་ཡེ་ཤེས་རྒྱུ་མཚན ་དུ་གྱུར་པ་ལ་རྣམ་པ་དུ་མ་ཞེས་བྱ་བ་ལ་སོགས་པ་ནི་རིགས་མཐུན་པ་དང་། རིགས་མི་མཐུན་པ་དང་། གྲངས་ཕལ་ཆེ་བ་ལ་བལྟོས་ནས་ཏེ། དེ་ལ་མེད་པ་ཁོ་ནའི་ཤེས་པའི་གཟུགས་བརྙན་རྣམས་འབྱུང་ཡང་། དེ་རྩོལ་བ ་སྟེ། རྣམ་པར་རྟོག་པ་ཡང་མདོ།། འདི་སྐད་དུ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པར་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་ཡིན་པ་དེ་བཞིན་དུ་མ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ངར་འཛིན་པ ་པཱ་དང་སྣང་ཡིར་འཛིན་པ་དང་། གཟུང་བ་དང་འཛིན་པའི་རྩོལ་བ་མངོན་པར་འདུ་བྱེད་པའི་རྣམ་པར་རྟོག་པ་མེད་པར་ཤེས་པའི་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུ་མཚན་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། གལ་ཏེ ་ཤེས་པའི་གཟུགས་བརྙན་རྣམས་དང་འབྲེལ་ན་དེའི་ཕྱིར་དེ་དག་ཐ་དད་ན་དེ་ཇི་ལྟར་ཐ་དད་པ་མ་ཡིན། འོན་ཏེ་མ་འབྲེལ་ན་ནི་ཇི་ལྟར་ན་ནི་རྒྱུ་མཚན་གྱི་དངོས་པོ་ཡིན་ཏེ། འབྲས་བུ་དང་མ་འབྲེལ་བའི་ས་བོན་ལ་སོགས ་པ་མྱུ་གུ་ལ་སོགས་པའི་རྒྱུ་མཚན་གྱི་དངོས་པོ་ཡིན་པ་ཡང་མི་མཐོང་ལ་རྡོ་ཐལ་ལ་སོགས་པ་དང་མི་ལྡན་པའི་ཉི་མའི་འོད་ཟེར་རྣམས་ཀྱང་དེ་དག་བསྔལ་པ་ཐབས་ཀྱི་དངོས་པོར་མི་འགྱུར་རོ་ཞེ་ན། དཔེར་ན་མེ་ལོང་གི ་དཀྱིལ་འཁོར་གཟུགས་པརྙན་འབྱུང་བའི་རྒྱུ་མཚན་ཡིན་ཡང་དེ་དག་འབྱུང་བའི་སྔོན་རོལ་ན་མེད་པ་ཉིད་ཀྱིས་མི་ཉེ་བའི་ཕྱིར་དེ་དག་དྲང་ལྡན་པ་ཡང་མ་ཡིན་ཏེ། ཉེ་བྱ་དང་མི་ཉེས་པ་གཉིས་ལྡན་པ་མེད་པའི་ཕྱིར་རོ།། མི ་ཉེ་བ་ཡང་མ་ཡིན་ཏེ། དེ་དག་འབྱུང་བའི་རྒྱུ་མཚན་གྱི་དངོས་པོ་ཡིན་པའི་ཕྱིར། དེ་ཡོད་ན་དེ་དག་ཡོད་པ་གང་ཡིན་པ་དེ་ཉིད་འབྲེལ་པ་ཡིན་ཏེ། དེ་དག་གི་རྒྱུ་མཚན་གྱི་དངོས་པོར་གྱུར་པས་དེ་ཐ་དད་པ་ཡང་མ་ཡིན།། དེ་བཞིན ་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་ཡང་། དེ་དག་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡ་དྭ་མ་ཡིན་ཏེ། དེ་དག་དང་མི་ཉེ་བུ་དག་དང་བསྙེལ་པ་མི་མངའ་བའི་ཆོས་ཉིད ་ཀྱི་ཕྱིརརོ།། དེ་དག་འབྱུང་བའི་སྔོན་རོལ་ནུ་མེད་པ་ཉིད་ཀྱིས་མི་ཉེ་བའི་ཕྱིར་ལྡན་པ་ཡང་མ་ཡིན་ལ། བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་ཕྱིར་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ཡོད་ན་དེ་དག་གིས་ཤེས་པའི་གཟུགས་བརྙན ་རྣམས་འབྱུང་བ་མེད་ན་མི་འབྱུང་བའི་ཕྱིར།། བསྙེལ་བ་ནི་འཇིག་པ་སྟེ་མེད་པ་ཉིད་དོ།། བསྙེལ་བ་མི་མངའ་བ་ནི་ཡོད་པ་ཉིད་དོ།། ཡང་ན་དམིགས་པ་མ་བརྗེད་པ་ནི་བསྙེལ་བ་མི་མངའ་བའོ།། འདི་ལྟར་ཤེས་བྱའི ་མཐའ་དག་རང་གི་ངོ་བོ་བཞིན་པ་དྲི་ལ་རབ་ཏུ་བསལ་ཏེ་སྲོག་ཆགས་ཐམས་ཅད་ཀྱི་དུས་གསུམ་པའི་ཤེས་པ་ཡང་དེས་ཐུགསུ་མ་ཆུད་པར་མི་སྐྱེའི། ཐུགསུ་ཆུད་པ་ཁོ་ནས་སྐྱེའོ།། དེའི་ཕྱིར་ཤེས་བྱ་མཐའ ་དགྲ་བསྙེལ་བ་མི་མངའ་བའི་ངོ་བོ་ཡིན་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ།། དེ་དག་འབྱུང་བའི་རྒྱུ་མཚན་གྱི་དངོས་པོར་གྱུར་པས་ཐ་དད་པར་འགྱུར་བ་ཡང་མ་ཡིན་ཏེ། མེ་ལོང་ལྟ་བུ་ཁོ་ན་རཱི་ཐ་དད་བུ་མེད་པར་འབྱུང ་བའི་ཕྱིར་རོ།། འདི་སྐད་དུ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་གཟུགས་བརྙན་རྣམས་དང་ལྡན་པ་དང་མི་ལྡན་པའི་བྱེ་བྲག་གིས་འདུས་ཏེ་རེག་བྲེས་དབེན་ཡང་དེ་དག་འབྱུང་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་པ་དེ ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་དེ་གཉིས་ཀའི་ངོ་བོའི་བྱེ་བྲག་གིས་འདུས་ཏེ་རེག་པས་དབེན་ཡང་ཤེས་པའི་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་ཞེ་ས་བཤད་པ་ཡིནོ།། ས་བོན་ལ་སོགས ་པ་ཡང་འབྲས་བུ་དང་གཉིས་ཀར་བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོ་དག་སྟེ་འབྲས་བུ་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོར་འགྱུར་ལ། སྣང་བའི་ཡན་ལག་ཀྱང་གཟུགས་ལ་སོགས་པ་དང་ལྡན་པ་ཡང་མ་ཡིན་ཏེ། དེ་ཉེ་བར་ལས ་གཟུགས་ལ་སོགས་པའི་རྣམ་པ་ཤེས་པའི་བློ་དག་རབ་ཏུ་སྐྱེའོ།། དེ་ལྟ་བས་ན་ཐམས་ཅད་དུ་ཡང་གཉི་གའི་ངོ་བོའི་འདུས་ཏེ་རེག་པས་དབེན་པར་རྒྱུ་མཚན་གྱི་དངོས་པོར་མཐོང་གི་རྒྱུ་དང་འབྲས་བུ་དག་ཕྲད་པའི་མཚན་ཉིད ་ཀྱི་ལྡན་པ་ནི་མེ་ངོས་ཐམས་ཅད་ནས་ལེགས་པར་ཕྱིས་པ་ནི་གདོང་ཡང་དག་པར་བསྟན་པའི་ཕྱིས་སྒྲུབ་པའི་ཐབས་ཀྱིས་ངོས་ཐམས་ཅད་ནས་ལེགས་པར་ཕྱིས་པའོ།། ཀུན་ནས་གཟུགས་བརྙན་འབྱུང་བའི་རྒྱུ ་མཚན་དུ་འགྱུར་ཞེས་བྱ་བ་འདིའི་རྣམ་པར་དབྱེ་བ་ནི་མདུན་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རྣམ་པ་ཡོངསུ་མ་ཆད་ཅིང་ཚད་མེད་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་རྣམ་པ་ཡོངས་སུ་ཆུད་པ་ནི་ཡུལ་གྱི་སྐེ་ནས ་ཡོངས་ཚ་པ་མེད་པའི་ཕྱིརརོ།། རྣམ་པ་ཚད་མེད་པའི་དུས་ཀྱི་སྒོ་ནས་ཏེ། ཐམས་ཅད་དུ་དང་རྟག་ཏུ་དྲི་མའི་རྙོག་པ་ཐམས་ཅད་ལས་དབེན་པའི་ཡེ་ཤོས་འབྱུང་བའི་ཕྱི་།། ཤིན་ཏུ་སྦྱངས་པ་ནི་ཇི་སྐ་ད་བཤད་པའི་ཏིང་དེ ་འཛིན་གྱི་ཁྱད་པར་གྱིས་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར།། ངེས་པའི་རིགས་ཅན་རྣམས་ནི་རང་གི་ཐེག་པས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ལ། མ་ངེས་པའི་རིགས་ཅན་རྣམས་ནི་ཐེག་པ་ཆེན་པོ་འམ། གཅིག ་ཤོས་ཀྱིས་ཡོངསུ་མྱ་ངན་ལས་འདའ་བའི་ཕྱིར་ཏེ། མངོན་སུམ་དང་བརྒྱུད་ནས་རང་གི་དགེ་བའི་རྩ་བ་ཡོངསུ་སྨིན་པའི་ཁྱད་པར་གྱིས་འབྱུང་བའི་ལམ་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོར་འགྱུརརོ།། ཀུན་ནས་ཞེས་བྱ་བ་ནི ་ཏིང་འཛིན་ཐམས་ཅད་ཀྱིས་ཤིན་ཏུ་སྦྱངས་པའོ།། ཡང་ན་ཕྱོགས་ཐམས་ཅད་ན་སྟེ། དེ་ལ་ཕྱོགས་གང་གིས་ཤེས་པའི་གཟུགས་བརྙན་སྐྱེ་བའི་རྒྱུ་མཚོན་གྱི་དངོས་པོར་མི་འགྱུར་བའི་ཕྱོགས་འགའ་ཡང་མེད་པའོ།། ་འོ་ན་ནི་མེ་ལོང་ལྟ་བུ་ཁོ་ནར་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར། ཚད་ཡོངསུ་ཆད་པར་ཐལ་བར་འགྱུརརོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དཔེར་ནཱ་མེ་ལོངས་ལ་སོགས་པའི་གཟུགས་བརྙན་འབྱུང་བའི་རྒྱུ ་མཚན་གྱི་དངོས་པོ་ཡིན་ཡང་མེ་ལོང་ཆུ་ངུ་ལ་ཡང་རི་ལ་སོགས་པའི་གཟུགས་བརྙན་ཆེན་པོ་དང་མང་པོ་དག་དམིགས་པས། དེ་དག་གིས་ཚད་ཀྱང་མེད་ལ་མི་ལོང་གི་དཀྱིལ་འཁོར་ཡང་། གྲངས་ཀྱི་ཚད་དམ་ལུས་ཀྱི་ཚད་དེ ་དག་ཚད་དུ་མི་འགྱུར་རོ།། དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཟུགས་བརྙན་ཐམས་ཅད་སྐྱེ་བའི་རྒྱུ་མཚན་གྱི་དངོས་པོ་ཡིན་ཡང་ཡུལ་གྱི་སྒོ་ནས་སམ། གྲངས་ཀྱི་སྒོ་ནས་ཚད ་པ་འགའ་ཡང་མེད་ལུས་ཚད་མེད་པའི་ཕྱིར་དང་། རྒྱུ་མཚན་ལས་བྱུང་བའི་གྲངས་ཀྱི་བྱེ་བྲག་ཏུ་མི་འགྱུར་བའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཤེས་པའི་འབྱུང་གནསུ་གྱུར་པས་སངས་རྒྱས ་རྣམས་ནི་ཤེས་པའི་འབྱུང་གནས་ཆེན་པོ་ཞེས་བྱ་སྟེ། ཇི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་པའི་རྣམ་པ་ཐམས་ཅད་ཀྱི་གནས་ཀྱི་ཡེ་ཤེས་དང་ལྡན་པའི་ཕྱིར་ཤེས་པའི་འབྱུང་གནས་ཆེན་པོ་ཞེས ་གསུངས་པ་ལྟ་བུའོ།། གལ་ཏེ་དེ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་ན་དེ་སྐྱེ་བའི་རྒྱུ་མཚན་ཉེ་བའི་ཕྱིར་མུ་སྟེགས་ཅན་རྣམས་ལ་ཡང་དག་པའི་ཤེས་པ་ཇི་ལྟར་མི ་སྐྱེ་དེའི་ཕྱིར་དེ་དག་ལ་ཕྱིན་ཅི་ལོག་མེད་པར་ཐལ་བར་འགྱུརརོ་ཞེ་ན་མ་ཡིན་ཏེ། དེའི་རྒྱུ་མཚན་མ་ཡིན་པའི་ཕྱིརརོ།། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་རྩིག་པ་ལ་སོགས་པ་གཟུགས་གཞན་གྱིས་བསྒྲིབས་པའི་གཟུག ་རྣམས་ལ་གཟུགས་བརྙན་འབྱུང་བའི་རྒྱུ་མཚན་དུ་མི་འགྱུརརོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་སེམས་ཅན་གྲོགས་པོ་ངན་པས་ཡོངསུ་ཟིན་པ་དམ་པ་མ་ཡིན་པའི་ཆོས ་ཉེན་པས་བསྒྲིབས་པ་དག་ལ་དམ་པའི་ཆོས་ཉན་པའི་སྣོད་མ་ཡིན་པའི་ཕྱིར་ཤེས་པ་འམ། གཟུགས་བརྙན་འབྱུང་བའི་རྒྱུ་མཚན་དུ་མི་འགྱུར་རོ།། དེའི་ཕྱིར་མུ་སྟེགས་ཅན་རྣམས་ལ་འཕགས་པའི་ལམ་མི་སྐྱེ་བས་ཕྱིན ་ཅི་ལོག་རྣམས་འབྱུང་ངོ་།། དཔེར་ན་ཕྱི་རོལ་གྱི་རྐྱེན་གྱིས་བསྒྲིབྱས་པ་དག་ནི་མི་འབྱུང་བ་ལྟར་ནང་གི་མ་རིག་པའི་མུན་པས་བསྒྲིབས་པ་དག་ལ་ཡང་དེ་དང་འདྲའོ།། དེ་བཞིན་དུ་རྐྱེན་གཉིས་ཀའི་སྟོབས་ཀྱིས་དམ་པའི ་ཆོས་སྤོང་བའི་ལམ་གང་ཡིན་པ་དེ་ནི་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་པའི་ལས་ཡིན་ནོ།། དེས་བསྒྲིབས་ན་ཡུན་རིང་པོར་ཡང་དམ་པའི་ཆོས་མཉན་པ་མི་རྙེད་དེ་དེས་བསྒྲིབསྣ་པ་དེ་ཉིད་ཕོངས་པ་ཡིན་ནོ།། ། ་ཇི་ལྟར་ན་དེའི་འབྲས་བུ་དམ་པའི་ཆོས་མཉན་པ་མེད་པ་ཡིན། མཉན་པ་མེད་པ་ནི་བརྗོད་པར་བྱ་བ་མེད་པའི་ཕྱིར་རོ་ཞེ་ན། དེ་ཉིད་འབྲས་བུ་ཡིན་ནོ་ཞེས་ནི་མི་ཟེར་རོ།། འོན་ཀྱང་དམ་པའི་ཆོས་མཉན་མི་ནུས་པའི ་ལུས་ཐོབ་སྟེ་དབང་པོ་མ་ཚང་བ་ལ་སོགས་པ་ཡིན།། འདོད་པ་ཅན་མ་ཡིན་པཱ་དྲུག་ནཱི་ཡོང་སུ་མྱ་ཏཱན་ལས་མི་འདའ་བུའི་ཆོས་ཅན་ས་བོན་མེད་པ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་རྒྱུད་ཡོངསུ་མ་དག་པའི་ཕྱིར། དུས་རེ་ཞིག་བྱ ་གཏན་དུ་སྣོད་མ་ཡིན་པ་དག་གོ།། དཔེར་ན་འདམ་རྫབ་ལ་སོགས་པས་རྙོག་པར་བྱས་པའི་ཆུའི་སྣོད་ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་མི་འབྱུང་བ་དེ་བཞིན་དུ་ཡེ་ཤེས་དེ་ཡང་དེ་དེ་ག་ལ་ཤེས་པ་སྐྱེ་བོའི་རྒྱུ་མཚན་དུ་མི ་འགྱུར།། འདིས་ནི་དེ་མ་ཡིན་པའི་ཤེས་པ་དག་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཁྱད་པར་རྣམ་པ་བརྒྱད་བཤད་དེ། ངེས་པའི་ཚིག་དང་། རྣམ་པར་མི་རྟོག་པ་དང་། སྒྲིབ་པ་རྣམ་པར་དྲག་པ་དང་། ཤེས་པའི་གཟུགས་བརྙན་འབྱུང ་བའི་རྒྱུ་མཚན་དང་། ངའི་ཡོངས་སུ་འཛིན་པ་མེད་པ་དང་ཤེས་བྱ་ཐུད་བསྙེལ་བྱ་མི་མངའ་བ་དང་། ཐམས་ཅད་དུ་རྟག་ཏུ་འབྱུང་བ་དང་། ཤེས་པ་ཐམས་ཅད་ཀྱི་འབྱུང་གནས་དང་། སྨོད་མ་ཡིན་པ་དག་ལ་འབྱུང་བའི་རྒྱུ་མཚན་གྱི་དངོས་པོ ་མ་ཡིན་པའོ།། སྣོད་མ་ཡིན་པ་དེ་དག་ཀྱང་གསུམ་ཡིན་ཏེ། མི་དགེ་བའི་གྲོགས་པོ་དང་ཕྲད་པས་དམ་པ་མ་ཡིན་པའི་ཆོས་མཉན་པས་བསྒྲིབས་པས་དུས་དེ་དག་དུ་སྣོད་མ་ཡིན་པའི་ཕྱིར་དང་། གླང་དག་ཉོན་མི་ངེས་པའི་སྒྲིབ་པས ་བསྒྲིབས་པ་རྣམས་དང་། གང་དག་ལས་ཀྱི་སྒྲིབ་པ་མི་བཟད་པས་བསྒྲིབས་པ་རྣམས་དང་། ས་བོན་མེད་པ་རྣམས་ཡུན་རིང་པོ་དང་དུས་ཐམས་ཅད་དུ་སྣོད་མ་ཡི་ནི་པའི་ཕྱིར།། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ས་བཅུ་པསྒོམས ་པའི་འབྲས་བུ་ཡིན་པའི་ཕྱིར་ཡོངསུ་གྲུབ་པ་རྣམ་པ་བཅུ་ལས་རིག་པར་བྱའོ།། མཚན་རྣམས་ཀྱི་མཉམ་པ་ཉིད་ནི་སྐྱེས་བུ་ཆེན་པོའི་མཚན་ཐམས་ཅད་ཀུན་བརྟགས་པའི་མཚན་ཉིད་ཀྱིས་དབེན་པར་མཉམ་པར་སྐྱེས་བུ་ཆེན་པོའི ་མཚན་གང་དག་ཡིན་པ་དེ་དག་མཚན་མེད་པར་དེ་བཞིན་གཤེགས་པས་བསྟན་ཏེ། དེས་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་ཤེས་བྱའོ་ཞེས་འབྱུང་བའི་ཕྱིརརོ།། བདག་པོ་ནི་དབང་ཕྱུག་སྟེ། གཟུགས་ལ་སོགས་པའི ་ཕུང་པོ་རྣམས་ནི་སོ་སོར་དབང་ཕྱུག་མ་ཡིན་པའི་ཕྱིར་ལ་ཆོས་རྣམས་ནི་རང་བཞིན་མི་འདོར་བརྫིས་དེ་དག་འདུས་པ་ཡང་དེའི་བདག་ཉིད་དུ་མི་འཐད་པའི་ཕྱིར་རོ།། དེ་དག་ལ་མ་གཏོགས་པའི་གང་ཟག་གི་རྫས་ཀྱང་མེད ་པས་དེའི་ཕྱིར་ཀུན་བརྟགས་པའི་བདག་པོས་བདེན་པ་ཐམས་ཅད་ཀྱི་བདག་པོ་མཉམ་པ་ཉིད་དེ། ཇི་སྐད་དུ་བཅོམ་ལྡན་འདས་དེ་ལ་བདག་ནི་ཕྱུག་པ་འམ་དབུལ་བ་གང་ཡང་མ་མཆི་སོ་སྙམ་བགྱིད་དོ།། ཞེས་གསུངས་པ ་ལྟ་བུའོ།། དགའ་བ་ནི་ཡིད་བདེ་བ་སྟེ། དེའི་གནས་ཀྱི་ཆོས་རྣམས་ལ་ནི་ཀུན་ཏུ་རྟོག་པའི་དབང་གིས་དགའ་བ་སྐྱེའི།། དེ་ལས་བཟློག་པ་དག་ལ་ནི་ཡིད་མི་བདེ་བ་སྐྱེའོ།། དེ་དག་མེད་པས་སེམས་ཅན་ཐམས་ཅད་ལ་ཀུན ་བརྟགས་པའི་དགའ་བ་དང་བྲལ་བའི་ཕྱིར་དགའ་བ་མཉམ་པ་ཉིད་དོ།། མཚན་དང་བདག་པོ་དང་དགའ་བ་མཉམ་པ་ཉི་དེ། ཁོང་དུ་ཆུད་པ་ནི་རྟོགས་པ་སྟེ། བྱང་ཆུབ་སེམས་དཔའི་ས་དང་པོ་ཁོ་ན་ལ་དེ་ཁོང་དུ་ཆུད་དོ།། ས་གོང་མ་གོང ་མ་བསྒོམ་པར་ཁྱད་ཞུགས་པའི་ཚུལ་གྱིས་མཐའ་སངས་རྒྱས་ཀྱི་སཱ་ལ་ཕུལ་དུ་ཕྱིན་པ་བརྙེས་ཏེ། དེ་ལས་ལྷག་པ་ཡོངསུ་གྲུབ་པ་ནི་མེད་པས་ཡོངསུ་གྲུབ་པ་ངེས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངསུ་གྲུབ་པར ་རིག་པར་བྱའོ།། ཡོངསུ་གྲུབ་པ་ལས་ནི་ཡོངསུ་གྲུབ་པས་ཏེ་ཐམས་ཅད་དུ་གསུམ་པའི་གནསུ་ལྡོ་པར་བྱས་པ་ཡིན་ནོ།། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྣམ་པ་གཉིས་ཏེ་ནང་གྲི་དང་ཕྱིའོ།། ནང་གི་ནི་མ་རིག་པ་ལ་སོགས་པ་ཡན ་ལྷག་བཅུ་གཉིས།། ཕྱིའི་ནི་འདི་ཡོད་ན་འདི་འབྱུང་འདི་མི་འབྱུང་ངོ་ཞེས་བྱ་བ་རྒྱུ་ཡོད་ན་འབྲས་བུ་འབྱུང་བ་སྟེ། འདི་ལྟ་སྟེ་ས་བོན་ཡོད་ན་མྱུ་གུ་འབྱུང་ཞེས་བྱ་བ་ལ་སོགས་པ་ཡིནོ།། ནང་གི་ནི་ལུགས་དང་མཐུན་པ་དང་། ལུགས ་མི་མཐུན་པའི་རྣམ་པོར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཡན་ལག་རྣམས་ལ་ཉེ་བར་བརྟགས་ཏེ་བསྒོམ་ལ་ཕྱིའི་ཡང་རྒྱུ་ཡོད་ན་འབྲས་བུ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་བསྒོམས་ཏེ། རྟེན་ཅིང་འབྲེལ ་པར་འབྱུང་བ་ཐམས་ཅད་ལ་ཡང་གང་གི་ཚེ་གཡོ་བ་མེད་པའི་དོན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དང་། སྟོང་པའི་དོན་དང་། གང་ཟག་མེད་པའི་དོན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་མཐོང་བ་དེའི་ཚེ་འདི་དེའི་ངོ་བོར་ཉམ་སུ ་མྱོང་བ་ཡིན་ཏེ། མྱོང་བ་ཡིན་པའི་ཕྱིར་རོ།། དེ་མཉམ་པ་ཉིད་ནི་གཡོ་བ་མེད་པ་ཉིད་དང་གང་ཟག་མེད་དང་། སྟོང་པ་ཉིད་དང་བདག་མེད་པ་ཉིད་དང་། ཀུན་བརྟགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བས་དབེན་པ་ཉིད་དེ། ཆོས་ཐམས ་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དེ་ལྟ་བུར་ཁོང་དུ་ཆུད་པའོ།། ཡོངསུ་གྲུབ་པ་ལས་ནི་སྔ་མ་བཞིན་ཏེ། ཇི་སྐད་དུ་ཚངས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། རྟེན་ཅིང་འབྲེལ་བར་འབྱུང་བ་ཁོང་དུ་ཆུད ་པ་ནི་བྱང་ཆུབ་སྟེ། ཚངས་པ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟ་བུར་གཟིགས་པ་ལྟར་ཆོས་རྣམས་ནི་དེ་ལྟ་བུ་ཁོ་ན་ཡིན་ནོ་ཞེས་གསུངས་པ་ལྟ་བུ་དང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས ་ཉིད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲར་བཏགས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་གཏོགས་པའི་ཆོས་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་ཡང་དག་པར་རྗེསུ་མ་མཐོང་ཞེས་གསུངས་པ་ལྟ་བུའོ།། དེ་ཉིད་ལས་དགོངས ་ནས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བས་སངས་རྒྱས་མཐོང་ངོ་ཞེས་གསུངསོ།། དོན་དམ་པའི་ཆོས་དང་དོན་དམ་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ། དེ་ནི་ཐམས་ཅད་དུ་ཐ་དད ་པཱཔ་མེད་དོ།། གཟུགས་ལ་སོགས་པའི་མཚན་ཉིད་གཟུགསསུ་རུང་བས་ནི་གཟུགསོ་ཞེས་བྱ་བ་ལ་སོགས་པ་མཚན་ཉིད་དབེན་པར་མཚན་ཉིད་དབེན་པར་གྱུར་ཅིང་མ་འབྲེལ་པར་ཉེ་བར་བཞག་པ་གང་ཡིན་པ་དེ་ནི་དེ་དག་གི ་སྤྱིའི་མཚན་ཉིད་ཡིན་གྱི། དེ་ལ་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ནི་མ་ཡིན་ནོ།། དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་དང་མི་མཐུན་ཞིང་མཚན་ཉིད་དང་མི་འདྲ་བར་དག་ཡིནོ།། ཡང་དེ་དག་གིས་མཚན་ཉིད ་གང་ཡིན་ཞེ་ན། མཚན་ཉིད་མྱེད་པ་ཉིད་མཚན་ཉིད་ཡིན་ཏེ། ཆོས་ཐམས་ཅད་ནི་མཚན་ཉིད་མེད་པར་མཚན་པར་མ་ཉིད་གཅིག་གོ་ཞེས་འབྱུང་བའི་ཕྱིར་རོ།། ཆོས་ཐམས་ཅད་ཀུན་བརྟགས་པའི་མཚན ་ཀྱིས་དབེན་པར་མཉམ་པར་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་སོ།། བྱམས་པ་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ།། དེ་ལ་བྱང་ཆུབ་སེམས ་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་རྣམས་ལ་དམིགས་པ་སྟེ། ཀུན་རྫོབ་ཏུ་ཡོད་པའི་ཡུལ་ཅན་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ ་རྣམས་ཀྱིས་ནི་ཆོས་ལ་དམིགས་པ་སྟེ། ཐེག་པ་ཆེན་པོ་བསྟན་པའི་ཆོས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཁོ་ནའོ།། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིས་ནི་དམིགས་པ ་མེད་པ་སྟེ། མིག་ལ་སོགས་པ་བཞི་ན་དུ་རྣམ་པར་སྨིན་པར་གྱུར་པ། མངོན་པར་འདུ་བྱ་བ་མེད་པར་འབྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་དམིགས་པ་མེད་པ་སྟེ། ་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་ལ་མི་དམིགས་པའི་ཕྱིར་དམིགས་པ་མེད་པ་ཞེས་བྱའོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པའི་བྱམས་པ་དེ་ཉིད་སངས་རྒྱས་ཀྱི་ས་ལ་དེ ་བཞིན་གཤེགས་པ་རྣམས་ལ་རྣམ་པ་ཐམས་ཅད་ཡོངསུ་གྲུབ་ཅིང་རྟག་ཏུ་ལྡན་པ་ཡིན་ནོ།། བྱམས་པ་གཞན་གཉིས་མ་སྨོས་ཀྱང་དེ་བཞིན་གཤེགས་པ་ལ་འགྲུབ་བོ།། དེ་བཞིན་གཤེགས་པའི་བྱམས་པ་རྣམ་པ་གསུཾ ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་རྣམ་པ་ཡིན་གྱི་བདེ་བ་ཉེ་བར་སྒྲུབ་པ་ནི་རྣམ་པ་འབའ་ཞིག་ནི་མ་ཡིན་ནོ།། སེམས་ཅན་མཐུན་པ་དག་དང་མི་མཐུན་པ་དག་དང་མཐུན་པ་དང་མི་མཐུན་པ་ཐམས་ཅད་ལ ་སྙོམས་པ་དང་རྟག་ཏུ་ལྡན་པ་ཡིན་གྱི། ཉན་ཐོས་དག་གི་ལྟ་བུར་རེས་འགའ་བ་དང་། ཉི་ཚེ་བར་འབྱུང་བ་དང་ཡོངསུ་མི་སྐྱོང་བའི་རྣམ་པ་དག་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་འདི་ནི་ཉན་ཐོས་ལ་སོགས་པའི་བྱམས་པ་དག ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཆེན་པོ་ཉིད་ཡིན་པས་ཡོངསུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོའོ།། དེའི་མཉམ་པ་ཉིད་ནི་ཐམས་ཅད་དུ་ཁྱད་པར་མེད་པར་འབྱུང་བའི་ཕྱིར་ཏེ། དེའི་ཆོས་ཉིད་དོ་ཞེས་ཐ་དད་པར ་བརྗོད་དོ།། ཡང་ན་ཡོངསུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོ་དེ་ཉིད་མཉམ་པ་ཉིད་དེ། མཉམ་པ་ཉིད་དུ་དམིགས་པའི་ཕྱིར་རོ།། དེའི་མཉམ་པ་ཉིད་ཡོངསུ་གྲུབ་པ་ལས་སོ།། ཉན་ཐོས་རྣམས་ཀྱི་སྙིང་རྗེ་ནི་སེམས་ཅན ་འདོན་པའི་རྣམ་པ་མ་ཡིན་པ། འདོད་པ་ནི་སྤྱོད་པའི་སེམས་ཅན་ལ་དམིགས་པ་ཉི་ཚེ་བར་འགྱུར་བ་རེས་འགའ་བ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་ཁམས་གསུམ་པའི་སེམས་ཅན ་གྱི་ཡུལ་ཅན་ཡལ་བར་མི་འདོར་བའི་སྐུ་རྣམ་པ་སྟེ། སྡུག་བསྔལ་ཉིད་གསུམ་གྱི་ཅི་རིགས་པ་སྡུག་བསྔལ་བར་སེམས་ཅན་ཡོངསུ་བསྒྲུབ་པའི་ཕྱིར། འབྱུང་ཞིང་སེམས་ཅན་ཐམས་ཅད་ལ་ཚོང་དཔོན་ཤུ ་གཅིག་པ་ལ་བྱམས་པ་བཞིན་དུ་སྙོམས་པར་འབྱུང་བའི་ཕྱིར་ཡལ་བར་མི་འདོར་རོ།། རྟག་ཏུ་ལྡན་པ་ཡང་ཡིན་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པས་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་དུས་རྣམས་ཀྱང་རྒྱུན་མི ་འཆད་པཱ་སེམས་ཅན་ཡོངསུ་སྨིན་པརྱཱ་བྱཱ་བུའི་དུས་ལུས་མི་འདའ་བའི་ཕྱིར་རོ།། དེ་དུང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། ཇི་སྐད་དུ་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ ་ཆེན་པོ་ནི་སེམས་ཅན་རྣམས་ལ་སྐྱེའོ།། མི་འབྱུ་ངོ་ཞེས་བརྗོད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་འབྱུང་བ་ཁོ་ན་སྟེ་ཞེས་བྱ་བ་ནས་དེ་བཞིན་གཤེགས ་པས་ནི་རྩ་བ་མེད་པའི་གཞི་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན་སེམས་ཅན་འདི་དག་ཆོས་འདི་དག་ཐམས་ཅད་རྩ་བ་མེད་པ་དང་། གཞི་མེད་པས་ཁོང་དུ་མི་ཆུད་ཀྱིས་དེ་དག་ཁོང་དུ་ཆུད ་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ་ཞེས་བྱ་བའི་བར་རྒྱས་པར་གསུངས་པ་ལྟ་བུའོ།། དེས་ན་དེ་བཞིན་གཤེགས་པ་ཉིན་དུས་གསུམ་མཆེན་དུས་གསུམ་དུ ་འཇིག་རྟེན་ལ་གཟིགས་པར་མཛད་དོ།། འོ་ན་ཇི་ལྟར་རྟག་ཏུ་ལྡན་པ་ཡིན་ཞེ་ན། མཛད་པའི་རྒྱུན་མི་འཆད་པའི་ཕྱིར་བཤད་པས་འགལ་བ་མེད་དེ། དེའི་མཉམ་པ་ཉིད་ཡོངསུ་གྲུབ་པ་ལས་སོ།། སེམས་ཅན་གང་དག་དེ ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཀུན་ཏུ་བསྟན་པས་ཇི་ལྟར་མོས་པ་དེ་དག་གིས་དེ་བཞིན་གཤེགས་པ་སྤྲོས་པ་མི་མངའ་བར་ཞུགས་ཀྱང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་གིས་དེ་བཞིན་གཤེགས་པའི ་གཟུགས་ཀྱི་སྐུ་བཻ་ཌཱུརྱའི་རང་བཞིན་ལ་སོགས་པ་ལྟ་བུར་མཐོང་སྟེ། ཇི་སྐད་དུ་ལྷ་དང་མི་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་གསེར་གྱི་ཁྭ་དོག་ལྟ་བུར་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེའི་རྣམ ་པ་ཀུན་ཏུ་སྟོན་པ་མཉམ་པ་ཉིད་ཡོངསུ་གྲུབ་པ་ལས་ཏེ། ཇི་སྐད་དུ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་གཟུགས་ཀུན་ནས་སྟོན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་མདོག ་ཏུ་སྟོན་པ་ལ་ཐོགས་པ་མི་མངའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། ཚི་གཽ་གཟུང་བར་འོས་པ་ནི་གསུང་བའི་འཕྲིན་ལས་ཇི་ལྟ་བུསྭ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་པ་དང་། དགྲའ་བ་དང་། ་དང་བ་དང་། མཆོག་ཏུ་དགའ་བ་འཐོབ་པར་འགྱུར་བ་དེ་ཁོ་ན་ལྟ་བུའི་དེ་བཞིན་གཤེགས་པའི་གསུང་རང་གི་མོས་པའི་དབང་གིས་ཐོས་པ་སྟེ། དེ་བཞིན་གཤེགས་པ་ནི་སྤྲོས་པ་མི་མངའ་བའི་ངོ་ཉིད་ཡིན་པའི་ཕྱིར་རྟོག ་པར་མི་མཛད་དོ།། དེ་ལྟར་ན་ལྷ་འམ་མི་འགའ་ཡང་དེ་བཞིན་གཤེགས་པའི་བཀའ་ལས་མི་འདའ་བས་ཚིག་གཟུང་བར་འོས་པ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་བཀའ་བཞིན་དུ་འགྱུར་བ་མི་མངའ་བས་སངས། ་རྒྱུརྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱིན་ཅི་མ་ལྡོག་པ་གསུངས་པ་ཞེས་བྱ་སྟེ། དེའི་མཉམ་པ་ཉིད་ཡོངསུ་གྲུབ་པ་ལས་སྷོ།། འཇིག་རྟེན་ཞེས་བྱ་བ་ནི་ཕུང་བློ་ལྔ་པོ་དག་སྟེ་འཇིག་པའི་ཕྱིར་རོ།། དེ་ཉེ་བར་ཞི་བ་ནི་གང་གིས་དང ་གོང་དུ་སྟེ་ལཱམ་དང་མྱ་ངན་ལུས་འདས་པའོ།། དེ་གཉིས་རོ་གཅིག་པ་ནི་ཀུན་བརྟགས་པ་མེད་པའི་ཕྱིར་ཡོངསུ་གྲུབ་པའི་ངོ་བོ་ཉིད་དོ།། དེ་བས་ན་རང་བཞིན་གྱིས་ཉེ་བར་ཞི་བའི་ཕྱིར་ཏེ། དེའི་མཉམ་པ་ཉིད་ཡོངསུ་གྲུབ་པར ་ལ་སོ།། འཇིག་རྟེན་གྱི་ཆོས་ནི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་བརྒྱད་དོ།། དེ་དག་རོ་གཅིག་པས་ནི་རྙེད་པས་དྲེགས་པ་མེད་པ་དང་མ་རྙེད་པས་སྲོ་ཤྲི་བ་མེད་པ་ནུས། དེ་བཞིན་བདེ་བས་རྗེསུ་ཆགས་པ་མེད་པ་དང་། སྡུག ་བསྔལ་གྱིས་ཁོང་ཁྲོ་བ་མེད་པའི་བར་དུ་སྟེ། འཕགས་པ་རྣམས་ལ་ནི་སྟེའུ་དང་ཙན་དན་དུ་མཚུངསོ་ཞེས་འབྱུང་བའི་ཕྱིརརོ།། རྣམ་པར་བརྟགས་པའི་འཇིག་རྟེན་གྱི་ཆོས་ཀྱི་དབེན་པ་ནི་ཐམས་ཅད་དུ་རོ་གཅིག་པའི་ཕྱིརརོ།། རོ་གཅིག ་པ་དེའི་མཉམ་པ་ཉིད་ཡོངསུ་གྲུབ་པ་ལས་སོ།། ཡོན་ཏན་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པའི་ཆོས་རྣམས་སོ།། དེ་དག་གི་ས་བོན་འཇོག་པ་དང་། གསོས་འདེབས་པ་དང་། ཡོངསསུ་སྨིན་པ་དང་། རྣམ་པར་གྲོལ ་པབའི་སྒོ་ནས་བསྐྱེད་པ་སྟེ། ཡིད་བཞིན་གྱི་ནོར་བུར་ལྟར་རྣམ་པར་མི་རྟོག་ཀྱང་། དེ་བཞིན་གཤེགས་པའི་དབང་གིས་རྒྱུད་གཞན་དག་ལ་དེ་རྣམས་སྐྱེ་བུས་དེ་སྐད་ཅེས་བྱའོ།། ཤིན་ཏུ་ཞེས་བྱ་བ་སྨོས་པ་ནི་བསྐྱེད་པ་ཐེགས་པ་གསུམ ་གྱིས་ཐར་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། གཞན་ནི་མེ་སྨོས་ཀྱང་གྲུབ་པ་ཁོ་ནའོ།། དེའི་མཉམ་པ་ཉིད་ཡོངསུ་གྲུབ་པ་ལས་སོ།། སོ་སོར་རྟོག་པའི་ཡེ་ཤེས་ནི་རྒྱུའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་ཀས་བླངས་ནས་རིག་པར་བྱ ་སྟེ། རྒྱུ་རྣམ་པ་བཅུ་ནི་གནས་ཀྱི་རྒྱུ་དང་། སྐྱེ་བའི་རྒྱུ་དང་། དགའ་བའི་རྒྱུ་དང་། རབ་ཏུ་རྣམ་པར་དབྱེ་བའི་རྒྱུ་དང་། རྫོགས་པར་ལོངས་སྤྱོད་པའི་རྒྱུ་དང་། འགྲོ་བ་དང་། ཁམས་གསུམ་པ་ཡོངསུ་གཅོད་པའི་བྱེ་བྲག་གིས་ཡོངས་སུ ་གཅོད་པའི་རྒྱུ་རྣམ་པ་གཉིས་དང་། ཆོས་ཀྱི་ཚོར་ཆེན་པོ་འབེབས་པའི་རྒྱུ་དང་། ཕྱི་རོལ་བ་ངེས་པར་འཇོམས་པའི་རྒྱུ་དང་། ཐེ་ཙོམ་ཐམས་ཅད་རྣམ་པར་གནོད་པའི་རྒྱུའོ།། དེ་ལ་གནས་ཀྱི་རྒྱུ་ནི་གཟུངས་ཀྱི་སྒོ་ཐམས་ཅད ་ཡང་དག་པར་འཛིན་པའི་ཕྱིར་རོ།། གཟུངས་ནཱི་མི་ཟད་པའི་ཟླ་མ་ཏོག་ས་ལ་སོགས་པ་སྟེ། རྣམ་པ་གཅིག་དུ་ཆོས་ཐམས་ཅད་ཡང་དག་པར་འཛིན་པའི་ཕྱིར་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་སྟེ། ཚིག་དེང་དོན་གྱི་གཟུངས ་གཞན་དག་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ།། ཏིང་འཛིན་དག་ནི་དཔའ་བར་འགྲོ་བ་ལ་སོགས་པའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཐམས་ཅད་ཐིབས་ཀྱིས་གནོན་ལ། གཞན་དག་གིས་ཐིབས་ཀྱིས ་གནོན་མི་ནུས་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་དག་ཀྱང་མདོ་དང་མཐུན་པར་བརྗོད་པར་བྱའོ།། གཟུངས་དང་ཏིང་ངེ་འཛིན་དག་ཉིད་སྒོ་ཡིན་ཏེ། རྣམ ་པར་ཐར་པའི་སྒོ་བཞིན་ནོ།། ཐམས་ཅད་ཅེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ།། སོ་སོ་ཡང་དག་པར་རིག་པ་དག་ནི་ཚེས་དང་། དོན་དྲང་ངེས་པའི་ཚིག་དང་སྤོབས་པ་རྣམས་སོ།། སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་དང ་མྱི་འཇིགས་པ་ལ་སོགས་པའོ།། ཡང་ན་གཟུངས་ལ་སོགས་པ་དེ་དེ་དགྲ་ཉིད་ཡིན་ཏེ། དེ་དག་ཡང་དག་པར་འཛིན་པའི་ཕྱིར་རོ།། སྐྱེ་བའི་རྒྱུ་ནི་ཤེས་བྱ་ཐམས་ཅད་ལ་ཅིག་ཆར་རིགས་པ་རྣམ་པར་རིག་པ་སྣ ་ཚོགས་ཅན་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་ནི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ།། ཇི་ལྟར་གཟུགས་སྣ་ཚོགས་རྣམ་པར་རིག་པོ་རྣམ་པ་སྣ་ཚོགས་ཅན་སྐྱེ་བའི་རྒྱུ་མཚན་ཉིད་དུ་རྒྱུ ་སྦྱིན་པ་དེ་ལྟར་སོ་སྔོ་བའི་ཡེ་ཤེས་ཀྱང་ཤེས་ཐམས་ཅད་ལ་ཅིག་ཅར་ཁྲི་ནར་ན་མཁའ་ལྟར་ཐོགས་པ་མེད་པའི་རྣམ་པར་རིག་པ་རྣམ་པ་སྣ་ཚོགས་ལྔ་དམིགས་པའི་རྒྱུ་ཡིན་ཏེ། འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ།། ་ཇི་སྐད་དུ་སྣ་ཚོགས་ཀྱི་ངོ་བོ་དང་། གཅིག་ཤེས་ཏེ། ཤེས་བྱ་ཐ་དད་པའི་དངོས་པོ་མ་ལུས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལན་ཅིག་འབྱུང་བའི་གཟུང་བ་ཡིན་ཏེ། སྣ་ཚོགས་ཡིན་པའི་ཕྱིར་གཟུགས ་སྣ་ཚོགས་བཞིན་ནོ་ཞེས་བཤད་པ་ཡིན་ནོ།། དགའ་བའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཀྱིས་ཉམས་དགའ་བ་རྣམ་པ་སྣ་ཚོགས་པ་ནི། བྱང་ཆུབ་སེམས་དཔལ་རྣམས་ཤིན་ཏུ་རྣམ་པར་མངོན ་བར་དགའ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ལྟ་བྱང་ཆུབ་སེམས་དཔའ་རྣམས་ཀུན་ཏུ་དགའ་བས་སོ།། དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆེས་སྣ་ཚོགས་རབ་ཏུ་སྟོན་པསལམ་མེ་ཐལ ་ལྗང་དེའོ།། རབ་ཏུ་རྣམ་པར་དབྱེ་བའི་རྒྱུ་ནི་ཤིན་ཏུ་རྣམ་པར་ངེས་པའི་རྣམ་པ་སྟེ། ཆོས་དེ་དྲུག་ཇི་ལྟར་མྱ་འདྲེས་པའི་རྣམ་པར་ཕྱེ་བ་དེ་བཞིན་དུ་མ་འདྲེས་པའི་རྣམ་པར་སོ་སོར་རྟོག་པའི་ཕྱིར་རོ།། རྟོགས ་པར་ལོངས་སྤྱོད་པའི་རྒྱུ་ནི་ལོངས་སྤྱོད་རྫོགས་པའི་སྐུས་འབྱོར་པ་སྣ་ཚོགས་པ་ཀུན་ཏུ་བསྟན་པའི་སྒོ་ནས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་སོ་སོར་སྐུ་ཉམས ་སུ་བསྒྱུར་བའི་ཕྱིར་རོ།། འགྲོ་པོ་ཡོངས་སུ་གཅོད་པའི་རྒྱུ་ནི་འགྲོ་བ་ལྔ་པོ་ཡུལ་ཡིན་པའི་ཕྱིར་ཏེ། འགྲོ་བ་ལྔ་པོ་དེ་ལ་སྣང་བ་ནི་ཡུལ་ཉིད་དུ་སྣང་གི་རྟེན་ཉིད་དུ་ནི་མ་ཡིན་ནོ།། ཁམས་ཡོངས་སུ ་གཅོད་པའི་རྒྱུ་ནི་ཁམས་གསུམ་པ་ཡུལ་ཡིན་པའི་ཕྱིར། འཇིག་རྟེན་གྱི་ཁམས་ནི་སྣོད་ཀྱི་འཇིག་རྟེན་ནོ།། ཇི་རིགས་པར་འདོད་པ་ལ་སོགས་པའི་ཁམས་དང་སེམས་ཅན་གྱི་འཇིག་རྟེན ་གྱིས་བསྡུས་པ་རྣམས་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་དག་གི་རྟེན་ཡིན་ནོ།། སེམས་ཅན་གྱི་འཇིག་རྟེན་ནི་སེམས་ཅན་གྱི་ཡིན་ནོ།། ་དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ཁམས་ན་གཟུགས་མེད་པའི་ཁམས་སྣང་ངོ་།། ཁམས་གསུམ་པ་རྣམ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་དག་སྣང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡུལ་ཉིད་དུ་སྣང་བའོ།། ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ལ་བཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་མི་མངའ་ཡང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དབང་གིས་སོ་སོར་རྟོག་པའི་ཡེ་ཤེས་ལས། སེམས་དང་སེམས ་ལས་བྱུང་བའི་རྒྱུ་དང་འབྲས་བསྡུས་པ། ཁམས་དང་འགྲོ་བ་དང་སྐྱེ་གནས་འགྲུབ་པར་འགྱུར་བའི་འདུ་བྱེད་ཡོངས་སུ་སྨིན་པས་འཕངས་པ་མཐའ་ཡས་པ་སྣང་བ་འབྱུང་སྟེ། འདྲི་ལྟར་དེའི ་དབང་གིས་རྟོག་ས་པ་པོ་རྣམས་སྨོན་ལམ་གྱི་ཤེས་པ་ཡོངས་སུ་གཟུང་བས་སམ། ཤེས་པའི་ཁྱད་པར་གཞན་གྱིས་དེ་ལྟ་བུའི་རྣམ་པར་རྟོག་པ་ཉེ་བར་འགོད་དོ་ཞེས་བཤད་པ་ཡིན་ནོ།། ་ཡེ་ཤེས་དེ་ཉིད་ཉོན་མོངས་པའི་དྲི་མའི་རྙོག་པ་ཐམས་ཅད་ལས་དབེན་པ་ཡིན་ཏེ། དེས་ན་ཤེས་བྱའི་དངོས་པོ་མཐའ་དག་མེ་ལོང་ཡོངས་སུ་དག་པའི་དཀྱིལ་འཁོར་ལ་གཟུགས་བརྙན ་བཞིན་དུ་དེ་ལ་སྣང་ངོ་།། དེ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ཁྱད་པར་མེད་པ་ཡང་ཐལ་བར་མི་འགྱུར་ཏུ། དེ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ།། རྣམ་པར་མི་རྟོག་པ་ལ ་རྒྱུ་དང་འབྲས་བུ་ལ་སོགས་པ་ལ་སོ་སོར་རྟོག་པ་མི་སྲིད་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པ་ཁོ་ནར་བཤད་དོ།། ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་རྒྱུ་ནི་སངས་རྒྱས་དང ་བྱང་ཆུབ་སེམས་དཔའི་མཐུ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ནི་སྟོན་པ་གང་དག་གིས་ན་དབང་ཕྱུག་ཅེས་བྱ་བ་སྟེ།། དེ་དང ་ལྡན་པ་དེ་དང་འབྲེལ་བ་དེ་ལས་རབ་ཏུ་བྱུང་བ་དེ་དག་སྣང་ངོ་།། ཕྱིར་རྒོལ་བ་ངེས་པར་འཇོམས་པའི་རྒྱུ་ནི་ཆོས་ཀྱི་དབྱིངས་ཟབ་མོ་སྟོན་པའི་ཕྱིར་རོ།། གཞན་མུ ་སྟེགས་ཅན་རྣམས་ནཱི་ལྟེ་བྱ་ལ་གནས་པ་དག་ཡིན་ལ་སྟོང་པ་ཉིད་ནི་ལྟ་བརྱ་གྱུར་པ་ཐམས་ཅད་ལྔས་དུ་བེན་པ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་བསྟན་པའི་གཞན ་དག་གིས་ག་ཏིང་མི་དཔོགས་པའི་ཕྱིར། ཟབ་ལ་དཀྲུགས་པར་མི་ནུས་སོ།། དེ་ཉིད་ཀྱི་ཕྱིར་སྔ་མ་ལས་ཁྱད་པར་ཡོད་དོ།། ་xxx ་xxx ་xxx ་xxx ་xxx ་xxx ་ཡོངས་སུ་དཀྲུཡོངས་སུ་བསྲུངས་པ་ཡིན་ནོ།། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་པ ་བྲལ་བས་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཐམས་ཅད་ལ་ཀུན་ཏུ་རྨོངས་པམེད་པའི་ཕྱིར་རོ།། དེས་ཡོངས་སུ་བསྐོར་བ ་དེའི་དབང་གི་བྱུང་བ་དེ་ནི་ཆོས་སྣ། ཚོགས་སྟོན་པས་སྲོག་ཆགས་ཐམས་ཅད་ཀྱི་ཐེ་ཙོམ་ཐམས་ཅད་རྣམ་པར་གཅོད་པའི་ནུས་པ་ཡིན་ནོ།། བྱ་བ་སྒྲུབ ་ནསུན་དེ་ནག་ཤེགས་སྐྱེལ་བའི་ཚུལདུ་སྤྱ་ནས་ཕྱགསས། སུ་སྲས་པ་དྷ། དྷཱ་སྤྲུལ་བ་ད་ས་སྐམ ་སྐུ་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། རྫུ་འཕྲུལ་ཀུན་ཏུ་སྟོ་ན་པ་དང་། སྐྱེ་བ་ཀུན་ཏུ་སྟོན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ཀུན་ཏུ་སྟོན་པའོ།། ་འཕྲུལ་གྱེན་ཏུ་སྔོན་པ་ནི་བཟོ་ལི་སོགས་པ་ཀུན་ཏུ་སྟོན་པས་རིག་པར་བྱམ། ཚུལ་བ་ནི་སེམས་མངོན་པར་སློབ་སྟེ། དེ་ལས་བྱུང་བ་དེས་ཀུན་ནས་བསྲིང་བའི་སྐུའི་ཕྲིན་ལས་སོ།། བྱ་བ་སྒྲུབ་པར་མཛད་པའི་ཡེ་ཤེས ་བརྩོན་འགྲུས་དང་ལྡན་པ་སྟེ། དེ་ཉིད་རྩོལ་བ་ལས་བྱུང་བ་ཡིན་ནོ།། སྤྲུལ་པའི་འཕྲིན་ལས་ནཱི་སྐུ་ལྟར་སྣང་བ་ཀུན་ཏུ་སྟོན་པའི་ཕྱིར་རོ།། ལས་དང་བཟོའི་གནས་ཐམས་ཅད་ཀུན་ཏུ་སྟོན་པ་ནི་བྱང་ཆུབ་སེམས་དཔར་གྱུར་པས་རྫ་མཁན་ལ ་སོགས་པའི་གཟུགས་བསྟན་པ་གང་ཡིན་པའོ།། ཐབས་ལ་མཁས་པ་ནི་ཤེས་རབ་དང་སྙིང་རྗེ་མཉམ་དུ་འབྱུང་བའི་ལམ་མོ།། ངང་པར་མཛད་པ་ནི་ངང་པ་ཡང་དག་པར་བསྐྱེད་པའི་སྒོ་ནས་དྲང་པོར་མངོན་དུ་ཕྱོགས་པ་བསྐྱེད་པའི་ཕྱིརརོ།། ཡོངསུ་སྨིན་པར ་མཛད་པ་ནི་དགེ་བའི་རྩ་བ་རྟས་པར་མཛད་དའི་སྒོ་ནས་སེམས་ལས་སུ་རུང་བར་མཛད་པའི་ཕྱིར་རོ།། རྣམ་པར་གྲོལ་བར་མཛད་པ་ནི་ཁམས་གསུམ་པ་དང་ངན་སོང་ལས་ཏེ། དེའི་མན་ངག་གི་སྟོབས་ཀྱིས་འཕགས་པའི་ལམ་བསྐྱེད་པའི་ཕྱིར་དང་། འོད་ཟེ ་རབ་ཏུ་དགྱེས་པ་ལ་སོགས་པས་སྔོན་གྱི་དགེ་བའི་རྩ་བ་རྣམས་རྗེས་སུ་དྲན་པར་བྱས་ནས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ཏེ། བདེ་འགྲོ་ལ་འགོད་པའི་ཕྱིར་རོ།། དེ་ལྟར་ན་རྫུ་འཕྲུལ་ཀུན་ཏུ་བསྟན་པས། ཆུ་བོ་འོད་སྲུངས་ལ་སོགས་པ་དང་བ་ལ་སོགས་པ ་མཛད་པ་ཡིན་ནོ།། སྐྱེ་བ་ཀུན་ཏུ་སྟོན་པས་ནི་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཅིག་ཚར་སྐྱེ་བ་ཀུན་སྟོན་པ་ལས་རིག་པར་བྱ་བའོ།། ཡོངསུ་སྤྱོད་པའི་རྒྱུ་མཚན་ནི་ཡོངས་སུ་སྦྱོང་བར་འགྱུར་བའོ།། ཡོངསུ་སྤྱོད་པ་ནི་དབང་པོ་རྣམས་རང་གི་ཡུལ་དང་ཕྲད་པའོ།། ་བྱ་བ་སྒྲུབ་པའི་ཡེ་ཤེས་ཉིད་སྐྱོ་བ་ཀུན་ཏུ་སྟོན་པ་ཡོངས་སུ་སྤྱོད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཡོངསུ་སྤྱོད་པར་འགྱུར་བ་ཡིན་ནོ།། སྐྱེ་བའི་སྐྱེ་མཆོད་ཇི་སྙེད་པའི་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་སྟེ། གླིང་ཐམས་ཅད་དང་ལྷའི་རིགས་ཐམས་ཅད་དུ་རྒྱལ ་རིགས་ལ་སོགས་པའི་རིགསུ་དེ་དག་དང་། སྐྱེ་བ་མཉམ་པ་ཉིད་དུ་དེ་དག་དང་འདྲ་བ་ཉིད་དུ་ཉེ་བར་སྟོན་པར་མཛད་དེ། དེ་དག་དེང་འདྲ་བར་ཀུམ་ཏུ་བསྟན་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།། འཛུད་པར་མཛད་ཅེས་བྱ་བ་ལ་སོག་སྷོ།། ་པའི་ཚིག་རྣམས་ནི་སྔ་མ་བཞིན་དུ་རྣམ་པར་བཤད་དོ།། ལས་ཀྱི་རྣམ་པར་སྨིན་པ་ཀུན་ཏུ་སྟོན་པ་ནི་ལས་ཀྱི་རྣམ་པ་ཀུན་ཏུ་སྟོན་པ་ལས་རིག་པར་བྱའོ།། ལུས་ཉིད་ལ་ཡིན་པས་ལུས་ཀྱི་ལས་ཏེ། སྔོན་གྱི་ལས་ཀྱི་འབྲས་བུ་ནི་ལས་ཀྱི་ལུས་ཡིན ་པའི་ཕྱིར་རོ།། ཉམས་སུ་མྱོང་བར་འགྱུར་བ་ནི་ལས་ཀྱི་འབྲས་བུ་འདོང་བ་དང་། མི་འདོད་པ་ལ་ཉེ་བར་སྤྱོད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ།། ལུས་ཀྱི་ཚོར་བ་བདེ་བ་དང་། སྡུག་བསྔལ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་ཏེ། དེ་ལ་བརྟེན་ནས་འབྱུང་ངོ་།། ་བྱ་བ་སྒྲུབ་པའི་ཡེ་ཤེས་ཉིད་སྐུ་ཉམས་སུ་བསྟར་བའི་རྒྱུ་མཚན་ཡིན་པའི་ཕྱིར། སྐུ་ཉམསུ་བསྟར་བར་འགྱུར་བ་ཡིན་ནོ།། སྐུ་སྤྲུལ་པའི་ཕྲིན་ལས་ནི་སྐུ་ལྟར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་པའི་ཕྱིར་རོ།། དེ་ལྟ་བུར་བྱུང་བའི་སྡེ་ནི། ་སྔོན་གྱི་གཏམ་ངེས་པར་བསྟན་པའོ།། སྐྱེས་པའི་རབས་ཀྱི་སྡེ་ནི་ཀུན་གྱི་མཆོག་ལ་སོགས་པའོ།། དཀའ་བ་སྤྱོད་པ་ནི་བྱང་ཆུབ་ཀྱི་སྔོན་རོལ་དུའོ།། དེ་ཐམས་ཅད་ནི་སྤྲུལ་པའི་སྐུས་སྟོན་ཏེ། སྲོག་ཆགས་རྣམས་དགེ་བ་དང་མི་དགེ་བ ་ལེམ་ལ་འཇུག་པ་དང་། ཟློག་པར་བྱ་བའི་དོན་དུ་དེ་དག་དང་སྐལ་བ་མཉམ་པ་ཀུན་ཏུ་བསྟན་པས་གདུལ་བར་བྱ་བའི་ཕྱིར་རོ།། དཀའ་བ་སྤྱོད་པ་ཀུན་ཏུ་སྟོན་པ་ནི་དེ་ལྟ་བུ་ཀུན་ཏུ་བསྟེན་པས་འདུལ་བར་འགྱུར་བ་རྣམས་གདུལ་བའི་ཕྱིར ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་དྲག་ཡིན་གྱི། ཡེ་ཤེས་ཀྱིས་འདག་གོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ།། དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་གུ་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ། ་ཞེས་བཀའ་སྩལ་པ་ནི་ངག་གི་ཉེས་པར་སྤྱོད་པ་བཟློག་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་སྐྱེ་བ་གཅིག་གིས་ཐོགས་པ་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་རང་བཞིན་གྱིས་ཚེ་རབས་དྲན་པ་ལ་ངག་གི་ཉེས་པར་སྤྱོད་པ་རྣམ ་པ་དེ་ལྟ་བུ་ཇི་ལྟར་སྲིད་པ་ནུས། དེ་ལ་དེ་སྐད་དུ་སྨྲས་པ་ནི་ཚིག་དེ་ལྟ་བུས་འདུལ་བར་འགྱུར་པ་རྣམས་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བའི་ཕྱིར་རོ།། གསུང་སྤྲུལ་པ་ཡང་རྣམ་པ་གསུམ་སྟེ། ཡང་དག་པར་དགའ་བར་འགྱུར་བ་ཞེས ་བྱ་བ་ལ་ཡང་དག་པར་དགའ་བ་ནི་མགུ་བ་སྟེ། རངས་པའི་བྱེ་བྲག་གོ། དེའི་རྒྱུ་མཚན་ཡིན་པས་ཡང་དག་པར་དགའ་བར་འགྱུར་པ་སྟེ། གང་ཞིག་ཐོས་ནས་ཕན་ཚུན་མགུ་བ་སྐྱེ་བའོ།། དྲོན་བཟང་པོ་ནི་ཚིག་གི་དོན་གྲགས་པའི་ཕྱིར་རོ།། ་ཚིག་འབྲུ་བཟང་པོ་ནི་གསལ་བ་ཉིད་ཀྱིས་མཉན་པར་འོས་པའི་ཕྱིར་རོ།། ཐོས་པ་ཙམ་གྱིས་ཁོ་ནས་ཀྱང་སེམས་ཅན་བྱིས་པའི་ཤེས་རབ་ཅན་དང་། ཅེས་བྱ་བ་ནི་ཡན་ལག་དྲུག་ཅུ་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་གསུང་བྱིས་པའི ་ཤེས་རབ་ཅན་རྣམས་ཀྱིས་ཀྱང་ཐོས་ནས་ངང་པ་སྐྱེས་ན། དོན་ཤེས་པ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པའོ།། བྱ་བ་བསྒྲུབ་པའི་ཡེ་ཤེས་ཉིད་ཡང་དག་པར་དགའ་བར་འགྱུར་བ་ཡིན་ཏེ། སེམས་ཅན་རྣམས་རངས་པ་སྐྱེ་བའི་རྒྱུ་མཚན་ཡིན ་བའི་ཕྱིར་རོ།། གཞན་གྱིས་ཚིག་ཀྱང་གང་གིས་ན་ཆོས་ཀྱི་གཏིང་མ་དཔོགས་པ་རྣམས་ཀྱང་སངས་རྒྱས་ཀྱི་གསུང་གིས་སྟོན་པ་ཟབ་མོར་འཇུག་པར་བྱེད་པ་དེ་ལྟ་བུར་སྤྲུལ་པ་མཛད་དེ། དཔེར་ན་གནས་བརྙན་རབ་འབྱོར་ལ་སོགས་པ་ལྟ་བུའོ།། དེ ་བཞིན་དུ་སིལ་སྙན་གྱི་རྣམ་པ་ཐམས་ཅད་དང་། གཟུགས་སུ་སྣང་བ་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་ཞེས་བྱ་བརྗོད་པར་བྱའོ།། སྦྱོར་བར་འགྱུར་བ་ནི་ཆེ་གེ་མོ་ཞིག་བྱ་བ་རྣམས་ལ་འཇུག་པའི་སྦྱོར་བའོ།། སེམས་ཅན་བག་མེད་པ་ལ་སོགས་པ ་དེ་དག་ཉིད་ཀྱིས་དོན་གྱིས་སམ། ཐུགས་རྗེས་དེ་བཞིན་གཤེགས་པ་བསླབ་པའི་གཞི་ལ་སོགས་པ་རྣམ་པར་བཞག་པའི་ཕྱིར་སྦྱོར་བ་ལ། དེ་བཞིན་གཤེགས་པས་ཀྱང་དེ་དག་འབྲས་བུ་འཇུག་པོ་དང་། ལྡོག་པ་ཅན་གྱི་བྱ་བ་དག་ལ་སྦྱོར་བའོ།། ་དེའི་མཚན་ཉིད་རྒྱུ་མཚན་ཉིད་རྒྱུ་མཚན་ཡིན་པའི་ཕྱིར་སྦྱོར་བར་གྱུར་པ་སྟེ། མི་འདོད་པ་ལ་ལྡོག་པ་དང་། དགེ་བ་ལ་འཇུག་པོ་དང་། འཕགས་པའི་ལམ་གྱི་གནས་སྐབས་ཀྱིས་བྱེ་བྲག་ལ་སྦྱོར་བའི་ཕྱིར་རོ།། ཡང་དག་པར་གོ་བར་འགྱུར་བ་ཡང ་དོན་གློ་བའི་རྒྱུ་མི་ཚན་ཡིན་པའི་ཕྱིར་རོ།། དེས་ན་སེམས་ཅན་བསམ་པ་ཐ་དད་པ་དོན་སྣ་ཚོགས་ལ་ཀུན་ཏུ་རྨོངས་པའི་བློ་ཅན་རྣམས་སྒྲ་གཅིག་ལན་ཅིག་བརྗོད་པས་དོན་ཡང་དོག་པར་གློ་བར་འགྱུར་བའི་ཕྱིར། ཐེ་ཚོམ་ཐམས་ཅད་སེལ་བ ་སྟེ། ཇི་སྐད་དུ་གཅིག་གཅིག་ནི་བཀའ་སྩལ་ན། གསུང་ལ་དུ་མར་གོ་བ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། ཐུགས་སྤྲུལ་པ་ནི་རྣམ་པ་བཞི་སྟེ། རྣམ་པར་ངེས་པར་འགྱུར་བ་ནི་སེམས་ཅན་གྱི་སྤྱོད་པ་རྣམ་པར་ངེས་པའི་རྒྱུ་མཚན ་ཡིན་པའི་ཕྱིར་རོ།། མངོན་པར་འདུ་མཛད་པར་འགྱུར་བ་ནི་སེམས་ཅན་གྱི་སྤྱོད་པ་ཇི་ལྟར་སྤྱད་པ་བཞིན་དུ་ཡོན་ཏན་དང་ངེས་པ་བསྐྱེད་པ་དང་། དོར་བའི་གཉེན་པོ་མངོན་པར་འདུ་མཛད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་རྩོལ་བ་མི་མངའ་བ་ཡིན་མོད་ཀྱི། འོན་ཀྱང་གཞན་དག་གི་རྣམ་པར་ཤེས་པ་ལ་སོ་སོར་སྣང་བ་ཡོངས་སུ་འཛིན་པའི་ཚུལ་བཤད་དོ།། ཀུན་ནས་སློང་བར་འགྱུར་བ་ཞེས་བྱ་བ་ལ་ཀུན་ནས་སློང་བ་ནི་ཀུན་ནས་ལྡང་བ་སྟེ། ལུས ་དང་ངག་གི་བྱ་བ་སྟེ། དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ།། ཡང་ན་ཤེས་པ་གང་གིས་དེ་ཀུན་ནས་སློང་བར་བྱེད་པ་དེ་ནི་ཀུན་ནས་སློང་བ་སྟེ། དེ་ལུས་བྱུང་བའི་ཕྱིར་ཀུན་ནས་སློང་བར་འགྱུར་བའོ།། དེའི་གཉེན་པོ་བསྟན་པ་ནི་སེམས་ཅན་ཐམས་ཅད ་ཀྱི་སྤྱོད་པ་དེའིའོ།། དེའི་ཕྱིར་མིང་གི་ཚོགས་ལ་སོགས་པ་གང་དག་ཡིན་པ་སྟེ། བསྟན་པའི་ཆོས་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། གདུལ་བ་རྣམས་ལ་མིང་གི་ཚོགས་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་སྐྱེ་བའི་རྒྱུ་མཚན་ཡིན་པའི ་ཕྱིར་རོ།། དེ་བཞིན་གཤེགས་པ་རྣམས་དགའ་བར་མཛད་དེ་དེ་ལ་དགའ་བ་སྐྱེད་པར་མཛད་དོ།། ཉམ་སུ་མྱོང་བར་འགྱུར་པ་ཞེས་བྱ་བ་ལ་ཉམས་སུ་མྱོང་བ་ནཱི་བདེ་བ་དང་སྡུག་བསྔལ་ཡང་དག་པར་ཚོར་བའོ།། དེའི་རྒྱུ་མཚན་ཡིན་པའི་ཕྱིར་ཉམས ་སུ་མྱོང་བར་འགྱུར་བའོ།། བྱ་བ་སྒྲུབ་པའི་ཡེ་ཤེས་ཉིད་འདྲ་བ་ལུང་བསྟན་པའི་དོན་སྐུ་ཉམས་སུ་བསྟར་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཐུགས་སྤྲུལ་པའི་ཕྲིན་ལས་སྐུ་ཉམས་སུ་བསྟར་བར་འགྱུར་བ་ཡིན་ཏེ། འདྲ་བ་ལུང་བསྟན་པར་བྱ་བ་བཞི་པོ ་དག་འང་ཅི་རིགས་པར་འདི་ནི་མགོ་གཅིག་ཏུ་ལུང་བསྟེན་པར་བྱ་བའི་འདྲི་བའོ་ཞེས་བྱ་བ་ནས། བཞག་པར་བྱ་བའི་འདྲི་བའི་ཞེས་བྱ་བའི་བར་མཁྱེན་ནས། རེ་རེའི་འདྲི་བའི་ཡུལ་དུ་གྱུར་པ་དུས་གསུམ་པའི་དོན་རྣམས་ཅི་རིགས་པར་དོན་གང་གི་རང ་གི་ངོ་བོ་གང་ཡིན་པ་དེའི་བདག་ཉིད་སྐུ་ཉམས་སུ་བསྟར་ཞིང་རབ་ཏུ་མཁྱེན་ཏོ།། མཁྱེན་ནས་ཀྱང་དེ་བཞིན་དུ་ལུང་སྟོན་པར་མཛད་དོ།། དེ་ལ་སྐུ་གསུང་ཐུགས་སྤྲུལ་པ་ནི་བདག་དང་གཞན་གྱི་ལུས་དང་འབྲེལ་བ་དང་མ་འབྲེལ་པ་ཡིན་ནོ།། ་ཐུགས་སྤྲུལ་པ་ནི་རང་དང་གཞན་དང་འབྲེལ་པ་ཁོ་ན་ཡིན་ནོ།། འདིས་ནི་ཆོ་འཕྲུལ་རྣམ་པ་གསུམ་པོ་རྫུ་འཕྲུལ་དང་། རྗེས་སུ་བསྟན་པ་དང་ཀུན་རྗོད་པའི་ཆོ་འཕྲུལ་རྣམ་པར་བཤད་པ་ཡིན་ནོ།། སངས་རྒྱས་ཀྱི་སྤྲུལ་པ་དེ་ཡང་རྣམ་པ་ཐམས་ཅད ་དུ་རྟག་ཏུ་ལྡན་པ་དང་། བསམ་གྱིས་མི་ཁྱབ་པར་རིག་པར་བྱ་སྟེ། མཛད་པ་མཛད་པ་དང་གྲངས་དང་ཞིང་གི་བྱེ་བྲག་གི་སྒོ་ནས་བསམ་གྱིས་མི་ཁྱབ་པའི་ཕྱིར་དང་། སེམས་ཅན་གྱི་དོན་མཛད་པའི་ཉམས་པ་མྱི་མངའ་བར་འཇུག་པའི་ཕྱིར་རོ།། དེ་བཞིན ་གཤེགས་པ་རྣམས་ཀྱི་སྤྲུལ་པ་རྣམ་པ་གསུམ་ཚོར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཐབས་ཀྱི་དམ་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར ་མཛད་པའི་ཕྱིར་རོ།། ཡེ་ཤེས་ཀྱི་སྨན་ཆེན་པོའོ་ཞེས་གསུངས་སོ།། ཡེ་ཤེས་རྫོགས་པར་ལོངས་སྤྱད་པའི་བྱེ་བྲག་གི་དབང་དུ་བྱས་ནས་ཞུ་བ་སྟེ། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་པ་སངས་རྒྱས་ཀྱི་ས་རབ་ཏུ་དབྱེ་བ་ལ་མེ་ལོང་གི་དཔེས་དེ་ལ་རྩོལ་བ ་ཡང་མེད་མངོན་པར་འདུ་བྱེད་པ་ཡང་མེད་དོ་ཞེས་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པ་རྩོལ་བ་མི་མངའ་བ་རྣམས་ཀྱི་རོ་གཅིག་པ་འདྲེས་པ་ངོ་བོ་ཉིད་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་ནི་དེ ་བཞིན་གཤེགས་པ་རྣམས་ཁོ་ན་ཡིན་ནོ་ཞེས་ངེས་པར་བཟུང་སྟེ། བཤད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡིན་པར་འདོད་དོ་སྙམ་དུ་སེམས་ཤིང་བཅོམ་ལྡན་འདས་ལ་ཞུ་བ་ཡིན་ནོ།། རྣམ་པ་གཅིག་དུ་ན་ཆོས་ལྔས་སངས་རྒྱས་ཀྱི་ས ་བསྡུས་པར་རིག་པར་བྱའོ་ཞེས་བཤད་པ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངོ་བོ་གཅིག་པ་ཡིན་ལ། དེ་ལ་བརྟེན་ཏེ་བྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་ངོ་བོ ་གཅིག་པ་ཁོ་ན་ཡིན་ཏེ་གཉིས་སུ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ།། རྣམ་པར་ཤེས་པ་གཞན་གཉིས་ནི་གཞན་ལ་ཕན་འདོགས་པ་གཅིག་ཏུ་གཙེས་པར་བྱེད་པ་ཡིན་པའི་ཕྱིར་རོ།། གཅིག་པ་ཡང་ཡིན་ལ་དེ་དག་ཀྱང་སངས་རྒྱས ་རྣམས་ཁོ་ན་ཡིན་ཞེས་ངེས་པར་གཟུང་བའི་ཕྱིར་ཞུ་བ་ཡིན་ནོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ན་འདྲེས་པ་ཉེ་བར་འདྲེས་པ་འབྲས་བུ་གཅིག་པ་ཡིས་རྡོ་པཱ་ལོངས་སྤྱད་པ་ཞེས་འབྱུང་བའི་ཕྱིར་གཞན་ནི་རོ་གཅིག་པ་མ་ཡིན་པར་མངོན་ནོ།། འདྲེས ་པ་ནི་གཅིག་དུ་གྱུར་པའོ།། གཅིག་དུ་གྱུར་ཀྱང་རེས་འགའ་ཐ་དད་དུ་བྱ་བ་ཡོད་ན་དེ་ནི་ནམས་ཀྱང་ཐ་དད་དུ་བྱ་བ་མེད་པས་ཉེ་བར་འདྲེས་པ་སྟེ་དམིགས་པར་བྱས་པ་དང་། དམིགས་པར་བྱེད་པ་གཉིས་ཤིན་ཏུ་འདྲེས་པས་མཉམ་པར་གྱུར ་བའི་ཕྱིར་རོ།། འབྲས་བུ་རོ་གཅིག་པ་ཞེས་བྱ་བ་ལ་རོ་ནི་སྙིང་པོ་སྟེ། ངོ་བོ་ཉིད་དོ།། ཡེ་ཤེས་རྫོགས་པར་ལོངས་སྤྱད་པ་ནི་ཡུལ་ཏེ། རྫོགས་པར་སྤྱོད་པ་ཡིན་པའི་ཕྱིར་རོ།། དེས་ན་ཡེ་ཤེས་ནི་འདིར་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ ་ཤེས་ཡིན་པར་དགོངས་པའོ།། དེའི་ཡུལ་ནི་ཆོས་ཀྱི་དབྱིངས་ཏེ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་གང་ལ་འབྲས་བུ་དགོས་པར་རོ་གཅིག་པ་ཡོད་པ་ཞེས་བྱ་བས་ཚིག་རྣམ་པར་སྦྱར་རོ།། ཡང་ན་ཡེ་ཤེས་དེ་ཉིད་རོ་གཅིག་པ་ཡིན་ཏེ། རྣམ་པར་མི་རྟོག ་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཀྱི་འབྲས་བུ་ཡང་ཡིན་ཏེ། དེ་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་རྫོགས་པར་ལོངས་སྤྱད་པ་ནི་ཀུན་ཏུ་སྤྱད་པ་སྟེ་ཚོར་བའོ་དེ་ནི་ངེས་ཀུན་ཏུ་སྤྱད་པར་བྱ་བ་ཡིན་པའི་ཕྱིར་དེ་ནི་དེའི་རྫོགས་པར་ལོངས་སྤྱོད ་བ་ཡིན་ནོ།། དེ་ཡང་བཏང་སྙོམས་ཏེ་དེ་ལ་བདེ་བ་དང་སྡུག་བསྔལ་གྱི་བྱེ་བྲག་མེད་པས་ངོ་བོ་ཉིད་གཅིག་པའི་ཕྱིར་རོ་གཅིག་པའོ།། དེ་ཡང་དེའི་འབྲས་བུ་ཡིན་ཏེ། དེ་དང་མཚུངས་པར་ལྡན་པ་ཉིད་དུ་དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ།། ཡང་ན་འདུ་བྱེད་པ ་བཏང་སྙོམས་པ་སྟེ། ཐམས་ཅད་དུ་རྩོལ་བ་མེད་པའི་མཚན་ཉིད་དུ་ངོ་བོ་ཉིད་གཅིག་པར་འཇུག་པའི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པའོ།། རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཉིད་རྫོགས་པར་ལོངས་སྤྱད་པ་ཡིན་ཏེ། རང་རིག ་པའི་རྣམ་པར་རྫོགས་པར་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ།། ཡེ་ཤེས་དེ་ནི་རོ་གཅིག་པ་ཡང་ཡིན་ཏེ། བདག་དང་གཞན་ལ་སོགས་པ་གཉིས་སུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། འབྲས་བུ་ཡང་ཡིན་ཏེ། རྟག་ཏུ་རྒྱུ་ལས་གཉིས་སུ་འདུ ་ཤེས་པ་ལས་དབེན་པར་འབྱུང་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཁོ་ན་ནི་ཡིན་ནོ་ཞེས་དེ་ལྟར་ངེས་པར་གཟུང་བ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ།། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དེ་ལྟ་བུ་ཡིན་ནོ།། འོ་ན་ཇི་ལྟར་སངས་རྒྱས་ཀྱི་ས་ཆོས་ལྔས་བསྡུས་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ས་ནི་ཆོས་ལྔ་ཁོ་ནས་ཤེས་ངེས་པར་གཟུང་བའི་ཕྱིར་སངས་རྒྱས་ཁོ་ནའིའོ་ཞེས་བྱ་བ་ནི་མ་ཡིན་པས ་བྱང་ཆུབ་སེམས་དཔའི་ས་རྣམས་ཀྱང་འདི་དག་གིས་བསྡུས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་མངོན་པར་འདུ་བྱེད་པ་དང་བཅས་པར་འབྱུང་བའི་ལམ་ལ་གནས་པ་རྣམས་ལ་འབྲས་བུ་རོ་གཅིག་པོ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ ་མེད་པས། གང་དག་གི་ལགས་ཞེས་ཞུའོ།། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པས། སེམས་དང་པོ་བསྐྱེད་པ་རྣམས་དང་།། ་ས་གོང་མ་དྲུག་པོ་དག་ཏུ་བསྒོམ་པའི་ལམ་ཐོབ་པའི་ཕྱིར་སྤྱོད་པ་ལ་ཞུགས་པ་རྣམས་དང་། ས་གྲོང་མ་གསུམ་དག་ཏུ་བསྒོམ་པའི་ལམ་ཁོ་ན་སྟེ། ཕྱིར་མི་ལྡོག་པོ་རྣམས་སོ།། དེ་ལ་ས་བརྒྱད་པ་ལ་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་བ་གཟོད་མ ་ནས་མ་སྐྱེད་པ་ཞེས་བྱ་བའི་བཟོད་བ་ཆེན་པོ་གཅིག་ཏུ་ཡོངས་སུ་དག་པ་ཟད་པ་མེང་པ་ལྷུན་གྱིས་གྲུབ་པར་འབྱུང་བར་སྐྱེའོ།། དེ་ཐོབ་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དག་ཅེས་བྱ་སྟེ། ས་བརྒྱད་ལས་འདི་སྐད་དུ་དེ་ཡན་ཆད་བྱང ་ཆུབ་སེམས་དཔའ་གཉིས་སུ་འདུ་ཤེས་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། གཉིས་ནི་ང་དང་ངའི་ངང་ཡོད་པ་དང་མེད་པ་དང་། རྟག་པ་དང་མི་རྟག་པ་དང་། བྱུང་བ་དང་མ་བྱུང་བ་དང་། སྐྱེས་པ་དང་མ་སྐྱེས་པ་དང་། བདག་དང་གཞན་ཞེས་བྱ་བ་ལ ་སོགས་པའོ།། དེ་དག་གི་གཉེན་པོར་ཐམས་ཅད་དུ་སེམས་མཉམ་པ་ཉིད་ཐོབ་སྟེ། དེ་ཡན་ཆད་གཉིས་སུ་འདུ་ཤེས་པ་དང་བྲལ་བྱས་ཚོར་བ་ཐམས་ཅད་དང་བྲལ་བ་ཟག་པ་མེད་པ་གཅིག་ཏུ་ཡོངས་སུ་དག་པ་ལྷུན་གྱིས་གྲུབ་པར་འབྱུང་བ་རྣམ་པར་མི ་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་ས་དང་པོ་ཁོ་ན་ལ་བདག་དང་གཞན་མཉམ་པ་ཉིད་ཐོབ་པ་ཡིན་མོད་ཀྱི་འོན་ཀྱང་རྩོལ་བ་དང་བཅས་པར་འབྱུང་བ་ཉིད་ཀྱིས་ཡོངས་སུ ་མ་དག་པའི་ཕྱིར་རྣམ་པར་དགེ་བར་མི་གཞག་གོ།། དོན་དེ་བསྟན་པའི་ཕྱིར་འདྲེས་པའི་ཚལ་གྱི་དཔེ་སྟེ། ཇི་སྲིད་དུ་འདྲེས་པའི་ཚལ་དུ་ཞུགས་པར་མ་གྱུར་པ་དེ་སྲིད་བུ་ལྷའི་ལོངས་སྤྱོད་འདྲེས་པ་ཉེ་བར་འདྲེས་པ་རྣམས་ཀུན་ཏུ་མི་གནས་ཀྱི་ཞེས་བྱ་བར་སྦྱར ་རོ།། དངོས་པོའི་སྒོ་ནས་ཐ་དད་པ་ནི་གཞལ་མེད་ཁང་དང་། རྒྱན་ལ་སོགས་པས་བྱས་པའོ།། ཉམས་སུ་མྱོང་བའི་སྒོ་ནས་ནི་བདེ་བ་དང་སྡུག་བསྔལ་ཐ་དད་པ་དང་རབ་དང་། རབ་མཆོག་ཐ་དད་པའོ།། ངའིར་འཛིན་པའི་སྒོ་ནས་ཐ་དད་པ་ནི་འདི་ནི་ཁྱོད་ཀྱི་འདི་ནི ་ང་ཞེས་བྱ་བ་སྟེ། དེར་ཞུགས་པ་རྣམས་ལ་དེ་དག་མེད་དོ།། དེ་ཉིད་ཀྱི་ཕྱིར་འདྲེས་པའི་ཚལ་ཞེས་བྱ་སྟེ། དེར་ཞུགས་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་འདྲེས་པ་ཡིན་པའི་ཕྱིར་རོ།། འདྲེས་པ་ནི་ཚོལ་བ་ཡིན་ནོ།། ཇི་སྲིད་དུ་ཐོབ་པར་མ་གྱུར་པ་དེ་སྲིད་དུ་མི་འཐོབ ་བོ་ཞེས་བྱ་བར་སྦྱར་ཏེ། ས་འོག་མ་པ་རྣམས་ཀྱི་ལཱམ་ནི་རྩོལ་བ་དང་བཅས་པར་འབྱུང་བའི་ཕྱིར་བཏང་སྙོམས་ཡོངས་སུ་མ་དག་པ་ཡིན་པས་གཉིས་སུ་འདུ་ཤེས་པ་དང་བྲལ་བས་ཀུན་ཏུ་མི་གནས་སོ་ཞེས་བྱ་བར་སྦྱར་རོ།། ་ཐུན་མོང་མ་ཡིན་པ་ནི་ཐེག་པ་དམན་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ས་འོག་མ་པ་རྣམས་ལ་ཡང་མེད་པའི་ཕྱིར་རོ།། གལ་ཏེ་འབྲས་བུ་ཚུལ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པར་སངས་རྒྱས་རྣམས་ཁོ་ནའི་ཡིན་ནོ་ཞེས་ངེས་པར ་གཟུང་དུ་ཟིན་ཀྱང་། དེ་ལྟ་ན་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་རྒྱ་ཆེན་པོའི་དཔེ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་བྱ་བ ་ལ་མཁས་པའི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པ་དེ་དག་ཁོ་ནའི་ཡིན་པར་རྣམ་པར་བཞག་པར་རིག་པ་དང་ལྡན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མ་ཡིན་ཏེ། སྒྲིབ་པ་ལྷག་མ་དང་བཅས་པ་ཉིད་ཀྱི་ཡེ་ཤེས་ཡོངས ་སུ་མ་དག་པའི་ཕྱིར་རོ།། འོ་ན་འདྲེས་པ་ཉེ་བར་འདྲེས་པ་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱད་པ་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཡིན་ནོ་ཞེས་འབྱུང་བ་ཇི་ལྟར་མི་འགལ་ཞེ་ན། ལྷུན་གྱིས ་གྲུབ་པའི་ཡེ་ཤེས་ལ་སྤྱིར་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དེ། གཞན་དུ་ཡང་ངེས་པར་གཟུང་དུ་རུང་བར་བཤད་དོ།། ཆུའོ་ནི་གཾ་གཱ་ལ་སོགས་པ་བཞིའོ།། ཆུ་བྲན་ནི་དེ་ལས་གཞན་པ་དག་གོ། གནས་ཐ་དད་པ་ནི་ས་ཕྱོགས ་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ།། ཆུ་ཅན་ཐ་དད་པ་ནི་རྙོག་པ་ཅན་དང་། ཁ་དོག་སྐྱ་བོ་དང་། ལན་ཚ་བྲོ་བ་དང་ཆུ་མངར་བ་ཐ་དད་པའོ།། ཆུ་ཆུང་བ་ནི་རྒྱ་མཚོ་ཆེན་པོ་ལ་བལྟོས་པའི་ཕྱིར་རོ།། ཆུ་སྐྱེ་འབྲི་ཡོད་པ་ནི་ཆར་ཚེ་བ་དང་། ཆར་ཆུང་བའི་དུས ་ནནའོ།། སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཆུ་ནི་རོ་བྲོ་བ་དང་། མཐུ་དང་རྣམ་པར་སྨིན་པ་ཐ་དད་པས་སོ།། ཉུང་ངུ་དག་ཅེས་བྱ་བ་ནི་གྲངས་ཉུང་བ་ཉིད་དང་པོང་ཆུང་བ་ཉིད་ཀྱིས་ཉུང་བའི་ཕྱིར་རོ།། གནས་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས ་པ་ཐམས་ཅད་ནི་ཇི་སྐད་བཤད་པ་ལས་བཟློག་ཏེ། བརྗོད་པར་བྱའོ།། ཕལ་པོ་ཆེ་ཆེན་པོ་རྣམས་ཞེས་བྱ་བ་ནི་གྲངས་ཕལ་ཆེ་བ་དང་། བོང་ཆེ་བའི་དབང་དུ་མཛད་ནས་སོ།། གནས་ཐ་དད་པ་ནི་དེ་བཞིན་གཤེགས་པ་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ།། ་ཡེ་ཤེས་ཐ་དད་པ་ནི་རྣམ་པར་གྲོལ་བ་ཐ་དད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ཡེ་ཤེས་ཆུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བལྟོས་ནས་སོ།། ཡེ་ཤེས་འཕེལ་འགྲིབ་ཡོད་པ་ནི་ས་གོང་ནས་གོང་དུ་ཁྱད་ཞུགས་པ་ལ་བལྟོས་པའི་ཕྱིར་དང་། ་ཏིང་ངེ་འཛིན་ཁྱད་ཞུགས་པ་ལས་བལྟོས་པའི་ཕྱིར་རོ།། སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ཀྱི་བྱ་བ་ཐ་དད་པའི་ཕྱིར། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་གང་གི་ཡུལ་སེམས་ཅན་གྱི་ཁམས ་ཇི་སྙེད་ཅིག་ཡིན་པ་དེ་ལས་ཕན་ཚུན་མི་འཇུག་པའི་ཕྱིར་རོ།། ཉུང་ངུ་དག་ཅེས་བྱ་བ་ནི་གྲངས་ཉུང་བ་ཉིད་ལས་དགོངས་པ་ཡིན་གྱི་བོང་ཆུང་བ་ཉིད་ནི་མ་ཡིན་ནོ།། དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་རྩ་བ་གང་ཡིན་པ་དེའི་གནས་ཡིན་ཏེ། ་དེའི་དབང་གིས་དེ་དག་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ།། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་བལྟོས་ན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་གྲངས་དཔག་ཏུ་ཡོད ་བའི་ཕྱིར། སེམས་ཅན་དཔག་ཏུ་ཡོད་པ་རྣམས་ཀྱི་དོན་བྱུང་བ་ཡིན་ནོ།། ནམ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་ན། སངས་རྒྱས་ཀྱིས ་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་མངོན་སུམ་དུ་མཛད་པའི་ཕྱིར་གནས་ཐ་དད་པ་མ་ཡིན་པ་དག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་དེ་བཞིན་ཉིད་ཡོངས་སུ་དག་པ་ལ་ཐ་དད་པ་མེད་པའི་ཕྱིར་རོ།། ་དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་དུ་མ་ཉིད་དུ་རྣམ་པར་མི་བཞག་གོ།། ཡེ་ཤེས་ཐ་དད་པ་མ་ཡིན་པ་ནི་ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་བདག་དང་གཞན་དུ་འབྱེད་པ་མི་མངའ་བས ་མཚུངས་པའི་ཕྱིར་རོ།། ཡེ་ཤེས་ཚད་མེད་པ་ནི་ཤེས་བྱ་ཚད་མེད་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཡེ་ཤེས་འཕེལ་འགྲི་བ་མེད་པ་ནི་ཡོངས་སུ་དག་པ་མཚུངས་པའི་ཕྱིར་དང་། ཡུལ་ཉུང་ངུ་དང་ཆེས་མང་པོ་ལ ་མ་ཁྱབ་པ་མི་མངའ་བའི་ཕྱིར་རོ།། འདྲེས་པ་ཉེ་བར་འདྲེས་པར་མཛད་པ་རོ་གཅིག་པའི་ཡེ་ཤེས་ནི་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པའི་མཛད་པ་མཚུངས་པའི་ཕྱིར་རོ།། ཚད་མེད་པ་དག་ནི ་གྲངས་ཚད་མེད་པའི་ཕྱིར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟད་མི་ཤེས་པ་མཚུངས་པའི་ཕྱིར། ཆོས་ཀྱི་སྐུས་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་དགེ་བའི་རྩ་བའི ་གནས་སུ་འགྱུར་རོ།། ཚིགས་སུ་བཅད་པ་བཞིས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཀྱིས་མདོར་བསྡུས་ནས་སྟོན་པར་མཛད་དེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། སྒྲིབ་གཉིས་ལྡན་ངག་མཚན ་ཉིད་ཅན་ཞེས་བྱ་བ་ནི་འདི་ལ་ཡན་ལག་གཉིས་ཡོད་པའོ།། དེ་ཉིད་སྒྲིབ་པ་གཉིས་ཏེ་སྤྱིར་བརྟེན་པ་ཡིན་ནོ།། སྒྲིབ་པར་བྱེད་པ་ནི་སྒྲིབ་པ་སྟེ་འདི་ལ་གཉིས་ཡོད་པའོ།། དེའི་ཕྱིར་དེ་བཞིན་ཉིད་ཀྱི་སྒྲ་དང་གཞི ་མཐུན་པ་ཡིན་ནོ།། འདི་ལ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྒྲིབ་གཉིས་དང་ལྡན་པའི་དེ་དག་རྣམ་པར་དག་པའི་མཚན་ཉིད་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། ་དོན་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་དུ་ཡོད་པ་ནི་དེ་བཞིན་ཉིད་དེ། ཆོས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་ཁོ་ན་ཉིད་དང་། སྟོང་པ་ཉིད་ཡིན་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ།། ཉོན་མོངས་པོ་དང་། ཤེས ་བྱའི་སྒྲིབ་པ་གཉིས་ལས་རྣམ་པར་དག་ཅིང་དེ་ལས་དབེན་པ་སྟེ། ཆོས་ཀྱི་དབྱིངས་ནི་དེའི་མཚན་ཉིད་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ།། འདིས་ནི་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པ་བསྟན་ཏེ། དེ་ཡང་འཇིག་རྟེན་ལས་འདས་པའི ་ཡེ་ཤེས་ཀྱི་ལམ་ཤིན་ཏུ་རྣམ་པར་དག་པ་ཐོབ་པས་སྒྲིབ་པ་གཉིས་ཀྱི་ས་བོན་གཏན་དུ་བྲལ་ན་ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་ཡིན་ཏེ། རྡོ་རྗེ་ལྟ་བུའི་འོག་ཏུ་དེ་བཞིན་ཉིད་གནས་གྱུར་པ་ཞེས་བྱའོ།། ་དངོས་པོ་ཤེས་པ་དེ་དམིགས་པ།། དབང་ཟད་མི་ཤེས་མཚན་ཉིད་ཅན་ཞེས་བྱ་བ་ལ་དངོས་པོ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ།། དངོས་པོ་དེ་ཤེས་པ་ནི་དངོས་པོ་ཤེས་པའོ།། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ་དེའི་དམིགས་པ་ནི་གཞན་གྱི་དབང་གིས་ངོ་བོ་ཉིད་ཡིན་ནོ།། དམིགས་པ་ནི་དམིགས་པར་བྱ་བར་བྱའོ།། འདི་ལ་དམིགས་པ་དེ་ཡོད་པས་ནུ་ད་དམིགས་པ་སྟེ། དེ་ཞེས་བྱ་བའི་སྒྲ་ནི་ཆོས་ཀྱི་དབྱིངས་དང་སྦྱར་གྱི་དངོས་པོ ་ཤྲཱིས་པ་ནི་མ་ཡིན་ནོ།། བྲང་དུ་ཆོད་པ་ལ་ཡང་འབྲེལ་མ་མཐོང་བའི་ཕྱིར་ཏེ། དཔེར་ན་ཨུཏྤལོ་སྔོན་པོའི་འདབ་མ་འདྲ་བའི་སྤྱན་མངའ་བ།། ཁྱོད་ཀྱི་ཞལ་རས་དེ་ངད་དང་དྲི་མཚུངས་འདྲི་ཞེས་བྱ་བ་ལྟ་བུའོ།། མེ་ལོང་ལྷ ་བུའི་ཡེ་ཤེས་ཀྱི་དམིགས་པ་ནི་ཆོས་ཀྱི་དབྱིངས་ཀྱང་ཡིན་ཏེ། སོ་སོ་རང་རིག་པ་ཉིད་དུ་དེ་ལ་དམིགས་པའི་འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར་རོ།། དེ་ནི་དངོས་པོ་ཤེས་པ་ཡང་ཡིན་ལ། དེ་དམིགས་པ་ཡང་ཡིན་པས་ཞེས ་གཞི་མཐུན་པར་བསྡུའོ།། དེ་ལྟར་ན་ཆོས་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དམིགས་པ་ཉིད་དུ་བསྟན་པ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་ལ་དམིགས་པའི་ཕྱིར་རོ།། རྣམ་པ་གཅིག་ཏུ་ན་དངོས་པོ་ཤེས་པ་དང་། ་དེ་དམིགས་པ་ཞེས་བྱ་བ་ཟླས་དབྱེ་བ་ཡིན་ཏེ། གནས་ངན་ལེན་མཐའ་དག་གི་གནས་ཀུན་གཞི་རྣམ་པར་ཤེས་པ་གཉེན་པོའི་སྟོབས་ཀྱིས་གནས་ངན་ལེན་མ་ལུས་པ་དང་བྲལ་བས་ཡོངས་སུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས ་ཞེས་བྱ་བ་གཞན་གྱི་དབང་དག་པ་ཞེས་ཐ་སྙད་གདགས་པ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པའི་ངོ་བོ་ལ་འདི་ནི་དངོས་པོ་ཙམ་མོ་ཞེས་སྤྱིའི་རྣམ་པར་སྒྲོ་བཏགས་ནས་དངོས་པོའི་སྒྲ་བརྗོད་དོ།། མེ་ལོང་ལྟ་བུའི་ཡེ་ཤེས ་དམིགས་པར་བྱ་བ་དང་། དམིགས་པ་མཉམ་པའི་རྣམ་པ་ཡང་གནས་ངན་ལེན་གྱི་གནས་ཡོངས་སུ་གྱུར་ན། དེ་ལྟར་རྣམ་པར་བཞག་གོ། དངོས་པོ་དེ་ཤེས་པ་ནི་དངོས་པོ་ཤེས་པ་སྟེ། དེ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག ་གོ།། དེ་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེ་ས་ཡིན་ནོ།། དེའི་རྗེས་ལ་ཐོབ་པ་དག་ལ་འཇིག་རྟེན་པ་རང་གི་རྟོག་པ་ཡོངས་སུ་གཅོད་པའི་རྣམ་པ་གང་ཡིན་པ་དེའི་སྤྱོད་ཡུལ་ཡང་གཞན་གྱི་དབང་གིས་ངོ་བོ་ཉིད་ཡོངས་སུ་གྱུར་པ ་ཡིན་ནོ།། རྗེསྲ་ལས་ཐོབ་པའི་ཡེ་ཤེས་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཁོ་ནུ་ཡིན་ཏེ། དེ་རང་གིས་རྟོགས་པ་ལ་སོ་སོར་རྟོག་པའི་ཚེ། དེ་གཉིས་ཡུལ་ཡིན་པའི་ཕྱིར་རོ།། དེ་ལ་འམ་དེ་གཉིས་ལ་དབང་བ་སྟེ། འདི་དེ་ལ་ཟང་མི་ཤེས ་བའི་མཚན་ཉིད་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། འདིས་མཚོན་པར་བྱེད་ཤེས་པར་བྱེད་པས་ན་ཞེས་བྱེད་པའི་བྱེད་པ་པོར་བྱས་པའི་ཕྱིར་རོ།། དངོས་པོ་ཤེས་པ་དེ་དམིགས་པ་དེ་ལ་འམ་དངོས་པོ་ཤེས་པ་དང་། དེ་དམིགས ་པ་དེ་གཉིས་ལ་དབང་ཟད་མི་ཤེས་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་ལམ་གནས་ཡོངས་སུ་གྱུར་པ་ཡང་བསྟན་པ་ཡིན་ནོ།། ཉོན་མོངས་པ་ཅན་གྱི་ཡིད་ཡོངས་སུ་གྱུར་ན། མེ་ལོང་ལྟ་བུའི ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་དམིགས་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སྐྱེས་སྟེ། དེ་བཞིན་ཡོངས་སུ་དག་ན་དེ་ལ་ཡང་དབང་ཟད་མི་ཤེས་པ་འཐོབ་བོ།། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྒྱུན་གྱིས་རྟག་པ་ཉིད་ཀྱིས་འཁོར་བ་ཇི་སྐྱིད་པར ་གནས་པའི་ཕྱིར་དབང་ཟད་མི་ཤེས་པ་ཐོབ་པའི་ཡང་རིགས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཅི་དེ་ཁོ་ན་དང་འདྲ་བར་རྟག་པའི་ཕྱིར་མི་ཟད་པ་ཉིད་ཅིག་ཡིན་ནམ་ཞེ་ན་མ་ཡིན་ནོ།། འོ་ན་ཇི་ལྟ་བུ་ཞེ་ན་བཞེད། གུར་མངོན་པར ་འགྱུར་བའི་ཕྱིར་ཏེ། རྩོལ་བ་མི་མྱངའ་བུར་བཞེད་པ་ཙམ་གྱིས་མངོན་སུམ་དུ་མཛད་པ་གང་ཡིན་པ་དེ་ཉིད་དེ་ལ་མི་ཟད་པ་དེ་ཉིད་ཡིན་ནོ།། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱང་དེ་བཞིན་དུ་གཞན་གྱི་དབང་གིས་ངོ་བོ་ཉིད་དག་པ་དང་པོ ་ཙམ་དེ་ལ་དབང་ཟད་མི་ཤེས་པ་འཐོབ་པོ་ཇི་ལྟ་ཞེ་ན། ཕྱིན་ཅི་ལྡོག་མ་ཡིན་པའི་དྲོན་གྱིས་ཏེ། ཇི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དག་དངོས་དེ་ཕྱིན་ཅི་ལོག་ཐམས་ཅད་མེད་པའི་ངོ་བོ་ཡིན་པ་ལྟར་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱང་དེ་དང ་འདྲའོ།། དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་དེ་ནི་དེ་ལ་དམིགས་པ་ཡིན་ནོ།། འོ་ན་ཇི་ལྟར་འཇིག་རྟེན་པ་ཡིན་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་རྣམ་པ་ཡིན་པའི་ཕྱིར་རོ།། འོ་ན་ཇི་ལྟར་དེ་ལ་དམིགས་པ ་ཡིན་ཞེ་ན། རང་རིག་པའི་རྣམ་པར་རོ།། ཇི་སྐད་དུ་རང་རིག་པ་དང་མཐུན་པར་སྐྱེ་བའི་ཕྱིར། རང་གིས་རྟོགས་པ་ཡོངས་སུ་གཅོད་པའི་རྣམ་པ་ཕྱིན་ཅི་མ་ལོག་པར་སྣང་སྟེ། དེས་ན་དེ་ལ་དམིགས་པ་ཞེས་བྱ་བའི་ཐ་སྙད་འཐོབ་བོ།། དེ་བཞིན་ཉིད ་ཤེས་ཐམས་ཅད་ནས།། བསྒོམས་ལས་ཡང་དག་གྲུབ་པ་ཅན།། དེ་ལ་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་བསྒོམ་པ་གང་ཡིན་པ་དེ་ལས་ཡང་དག་པར་འགྲུབ་པ་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། དེ་བཞིན་ཉིད་ཅེས་ནི་རྣམ་པར་མི ་རྟོག་པའི་ཡེ་ཤེས་ན། ས་དང་པོ་ཐོབ་པའི་ཚེ་ཐོབ་པ་ཡིན་ནོ།། དེ་བསྒོམས་པ་ནི་ས་ལྷག་མ་རྣམས་ཏེ། དེ་བཞིན་ཉིད་ཤེས་པ་དེ་ཐམས་ཅད་ནས། ཆོས་ཀྱི་རྣམ་གྲངས་ཐམས་ཅད་ནས་ཐོས་པ་དང་བསམ་པ་དང་། བསྒོམ་པ ་ལ་སོགས་པའི་རིམ་གྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་ངག་ཏུ་ཇི་ལྟ་ཇི་ལྟར། བསྒོམ་པ་དེ་ལྟ་དེ་ལྟར་ས་རེ་རེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུར་འགྱུར་ཏེ། སངས ་རྒྱས་ཀྱི་ས་ལ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་གསལ་བའི་བར་དུ་འགྱུར་རོ།། འདིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་ཏེ། དེ་ཡང་དེ་ཡོངས་སུ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ།། སེམས་ཅན་ཀུན་གྱི་གཉིས ་བསྐྱེད་པ། གཏན་དུ་མི་ཟད་འབྲས་བུ་ཅན།། འདི་ལ་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཕན་པ་དང་བདེ་བ་གཉིས་བསྐྱེད་པ་མི་ཟད་པའི་འབྲས་བུ་ཡོད་པས་ཞེས་བྱ་བར་རྣམ་པར་སྦྱར་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ ་བསྐྱེད་པ་ནི་དགེ་བ་སྐྱེད་པའོ།། བདེ་བ་སྐྱེད་པ་ནི་འཕྲལ་དུའོ།། དེ་གཉིས་ནི་འདིའི་སྟོབས་ཀྱིས་འཁོར་བ་ཇི་སྲིད་པར་མཛད་པས་འདི་གཉིས་མི་ཟད་པ་ནི་འདྲིའི་འབྲས་བུ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་ནི ་དེའི་ཆེད་ཡིན་པའི་ཕྱིར་རོ།། འདིས་ནི་སོ་སོར་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ཡང་དེའི་འབྲས་བུ་ཡིན་པའི་ཕྱིར་རོ།། སྐུ་དང་གསུང་དང་ཐུགས་སྤྲུལ་པ།། སྦྱོར་བའི་ཐབས་ཀྱི་འཕྲིན་ལས་ཅན།། འདི་ལ་སྐུ་དང་གསུང་དང་ཐུགས་སྤྲུལ་པ ་རྣམས། སྦྱོར་བར་བྱེད་པའི་ཐབས་གང་ཡིན་པ་དེ་ཉིད་ཀྱི་འཕྲིན་ལས་མངའ་བས་ཞེས་བྱ་བར་སྦྱར་རོ།། དེའི་ཐབས་ཡོངས་སུ་མཁྱེན་པའི་ཕྱིར། དེའི་འཕྲིན་ལས་ཅན་ཞེས་བྱའོ།། སྐུ་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། རང་དང་གཞན་གྱི ་ལུས་དང་འབྲེལ་པ་དང་མ་འབྲེལ་པའོ།། རང་གི་ལུས་དང་འབྲེལ་པ་འདི་བདག་ཉིད་འཁོར་ལོས་སྦྱོར་བ་ལ་སོགས་པའི་གཟུགས་སུ་ཀུན་ཏུ་སྟོན་པའོ།། གཞན་གྱི་ལུས་དང་འབྲེལ་པ་ནི་བདུད་ལ་སོགས་པ་སངས་རྒྱས་ལ་སོགས་པའི ་གཟུགས་སུ་ཀུན་ཏུ་སྟོན་པའོ།། མ་འབྲེལ་པ་ནི་ས་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་ཀུན་ཏུ་སྟོན་པའོ།། སངས་རྒྱས་ཀྱི་སྐུ་ཡོངས་སུ་བཟུང་བ་དཔག་ཏུ་མེད་པ་ཀུན་ཏུ་སྟོན་པ་གང་ཡིན་པ་ཡང་ཡིན་ཏེ། ཇི་སྐད་དུ ་སྔར་བཤད་པ་བཞིན་ནོ།། འོད་ཟེར་རབ་ཏུ་དགྱེས་པས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་མཛད་པ་གང་ཡིན་པ་དེ་ཡང་སྐུ་སྤྲུལ་པ་ཁོ་ན་ཡིན་ཏེ། དེས་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ།། སྐྱེ་བ་ལ་སོགས་པ་ཀུན ་ཏུ་སྟོན་པ་གང་ཡིན་པ་ཡང་ཡིན་ནོ།། དེ་བཞིན་དུ་གསུང་སྤྲུལ་པ་ཡང་རང་གི་ལུས་དང་འབྲེལ་པ་ནི་ཚངས་པའི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པའོ།། གཞན་གྱི་ལུས་དང་འབྲེལ་པ་ནི་གང་གིས་ནི་ཉན ་ཐོས་ལ་སོགས་པའི་ཡང་། སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་ཐེག་པ་ཆེན་པོའི་ཆོས་བསྟན་པར་མཛད་པའོ།། མ་འབྲེལ་པ་ནི་ནམ་མཁའ་ལ་སོགས་པ་དག་ལས་ཆོས་སྟོན་པའི་སྒྲ་འབྱུང་ཞེས་བྱ་བ་ལ་སོགས་པའོ།། ཐུགས ་སྤྲུལ་པ་ནི་བདག་དང་གཞན་དང་འབྲེལ་པ་སྟེ། བདག་ཉིད་ཆོས་ཐམས་ཅད་ཐུགས་སུ་ཆུད་ལ། གཞན་ཡང་གང་གིས་ན་ཤེས་རབ་ཆུང་ངུས་ཀྱང་ཆོས་ཟབ་མོ་ཡང་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་སེམས་ངེས་པར་འཛིན་པར་མཛད་པ ་དེ་ང་། དྲན་པ་ཉམས་པ་རྣམས་ཀྱང་དྲན་པ་སླར་རྙེད་དོ་ཞེས་བྱ་བ་ལ་སོགས་པའོ།། འདི་ནི་བྱུ་བ་སྒྲུབ་པའི་ཡེ་ཤེས་བསྟན་པ་ཡིན་ཏེ། ཇི་སྐད་དུ་སྔར་བཤད་པ་བཞིན་ནོ།། ཏིང་ངེ་འཛིན་དང་གཟུངས་སྒོ་དང་།། དཔག་ཏུ་མེད་པ ་གཉིས་དང་ལྡན།། སྒོ་ནི་སྒོ་མོའོ།། དཔག་ཏུ་མེད་པ་གཉིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོག་ས་དག་གོ།། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཡང ་དག་པར་ལྡན་པ་དང་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ།། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང་།། སྤྲུལ་པས་ཐ་དད་འཇུག་པ་ཅན།། འདི་ལ་རང་བཞིན་པ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དག་གིས་ཐ་སྙད་དུ་འཇུག་པ་ཡོད ་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཐ་དད་པ་མ་ཡིན་མོད་ཀྱི། འོན་ཀྱང་སྐུ་གསུམ་གྱི་བྱེ་བྲག་གིས་འཇུག་པའི་ཕྱིར་འདི ་ལ་ཐ་དད་དུ་འཇུག་པ་ཡོད་པས་ཞེས་བྱའོ།། སྐུ་གསུམ་པོ་འདི་དག་གིས་ནི་རང་དང་གཞན་གྱི་དོན་རྟེན་དང་བཅས་པ་སྟོན་ཏེ། དེ་ལ་རང་བཞིན་པ་ནི་ཆོས་ཀྱི་སྐུ་སྟེ། གནས་ཡོངས་སུ་གྱུར་པའི་མཚན་ཉིད་འབྱོར་པ་ཐམས ་ཅད་ཀྱི་གནས་ཆོས་དཀར་པོ་ཐམས་ཅད་ལ་མངའ་མཛད་པ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚུངས་པ་ཕྲ་ཞིང་ཤེས་པར་དཀའ་བ་ཡིན་ནོ།། དེའི་དབང་དུ་མཛད་ནས ་གཞན་ལས་བརྟགས་པར་བྱ་བ་མ་ཡིན་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་རྟོག་གེའི་ལམ་ལས་ཡང་དག་པར་འདས་པ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལོངས་སྤྱོད་རྫོགས་པ་ནི་དེའི་དབང་གིས་འབྱུང ་བའི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་སྟེ། ཤལ་ལ་སོགས་པའི་རང་བཞིན་གྱིས་སངས་རྒྱས་ཀྱི་ཞིང་རྣམས་སུ་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱི་ནང་དག་ཏུ་སར་ཞུགས་པའི ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྒྱུ་མཚན་ཡིན་ནོ།། སྤྲུལ་པ་དུ་མ་གདུལ་བའི་སེམས་ཅན་ཇི་ལྟ་བ་རྣམས་ལ་གཟུགས་ཀྱི་སྐུ་ལ་སོགས་པ་ཀུན་ཏུ ་བསྟན་པས་ཡོངས་སུ་སྨིན་པར་འགྱུར་བ་དང་མཐུན་པ་སྟེ། དེའི་རྗེས་ལ་ཐོབ་པའི་ཤེས་རབ་ཁོ་ན་ཡིན་ནོ།། སྤྲུལ་པ་ནི་ཉན་ཐོས་ལ་སོགས་པའི་ཡུལ་ཡིན་གྱི་ལོངས་སྤྱོད་རྫོགས་པ་པ་ནི་མ་ཡིན་ནོ།། དེ་ཡང་དེ་བཞིན་གཀྵེ་པ ་རྣམས་ཀྱི་དོན་ཆེན་པོ་སྟེ། གཟུགས་སྣ་ཚོགས་ཀུན་ཏུ་སྟོན་པས་རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན་ནོ།། ལོངས་སྤྱོད་རྫོགས་པ་པ་ནི་རང་གི་དོན་མཛད་པ་ཡིན་གྱི། འདི་ནི་གཞན་གྱི་དོན ་མཛད་པ་ཁོ་ན་ཡིན་ནོ།། གཞན་ནས་སངས་རྒྱས་ཀྱི་རབ་ཏུ་དབྱེ་བ་བཅུ་གསུངས་པ་གང་དག་ཡིན་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་དང་། སྨོན་ལམ་གྱི་སངས་རྒྱས་དང་། ལས་ཀྱི་རྣམ་པར་སྨིན་པའི་སངས་རྒྱས ་དང་། བྱིན་གྱིས་རླབས་ཀྱི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་དང་། སེམས་ཅན་གྱི་སངས་རྒྱས་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་དང་། རང་བཞིན་གྱི་སངས་རྒྱས་དང་། བསམ་པ་ཇི་ལྟ་བུ ་བཞིན་གྱི་སངས་རྒྱས་དང་། ཞེས་བྱ་བ་དེ་དག་ཀྱང་གསུམ་པོ་འདི་དག་ཁོ་ནའི་ཁོངས་སུ་འདུས་ཏེ། དེ་ལ་དང་པོ་ལྔ་ནི་ཀུན་རྫོབ་ཀྱི་སངས་རྒྱས་ཡིན་ནོ།། འོག་མ་ལྔ་ནི་དོན་དམ་པའི་སངས་རྒྱས་ཡིན་ནོ།། སངས་རྒྱས་རྣམས་ཀྱི་ཆོས ་ཀྱི་དབྱིངས།། རྣམ་དག་འདི་ནི་ཡང་དག་བརྗོད།། ཡོངས་སུ་དག་པའི་མཚན་ཉིད་ཇི་སྐད་བཤད་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་སུ་ཡོངས་སུ་དག་པ་གང་ཡིན་པ་འདི་ནི་ཡང་དག་པར་བརྗོད་ཟིན་པར་ཚིགས་སུ་བཅད་པ ་བཞིས་ནི་གོ་རིམ་བཞིན་དུ་རང་བཞིན་གྱི་མཚན་ཉིད་དང་རྒྱུ་དག་དང་འཕྲིན་ལས་དང་ལྡན་པ་དང་འཇུག་པའི་དོན་གྱིས་སངས་རྒྱས་ཀྱི་སའི་རྣམ་པར་དབྱེ་བ་དེ་མདོར་བསྡུས་ཏེ་སྟོ་ན་བར་བྱེད་དོ།། མདོ་སྡེ ་རྣམ་པར་བཤད་བྱས་ནས།། བསོད་ནམས་བདག་གིས་གང་བསྐྱེད་པ།། དེས་ནི་འཇིག་རྟེན་སངས་རྒྱས་པ།། དམ་པ་མཆོག་ནི་ཐོབ་པར་ཤོག། སློབ་དཔོན་དང་ཚུལ་བ་ཟང་པོས་མཛད་པ་གས་སོ།། ་བསོད་རྣམས་སྟོབས་རྒྱས་ཀྱིས་མ་ཚོ་མར་གྱུར་འགྲོ་བ་ཡིས།། ཚེ་ཤོས་དུ་མར་བསགས་པའི་སྡིག་སྒྲའམ་ལུས་ཀུན།། དགེ་འདིས་དུག་ལྔའི་མེ་ལྕེ་ཆུ་ལིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ་སྙིང་པོའི་གོ་ལབང་བྱུང་ཐོའི་ཤོག། ཅེས་མི་དབང་པོ་ལྟ་བས ་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།། ། སརྦ་མངྒའོ།། དགེའོ།།་