CLOSE WINDOW

GT3496: 'phags pa ga ya mgo'i ri mdo dang spel mar bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། འཕགས་པ་ག་ཡ་མགོའི་རི་མདོ་དང་སྤེལ་མར་བཤད་པ། ་བླམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། བདག་མེད་ཡེ་ཤེས་རྡོ་རྗེ་བཟང་།། སྒྲིབ་པའི་རི་བོ་བཅོམ་པ་ལ།། ཕྱག་འཚལ་མདོ་དང་བཤད་པ་གཉིས།། སྤེལ་མར་རབ་ཏུ་བཤད་པར་བྱ།། ག་ཡ་མཧཱ ་རིའི་མདོ་བཤད་པར་འདོད་པས་སློབ་དཔོན་དབྱིག་གཉེན་གྱིས་མདོའི་ལུས་རྣམ་པརརྱ་བཞག་པའི་ཕྱིར་ཐོག་མར་མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོར་བསྡུས་པའི་དོན་བཟླུམས་པ་གང་ཡིན་པ་དེ་མདོར་བསྡུས་པའོ།། དེ ་ཡང་གླེང་གཞི་ལ་སོགས་པ་ཐ་དད་པས་རྣམ་པ་དགུའོ།། དེ་ལ་གླང་གཞི་ནི་མདོ་འབྱུང་བའི་རྒྱུ་ཡིནོ།། དེ་ཡང་དག་པར་སྡུད་པར་བྱེད་པ་དང་། སྟོན་པ་པོ་དང་། གནས་དང་། ཉན་པ་པོར་དབྱེ་བས་རྣམ་པ་བཞིར་འགྱུར་ཏེ། གང་གིས ་གང་ན། གང་དག་ལ་བཤད་ཅིང་། གང་གིས་ཕྱིས་ཡང་དག་པར་བསྡུ་བ་བྱས་པའོ།། དེ་ཡང་འདི་སྐད་བདག་གིས་ཞེས་བྱ་བཱ་ན་སྔ་བཟུང་སྟེ། དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བལྕི་བར་འདིས་བརྗོད་དོ།། ཉན་པ་ལ་ཞུགས ་པ་དག་ནི་ཉན་པ་པོ་རྣམ་སོ།། དེ་དག་གི་མཐུན་པའི་ཡོན་ཏན་འབྱོར་པ་སྟེ། མཐུན་པའི་ཉན་པ་པོ་ཕུན་སུམ་ཚོགས་པའོ།། དེ་བཞིན་ཉིད་ལ་དམིགས་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ།། རྟོག་པ་པོ་ནི་སྟོན་པ་སྟེ། དེའི ་རྣམ་པར་དག་པ་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ།། གང་གིས་རྟོགས་པ་དང་། གང་རྟོགས་པ་དང་། ཇི་ལྟར་རྟོགས་པར་བྱ་བ་དེ་ནི་བརྟགས་པར་བྱ་བའི་དངོས་པོའོ།། བཞེངས་པ་ནི་ཏིང་ངེ་འཛིན་ལས ་བཞེངས་པའོ།། བསྟན་པ་ནི་གདགས་པའི་དོན་བརྗོད་པ་ཀུན་རྫོབ་རབ་ཏུ་བཤད་པའོ།། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་དང་། སྤྱོད་པ་རྣམ་པར་དབྱེ་བ་དང་། རྣམ་པ་དགུ་ཡིནོ།། ད་ནི་མདོའི་ཚིགས ་རྣམ་པར་བཤད་པར་བྱའོ།། འདྲི་སྐད་ཅེས་བྱ་བའི་སྒྲ་ནི་དམ་བཅས་པ་ལ་བྱ་སྟེ། ཁོ་བོ་ཅག་ལ་ཆོས་སྟོན་ཅིག་ཅེས་འཁོར་གྱི་ཡང་དག་པར་སྡུད་པར་བྱེད་པ་ལ་གསོལ་བ་བཏབ་པ་དང་། དེ་ནས་དེ་བཞིན་ནོ་ཞེས་དྲམ་བཅས་པ་སྟེ། ་ཁྱེཁྱོད་ཅག་གིས་ཇི་སྐད་སྨོས་པ་དེ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡོང་འདོད་པས་བྱས་པ་མ་ཡིན་ཏེ། གང་གྲི་ཕྱིར་ཞེ་ན། བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པསོ།། ཡང་ན་འདི་སྐད་ཅེས་བྱ་བའི་སྒྲ་ནི་དྲིས་པའི་དོན་དག ་གཞན་དུ་མྱི་འགྱུར་བ་ལ་བྱ་སྟེ། ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་བཞིན་དུ་སྨོས་ཤིག་ཅེས་བྱས་པ་དང་། འདི་སྐད་བདག་གི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བདག་གིས་འདི་སྐད་ཐོས་ཀྱི་གཞན་དུ་མ་ཡིན་ནོ།། བདག་གིས་ཞེས་བྱ ་བ་ནི་མངོན་སུམ་དུ་ཐོས་པར་སྟོན་ཏོ།། ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་བཟུང་བའོ།། དུས་གཅིག་ནི་དུས་གཅིག་ཚེའོ།། བཅོམ་ལྡན་འདས་ནི་བདུད་བཞི་བཅོམ་པའི་ཕྱིརརོ།། ཡང་ན། རང་དབང་དང་ནི་རབ་སྦྱངས་དང ་གཟུགས་བཟང་བ་དང་གྲགས་པ་དང་།། དཔལ་དང་བདག་ཉིད་ཆེ་ཚོགས་པ།། དྲུག་པོ་རྣམས་ལ་ལེགས་ཤེས་བྱ།། དོན་དྲུག་གི་མཚན་ཉིད་ཀྱི་ལེགས་པ་དེ་ལ་མངའ་བས་བཅོམ་ལྡན་འདས་ཏེ། འདི་ལྟར་བཅོམ་ལྡན་འདས་ཏེ། འདི ་ལྟར་བཅོམ་ལྡན་འདས་རང་དབང་ཚོགས་པ་ནི་ཉོན་མོངས་པའི་འཆིང་བ་བག་ཆགས་དང་བཅས་པ་བཅད་པའི་ཕྱིརརོ།། རབ་ཏུ་སྦྱངས་པ་ཚོགས་པ་ནི་ཡེ་ཤེས་ཀྱི་མེས་ཤེས་བྱའི་སྒྲིབ་པའི་མུན་པ་བསལ་བའི་ཕྱིརརོ།། གཟུགས་ཚོགས ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དྲང་ལྡན་པའི་ཕྱིརརོ།། གྲགས་པ་ཚོགས་པ་ནི་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིརརོ།། དཔལ་དང་ཚོགས་པ་ནི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་གྱུར་པའི་ཕྱིརརོ།། བདག་ཉིད་ཆེན་པོའི་ཚོགས ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པའི་ཕྱིར།། བཞུགས་པ་ནི་འདུལ་བ་ཇི་ལྟ་བ་བཞིན་དུ་སྤྱོང་ལམ་བཞི་པོ་དག་གིས་གནས་པ་ཀུན་ཏུ་བསྟན་པའོ།། ཏེ་ཞེས་བྱ་བ་ནི་གྱུར་ཟིན་པ་སྟེ། ག་ཡེ་ན་བཞུགས་པར་གྱུར་ཟིན་ཏོ་ཞེས་བྱ་བའི ་ཐ་ཚིག་གོ།། འདིས་ནི་ག་ཡ་ཞེས་བྱ་བའི་ཡུལ་སྦྱར་མཆོད་རྟེན་དུ་གྱུར་པ་བསྟན་ཏོ།། མདོ་འདི་ཡུལ་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་པར་བརྗོད་པའི་ཕྱིར། གཱ་ཡ་མགོའི་མཆོད་རྟེན་ན་ཞེས་བྱ་བ་གསུངས་ཏེ། མགོའི་སྒྲ་ནི་རྩེ་མོའི ་སྒྲའི་རྣམ་གྲངསུ་གཏུགས་པ་སྟེ། རང་བཞིན་གཞན་ནོ།། གཙོ་བོ་ན་ར་དེ་ལ་ག་ཡའི་མགོ་ཞེས་བྱའོ།། གཙོ་བོ་ནི་དེ་བཞིན་གཤེགས་པའི་གནས་ཀྱི་ཕྱི་རོ།། དེ་བཞིན་གཤེགས་པ་བཞུགས་པར་བརྗོད་པ་དེ་ཉིད་ཀྱིས་མཆོད་རྟེན་དུ་གྱུར་ཏེ། མཆོད ་རྟེན་སྨོས་པ་གང་ཡིན་པ་དེ་སངས་རྒྱས་དུ་མ་བཞུགས་བཞུགས་པས་གནས་ཁྱད་ཞུགས་པོ་བསྙད་པའི་ཕྱིར།། དེ་བསྙད་པ་ཡང་ཆོས་ཀྱི་རྣམ་གྲོངས་འདི་སངས་རྒྱས་དུ་མས་བྱིན་གྱིས་བརླབས་པར་ཐབས་ཀྱིས་བསྙད་པའི་ཕྱིར་རོ།། ་དེ་བས་ན་སློབ་དཔོན་གྱིས་དེ་ལ་གླེང་གཞི་ནི་ཞེས་བྱ་བ་ལ་སོགས་པ་སྨོསོ།། གླེང་གཞིའི་ཕྱོགས་གཅིག་ལ་ཡང་གླེང་གཞི་ཞེས་བྱ་བར་བལྟ་བར་བྱའོ།། མི་སློབ་པ་དང་། སློབ་པས་བསྡུས་ཞེས་བྱ་བ་ནི་དགེ་སློང ་གི་དགེ་འདུན་ཆེན་པོ་ཞེས་འབྱུང་བའི་ཕྱིརརོ།། འདིར་བསྙེན་པར་རྫོགས་པའི་དགེ་སློང་སྨོས་པའི་ཕྱིར་གཉིས་སྨོས་སོ།། དགེ་སློང་སྟོང་དུ་ཚང་བ་ཞེས་འབྱུང་བ་ནི་མི་སློབ་པ་རྣམས་ཀུན་ཏུ་བསྟན་པའི་ཕྱིརརོ།། ཉོན་མོངས་པ་བཅོམ་པས་དགེ ་སློང་ཞེས་བྱ་བའི་ཕྱིར་རོ།། བྱེ་བ་བྱས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་བྱེ་བྲག་གོ།། དེ་ལ་ཚིག་དང་པོའི་བཤད་པ་ནི་ལྷག་མཐོང་གི་བྱ་བ་ཤིན་ཏུ་རྫོགས་པའི་ཕྱིར་བྱ་བ་རྫོགས་པ་ཞེས་བྱ་བ་སྟེ། ལྷག་མཐོང་ནི་ཤེས་རབ་ཀྱི་རྣམ ་གྲངསུ་གཏོགས་པོར་བལྟའོ།། བྱེད་པ་བྱས་པ་ནི་ཏིང་ངེ་འཛིན་གྱི་བྱ་བ་ཡོངསུ་རྫོགས་པའི་ཕྱིར་ཏེ། དེ་ནི་བྱ་བ་ཟིན་པ་ཞེས་བྱ་བ་བཤད་དོ།། ལྷག་མཐོང་གི་བྱ་བ་ནི་ཀུན་ནོས་ཉོན་མོངས་པ་རྣམ་པ་གསུམ་སྤངས་པ་སྟེ། དེ་ནི་ཁུར་བོར ་བ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་སྟོན་ཏོ།། བོར་བཱ་ཞེས་བྱ་བ་ནི་གང་གིས་ཕུང་པོ་ལྔའི་ཁུར་བོར་བ་སྟེ། མ་འོངས་པའི་དུས་ན་སྐྱེ་བ་མེད་པས་དེ་དགྲོ་ལ་དེ་སྐད་ཅེས་བྱའོ།། དེའི་བཤད་པ་ནི་ཁུར་བླངས་པ་བོར་བ་སྟེ་ཁུར་དེ ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་ཞེས་བྱ་བ་སྟེ། འདིས་ནི་ཚོའི་ཀུན་ནས་ཉོན་མོངས་པ་སྤངས་པར་བསྟན་ཏོ།། བདག་གི་དོན་རྗེསུ་ཐོབ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་སྟེ། དེའི་བཤད་པ་ནི་མྱ ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པ་ཞེས་བྱ་བའོ།། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངསུ་ཟད་པ་ཞེས་བྱ་བ་ནི་གང་དག་གིས་ལས་གང་དག་ཡིན་པ་དེ་དག་ཡོངསསུ་ཟད་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱོརརོ།། དེའི་བཤད་པ་ན་ཁམས ་གསུམ་ནས་བྱུང་བ་ཞེས་བྱ་བ་སྟེ། འདིར་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པོ་སྤངས་པར་བསྟན་ཏོ།། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་རྣམ་པ་གླང་གིས་ཤེས་རབ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ཟུད་པའི་རྒྱུ ་གྱུར་པ་སྟེ། དེ་དག་གི་དེ་བསྟན་ཏོ།། ཡང་དག་པའི་ཤེས་པ་ནི་ཡང་དག་པའི་གདམས་དག་བསྒོམས་པ་སྟེ། དེས་ཉོན་མོངས་པ་དང་། ལས་དང་། ཚེ་དག་ལས་གང་དག་གིས་སེམས་ཤིན་ཏུ་རྣམ་པར་གྲོལྔ་བ་དེ་དག་ལ་དེ་སྐད་ཅེས་བྱའོ།། དེའི ་བཤད་པ་ནི་མ་ནོར་པའི་གདམས་ངག་བསྒོམས་ཏེ་དེ་ལ་གནས་ནས་ཉོན་མོངས་པ་ཤིན་ཏུ་སྤངས་པ་ཞེས་བྱའོ།། ཉོན་མོངས་པ་ཞེས་བྱ་བ་འདིར་ཉོན་མོངས་པ་དང་ལས་དང་། ཚེ་ལ་བྱ་བར་འདོད་དེ། འདིས་ཉོན་མོངས་པར་བྱེད་པ་དང་། འདིར ་ཉོན་མོངས་པར་བྱེད་པ་སྟེ། སྒྲུབ་པ་གཉིས་སྔོ།། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་བྱ་བས་ནི་ཏི་ངེ་འཛིན་གྱི་བྱ་བ་རབ་ཏུ་སྟོན་ཏེ། སེམས་རྩ་གཅིག་ཏུ་གྱུར་པས་དབང་བསྒྱུར་བ་ནི་སེམས་ལ་དཔྱོང་བདག་སྟེ། ཏིང ་འཛིན་རྣམསོ།། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མཆོག་སྟེ། དེ་ཐོབ་པ་དག་གོ།། དེའི་བཤད་པ་ནི་རྫུ་འཕྲུལ་གྱི་རྐང་པ་ཤིན་ཏུ་བསྒོམས་པ་ཞེས་བྱ་བ་སྟེ། རྫུ་འཕྲུལ་གྱི་རྐང་པ་དག་ན་ཏིང་ངེ་འཛིན་རྣམས ་དེ་དག་ཤིན་ཏུ་བསྒོམས་པས་དང་པས་བྱིན་པ་ཡོངསུ་སྤྱོད་པའི་འོ་སུ་གྱུར་པའི་ཕྱིར་དགྲ་བཅོམ་པ་རྣམ་སོ།། དེ་ནི་དད་པས་བྱིན་པ་ཡོངསུ་སྤྱོད་པའི་འོས་གྱུར་པས་ཞེས་བྱ་བས་བཤད་དོ།། སློབ་པ་རྣམས་ཀྱི་ཚད་ནི་མདོ ་ལས་མི་འབྱུང་སྟེ། བཤད་པ་བྱེད་པས་སློབ་པའི་སྒྲ་དོན་གྱི་སྒོ་ནས་རྣམ་པ་གཉིས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་མ་རྫོགས་པ་ཞེས་བྱ་བས་ནི་རྒྱུ་ཡོངསུ་མ་རྫོགས་པ་བསྟན་ཏོ།། ཇི་ལྟར་འདོད་པའི་དོན་ཡོངསུ་མ་རྫོགས་པས ་ཞེས་བྱ་བ་ནི་འབྲས་བུ་ཡོངསུ་མ་རྫོགས་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ཞེས་བྱ་བ་ནི་དེ་དག་པས་གྲངས་མང་པའོ།། བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དག་གོ།། སེམས་ཅན་ཐམས ་ཅད་ཀྱི་དོན་སྒྲུབ་པའི་ཕྱིར་སེམས་དཔའ་ཆེན་པོ་དག་གོ། དེ་ནས་ཞེས་བྱ་བ་ལ་སོག་སྟ་པས་ཏིང་ངེ་འཛིན་ཡོངསུ་བརྗོད་དོ།། དེ་ལ་དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པའོ།། གཅིག་པུ་ནི་སྐུ་དབེན་པའོ།། དབེན་པར་གཤེགས་པ་ནི་ཐུགས་དབེན་པའོ།། ་ནང་དུ་ཡང་དག་བཞག་པ་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། ཏིང་ངེ་འཛིན་དེ་ནི་དེ་བཞིན་ཉིད་ལ་དམིགས་པ་སྟེ། ཆོས་ཀྱི་དབྱིངས་ཉིད་ལ་བརྟགས་ཏེ་ཞེས་བྱ་བསྭ་བསྟན་ཏེ།། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་རང་གིས ་རིག་པ་ཉིད་ཆོས་ཀྱི་དབྱིངས་ལ་རྟོག་པ་སྟེ། དེ་ཉིད་དམིགས་པ་མེད་པའི་ཏིང་ངེ་འཛིན་ཏོ།། ཅིའི་ཕྱིར་ཏིང་ངེ་འཛིན་ཡོངསུ་བརྗོད་ཅེ་ན། བཤད་པ་བྱེད་པས་དེ་ལ་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་འདིར་དགོས་པ་བསྟན་ཏོ།། བརྟག། ་པར་བྱ་བའི་དངོས་པོ་སྟེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནཱ་ཏིང་ངེ་འཛིན་སོ་སོ་རང་གིས་རིག་པ་ཉིད་དེ། ཆོས་ཀྱི་དབྱིངས་ནི་རྟོག་གེའི་ཡུལ་མ་ཡིན་ཞེས་དེ་སྐད་སྨོས་པའི་ཕྱིར་རོ།། དོན་འདི་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་དོན་གྱི ་སྐབས་འདིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་བྱ་སྟེ། དེ་བཞིན་ཉིད་ནི་ཆོས་ཐམས་ཅད་བདག་མེད་པའི་རྣམ་པས་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ།། འདིས་ནི་ཞེས་བྱ་བས་ནི་སྟོང་པ་ཉིད་ཀུན་ཏུ་བརྗོད་པསོ།། དོན་འདི ་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བའོ།། དེ་དག་གི་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དེ་དག་གིའོ།། སྟོང་པ་ཉིད་མ་མཐོང་བར་ཉོན་མོངས་པ་སྤོང་བ་མེད། གང་ཟག་ལ་བདག་མེད་པའི་རྣམ་པས་སྟོང་པ་ཉིད་ནི་དེ་དག་གི་ཡུལ་ཡང ་ཡིན་ཏོ། ཆོས་ལ་བདག་མེད་པའི་རྣམ་པས་ནི་མ་ཡིན་ནོ།། བདག་གིས་བྱང་ཆུབ་ནི་ཐོབ་ཅེས་བྱ་བ་ནས་བཟུང་སྟེ་རྟོག་པ་པོ་རྣམ་པར་དག་པ་སྟོན་ཏོ།། དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ལ་གནས་པ་ལ་འདི་སྲིད་ཀྱི། དེ་ལས་བཞེངས ་པ་ལ་འདིར་རིགས་ཏེ་འོག་ཏུ་སྒྲུབ་པར་བྱའོ།། གལ་ཏེ་བཅོམ་ལྡན་འདས་ནི་རྟག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བདག་ཉིད་ཡིན་ན་ཇི་ལྟར་མཉམ་པར་འཇོག་པ་དང་། ཇི་ལྟར་བཞེངས་ཞེ་ན། དེའང་འོག་ཏུ་བརྗོད་པར་བྱའོ།། བྱང་ཆུབ ་བརྙེས་པར་བསྟན་པ་ཞེས་བྱ་བ་ནི་བདག་གི་བྱང་ཆུབ་ནི་ཐོབ་ཅེས་མདོ་ལས་འབྱུང་བའི་ཕྱིརརོ།། ཡེ་ཤེས་ཐུགསུ་ཆུད་པས་ཞེས་བྱ་བ་ནི་བདག་གིས་ཡེ་ཤེས་ནི་ཁོང་དུ་ཆུད་ཅེས་འབྱུང་བའི་ཕྱིརརོ།། སྤྲོས་པ་ཐམས་ཅད་དང་བྲལ་བའི ་ཡེ་ཤེས་ཉིད་བྱང་ཆུབ་སྟེ། དེའི་ཕྱིར་དེ་ལྟར་གྱུར་པའི་ཡེ་ཤེས་ཁོང་དུ་ཆུད་པ་ཉིད་བྱང་ཆུབ་བརྙེས་པར་རིག་པར་བྱའོ།། དེའི་ཕྱིར་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མཚུངས་མཉམ ་པསྲ་ཐུབ་པའི་བྱང་ཆུབ་བརྙེས་པ་ཁྱད་པར་དུ་འཕགས་ཏེ། དེ་ནི་ཡེ་ཤེས་ཐུགསུ་ཆུད་པས་བྱེ་བྲག་ཏུ་གྱུར་ཏོ་ཞེས་བྱ་བས་བཤད་དོ།། བདག་གི་དོན་དང་གཞན་གྱི་དོན་ཐབས་དང་བཅས་པའི་ཕྱིར་བྱ་བ་ནི་བྱས་པའོ།། དེའི་བཤད ་པ་ནི་དམ་བཅས་པ་ཉམ་སུ་ལེན་ཞེས་བྱ་བ་ལ་སོགས་པའོ།། བྱ་བ་ནི་བྱས་ཞེས་པའི་ཚིག་གིས་ནི་དེའི་བསྟན་པའོ།། མདོའི་ཚིག་ལྷག་མ་རྣམས་ནི་དེའི་བཤད་པའོ།། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་བསྡུས ་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི་བདག་གིས་ཁུར་ནི་བོར་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་བསྙད་དེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གནས་དང་བཅས་པ་སྤངས ་པར་བསྟན་པའི་ཕྱིར།། ཁྱམས་གསུམ་དུ་སྨྲ་བས་བསྡུས་པའི་རྣམ་པར་སྨིན་པའི་བདག་ཉིད་ཡང་དགེ་བ་མ་ཡིན་པོ་ཀུན་བརྟགས་པའི་མཚན་ཉིད་ཕུང་པོ་དགྲ་ནི་ཁུར་བླངས་པ་སྟེ། དེ་དག་སྤོངས་པའི་ཕྱིར་ཁུར་བོར་བའོ།། འདིས་ནི། ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གནས་སྐྱོ་བ་སྤངས་པར་བསྟན་ཏོ།། དེའི་བཤད་པ་ནི་ཁུར་བླངས་པ་པོར་ཞེས་བྱའོ།། མུར་གྱི་དོན་ནི་སྔ་མ་བཞིན་ཞེས་བྱ་བ་ནི་ཁུར་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ་ཞེས་བཤད་པའི ་ཕྱིར་རོ།། བདག་གིས་འཁྱེར་བའི་འབྲོག་དགོན་པ་ལས་ནི་བུརྒལ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པར་བསྟན་ཏོ།། འདིས་འཁོར་བར་བྱེད་པས་འཁོར་བ་སྟེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགསྷོ།། དེ ་ཉིད་འབྲོག་དགོན་པ་སྟེ། དེའི་བཤད་པ་ནི་ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་སྤངས་པ་ཞེས་བྱའོ།། བདག་གིས་མ་རིགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། དེ་བསལ་བ་ན་སྤངས་པའོ།། འདིས་ནི་ཤེས་བྱའི་སྒྲིབ ་པ་སྤངས་པ་བསྟན་ཏེ། དྲིའི་བཤད་པ་ནི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་སྤངས་པ་ཞེས་བྱའོ།། བདག་གི་རིག་པ་ནི་བསྒྲུབས་ཞེས་པ་བ་འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། ཤེས་བྱ་བ་ཐམས་ཅད་ལ་དམིགས་པའི་ཡེ ་ཤེས་ནི་རིག་པའོ།། དེའི་བཤད་པ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་བྱས་པ་ཞེས་པའོ།། བདག་གིས་ཟུག་རྔུ་ནི་ཕྱུང་ཞེས་བྱ་བ་འདིའི་བཤད་པ་ནི་ལྟ་བ་ཐམས་ཅད་ཀྱི་ཟུག་རྔུ་བཏོན་པ་ཞེས ་བྱའོ།། བདག་གིས་སྲེད་པ་ནི་ཟད་ཅེས་བྱ་བ་འདིའི་བཤད་པ་ནི་སྨོན་ལམ་དང་བྲལ་བ་ཞེས་བྱ་བ་སྟེ། སྲེད་པའི་དོན་དུ་ཚུལ་བའི་སྨོན་ལམ།། ཉོན་མོངས་པོའི་སྒྲིབ་པ་སྤངས་པ་ཉི་ལྟ་བ་དང་སྲེད་པ་སྤངས་པར་གྲུབ་མོད ་ཀྱི་སོ་སོར་སྨོས་པ་ནི་རྒྱུན་མི་འཆད་པར་ཀུན་ཏུ་འབྱུང་བས་ལྟ་བ་དང་སྲེད་པ་གཉིས་གཙོ་བོར་གྱུར་པའི་ཕྱིར།། འདིས་ནི་བདག་གིས་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། བདག་གིས་ཆོས་ཀྱི་གྲུ་ནི་སྦར་ཞེས་བྱ་བ་ནི་ཆོས ་ཐམས་ཅད་བདག་མེད་པ་ལ་དམིགས་པ་ཟག་པ་མེད་པའི་ཤེས་རབ་ནི་ཆོས་ཀྱི་གྲུའོ།། དེའི་བཤད་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པར་བསྒྲུབས་པ་ཞེས་བྱ་བའོ།། བདག ་གིགྱིས་ཆོས་ཀྱི་རྔ་ནི་བརྡུངས་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐབས་དང་བཅས་པ་བསྟན་ཏོ།། དེ་ལ་ཐབས་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའོ།། དེ་ཡང་བདག་གིས ་ཆོས་ཀྱི་རྔ་ནི་བརྡུངས་ཞེས་བྱ་བ་འདིས་བསྟན་ཏོ།། དེའི་བཤད་པ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བ་སྟེ། ངེས་པར་ལེགས་པ་དང་། མངོན་པར་མཐོ་བའི་རྒྱུ་རབ་ཏུ་བཤད་པས་གསུང་རབ་ཀྱི་ཆོས་ནི་རྣམ་པ་གཉིས ་དེ་ལ་ངེས་པར་ལེགས་པའི་རྒྱུ་ནི་སྟོད་པ་ཉིད་བཤད་པའོ།། དེ་ཡང་བདག་གིས་ཆོས་ཀྱི་དུང་ནི་བུས་ཞེས་བྱ་བ་འདི་བསྟན་ཏོ།། དེའི་བཤད་པ་ནི་བདག་མེད་པའི་སྒྲ་སྒྲགས་པ་ཞེས་བྱ་བའོ།། སྟོང་པ་ཉིད་དུ་ལྟ་བ་ནི་དངོས ་བོ་སྟོབས་ཀྱིས་བྱུང་བའི་ཚད་མེས་གྲོགྷྲ་སྐྱུར་བའི་ཕྱྀ་པྲཱ་སྨཱཀྵྨ་རྒོལྔ་པ་ཐམས་ཅ་དུ་དྲིམ་གྱིས་གནོན་པ་ཡིན་པས་བདག་གིས་རློན་ཀྱི་རྒྱལ་མཚན་ནི་བསྒྲེང་ཞེས་བྱ་བ་གསུངས་ཏེ། མུ་སྟེགས་ཐམས་ཅད་ལས་རྣམ་པར་རྒྱལ ་ངས་རྒྱལ་མཚན་ཉིད་དེ། བདག་མེད་པའི་སྒྲོག་སེང་བསྤྱོད་པའི་ཕྱིར།། དེའི་བཤད་པ་ནི་ཕྱིར་རྒོལ་བ་ཤིན་ཏུ་ཚར་བཅད་པ་ཞེས་བྱ་བའོ།། བདག་གིས་འཁོར་བའི་ལུགསོ་ནི་བཟློག་ཅེས་བྱ་བ་ལ་སོགས་པས་ནི་གདུལ་བ་ཟང ་གཞན་གྱི་ངན་ཕུར་སུམ་ཚོགས་པ་ཐ་དད་པར་བསྟན་ཏོ།། གདུལ་བ་ནི་རྣམ་པ་གཉིས་ཏེ། དོན་གྲུབ་པ་དང་། དེ་ལས་བཟློག་པའོ།། དོན་གྲུབ་པ་ནི་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་སྟེ། དེའི་ཆེད་དུ་བླདག་གིས་འཁོར་བའི་ཞེས་བྱ་བ་ལ ་སོགས་པ་གསུངས་པ་སྟེ། འཁོར་བར་འདྲེན་པ་དང་། ཐོབ་པར་བྱེད་བྱས་འཁོར་བའི་ལུགས།། ཀུན་ཏུ་སྦྱོར་བ་ནི་འབྲེལ་པ་སྟེ། དེ་དག་གིས་བཟློག་གོ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་བཤད་པ་ནི་རྐྱེན་ཀུན་ཏུ་སྦྱོར་བ་མི་འབྱུང་བ་ཞེས ་བྱ་བའོ།། ཀུན་ཏ་སྦྱོར་བ་ཉིད་སྐྱེ་བའི་རྐྱེན་དག་སྟེ། དེ་དག་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། དོན་མ་གྲུབ་པ་ནི་ཀུན་ཏུ་སྦྱོར་བ་མ་ལུས་པར་མ་སྤངས་པའོ།། དེ་ཡང་རྣམ་པ་གཉིས་ཏེ། སོ་སོའི་སྐྱེ་བོ་ལུང་གི་སྟོབས་ཅན་དང་། ཁོང་དུ ་ཆུང་བའི་སྟོ་ས་ཅན་དེ་ཁོ་ན་མཐོང་བའོ།། དང་པོའི་ཆེད་དུ་བདག་གིས་ཆོས་ཀྱི་ལྕགས་ནི་བསྙད་ཅེས་བྱ་བ་གསུངས་ཏེ། དཱའི་ཆོས་ཀྱི་ལུགས་ནི་མང་དུ་ཐོས་པ་རྣམས་ཀྱི་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ།། ཆོས་རྣམས་ཀྱི་ལུགས ་ནི་ཚུལོ།། པལ་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ནི་དྲུག་དང་ཇི་ལྟར་མཐུན་པར་བཞག་སྟེ། ཚུལ་དྲུག་ནི། དེ་ཁོ་ན་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་དང་། བསྟན་པའི་ཚུལ་དང་། མཐ་གཉི་སྤངས་བཱི་ཚུལ་དང་། བས་གྷི་མི་ཁྱབ ་དང་། དགོངས་པའི་ཚུལ་ལོ།། དེའི་བཤད་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པར་བཤད་པ་ཞེས་བྱ་བའོ།། ཁོང་དུ་ཆུད་པའི་སྟོབས་ཅན་གྱི་ཆེད་དུ་བདག་གིས་ལམ་ངན་པ་ནི་བཅད་ཅེས་བྱ་བ་ལ། ་སོགས་པའི་ཚིག་གཉིས་གསུངས་ཏེ། ཕྱིན་ཅི་ལྡོག་ལ་མངོན་པར་ཞེན་པ་དག་ནི་ལམ་དྲན་པ་དགྲ་གོ། འདུལ་བ་རྣམས་ཀྱིས་དེ་དག་ནི་ངས་བཅད་དེ། སེམས་ཅན་ལྔ་བསྟན་པསོ།། ཞེས་བྱ་བར་དགོངས་པའོ།། དེ་བས་ན ་བབདག་གིས་ལམ་ནི་ཀུན་ཏུ་བསྟན་ཅེས་བྱ་བ་གསུང་སོ།། ཚིག་འདི་གཉིས་ཀྱི་བཤད་པ་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྤངས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེསུ་མཐུན་པ་ཞེས་བྱ་བ་སྟེ། གོ་རིམ་བཞི་ནོ།། དེ་དག ་བོངས་པར་ལེགས་པའི་སྣོད་ཀྱི་ཆེད་དུ་གཞན་གྱི་དེན་ཕུན་སུམ་ཚོགས་པ་བསྟན་པའོ།། མངོན་པར་མཐོ་བའི་སྣོད་ཀྱི་ཆེད་དུ་བདག་གིས་ཞིང་ངན་པ་དག་ནི་རྣམ་པར་བཟློག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་དང་ཞིང་མ་ཡིན ་པ་རྣམ་པར་དབྱེ་བ་ཡོངསུ་ཤེས་པར་གྱུར་ན་ཞིང་མ་ཡིན་པ་འདོར་ཏེ། ཞིང་ལ་མངོན་པར་མཐོ་བའི་ས་བོན་འདེབས་པས་མངོན་པར་མཐོ་བའི་འབྲས་བུ་ཁྱད་པར་དུ་འཕགས་པ་འཐོབ་བོ།། ཚིག་འདི་གཉིས་ཀྱི་བཤད་པ་ནི་མུ་སྟེགས་ཅན ་ཞིང་དྲན་པ་རྣམ་པར་བཟློག་པ་དང་། བསོད་ནམས་ཀྱི་ཞིང་དཀོན་མཆོག་གསུམ་ཀུན་ཏུ་བསྟན་པས་ནཱ་ཞེས་བྱ་བ་སྟེ། གོ་རཱིམ་བཞིན་ནོ།། ཆོས་དེ་ལ་ཞེས་བྱ་བ་ནི་བྱང་ཆུབ་ལའོ།། ཇི་ལྟར་ཞེས་བྱ་བཱ་ནརྀ་རྣམ་པ་ཞེས་བྱ་བའོ།། གང་གིས་ཞེས་བྱ ་བ་ནི་བྱེད་པའོ།། སུས་ཞེས་བྱ་བ་ནི་བྱེད་པ་པོའོ།། དེའི་བཤད་པ་ནི་དེ་ལ་བརྟག་པར་བྱ་བའི་དངོས་པོ་ནི་གང་གིས་གང་ཞིག་ཇི་ལྟར་ཁོང་དུ་ཆུད་པ་ཞེས་བྱ་བའོ།། དེ་ལ་གང་གིས་ཞེས་བྱ་བས་ནི་བྱེད་པ་དང་བྱེད་པ་པོ་སྟོན་ཏོ།། གང་ཞིག ་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱ་བ་སྟེ། བྱང་ཆུབ་ཅེས་བྱ་བའོ།། ཇི་ལྟར་ཞེས་བྱ་བ་ནི་རྣམ་པ་སྟེ། སུས་བྱང་ཆུབ་ལ་བྱེད་པ་པོ་དང་། བྱེད་པ་ལ་སོགས་པ་ཀུན་བརྟགས་ནས་བྱང་ཆུབ་ཁོང་དུ་ཆུད་པ་སྟོན་ཏོ།། འདི་ནི་དེའི་ཀུན་བརྟགས་པའི ་རང་བཞིན་ཏེ། དེ་དག་ནི་ཀུན་བརྟགས་པ་ཡིན་པས་དུས་གསུམ་དུ་ཡང་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བས་བསྟན་ཏོ།། ཅིའི་ཕྱིར་ཞེ་ན། ལུས་དང་སེམས་ཀྱིས་ནི་ཁོང་དུ་ཆུད་པར་མི་རིག་སོ་ཞེས་མདོ་ལས་གསུངས་བྱས། བདག ་ལ་སོགས་པས་ཀྱང་མྲ་ཡིན་ཏེ། དེ་བས་ན་ལུས་དང་སེམས་ཀྱིས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་སོགས་པ་མུ་སྟེགས་ཅན་གྱིས་ཀུན་བརྟགས་པ་རྣམས་ཤིན་ཏུ་མེད་པའི་ཕྱིར་མ་བཞག་གོ་ཞེས་བྱ་བའི་ཐ་ཚིག་གོ།། ལུས་ནི ་རྡུལ་ཕྲ་རབ་ཀྱི་བདག་ཉིད་དུ་མེད་དུ་ཟིན་ཀྱང་དེ་ལྟར་གྱུར་པ་རྣམ་པར་ཤེས་པ་སྣང་བའི་དབང་གིས་རྣམ་པར་བཞག་གོ།། བེམས་པོ་གཡོ་བ་མེད་པ་ཞེས་བྱ་བ་ནི་དོན་གཅིག་གོ།། དེའི་བཤད་པ་ནི་སྤྱོད་པ་མེད་པ་ཞེས་བྱ་བ་སྟེ། ཡུལ་ཁོང ་དུ་ཆུད་པའི་མཚན་ཉིད་ཀྱི་སྤྱོད་པ་མེད་པའི་ཕྱིརརོ།། རྩཝ་དང་ཞེས་བྱ་བ་ལ་སྲོགས་པའི་བཤད་པ་ནཱི་ཀུན་ཏུ་བརྟགས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་རྩཝ་ལ་སོགས་པ་ཕྱི་རོལ་ན་མེད་ཀྱང་རྣམ་པར་ཤེས་པས་ཡོངས་སུ ་བརྟགས་པ་ཙམ་གྱིས་རྣམ་པར་བཞག་པ་ལྟར་ལུས་དེ་བཞིནོ།། སེམས་མེད་པ་ཞེས་བྱ་བ་འདིའི་བཤད་པ་ནི་འདུ་ཤེས་མེད་པ་ཞེས་བྱ་བ་སྟེ། འདི་ཡང་གཡོ་བ་མེད་པ་སྒྲུབ་པའོ།། རྐྱེན་རྣམས་ཚོགས་པ་ལས་བྱུང་བ་ཞེས་བྱ་བ་དེ་ནི་འདིར ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བྱ་བ་འདིའི་བཤད་པ་སྟེ། དེའི་རྣམ་པར་འཁྲུལ་པའི་དབང་གིས། འབྱུང་བ་ཆེན་པོ་བཞི་པོ་དག་ལས་བྱུང་བའི་ལུས་ཞེས་རྣམ་པར་བཞག་པར་ཟད་ལ། ་འབྱུང་བ་ཆེན་པོ་ལ་སོགས་པ་འཁྲུལ་པ་ཡང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཀྱི་གནས་སྐབས་ན་མེད་ན་ལུས་ལྟ་བྱང་ཆུབ་ཁོང་དུ་ཆུད་པའི་བྱེད་པ་པོར་ག་ལ་འགྱུར་ཞེས་དགོངས་པའོ།། ཕ་མའི་མི་གཙང ་བཱ་ལས་བྱུང་བ་ཞེས་བྱ་བ་འདིའི་བཤད་པ་ནི་མཱི་གཙང་བ་ཞེས་བྱ་བ་སྟེ། འདིར་ཡང་གོང་དུ་བཤད་མ་ཐག་པ་ཉིད་དགོངས་པའོ།། མཽ་རྟག་པ་ཞེས་བྱ་བ་འདིའི་བཱ་ཤདྲ་པ་ནི་ཐེར་ཟུག་མ་ཡིན་པ་ཞེས་བྱའོ།། དགོངས་པ་ནི་འདི ་ཡིན་ཏེ། གཉིས་ལས་རྣམ་པར་དབེན་པའི་དེ་བཞིན་ཉིད་དོ།། དེ་ནི་འགྱུར་བ་མེད་པ་སྟེ། དེ་ཡང་འགྱུར་བ་མེད་པ་ཉིད་ཀྱི་ཡེ་ཤེས་ཀྱིས་འཛིན་ཏེ། དེ་དེའི་བདག་ཉིད་ཡིན་པའི་ཕྱིར།། དེ་བཞིན་གཤེགས་པའི་ཡེ་ཤེས་མཚན ་ཉིད་ཀྱིས་སྐད་ཅིག་པ་ཡིན་དུ་ཟིན་ཀྱང་དེ་རྟག་ཏུ་འདྲ་བའི་ཕྱིར་འགྱུར་བ་མེད་པ་ཉིད་དུ་རྣམ་པར་བཞག་སྟེ། ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པའི་ལུས་ནི་དྲི་ལྟ་མ་ཡིན་ནོ།། རྟག་ཏུ་བསྐུ་བ་དང་། བཀྲུ་བ་དང་། ་མཉེ་དགོས་པ་དང་ཞེས་བྱ་བ་དེའི་བཤད་པ་ནི་རང་བཞིན་གྱིས་བསྒྲིམས་ཏེ་ཡོངསུ་བསྐྱང་དགོས་པ་ཞེས་བྱ་བའོ།། འཇིག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་འཇིགས་པའི་ངང་ཚུལ་ཅན་གྱིས་ཞེས་བྱ་བ་སྟེ། མི་རྟག་པ་ཉིད ་ནི་སྐད་ཅིག་པ་དང་སྦྱར་ཏེ་བསྟན་ཏོ།། འཇིག་པའི་ངང་ཚུལ་ཅན་ནི་རྒྱུ་དང་སྦྱར་ཏོ།། ལོག་པར་སྣང་བས་གཉི་སུ་མེད་པ་ལ་གཉིསུ་སྣང་བའི་ཕྱིར་རྣམ་པ་དེས་བྱིས་པ་རྣམས་རྨོངས་པར་བྱེད་དེ། སེམས་ནི་སྒྱུ་མ་དང་མཚུངས་པ་ཞེས་བྱ་བ་དེའི ་བཤད་པའོ།། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་བསྐྱེད་པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ནི་དགེ་བ་དང་མི་དགེ་བའི་རྐྱེན་ལས་བྱུང་བ་ཞེས་བྱ་བས་བཤད་དོ།། གཅིག་ལ་དམིགས་པའི་གཞི་ནི་གནས་ཏེ། ་དེ་མེད་པའི་ཕྱིར་གནས་མེད་པའོ།། དེ་ནི་མི་གནས་པ་ཞེས་བྱ་བས་བཤད་དོ།། དེ་ནི་གཞན་གྱི་དབང་གིས་བདག་ཉིད་ཀྱི་སེམས་ཀྱི་དབང་དུ་བྱས་ནས་ཚིག་གསུམ་གསུངསོ།། བྱང་ཆུབ་ཀྱི་གནས་སྐབས་ན་ནི་དེ་ལྟ་བུར་གྱུར་པའི་སེམས ་མེད་ན་གང་གིས་དེ་དེའི་ཁོང་དུ་ཆུད་པར་བྱ་བར་འགྱུར། བརྟགས་པའི་དབང་དུ་བྱས་ནས་མཚན་ཉིད་མེད་པ་ཞེས་བྱ་བ་གསུངསོ།། མཚན་ཉིད་མེད་པ་ཞེས་བྱ་བ་གསུངས།། མཚན་ཉིད་ཡོད་པ་མ་ཡིན་པ་ནི་མཚན་ཉིད་མེད་པ ་སྟེ། མེད་པར་དགག་པ་ཙམ་མོ།། དེའི་བཤད་པ་ནི་ཀུན་བརྟགས་པའི་མཚན་ཉིད་མི་དམིགས་པ་ཞེས་བྱའོ།། ཡོངསུ་གྲུབ་པའི་ཕྱིར་ཡུལ་མ་ཡིན་ཞེ་ན། དངོས་པོ་མེད་པ། བླ་གབ་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལ་ཀུན་བརྟག ་པའི་དངོས་པོ་མེད་པས་དངོས་པོ་མེད་པའོ།། ཡོངསུ་གྲུབ་པ་ཡང་དེ་ཡིན་ཏེ། འདིར་བླ་གབ་མེད་པ་དང་མཚུངས་པའི་ཕྱིར་རོ།། འོད་ནི་འདི་སྐད་དུ་གཟུང་བ་དང་། འཛིན་པ་གཉིས་ལས་དབེན་པའི་ཡེ་ཤེས་ནི་ནམ་མཁའ་དང་མཚུངས་པ་སྟེ། ་བྱང་ཆུབ་ཀྱང་ཡེ་ཤེས་དེ་ཉིད་ཡཱ་ནོ།། དེ་བས་ན་ཐ་དད་མེད་པའི་ཕྱིར་ཁོང་དུ་ཆུད་པ་དང་། ཁོང་དུ་ཆུད་པར་བྱ་བའི་དངོས་པོ་མེད་དོ་ཞེས་བསྟན་པར་འགྱུར་རོ།། དེའི་བཤད་པ་ནི་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་དང་། ་རིང་དུ་སོང་བས་ཞེས་བྱ་བའོ།། རང་བཞིན་གྱིས་ངོ་བོ་ཉིད་ཀྱིས་ཡོངསུ་གྲུབ་པ་ལ་སྒྲོ་བོཏགས་པའི་ངོ་བོ་ཉིད་སྟོང་པ་ཉིད།། འདིས་ནི་དངོས་པོ་མེད་པའི་དོན་བསྟན་ཏོ།། རིང་དུ་སོང་བས་ཞེས་བྱ་བས་ནི་སེམས་ན་མཁའི་དྲོ་བོ་ཉིད་བསྟན་ཏེ། དཔེ ་ན་ན་མཁའ་ཆོད་པ་མེད་པར་ཐམས་ཅད་དུ་སོང་བ་ལྟར་སེམས་ཀྱང་དེ་བཞིན་ཏེ། དེ་བཞིནི་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། འདིས་ནི་བླ་གབ་མེད་པའི་དོན་བསྟན་ཏོ།། བྱང་ཆུབ་ཅེས་བྱ་བ་ལྷོ་སོགས་པ་ལ། བྱང་ཆུབ་ནི་རྣམ་པ་གཉིས་ཏེ། ་སོ་སོ་རང་གི་རིག་པ་དང་། སྒྲས་བརྗོད་པར་བྱ་བའོ།། དེ་ལ་སྒྲས་བརྗོད་པར་བྱ་བ་ནི་ཐ་སྙད་ཙམ་མ་གཏོགས་པར་ཅི་ཡང་མེད་ན་དེ་ཁོང་དུ་ཆུད་པར་བྱ་བར་ཇི་ལྟར་འགྱུར། སོ་སོ་རང་གིས་རིག་པ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་བདག་ཉིད ་དུ་གྱུར་པ་སྟེ། དེ་ལ་ཡང་ཁོངསུ་ཆུད་པར་བྱ་བ་དང་། ཁོང་དུ་ཆུད་པ་ཡོད་པར་ག་ལ་འགྱུར། མིང་ཙམ་ཐ་སྙད་ཙམ་ཞེས་བྱ་བ་ནི་བྱང་ཆུབོ་རྣམ་པ་གཉིས་པོ་དེ་སྟོན་ཏེ། མིང་ནི་གཟུགས་མེད་པའི་ཕུང་པོ་རྣམ་སོ་ཞེས་འབྱུང ་བའི་ཕྱིར་གཉིསུ་མེད་པའི་ཡེ་ཤེས་ཉིད་མིང་གི་སྒྲར་བསྟན་ཏོ།། གཉིསུ་མེད་པའི་ཡེ་ཤེས་ཙམ་ཉིད་བྱང་ཆུབ་སྟེ། དེ་ལས་གུད་ན་མདོ།། འདིས་ནི་སོ་སོ་རང་གིས་རིག་པ་བསྟན་ཏོ།། ཐ་སྙད་ཙམ་ཞེས་བྱ་བ་ནི་སྒྲས་བརྗོད་པར་བྱ ་བའོ།། པོ་བཤད་པ་ནི་དེ་ལ་ཁོང་དུ་ཆུད་པར་བྱ་བའི་དོན་ནི་མིང་དང་ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ།། མིང་དང་ཐ་སྙད་ཙམཱ་ཞེས་བྱ་བ་ནི་མིང་ཙམ་ཐ་སྙད་ཙམ་ཅེས་བྱ་བའི་ཐ་སྙད་ཙ ་བྱ་བཱི་ཐ་ཆེ་གོ།། ནམ་མིང་ཙེ་དུ་གྱུར་པ་དེའི་ཚེ་འདི་སྐད་འདི་ལ་ནི་ཀུན་བརྟགས་པའི་རང་བཞིན་འགྱུར་བ་མེད་དོ་ཞེས་བཤད་པར་བྱའོ།། ཀུན་བརྟགས་པའི་རང་བཞིན་མི་འབྱུང་བ་ནི་གང་གི་ཚེ་ཐ་སྙད་ཙམ་དུ་ཟད་པས་དེའི་ཚེ་འབྱུང་པོ་མེད་པ ་ཙམ་ནི་འབྱུང་བ་མེད་པའོ།། གཅིག་ནས་གཅིག་ཏུ་བརྒྱད་དེ་སྒྲ་སྐད་ཀྱི་གནསུ་གྱུར་པ་ལྡོག་པའི་དངོས་པོ་དེ་ལ་སྒྲ་སྐད་མེད་པར་སྒྲ་སྐད་མེད་པའོ།། དེ་ཡང་ཐ་སྙསྙེད་ཙམ་ལ་བརྟེན་ནས་བསྟན་ཏེ། དེའི་བཤད་པ་ནི་དངོས་པོ་མེད ་པ་ཞེས་བྱེ་བའོ།། དཔྱད་པ་ནི་རྟོག་པ་སྟེ། དེའི་ཡུལ་མ་ཡིན་པས་དཔྱད་དུ་མེད་པ་སྟེ། དེ་ནི་རྟོག་གེའི་ཡུལ་ལུས་ཤིན་ཏུ་འདས་པ་ཞེས་བྱ་བས་བཤད་དོ།། ཆོས་རང་བཞིན་གྱིས་སྟོང་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་རང་བཞིན་ལས ་དབེན་པོའི་ཕྱིར་ཏེ། དེ་ནི་གྲུབ་པ་མེད་པ་ཞེས་བྱ་བ་དེའི་བཤད་པ་སྟེ། དེ་ལ་གཟུང་བ་འམ་འཛིན་པ་གྲུབ་པ་མེད་པའི་ཕྱིར།། རྒྱུ་བ་མེད་པ་ནི་མཚན་མ་མེད་པའི་ཕྱིརརོ།། འཇུག་པ་མེད་པ་ནི་བྱིས་པའི་ཡུལ་ལས་ཤིན་ཏུ་འདས་པའི ་ཕྱིར་རོ།། འཕགས་པ་རྣམས་ཀྱིས་ཤེས་པ་རྣམ་པ་དང་བཅས་པ་གང་ཡིན་པ་འདི་ཡུལ་ལས་ཀྱང་ཤིན་ཏུ་འདས་པའི་ཕྱིར།། རྣམ་པར་རིག་པ་མེད་པའོ།། གདགས་པའི་གནས་གཟུང་བ་དང་འཛིན་པར་སྒྲོ་བཏགས་པ་མེད ་པའི་ཕྱིར་གདགས་པར་བྱ་བ་མ་ཡིན་པའོ།། དེའི་ཕྱིར་གནས་མེད་པ་ཞེས་བཤད་དོ།། འོང་བ་ནི་འབྱུང་བའོ།། འགྲོ་བ་ནི་འགག་པ་སྟེ། དེ་དག་ཀུན་བརྟགས་པའི་ངོ་བོས་གང་ལ་ཆོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེའི ་བཤད་པ་ནི་མ་སྐྱེས་མ་འགགས་ཞེས་བྱའོ།། གདུགས་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེའི་བཤད་པ་ནི་ཐེ་སྙདྲ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱའོ།། ཁམས་གསུམ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེའི ་བཤད་པ་ནི་དགེ་བ་དང་མི་དྲག་པ་མངོན་པར་འདུ་བྱེད་པའི་ལས་མི་དམིགས་པ་ཞེས་བྱ་བའོ།། ལུས་ཀྱི་སྒྲ་ནི་བྱེད་པ་ལ་བྱ་སྟེ། དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེས་ལས་གང་བྱེད་པ་ནི་སྐྱེད་བྱེད་ཅེས་བྱ ་པའི་ཐ་ཚིག་སྟེ། དེ་མི་དམིགས་པའི་ཕྱིར་རོ།། མི་མཐོང་བ་ཞེས་བྱ་བ་དེའི་བཤད་པ་ནི་ལྟ་བ་པོ་དང་བྲལ་པོ་ཞེས་བྱ་བློ་སྟེ། བྱང་ཆུབ་ལས་གུད་ན་ལྟ་བ་པོ་མང་པོའི་ཕྱིར།། མ་ཐོས་པ་ཞེས་བྱ་བ་དེའི་བོ་ཤད་པནྡྷ་རྣ་བའི་རྣམ་པོར ་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱ་བའོ།། བྱེ་བྲག་མ་ཕྱེད་པ་ཞེས་བྱ་བ་དོའི་བཤད་པ་ནི་ཡིད་ཀྱི་རྣམོ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་སྟེ། གང་ཡིད་ཀྱི་རྣམ་པར་ཤེས ་བས་གཟུང་པོ་བྱང་ཆུབ་ཅེས་བྱ་བ་གཟུང་བར་བྱ་བ་གང་ཡོང་མེད། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབ་བོ།། དེ་ལ་གཟུང་བ་དང་འཛིན་པའི་དངོས་པོ་ག་ལ་ཡོད། བག་ཆགས་ཐམས་ཅད་ཀྱི་གནས ་སྐབས་ན་ལོག་པའི་ཕྱིར། གཞི་མེད་པའོ།། དེའི་བཤད་པ་ནི་རྟེན་མེད་པ་ཞེས་བྱ་བ་སྟེ། འཁོར་བའི་ས་བོན་རྣམས་ཀྱི་གནས་གྱུར་པའི་དངོས་པོ་མེད་པའི་ཕྱིརརོ།། དམིགས་པ་མེད་པ་ཞེས་བྱ་བའི་དེའི་བཤད་པ་ན་ན་མཁའ་ལྟ། ་བུ་ཞེས་བྱ་བའོ།། དཔེར་ན་ཐོགས་པ་དང་བཅས་པའི་དངོས་པོ་མྱེད་པ་ཙམ་གྱི་མཚན་ཉིད་ན་མཁའ་ལ་དམིགས་པ་མེད་པ་ལྟར་བྱང་ཆུབ་ལྔ་ཡང་དེ་བཞིན་ཏེ། དེ་ལྔ་དམིགས་པར་བྱེད་པ་མེད་པའི་ཕྱིར།། རྣམ་པར་སྨིན་པ་དང་རྒྱུ ་མཐུན་པའི་བག་ཆགས་གཉིས་ལས་སྐྱེས་པའི་རྒྱུ་བ་དང་། སྤྲོས་པ་དེ་དག་མེད་པའི་ཕྱིར། རྒྱུ་བ་མེད་པ་སྨོས་པ་མེད་པ་སྟེ། གོ་རིམ་བཞིན་ནོ།། ཚིག་དེ་གཉིས་ཀྱི་བཤད་པ་ནི་འདུས་མ་བྱས་པ་ཞེས་བྱ་བུ་སྟེ། རྣམ་པར་སྨིན ་པ་དང་། རྒྱུ་མཐུན་པའི་བག་ཆགས་གཉིས་ཀྱིས་འདུས་མ་བྱས་པའི་ཕྱིར་རོ།། འདིཊ་རྒོ་ལྔ་བ་ངན་པ་འཇུག་པར་བྱེད་པས་འཇུག་པ་སྟེ། སྐབསུ་གྱུར་པའི་ཉེས་བྱའོ།། དེ་མེད་པའི་ཕྱི་ང་འཇུག་པ་མེད་པ་སྟེ། དེའི་ཕྱིར་དེ་ནི་སྐབས ་མེད་པ་ཞེས་བྱ་བས་བཤད་དོ།། ཉི་ཚེ་བའི་ཤེས་པ་ནི་ཤཱཾས་བྱའི་སྒྲིབ་པ་མོ་སྤངས་པ་སྟེ་དེའི་ལས་ཤིན་ཏུ་འདསྭ་སོ།། དེ་ནི་རྟག་ཏུ་མེད་པ་ཞེས་བྱ་པ་དེའི་བཤད་པའོ།། དབྱུག་པ་ནི་འདི་ཙམ་མོ་ཞེས་ཡོངསུ་བཅད་པ་སྟེ། དེ་མེད་པའི ་ཕྱིར། དཔག་ཏུ་མེད་པའོ།། དེའི་བཤད་པ་ནི་ཚད་མེད་པ་ཞེས་བྱ་བའོ།། བསྟན་དུ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་གཞན་དག་ལ་བསྟན་དུ་མེད་པོ་ཞེས་བྱ་བ་སྟེ། དེ་ནི་སྔོན་པོ་ལ་སོགས་པ་དེ་བཞིན་དུ་བསྟན་པར་མི་ནུསོ།། སྒྲའི་རྒྱུ་ཡིན་པའི ་ཕྱིར་རྣམ་པར་རྟོག་པ་ལ་སྒྲ་ཞེས་བརྗོད་དེ། དེ་མེད་པའི་ཕྱིར་སྒྲ་མེད་པ་སྟེ། གཉིསུ་མེད་པའི་ཡེ་ཤེས་ཀྱིས་རུང་གི་རིག་པའི་དེ་བཞིན་ཉིད།། རང་གིས་རིག་པའི་དངོས་པོ་ལ་ནི་རྣམ་པར་རྟོག་པ་མེད། དེའི་ཕྱིར་སོ་སོ་རང ་གིས་རིག་པ་ཞེས་བཤད་དོ།། ཡི་གེ་མེད་པ་ཞེས་བྱ་བ་ལ། ཡི་གེ་ནི་དབང་པོས་འཛིན་ཅིང་ལེན་པ་དང་དེ་ལས་སྣང་བ་འགྱུར་བའོ།། དེ་མེད་པའི་ཡཾ་གེ་མང་པ་སྟེ། དེ་ནི་སྣང་བ་མེད་པ་ཞེས་བྱ་བས་བཤད་དོ།། ཚིག་གི་ལམ་ནརྀ་སྤྱིའི་རྣམ་པར ་སྒྲོ་བཏགས་ཏེ། དེ་གང་ལ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྒྲ་མེད་པ་ཞེས་བྱ་བ་དེས་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་བསྟན་ཏོ།། འདིས་ནི་ངག་གི་ཡུལ་མ་ཡིན་པ་བསྟན་ཏེ།། འདི་ཐམས་ཅད་ཀྱིས་ནི་སྒྲོ་བཏགས་པའོ་རྣམ་པའི ་དབང་གིས་གཟུང་བ་རྣམ་པར་བཞག་པ་སྟོན་ཏེ། རྣམ་པ་དེ་ཡང་ཆོས་ཀྱི་དབྱིངས་ལ་མེད་པའི་ཕྱིར།། དེ་ལྟ་རཱ་རེ་ཤིག་བྱེད་པ་པོ་དང་། བྱེད་པ་དང་། ལས་སོ་སོར་བརྟགས་པའི་ངོ་བོར་མེད་པ་བསྟན་ཏོ།། དེ་ནི་དེ་ལྟར་ན་སུ་ཞེས་བྱ་བ་ལ་སོགས ་པས་སྤྱིར་མེད་པ་བསྟན་ཏོ།། སུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ནི་ལུསོ།། གང་གིས་ཞེས་བྱ་བ་ནི་བྱེད་པར་འགྱུར་བ་སྟེ་སེམས།། གང་ཡིན་ཞེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བའོ།། གང་གསུངས་པ་དེ་ཡང་ཁོང་དུ་ཆུད་ཅེ་ན། རྣམ་པའི།། ་རེག་པས་དེ་ལ་རྟོག་པ་སྟེ། བྱེད་པ་པོ་དང་། ལས་དང་བྱེད་པ་འདུས་པ་རྟོག་པས་ཁོང་དུ་ཆུད་པ་རྣམ་པར་བཞག་པ་ཉིད་རྣམ་པའོ།། འདི་དག་ནི་བྱེད་པ་པོ་ལ་སོགས་པས་ཁོང་དུ་ཆུད་པའི་དུས་ན་ཡོང་སུ་རྟོག་པའི་རྒྱུ་རྣམ་སོ།། བདག་ཉིད ་ཁོང་ན་བརྗོད་པའི་དུས་ན་མིང་ཙམ་དག་གོ། བདག་ཉིད་ཁུ་ཏོན་བྱེད་པ་ལ་སོགས་པའི་དུས་ན་བཏགས་པ་ཙམ་དག་གོ།། གཞན་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྡར་འདོགས་པའི་དུས་ན་བརྡ་ཙམ་དྲག་གོ།། གཞན་དག་ལ་ཐ་སྙད་བཏགས ་པས་བརྗོད་པ་ན་ཐ་སྙད་ཙམ་དག་སྟེ། འདྲི་དག་ཀྱང་དཱ་ནི་ཇི་ལྟར་ཁྱོད་དུ་ཆུད་པ་དེ་ཡང་མིང་དང་། བརྟགས་པ་དང་། བརྡ་དང་། ཐ་སྙད་ཙམ་དུ་ཟད་པས་ཀུན་བརྟགས་པའི་རང་བཞིན་མེད་པར་རིག་པར་བྱའོ་ཞེས་བྱ་བས་བཤད་དེ། ཀུན ་བརྟགས་པའི་ངོ་བོ་ཉིད་ཀྱིས་མེདོ་ཞེས་བྱ་བའི་ཐ་ཚིགོ།། ཚིག་བཞི་པོ་འདི་དག་ཀྱང་བརྟགས་པ་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་རྣམས་ཀྱིས་རབ་ཏུ་ཕྱེའོ།། དེའི་བཤད་པ་ནི་རྣམ་པ་དྲུག་གིས་ཞེས་བྱ་བ་ལ་སོགས་པའོ།། བརྟགས ་པ་ཡོངསུ་བརྟགས་པ་ཞེས་བྱ་བ་ཡང་དོན་གཅིག་སྟེ། དེའི་བཤད་པ་ནི་ཡང་དག་པ་མ་ཡིན་པོ་ཀུན་བརྟགས་པ་ཞེས་བྱ་བའོ།། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་བྱང་ཆུབོ།། དེ་ལས་གུད་ན་གཟུང་བ་ཡོད་པར ་ཡོངསུ་རྟོག་པ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་སྟེ། ཡེ་ཤེས་ཀྱང་ཁོང་དུ་ཆུད་པར་བྱ་བ་ལས་གུད་ན་བྱེད་པའི་ངོ་བོར་མེད་པའི་ཕྱིར་རོ།། མ་བྱུང་བ་མེད་པ་ཡང་དོན་ཅིག་སྟེ། དེའི་བཤད་པ་ནི་གསོག་ཅེས་བྱའོ།། ཁྲོང་དུ་ཆུད་པར ་བྱེད་པ་པོ་ཡང་བདག་ལ་སོགས་པ་བྱེད་པ་པོ་མེད་པའི་ཕྱིར། རྫས་མ་ཡིན་པ། རྫས་མེད་པ་སྟེ། དེ་ཡང་དོན་གཅིག་གོ།། དེའི་བཤད་པ་ནི་བདག་མི་དམིགས་པ་ཞེས་བྱ་བའོ།། ཡོངསུ་དག་པའི་ཡེ་ཤེས་གཉིསུ་མེད་པ་ཉིད་ཁོང་དུ་ཆུད ་པར་བྱེད་པ་པོ་ཡིནོ།། དེ་ཉིད་བྱེད་པ་ཡིན།། དེ་ཉིད་ཁྱོད་དུ་ཆུད་པར་བྱ་བ་མིན།། དེ་ལ་བྱེད་པ་པོ་ལ་སོགས་པ་ཐ་དད་པར་སྒྲོ་འདོགས་པས་ཤེས་པ་འབྱུང་བ་གང་ཡིན་པ་དེ་ནི་འཁྲུལ་པ་སྟེ། ཤེས་པ་དེས་གཉིས། ་སུ་མེད་པའི་ཡེ་ཤེས་ཀྱི་གནས་སྐབས་བླང་བར་མི་ནུས་པས་ལེན་པ་མེད་པའོ།། དེ་བས་ན་འཇིག་རྟེན་པའི་ཤེས་རབ་ལས་ཤིན་ཏུ་འདས་པ་ཞེས་བྱ་བས་བསྟན་ཏོ།། བསྟན་དུ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་ཡི་གེའི་ལཱམ་ལཱས་ཡང་། ་དག་པར་འདས་པ་ཞེས་བྱ་བའོ།། མངོན་པར་ཆགས་པ་མེད་པ་ཞེས་བྱ་བ་དེའི་བཤད་པ་ནི་ངར་འཛིན་པ་དང་ང་ཡིད་འཛིན་པ་དང་བྲལ་བ་ཞེས་བྱ་བའོ།། ངར་འཛིན་པ་དང་ང་ཡིར་འཛིན་པ་ཉིད་མངོན་པར་ཆག་པའི་རྒྱུ་ཡིན་པའི་ཕྱིར། ་མངོན་པར་ཆགས་པ་ཞེས་བྱ་བར་དགོངསོ།། དེ་ལྟར་རེ་ཞིག་བྱེད་པ་པོ་དང་། ལས་དང་། བྱ་བར་སྒྲོ་བཏགས་པར་བྱང་ཆུབ་ཁོང་དུ་ཆུད་པ་བཀྲག་པ་ལ་ཁ་ཅིག་སྐུར་པ་འདེབས་པར་འགྱུར་ཏེ། དེ་བས་ན་དེ་བསལ་བའི་ཕྱིར། འདི ་ལ་གང་དེ་ལྟར་ཞེས་བྱ་བ་ལ་སོགས་གསུངས་ཏེ། བྱེད་པ་པོ་དང་། བྱེད་པ་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བ་གཉིསུ་མེད་པའི་ཡེ་ཤེས་རང་གྲིས་རིག་བྲི་ཞེས་བྱ་བ་མདོའི་དོན་ཏོ།། འདི་ནི་སུ་མངོན་པར་རྫོགས་པར་འཚང ་རྒྱ་ཞེས་བྱ་བ་ལ་སོགས་པའི་བཤད་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་བྱེད་པ་པོ་ལ་སོགས་པ་ཀུན་བརྟགས་པ་དེ་དག་ལས་དབེན་པ་གཉིསུ་མེད་པའི་ཡེ་ཤེས་རང་གི་རིག་པ་ཞེས་བྱ་བའི་ཐ་ཚི་གོ།། གཟུང ་བ་དང་མངོན་པར་མངོན་པར་ཞེན་པ་དང་བྲལ་བའི་ཡེ་ཤེས་དེ་ཉིད་སྒྲུབ་པ་སྤངས་པས་ཐམས་ཅད་ནས་ཤེས་པའི་ཕྱིར་ཡོངསུ་ཤེས་པའོ།། སོ་སོ་རང་གིས་རག་པའི་ཕྱིར་མངོན་དུ་བྱས་པའོ།། ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར ་འགྱུར་བ་མེད་པའོ།། རང་བཞིན་གྱིས་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར། མི་འགྱུར་བ་སྟེ། དེ་གཉིས་ཀྱིས་རབ་ཏུ་དངས་པ་དང་། རབ་ཏུ་ཞི་བར་ཞེས་བྱ་བ་གོ་རིམ་བཞོན་དུ་བསྟན་ཏོ། ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པ་དོང་། ་འགྱུར་བ་མེད་པར་ཡོངསུ་གྲུབ་པར་བསྟན་ཅེས་བྱ་བའི་ཐ་ཚི་གོ། མཚན་ཉིད་མེད་པའི་དོན་ནི་སྔ་མ་བཞི་ནོ་ཞེས་བྱ་བ་ནི་སེམས་ཀྱི་སྐབསུ་མཚན་ཉིད་ཡོད་པོ་མ་ཡིན་པ་ནི་མཚན་ཉིད་མེད་པ་ཞེས་བསྟན་པ་སྟེ། དེར་མཚན་ཉིད་མེད ་པའི་སྒྲ་དོན་བརྗོད་པ་གྲང་ཡནྡི་པ་དེ་འདི་རཱ་ཡང་ཞེས་བྱ་བའི་ཐ་ཚཾ་གོ།། མངོན་པར་ཞེན་པ་ཐམས་ཅད་རང་བྲལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ནི་ཏིང་ངེ་འཛིན་གྱི་བྱ་བའོ།། ཁོང་དུ་ཆུད་པ་བརྗོད་པ་ཀུན་རྫོབ་ཏུ་སྤྱིའི་རྣམ་པས ་ཉན་པ་པོའི་རྒྱུད་ལ་བསྐྱེད་པ་ནི་བསྟན་པའི་བྱ་བའོ།། འདིར་བཞེངས་པར་བསྟན་དུ་ཟིན་ཀྱང་འདི་ནི་ནང་དུ་ཡང་དག་བཞག་ནས་ཆོས་ཀྱི་དབྱིངས་ཉིད་ལ་རྟོག་སྟེ། ཞེས་བྱ་བའི་འོག་ཏུ་ལྟ་བར་བྱའོ།། འད་མན་ཆད་དུ་ནི་ཏིངེ་འཛིན ་མྱོང་བའི་དོན་འཕགས་པ་འཇམ་དཔལ་ལ་བརྩམས་ནས་བསྟན་པ་སྟེ། འདི་ལྟར་བདག་གིས་བྱང་ཆུབ་དེ་ཇི་ལྟར་ཁོང་དུ་ཆུད་ཅེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་ནི་མཚན་ཉིད་མེད་པ་ཞེས་བྱ་བའི་བར་དུའོ།། འོདི་མན་ཆད་ནི ་འཕགས་པ་འཇམ་དཔལ་གྱིས་ཞུས་པ་གཏན་ལ་དབབ་པ་ལས་བརྩམས་ནས་བསྟན་པ་སྟེ། དེ་བས་ན་བསྟན་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོསོ།། གཞན་དུ་ན་གལ་ཏེ་བྱང་ཆུབ་ནི་འགྱུར་བ ་མེད་པ། མི་འགྱུར་བ། མཚན་ཉིད་མེད་པ་ཞེས་བྱ་བ་དེའི་འོག་ཏུ་བཞེངས་པར་འགྱུར་ན། འཕགས་པ་འཇམ་དཔལ་ལས་བརྩམས་ཏེ། ཐེག་མར་བསྟན་པར་ཇི་ལྟར་འགྱུར། མ་བསྟན་པའི་དོན་ལ་རྗེ་བཙུན་འཕགས་པ་འཇམ་དཔལ ་གྱིས་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་མཚན་ཉིད་དེ་ལྟ་བུ་ལགས་ན་ཞེས་བྱ་བ་ལ་སོགས་པ་ཞུས་པར་ཇི་ལྟར་འགྱུར། གལ་ཏེ་སངས་རྒྱས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་ཇི་ལྟར་མཉམ་པར་གཞག། ཇི ་ལྟར་བཞེངས་ཞེ་ན། མཉམ་པར་བཞག་པ་དང་། བཞེངས་པ་བསྟན་པ་ནི་འདུལ་བའི་དོན་དུ་བསྟན་པས་ཉེས་པ་མེདདོ།། ཅིའི་ཕྱིར་འཕགས་པ་འཇམ་དཔལ་ཁོ་ན་ལ་བཀའ་སྩལ་ཞེ་ན། འཇམ་དཔལ་བྱང་ཆུབ་དེ་ཇི་ལྟ་བ་ཞེས་བྱ་བ ་ལ་སོགས་པ་སྟེ། དེ་ཉིད་ཀྱིས་ཞུས་པའི་ཕྱིར་དེ་ཉིད་ལྔ་བཀའ་སྩལ་པར་རིགས་པར་ངེས་སྟེ། ཀྲན་ཀརཱ་མི་རུང་བ་མ་ཡིན་ནམ། བཀོའུ་སྩལ་པས་དེས་ཀྱང་ནི་ཞུས་པར་ནི་རིགས་ཏེ་ཉེས་པ་མེདོ།། ཅིའི་ཕྱིར་འཕགས་པ་འཇམ་དཔལ ་ཞུས་ཞེ་ན་ཞེས་བྱ་བ་ནི་དྲི་བ་གཉིས་པ་བཟུངས་སྟེ་གླེངས་པའོ།། དེ་ཉིད་ལ་བཀའ་སྩལ་ཞེས་བྱ་བ་ནི་དེའི་འོག་ཏུ་བཀའ་སྩལ་པའི་ཕྱིར།། བྱང་ཆུབ་དེ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བའི ་ཕྱིར་ཡང་བྱང་ཆུབ་སྟེ། མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས་དེར་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚི་གོ།། བཅོམ་ལྡན་འདས་ཇི་ལྟར་རབ་ཏུ་འཚལ་བར་འགྱུར་ཞེས་བྱ་བ་ནི། བསྟན་པ་ཞེས་བྱ་བ་ཁེང་ནས་འབྱུང་སྟེ། བསྟན ་ཀྱང་མི་ཤེས་ནི་ཇི་ལྟར་ཐོས་པ་དང་། སེམས་པ་ལ་སོགས་པའི་རིམ་གྱིས་བསྒོམ་པའི་ལམ་ལ་འཇུག་ཅེས་བྱ་བར་དགོངས་པའོ།། འཇམ་དཔལ་བྱང་ཆུབ་ནི་ཁམས་གསུམ་པ་ལས་ཡང་དྲག་པར་འདས་པ་ཞེས་བྱ་བ་འདིས་ན ་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པར་བསྟན་ཏོ།། དེ་བས་ན་གཉིས་ལས་དབེན་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སོ་སོ་རང་གི་རིག་པ་བསྟན་པའི་ཡུལ་དུ་ག་ལ་འགྱུར་ཏེ། དེ་བས་ན་ཐ་སྙད་ཅེས་བྱ་བ་ལ་སོགས ་པ་གསུངསོ།། ཐ་སྙད་ལས་ཡང་དག་པར་འདས་པ་ཡི་གེའི་སྒྲ་སྐད་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཚིག་གཉིས་པོ་དེ་ལ་ཚིག་དང་པོ་ནི་གོང་དུ་བསྟན་དུ་མེད་པ་ཞེས་གང་སྨོས་པ་དེ་དང་དོན་གཅིག་སྟེ། སྔོན་པོ་ལ ་སོགས་པ་ལྟར་བསྟན་པའི་ཐ་སྙད་ལས་ཤིན་ཏུ་འདས་པའི་ཕྱིར།། ཡི་གེ་བརྗོད་པའི་སྒྲས་གསལ་བར་བྱེད་པོ་ནི་ཡི་གའི་སྒྲ་སྐད་དེ། དེ་ལས་ཤིན་ཏུ་འདས་པའོ།། དེ་ཡང་ཚིག་གི་ལམ་ཞེས་གོང་དུ་བཤད་པའི་ཚིག་དང་མཐུན་ནོ།། ་སྒྲ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི་སྒྲ་མེད་པ་ཞེས་གང་བསྟན་པ་དེ་དང་དོན་མཐུན་ནོ།། དེ་བས་ན་འོག་ནས་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ལ་སོགས་པ་བཞིའི་དོན་ནི་སྔ་མ་བཞིན་ནོ་ཞེས་འཆ་དོ།། ། ་ཐ་སྙད་རབ་ཏུ་བརྟགས་ཏེ་རྣམ་པར་བཞུག་པ་ཉིད་འཇུག་པ་སྟེ། དེ་མེད་པའི་ཕྱིར་འཇུག་པ་མྱེད་པའོ།། ཅིའི་ཕྱིར་བྱང་ཆུབ་ཁོང་དུ་ཆུད་པའི་དུས་ཉིད་ནི་བྱང་ཆུབ་འཇུག་པ་མེད་སྙམ་པ་ལ་དེའི་ཕྱིར། གདོད་མ ་ཉིད་ནས་འཇུག་པ་མེད་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ནི་དུས་ཐམས་ཅད་དུ་ཐ་སྙད་ལས་ཤིན་ཏུ་འདས་སོ་ཞེས་བྱ་བའི་ཐ་ཚི་གོ།། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་རབ་ཏུ་བརྟགས་ནས་གང་སྟོང་པ་ཉིད ་རྣམ་པར་གཞག་པ་དེ་ལས་ཤིན་ཏུ་འདས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འདི་སྐད་དུ་ཇི་ལྟར་སྟོང་པ་ཉིད་བཤད་པོ་དེ་ལྟར་སྟེང་པ་ཉིད་བཤད་པ་དེ་ལྟར་དེ་ནི་མ་ཡིན་ཏེ། རང་གི་ངོ་བོ་ལུས་སྤྱིའི་རྣམ་པར་སྒྲོ་བཏགས ་ནས་བཤད་པ་འབྱུང་བའི་ཕྱིར་རོ།། ཞེས་བསྟན་པར་འགྱུར་རོ།། བསྟན་པ་འབྲས་བུ་མེད་པ་ཡང་མ་ཡིན་ཏེ། ཀུན་རྫོབ་ཏུ་བརྗོད་པས་དེ་ཉིད་ལ་འཇུག་པའི་ཕྱིར་རོ།། དེ་བས་ན་ཐོས་པ་དང་སེམས་པ་ལ་སོག་པའི་རིམ་གྱིས་བསྒོམ་པ་ཡང་འབྲས ་བུ་མེད་པ་མ་ཡིན།། གཞན་དུ་གལ་ཏེ་བཤད་པས་དེ་ཁོ་ན་མངོན་སུམ་དུ་འབྱུང་བར་བརྗོད་ན་ནི་ཐོས་པའི་དུས་ཉིད་ན་དེ་ཁོ་ན་ཁོང་དུ་ཆུད་པས་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཇུག་པ་དོན་མེད་པར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ།། དེ་བས་ན ་བྱང་ཆུབ་ཀྱི་ཕྱིར་འཇུག་པའོ་ཞེས་གས་སོ།། དེ་ནི་ཞུས་པ་དེ་ཡང་འཇུག་པ་རྣམ་པར་རིག་པར་བྱའོ།། ཞེས་བྱ་བས་བསྟན་ཏོ།། འཇུག་པ་རྣམ་པར་དག་པ་ཞེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་དང་བྲལ་བས་བྱང་ཆུབ་ལ་སྦྱོར་བ་ནི་འཇུག་པ་རྣམ ་པར་དག་པའོ།། སྤྲོས་པར་བྱེད་པས་སྤྲོས་པ་སྟེ། བྱང་ཆུབ་ནི་ཁོང་དུ་ཆུད་པར་བྱ་པ་ཉིད་ཀྱི་ངོ་བོར་སྒྲོ་འདོགས་པ་སྟེ། དེ་བོར་པའི་ཕྱིརརོ།། དེ་ནི་འཇུག་པ་མེད་པའི་འཇུག་པ་ཞེས་བྱ་བ་ཆོ་ག་འདིའི་བཤད་པའོ།། རབ་ཏུ་བརྟགས་ནས་རྣམ་པར་བཞག ་པ་མེད་པ་ནི་འཇུག་པ་མེད་པ་སྟེ། དེས་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ།། སྒོམ་པར་བྱེད། བྱང་ཆུབ་འཛིན་པར་བྱེད་པས་དངོས་པོ་སྟེ་འཛིན་པའོ།། དེ་མེད་པའི་ཕྱིར། དངོས་པོ་མེད་པ་ལ་འཇུག་པའོ།། ཚིག་སྔ་མས་ནི་གཟུང་བ ་དངོས་པོ་མེད་པར་བསྟན་གྱི། འཛིན་པ་དངོས་པོ་མེད་པར་ནི་མ་ཡིན་ཏེ། དེ་ལྟར་བྱེ་བྲག་ཡོད་དེ། དེའི་བཤད་པ་ནི་ཆོས་སུ་འཛིན་པ་བོར་བ་ཞེས་བྱ་བའོ།། ཆོསུ་འཛིན་པོས་ཆོ་སུ་འཛིན་པའི་བདག་ཉིད་དོ།། བླ་གབ་མེད་པའི་དོན་ནི་སྔ་མ་བཞིན ་ཞེས་བྱ་བ་ལ། སེམས་ཀྱི་སྐབསུ་དངོས་པོ་མེད་པ། བླ་གབ་མེད་པ་ཞེས་དེར་གང་གསུངས་པའི་བླ་གབ་མེད་པའི་དོན་གང་ཡིན་པ་དེ་འདིར་ཡང་ཞེས་བྱ་བའོ།། དར་རང་དུ་སང་བ་ཞུས་བྱ་བའོ།། དེར་རིང་དུ་སོང་བ་ཞེས་བྱ་བ་ནི་བྱང་ཆུབ་དེ ་བཞིན་གྱི་ངོ་བོ་ཐམས་ཅད་སོང་བའི་ཕྱིར་རིང་དུ་སོང་བ་ཉིད།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ཞི་བུ་སྟེ། རང་བཞིན་གྱིས་འོད་གསལ་པོའི་ཕྱིརརོ།། དེའི་བཤད་པ་ནི་ཞི་བཱི་ཞེས་བྱ་བའོ།། ཆོས་ཐམས་ཅད་ལ་མངོན་པར་ཞེན ་པ་ནི་རྟག་པ་ཉི་དུའང་ཆད་པ་ཉི་དུ་སྟེ། དེ་མེད་པའི་ཕྱིར་མངོན་པར་ཞེན་པ་མེད་པའོ།། དེ་ནི་རྟག་པར་འཛིན་པ་བོར་བ་ཞེས་བྱ་བས་བཤད།། ཡང་དག་པའི་མཐའི་དམིགས་པར་གྱུར་པ་དེ་ནི་ཡང་དག་པའི་མཐའ་སྟེ། དེ་བཞིན་ཉིད་ལ་དམིགས ་པའི་ལམ་མོ།། དེའི་དབྱེར་མེད་པ་ནི་དོར་བ་མེད་པའོ།། དེ་བས་ན་ལམ་ལ་སྐུར་པ་འདེབས་པ་བོར་བ་ཞེས་བཤད།། ཡང་དག་པའི་མཐའ་དམིགས་པར་གྱུར་པ་དེ་བོར་བ་ནི་གཞན་གྱི་དབང་ལ་སྐུར་པ་འདེབས་པའོ།། བཞག་པ ་ནི་བྱིས་པས་ཡོངསུ་བརྟགས་ཏེ་ཡོད་པར་སྒྲོ་བཏགས་པའོ།། དེ་མེད་པའི་ཕྱིར། དོར་བ་མེད་པ་དང་། བཞག་པ་མེད་པའོ།། ཐ་དད་པ་མ་ཡིན་པ་ནི་གང་ཟག་ལ་བདག་མེད་པའོ།། ཐ་དད་པ་མེད་པ་ནི་ཆོས་ལ་བདག་མེད་པའོ།། འཇུག་པ་ན་ཞེས ་བྱ་བའི་སྒྲ་ནི་དོར་བ་མེད་པ་དང་། བཞག་པ་མེད་པ་ལ་འཇུག་པ་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པ་ལ་འཇུག་པ་ཞེས་རེ་རེ་དང་སྦྱ་རོ།། དང་པོའི་བཤད་པ་ན་སྐུར་པ་དང་སྒྲོ་བཏག་པ་རྣམ་པར་སྤངས་པ་ཞེས་བྱ་བའོ།། གཉིས་པའི་བཤད ་པ་ནི་ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་འཇུག་པ་ཞེས་བྱ་བའོ།། ཚུལ་གཅིག་པ་ནི་བདག་མེད་པའོ།། སོ་སོ་ཡང་དག་པར་རིག་པའི་མིག་ཡོར་ལ། མིག་ཡོར་ནི་འཁྲུལ་པའི་ཤེས་པའི་རྣམ་པ་མགལ་མེ་སྐོར་བ་ལ་སོགས་པ་སྟེ། དངོས་པོ ་རྣམས་སོ་སོ་ཡང་དག་པར་རིག་པའི་མིག་ཡོར་ལྔ་སོགས་པ་འདི་དག་དང་མཚུངས་པར་དེ་ལྟར་འཇུག་པའོ་ཞེས་མདོའི་ཚིག་གི་དོན་ཏོ།། དེའི་བཤད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ཞེས་བྱ་བའོ།། དེ་ལྟ་བུའི་རྣམ་པར ་ཞུགས་པའི་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ།། ཁམས་གསུམ་པ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིའི་དོན་རྣམ་པར་དབྱེ་བ་ནི་ཞེས་བྱ་བ་ནི་འཇམ་དཔལ་བྱང་ཆུབ་ནི་ཁམས ་གསུམ་པ་ལས་ཡང་དག་པར་འདས་པ། ཐ་སྙད་ལུས་ཡང་དག་པར་འདས་པ། ཡི་གེའི་སྒྲ་ལས་ཡང་དག་པར་འདས་པ། སྒྲ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དེ་དག་གི་དོན་ཏོ།། སྔ་མ་བཞིན་ཞེས་བྱ་བ་ནི་འདི་སྔར་སྦྱར་ཟིན ་པས་ཡང་མྦྷ་བཛྲོདདོ།། དེ་ལྟར་གླེང་གཞི་ལ་སོགས་པ་ཚིག་གི་དོན་དགུའི་ནང་ནས་གླེང་གཞི་ནས་གཟུང་སྟེ་བསྟན་པ་ཞེས་བྱ་བའི་བར་དུ་ཚིག་བདུན་གྱི་དོན་ནི་བཤད་ཟིན་ཏོ།། ། ད་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི ་མཐུ་སྟེ། ཚི་གི་དོན་རྒྱས་པར་བཤད་པར་འདོད་ནས། དེ་ལ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་མཐུ་ནི་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། ཇི་ལྟར་འདོད་པའི་དོན་ཡོངསུ་རྫོགས་པ་དང་། སྤོབས་པ་ཐོགས་པ་མེད་པའོ།། ཇི་ལྟ ་འདོད་པའི་དོན་ཡོང་སུ་རྫོགས་པ་དེ་ཡང་གོང་ནས་གོང་དུ་རྣམ་པ་བཅུ་བཞི་མངོན་པར་སྒྲུབ་པར་རིག་པར་བྱ་སྟེ། བཅུ་བཞི་གང་ཞེ་ན། གདམས་ངག་མི་བརྗེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་དེ་ནས་ལྷའི་བུ་ཟླ ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱི་འོད་ཅེས་བྱ་བ་ལ་སོགས་པ་མདོའི་དུམ་བུའི་བཱིཤད་པའོ།། རྩོམ་པ་ནི་ནང་གི་རྒྱ་སྟེ། རྩ་བར་གྱུར་པའོ།། གནས་ནི་ཕྱིའི་སྟེ་དམིགས་པར་གྱུར་པའོ།། དེ་བས་ན་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ།། ་གནས་ནི་སེམས་ཅན་ནོ་ཞེས་གསུང་སོ།། གོང་ནས་གོང་དུ་མངོན་པར་སྒྲུབ་ཅེས་བྱ་བ་ནི་སྙིང་རྗེ་ལ་སོགས་པ་སྔ་མ་སྔ་མས་གཡོ་མེད་པ་ལ་སོགས་པ་ཕྱི་མོ་ཕྱི་མ་སྒྲུབ་པའོ།། ཅིས་བསྡུས་ཞེས་བྱ་བ་ནི་འབྲས་བུ་གང་གིས་བསྡུ ་པའི་སྙིང་རྗེ་ཆེན་པོའི་འབྲས་བུ་གང་ཞེས་དྲི་བའི་དོན་ཏོ།། འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། གཡོ་མེད་པས་བསྡུས་ཞེས་བྱ་བ་ནི་སྙིང་རྗེ་དད་ལྡན་ན་གཡོ་བ་མེད་པར་འགྱུ་རོ།། དེའི་བཤད་པ་ནི་གདམས་ངག། ་མི་བརྗེད་པ་ཞེས་བྱ་བའོ།། གདམས་ངག་ནི་ཡང་དག་པའི་མན་ངག་གོ།། གཡོ་མེད་པར་སེམས་ཅན་གྱི་དོན་དུ་ཡང་དག་པའི་གདམས་ངག་འཛིན་ན་དེའི་ཕྱིར་མི་བརྗིད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལྔ་སྙོམས་པའི་སེམས་ཞེས་བྱ་བ་ནི་གཡོ ་མེད་ན་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ལས་བྱུང་བའི་ཕྱིར་ཏེ། སེམས་སྙོམས་པ་ཡང་ཐམས་ཅད་འདུ་བྱེད་དུ་མཉམ་པས་རྗེསུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བས་འཛིན་ཏོ།། དེའི་བཤད་པ་ནི་ལེགས་པར་གཟུང་བའི ་གདམས་ངག་འདུས་བྱས་ལ་ཉེ་བར་རྟོག་པ་ཞེས་བྱ་བའོ།། གཡོ་མེད་པའི་སྟོབས་ཀྱིས་གདམས་ངག་ལེགས་པར་བཟུང་བ་འདུས་བྱས་ལ་ཉེ་བར་རྟོག་སྟེ། སེམས་ཅན་རྣམས་ལ་ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག ་མེད་པར་མཉམ་པར་རྟོག་ཅིང་། འདུས་བྱས་ཐམས་ཅད་ལ་ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག་མེད་པར་མཉམ་པ་ཉིད་དུ་བཞུགས་ནས། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའི་ཡུལ་ཅི་རིགས་པར་མི ་མཐོང་བ་སྟེ། དེ་བས་ན་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པའི་སྤྱོད་པ་དང་གོ་རིམ་བཞིན་དུ་བལྟ་བར་བྱའོ།། དེ་ལྟར་དངོས་པོ་འདི་དགེ་ཆོས་དང་གང་ཟག་གཉིས་ཀྱིས་སྟོང་ཡང་དེ་ཁོ་ན་མ་མཐོང་བ་དག་ཆོས་དང་གང ་ཟག་གི་རྣམ་པས་བསླུསོ་ཞེས་འདུས་བྱས་རྣམས་ལ་ཉེས་པར་ལྟ་བ་ཡིན་ཏེ། དེ་ནི་དེ་ལ་ཡང་ཉེས་པར་ལྟ་བ་ཞེས་བྱ་བས་བཤད་དོ།། དེ་ལ་ཞེས་བྱ་བ་ནི་འདུས་བྱས་ལའོ།། ཐ་དད་པ་མེད་པའི་སྤྱོད་པ་ལ་ཞུགས་པ་ཉོན་མོངས ་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དེ་གཉིས་སྤངས་པའི་བསམ་པ་དང་ལྷག་པའི་བསམ་པ་དང་གོ་རིམ་བཞི་ནོ།། དེ་བོས་ནཱ་ཉེས་པ་དེ་དག་དང་མི་བསྟེན་པ་ཞེས་བཾ་ཤྭོ་དོ།། བསམ་པ་དང་། ལྷག་པའི་བསམ་པ་ཅིའི་ཕྱིར་བྱུང་ཞེས ་བྱ་བ་ནི་བསམ་པ་དང་། ལྷག་བཱིའི་བསམ་པ་གཉིས་ཅི་ཞིག་ཕྱིར་བྱུང་ཞེས་བྱ་བའི་ཐ་ཚིགོ།། ཚིག་གོང་མ་རྣམས་ལ་ཡང་དེ་བཞིན་དུ་ཕྱིར་ཞེས་བྱ་བ་བལྟའོ།། བྱང་ཆུབ་ཀྱི་སེམས་ཀྱི་ཕྱིར་བྱུང་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ཤེས ་བྱའི་སྒྲིབ་པ་འཁྲུལ་པ་རྣམས་ཀྱིས་སེམས་ཅན་འདི་དག་ཤིན་ཏུ་སྡུག་བསྔལ་བའི་གནས་ཁྲིད། དེ་བས་ན་བདག་གིས་བདག་བཞིན་དུ་གཞན་དག་ཀྱང་ཉེས་པ་ཐམས་ཅད་སྤངས་ཏེ་བྱང་ཆུབ་ཐོབ་པར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད། ་དེདེའི་བཤད་པ་ནི་དགེ་བའི་ལས་ཡང་དག་པར་འཛིན་པ་ཞེས་བྱའོ།། འདིས་དགེ་བའི་ལས་ཡང་དག་པར་འཛིན་པས་དགེ་བའི་ལས་ཡང་དག་པར་འཛིན་པ་སྟེ། བྱང་ཆུབ་ཀྱི་སེམས།། བྱང་ཆུབ་ཀྱི་སེམས་དོན་དུ་བྱུང་བ་ནི་བྱང་ཆུབོ ་ཀྱི་སེམས་ཀྱི་ཕྱིར་བྱུང་བའོ།། ཞེས་བསྡུ་བར་བལྟའོ།། འོག་མ་རྣམས་ལ་ཡང་དེ་བཞིན་ནོ།། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱིར་བྱུང་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འཇོག།། དེ་བསོ་ན ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུའོ།། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པར་དག་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་སྟེ། དྲི་བས་ན་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པཱ་རྲ་དག་པ་ཞེས ་བཤད་དོ།། ཐབས་དང་ཤེས་རབ་གཉིས་ཀྱི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་འཇུག་པ་ན་ཐབས་དང་ཤེས་རབ་ལ་འཇུག་སྟེ། དེ་ལ་ཐབས་ཀྱིས་ནི་འཁོར་བ་མི་གཏོང་ལ། ཤེས་རབ་ཀྱིས་ནི་དེའི་ཉེས་པ་རྣམས ་ཀྱི་མི་དགོས་ཏེ། ཤེས་རབ་དང་ཐབས་གཉིས་ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པར་དག་གོ།། དེ་བས་ན་ཚུལ་ཁྲིམས་ཡང ་སུ་དག་པ་ཞེས་བཤ་།། བག་ཡོད་པའི་ཕྱིར་བྱུང་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་དང་ལྡན་པ་ཐམས་ཅད་དུ་བག་ཡོད་པར་གནས་པའི་ཕྱིའོ།། བགོ་ཡོད་པར་གནས་པ་ཡང་སྤྱོད་ལམ་ཐམས་ཅད་དུ་སེམས་ཅན ་རྣམས་ཀྱི་དང་པ་བསྐྱེད་པས་སེམས་ཅན་གྱི་དོན་དང་མཐུན་པ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་དོན་དང་མཐུན་པ་ཞེས་བཤད་དོ།། ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱི་ཕྱིར་བྱུང་ཞེས་བྱ་བ་ནི་བག་ཡོད་པ་ལ་གནས་པ ་དངག་ལུས་དང་། ངག་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་དག་ལ་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་སྒྲུ་འོ།། དེ་བས་ན་ལེགས་པར་སྤྱོད་པ་རྣམ་པ་གསུམ་ནི་བག་ཡོད་པའི་འབྲས་བུའོ།། ལེགས་པར་སྤྱོད་པ་རྣམ ་གསུམ་དང་ལྡན་ན་ཚོགས་ཡོངསུ་རྫོགས་པར་འགྱུར་ཏེ། དེ་བས་ན་ཚོགས་ཡོངསུ་རྫོགས་པ་ཞེས་བཤ་།། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཕྱིར་བྱུང་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་ཀྱི་ལེགས་པ་སྤྱོད་པ་དག་ལྔ་འཇུག་པའི ་ཚུལ་ཁྲིམས་ཀྱི་བདག་ཉིད་ལ་བརྩོན་པ་ནི་དེ་དང་མི་མཐུན་པ་སྲོག་གཅོད་པ་ལ་སྔགས་པ་དག་ལ་མི་འཇུག།། དེའི་ཕྱིར་ང་སྲོག་གཅོད་པ་སྤྱོང་པ་ལ་སོགས་པ་ལྡོག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་སྒྲོགོ།། ལྡོག་པའི་ཚུལ་ཁྲིམས ་ཀྱི་བདག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་ནི་འཇུག་པའི་ཚུལ་ཁྲིམས་ཀྱི་བདག་ཉིད་ལེགས་པར་སྤྱོད་པ་རྣམ་པ་གསུམ་གྱི་འབྲས་བུ་ཡིན།། དེ་ལྟར་འཇུག་པ་དང་། ལྡོག་པའི་ཚུལ་ཁྲིམས་ཐ་དད་དུ་ཕྱེ་སྟེ། ལེགས་པར་སྤྱོད་པ ་རྣམ་པ་གསུམ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྒྱུ་དང་འབྲས་བུ་དངོས་པོར་བསྟན་པ་ཁོང་དུ་ཆུད་པར་བྱའོ།། གཞན་དུ་ན་ལེགས་པུར་སྤྱོད་པ་རྣམ་པ་གསུམ་དང་། དགེ་བ་བཅུའི་ལས་ཀྱི་ལོམ་རྣམས་ཐ་དང་པོ་ཅི ་ཞིག་ཡོད་པར་འགྱུར། སྲོག་གཅོད་པ་སྤོང་བཱ་ལ་སོགས་པ་ལ་བསམ་པ་བརྟན་པ་དག་སེམས་ཅན་ལྡོག་པར་ཞུགས་པ་རྣམས་ཀྱི་མི་སྐྱོ་བས་དེ་ནི་ཡོངསུ་མཱི་སྐྱོ་བ་ཞེས་བྱ་བས་བཤད།། འཇུག་པ་དང་ལྡོག་པའི་ཚུལ ་ཁྲིམས་བསྟན་པ་འདིས་སྡོམ་པའི་ཚུལ་ཁྲིམས་བསྟན་ཏོ།། སྡོམ་པའི་ཕྱིར་བྱུང་ཞེས་བྱ་བ་ནི་འབྲས་བུ་ཡང་དག་པ། རབ། གཙོ་བོ། སངས་རྒྱས་ཉིང་འདི་ལོས་བྱུང་བས་སྡོམ་པའོ།། ཐོས་པ་དང་། ་སེམས་པ་ལ་སོགས་པའི་རིམ་གྱིས་བདག་མེད་པ་གཉིས་ལྔ་བརྟེན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་རབ་ཏུ་སྦྱོར་ཏེ། དེའི་དོན་དུ་བྱུང་།། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་སྡོམ་པ་ལ་གནས་པ་ནི་ཐོས་པ་དང་། སེམས ་དཔའ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་འཇུག་པའི་ཕྱིར་འདིས་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་བསྟན་ཏོ།། གླིང་དུ་བཤད་མ་ཐག་པ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་མཚན་ཉིད་ཀྱི་ལམ་རྣམ་པར ་དག་པས་ནི་འབྲས་བུ་རྣམ་པར་དག་པ་སངས་རྒྱས་ཉིད་འགྲུ་བོ།། དེ་བས་ན་ལས་ཀྱི་འབྲས་བུ་རྣམ་པར་དག་པ་ཞེས་པ་ཤྭ་།། ཚུལ་བཞིན་ཡིད་ལ་བྱ་བའི་ཕྱིར་བྱུང་ཞེས་བྱ་བ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་ལྡན་ན་རྟག་ཏུ ་བདག་མེད་པ་གཉི་ག་ལ་བརྟེན་པའི་ཡིད་ལ་བྱ་བ་ལ་འཇུག་སྟེ། དེ་ཉིད་འདིར་ཚུལ་བཞིན་ཡིད་ལ་བྱེད་པའོ།། ཚུལ་བཞིན་ཡིད་ལ་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བདག་ཉིད་དེས་བྱང་ཆུབ་ཀྱི་ཕྱོགས་ལ་སྦྱོར་བ་དེ ་རྣམ་པར་དག་གོ།། དེ་བས་ན་སྦྱོར་བ་རྣམ་པརརཱ་དག་པ་ཞེས་བཤད།། སོ་སོར་རྟོག་པའི་ཕྱིར་བྱུངངོ་ཞེས་བྱ་བ་ནི་སེམས་ཅན་སོ་སོ་ལ་སྐལ་པ་ཇི་ལྟར་ཡོད་པ་བཞིན་དུ་དོན་སྒྲུབ་པ་སོ་སོར་རྟོག་པའོ།། ཚུལ་བཞིན་ཡིད་ལ་བྱེད་པས་ནི་སྲིད་པ ་སྒྱུ་མ་ལྟ་བུར་མཐོང་།། དེ་བས་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་ལ་ཤིན་ཏུ་འཇུག་གོ།། དེ་ལྟ་བས་ན་སེམས་ཅན་གྱི་དོན་རྣམ་པར་དག་པ་ཞེས་བཤད་དོ།། དྲན་པའི་ཕྱིར་བྱུང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་ལ ་བརྩོན་པར་བྱ་བ་དང་། མི་བྱ་བ་དག་ལ་རྟག་ཏུ་དྲན་པ་འཇུག་པའི་ཕྱིརརོ།། དྲན་པ་དང་ལྡན་ན་མུ་སྟེགས་ཅན་དང་བདུད་ལ་སོགས་པས་མི་འཕྲོགས་པའོ།། དེ་བས་ན་གཞན་གྱི་མི་བཀྲི་བ་རྣམ་པར་དག་པ་ཞེས་བཤ་།། གཞན་ནི་གཞན་དུ ་སྟེ་སྙིང་རྗེ་ཆེན་པོ་ཅིས་བསྡུས་ཞེས་བྱ་བ་ནི་འདིར་རྒྱུ་གང་གིས་ཞེས་རྒྱུ་དྲི་བ་ཉིད་དེ། འདི་ནི་གཡོ་མེད་པས་བསྡུས་ཏེ། གཱཡོ་མེད་པས་བསྐྱེད་ཅེས་བྱ་བའི་ཐ་ཚི་གོ། གཡོ་མེད་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས ་བསྡུས་ཏེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་གང་ཡིན་པ་དེ་གཡོ་མེད་པར་ངེས་སོ།། སྙོམས་པའི་སེམས་ཀྱི་རྒྱུ་ནི་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པའི་སྤྱོད་པ་ཞེས་བྱ་བའོ།། དེ་བཞིན་དུ་གཞན་དུ་ཡང་ཅིའི་ཕྱིར་བྱུང ་ནས་འདྲི་བ་དེར་ཡང་རྒྱུ་གང་ལས་བྱུང་ཞེས་ཟེརོ།། དེ་དག་ནི་བཤད་པའི་ཚིག་དང་མི་མཐུན་སྟེ། འདི་ལྟར་གདམས་ངག་མི་བརྗོད་པ་ཞེས་བྱ་བའི་ཚིག་ངེས་གཡོ་མེད་པ་བསྟོན་ནས་ཕྱིས་གདམས་ངག་ལེགས་པར་གཟུང་བ་འདུས ་བྱས་ལ་ཉེ་བར་རྟོག་པ་ཞེས་བྱ་བ་འདིས་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བའི་ཚིག་འདྲི་བ་ཤའོ།། འདྲིར་གདམས་ངག་ལེགས་པར་གཟུང་བ་ཉིད་འདུས་བྱས་ལ་རྟོག་པའི་རྒྱུར་བཤད་ན་སེམས་ཅན་ཐམས་ཅད ་ལོ་སྙོམས་པའི་སེམས་ནི་གཡོ་མེད་པའི་རྒྱུ་ཉིད་དུ་བསྟན་པར་འགྱུར་ཏེ། དེ་ལྟ་ན་ནི་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་རྩ་བའི་རྒྱུ་ཡིན་པར་འགྱུར་རོ།། རྒྱུར་བསྡུ་བ་དང་། འབྲས་བུར་བསྡུ་བ་ཞེས་བྱ་བ་ལི་སྔ་མ་སྔ་མ་ནི་སེམས་བསྐྱེད་པའི་རྒྱུ ་ཡིན་ནོ།། ཕྱི་མ་ཕྱི་མ་ནི་འབྲས་བུ་སྟེ། དེ་བས་ན་རྒྱུ་དང་འབྲས་བུར་བསྡུ་བ་ཞེས་བྱའོ།། ས་བཅུས་བསྡུས་པའི་སེམས་བསྐྱེད་པ་རྣམ་པ་བཞི་ཞེས་བྱ་བ་དེ་ལ། སེམས་བསྐྱེད་པ་དང་པོ་ནི་ས་རབ་ཏུ་དགའ་བས་བསྡུསོ།། སྤྱོད ་པ་དང་འབྲེལ་པ་ནི་དྲི་མ་མེད་པ་ལ་སོགས་པ་དྲུག་པོ་རྣམས་སུའོ།། ཕྱིར་མི་ལྡོག་པ་ནི་མི་གཡོ་བ་ལ་སོགས་པར་རོ།། སྐྱེ་བ་གཅིག་གིས་ཐོགས་པ་ནི་ས་བཅུ་པོ་ཉིད་ལའོ།། བཞི་པ་རྣམ་པ་བཅུ་གཉིས་ཀྱིས་ཞེས་བྱ་བྱ་ནི་དེ་ལ་སེམས་བསྒྲ ་པ་དང་པོ་ནི་སྤྱོད་པ་དང་འབྲེལ་པའི་རྒྱུར་བལྟའོ་ཞེས་བྱ་བ་ལ་སོགས་པའོ།། སྐྱེ་བ་གཅིག་གིས་ཐོགས་པ་ནི་འབྲས་བུ་དད་འབྲེལ་པའི་རྒྱུར་བལྟའོ་ཞེས་བྱ་བ་ལ། རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ།། འབྲས་བུ་སངས ་རྒྱས་ཉིད་དོ།། འབྲེལ་པ་ནི་དེ་དེ་ལས་བྱུང་བར་བལྟ་སྟེ། སངས་རྒྱས་ཉིད་ཀྱི་རྒྱུ་ཞེས་བྱ་བའི་ཐ་ཚི་གོ།། བཞི་པ་འདིའི་བཤད་པ་ནི་གོང་ནས་གོང་དུ་རྒྱུ་ཆུང་མི་ཟོ་བ་ཞེས་བྱ་བ་སྟེ། སེམས་སྐྱེད་པ་ཕྱི་མ་ཕྱི་མའི་རྒྱུ་ནི་སྔ་མ་སྔ་མཱ་སྟེ། དེའི་རྒྱུར་དེ་རྟག ་ཏུ་གནས་པས་རྒྱུ་ཆུད་མི་ཟ་བའོ།། དེ་ནི་འདི་སྐད་དུ་སེམས་དང་པོ་བསྐྱེད་པ་དང་འབྲེལ་པ་ཉིད་ཀྱི་རྒྱུའོ།། གཞན་གཉིས་ལས་སྤྱོད་པ་དང་འབྲེལ་པ་ཕྱིར་ལོག་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའི་རྒྱུའི་ནུས་པ་སྟེ། དེ་བཞིན་དུ་གྱུར་པའི་ཕྱིར་རོ།། ་ཞེས་བསྟན་པར་འགྱུརརོ།། དེ་ལྟར་འབྲས་བུ་དང་མཐུན་པའི་བཞི་པོ་དང་པོས་རྒྱུའི་གནས་བསྟན་ཏོ།། ལྷའི་བུ་གཞན་ཡང་ངོཔེར་ན་ས་བོན་བཏབ་པ་ཞེས་བྱ་བ་ལ་སོགས་པ་རྒྱུར་འོས་པ་བཞི་པ་གཉིས་པས་ནི་འབྲས་བུ་ཡང་གནས་སོ་ཞེས ་དེ་སྟོན་ཏོ།། བཏབ་པ་ནི་བསྐྲུན་པ་སྟེ། སེམས་བསྐྱེད་པ་དང་པོའི་དགེ་བའི་ཆོས་ཐམས་ཅད་ཀྱི་དགེ་བའི་ས་བོན་བསྐྱེད་པའི་ཕྱིརརོ།། ས་བོན་གྱི་ཚུལ་དུ་གནས་པ་སེམས་སྐྱེད་པ་དང་པོ་གང་ཡིན་པ་དེ་ལས་དྲི་དང་མཐུན་པའི་མྱུ་གུ་མངོན་པར་འགྲུ ་ཆོས་དེ་ནི་སེམས་སྐྱེད་པ་དང་། དེ་ལས་བསྡུས་པ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བ་ལས་དགེ་བའི་ཆོས་ཐམས་ཅད་ཀྱི་མྱུ་གུ་རྣམས་འབྱུང་བའི་ཕྱིར།། སེམས་བསྐྱེད་པ་གཉིས་པ་མྱུ་གུའི་ཚུལ་དུ་གནས་པ་གླང ་ཡིན་པ་དེ་དང་མཐུན་པ་སེམས་བསྐྱེད་པ་གསུམ་པ་སྡོང་བུ་ལ་སོགས་པ་ལྟ་བུའི་ཆོས་ཅང་འབྱུང་སྟེ། དེ་ལ་མི་གཡོ་བ་ལ་སོགས་པས་གསུམ་གྱིས་བསྡུས་པ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བས་བསྒྲིམ ་མི་དགོས་པར་སངས་རྒྱས་ཀྱི་ཆོས་རྣམས་ཡོངསུ་རྫོགས་པར་འགྱུར་བའི་ཕྱིར།། དེ་བས་ན་སེམས་བསྐྱེད་པ་བཞི་པ་ནི་སོས་བསྐྱེད་པ་གསུཾ་བཱི་འབྲས་བུར་གྱུར་ཏེ་འབྲས་བུ་ཡོངསུ་སྨིན་པའི་ཆོས་ཡིན།། དེ་ལས་ཡོན་ཏན་ཐམས་ཅད་ཡོངསུ་རྫོགས་པའི ་སངས་རྒྱསུ་གྲུབ་པའི་མཚན་ཉིད་ཀྱི་འབྲས་འགྲུབ་པར་འགྱུརརོ།། བཞི་པ་གཉིས་པ་འདིའི་བཤད་པ་ནི་རྒྱུའི་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ་གང་གི་རྒྱུར་གནས་པ་དེ་ཉིད་ཀྱིས་འབྲས་བུ་མ་ཚང་བ་མེད་པར་འགྲུབ་པ་ཡོངསུ་དག ་གོ། དཔེར་ན་ཤོང་རྟ་མཁན་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་གསུམ་པའོ།། ཤིང་བསྡུ་བ་ཤེས་པ་ཞེས་བྱ་བ་ནི་ཤིང་ཇི་ལྟར་གྱུར་པ་ཇི་སྙེད་ཀྱིས་ཤིང་རྟ་འགྲུབ་པ་དེ་ལྟ་བུར་གྱུར་པ་དེ་སྙེད་ཤེས་ཏེ་བསྡུ་བ་ཤེས་པའོ།། དེ་བཞིན་དུ་སེམས ་བསྐྱེད་པ་དང་པོ་ཞེས་བྱ་བ་ནི་ས་ངང་པ་ལྔ་སྨོན་ལམ་ཆེན་པོ་བཅུ་པོ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ཤེས་པའོ།། དེ་བས་ན་ཡང་སྨོན་ལམ་ལ་བརྟེན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་ཞེས ་བྱ་བས་བཤད་དོ།། དེ་བཞིན་དུ་སྤྱོད་པ་དང་འབྲེལ་པ་ཞེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པས་དྲུག་པོ་དག་ནི་སངས་རྒྱས་ཉིད་ཀྱི་ཡན་ལག་ཏུ་གྱུར་པའི་ཆོས་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས ་རྣམས་རིམྦ་བཞིན་དུ་སྦྱོང་བའི་ཕྱིར་རོ།། དེའི་བཤད་པ་ནི་ཚུལ་ཁྲིམས་དྲང་སྡོམ་པ་རྣམ་པར་དག་པ་ཞེས་བྱ་སྟེ། ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིས་མི་མཐུན་པའི་ཕྱོགས་ཀྱི་སེམས་བཟློག་པས་སྡོམ་པའོ།། ་དཔེར་ན་ཤིང་རྟའི་ཡན་ལག་ཅེས་བྱ་བ་ལ་སྔོགས་པ་འདིའི་བཤད་པ་ནི་བསྒོམ་པའི་ལམ་མ་ཤེས་རབ་དང་ཐབས་ཀྱིས་ཆོས་ཐམས་ཅད་ལ་སྦྱོར་བ་ཞེས་བྱ་བའོ།། མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ནི་བསྒོམ་པའི་ལམ་ན་ཤེས ་རབ་དང་ཐབས་དེ་གཉིས་ཀྱིས་སངས་རྒྱས་ཉིད་ཀྱིས་རྒྱུའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཐམས་ཅད་ཡན་ལག་དང་། ཡན་ལོག་ཅན་གྱི་དངོས་པོར་ཕན་ཚུན་སྦྱོར་བའི་ཕྱིར་ཏེ། འདི་ལྟར་བསོད་ནམས་ཀྱི ་ཚོགས་ཀྱིས་བསྡུས་པའི་ཡེ་ཤེས་མྱ་ངན་ལས་འདས་པ་འབྲས་བུ་ཡང་འཁོར་བ་དང་མི་མཐུན་པ་སྟེ། ཡེ་ཤེས་ཀྱི་གྲོགས་བསོད་ནམས་ཀྱི་ཚོགས་འབྱུང་བ་མངོན་པར་འགྲུབ་པར་འབད་ཀྱང་མྱ་ངན་ལས་འདས་པ་དང་། མི་མཐུན ་པ་མེད་དེ། དེ་ལྟར་འདི་གཉིས་ཡན་ལག་དང་ཡན་ལག་ཅན་གྱིས་དངོས་པོ་ཡིན་པའི་ཕྱིར་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་འགྲུ་བོ།། དཔེར་ན་ཁལ་དགལ་བ་ཞེས་བྱ་བ་ནི་ཤིང་རྟ་ཡོངསུ་གྲུབ་ནས་རྫས་ལ་སོགས་པ་ཁལ ་དགལ་བ་ཤེས་པའོ།། དེ་བཞིན་དུ་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་ཚོགས་ཡོང་སུ་རྫོགས་པ་ངེས་བདག་དང་གཞན་གྱིས་དོན་གྱི་ཁུར་ཤིན་ཏུ་སྒྲུབ་པའི་ཕྱིརརོ།། དེའི་བཤད་པ་ནི་ཁུར་བླངས་པ་མི་འདོར ་བ་ཞེས་བྱ་བྱའོ།། ཁུར་བླངས་པ་ནི་བདག་དང་གཞན་གྱི་དོན་ཡང་དགུ་པཱར་སྒྲུབ་པའོ།། དཔེར་ནུ་ཟླ་བ་ཚེས་པ་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ།། དེའི་བཤད་པ་ནི་གོང་ཟླས་གོང་དུ་མཐུ་རྣམ་པར་དག་པ་ཞེས་བྱ་བའོ།། ཟླ་བའི་དཀྱིལ ་འཁོར་ནི་གོང་ནས་གོང་དུ་སྣང་བའི་བྱེ་བྲག་གི་མཐུ་རྣམ་པར་དག་གོ། སེམས་ཀྱི་ནི་ནུས་པའི་བྱེ་བྲག་གོ།། ཚེས་བཅུ་བཞིའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བའི་དཔེས་ནི་སྐྱེ་བ་གཙུག་གིས་ཐོགས་པའི་སེམས་བསྐྱེད་པ་ཅུང་ཟད ་གཅིག་ཡོངསུ་མ་རྫོགས་པར་བསྟན་ཏོ།། ཚེས་བཅོ་ལྔའི་ནུབ་མོའི་དཔེས་ནི་དེ་བཞིན་གཤེགས་པའི་མཁྱེན་པ་རྣམ་པ་ཐམས་ཅད་ཡོང་སུ་རྫོགས་པ་བསྟན་ཏོ།། ཉན་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་པ་ཙམ་གྱིས་མཐོང་བའི ་ལམ་ལ་བདེན་པ་ཁོང་དུ་ཆུད་པའོ།། དེ་ལས་ཤིན་ཏུ་འདས་པ་ནི་ས་དང་པོ་ལ་མཐོང་བའི་ལམ་ན་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཐམས་ཅད་དུ་སོང་བའི་རྣམ་པར་ཁོང་དུ་ཆུད་པའི་ཕྱིརརོ།། དེའི ་བཤད་པ་ནི་ཡང་དབང་པོ་རྣོ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་ཞེས་བྱ་བ་སྟེ། སངས་རྒྱས་ཉིད་ཀྱི་ཕྱོགསུ་གྱུར་པའི་རྒྱུར་གྱུར་པའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཏེ་དེ་བཞིན་ཉིད།། ། ་དེ་ནི་ས་དང་པོ་ལ་མཐོང་བའི་ལམ་ན་ཉན་ཐོས་ཐམས་ཅད་པས་ལྷག་པར་ཆོས་ཐམས་ཅད་ལ་བདག་མེད་པའི་རྣམ་པར་དམིགས་པས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྔ་ལྷག་པར་དམིགས་པའོ།། རང་སངས་རྒྱས་རྣམས་ཀྱིས་ནི་གཟུང ་བ་དང་འཛིན་པ་ལ་མངོན་པར་ཞེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བདེན་པ་ཉིད་དུ་ཁོང་དུ་ཆུད་པའོ།། དེ་བས་ན་དེ་དག་གིས་འཁོར་བ་སྒྱུ་མ་ལྟ་བུར་ཁོང་དུ་མ་ཆུད་དེ། དེས་སྐྲག་ནས་བདག་གཅིག་པུ་ཐར་པར་བྱ་བའི་ཕྱིར་འབད་དོ།། ་སེམས་སྐྱེད་པ་གཉིས་པ་ནི་དེ་ལས་ཤིན་ཏུ་འདས་ཏེ། དེ་ལས་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་དང་བྲལ་བས་ཡང་དག་པ་མེ་ཡིན་པ་ཡོང་སུ་བརྟགས་པའི་བདག་ཉིད་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོང་དུ། ་ཆུད་པའི་ཕྱིརརོ།། ས་དང་པོ་ལ་ཐམས་ཅད་དུ་འགྲོ་བའི་རྣམ་པར་དེ་བཞིན་ཉིད་ཁོང་དུ་ཆུད་པས་ཉན་ཐོས་ཀྱི་ས་བཞིན་དུ་རང་སངས་རྒྱས་ཀྱི་སྲ་ལས་ཀྱང་ཤིན་ཏུ་འདས་སུ་ཟིན་ཀྱང་རྟེན་ཅི་ང་འབྲེལ་པར་འབྱུང་བ་གོང་མ་ལ་ཁོང་དུ་ཆུད ་པའི་ཕྱིར་དེ་སྐད་ཅེས་གསུངསོ།། དེའི་བཤད་པ་ནི་ཤེས་རབ་ཀྱི་ཁྱད་པར་གྱིས་སྤྱོད་པ་མཐའ་ཡས་པ་ཡང་དག་པར་སྒྲུབ་པ་ཞེས་བྱ་བས་ཏེ། ཤེས་རབ་ཀྱི་ཁྱད་པར་གྱིས་འཁོར་བ་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་དེའི་ཕྱིར་འཇིག་པ་མིད། ་སེམས་ཅན་གྱི་དོན་དུ་སྤྱོད་པ་མཐའ་ཡས་པ་ཡང་དག་པར་སྨྲའོ།། སེམས་སྐྱེད་པ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདུ་བྱེད་ཅིང་འཇུག་པའི་སའོ།། ས་བདུན་པའི་བར་དུ་མཱ་ངེས་པ་སྟེ། དེ་ལ་རྩོལ་བ་དང་བཅད་པའི་ཕྱིར། ་རྣམ་པར་མི་རྟོག་པར་རྒྱུ་བ་ནི་ངེས་པའི་ཕྱིར།། དེ་བས་ན་རྩོལ་བའི་རྣམ་པར་རྟོགས་པས་བསྐྱོད་པར་མི་ནུས་པའི་ཕྱིར་ས་དེ་མི་གཡོ་བ་ཞེས་བྱའོ།། རྩོལ་བར་ལྡོག་པ་མེད་པའི་ཕྱིར་ཕྱིར་མི་ལྡོག་པའི་ས་ཞེས་བྱ་བའོ།། དེ་བས་ན་རྩོལ ་བའི་ཡོངསུ་གཡོ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བཤ་།། ངེས་པའི་ཕུང་པོ་ནི་དབང་བསྐུར་བ་ཐོབུཾ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་བས་ན་རྒྱལ་ཚབ་ཏུ་རབ་ཏུ་གནས་པ་དེ་ཞེས་བཤ་།། འཕགས་པ་ག་ཡ ་མགྲོའི་རི་མདོ་དང་སྤེལ་མར་བཤད་པ།། ། བམ་པོ་གཉིས་པ་སྟེ་ཐ་མའོ།། ཡི་གེའི་ཕྱི་མོ་འཛིན་པ་ནི་འབྲུ་ཐམས་ཅད་དེར་འདུས་པའི་ཕྱིརརོ།། ཚུལ་ཞེས་བྱ་བ་ནི་འདྲ་བ་སྟེ། འདི་ལྟར་སེམས་བསྐྱེད་པ་དང ་པོ་ནི་སངས་རྒྱས་ཉིད་ཀྱི་རྒྱུའི་ཆོས་རྣམས་སྨོན་ལམ་ཆེན་པོ་བཅུ་པོ་དག་གིས་ཀུན་ཏུ་བྱ་བཱ་ཙམ་དུ་ཡི་གེའི་ཕྱི་མོ་ལྟ་བུར་འཛིན་པར་བྱེད་པའོ།། དེ་བས་ན་གཞི་ལ་ལྷག་པར་དམིགས་པ་ཞེས་བ་ཤྭངྒེ། ཀུན་ཏུ་བྱ་བ་ཙམ་དུ་སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་སྨོན་ལམ་ཆེན་པོ་རྣམས་ལྷག་པར་དམིགས་པོའི་ཕྱིརརོ།། རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་ཞེས་བྱ་བ་ནི་འདིའི་རྣམ་པར་དབྱེ་བའོ།། འདི་ནི་ལེགས་པར་རྣམ་པར་འབྱེད། ་པའོ།། དེ་ལྟ་བུར་ནཱི་སྤྱོད་བ་དང་འབྲེལ་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་དེ་ལ་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་རབ་ཀྱི་རྒྱུ་བ་དྲི་མ་མེད་པ་ལ་སོགས་པ་ས་དྲུག་གིས་བསྡུས་པ ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཀྱི་ཆོས་རྣམས་རྣམ་པར་དབྱེ་བ་རབ་ཏུ་ཤེས་པའི་ཕྱིརརོ།། དེའི་བཱ་ཤིང་པ་ནི་བློས་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་སྟེ། བསྒོམས་པའི་ལམ་གྱིས་བསྡུས་པས་དྲུག་པོ ་ངག་གིས་བློས་ཆོས་རྣམ་པར་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བའི་ཐ་ཚིགོ། གྲངས་དང་རྩིས་གཞན་དུ་དོན་གཅིག་ཏུ་ཟིན་ཀྱང་འདིར་སོ་སོར་སྨོས་པའི་ཕྱིར་རྩིས་དང་ཐ་དད་དེ། གྲངས་ནི་གཅིག་ལ་སོགས་པའོ།། གཞལ་བ་ལ ་སོགས་པས་ཡོངསུ་བཅས་པ་ནཱི་ཎྱ་ས་སུ་བལྟའོ།། ཤོད་དགོས་པ་ནི་འཇོག་པ་སྟེ། དེ་ཤེས་པས་འདུ་བ་དང་འགོད་པ་ཐམས་ཅད་ལྔ་རྟག་ཏུ་མ་རྨེངས་ན་ནོར་འཕེལ་བར་འགྱུརརོ།། དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་ཞེས ་བྱ་བ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལས་བཟོད་པ་ཐོབ་པས་བདག་དང་གཞན་མཚུངས་པར་ཁོང་དུ་ཆུད་པའི་ཕྱིར་གཞན་གྱི་སྦྱིན་པ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། དེ་ནི་ཐབས་མཁ ་པོས་ཆོས་ཐམས་ཅད་ལ་འཇལ་བ་ཞེས་བྱ་བས་བཤད། ཇི་སྐད་དུ་བཤད་པའི་བདག་དང་གཞན་མཚུངས་པའི་མཚན་ཉིད་ཐབས་མཁས་པས་གཞན་གྱི་སྦྱིན་པོ་ལ་སོགས་པ་ཡང་བདག་གིར་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ།། ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ནི་ས་བཅུ་པ་ལ་བསྒོམ་པ་ཁྱད་ཞུགས་པས་མཐར་ཕྱིན་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་ཏེ། དེ་ནི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་བྱ་བས་བཤད་དོ།། རྒྱུར་འབྲེལ་པ་ཞེས་བྱ་བ་ལྔ། ་སྦྱིན་ལོན་པའི་རྒྱུ་སྟེ།། རྒྱུ་ཉིད་ནི་འབྲེལ་པ་སྟེ། བདག་ཉིད་ཟུག་པ་མི་ནི་གྱི་ག་མེ་སྔོན་གྱི་ལེན་པའི་དངོས་པོར་གནས་ཞེས་བྱ་བའི་ཐ་ཚིག།། འདིའི་བཤད་པ་ནི་རང་བཞིན་གྱིས་རུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་སྟེ།། རླུང་བཞིན་ཞེས་བྱ་བ་ནི ་རིགས་འདྲ་བའོ།། དུམྦྷ་ཞེས་བྷ་ནཱི་རྒྷ་སྟེ། རིགས་འདྲ་བ.རཱི་དྷུ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཐ་ཆེ་གོ།། ཡེ་ཤེས་དང་འབྲེལ་པ་ཞེས་བྱ་བ་ནི་ཤེས་པ་ཉིད་དང་འབྲེལ་པ་སྟེ། ངེས་པར་བྱེད་པ་ཉིད་གནས་པོ་སྟེ། དེ་ནི་འཇིག་རྟེན་པ་དོང་འཇ ་རྟེན་ལྔས་འདས་པའི་ཐོས་པ་འཛིན་པ་ཞེས་བྱ་བས་པ་ཤདྲོ།། གཏོང་བསྡུ་སྤོང་བ་སྟེ། སྤྲོས་པ་དང་བྲལ་བྱ་སྟེ། དེའི་ངོ་བོ་དང་འབྲེལ་པར་རྣམ་པར་གནས་པའོ།། དེ་ནི་སྨོས་པ་ལས་དབེན་པ་ཞེས་བྱ་བྱས་བཤད་དོ།། འབྲས་བུ་དང་འབྲེལ་པ་ཞེས ་བྱ་བ་ནི་འབྲས་བུའི་དངོས་པོར་གནས་པའོ།། འབྲས་བུ་ནི་འདིར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་སྟེ་དེ་ནི་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་བྱེད་པ་ཞེས་བྱ་བས་བཤདདོ།། རྒྱུར་འབྲེལ་པའི་ཚིག་གིས་ནི་རྒྱུ་ཉི་དུ་གམ ་སོ་ཞེས་བྱ་བས་དོན་འདི་བསྟན་ཏོ།། རྒྱུས་བསྡུས་པ་འདིས་ནི་རྒྱུས་བསྡུས་ཤིང་རྒྱུས་བསྐྱེད་ཅེས་བྱ་བའི་དོན་འདི་སྟོན་ཏེ། བྱེ་བྲག་ནི་དེ་ཡོད་དོ།། དེ་བས་ན་མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པ་ཡོང་སུ་སྨིན་པས་ས་དང་པོ་ལ་ལྷག་པར ་དམིགས་པ་ཞེས་བྱ་བས་བཤད།། མོས་པས་སྤྱོད་པའི་ས་ནཱ་མངོན་པར་འདུ་བྱེད་པ་དེ་ཡོང་སུ་སྨིན་པ་ནི་ས་རབ་ཏུ་དགའ་བ་ལ་འཇུག་པར་བགེགས་མེད་པ་ཉིད། དེས་ས་དང་པོ་ལ་ལྷག་པར་དམིགས་པའི་ཕྱིརརོ།། ཡེ་ཤེས ་ཀྱིས་བསྡུས་པ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བས་བསྡུས་པ་གང་མཐར་ཕྱིན་པའི་ཡེ་ཤེས་དེས་བསྡུས་པ་སྟེ་བསྐྱེད་པའོ།། ཁམས་རྣམས་ཀྱི་དོན་ནི་དུ་མ་ཡོད་པའི་ཕྱིར།། དེ་ནི་ཡེ་ཤེས་ཡོངསུ་སྨིན་པས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ལ ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་དོ།། ས་རབ་ཏུ་དགའ་བས་བསྔོས་པའི་ཡེ་ཤེས་ཡོངསུ་སྨིན་པ་ནི་ས་གཉིས་པ་བསྐྱེད་པར་བགེ་གྲས་མེད་པར་ནུས་པ་ཉིད། རྒྱུ་དེས་སྦྱོར་བ་ལས་བྱུང་བའི་སྤྱོད་པ་དྲི་མ་མོད་པ་ལ་སོགས་པས་བསྡུས་པ ་ལ་ལྷག་པར་དམིགས་པའི་ཕྱིར།། སྤོང་བ་བསྡུས་པ་ཞེས་བྱ་བ་ནི་འདིས་སྤོང་བས་ན་སྤོང་བ་སྟེ། ས་བདུན་པས་བསྡུས་པའི་ལོམ་སྟེ། གང་དེ་མ་ཐག་ཏུ་ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པའོ།། དྲིས་བསྡུས་པ་ནི་བསྐྱེད་པའོ།། དེ་ནི་བསྒོམ་པ ་ཡོང་སུ་སྨིན་པས་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད་།། མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་བསྒོམ་པ་ཡོང་སུ་སྨིན་པར་མཐར་ཕྱིན་པ་སྟེ། དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་སོགས ་པ་མ་ཐོབ་པའི་ཆོས་རྣམས་ལ་ལྷག་པར་དམིགས་པའི་ཕྱིར།། མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་སོགས་པ་དེ་ཉིད་བྱང་ཆུབ་སེམས་དཔའི་ཕྱིར་མི་འོང་བའི་འབྲས་བུ་སྟེ། ཡང་མངོན་པར་འདུ་བྱེད་པར་འོང་བ་མེད་པའི་ཕྱིརརོ།། འབྲས་བུ་དེ་ལྟར ་གྱུར་པ་ཉིད་ཀྱིས་བསྡུས་པ་ནི་སེམས་བསྐྱེད་པ་བཞི་པའོ།། དེ་ནི་འབྲས་བུ་ཡོངསུ་སྨིན་པས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྫོགས་པ་རྟོགས་པ་ཞེས་བྱ་བས་བཤད་དེ། ས་མི་གཡོ་བ་ལ་སོགས་པས་བསྡུས་པ་བཤད་མ་ཐག་པའི་མན། ་ཉིད་ཀྱིས་འབྲས་བུ་ཡོངསུ་སྨིན་པ་སྟེ། རྒྱུ་དྲོས་ས་བཅུ་ལ་དེའི་སྒྲིབ་པ་སྤངས་ནས་ཆོས་ཀྱི་དབྱིངས་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར།། རྒྱུ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་རྒྱུ་ལས་ཡང་དག་པར་བྱུང་བ་གང་ཡིན་པ་དེ ་རྒྱུ་ལས་ཡང་དག་པར་བྱུང་བ་སྟེ། ཕྱིན་ཅི་མ་ལོག་པའི་རྒྱུ་ཞེས་བྱ་བའི་ཐ་ཚི་གོ།། དེ་ནི་མ་ནོར་བར་དགེ་བ་སྒོམ་པའི་གནས་ཞེས་བྱ་བས་བཤད་དེ། མོས་པས་སྤྱོད་པའི་སྲས་བསྡུས་པས་མ་ནོར་བའི་དགེ་བའི་ཆོས་བསྒོམ་པའི་གནས་སེམས་བསྐྱེད ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བཞི་པོ་གོང་མ་ཉིད་ཀྱིས་རྒྱུས་བསྡུས་པའི་ཚིག་གིས་ནི་བགེགས་མེད་པར་ནུས་པ་རྒྱུ་གོང་གིས་བསྐྱེད་པ་དེ་བསྟན་ཏོ།། དེས་ནི་དེའི་རྒྱུ་ཕྱིན་ཅི་མ་ལོག་པ་བསྟན་ཏེ། འདི་ནི་བྱེ་བྲག་གོ།། ཡེ་ཤེས་ལས་ཡོ ་དག་པར་བྱུང་བ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བས་བསྡུས་པའི་ཡེ་ཤེས་ལས་ཡང་དག་པར་བྱུང་བ་ཕྱིན་ཅི་མ་ལོགས་པ་རྒྱུར་གྱུར་པ་ལས་བྱུང་བ་སེམས་བསྐྱེད་པ་གཉིས་པ་གང་ཡིན་པ་དེ་ཡེ་ཤེས་ལས་བྱུང་བའོ།། དེ་ནི་མ་ནོར་བའི་ཆོ་སྔ་ལ ་ངེས་པར་རྟོག་པའི་སྐྱེ་གནས་ཞེས་བྱ་བས་བཤད་དེ། མ་ནོར་བའི་ས་རབ་ཏུ་དགའ་བས་བསྡུས་པའོ།། ཆོས་ལ་ངེས་པར་རྟོག་པའི་སྐྱེ་ས་ནས་ནི་རྒྱུ་སྟེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྤོང་བ་ལས་ཡང་དག་པར་བྱུང་བ་ཞེས་བྱ་བ་འདིས ་སྤོང་བས་ནཱ་སྤོང་བ་སྟེ། ས་བདུན་པས་བསྡུས་པའི་ཡེ་ཤེས་དེ་ལས་ཡང་དག་པར་བྱུང་བ་ཕྱིན་ཅི་མ་ལོག་པ་སེམས་སྐྱེད་པ་གསུམ་པ་གང་ཡིན་པ་དེ་སྤོང་བ་ལས་ཡང་དག་པར་བྱུང་བའོ།། ཆེ་བདྨོ་རྗེ་གན་བྱ་བ་བ་མ་ཙཱ་པོ། ་པས་ས་བདུན་པའི་བསྡུས་པའི་གནས་ལས་བྱུང་བ་སེམས་སྐྱེད་པ་གསུམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འབྲས་བུ་རང་གི་སེམས་ལ་དབང་སྒྱུར་བ་ལས་ཡང་དག་པར་བྱུང་བ་གང་ཡིན་པ་དེ་འབྲས་བུ་ལས་ཡང་དག་པར་བྱུང་བ་དེ་ནི ་རང་གི་སེམས་ལ་དབང་བསྒྱུར་བ་ཞེས་བྱ་བས་བཤདདོ།། སེམས་བསྐྱེད་པ་དང་པོ་ནི་རྒྱུ་རབ་ཏུ་དབྱེ་བའི་ཡན་ལག་གོ་ཞེས་བྱ་བ་ནི་ས་གཉིས་པ་ལ་སོགས་པའི་རྒྱུར་གྱུར་པས་ས་རབ་ཏུ་དགའ་བས་བསྡུས་པའི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ ་ཡང་ཡིན་པ་དེ་དག་གི་ཡན་ལག་སྟེ། སེམས་བསྐྱེད་པ་དང་པོ་དེ་ཉིད་ལ་བརྟེན་ནས་བྱང་ཆུབ་ཀྱི་རྒྱུར་རྣམ་པར་གནས་པའི་ཆོས་རྣམས་རྣམ་པ་མང་པོར་འཕེལ་བའི་ཕྱིར།། དེ་ནི་ཡང་དག་པར་དགེ་བའི་རྩ་བ་མཐའ་ཡས་པ་འཛིན་པ་ཞེས་བྱ ་བས་བཤད་དོ།། ཡེ་ཤེས་རབ་ཏུ་དབྱེ་བའི་ཡན་ལོག་ཅེས་བྱ་བ་ནི་དྲི་མ་མེད་པ་ལ་སོགས་པ་ས་དྲུག་པོ་རྣམས་ནི་སེམས་སྐྱེད་པ་གཉིས་པ་ལ་གནས་པའི་ཡེ་ཤེས་ཆོས་སྣ་ཚོགས་ལ་རྟོག་པས་དུ་མར་ཐ་དད་པའི་ཕྱིར།། དེ་ནི་ཆོས་མཐའ་ཡ ་པ་ལ་ངེས་པར་རྟོག་པ་ཞེས་བྱ་བས་བཤད་དོ།། མངོན་པར་འདུ་བྱེད་པ་ཐམས་ཅད་སྤོང་བ་ཐོབ་པའི་ཕྱིར་ལྷུན་གྱིས་གྲུབ་པར་འཇུག་པས་ཏིང་ངེ་འཛིན་རྣམས་ཉིད་སྤོང་བའོ།། དེ་དག་གི་རབ་ཏུ་དབྱེ་བ་སྣ་ཚོགས་ཀྱི་ཡན་ལག་སྟེ། ས་བརྒྱད ་བ་ལྔ་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྟོབས་ཀྱིས་ཏིང་ངེ་འཛིན་མཐའ་ཡས་པ་ཐོབ་པའི་ཕྱིར་དེ་ནི་ཏིང་འཛིན་གྱི་སྒོ་མཐའ་ཡས་པའི་རྗེསུ་འཇུག་པ་ཞེས་བྱ་བས་བཤད།། ཏིང་ངེ་འཛིན་རྣམས་ཉིད་སྒོ་སྟེ། དེ་དང་འབྲེལ་པའི་དོན་རྣམས་ཀྱི་སྒོར་གྱུར ་པའི་ཕྱིར།། འབྲས་བུ་ནི་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་མཐའ་ཡས་པ་མྱོང་བའོ།། དེ་རབ་ཏུ་དབྱེ་བའི་ཡན་ལགཱ་ནི་སེམས་བསྐྱེད་པ་བཞི་པ་སྟེ། སོ་བཅུ་པ་ལ་ཏིང་ངེ་འཛིན་གྱི་རྒྱུ་མཐའ་ཡས་པ་རྣམ་པར་གྲོལ་བའི་ཕྱིར།། དེ་ནི་རྣམ་པར་རོལ ་པཔ་མམཐའ་ཡས་པ་མྱོང་བ་ཞེས་བྱ་བས་བཤད་དོ།། སྨན་བསྡུ་བའི་ཚུལ་ཞེས་བྱ་བ་ནི་དེ་དང་འདྲ་ཞེས་བྱ་བའི་ཐ་ཚིགོ།། དེའི་བཤད་པ་ནི་ཡང་ཉོན་མོངས་པའི་ནད་ཀྱི་གཉེན་པོའི་གནས་ཞེས་བྱ་བ་སྟེ། ཉོན་མོངས་པའི་ནད་ཀྱི་གཽཉེན་པོ་ནི་ཟག་པ་མེད ་པའི་ཡེ་ཤེས་ཀྱི་སྨོན་ནོ།། དེའི་གནས་ནི་སེམས་བསྐྱེད་པ་དང་པོ་སྟེ། ས་རབ་ཏུ་དགའ་བ་ལ་ཐོག་མར་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིརརོ།། སྨན་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཉོན་མོངས་པའི་ནང་དང་མཐུན་པའི་སྨན ་རབ་ཏུ་ཤེས་པ་ཞེས་བྱ་བའོ།། ཤེས་ནས་ཀྱང་མཐུན་པའི་སྨན་ནི་ཐབས་ཏེ་སྙིང་རྗེའོ།། དེས་འཁོར་བ་མི་གཏོང་སྟེ། དེ་ནི་སྨན་སྦྱོར་བ་ལ་མཁས་པ་ཞེས་བྱ་བ་ལྔ་སྔོགས་པོའི་མདོའི་ཚིག་གི་བཤད་པའོ།། ནང་གསོ་བ་ཞེས་བྱ་བ་ལ་སོགས་པ ་ནི་སྨན་རབ་ཏུ་ས་བཅུ་པས་བསྡུས་པ་བར་ཆད་མེད་པའི་ལམི་རབ་ཀྱི་མཆོག་གིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཚོགས་དང་བཅས་པ་སྤངས་པའི་ཕྱིར་སེམས་བསྐྱེད་པ་བཞི་པ་ནི་ནད་པ་གསོ་བ་ཞེས་བྱ་བས་བཤད་དོ།། དེའི ་བཤད་པ་ནི་ཉོན་མོངས་པའི་ནད་ལས་གསོ་བ་ཞེས་བྱ་བའོ།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་དཔེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའོ།། དངོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམ་སོ།། དེ་དག་གི་རིགས་ན་སྐྱེ་བའི ་གནས་ཏེ་བྱང་ཆུབ་སེམས་དཔའ་དེ་ཁོ་ན་མཐོང་བ་དག་གོ།། དེ་མཚན་ཉིད་གཅིག་པ་ནི་རྒྱུད་དེར་འབྱུང་བའི་ཚུལ་དུ་ས་དང་པོ་ལ་དེ་བཞིན་གཤེགས་པའི་རིགསུ་སྐྱེས་པའི་ཕྱིར།། དེར་སྐྱེས་ནས་ཉན་ཐོས་དང་རང་སངས་རྒྱས་རྣམས ་ཟིལ་གྱིས་ནོན་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་ནོན་པ་ཞེས་བྱ་བས་བཤེད་།། དཔེ་ནི་རིག་པ་རྣམས་དང་། སྒྱུ་རྩལ་རྣམས་ལ་མཁས་པའི་བསླབ་པ་ཡང་དག་པོར་འཛིན་པའོ།། དངོས་པོ་ནི་དམིགས་པ་མེད་པ ་པ་དང་ལྡན་པའི་སྡོམ་པའི་ཚུལ་ཁྲིམས་བླ་ན་མེད་པ་ལ་སོགས་པ་སྟེ། འདིའི་བཤད་པ་ནི་དེ་ཡང་བསླབས་པའི་གནས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞེས་བྱའོ།། དེ་ཡང་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ཟིལ་གྱིས ་ནོན་པ་སྟེ། ཉན་ཐོས་ལ་སོགས་པའི་བསླབ་པའི་རྣམ་པ་དགྲ་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་ཐ་ཚིགོ།། བསླབ་པ་ཚར་ཕྱིན་པ་ནི་ཁམས་གསུམ་པ་བསྐྱེད་པ་ལ་བསླབ་པ་རྫོགས་པ་སྟེ། ས་བརྒྱད་པ་ལ་མངོན་པར་འདུ ་བབྱེདེད་པ་དང་བཅས་པས་འཇུག་པའི་བསླབ་པ་རྫོགས་པའི་ཕྱི་རོ།། དེའི་བཤད་པ་ནི་བསྒོམ་པ་ཁྱད་པར་དུ་འཕགས་པ་ནི་མངོན་པར་འདི་བྱ་བ་མེད་པར་དགེ་བ་ཐམས་ཅད་ལ་འཇུག་པའི་ཕྱིར།། སེམས་ཅན་གྱི་དོན་དུ་ལྷུན་གྱིས་གྲུབ་པར ་བསླབ་པ་རྣམས་ལ་འཇུག་པ་ལ་དབང་བསྒྱུར་ཏེ། དེ་ནི་བསྒོམ་པའི་འབྲས་བུ་ཁྱད་པར་དུ་འཕགས་པ་ཞེས་བྱ་བའོ།། བསྒོམ་པའི་འབྲས་བུ་ནི་སེམས་ཅན་གྱི་དོན་ནོ།། དེ་ཁྱད་པར་དུ་འཕགས་པ་ནི་ལྷུན་གྱིས་གྲུབ་པར་ཐམས་ཅདདུ ་ཅིག་ཆར་ཡང་དག་པར་སྒྲུབ་པའོ།། ཆོས་ཀྱི་མངའ་བདག་ནི་སངས་རྒྱས་བཅོམ་ལྡན་འདསོ།། འཕགས་པ་འཇམ་དཔལ་ལ་ཡོངསུ་དྲིས་པ་གང་ཡིན་པ་ཞེས་བྱ་བ་ནི་དང་པོར་ཟླ་བ་དྲི་མ་མེད་པའི་གཟི་བརྗིད་འོད་ཟེར་གྱིས་འོད ་ཀྱིས་དྲིས་པ་གང་ཡིན་པ་དང་། བར་དུ་འོད་རྣམ་པར་ངེས་པའི་འོད་ཟེར་གྱི་འོད་དང་། འོག་ཏུ་ཡེ་ཤེས་སྒྲུབ་པ་དཔའ་བོས་དྲིས་པ་གང་ཡིན་པ་དེ་ཐམས་ཅད་བསྔོས་ཏེ་བརྒལ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ལ་དང་པ་བསྐྱེད ་པའི་ཕྱི། ཞེས་བྱ་བ་ནི་ཆོས་ཀྱི་མངའ་བདག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཐོབ་མོ་དྲིས་པ་རྣམས་ལ་ལན་འདེབས་པའོ་ཞེས་དེ་དག་ལ་ལན་འདེབས་པའོ།། དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་མཐུ ་སྟེ་བཅད་པའི་དོན་བཤད་དོ།། ད་ནི་སྤྱོད་པ་རྣམ་པར་དབྱི་བ་བཤད་པར་བྱའོ།། དེ་ཡང་རྣམ་པ་གཉིསུ་བཤད་དེ། རྒྱུས་བསྡུས་པ་དང་། འབྲས་བུས་བསྡུས་པའོ་ཞེས་བྱ་བ་དེ་ལ་དང་པོ་ཡང་དུ་བྱས་ན་རྒྱུས་བསྡུས་ན་རྩ་བལ་དོ་ལ་ཙྪས་དང ་ཞེས་བྱ་བ་ལ་སོགས་པས་ནི་ཚོགས་ཀྱི་ལམ་བསྟན་པ་དང་རྣམ་པར་རིག་པའི་ལམ་བསྟན་པའོ།། ཡང་དག་པའི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་མཐའ་བསྟན་པ་དང་། ཡང་དག་པའི་མཐའ་དེ་ཁོང་དུ ་ཆུད་པར་བྱ་བའི་ཐབས་བསྟན་པ་ཞེས་བྱ་བའི་ཐ་ཚི་གོ། དེ་ཡང་མདོ་ལས་ཐབས་དང་། ཤེས་རབ་པོ་ཞེས་བྱ་བ་དེ་ལ་ཐབས་ནི་ཚོགས་ཀྱི་ལམ་མོ།། ཤེས་རབ་ནི་རྣམ་པར་དག་པའི་ལམ་མོ།། འདི་གཉི ་ནི་མདོའི་ཚིག་ཐབས་ནི་བསྡུ་བ་ཤེས་པའོ་ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་གིས་བཤད་དོ།། དེ་ལ་བརྒྱད་པ་ཕྱེད་ཕྱེད་བཀོད་པས་ནི་ཐབས་བསྟན་ཏེ། དེ་བས་ན་ཚོགས་ཀྱི་ལམ་བསྟན་པ་ནི་རྣམ་པ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོག ་པ་སྨོསོ།། ཤེས་རབ་ཀྱང་བརྒྱད་པོ་དེ་ཉིད་ཀྱི་ཚིག་ཕྱེད་ཕྱེད་བཀོད་པས་བསྟན་ཏོ།། དེ་བས་ན་འོག་ནས་རྣམ་པར་དག་པའི་ལམ་བསྟན་པ་ཡང་རྣམ་པ་བརྒྱད་ཀྱིས་ཞེས་འབྱུང་།། སེམས་ཅན་རྣམ་པ་ཐ་དད་པ་ནི་ཁྭ་ཅིག་ནི་བཽརྐ་མ་ཆགས ་ཅན་ཏེ། དེ་དག་སྦྱིན་པས་ཡོངསུ་སྨིན་པར་བྱའོ།། ཞེ་སྡང་ཅན་དག་ནི་སྙན་པར་སྨྲ་བས་སོ།། ང་རྒྱལ་ཅན་དྲག་ནི་དོན་དཔྱོད་པ་ཞེས་བྱ་བ་ལ་སོགས་པས་སོ།། དེ་ནི་ཐབས་ནི་བསྡུ་བ་ཤེས་པའོ་ཞེས་མདོའི་ཚིག་འདིའི་བཤད་པ་སྟེ། བརྐམ ་ཆགས་ཅན་ལ་སོགས་པ་དག་སྦྱིན་པ་ལ་སོགས་པའི་བསྡུ་བས་ཡོངསུ་སྨིན་པར་བྱ་བ་ཤེས་ནས་དེ་བཞིན་དུ་སྤྱོད་པའི་ཕྱིརརོ།། སེམས་ཅན་ལ་ལྟ་བ་ཞེས་བྱ་བ་ནི་དེ་དག་གིས་ཉེས་པར་སྤྱོད་ཀྱང་དེ་དག་མི་གཏོང་བའི་ཕྱིར།། དེ་ནི་དེ་དག ་གི་ཉེས་པར་སྤྱོད་པ་སྣ་ཚོགས་ཀྱི་ཇི་མི་སྙམ་པ་ཞེས་བྱ་བས་བཤད་དོ།། དེ་དག་ཅེས་བྱ་བ་ནི་སེམས་ཅན་རྣམས།། ཆོས་ནི་ལྷ་དང་མིའི་འགྲོ་བས་བསྡུས་པ་དག་གོ།། སྦྱོར་བ་ནི་དགེ་བའི་མངོན་པར་འདུ་བྱ་བ་གང་གིས་ཆོས་དེ་ལ་སྦྱོར་བས ་དེ་ཤེས་པ་ནི་དེས་འཁོར་བ་ཡོངསུ་མི་གཏོང་བའོ།། དེ་ནི་དཀར་པོའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་ཞེས་བྱ་བས་བཤད་དེ། མངོན་པར་མཐོ་བའི་མཚན་ཉིད་དཀར་པོའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པ་ནི་མི ་ཟད་པར་སྒྲུབ་པར་བྱེད་པའོ།། རྒྱུ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམསོ།། དེ་དག་ལ་རྣམ་པ་དང་བཅས་པའི་ཤེས་པས་དམིགས་པ་ནི་རྒྱུ་ལ་དམིགས་པའོ།། དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ལྷག་པར་དམིགས་པ་ཞེས་བྱ་བས་བཤད།། ། ་ཆོས་ནི་གཞོན་གྱི་དབང་གིས་མཚན་ཉིད་རྣམས་ཏེ། ཇི་ལྟར་སྣང་བ་བཞིན་དུ་སེམས་ཅན་ཐ་དད་པར་རྣམ་པར་བཞག་པ་ནི་ཆོས་ཐ་དད་པར་ཤེས་པ་སྟེ། གང་གིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་རབ་ཏུ་འབྱུང་བའོ།། དེའི་བཤད་པ་ནི ་མཚན་ཉིད་མི་འདྲ་བ་ཞེས་བྱ་བ་སྟེ། གཞན་གྱི་དབང་གི་དངོས་པོའི་སེམས་ཅན་སོ་སོའི་མཚན་ཉིད་མི་འདྲ་བ་རྣམ་པར་བཞག་པའི་ཕྱིརརོ།། སྨོན་ལམ་གྱི་ཁྱད་པར་གྱིས་བསྡུས་པ་བསོད་ནམས་ཀྱི་ཁྱད་པར་གང་གིས་སངས་རྒྱས་ཀྱི་ཞིང་བརྒྱན ་པར་བྱེད་པ་དེ་སངས་རྒྱས་ཀྱི་ཞིང་གི་རྒྱན་ཏེ་དེ་ཤེས་པའོ།། དེ་བས་ན་སྨོན་ལམ་རྣམ་པ་སྣ་ཚོགས་ཞེས་བྱ་བས་བཤ་དོ།། སེམས་ཅན་གྱི་དབང་པོ་ནི་དད་པ་ལ་སོགས་པའི་དབང་པོས་སོ།། སྤྱོད་པ་ནི་འདོད་ཆགས་ལ་སོགས་པ་ཐ་དད་པས་སྤྱོད་པ ་ཐ་དད་པ་དག་གོ།། དེ་དག་ལ་འཇུག་པ་ཤེས་པ་ནི་གང་གིས་དེ་དག་ལ་འཇུག་པའོ།། དེའི་བཤད་པ་ནི་གདུལ་བའི་སེམས་ཅན་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཞེས་བྱའོ།། བྱང་ཆུབ་བརྒྱན་པོར་བྱེད་པའི་ཆོས་གང་དག་ཡིན་པ་དེ་དག་བྱང་ཆུབ་ཀྱི ་བརྒྱན་ཏེ། དེ་དག་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་རྣམསོ།། དེ་དག་ཡང་དག་པར་ཐོབ་པར་བྱེད་པ་ཤེས་པ་ནི་ཐབས་གང་གིས་རྒྱུན་ཏུ་སྟེ་དྲི་ཚེགས་མེད་པར་སྒྲུབ་པའོ།། དེ་ཡང་ཐབས་མཁས་པའི ་མདོའི་ཚུལ་བཞིན་དུ་རིག་པར་བྱའོ།། དེའི་བཤད་པ་ནི་ཚོགས་རྣམ་པ་སྣ་ཚོགས་ཉེ་བར་སྒྲུབ་པས་ཞེས་བྱ་བའོ།། རྣམ་པར་དག་པར་བྱ་བའི་ཕྱིར་ལམ་དུ་གྱུར་པ་ནི་རྣམ་པརི་དག་པའི་ལམ་སྱེ་ཤེས་རབ་པོ།། དགེ་བ་དང་མི་དགེ་བའི་ཆོས ་ལ་སྤྱོད་པ་ནི་སྤང་བར་བྱ་བ་དང་བླང་བར་བྱ་བ་ཇི་ལྟ་བ་བཞིན་དུ་སྤྱོད་པའོ།། དེ་ཡང་ཤེས་རབ་ནི་ཡོངསུ་གཅོད་པ་ཤེས་པའོ།། ཞེས་བྱ་བ་འདིའི་བཤད་པའོ།། ཡོངསུ་གཅོད་པ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམ་པར་འབྱེད་པའོ།། ཤེས་རབ ་ནི་ཆོས་ཐམས་ཅད་ལོ་མི་བལྟ་བའོ་ཞེས་བྱ་བ་ནི་གཞན་གྱི་དཔུང་གིས་བདག་ཉིད་དངོས་པོ་བརྒྱད་ཀྱི་ཆོས་ཐམས་ཅད་ལ་མི་བལྟ་བ་སྟེ། སེམས་ཅན་ཞེས་བྱ་བ་དེ་ལྟ་བུར་ལྟ་བ་མེད་པའི་ཕྱིར་རོ།། དེ་དག་ནི་ཆོས་ཞེས་བྱ་བ་ཙམ་ཉིད་དུ་གཟུག ་སེམས་ཅན་དུ་ལྟ་བ་གང་ཡིན་པ་དེ་ནི་འཇོག་ཚོགས་ལ་ལྟ་བའི་རྩ་བའོ།། འཇིག་ཚོགས་ལ་ལྟ་བ་ནི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་འཁོར་བའི་རྐྱེན་ཏོ།། དེའི་བཤད་པ་ནི་ཆོས་ཐམས་ཅད་ལ་རྐྱེན་གྱིས་མི་བལྟ་བར་སྔོན་དུ་གཏོང་པོ ་ཞེས་བྱའོ།། ཀུན་ནས་ཉོན་མོངས་པའི་རྐྱེན་སེམས་ཅན་དུ་ལྟ་བས་སེམས་ཅན་ཐམས་ཅད་ལ་ལྟ་བ་མེད་པ་དེ་དག་རྐྱེན་གྱིས་མི་ལྟ་བ་དག་པོ།། ཆོས་དེ་ཐམས་ཅད་དེ་ལྟར་གཟུང་བའི་ཆོས་ཐམས་ཅད་ལ་རྐྱེན་གྱིས་མི་བལྟ་བའོ།། དེ་དག་གི་སྔོན་དུ་གཏོ ་བ་ནི་ཆོས་ཙམ་དུ་གཟུང་ནས་སེམས་ཅན་ཐམས་ཅད་སྔོན་དུ་བཏང་སྟེ། ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའོ་ཞེས་བསྡུས་པའི་དོན་ཏོ།། ཤེས་རབ་ནི་བྲལ་བ་ཤེས་པའོ།། འདིའི་བཤད་པ་ནི་ཆགས་པ་ཐམས་ཅད་ལས་གྲོལ་བ་ཞེས ་བྱ་བའོ།། ཤེས་རབ་ནི་རྒྱུ་ཟད་པར་འགྲོ་བའོ་ཞེས་བྱ་བ་ནི་ཉིང་མཚམཱཾས་སྦྱོར་བའི་རྒྱུ་ཟད་པར་འགྲོ་བའི་ཕྱིར་ཏེ། དེ་ནི་ཉིང་མཚམས་སྦྱོར་བ་གཅོད་པ་ཞེས་བྱ་བས་བཤད་།། ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད།། དེ་གཅིག་པ་ཉི་དུ་ཐམས་ཅད་དུ ་ཤེས་པ་ནི་དབྱེར་མེད་པ་ཤེས་པའོ།། དེའི་བཤད་པ་ནི་ཡང་དག་པ་ཇི་ལྟ་བོ་བཞིན་དུ་མཐོང་བ་ཞེས་བྱ་བའོ།། རྣམ་པར་རིག་པ་རྣམ་པར་དག་པའི་མཚན་ཉིད་ནི་སངས་རྒྱས་ཀྱི་ཞིང་རྣམས་ཏེ། སངས་རྒྱས་ཀྱི་ཞིང་ལྟ་བུར་སྣང་བའི་རྣམ་པར ་རིག་པའི་རྒྱུ་ལས་བྱུང་བའི་ཕྱིར།། དེ་དག་གི་མཉམ་པ་ཉིད་ནི་གཉིས་ལས་དབེན་པའོ།། དེ་དབྱེར་མེད་པར་ཤེས་པ་ནི་གཅིག་ཏུ་ཤེས་པའོ།། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཤེས་པའི་རབ་ཏུ་དབྱེ་བའང་འདི་ཉིད་དེ། སངས་རྒྱས་ཀྱི ་ཞིང་གི་ཚུལ་གྱིས་ལོགས་ཤིན་ཏུ་བཤད་པར་ཟད་དོ།། དེའི་བཤད་པ་ནི་ཚུལ་གཅིག་ཏུ་ཡང་དག་པར་གཞོལ་བ་ཞེས་བྱ་སྟེ། ཚུལ་གཅིག་ནི་སྟོང་པ་ཉིད་དོ།། དེ་ལ་ཡང་དག་པར་གཞོལ་བ་ནི་རྣམ་པར་གཞོལ་བའོ།། སེམས་ཅན ་དམིགསུ་མེད་པ་ནི་ཀུན་བརྟགས་པའི་ངོ་བོར་རོ།། དེའི་བཤད་པ་ནི་བྱིས་པས་ཀུན་བརྟགས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་རྟོག་པ་ཞེས་བྱ་བའོ།། བྱིས་པ་རྣམས་ཀྱིས་ཀུན་བརྟགས་པ་ནི་བྱིས་པས་ཀུན་བརྟགས་པ་སྟེ། ་སེམས་ཅན་ནོ་ཅེས་དེ་ལྟར་སྒྲོ་བཏགས་པའོ།། དེ་ལ་ཡང་དག་པ་ཇི་ལྟ་བུ་བཞིན་དུ་བརྟགས་ན་ངོ་བོར་དེ་མི་དམིགསསོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་གང་ལས་བྱུང་བ་དེ་ནི་སྤངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྒྲུབ ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངསོ།། དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཤེས་པའོ།། དེའི་བཤད་པ་ནི་ཞི་བའི་དབྱིངས་མངོན་སུམ་དུ་བྱེད་པས་ཤེས་བྱ་བ་སྟེ། ཆོས་ཀྱི་དབྱིངས་ཉིད་ཞི་བའི་དབྱིངསོ།། ལྷའི་བུ་གཞན་ཡང ་ཞེས་བྱ་བ་ལ་སོགས་པའི་ནང་ནས་ཚོགས་ཀྱི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ།། ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐུག་པ་དག་སྟེ། འདི་དག་གིས་དགེ་བ་སྣ་ཚོགས་སོགས་པའི་ཕྱིརརོ།། དེའི་བཤད ་པ་ནི་དགེ་བའི་རྩ་བ་སྣ་ཚོགས་སྒྲུབ་པ་ཞེས་བྱ་བའོ།། འདིས་ནི་རྣམ་པ་གཅིག་བསྟན་ཏོ།། ཡོངསུ་གཅོད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཡོངསུ་གཅོད་པའི་ཕྱིར་ཏེ། དེའི་བཤད་པ་ནི ་ཡོངསུ་གཅོད་པ་སྟེ་དེའི་དོན་ནི་སྟི་མ་བཞིན་ཞེས་བྱ་བའོ།། ཤེས་རབ་ནི་ཡོངསུ་གཅོད་པ་ཞེས་བྱ་བ་དེར་ཡོངསུ་གཅོད་པའི་དོན་གང་ཡིན་པ་འདིར་ཡང་དེ་ཡིན་ཏེ། འདིས་ནི་རྣམ་པ་གཉིས་པ་བསྟན་ཏོ།། ཡང་གཉིས་ཏེ་ཞེས་བྱ་བ་ལ་སྡོགས ་པས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་རྣམ་པར་སྟན་ཏོ།། ཆགས་པ་དང་བཅས་པའི་ལམ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གོ་ཞེས་བྱ་བ་ལ། དེ་དག་ན་ལོང་སྤྱོད་ཆེན་པོ་ལ་སོགས་པའི་འབྲས་བུ་ཡིན་པས་འཁོར་བའི་རྒྱུར་གྱུར་པའི ་ཕྱིརོ།། དེ་བས་ན་ཁམས་གསུམ་ན་སྤྱོད་པ་ཞེས་བཤད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ཡོངསུ་བསྔོ་བའི་ཁྱད་པར་གྱིས་ཟིན་པ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་དུ་ཟིན་ཀྱང་ལོང་སྤྱོད་ཆེན་པོའི་འབྲས་བུ་སྩོལ། ་པས་དེ་སྐད་ཅེས་བརྗོད་དོ།། ཆགས་པོ་མེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཁམས་གསུམ་ནས་འབྱུང་བའི་ཕྱིར།། འདིས་ནི་ཟག་པ་དང་བཅས་པའི་ལམ་ནི་ཞེས་བྱ་བ་ལ་སོགས་པོ་བཤད་དོ།། མཚན་མའི ་གནས་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་གནས་ཏེ་དེས་ཤེས་བྱའི་སློབ་པ་མ་སྤངས་པའི་ཕྱིར། ཚད་ཡོད་པར་བྱས་པའི་ལམ་སྟེ། དཔེར་ན་ཉན་ཐོས་ལ་སོགས་པ་ལྟ་བུའོ།། དེའི་རྣམ་པར་ཤེས་པའི་ཡུལ་ཡིན་པས་མཐའ ་དམིགས་པ་ཞེས་བྱ་བས་བཤད་དོ།། གཉིས་ལ་གནས་པའི་ཤེས་པ་ནི་རྣམ་པར་ཤེས་པ་ན་རྣམ་པར་ཤེས་པ་སྟེ། དེའི་སྤྱོད་ཡུལ་ཡིན་པའི་ཕྱིརརོ།། རང་གིས་རིག་པའི་ཚུལ་གྱིས་ཡུལ་དུ་གྱུར་པའི་ཕྱིར་ཏེ། གཉིས་པ་མངོན་པར་ཞེན་པའི ་ཤེས་པའི་བདག་ཉིད་ཀྱིས་ཕྱིར། ཞེས་བྱ་བའི་ཐ་ཚིགོ། དེ་བས་ན་ཤེས་བྱ་ཐམས་ཅད་ལ་འཇུག་པ་མེད་པས་མཐའ་དམིགས་པའི་ཕྱིར་དེ་ནི་ཚད་ཡོད་པར་བྱས་པ་ཞེས་བྱ་བར་དགོངས་པའོ།། བཟློག་པ་ནི་མཚན་མ་མེད་པའི་གནས་ཏེ། དེ་ནི ་རྣམ་པར་ཤེས་པའི་བདག་ཉིད་ཡུལ་ལས་ཡང་དག་པར་འདས་པས་མཐའ་མི་དམིགས་པ་ཞེས་བྱ་བས་བཤདདོ།། གཉིས་པ་མངོན་པར་ཞེན་པའི་ཤེས་པའི་ངོ་བོ་ལས་འདས་པའི་ཕྱིར་ཤེས་བྱ་མཐའ་དག་ལ་ཁྱབ་པས་མཐའ་མི་དམིག ་པ་ཞེས་བྱ་བའི་ཐ་ཚིགོ། དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ། ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པའི་ཤེས་པའི་བདག་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱ་སྟེ། དེ་ནི་འདུས་བྱས་ཀྱི་དབྱིས ་ཡོངསུ་ཤེས་པ་ཞེས་བྱ་བས་བཤད།། འདུས་བྱས་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་ཤེས་པ་སྟེ། དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱིངསོ།། དེ་ཡོངསུ་ཤེས་པ་ནི་མངོན་སུམ་དུ་བྱེད་པའོ།། སྤོང་བའི་ལམ་ནི་ས་བརྒྱད་པ ་ནས་བཟུང་སྟེ། ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་སྤངས་པའི་མཚན་ཉིད་ཀྱི་ཕྱིར་འདུས་མ་བྱས་ཀྱི་དབྱིངས་ཡོངསུ་ཤེས་པས་དེ་ཉེ་དུ་བཤད་དེ། འདུས་མ་བྱས་ན་མངོན་པར་འདུ་བྱེད་པ་དང་བྲལ་བ་ལྷུན་གྱིས་གྲུབ་པར་འཇུག་པའི་ཡེ ་ཤེས་ཏེ། དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུར་གྱུར་པའི་ཕྱིར་དབྱིངསོ།། དེ་ཡོངསུ་ཤེས་པ་ནི་སོ་སོ་རང་རིག་པའོ།། ཇི་ལྟར་ན་དོན་གྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་ཡང་དག་པའི་མཐའ་བསྟན་པའི་ཕྱིར་དྲིས་པའོ།། ཇི་ལྟར་ན ་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་ཡང་དག་པའི་མཐའ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་བསྟན་པའི་ཕྱིརརོ།། དོན་ནི་འདིར་དེ་བཞིན་ཉིད་ལ་དགོ་ངེས་པའོ།། དོན་གྱིས་རབ་ཏུ་ཕྱེ་བ་ཇི་ལྟ་བུ་ཞེ་ན། སྟོང་པ་ཉིད་ལས་ངེས་པར ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ།། ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱི་སྟོབས་ཀྱིས་སྒྲིབ་པ་སྤངས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ།། འཕགས་པ་འཇམ་དཔལ་གྱིས་དོན་དང་ཡེ་ཤེས་ཀྱི་དབྱེ་བ་གསུངས་པ་དང་། ལྡན ་པ་མེད་པ་དང་། ལྡན་པ་ནི་གོ་རིམ་བཞིན་དུ་འོག་ཏུ་རབ་ཏུ་དབྱེ་བ་ཉིད་ཐབས་སླ་བས་བཤད་པར་བྱའོ།། དེ་བཞིན་ཉིད་ནི་རྣམ་པ་གཉིས་ཏེ། གཟུང་བ་དང་འཛིན་པ་མེད་པ་ཙམ་གྱི་མཚན་ཉིད་དང་། གཉིས་ལས་དབེན་པའི་ཡེ་ཤེས་ཀྱི ་བདག་ཉིད་དོ།། དེ་ལ་དང་པོས་བསྡུས་པ་འདི་ནི་དོན་དང་ཡེ་ཤེས་ཀྱི་རྣམ་པར་དབྱེ་བར་བལྟའོ།། འོདི་ལ་གཉིས་པ་གང་ཡིན་པ་དེ་ནི་ཡོ་ཤེས་ཀྱི་བདག་ཉིད་ཁོ་ནའོ།། དེ་ལ་དོན་ལྡན་པ་མེད་པ་ཉིད་བསྟན་པའི་ཕྱིར། རིགས་ཀྱི་བུ ་དོན་ནི་འདུས་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དང་རྐྱེན་གྱིས་འདུ་བྱ་བ་མེད་པའི་ཕྱིར་འདུས་མ་བྱས་པའོ།། དེ་བས་ན་གང་དང་ཡང་ལྡན་པ་འམ་མི་ལྡན་པ་མ་ཡིན་ཏེ། དེ་དངོས་པོ་མེང་པའི་ཕྱིར།། དེ་བས་ན་མི་རྟག ་པ་ཉིད་དང་ཕྲད་པོ་མེད་པའི་ཕྱིར་དོན་ནི་ལྡན་པ་མེད་པར་གསུངས།། དེའི་བཤད་པ་ནི་མི་རྟག་པ་ཉིད་ཀྱི་ཉེས་པ་ཡོངསུ་སྤངས་པ་ཞེས་བྱ་བའོ།། འགྱུར་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི ་དུས་ན་བློ་ལ་གཉིས་ཤིན་ཏུ་མེད་པའི་ཕྱིར་ཏེ། དེ་མེད་པ་ནི་འགྱུར་བ་མེད་པའི་མཚན་ཉིད་ཡིནོ།། གལ་ཏེ་འཁོར་བའི་དུས་ན་གཉིས་དང་ལྡན་ན། མྱ་ངན་ལས་འདས་པའི་དུས་ན་མི་ལྡན་ནཱ་ནི་དེའི་ཚེ་འགྱུར་བ་ཡིན་ན་དེ་ཡང ་མེད་དེ། འདི་ལྟར་སྟོང་པ་ཉིད་ཅེས་བརྗོད་པའི་དོན་དེ་ནི་འཁོར་བའི་དུས་ན་ཡང་གཟུང་བ་དང་འཛིན་པ་གང་དང་ཡང་ལྡན་པ་མ་ཡི་ནི། མྱ་ངན་ལས་འདས་པ་ན་ཡང་མི་ལྡན་པ་མ་ཡིནོ།། དེ་ནི་རྟག་ཏུ་གཉིས་དང་བྲལ་བའི་རང ་བཞིན་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་ཀྱི་གནས་པ་ཞེས་བྱ་བས་བཤད་དེ། གཉིས་དང་བྲལ་བ་ཙམཱ་དུ་རྟག་པར་གནས་པ་ཉིད་ཞེས་བྱ་བའི་ཐ་ཆེ་གོ།། འདི་ནི་དེའི་རང་གི་མཚན་ཉིད་ཡིན་གྱི་དེའི་རང་གི ་མཚན་ཉིད་ངོས་པོ་ལྟར་དོན་བྱ་བ་བྱེད་པའི་ངོ་བོ་ནི་མ་ཡིནོ།། སྔར་ནི་འབྱུང་བ་དང་འཇོག་པ་ལྡན་པ་མྱེད་པསྤུ་ལྡན་པ་མེད་པ་ཉི་དུ་བསྟན་ཏོ།། ད་ནི་གཉིས་དང་ལྡན་པ་མེད་པའི་ཕྱིར།། འདི་ཐམས་ཅད་ཀྱིས་ནི་སྟོང་པ་ཉིད ་འགྱུར་བར་ཡོངསུ་གྲུབ་པ་བསྟནཱ་ཏཽ།། དོན་ནི་གདོད་མ་ནས་ཡོངསུ་གྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཡོངསུ་རྟོག་པས་གྲུབ་པ་སྟེ། ཕྱིན་ཅི་ལོག་ཏུ་སྒྲོག་བཏགས་ཞེས་བྱ་བའི་ཐ་ཚིགོ་གོ།། དེ་མེད་པའི་ཕྱིར་ཡོངསུ་གྲུབ་པ་མེད་པའོ།། ། ་གདོད་མ་ནས་ཡོངསུ་མ་གྲུབ་པ་ནི་གླདོད་མ་ནས་ཡོངསུ་གྲུབ་པ་མེད་པ་སྟེ། རྟག་ཏུ་ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་ཅེས་བྱ་བའི་ཐ་ཚིགོ། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་ཡོངསུ་དག་པའི་ཕྱིར་ན་མཁའ་ལྟ་བུ་སྟེ། དེའི་ཕྱིར་གང ་དང་ཡང་ལྡན་པའང་མི་ལྡན་པ་མ་ཡིན་ཞེས་བྱ་བ་གསུངས་ཏེ། སྔར་ཉོན་མོངས་པའི་རྣམ་པར་རྟོག་པ་དང་ལྡན་པ་འམ། ཕྱིས་མི་ལྡན་པ་མ་ཡིན་པའོ།། འདིས་ནི་ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་ལྡན་པ་མ་ཡིན་པར་བསྟན་ཏེ། འདིས ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་སྟོང་པ་ཉིད་ནི་ཕྱིན་ཅི་མ་ལོག་པར་ཡོངསུ་གྲུབ་པར་ཡང་བསྟན་ཏོ།། དེའི་བཤད་པ་ན་རྟག་ཏུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པ་ཞེས་བྱ་བའོ།། ཆོས་ཀྱི་དབྱིངས་ཀྱི་ངོ་བོ ་ཉིད་ནི་རང་བཞིན་གྱིས་སྔོནྡྲ་ནས་ཀུན་ནས་ཉོན་མོངས་པ་ཅན་མཱ་ཡིན་པ་ཉིད་དོ།། སྐུར་བ་ནཱི་དོར་བའོ།། སྒྲོ་བཏགས་པ་ནི་བཞུག་པའོ།། དེ་དག་མེད་པ་དང་བཞག་པ་མེད་པའི་མཚན་ཉིད་དེ་སྐུར་པ་དང་། སྒྲོ་བཏགས་པའི་མཐའ་སྤངས་བྱ ་ཞེས་བྱ་བའི་ཐ་ཚི་གོ།། གང་གིས་ཕྱིར་ཀུན་བཏགས་པ་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཡིན་གྱི། གཞན་གྱི་དབང་ནི་མ་ཡིན་པ་དེའི་ཕྱིར་གཞན་གྱི་དབང་ལ་སྐུར་པ་མི་འདེབས་པས་སྐུར་པའི་མཐའ་ནི་མ་ཡིན་ནོ།། ཀུན་བརྟགས་པ་མེད་པའི ་ཕྱིར་སྒྲོ་བཏགས་པའི་མཐའ་མ་ཡིནོ།། དེའི་བཤད་པ་ནི་དོར་བ་མེད་ཅིང་བཞུག་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་སྟེ། དོར་པོ་མེད་པ་དང་། བཞག་པ་མེད་པ་དང་། ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ལ ་འཇུག་པའོ་ཞེས་གང་གསུངས་པ་དེར་དོར་བ་དང་བཞག་པ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་འདིར་ཡང་སྐུ་རོ།། འདི་ཐམས་ཅད་ཀྱིས་ནི་ཇི་སྐད་བསྟན་པའི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བའི་དོན་རང་བཞིན་ཐམས་ཅད་བྲལ་བར་བསྟན ་ཏོ།། དེ་བས་ན་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ཀྱི་དོན་དེ་ལྟར་བསྒོམ་སྷོ།། དེས་ན་བྱང་ཆུབ་སེམས་དཔའ་དོན་གྱིས་རབ་ཏུ་ཕྱེ་བ་ཞེས་བྱ་སྟེ། འདི་ནི་དོན་གྱིས་བསྟན་པ་ཡིན།། ཡེ་ཤེས་ནི་ལྗོན་པའོ་ཞེས་གང་གསུངས་པ་དེ་བསྟན་པའི་ཕྱིར། ་ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས་ནི་ཡང་དག་པའི་མཐའ་ཁོང་དུ་ཆུད་པར་བྱ་བའི་ཐབས་རྒྱ་ཆེར་བསྟན་ཏོ།། དེའི་བཤད་པ་ནི་ཁོང་དུ་ཆུད་པར་བྱ་བའི་ཐབས་ཞེས་བྱ་བ་ལ་སོགས་པའོ།། དེ་མ་ཐག ་ཏུ་གསུངས་པའི་ཚིག་གསུམ་ཞེས་བྱ་བ་ན་དེ་དག་གིས་དོན་སྟོན་པས་ཚིག་ཅེས་བྱ་སྟེ། ཡེ་ཤེས་ཞེས་བྱ་བ་ནི་ལམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཆུག་གཅིག་གོ།། ཡེ་ཤེས་ནི་སྤངས་དང་ཡང་དག་པར་ལྡན་པ ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ།། ཡེ་ཤེས་ཞེས་བྱ་བ་ནི་ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ།། བཅུ་པ་ཕྲག་དྲུག་ཅེས་བྱ་བ་ནི་རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་ཀྱི་ཡེ་ཤེས་རྣམ་པ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་བཅུ་པ་ཕྲག་དྲུག་གོ། ཅིའི་ཕྱིར་འདི་སྙེད་ཅིག་གིས་ཡེ་ཤེས་བསྟན་སྙམ་པ་ལ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཏེ། ་ཞེས་བྱ་བ་ལ་སོགས་པ་བཞི་པོ་དེ་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་གྱུར་པ་དེ་དག་ནི་དེ་སྙེད་ཀྱིས་བསྡུས་སོ།། ཡེ་ཤེས་དེ་ནི་གཅིག་པུ་ཡིན་ན་དེ་ཇི་སྙེད་ཅིག་གིས་བསྡུས་སྙམ་པ་ལ། དེ་ལ་ཡ་ཤེས་འཁོར་དང་བཅས་པས་ཞེས་བྱ་བ། ་ལ་སོགས་པ་སྨོས་སོ།། ཡེ་ཤེས་ནི་ཟག་པ་མེད་པའོ།། འཁོར་ནི་རྩོམ་པ་དང་སྦྱོར་བ་འོག་ནས་འབྱུང་བའོ།། རྣམ་པ་སུམ་ཅུ་རྩ་གསུམ་ཞེས་བྱ་པ་ནི་དེ་ལ་དེ་མ་ཐག་ཏུ་གསུངས་པའི་ཚིག་གསུམ་དང་། བཅུ་པ་དང་པོས་ནི་ཡེ་ཤེས ་བསྟན་ཏོ།། དེའི་འཁོར་དུ་གྱུར་པ་རྩོམ་པ་དང་སྦྱོར་བ་ནི་གོ་རིམ་བཞིན་དུ་བཅུ་པ་གཉིས་པ་དང་གསུམ་པ་སྟེ། རྣམ་པ་སུམ་ཅུ་རྩ་གསུམ་གྱིས་ཡེ་ཤེས་འཁོར་དང་བཅས་པ་བསྟན་པ་ཡིན།། བཅུ་པ་བཞི་པས་ནི་ཇི་ལྟར་ཁོང་དུ་ཆུད་པ ་བྱེད་པའོ།། ལྔ་པས་ནི་གང་གིས་དོན་ཁོང་དུ་ཆུད་པར་བྱེད་པའོ།། དྲུག་པས་ནི་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་པའོ།། དེ་ཡང་གོ་རིམ་བཞིན་དུ་ཡོངསུ་བསྟན་ཏེ་དེ་ནི་འོག་ནས་སྦྱོརརོ།། ཡེ་ཤེས་ཞེས་བྱ་བ་ནི་ལམ་ཞེས་བྱ་བས ་རབ་ཏུ་དགའ་བས་བསྡུས་པ་མཐོང་བའི་ལམ་སྟེ། དེ་ནི་སེམས་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ལ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ།། མོས་པས་སྤྱོད་པ་ན་མངོན་པར་འདུ་བྱེད་པས་ཡོང་སུ་བསྒོས་པ་དེ་དང་ལྡན་པ་སྟེ། ་བསྐྱེད་པའོ།། དེ་ནི་སེམས་རྣམ་པར་དག་པས་ལམ་རྣམ་པར་དག་པ་ཞེས་བྱ་བས་བཤད་དོ།། སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། དེ་ལ་མོས་པས་སྤྱོད་པའི་ས་ནཱ་བསོད་ནམས་དང་ཡེ་ཤེས་མངོན་པར་འདུ་བྱེད་པའི་བག་ཆགས ་བསྒོས་པ་ཉིད་མཐོང་བའི་ལམ་ནི་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་གདགས་པས་རྒྱུར་གྱུར་པ་རྣམ་པར་དག་པས་ལམ་རྣམ་པར་དག་པ་སྟེ། མཐོང་བའི་ལམ་གྱི་རང་བཞིན་རྣམ་པར་དག་པ་འབྱུང་ཞེས་བྱ་བའི་ཐ་ཚི་གོ།། མདོ་སྡེའི ་ཚིག་འདི་ཉིད་ཀྱི་དེན་གཉིས་བསྡུ་ན་སེམས་དང་ཡང་དག་པར་ལྡན་པ་ནི་གང་གིས་བསྐྱེད་པ་སྟེ། དེ་ལ་དེ་སྐད་ཅེས་བྱ་སྟེ། འདི་ལྟར་མཐོང་བའི་ལམ་སྐྱེས་པས་ཀུན་གཞི་ལ་སྤང་བར་བྱ་བའི་ས་བོན་གནས་པ་དེ་སྤངས་ནས་ཀུན་གཞི་རྣམ ་པར་ཤེས་པ་ཁྱད་པར་དུ་འཕགས་པ་འབྱུང་སྟེ། དེ་ནི་ལམ་རྣམ་པར་དག་པས་སེམས་རྣམ་པར་དག་པ་ཅེས་བྱ་བས་བཤད་དོ།། མོས་པས་སྤྱོད་པའི་སོས་བསྡུས་པའི་མངོན་པར་འདུ་བྱེད་པ་ནི་རྣམ་པ་དང་བཅས་པས་འཁྲུལ་པ་ཡིན་ནོ།། ་དེ་ཇི་ལྟར་མ་འཁྲུལ་པ་མཐོང་བའི་ལམ་གྱི་རྒྱུ་ཡིན་སྙམ་པ་ལ། དེའི་ཕྱིར་ཡང་དག་པའི་མཐའ་ནི་ལམ་དང་ཡེ་ཤེས་ཀྱི་དམིགས་པ་ཉིད་གཅིག་པུ་སྟེ། གནས་ཡིན་ཞིང་གཅིག་ལ་གཅིག་བརྟེན་པ་ཞེས་བྱ་བ་སྨོས ་ཏེ། ལམ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་སས་བསྡུས་པའི་ལམ་ལ་བྱའོ།། ཡེ་ཤེས་ཞེས་བྱ་བ་ནི་མཐོང་བའི་ལམ་མོ།། ཡང་དག་པའི་མཐའ་ནི་དེ་བཞིན་ཉིད་ཏེ། ལམ་དང་ཡེ་ཤེས་གཉིས་ཀའི་དམིགས་པ་ཡང་དེ་གཅིག་པོའོ།། གཅི ་ནི་མོས་པའི་སྟོབས་ཀྱིས།། ཅིག་ཤོས་ནི་མངོན་སུམ་དུ་བྱེད་པ་སྟེ། ཁྱད་པར་ནི་དེའོ།། གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་གནས་ཏེ། ཡེ་ཤེས་ཀྱི་རྒྱུ་ནི་མོས་པས་སྤྱོད་པའི་སས་བསྡུས་པའི་ལམ་མོ་ཞེས་ཁོང་ནས་དབྱུང་།། དེ་ནི་འདི་སྐད ་དུ་དུ་ལམ་ཟག་པ་དང་བཅས། རྣམ་པ་དང་བཅས་ཏེ་འཁྲུལ་པ་ཡིན་དུ་ཟིན་ཀྱང་སྟོང་པ་ཉིད་ལ་མོས་པས་ཚད་མ་གྲོགསུ་གྱུར་པའི་ཕྱིར་འཁྲུལ་པ་མེད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་ཏེ། འདི་ལྟར་སྟོང་པ་ཉིད་ཅེས་བྱ་བའི་དོན་གང་ལ་མོས་པ་དེ ་ནི་ལམ་སྟེ། དེ་ནི་གཞན་གྱི་དབང་གི་བདག་ཉིད་ཡིན་པས་དོན་དམ་པར་ཡོད་ཞེས་བསྟན་པར་འགྱུར་རོ།། གང་གི་ཕྱིར་དེ་ལྟར་ཡེ་ཤེས་གནས་དང་། ལྷན་ཅིག་ཕན་ཚུན་རྒྱུ་དང་། འབྲས་བུའི་དངོས་པོར་གྱུར་པ་དེས་ནཱ་ཡེ་ཤེས་ནི་ལྡན་པ་ཞེས་བྱ ་བ་སྟེ། མི་ལྡན་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་དང་བྲལ་བ་མ་ཡིན་ནོ།། ཡེ་ཤེས་ནི་སྤོང་བ་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་ལ། ཡེ་ཤེས་ནི་འདིར་ཟག་པ་མེད་པའི་བསྒོམ་པའི་ལམ་གྱིས ་བསྡུས་དགོངས་སོ།། འདོར་བས་མ་སྟོང་པ་སྟེ། ཀུན་གཞུ་ཞེས་བྱ་བས་ན་ཉེས་པ་དང་བྲལ་བས་མཚན་ཉིད་དུ་གྱུར་པའོ།། འདིར་ཡང་འབྲུ་མང་པོ་དང་། དེའི་སྐྱེས་བུའི་ཚུལ་གྱིས་དོན་གཉིས་ཏེ། སློང་བ་དང་ཡང་དག་པར་ལྡན་པ་ནི་ཡེ ་ཤེས་གང་གིས་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ནི་ཡང་དག་པའི་མཐའི་ཡེ་ཤེས་ལ་གནས་ཏེ་གནས་འགྱུར་བ་ཞེས་བྱ་བས་བཤད་དེ། ས་བཅུས་བསྡུས་པ་ཡང་དག་པོའི་མཐའི་ཡེ་ཤེས་དེ་ཉིད་ནི་གཞི་སྟེ། དེས་ཀུན་གཞི་ཞེས་བྱ་བ་གནས་གྱུར་ནས ་ཉེས་པ་དང་བྲལ་བའི་ཕྱིརརོ།། ནམ་དེའི་སྐྱེས་བུའི་ཚུལ་དུ་གྱུར་པ་དེའི་ཚེནི་སྤོང་བ་དང་། ཡང་དག་པར་ལྡན་པ་སྟེ། གནས་གྱུར་པས་བསྐྱེད་པའོ།། དོན་ནི་དེའོ།། དེ་ནི་གནས་གྱུར་པས་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཞེས་བྱ་བས་བཤད ་དོ།། ས་བཅུ་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དུས་ན་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེས་སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་འབྱུང་ངོ་།། དེ་ཉིད་ཀྱི་མཇུག་སྡུད་ནི་ཕན་ཚུན་བྱ་བ་བྱས་པར་གནས་པ ་ཞེས་བྱ་བའོ།། འདིར་ཡང་དག་པར་ལྡན་པ་དང་། མ་ལྡན་པའི་སྒྲའི་དོན་ནི་སྔ་མ་བཞིན་ནོ།། ཡེ་ཤེས་ཞེས་བྱ་བཱ་ནི་ཕུང་པོ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་ཡེ་ཤེས་ཀྱི་རང་གི་ངོ་བོ་བསྟན་ཏེ། དེའི་བཤད་པ་ནི་ཤེས་བྱའི་དངོས་པོ་ཡང་དག ་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཞེས་བྱ་བའོ།། འདིར་ནི་ཤེས་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་ནི་ཡང་དག་པོར་ལྡན་པ་ཞེས་བྱ་བའི་དོན་ཏེ། བཟློག་པ་ནི་མི་ལྡན་པའི་དོན་ཏོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པས། ་ནི་ཡེ་ཤེས་རབ་ཏུ་དབྱེ་བ་བརྗོད།། རྒྱུ་ཤེས་པ་ནི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་ཤེས་པའོ།། དེ་ནི་ཐོག་མུ་མེད་པའི་འཁོར་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐར་པའི་ས་བོན་དང་མཐུན་པ་ཡོངསུ་ཤེས་པ་ཞེས་བྱ ་བས་བཤདདོ།། ལས་སྣ་ཚོགས་ཀྱི་རྣམ་པར་སྨིན་པ་དེ་དང་མཐུན་པར་ཡོངསུ་ཤེས་པ་འདི་ནི་འབྲས་བུ་ཤེས་པ་ཞེས་བྱ་བ་ཚིག་འདིའི་བཤད་པའོ།། དོན་ཤེས་པ་ཞེས་བྱ་བ་ལ། དྲོན་ནི་ཕན་པ་སྟེ་དེ་ནི་ཤེས་པའོ་དེ་ནི་བདག་ལ་ཕན་པ་དང ་གཞན་ལ་ཕན་པ་དང་མཐུན་པ་ཡོངསུ་ཤེས་པ་ཞེས་བྱ་བས་བཤད་དོ།། ཐབས་ཤེས་པ་ནི་གང་གིས་དགེ་བ་ཆུང་ངུ་ཡང་ཤིན་ཏུ་རྒྱས་པར་བྱེད་པ་སྟེ། འཁོར་བ་ཇི་སྲིད་པར་མི་ཟད་པར་བྱེད་པའོ།། ཤེས་རབ་ཤེས་པ་ནི་གང་གིས་དགེ ་བ་ཆུང་ངུ་ཡང་དེ་ལྟར་སྟོབས་དང་ལྡན་པར་བྱེད་པ་སྟེ། གང་གིས་འཁོར་བའི་སྐྱོན་ཤིན་ཏུ་ཆེན་པོས་ཀྱང་ཟིལ་གྱིས་མི་གནོན་པར་བྱེད་པའོ།། དེ་བས་ན་ཚིག་དེ་གཉིས་ཀྱི་བཤད་པ་ནི་དགེ་བའི་རྩ་བ་ཆུང་ངུ་ཡང་ཚད་མེད་པར་བྱེད་པ་ཞེས་བྱ་བ་སྟེ། ་ཤིན་ཏུ་རྒྱས་པ་དང་མི་མཐུན་པའི་ཕྱོགས་རྣམས་ཀྱི་ཟིལ་གྱིས་མི་ནོན་པའོ།། དེ་ལ་ཐབས་ཀྱི་སྟོབས་ཀྱིས་ཤིན་ཏུ་རྒྱས་པའོ།། ཤེས་རབ་ཀྱི་སྟོབས་ཀྱིས་ནི་ཟིལ་གྱིས་མི་ནོན་པའོ།། འདི་ནི་ཆོས་འདྲི་ལྔ་སྐལ་པ་ཡོད་པས་བསྡུ་བར་འོས་སོ།། ་འདི་ནི་སྐལ་བ་མེད་པས་མ་ཡིན་པའོ་ཞེས་ཤེས་པ་གང་ཡིན་པ་དེ་ནི་བསྡུ་བ་ཤེས་པའོ།། དེ་ནི་དགེ་བ་དང་མི་དགེ་བ་ལ་རྣམ་པར་དཔྱོད་པོ་ཞེས་བྱ་བས་བཤད་དོ།། ཕ་རོལ་ཏུ་ཕྱིན་པ་ཤེས་པ་ནི་སྦྱིན་པ་ལ་སོགས་པའི་རྣམ་པར་དབྱེ ་ཡོང་དུ་ཤེས་པ་སྟེ། དེ་ནི་རྣམ་པ་སྣ་ཚོགས་ཀྱིས་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཞེས་བྱ་བས་བཤད་དོ།། འབྱུང་བ་ཞེས་བྱ་བ་ནི་དེ་ལས་སངས་རྒྱས་ཉིད་འབྱུང་བ་སྟེ། ཚོགས་ཞེས་བྱ་བའི་ཐ་ཚིག་གོ།། སྦྱིན་པ་ལ ་སོགས་པ་ཡོངསུ་ཤེས་པས་བསོད་རྣམས་དང་ཡེ་ཤེས་ཀྱི་ཚགུས་ཟུང་ཟིང་དང་། མི་འཇིགས་པ་དང་ཆོས་སྦྱིན་པ་ལ་སོགས་པ་ཐ་དད་པས་རྣམ་པ་སྣ་ཚོགས་ཤེས་པོའོ།། སྙིང་རྗེ་ཆེན་པོ་ཤེས་པ་ནི་ག་གིས་སེམས་ཅན་པོསོད་ན ་སུ་འཇུག་པ་དང་། བསོད་ནམས་མ་ཡིན་པ་ལས་འབྱིན་པ་སྟེ། དེ་ནི་དགེ་བ་དང་མ་དགེ་བའི་ཆོས་ལ་འཛུད་པ་དང་འབྱིན་པ་ཞེས་བྱ་བས་བཤད་དོ།། གང་གི་ཚེ་སེམས་ཅན་ཡོངས་སྟོན་པར་བྱེད་པ་སྟེ། དེ་ཤེས་པ་ནི་སེམས་ཅན་ཡོངས ་སྨིན་པར་བྱ་བ་ཤེས་པའོ།། དེ་ནི་དུས་དང་དུས་མ་ཡིན་པ་ལ་ཡོངསུ་རྟོག་པ་ཞེས་བྱ་བས་བཤད་དོ།། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་ཤེས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་ཆོས་རྣམས ་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པར་མངོན་པར་ཞེན་པ་མེད་པར་ཤེས་པ་སྟེ། དེ་ནི་མཐའ་གཉིས་སྤངས་ནས་ནང་ལ་བརྟེན་པ་ཞེས་བྱ་བས་བཤད་།། ནང་ཞེས་བྱ་བའི་སྒྲས་ནི་རྣམ་པར་རིག་པ་ཙམ་དུ་སྟོན་ཏེ། མཐའ་གཉིས ་ཡོངསུ་སྤངས་ནས་རྣམ་པར་རིག་པ་ཙམ་དུ་བསྒོམ་ཞེས་བྱ་བའི་ཐ་ཚི་གོ། རྩོམ་པ་ཞེས་བྱ་བའི་སྒྲ་ནི་གོ་ཆའི་བརྩོན་འགྲུས་ཉིད་ལ་བྱའོ།། སྦྱོར་བའི་བརྩོན་འགྲུས་ནི་འོག་ནས་སྦྱོར་བ་ཞེས་འབྱུང་།། བདག་དང་གཞན་རྣམས་ཀྱི ་ལུས་ཀྱི་ལས་ཡོངས་སྦྱོང་བ་ཕྱིར་རྩོམ་པ་ནི་ལུས་ཀྱི་རློམ་པ་སྟེ། སེམས་ཅན་ཐམསྣ་ཅུད་མེས་བྱ་བ་གསུངས་པའོ།། ཐམས་ཅད་ཅེས་བྱ་བའི་ཚིག་གིས་ནི་བདག་ཀྱང་བསྡུས་སོ།། ངག་གརྩམ་པ་དང་། སེམས ་ཀྱི་རྩོམ་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ།། གསུམ་པོ་འདི་དག་གི་བཤད་པ་ནི་ལུས་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཞེས་བྱའོ།། གཞན་དག་ཀྱང་ཞེས་བྱ་བ་ལ། ལོགས་ཤིན་ཏུ ་སྨོས་པས་ལུས་ལ་སོགས་པའི་ཉེས་པར་སྤྱོད་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་དྲིན་གྱིས་བདག་ལ་བྱ་བར་མངོན་ནོ།། བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་གོ་ཆ་བགོས་པའོ།། བསླབ་པ་དེ་ཉིད་ལ་ཞེས་བྱ་བ་ནི་ལུས་ལ་སོགས་པའི ་ཉེས་པར་སྤྱོད་པ་དང་བྲལ་བའི་མཚན་ཉིད་ལའོ།། ནང་དུ་སོ་སར་བརྟགས་པའི་ཕྱིར་རྩོམ་པ་སྟེ། དངོས་པོ་རྣམས་སྟོང་པ་ཉིད་དུ་རོ་གཅིག་པར་ནང་ལས་སོ་སོར་རྟོག་པར་བརྩོན་འགྲུས་བརྩམས་པའོ།། བསྒོམ་པ་ལ་བརྟེན་ནས ་སེམས་ཅན་རྣམས་ལ་རྗེ་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་ནི་མངོན་པར་ཞེན་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པའོ།། དེའི་བཤད་པ་ནི་བསྒོམ་པ་ལ་བརྟེན་ནས་རྗེསུ་ཆགས་པ ་དང་ཁོང་ཁྲོ་བ་བོར་བ་ཞེས་བྱ་བའོ།། སེམས་ཅན་རྣམས་ལ་མཐུན་པར་ཆོས་བསྟན་པའི་ཕྱིར་རྩོམ་པ་ནི་ཕྱིའི་རྩོམ་པ་སྟེ། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པའོ།། འདུལ་བ་དང་འཚམས ་པར་ཆོས་སྟོན་པ་ནི་མཚུངས་པར་སྦྱོར་བའོ།། དེའི་བཤད་པ་ནི་འཁོར་བ་མ་རུངས་པ་མ་ཡིན་པ་གདམས་པ་ཞེས་བྱ་བའོ།། ཕྱིན་ཅི་མ་ལྡོགས་པའི་ཐོས་པ་ཡོངསུ་འཚལ་བའི་ཕྱིར་རྩོམ་པ་ནི་ཡེ་ཤེས་ཀྱི་རྩོམ་པ་སྟེ། ཕྱིན་ཅི་མ ་ལོག་པར་ཐེག་པ་ཆེན་པོ་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དྲག་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་པོའོ།། དེའི་བཤད་པ་ནི་མ་ནོར་བར་ཐོས་པ་ཡོངསུ ་བཙལ་བ་ཞེས་བྱ་བའོ།། སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱང་བའི་ཕྱིར་རྩོམ་པ་ནི་ཞིང་གི་རྩོམ་པ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ཡོན་ཏན་བཀོད་པ་སྣ་ཚོགསུ་གནས་པ་དེ་དག་ཀུན་ཏུ་བསྟན་པའི་ཕྱིར་དེའི་རྣམ་པའི་རྣམ་པར་རིག་པར་འགྱུར། ་སྐྱེད་པར་འགྱུརརོ།། དེ་ནི་འདི་སྐད་དུ་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ཅི་ཡང་མེད་ཀྱི། རྣམ་པར་ཤེས་པ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་བྱས་པ་ཐམས་ཅད་ལ་དབང་བསྒྱུར་བར་གྱུར་པ་འབའ་ཞིག་རྒྱུད་རྣམ་པར་དག་པ ་དོང་མ་དག་པ་ལ་བལྟོས་ནས་སྣ་ཚོགསུ་སྣང་བའི་རྣམ་པར་རིག་པའི་རྒྱུར་འགྱུརརོ།། ཞེས་སྟོན་པར་འགྱུར་རོ།། དེ་བས་ན་དེའི་ཆོས་ཐམས་ཅད་ལོ་དབང་བསྒྱུར་བ་ཞེས་བྱ་བས་བཤད་དོ།། སེམས་ཅན་རྣམས་ཀྱི་བསམ་པ་དང ་བག་ལ་ཉལ་ཤེས་པར་བྱ་བའི་ཕྱིར་རྩོན་པ་ནི་སེམས་ཅན་ཡོངསུ་སྨིན་པར་བྱ་བའི་རྩོམ་པ་ཞེས་གསུངས་ཏེ། བསམ་པ་དང་བག་ལ་ཉལ་ཤེས་ནས་ཉོན་མོངས་པའི་ནད་ཀྱི་གཉེན་པོ་འཚམས་པར་ཆོས་སྟོན་པ་ནི་སྨན་ཤེས་ཤིང ་ཆོས་སྟོན་པ་སྟེ། ཉོན་མོངས་པའི་ནད་ཀྱི་སྨན་ཡོངསུ་ཤེས་པར་བྱ་བའི་ཕྱིར་ཞེས་གསུངས་པའོ།། དོན་གྱིས་ན་བསྟུན་པར་བསྡུས་པར་བྱལྟ་སྟེ། ཡོངསུ་ཤེས་པ་ནི་དེའི་ཆེད་ཀྱི་ཕྱིརོ།། དེ་བསྟན་བཤུད་པ་ལས ་བསམ་པ་དང་བག་ལ་ཉལ་ཤེས་ནས་ཇི་ལྟར་མཐུན་པར་ཆོས་སྟོན་པ་ཞེས་བྱ་བ་སྨོས་སོ།། བསམ་པ་ནི་སེམས་པའོ།། བག་ལ་ཉལ་ནི་ས་བོན་ནོ།། ཁོ་ན་ཁོང་དུ་ཆུད་པར་བྱ་བའི་རྩོམ་པ་ནི་དེ་ཁོ་ནའི་རྩོམ་པ་སྟེ། དེ་ནི་དེ་ཁོ་ན་ཁོང་དུ་ཆུང ་བར་བྱ་བས་བཤད་དོ།། དེ་ཁོ་ན་ཁོང་དུ་ཆུད་ན་སངས་རྒྱས་ཉིད་དུ་ངེས་པའི་ཕུང་པོ་ལ་ཞུགས་པ་ཡིན་པས་ངེས་པའི་ཕུང་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངསོ།། མངོན་པར་ཞེན་པ་རྣམས་ཀྱིས་གཞན་དུ་མི་འགྱུར ་བ་གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་ཏེ། དེ་ཡོངས་སུ་རྫོགས་པར་བྱ་བའི་རྩོམ་པ་སྟེ། དེའི་བཤད་པ་ནི་སེམས་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན་པ་རྣམ་པར་སྤོང་བ་ཞེས་བྱ་བའོ།། དེ་ཁོ་ན་མ་མཐོང་བྷ ་རྣམས་ནི་ཇི་ལྟར་སྣང་བ་དེ་ཁོ་ན་བཞིན་དུ་སེམས་དེ་ཁོ་ནའོ་ཞེས་ཡང་དགྲ་པར་འཛིན་ཏེ། གཉིས་ལས་དབེན་པའི་ངོ་བོར་ནི་མེདོ་ཞེས་ཡང་དག་པ་མ་ཡིན་པར་འཛིན་ཏོ།། དེ་ལྟར་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཛིན ་པ་ཡོངསུ་སྤངས་ཏེ། དབུ་མའི་ལམ་ལ་གནས་ན་སྲིད་པ་ཐམས་ཅད་ལ་སེམས་མངོན་པར་ཞེན་པ་དང་བྲལ་བ་ཡིན་པའི་ཕྱིར།། ཁམས་གསུམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུང་སོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ལ ་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའོ།། དེ་བཞིན་དུ་འོག་མ་རྣམས་ལའང་སྦྱརོ།། དེའི་བཤད་པ་ནི་བྱང་ཆུབ་ཀྱི་ཚོགས་ཡོངསུ་རྫོགས་པ་ཞེས་བྱ་བའོ།། བསྡུ་བའི་དངོས་པོའི་སྦྱོར་བ་ནི་སེམས་ཅན་ཡོངསུ་སྨིན ་པར་བྱ་བའི་ཡན་ལགོ་སྟེ། དེ་བས་ན་སེམས་ཅན་ཡོངསུ་སྨིན་པར་བྱེད་པ་ཞེས་བྱ་བས་བཤད་དོ།། ཤེས་རབ་ཀྱི་སྦྱོར་བ་ཞེས་བྱ་བ་དེའི་བཤད་པ་ནི་ཆོས་རྣམས་ཀྱི་འབྱུང་བ་དང་འཇིག་པ་ལོ་ཡོང་སུ་རྟོག་པ་ཞེས་བྱ་བའོ།། ཐབ ་ཀྱི་སྦྱོར་བ་ནི་ཆོས་ཐམས་ཅད་ལ་མཁས་པར་འགྱུར་བས་དེ་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བས་བཤད།། སྙིང་རྗེ་ཆེན་པོའི་སྦྱོར་བ་ཞེས་བྱ་བ་དེའི་བཤད་པ་ནི་མྱ་ངན་ལས་འདས་པ་ལ་འདོད་པ་མེད་པ་ཞེས་བྱ་བའོ།། སྙིང་རྗེ ་ཆེན་པོས་སེམས་ཅན་གྱི་དོན་ལ་བརྩོན་པས་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་འདོད་པ་མ་ཡིན།། བསོད་ནམས་ཉིད་ཚོགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིརརོ།། བསོད་ནམས་ཡོངསུ་ཚོལ་བའི་སྦྱོར་བ་ནི་བསོད ་ནམས་བསགས་པ་ལ་བརྟེན་པས་མཐུ་ཆེ་བའི་ཕྱིར་འཁོར་ལོ་བསྒྱུར་བ་དང་གཞན་དག་གིས་ཟིལ་གྱིས་མི་ནོན་ཏེ། ཐམས་ཅད་དུ་འཇིགས་པ་མེད་པས་འཇིགས་པ་མེད་པ་ཡིན་ཏོ།། དེ་ནི་མི་འཇིགས་པ་བཞི་ཐོབ་པ་ཞེས་བྱ་བས་བཤད་དོ།། ་འཇིགས་པ་མེད་པས་མི་འཇིགས་པའོ།། ཡུལ་ཐ་དད་པས་རྣམ་པ་བཞི་སྟེ། ཆོས་ཐམས་ཅད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཟག་པ་ཟད་པ་དང་། བར་དུ་སྤྱོད་པ་བསྟན་པ་དང་། ལམ་བཤད་པའོ།། དེ་ཡང་མདོ་སྡེ་ལས ་ཇི་ལྟར་འབྱུང་བ་བཞིན་དུ་རྣམ་པ་བཞིར་ཁོང་དུ་ཆུད་པར་བྱའོ།། མངོན་པར་འདུ་བྱེད་པ་དང་བཅས་པས་འཇུག་པའི་ཤེས་རབ་སྒྲུབ་པའི་ཕྱིར་རྩོམ་པ་ནི་ཤེས་རབ་ཀྱི་སྦྱོར་བར་གསུང་སོ།། མངོན་པར་འདུ་བྱེད་པ་མེད ་པས་འཇུག་པ་ནི་ཡེ་ཤེས་ཀྱི་ཚོགས་ཡོངསུ་ཚོལ་བའི་སྦྱོར་བ་སྟེ་འདི་ནི་བྱེ་བྲག་གོ།། དྲེ་བས་ན་ཆོས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཐོབ་པོ་ཞེས་བྱ་བས་བཤད་དོ།། བདེན་པ་དང་དཀོན་མཆོག་ལ་སོགས་པ ་ལ་སོམ་ཉི་མེད་པར་བྱ་བའི་ཕྱིར་སྦྱོར་བ་ནི་བསམ་པ་རྣམ་པར་སྦྱོར་བའི་སྦྱོར་བ་སྟེ། དེ་ནི་ཆོས་ཐམས་ཅད་ལ་ཐམས་ཅད་ཐེ་ཙོམ་མེད་པ་ཞེས་བྱ་བས་བཤད་ངོ་།། བདེན་པ་ནི་ཆོས་ཐམས་ཅད་ལ་བདག་མེད་པ་སྟེ། དེ་ཁོང་དུ་ཆུད ་པར་བྱ་བའི་ཕྱིར་སྦྱོར་བ་ནི་བདེན་པོ་རྣམ་པར་དཔྱད་པའི་སྦྱོར་བ་སྟེ། དེ་ལྟར་སྦྱོར་ན་སྟོང་པ་ཉིད་ཁོང་དུ་ཆུད་པས་སྡུག་པ་དང་མི་སྡུག་པ་རྣམས་ལ་རིམ་བཞིན་དུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས་མངོན་པར་ཞེན་པ་མེད་པ ་འགྱུར་ཏེ། སྦྱོར་བའི་དོན་བཅུ་པ་གཟུང་བར་འགྱུར་བས་ལྡོག་པ་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་ཚིག་གཉིས་བསྡུད་ན་དོན་དམ་པའི་ཚུལ་ལ་འཇུག་པས་མངོན་པར་ཞེན ་པ་མེང་པ་ཞེས་བྱ་བས་བཤད་དོ།། དོན་དམ་པ་ནི་སྟོང་པ་ཉིད་དེ། དེ་ཉིད་སངས་རྒྱས་ཀྱི་ཆོས་འདྲེན་པར་བྱེད་ཐོབ་པར་བྱེད་པོས་ཚུལོ།། དེ་ལ་འཇུག་པ་ནི་ཁོང་དུ་ཆུད་པ་སྟེ། འདིས་བདེན་པ་རྣམ་པར་སྤྱད་པའི་སྦྱོར་བ་ཞེས་བྱ ་བྷའི་ཚིག་དེ་བཤད་དོ།། མངོན་པར་ཞེན་པ་མེད་པའི་དོན་ནི་སྔ་མ་བཞིན་ནོ།། ཞེས་བྱ་བ་ནི་གོང་དུ་བསྒོམ་པ་ལ་བརྟེན་ནས་རྗེསུ་ཆགས་པ་དང་ཁོང་ཁྲོ་བ་བོར་ཞེས་བཤད་པ་གང་ཡིན་པ་དེ་དང་འདིའི་དོན་མཚུང་སོ།། ཞེས་བྱ་བའི ་ཚིག་གོ།། འདིས་ནི་སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་སྣངོན་པར་ཞེན་བུ་མྱེད་པོའི་སྦྱོར་བ་ཞེས་བྱ་བའི་ཚིག་བླ་ཤྱཱང་དེ།། དེ་ལྟར་རེ་ཞིག་རྣམ་པཱ་སུམ་ཅུ་རྩ་གསུམ་གྱིས་ཡེ་ཤེས་འཁོར་དང་བཅས་པ་བཤད་དོ།། ཡེ་ཤེས་དེ་ལྟ་བུ་ལ ་གོམས་པའི་བྱང་ཆུབ་སེམས་དཔའི་ནི་ཡེ་ཤེས་ཀྱི་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ནི་དོན་གྱིས་བཤད་པ་ཡིན་ནོ།། ད་ནི་ཇི་ལྟར་ཁོང་དུ་ཆུད་པར་བྱེད་པའི་དོན་དྲི་བསྟན་པའི་ཕྱིར། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་རྣམས་ཀྱི་མི་ཟད་པ་ལ་རྟོག་པ་བཅུ་སྟེ། ཞེས་བྱ་བ་ལ་སོགས་པ་གསུང་སོ།། སེམས་ཅན་གྱི་ལུས་མ་ལུས་པ་ལ་ཇི་ལྟ་བ་བཞིན་དུ་རྟོག་པ་ནི་ལུས་མི་ཟད་པ་ལ་རྟོག་པ་སྟེ། དེ་ནི་འཕགས་པ་དང་འཕགས་པ་མ་ཡིན་པའི ་འདུས་བྱས་དང་འདུས་མ་བྱས་ཀྱི་ལུས་ལ་རྟོག་པ་ཞེས་བྱ་བས་བཤད་དོ།། བདེན་པ་མཐོང་བ་དང་མ་མཐོང་བ་རྣམས་དང་འཕགས་བླ་མ་ཡིན་པའི་ལུས་གོ་རིམ་བཞིན་ནོ།། ལུས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ནི ་འདུས་བྱས་ཏེ། ལས་རྣམས་ཀྱིས་མངོན་པར་འདུས་བྱས་པའི་ཕྱིརརོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་གྱུར་པའི་མཚན་ཉིད་ནི་འདུས་མ་བྱས་པའོ།། འདིས་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ།། ་མི་ཟད་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་ཡང་མ་ལུས་པར་བྱ་བ་ལ་ལྟའོ།། སེམས་ནི་དངོས་པོ་སྟེ། དེ་ཙམ་དུ་ཟད་པའི་ཕྱིར་དེ་དངོས་པོའོ།། དེ་ལ་རྟོག་པ་ནི་དངོས་པོ་མི་ཟད་པ་ལ་རྟོག་པ་སྟེ། དེའི་བཤད་པ་ནི་ཡང་དག་པ་དང ་ཡང་དག་པ་མ་ཡིན་པའི་དོན་ལ་རྟོག་པ་ཞེས་བྱའོ།། གཉིས་ལ་མངོན་པར་ཞེན་པ་ལས་དབེན་པ་ནི་ཡང་དག་པའོ།། སེམས་ཕྱིན་ཅི་ལོག་པ་ནི། ཡང་དག་པ་མ་ཡིན་པའོ།། འདིས་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ།། ཆོས་ལ་དྲན་པ ་ཉེ་བར་གཞག་པ་ནི་ཆོས་མི་ཟད་པ་ལ་རྟོག་པོ་སྟེ། དེའི་བཤད་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་རྟོག་པ་ཞེས་བྱ་བའོ།། ཚོར་བའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག ་པ་ནི་སྲེད་པ་མི་ཟད་པ་ལ་རྟོག་པའི་སྒྲར་བཤད་དེ། དེའི་བཤད་པ་ནི་དགེ་པ་དང་མི་དགེ་བའི་སྲེད་པ་ལ་རྟོག་པ་ཞེས་བྱ་བའོ།། འཁོར་བའི་བདེ་བ་ལ་འདོད་པ་ནི་མི་དགེ་བའི་སྲེད་པའོ།། མྱ་ངན་ལས་འདས་པའི་བདེ་བ་འདོད་པ་ནི་དགེ་བའོ།། ་བ་མི་ཟད་པ་ལ་རྟོག་པ་ལ་སོགས་པ་ལྷག་མ་རྣམས་ནི་ཆོས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རབ་ཏུ་དབྱེ་བར་བལྟའོ།། ཡང་དག་པ་མ་ཡིན་པའི་རྣམ་པར་སྒྲོ་བཏགས་པའི་ལྟ་བ་ནི་ཕྱིན་ཅི་ལོག་གོ།། བཟློག་པ་ནི་ཕྱིན་ཅི་མ་ལོག་པའོ།། ་དེ་ནི་ལྟ་བ་མི་ཟད་པ་ལ་རྟོག་པ་ཞེས་བྱ་བ་འདིའི་བཤད་པའོ།། ཚོགས་མི་ཟད་པ་ལ་རྟོག་པ་ཞེས་བྱ་བ་འདིའི་བཤད་པ་ནི་སྒོ་སྣ་ཚོགས་ནས་བསགས་པའི་དགེ་བའི་རྩ་བ་ལ་རྟོག་པ་ཞེས་བྱ་བའོ།། སེམས་ཅན་རྣམས་ཀྱི་ཁམས་ཀྱི་ཉེ་བར ་ལེན་པར་གྱུར་པ་ནི་ཉོན་མོངས་པ་དང་ལས་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་ཁམས་མཐའ་ཡས་པའི་ཕྱིར་མཐའ་ཡས་པའོ།། འདིའི་བཤུད་པ་ནི་སེམས་ཅན་གྱི་ཁམས་མཐའ་ཡས་པ་ལ་རྟོག་པ་ཞེས་བྱ་བའོ།། མངོན་པར་ཞེན་པ་མེད ་པའི་དོན་ནི་སྔ་མ་བཞིན་ནོ།། ཞེས་བྱ་བ་ནི་སྡུག་དང་མི་སྡུག་པ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའོ་སྦྱོར་བ་ཞེས་གསུངས་པ་སྟེ། དེའི་བཤད་པ་ནི་དོན་དང་དོན་མ་ཡིན་པ་དང་ལྡན་པ་ལ་རྟོག་པ་ཞེས་བྱ་བའོ།། བྱང་ཆུབ་ཀྱི་སྙིང་པོ་ནི ་བྱང་ཆུབ་ཀྱི་ཤིང་སྟེ། དེ་ཀུན་ཏུ་སྟོན་པ་ནི་ཤེས་པའོ།། སངས་རྒྱས་རྣམས་ཀྱི་དེ་མི་ཟད་པ་ནི་མོས་པ་ཐ་དད་པའི་དབང་གིས་སྣ་ཚོགསུ་སྟོན་པའི་ཕྱིར་དེ་ལྟར་རྟོག་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཤེས་པ་མི་ཟད་པ་ལ་རྟོག་པ་སྟེ། དེ་ནི་མྱོས་པ་ཐ ་ད་པའི་སེམས་ཅན་ལ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་སྟོན་པ་ལ་རྟོག་པ་ལ་རྟོག་པ་ཞེས་བྱ་བས་བཤད་དོ།། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་གི་རྣམ་པར་དག་པ་རྣམས་ནི་རིང་གི་མི་མཐུན་པའི་ཕྱོགས་ཅི་ནས་འདུལ་བའི་ཕྱིར་དངོས་པོ ་བཅུ་སྟེ། དེ་དག་ནི་སེར་སྣའི་སེམས་འདུལ་བ་ཞེས་བྱ་བ་ལ་སོགས་པ་བསྟོན་ཏོ།། དེའི་བཤད་པ་ནི་གང་གི་དོན་དུ་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་ཞེས་བྱ་བ་ལ་སོགས་པའོ།། སྦྱིན་པ་ལ་སོགས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཁོང་དུ ་ཆུང་བར་བྱེ།། བྱམས་པ་བསྒོམ་པས་ཁོང་ཁྲོ་བའི་སེམས་འདུལ་བ་ཞེས་བྱ་བ་འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ།། འཁོར་བ་མི་གཏོང་ཡང་ཐབས་གང་གིས་ལམ་གྱི་ཚོགས་རྫོགས་པོ་དེ་ལམ་གྱི་ཚོགས ་དེ་བསྐྱེད་པའི་ཐབས་དེས་འཁོར་བ་ན་གནས་ཀྱང་ཉོན་མོངས་པ་རྣམས་འདུལ་ལོ།། འདིས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ།། བདེན་པ་རྣམས་ནི་སྡུག་བསྔལ་ལ་སོགས་པ་སྟེ། དེ་དང་དེ་དག ་ཤེས་པ་གང་གིས་ཡང་དག་པ་སོགས་ཡོངསུ་གཅོད་པ་དེ་བདེན་པའི་ཚོགས་ཏེ། དེ་སོགས་པ་དེ་ཉིད་གཉེན་པོ་སྡེ་འདུལ་བའོ།། དེའི་དངོས་པོ་ནི་ཉིད་དོ།། དེ་ཡང་ཇི་ལྟ་བུས་འགྱུར་ཞེ་ན། ཕྱིན་ཅི་མི་ལོག་པའི་ལམ་བསྐྱེད་པས་ཞེས་བྱ་བ ་གསུང་སོ།། སྨོན་ལམ་གྱི་ཁྱད་པར་གང་གིས་ཕྱིན་ཅི་མ་ལོག་པའི་ལམ་འབྱུང་བ་དང་མཐུན་པའི་སྐྱེ་བ་ཡོངསུ་འཛིན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ།། འདིས་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ།། ལྷག་མ་ནི་གོ། ་སླ་བས་མ་སྦྱརོ།། རིགས་ཀྱི་བུ་གཞན་ཡང་བཅུ་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དུལ་བའི་ས་སྟེ་ཞེས་བྱ་བ་ལ་སོགས་པ་འདིའི་བཤད་པ་ནི་གང་དུ་གནས་ཏེ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བ་ལ་སོགས ་པའོ།། སྡོམ་པ་རྣམ་པ་གསུམ་ནི་ལུས་དང་། ངག་དང་། ཡིད་ཀྱི་སྡོམ་པའི་ཕྱིར་ཏེ། དེ་རྣམ་པར་དག་པས་སོ།། དྲོ་ན་ལུས་དུལ་བ་ཉིད་ལ་སོགས་པའི་ཚིག་གསུམ་གྱིས་བཤདདོ།། ནང་དུལ་བ་ཉིད་ཅེས་བྱ་བ་ལྷོ་སོགས་པའི་མདོའི་ཚིག ་གི་བཤད་པ་ནི་བདག་ཏུ་འཛིན་པ་རྣམ་པར་སྤངས་པ་ཞེས་བྱ་བའོ།། སྨད་པོ་དང་བསྔགས་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་པོ་དག་ལ་མངོན་པར་ཞེན་པ་མེད་པ་ནི་ཕྱི་རོལ་གྱི་ཡུལ་དུལ་བ་ཉིད་དང་དེ་བས་ན་ཆོས ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངསོ།། དེའི་བཤད་པ་ནི་སྨད་པ་དང་མ་སྨད་པ་ཡོངསུ་སྤངས་པ་ཞེས་བྱ་བའོ།། སྨད་པ་དང་མ་སྨད་པ་སྨོས་པ་ནི་མཚོན་པའོ།། ཡེ་ཤེས་ཀྱི་ཚོགས་ལ་མངོན ་པར་ཞེན་པ་མེད་པ་གང་ཡིན་པ་ཉིད་དུལ་བ་ཉིད་དོ།། དེ་ཇི་ལྟ་བུས་འགྱུར་ཞེ་ན། ལ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། དེའི་བཤད་པ་ནི་དངོས་པོས་ཡོད་པ་དང་ངོས་མེད་པར་མངོན་པར་ཞེན་པ་མེད་པ་ཞེས་བྱའོ།། ་ཀུན་བརྟགས་པའི་ངོ་བོས་མེད་པའི་དངོས་པོ་ཡོད་པར་མངོན་པར་ཞེན་པ་མེད་དོ།། ཡོངསུ་གྲུབ་པའི་ངོ་བོས་ཡོད་པའི་ཕྱིར་མངོན་པརོ་ཞེན་པ་མེད་དོ།། འཕགས་པ་ནི་ཉན་ཐོས་ལ་སོགས་པ་སྟེ། དེ་དག་གིས་རྣམས་ནི་ཟད་པ ་མེད་པའི་ཡེ་ཤེས་ཀྱི་གནས་སྐབསོ།། དེ་དག་ལ་རྟོག་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པ་སྟེ། དེ་ནི་མི་དམིགས་པའི་ཚུལ་གྱིས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ས་ལ་སོ་སོར་རྟོག་པ་ཞེས་བྱ་བས ་བཤད་དོ།། དེ་ལྟར་སོ་སྔོར་རྟོག་ན་བདག་ལ་སྟོད་པར་མི་བྱེད་དེ། དེ་བས་ན་དེ་བདག་ལ་བསྟོད་པ་དུལ་བ་ཉིད་དུ་འགྱུར་རོ།། ཕྱི་མའི་མཐའ་ནི་མ་འོངས་པའི་སྐྱེ་བའི་རྒྱུན་ཏོ།། དེའི་རྣམ་པར་དག་པ་ནི་མྱ་ངན་ལས་འདས་པོ་སྟེ། ་གནས་གྱུར་པའི་མཚན་ཉིད་དོ།། དེ་ཡོངསུ་སྦྱོང་བ་ནི་རྣམ་པར་རྟོག་པ་ཐམས་ཅད་སྤོང་བ་སྟེ། རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་མི་ཡིན་པའི་ཕྱིར།། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་གནས་ཏེ་དེར་འབྱུང་ཞིང་དེའི་བདག་ཉིད་དུ་གནས་པའོ།། དེའི་བཤད་པ་ནི་འཛིན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའོ།། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན ་ཏེ་བཤད་པ་ནི་ཐ་སྙད་དོ།། དེ་ལ་ཤིན་ཏུ་ཡོངསུ་དུལ་པོ་ཉིད་དེ་ཇི་ལྟ་བུས་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་ལྔ་མི་བསླུ་བའི་ཚུལ་གྱིས་ཞེས་བྱ་བ་གསུངས་པ་སྟེ། སྐལ་པ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་ལ་མཁས་པས ་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་ཞེས་བྱ་བས་བཤད་དོ།། ལུས་དང་སེམས་ལ་མི་བལྟ་བ་དུལ་བ་ཉིད་ཅེས་བྱ་བའི་མདོའི་ཚི་ག་བཤད་པ་ནི་སེམས་ཅན་གདུལ་བའི་ཕྱིར་སྐྱེ་བ་ཐམས་ཅད་ལ་མི་སྐྱེ་བས་སོ་ཞེས་བྱ་བའོ།། ཚིག་གི་དངོས་པོས ་ཁོ་ན་ནི་ཚིག་ཙམ་ཉིད་དེ། མདོའི་ཆ་འདིའི་བཤད་པ་ནི་རྗེསུ་མཐུན་པའི་ཆོས་སྒྲུབ་པ་ནི་མི་བསླ་བས་ཡོངསུ་བསྟན་ཏོ།། ཞེས་བྱ་བའོ།། ལམ་སྒྲུབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མངོན་སུམ་དུ་བྱེད་པ་སྟེ། དེ་ནི་ཉན་ཐོས་དང་རང་སྔངས ་རྒྱས་ཀྱི་ཐེག་པ་མངོན་སུམ་དུ་བྱེད་པ་ཞེས་བྱ་བས་བཤད་དོ།། སློང་བུ་སྒྲུབ་པ་ནི་ཉན་ཐོས་ལ་སོགས་པའི་ལམ་མངོན་སུམ་དུ་བྱས་པ་ལ་ཡང་འདོད་པ་མེད་པའོ།། དེ་ནི་དེ་དག་ལ་འདོད་པ་མེད་པ་ཞེས་བྱ་བས་བཤད་དོ།། ཡང་བདག་ཉིད ་ལམ་བཟང་པོར་ཞུགས་པ་དང་གཞན་དག་ལ་ཡང་ལམ་དེ་སྟོན་པ་ཞེས་བྱ་བ་ནི་བདག་འདུལ་བའི་བསྒྲུབ་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་སྒྲུབ་པ་ཞེས་བྱ་བའི་བཤད་པ་སྟེ་གོ་རིམ་བཞིན་ནོ།། རྩོལ་བ་དང་བཅས་པའི ་ཤེས་པས་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་མོས་པས་སྤྱོད་པའི་ས་ལ་རྣམ་པར་གནས་པར་མངོན་པར་འདུ་བྱེང་པ་དང་བཅས་པའི་ཤེས་པ་ཞེས་བྱ་བ་སྟེ། མྱོས་པས་སྤྱོད་པའི་སྭ་ནི་སོ་སོ་སྐྱེ་བོའི་སའོ།། སྤྱོད་པའི་ས ་ནིས་བདུན་པོ་དགྲ་གོ།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་སྒྲིབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་བསྒོམ་པའི་ལམ་ལ་གནས་པ་མངོན་པར་འདུ་བྱེད་པ་མེད་པའི་ཡེ་ཤེས་ཀྱིས་སོ་ཞེས་བྱ་བ་སྟེ།། ས་བརྒྱད་པ་ལ་སོགས ་པས་བསྡུས་པ་ནི་འདིར་བསྒོམ་པའི་ལམ་དུ་བལྟའོ།། སཱི་རྣམ་པར་བཞག་པ་ལ་མཁས་པར་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་ཤེས་རབ་དང་ཐབས་ལ་མཁས་པ་ཞེས་བྱ་བའོ།། སུ་དབྱེར་མེད་པ་ནི་སྟོང་པ་ཉིད་ཀྱི ་མཚན་ཉིད་དུ་སྟེ། དེའི་བཤད་པ་ནི་མཚན་ཉིད་གཅིག་གི་རྗེས་སུ་འཇུག་པ་ཞེས་བྱ་བའོ།། སྱའི་ཉེས་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་སྟེ་ཡོངས་སུ་སྤྱོང་པའོ།། དེ་ནི་གཉིས་ལྔ་ཀུན་ཏུ་སྤྱོད་པ ་ཡོངས་སུ་སྤོང་བ་ཞེས་བྱ་བས་བཤད་དོ།། ས་ནས་སར་ཕར་བ་ནི་ས་སྔ་མ་ལས་ས་ཕྱི་མར་འགྲོ་བ་སྟེ། དེ་ལ་མཁས་པ་སྒྲུབ་པའོ།། དེ་ཡང་བསྒོམ་པའི་ལམ་གྱིས་འགྱུར་ཏེ་དེ་ནི་དགེ་བའི་ཆོས་བསྒོམ་པའི ་བརྩོན་འགྲུས་བརྩམས་པས་ཞེས་བྱ་བས་བཤད་དོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་བསྟན་པའི་སྒྲུབ་པ་ཞེས་བྱ་བ་འདིའི་བཤད་པ་ནི་ཡང་ཆོས་ཐམས་ཅད་ལེགས་པར་བསླབས་པ་ཞེས་བྱ་བའོ།། དེ་བཞིན་ཉིད ་དྲི་མ་མེད་པ་ནི་སངས་རྒྱས་ཏེ། དེའི་བྱང་ཆུབ་ཁོང་དུ་ཆུད་པ་དེ་ལས་ཕྱིར་མ་ལྡོག་པའི་ལམ་གང་ཡིན་པ་དེ་ལ་མངོན་པར་སྒྲུབ་པའོ།། དེའི་བཤད་པ་ན་དེ་བཞིན་ཉིད་ཁོང་དུ་ཆུད་པའི་བསྒོམ་པ་ལ་མཁས ་པས་སོ།། ཞེས་བྱ་བའོ།། དེ་ལྟར་རྒྱུ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པ་བཞིས་རྒྱས་བསྔོས་པའི་སྤྱོད་པ་རྣམ་པར་དབྱེ་བ་ཁྱད་པར་དུ་འཕགས་པ་བསྟན་ཏེ། ཚོགས་དང་རྣམ་པར་རིག་པའི་ལམ་བསྟན ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང་། ཡང་དག་པའི་མཐའ་དེ་ཁོང་དུ་ཆུད་པར་བྱ་བོའི་ཐབས་བསྟན་པོ་དྲང་། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བསྟན་པ་ཞེས་བྱ་བས་རྒྱ་ཆེར་བསྟན་པའོ།། ་རྒྱུ་རྣམ་པར་དག་པ་བཞི་པོ་འདི་དག་ཉིད་མངོན་སུམ་དུ་མཛད་ནས་བཅོམ་ལྡན་འདས་ཀྱི་དེ་ལྟར་སྒྲུབ་པ་རྣམས་ལ་ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་གསུངས་པའི་རྒྱུ་རྣམ་པར་དག་པ་རྣམ་པར་སྒྲུབ་པའོ།། དེའི་བཤད་པ་ནི་རྒྱུ་རྣམ་པར་དག ་པ་ཁྱད་པར་དུ་འཕགས་པ་རྣམ་པ་འདི་བཞིས་ཞེས་བྱ་བའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་འབྲས་བུས་བསྡུས་པའི་སྤྱོད་པ་རྣམ་པར་དབྱེ་བ་བསྟན་ཏོ།། དེའི་བཤད་པ་ནི་འབྲས་བུ ་རྣམ་པར་དག་པ་ཁྱད་པར་དུ་འཕགས་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་དུས་གསུམ་སྐད་ཅིག་གཅིག་དང་ལྡན་པ་ཞེས་བྱ་བའོ།། འཕགས་པ་འཇམ་དཔལ་གཙོ་བོས་ཕྱིན་ཅི་མ་ལོག་པར་བསྟན་པར ་མཛད་པས་ན་བཅོམ་ལྡན་འདས་ཀྱིས་ལེག་སོ་ཞེས་བྱ་བ་བྱིན་ཏེ། དེ་ནི་མ་ནོར་བར་བཤུད་སྟོན་པའི་ཐུགས་མཉེས་པུས་ལེགས་པར་བཤྭ་། ཞེས་བྱ་བའི་དོན་དུ་རིག་པར་བྱའོ་ཞེས་བྱ་བས་བཤད།། ཡིད་རངས་ཞེས་བྱ་བ་ནི་འཇམ་དཔལ ་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དང་སྦྱར་གྱི་གོང་མ་དང་ནི་མ་ཡིནོ།། སྟོན་པ་པོ་ནི་སྟོན་པ་སྟེ་དེའི་རྣམ་པར་དག་པ་ནི་བཤད་ཟིན་ཏོ།། བསྟན་པ་རྣམ་པར་དག་པོ་ནི་མདོ་ཐོག་ཐག་གོ།། བསྟན་པའི་འབྲས་བུ་རྣམ་པར་དག ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། རྣམ་པར་དག་པ་རྣམ་པ་འདི་གསུམ་གྱིས་འཕགས་པ་འཇམ་དཔལ་ལ་སོགས་པ་ཡིད་རངས་སོ།། མངོན་པར་བསྟོད་དོ་ཞེས་བྱ་བ་ནི་དེ་ལྟར་མངོན་པར་བསྟོད་པའི་དོན་དུ་བལྟ། ་བར་བྱའོ་ཞེས་བྱ་བའི་ཐ་ཚུག་གོ། ལྷ་ངན་ཀུན་གྱི་དྲ་བ་རབ་འདྲལ་མདོ་སྡེ་འགྲེལ་དང་བཅས་པ་ཟུར་ཕྱིན་འདི། བཤད་པས་བདག་གིས་བསོད་ནམས་རྣམ་པ་ཤིན་ཏུ་བརྟན་ལ་ཆུང་པ་གང་ཐོབ་དེས།། སེམས་ཅན་འགྲོན་པོ་མང་པོ ་འདི་དག་ས་གསུམ་རྒྱ་མཚོའི་ཕ་རོལ་མྱུར་བསྒྲལ་ཏེ།། ཚངས་ལ་སོགས་པས་མ་བགྲོད་སངས་རྒྱས་གནས་མཆོག་དྲི་མེད་གང་དེ་མྱུར་ཐོབ་ཤོག། འཕགས་པ་ག་ཡ་གོ་རིའི་མདོ་དང་སྤེལ་མར་བཤད་པ།། ་འཕགས་པ་འཇམ་དཔལ་གཙོ་བོའི་ཞིབས་ལ་བརྟེན་པ། མང་དུ་ཐོས་པ་གནས་བརྟན་ཤཱཀྱའི་བློས་མཛད་པ་རྫོགས་སོ།། ། ་