CLOSE WINDOW

GT3492: 'phags pa sgo drug pa'i gzungs kyi rnam par bshad pa
Wyliee-texts produced with BDRC’s OCR application

པ་བསྡུས་པ་ལས་བྱུང་ག་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྟ་ནས་མཛད་པ་རྫོགས།། ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། གཟུངས ་འདི་ནི་དོན་དྲུག་ལས་བརྩམས་ནས་གསུངས་པར་མངོན་ཏེ། ཤེས་རབ་ཡོངསུ་རྫོགས་པ་དང་། སྙིང་རྗེའི་སྟོབས་རྣམ་པར་དག་པ་དང་། རང་གི་རྒྱུད་རྣམ་པར་དག་པ་དང་། གཞན་གྱི་སྒྲུབ་པའི་གེགས་ཡོངསུ་ཤེས་པ་དང་། བྱང་ཆུབ་ཀྱི ་ཚོགས་ཀུན་ཏུ་སྡུད་པ་དང་། དེའི་འབྲས་བུ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད།། རྣམ་གྲངས་གཞན་ཡང་སྡུག་བསྔལ་བའི་དུས་དང་། བདེ་བའི་དུས་ན་སེམས་ཅན་གྱི་ཁམས་འཛིན་པ་དང་། བདག་དང་གཞན་ལ་ཚོགས་ཀྱི་བར ་ཆཚད་ཡོངསུ་སྤོང་བ་དང་། ཆོ་གས་ཀྱི་རྣམ་པ་ཐམས་ཅད་སོགས་པ་དང་། ཚོགས་བསྩགས་པ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་བརྩམས་ནས་བསྟན་ཏོ།། རྣམ་གྲངས་གཞན་དུ་ཡང ་རྟོག་སྟེ། ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པའི་རྒྱུ་ནི་དྲུག་སྟེ། སེམས་ཅན་ལ་མི་ཕྱོགས་ཤིང་འཁོར་བའི་སྡུག་བསྔལ་ལ་ཇི་མི་སྙམ་པ་མེད་པ་དང་། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ཀུན་ཏུ་འཛིན་པའི་སེམས་ཉིད ་དུ་། སྒྲིབ་པ་སོགས་པ་དང་། མི་དགེ་བའི་གྲོགས་པོས་ཡོངསུ་སྐྱོབ་པའི་རྗེསུ་འཇུག་པ་དང་། ཚོགས་མ་བསགས་པ་ཉིད་དང་། སྲིད་པའི་ཕུན་སུམ་ཚོགས་པ་ལ་སོགས་པ་ལ་གཞོལ་བའི་སེམས་ཟང་ཟིང་དང་བཅས་པ་ཉིད། ་དེའི་གཉེན་པོར་གོ་རིམ་བཞིན་དུ་སྒོ་དྲུག་པོ་དག་རིག་པར་བྱའོ།། དང་པོ་དྲང་གཉིས་པས་ནི་སྡུག་བསྔལ་དང་། བདྲེ་བའི་གནས་སྐབས་ན་སེམས་ཅན་ཡོངསུ་མི་གཏོང་བྱས་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱེད་པ་བསྟན་ཏོ།། ་ལྟ་བསྣ་ནི་སངས་རྒྱས་ཀྱི་ཆོས་ཡོངསུ་སྨིན་པར་བྱེ་།། གསུམ་པ་དང་བཞི་པས་ནི་གླེགས་སོལ་བས་བདག་གིས་དེ་གཉིས་ཀ་སྒྲུབ་པར་ནུས་པའི་ཕྱིར།། དྲུག་པས་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་འབྲས་བུ ་ཆོས་ཀྱི་སྐུ་ཞེས་བྱ་བྱ་ཕུལ་དུ་བྱུང་དུ་མེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཉེ་བར་གནས་པའི་ཕྱིར་འཁོར་བའི་མཐའ་ཇི་སྲིད་པ་ཡིན་པར་རིག་པར་བྱའོ།། རྣམ་པ་གཅིག་ཏུ་ན་རྣམ་གྲངས་གཞན་དུ་ཡང་རྣམ་པ ་བཞིས་བསིམ་པོ་ཡོངསུ་དགེ་པོ་བསྟེན་ཏེ། ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པས་སེམས་ཅན་ལོག་པར་ཞུགས་པ་དང་། འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་གཡོས་པ་ཉིད་དང་། ཕུན་སུམ་ཚོགས་པའི་དུས་ན་སེམས ་ཅན་ལ་ལྟ་བ་དང་བཅས་པ་ལ་ཀུན་ཏུ་རྨོངས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་མི་འབྱུང་བ་དང་། རྣམ་པར་གྲོལ་བ་སྐྱེ་གནས་གྱུར་པོའོ།། བླ་ནི་མེད་པའི་ཡེ་ཤེས་པང་། རྣམ་པར་གྲོལ་བ་ལ་སྦྱོར་བ་རྣམ་པར་དག་པའི་འདྲ ་བུ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བའི་འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པ་ཡང་རུང་གང་ཅི་ཡོད་པ་དེ་ཐམས་ཅང་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་ཅིག་ཅེས་བྱ ་བ་ལ་སོགས་པ་གསུངས་པའི་ཕྱིརརོ།། ཕ་རོལ་ཏུ་ཕྱིན་པ་ཡོངསུ་མ་རྫོགས་ན་བསམ་པ་འབའ་ཞིག་གིས་བླ་ན་མེད་པའི་ཡེ་ཤེས་བསྐྱེད་མི་ནུས་པའི་ཕྱིར་དེ་ཕ་རོལ་ཏུ་ཕྱིན་པའི་འབྲས་བུར་གསུངས་ཏེ། རིགས་མཐུན་པའི་ཕྱིར ་བླ་ན་མེད་པའི་ཡེ་ཤེས་ཉིད་བསམ་པ་རྣམ་པར་དོག་པའི་འབྲས་བུར་རིག་སོ།། དེ་གཉི་གའི་འབྲས་བུ་ནི་གཉིས་ཀ་སྟེ། བསམ་པ་དང་སྦྱོར་བ་གཅིག་ལྔ་གཅིག་བལྟོས་པ་གཉིས་ཤིན་ཏུ་མཐར་ཐུག་པའི་ཕྱི་རོ།། ཚོགས་ཐམས ་ཅད་མི་དམིགས་པའི་རྣམ་པར་ཡོངསུ་བསྒོམས་པ་ཡོངསུ་བསྔོས་པའི་དབང་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་རྣམས་ཀྱང་འཐོབ་སྟེ། རྒྱུ་ཡིན་པོའི་ཕྱིརརོ།། དེ་ལྟ་མ ་ཡིན་ནུ་བསམ་པ་ཡོངསུ་སྦྱང་བ་འབྲས་བུ་མེད་པ་ཁོ་ནར་འགྱུར་ཏེ། དེ་གཉིས་ནི་འཁོར་བཱ་དང་མྱ་ངོན་ལྔས་འདས་པ་ལ་མི་གནས་པ་ཡི་ནོ།། རྒྱུ་རྣམ་པ་གཉིས་ཀྱང་ཤེས་རབ་དང་སྙིང་རྗེ་མཉམ་པ་ཉིད་ཀྱིས་ཡོངསུ་ཟིན་པ་སྟེ། ་རྣམ་པ་དེ་ཉིད་ཀྱིས་ཡང་དག་པར་སྒྲུབ་པའི་ཕྱིར་རོ།། ཡོན་ཏན་ནི་དེ་ལྟ་བུས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་དགེ་བའི་རྩ་བ་ཐམས་ཅད་ཡོངསུ་བསྔོ་བར་བྱའོ།། དེ་ལྟ་བས་ན་འདི་ནི་དགེ་བའི་རྩ་བ་ཡོངསུ་བསྔོ་བ་ཆེན་པོ ་ཞེས་བྱའོ།། དེ་ལྟར་རྣམ་པ་དྲུག་པོ་དེ་དག་གིས་བསྒོམས་པ་དེ་དག་གི་ཕན་ཡོན་དྲུག་ཏུ་ཁོང་དུ་ཆུད་པར་བྱ་སྟེ། གོ་རིམ་བཞིན་ནོ།། དགེ་བའི་རྩ་བྱ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བར་འཁོར་བྱ་ན་སྡུག ་བསྔལོ་སྲབ་མོ་མྱོང་བར་འགྱུར་ཏེ། དེ་ཡོངསུ་གཏུགས་པར་མི་འགྱུར་བ་དང་། ཟད་མ་ཤེས་པ་དང་། རྒྱ་ཆེ་བའི་རྒྱུན་གྱིས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་ཞིང་སེམས་ཅན་གྱི་ཁམས་ཚད་མེད་པ་ཡོངསུ་སྨིན་པར ་བྱེད་པ་དང་། སྒྲིབ་པ་མེད་པར་དགེ་བའི་རྩ་བ་རྣམས་མྱུར་དུ་ཡང་དག་པར་སྡུད་པར་བྱེད་ལ། དགེ་བ་ལ་ཀུན་ཏུ་དགའ་ཞིང་དགེ་བ་ལ་མོས་པ་དང་། བྱང་ཆུབ་སེམས་དཔའ་ལ་འཁྲུལ་པ་ཤིན་ཏུ་ཕྲ་བ་ཡང་མི་སྣང་ཞིང་རབ་ཏུ། ་རྟོགས་པས་སོལ་བ་དང་། མྱུར་དུ་ཚོགས་ཡོངསུ་རྫོ་གས་པར་བྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་མངོན་པར་སྒྲུབ་པའི་ཏིངེ་འཛིན་ཀྱང་ཐོབ་པ་དང་། འཇིག་རྟེན་ཇི་ཙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་རིན་བྱེད་པ་སྣང་སྟེ། ་དེ་ཡང་སྒྲུབ་པའོ།། འཕགས་པ་དྲུག་པའི་གཟུངས་ཀྱི་རྣམ་པརར་བཤད་པ། སློབ་དཔོན་དབྱིག་གནྡྷེན་གྱིས་མཛོ་པཱ་རྫོག་སྷོ།། ། འཕགས་པ་ཆོས་བཞི་པའི་རྣམ་པར་བུ་ཤྭད་པ། འཇམ་དཔལ ་