| Wylie | e-texts produced with BDRC’s OCR application |
རྒྱ་གླུར་སྐད་དུ། ཨེ་ཀ་གཱ་བྷཱུ་དྷཱ་ཥམ། བོད་སྐད་དུ། ཚིག་སུ་བཅད་པ་གཅིག་པའི་བཤད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སྐྱེས་བུ་ཁྱུ་མཆོག་ཆེན་པོ་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་ལྟ་ཡུལ་སྣ ་ལའང་མེད།། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡཱ་གནས་ནའང་ཡོད་མ་ཡིན།། ལྔ་ཡི་ཕོ་བྲང་གནས་མཆོག་དྲུག་ནའང་མྱོང་ལ་ཕྱོགས་དང་ཕྱོགས་མཚམས་ངག་ནའང་མེད།། རི་དང་ནོག་སུ་བཅས་པའི་ས་སྟེ ་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད།། ཅེས་པའི་ཚིགསུ་བཅད་པའོ།། ཚིགསུ་བཅད་པ་འདིས་ནི་ཅི་རིགས་པར་སོ་སོར་མ་ངེས་པའི་གནས་ཀྱི་ཁྱད་པོར་གྱི་བདག་པོར་གྱུར་པ་སྐྱེས་བུ་ཁྱུ་མཆོག་ཏུ་འདོད་པ་དག་ལས་ཁྱད་པར་དུ ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པས་ཉིན་ཞག་བདུན་དུ་རྣམ་པ་རྗེསུ་དྲན་པ་དང་འབུད་པས་བརྩོད་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པའི་རང་བཞིན་ཅན་ཡིན་ཏེ། བཅོམ་ལྡན་འདས ་སྐོར་རྒྱལ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྗོད་པས་ཐུན་མོང་མ་ཡིན་པའི་ཕུན་སུམ་ཚོགས་པ་བརྗོད་པར་མངོན་ནོ།། དེ་ལ་སོ་སོར་ངེས་པའི་གནས་ཀྱི་ཁྱད་པར་གྱི་བླདག་ཉིད་དུ་གྱུར་པ་ནི། འཇིག་རྟེན་གྱི་ནང་ན ་ཁྱད་པར་དུ་འཕགས་པར་འདོད་པ་ལྷའི་ཡུལ་ན་ཚངས་པ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད།། ས་དང་འབྲེལ་པའི་ཕྱིར་ས་ལ་སྟེ། རི་རབ་ཀྱི་རྩེ་མོ་བརྒྱ་བྱིན་གྱིའོ།། དེ་ཉིད་ཀྱི ་ཕྱོགས་གཅིག་ལྟ་སྟེ། དེ་བས་ན་གནས་མཆོག་ཅེས་བྱ་བ་གསུངསོ།། བང་རིམ་བཞིའི་བྱང་ཕྱོགས་ཀྱི་ངོས་ནི་རྣམ་ཐོས་ཀྱི་བུའོ།། ཕྱོགས་ན་ཞེས་བྱ་བ་ནི་རྣམ་ཐོས་སྲས་དང་། མིག་མི་བཟང་དང་། འཕགས ་སྐྱེས་པོ་དང་། ཡུལ་འཁོར་སྲུང་གིའོ།། ཕྱོགས་མཚམས་ནི་རི་རབ་ཀྱི་སྟེང་ཁང་པ་བརྩེགས་པ་བཞིན་ལག་ན་རྡོ་རྗེ་དབང་བྱེད་པ་ཡིན་ཏེ། དེ་དག་ནི་སྙིང་རྗེ་དང་སྤངས་པ་དང་ཡ་ཤེས་དང་བྲལ་བ་ཡིན་ལ། བཅོམ་ལྡན་འདས་ནི ་དེ་དྲག་རྙེད་པའི་དགེ་བའི་འབྲས་བུས་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ན་ཁྱད་པར་དུ་ལྷག་པ་ལྟ་ག་ལ་ལགས། མ་ངེས་པའི་གནས་ཀྱི་ཁྱད་པར་གྱི་བདག་པོར་གྱུར་པ་དག་ནི་སྐྱེས་བུའི་མཆོག་ཏུ་འདོད་པ་ཡིན་ཏེ། འཇིག་རྟེན ་འའདི་ན་སྐེམ་བྱེད་དང་དབང་ཕྱུག་དང་སྐྱེས་བུ་ལ་སོགས་པའོ།། དེ་དག་ཀྱང་ཉོན་མོངས་པ་དང་སྡུག་བསྔལ་དང་ལྡན་པས་ལུས་དང་སེམས་རབ་ཏུ་ཞི་བ་མ་ཡིན་ཏེ། དེ་དག་ཉན་ཐོས་དང་འདྲ་བའང་མ་ཡིན་ན་བཅོམ་ལྡན་འདས་དང་ལྟ ་སྨོས་ཀྱང་ཅི་དགོས། སྐྱེ་བོ་མང་པོ་དང་། ལོ་ཏོག་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཐུན་མོང་མ་ཡིན་པས་རྣམ་པར་བརྒྱན་པའི་སངས་རྒྱས་དང་། སངས་མ་རྒྱས་པ་ནི་སྐྱེས་བུ་གཙོ་བོར་བཀུར་བ་ནི་བྲམ་ཟེ་དང་། རྒྱལ་པོ་དག་སྟེ། ་དོདེ་དག་ཀྱང་བསམ་པ་དང་སྦྱོར་བ་ངན་པས་ཉན་ཐོས་དང་འདྲ་བའང་མ་ཡིནོ།། གང་དག་སྤྱིར་རྣམ་པར་གྲོལ་བ་ཐོབ་པ་རང་སངས་རྒྱས་དང་ཉན་ཐོས་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་། ཚལ་གྱི་ནང་ན་གནས་པ་དེ་བཞིན་གཤེགས ་པས་བསྔགས་པའི་བདག་ཉིད་ཆེན་པོ་བསྟན་པ་དང་། ཀུན་བརྗོད་པ་དང་། རྗེསུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྐྱོབ་པར་མི་ནུས་པ་དང་། དགེ་སྦྱོང་ཆེན་པོར་འདོད་པ་སེར་སྐྱ་དང་འུག་པ་ལ་སོགས་པ་དེ ་དག་ཀྱང་ཡེ་ཤེས་དང་ཐུགས་རྗེའི་ཁྱད་པར་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་དང་འདྲ་བ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཁྱོད་ཀྱི་སངས་རྒྱས་ཆོས་ནི་མཚུངས་མེད་པས།། ཁྱད་པར་འཕགས་པ་ཁྱད་པར་ཆེན་པོས་འཕགས། ཞེས་བཤད་དོ།། ། ་རྣམ་པ་གཅིག་ཏུ་ན་བཅོམ་ལྡན་འདས་ཀྱིས་ཡོན་ཏཱན་བསྟན་པ་དང་བཤད་པ་དག་གིས་ཙཱ་རིགས་པར་སེམས་ཅན་ཐམས་ཅད་ཀྱི་བླ་མུ་ཉིད་དུ་བསྟན་ཏེ། སྐྱེས་བུ་ཁྱུ་མཆོག་ཆེན་པོ་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། ་ཅེས་བྱ་བ་ནི་བསྟན་པའོ།། ལྷག་མ་ནི་དེ་གཉིས་ཀྱི་སོ་སོའི་བཤད་པ་སྟེ། འཇིག་རྟེན་འདྲི་ནའང་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ས་ལའོ།། རྣམྦྷ་བློས་བུའི་གནས་ནའང་ཡོད་མ་ཡིན། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ཅེས་པ་ནི་ལྷའི། ་ཡུལ་ནའོ།། ཕྱོགས་དང་ཕྱོགས་མཚམས་དག་ན་འདྲ་མེད་པ་ནི་སའི་སྟེང་ན་སྟེ། ཕྱོགས་ནི་གླེང་བཞི་པ་རྣམསོ།། ཕྱོགས་མཚམས་ནི་བར་གྱི་གླིང་བརྒྱད་དོ།། རི་དང་ནགསུ་བཅས་པའི་ས་སྟེངས་རྒྱས་པར་ཀུན་ཏུ་བསྐོར་ཀྱང་ཞེས་བྱ་བ་ནི་རོ ་གཉའ་ཤིང་འཛིན་ནས་བཟུངས་པོར་ཡུག་ཆེན་པོའི་བར་ཐམས་ཅད་དོ།། བསྡུས་པའི་དོན་ནི་ཚིགསུ་བཅད་པོ་འདིས་བཅོམ་ལྡན་འདས་ཁམས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་ཏེ། ལྷ་ཡུལ་ས་ལའང་མོད་ཅེས་བྱ ་བས་ནི་ས་གསུམ་ལས་ཁྱད་པར་དུ་འཕགས་པ་ཉིད།། གཞན་གྱིས་ནི་འདོད་པའི་ཁམས་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་བསྟན་ཏོ།། ཚིགསུ་བཅད་པ་གཅིག་པའི་བཤད་པ། བསྟན་བཅོས་ཚིག་སུ་བཅད ་པ་བསྡུས་པ་ལས་བྱུང་ག་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྟ་ནས་མཛད་པ་རྫོགས།། ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། གཟུངས ་