| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ཤཱུ་ལི་སྭམྦ་ཀ་མ་ཧཱ་ཡཱ་སྟཱ་ཏྲ་ཊིཀ། ངེད་སྐད་དུ། འཕགས་པ་སཱ་ལུ་ལྟུང་བ་ཞེས་བྱ་བ་ཐེག་པ་ཆེན་པའི་མདོའི་རྒྱ་ཆེར་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་བ་ལ་ཕྱག་འཚལ་ལོ།། དེ་ལ་ཡོན་ཏན་མཐའ ་ཡས་བསམ་མི་ཁྱབ།། ཅེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་མཐའ་ཡས་ཞེས་བྱེ་བ་ནི་ཡོན་ཏན་ནི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་ཏེ། ཡོན་ཏན་དོན་དུ་གཉེར་བའི་ལྷ་དང་སྲི་རྣམས་ཀྱིས་འདྲིས་པར་བྱ་བ་དང་། བསྟེན་པར་བྱ་བ་དང་། ་གོམས་པར་བྱ་བ་དང་། བསྒོམ་པར་བྱ་བ་དང་། མངོན་དུ་བྱས་པ་དང་། ཐོབ་པར་བྱ་བའི་ཕྱིར་ཡོན་ཏན་རྣམ་སོ།། དེ་རྣམས་ནི་ཡོན་ཏན་མང་པོ་ཡིན། མཐའ་ཡས་པ་དང་། བསམ་གྱིས་མི་ཁྱབ་པ་ཡིན་པས་ཞེས་ཚིག་བསྡུ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། རྟོག་གེ་པ་ཐམས་ཅོད་ཀྱི་ཚིག་དང་སེམས་ཀྱི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ།། དེའི་ཕྱིར་ཡོན་ཏན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་དེ་རྣམས་དང་ལྡན་པའོ།། གང་ཞིག་ཅེ་ན་སྨྲས ་པ་རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག། ཅེས་བྱ་བ་སྨོས་ཏེ། ཡང་དག་པར་ཕྱིན་ཅི་མ་ལོག་པར་སངས་རྒྱས་པས་རྫོགས་པའི་སངས་རྒྱས་ཏེ། ཆོས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པར་ཆོས་དང ་གང་ཟག་ལ་བདག་མེད་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཐུགསུ་ཆུད་པའི་ཕྱིར་སངས་རྒྱས་སོ།། ཡང་ན་པདྨ་ཁ་ཕྱེ་བ་བཞིན་དུ་བློ་རྒྱས་པས་སངས་རྒྱས་སམ། སངས་རྒྱས་པའི་ཕྱིར་ན་སངས་རྒྱས་ཏེ། འགྲོ་བ་མི་ཤེས་པའི་གཉིད་ཀྱིས་རབ་ཏུ་ལོག་པའི་ནང་ན་སྐྱེས ་བུ་གཉིད་སངས་པ་བཞིན་དུ་ཇི་ལྟ་བ་ཕྱིན་ཅི་མ་ལོག་པར་ཡང་དག་པའི་ཡེ་ཤེས་ཤར་བ་བརྙས་པའི་ཕྱིར་སངས་རྒྱས་ཞེས་བྱའོ།། ཡང་ན་སྐྱེ་བོ་མི་མཁས་པ་རྟོགས་པར་མཛད་པའི་སངས་རྒྱས་ཏེ། ཇི་ལྟར་བདག་ཉིད་གཞན་ལ་རག་མ ་ལས་པར་སོ་སོ་རང་གིས་རིག་པའི་ཆོས་ཀྱི་དེ་ཁོ་ན་རྟོགས་པ་དེ་བཞིན་དུ་ལོག་པའི་ལམ་དུ་འཁྱམས་པའི་སེམས་དང་ལྡན་པ་འཁོར་བ་འབྲོག་དགོན་པར་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པར་བཙེས་པ། ལྟ་བ་རྣམ་པ་སྣ་ཚོགས་ཀྱི ་ནགས་ཚང་ཚིང་དུ་ཉོན་མོངས་པའི་སྦྲུལ་གདུག་པའི་འཇིགས་པས་གང་བར་ཕན་ཚུན་ཡོངསུ་འཁྱམ་པ་གཞན་དག་ཀྱང་ཡང་དག་པའི་ལམ་དུ་བཙུད་དོ།། ཐར་པའི་གྲོང་ཁྱེར་ཆེན་པོ་བླ་ན་མེད་པར་འཇུག་པར་མཛད་པའི་ཕྱིར་སངས་རྒྱས་ཞེས་བྱའོ། ་ཐུགས་རྗེའི་བདག་ཅེས་བྱ་བ་ནི་ཐུགས་རྗེའི་རང་བཞིན་ཏེ། ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་སེལ་བའི་ཕྱིར་ཐུགས་རྗེའོ།། གླང་ལ་ཐུགས་རྗེ་བདག་ཉིད་དོ།། ངོ་བོ་ཉིད་ཡོད་པ་དེ་ནི་ཐུགས་རྗེའི་བདག་ཉིད་དོ།། དེ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། ་ཐུགས་རྗེའི་བདག་ཉིད་ཀྱང་ཡིན་པས་རྫོགས་པའི་སངས་རྒྱས་ཐུགས་རྗེའི་བདག་ཉིད་དོ།། དེ་བས་ནི་སངས་རྒྱས་ཐུགས་རྗེའི་བདག་ཉིད་དེ་ལའོ།། རབ་བཏུང་སཱ་ལུ་ལྗང་བ་ཡི།། ཞེས་བྱ་བ་སྨོས་ཏེ། རབ་བདུད་ཅེས་བྱ་བ་ནི་ཡང་དག་པར་མཆོད་ནུས་ཏེ། ་འདུད་པ་དང་། གུས་པ་དང་། གཞོལ་ངས་ཕྱག་འཚལ་ཏེའོ།། ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སཱ་ལུ་ལྗང་པའི་ཞེས་མདོའི་བཤད་སྦྱར་བསྟན་བཅོས། ཚིག་ལེའུར་བྱས་པ་བཤད་པར་བྱ་ཞེས་བྱ་བ་སྨོས་སོ།། དེ་ལ་ཡོན་ཏན་མཐའ་ཡས་བསམ་མི་ཁྱབ། ་ཅེས་བྱ་བ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་འདིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་དོ།། རྫོགས་སངས་རྒྱས་ཞེས་བྱ་བ་ན་སངས་རྒྱས་ནི་སངས་རྒྱས་ན་རྟོགས་པའི་དོན་ཡིན་པའི་ཕྱིར་ཐམས་ཅད ་མཁྱེན་པ་ཉིད་དོ།། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ་ཅེས་བྱ་བ་འདིས་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་དོ།། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཡོན་ཏན་མ་ཡིན་པ་རྣམས་ནི། ཡོན་ཏནྡ་དང་མི་མཐུན་པའི་ཕྱིར་རོ།། དེ་བོས་ན་ཐམས་ཅད ་མཁྱེན་པ། འདོད་ཆགས་དང་བྲལ་བ་རྫོགས་པའི་སངས་རྒྱས་དེ་ལྟ་བུ་ལ་བདུད་དེའོ།། ཐུགས་རྗེའི་བདག་ཉིད་ཅེས་བྱ་བ་ནི། གང་ཞིག་ཐམས་ཅད་མཁྱེན་ཅིང་འདོད་ཆགས་དང་བྲལ་བ་དེའི་ནི་སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བས་གཞན་དག་ལ་ཇི་ལྟར ་རྟོགས་པའི་ཆོས་སྟོན་ཏེ། འདིས་ནི་གཞན་ལ་ཕན་པར་མཛད་པའི་ཕྱིར་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། དེ་ལྟར་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་རྫོགས་པའི་སངས་རྒྱས་དེ་ལ་བཏུད་དེའོ།། དེ་ལྟ་ན་ཡང་འདོད་པ ་དང་བཅས་པའི་ཚིག་ཡིན་པའི་ཕྱིར་འདོད་པ་དང་བཅས་པས་ཅི་ཞོག་འདོད་ཅེས་དྲིས་པ་དང་། སྨྲས་པ་བཤད་པར་བྱའོ།། གང་ཞིག་བཤད་སྨྲས་པ། སཱ་ལུ་ལྟུང་བའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པའོ།། བཱསྟན་བཅོས་བརྩམས ་ལཐོག་མར། འབྲེལ་པ་དང་། དགོས་པ་དང་། རྗོད་པ་དང་། བརྗོད་པར་བྱ་བ་བཞི་ངེས་པར་བརྗོད་པར་བྱ་བ་མ་ཡིན་ནམ། དེ་འདི་ལ་མེད་པས་འདིའི་རྩོམ་པ་ནི་མི་རིགས་པ་ཡིན་ཏེ། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྨོན་པའི་ཚིག་བཞིན་ཞེའོ།། ་བརྩམ་པར་མི་བྱའོ་ཞེས་བྱ་བ་ནི་ཆོས་སོ།། བསྟན་བཅོས་ཞེས་བྱ་བ་ཆོས་ཅན་ནོ།། ཆོས་དང་ཆོས་ཅན་སྤྱི་ནི་ཕྱོགས་སོ།། འབྲེལ་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས། གོ་བར་བྱེད་པས་ན་གཏན་ཚིགས ་ཏེ། གཏན་ཚིགས་ཀྱི་དོན་ནི་གློ་བར་བྱེད་པ་ཡིན་པའི་ཕྱིར།། གྲང་གི་ཕྱིར་འབྲེལ་པ་ལ་སོག་པ་དང་བྲལ་བའི་ཕྱིར་བརྩམ་པར་མི་བྱའོ།། སྨྱོན་པའི་བཞིན་ནོ་ཞེས་བྱ་བ་ནི་དཔེའོ།། དེ་སྐད་དུ་བརྒལ་བ་ལོ་སྨྲས་པ། འབྲེལ་པྲ་ལས་གས་པ་དང་བྲལ་བའི་ཕྱིར ་ཞེས་གང་སྨྲས་པའི་གཏན་ཚིགས་དེ་ལ་གྲུབ་པར་བརྗོད་པའི་ཕྱིར་བཤད་པ་འདི་ལ་འབྲེལ་པ་ལ་སོགས་པོ་བཞི་ཡོད་པ་ཉིད་དོ།། དེ་ཡང་གང་ཞེ་ན། སྨྲས་པོ། སཱ་ལུ་ལྡང་བའི་མདོ་དང་སྦྱར་བའི་བསྟན་བཅོས་ཚིག་ལེའུར་བྱས་པ་བཤད་པར་བྱ་བོ་ཡིན ་པས་འདི་ལ་འབྲེལ་པ་ཡོད་པ་ཉིད་དེ། སཱ་ལུ་ལྡང་བའི་མདོ་ཞེས་བྱ་བ་ནི་མུ་སྟེགས་བྱེད་ལ་སོགས་པ་གཞན་གྱི་གཞུང་ལུགས་ཀྱི་ཁྱད་པར་དག་ལ་མི་དམིགས་པའི་ཕྱིར་བསྟན་བཅོས་འདི་ནི་སངས་རྒྱས་དང་འབྲེལ་བའོ།། དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ ་པ་ཉིད་དོ།། འབྲེལ་པ་ཡོད་དང་དགོས་པ་ཡང་མེད་ན་མེད་པ་ཡིན་ནོ།། དེའི་ཕྱིར་བཤད་པ། འདི་ནི་དགེས་པ་ནི་རྒྱུ་དང་རྐྱེན་གྱི་དོན་ཁོང་དུ་ཆུད་པའི་ཕྱིར་དང་། གང་ཟག་ལ་བདག་མེད་པ་དང་། ཆེས་ལ་བདག་མེད་པ་དང་། གཟུང་བ་དང་འཛིན་པ་མེད་པར་རྟོག ་པའི་ཕྱིར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་ནས་བླ་ན་མེང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པས་འདི་ལ་དགས་པ་ཡོད་པ་ཉིད་དོ།། དེ་བས་ན་དགོས་པ་དང་བཅས་པའི་ཕྱིར་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ ་བརྩམས་པར་བྱ་བ་ཉིད་དོ།། གང་དང་གང་དོན་དྲང་བཅས་པ་དེ་དང་དེ་ནི་བརྩམ་པར་བྱ་བ་སྟེ། དཔེར་ན་གསོ་བ་ལ་སོགས་པའི་བསྟན་བཅོས་ལྟ་བུ་ཡིན་པས་དཔེ་མ་གྲུབ་པར་བཤད་པར་འགྱུར་རོ། འདི་བརྗོད་པས་སཱ་ལུ་ལྡང་བའི་དཔེས་ནང་དང་ཕྱིའི་རྟེན་ཅིང་འབྲེལ ་བར་འབྱུང་བ་མཚུངས་པ་ཉེ་བར་སྦྱར་བས་འདི་བརྗོད་པས་སཱ་ལུ་ལྡང་བ་ཞེས་བྱ་བོ་ཉིད་དེ། དེའི་ཕྱིར་ཡང་དོན་མ་གྲུབ་པ་ཉིད།། བརྗོད་པར་བྱ་བ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་རྐྱེན་དང་བཅས་པ་སོ་སོར་གོ་རིམ་བཞིན ་མཚན་ཉིད་རྣམ་པར་འཇོག་པར་བྱེད་པས་བྱེད་པ་པོ་ལ་སོགས་པ་དང་། རྒྱུ་མེདོ་པ་དང་མི་མཐུན་པོའི་རྒྱུ་དང་བྲལ་ནས་ཉོན་མོངས་པ་དང་ཉེ་བོའི་ཉོན་མོངས་པ་སྤངས་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སྐྱེས་ཏེ། བླ་ན་མེད་པའི་ཆོས་སྐུ་ཐོབ་པས་འདྲི་བརྗོད་པར ་བྱ་བ་ཡང་ཡོད་པ་ཉིད་དེ་འདིའི་ཕྱིར་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ།། དེ་བས་ན་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་བསྟན་བཅོས་འདི་འབྲེལ་པ་ལ་སོགས་པ་དང་ཕྱིར་བརྩམ་པར་བྱ་བ་ཉིད་དོ།། བརྩམ་པར་བྱ་བ་ཉིད་ཞེས་བྱ་བ་ནི་ཆོས་སོ།། ་བསྟན་བཅོས་ཞེས་བྱ་བ་ནི་ཆོས་ཅན་ནོ།། ཆོས་དང་ཆོས་ཅན་དྲི་ནི་ཕྱེགས་སོ།། འདི་ན་ཆོས་ཡོད་པས་ཆོས་ཅན་ཏེ། གདུགས་ཅན་བཞིན་ནོ།། གལ་ཏེ་དེ་ལྟ་ན་བསྟན་བཅོས་རྩོམ་པ་ལ་ཕྱོག་འཚལྔ་བ་བྱེད་པ་དོན་མེད། དགོས་པ་མེད་པའི་ཕྱིར་བྱ་རོག་གི་སོ ་བརྟག་པ་ལ་སོགས་པོའི་བསྟན་བཅོས་བཞིན་ནོ་ཞེས་པའི་གཏན་ཚིགས་འདི་ནི་དོན་མ་གྲུབ་པ་ཉིད་བསྟན་པར་སྨྲས་པ། བསྟན་བཅོས་བརྩམས་པ་ལ་སྟོན་པ་ལ་མཆོད་པ་བྱས་སོ།། གལ་ཏེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་དང་། དེ་ལ་གུས་པ་སྐྱོ་བའི་རྒྱུ་ཡིན ་པའི་ཕྱིར་ཏེ། ཆོ་སྒྱུ་ཉན་པ་གུས་པ་སྐྱེ་བ་རྣམས་ཉན་པ་དང་། སེམས་པ་དང་། བསྒོམ་པ་དག་ལ་གུས་པར་འགྱུར་གྱི། གུས་པ་མ་སྐྱེས་པ་རྣམས་ནི་མ་ཡིན་པས་གཏན་ཚིགས་ཀྱིས་དོན་མ་གྲུབ་པ་ཉིད་དོ།། ཡང་ན་དམ་པའི་སྤྱོད ་པའི་སྲོལ་བསྟན་པའི་དོན་དུ་བསྟན་བཅོས་རྩོམ་པ་ལ་སྟོན་པ་ལ་མཆོད་པ་བྱེད་དོ།། འདི་ནི་སྐྱེས་བུ་དམ་པ་མཁས་པ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ནམ་ཞིག་འགའ་ཞིག་དགོས་པ་རྩོམ་པ་ལ་འཇུག་པ་ལ་འཇུག་ན་དང་པོར་ཡིད་དུ་འོང་བའི་ལྷ་ལ་ཕྱོག ་འཚལ་ཏེ། དགོས་པ་ཁྱད་པར་དག་ལ་ཞུགས་པ་ན་འདོད་པའི་དོན་རིང་པོར་མི་ཐོགས་པར་འགྲུབ་པས་དེའི་ཕྱིར་བསྟན་བཅོས་བྱེད་པོ་འདི་ཡང་དམ་པའི་སྤྱོད་པའི་སྲོལ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་ན་བསྟན་བཅོས་རྩོམ་པ་ལ་རང་གི་སྟོན་པ་ལ་ཡོན་ཏན ་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་བྱས་ནས། བསྟན་བཅོས་བཤད་པར་བྱ་བ་ལ་ཞུགས་པས་འདི་ལ་དགོས་པ་ཡོད་པ་ཉིད་དོ།། སྨྲས་པ། བསྟན་བཅོས་བརྩམས་པ་སྟོན་པ་ལ།། ཕྱག་འཚལ་བྱེད་པ་འབྲས་མེད་མིན།། སྟོན་པ་དང་ནི་བསྟན། ་བཅོས་ལ།། གུས་བསྐྱེད་རྒྱུ་ཕྱིར་གཞན་དུ་མིན།། དེས་ན་བསྟན་བཅོས་རྩོམ་པས་སྟོན་པ་ལ་མཆོད་པ་བྱ་བ་འདི་ལ་རྣམ་པར་གནས་པ་ཉིད།། དེའི་ཕྱིར་གཞན་གྱིས་བསྟན་བཅོས་ཀྱིས་ཐོག་མར་ཕྱག་འཚལ་བར་བྱེད་པར་དགོས་པ་མེད་དོ་ཞེས་གང་སྨྲས།། ་གཏན་ཚིགས་དམ་གྲུབ་པ་ཉིད་དུ་བསྟན་པར་སྨྲས་པ། བསྟན་བཅོས་བརྩམ་པ་ལ་ཕྱག་འཚལ་བར་བྱེད་པ་ནི་གསོ་བ་ལ་སོགས་པའི་བསྟན་བཅོས་བཞིན་དུ་དགོས་པ་དང་བཅས་པ་ཉིད་དོ།། བྱ་རོག་གི་སོ་བརྟག་པ་ལྟ་བུ་མིན་ནོ།། རང་གི་སྟོན་པ་ལ་ཕྱག ་བྱས་ཏེ། སཱ་ལུ་ལྗང་བའི་མདོ་དང་སྦྱར་བའི་བསྟན་བཅྡོཾས་ཚིག་ལེའུར་བྱས་པ་བཤད་པར་བྱའོ་ཞེས་སྨྲས་ན། དེ་ཡང་གང་ཞིག་ཅེ་ན། ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་སྨྲསོ།། རྒྱལ་པོའི་ཁབ་ནི་རྒྱལ་ཁབ་སྟེ།། རྒྱལ་པོའི་ཕོ་བྲང་ཞེས་བྱ ་བོའི་ཐ་ཚིག་གོ།། བྱ་རྒོད་ཅེས་བྱའི་རི་བོ་ལ།། ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རི་བོ་ལའོ།། དེ་ཉིད་ཀྱི་ཕྱིར་ཡང་དག་པར་སྡུད་པའི་མདོ་ལས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་སྨོས་སོ།། སུ་ལས་ཐོས?་ཞེས་བྱ་བ་སྨོས།། སུ་ལས་ཐོས་ཞེ་ན། དེའི་ཕྱིར་སྨྲས་པ། ་བཅོམ་ལྡན་འདས་ལས་སོ།། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ནའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ།། ཅི་ཞིག་བཅོམ་པ་དང་ལྡན་ཞེ་ན། དེའི་ཕྱིར་སྨྲས་པ། བདུད་བཞིའོ།། ཉོན་མོངས་པ་དང་། ཕུང་པོ ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་ཅེས་གྲགས་པའོ།། ཇི་ལྟར་བཅོམ་ཞེ་ན། སྨྲས་པ། གཉེན་པོ་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། མཐོང་བ་དང་བསྒོམ་པའི་ལམ་ལ་འཇུག་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི ་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་རིམས་ཀྱིས། འཕགས་པའི་བདེན་པ་བཞི་བསྒོམ་པ་རྣམ་པར་བསྒོམ་པ་ཉིད་ཀྱིས་ཕུང་པོའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པར་ཕྱིན་ཅི་མ་ལོག་པའི་ཡེ ་ཤས་དང་ལྡན་པའི་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པ་དང་། གཟུང་བ་དང་། འཛིན་པ་མེད་པར་རྟོགས་པའི་ཕྱིར་པ་དང་། ཁམས་གསུམ་པ་འདི་ཡང་སེམས་ཙམ་ཁོ་ནའོ་ཞེས་རྟོགས་པའི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཉོན་མོངས ་པ་བཅོམ་མོ།། རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་དང་བཅས་པར་ཕྱིན་ཅི་ལོག་པ་བཞི་ལ་སོགས་པ་དང་བྲལ་ཏེ། ཆོས་ཀྱི་སྐུ་བླ་ན་མེད་པ་དང་ལྡན་པས་མཱི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཕྱིར་ཕུང་པོ ་དང་འཆི་བདག་གི་བདུད་ལས་རྒྱལ་ལོ།། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། གཟུགས་བརྙན་དང་། བྲག་ཆ་དང་། མིགལ་མེའི་འཁོར་ལོ་དང་། རྨི་ལམ་ལྟ་བུར་ཤིན་ཏུ་ཐུགསུ་ཆུད་པའི་ཕྱིར་ཀུན་ནས་ཉོན ་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཀྱི་དྲི་མཱ་དང་བྲལ་བས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་དག་པར་ཆད་ནས་བྱམས་པ་ཆེན་པོ་ལ་སོགས་པའི་མདའི་འཕངས་པས་ཆུ་སྲིན་གྱི་རྒྱལ་མཚན་ཅན་སྡེ་དང་བཅས་པ་ལ ་བསྣུན་པའི་ཕྱིར་ལྷའི་བུའི་བདུད་ཕམ་པར་མཛད་དེ། དེ་ལྟར་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ།། ཡང་སྨྲས་པ། བདུད་བཞིའི་དགྲ་ནི་བཅོམ་ཕྱིར་དང་།། སྲིད་པ་གསུམ་ལས་བྱུང་བ་དང་།། བྱུང་འགྱུར་འབྱུང་བ་འབྱུང་མཁྱེན་ཅིང་། སྲིད་པར་གནས ་པབཔར་བཅོམ་ལྡན་འདས། བཅོམ་ལྡན་འདས་དེ་ལྟ་བུ་ནི་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ།། ཅིའི་ཕྱིར་གྲོང་ཁྱེར་དེ་ལ་རྒྱལ་པོའི་ཁབ་ཅེས་བྱ་ཞེ་ན། སྨྲས་པ། གྲོང་ཁྱེར་དེ་ནི་སྔོན་གྱི་རྩཝ་མཆོག་ག་གྲོང་ཁྱེར་ཞེས་གྲགས་ཏེ། གང་གི་ཚེ ་གྲོང་ཁྱེར་དེ་ལ་མི་མ་ཡིན་པ་འཁྲུག་པ་རྣམས་ཀྱིས་ཡང་དང་ཡང་མེ་བཏང་བ་དེའི་ཚེ་རྒྱལ་པོས་རྟོགས་ནས་བཀར་བཏགས་པ། ཤེས་ལྡན་གྲོང་ཁྱེར་པ་དག། དེང་ཕྱིན་ཆད་གང་གིས་ཁྱིམ་དུ་སྔར་མེ་ཤོར་བ་དེས་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོར་སོང་ལ ་ཁྱིམ་བརྩིགས་ཏེ། འདུག་ཤིག་ཅེས་བསྒོ་བ་དང་། དེ་ནས་ཡང་ལས་ཀྱི་རྐྱེན་གྱིས་དང་པོར་རྒྱལ་པོའི་ཕོ་བྲང་དུ་མེ་ཤོར་རོ།། དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བོས་ཏེ་བསྒྲེ་བ། ཤེས་ལྡན་བློན་པོ་དག་ཤེས་པར་གྱིས་ཤིག། འདི་ལྟར་ཉིད་ཀྱིས་དེ་ཁྲིམ ་སུ་བཅས་པ་ལས་ང་ཉིད་འདའ་བར་བྱེད་པ་གང་ཡིན་པ་དེ་ནི་ང་ལ་མ་ལེགས་ཤིང་ཚུལ་མ་ཡིན་པས་ཤེས་ལྡན་བློན་པོ་དག་དེང་ལ་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོའི་ནང་དུ་རྒྱལ་པོའི་ཕོ་བྲང་བརྩིགས་ཤིག་དང་དེར་སོང་ནས་འདུག་པར་བྱའོ།། ། ་དེ་ནས་རྒྱལ་པོའི་ཚིག་ཙམ་གྱིས་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས།། དེ་ལ་ཐོག་མར་ནི་རྒྱལ་པོ་དེར་ཕྱིན་ཏེ། གནས་བཏབ་དེ་ནས་ནི་གཞན་དག་གི་བཏབ་པས་རྒྱལ་པོའི་ཁབ་ཅེས་མིང་ཆགས་སོ།། དེ་ལ་རྒྱལ་པོའི་ཁང་གྲོང་ཁྱེར་ཆེན་པོ ་ཤར་ལྷོའི་མཚམས་ན། བྱ་རྒོད་ཕུང་པོ་ཞེས་བྱ་བའི་རི་ཡོད་དེ། རཱི་གང་གིས་སྤྱི་བོ་བྱ་རྒོད་ཀྱི་མགོ་འདྲ་བ་དེ་ལ་བྱ་རྒོད་ཕུང་པོའི་རི་ཞེས་བྱའོ།། ཡང་ན་བདུད་སྡིག་ཅན་གྱིས་བྱ་རྒོད་ཀྱི་ཤ་ཚུགསུ་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས ་གོས་དབྲོག་པར་བྱ་བ་བཟླུམོས་པ་ལས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིསི་མ་ནུས་ནས་དེ་ཉིད་དུ་བོར་ཏེ་ཆོས་གོས་དེ་དང་སང་དུ་རྡོར་གྱུར་ནས་བའི་རི་མི་བྱས་ཏེ་ཆོས་གོས་ལྟ་བུར་འདུག་གོ།། དེ་ཉེ་བར་མཚོན་པའི་རི་ནི་བྱ་རྒོད་ཕུང་པོ་ཞེས་བྱ་སྟེ། ་ཐུབ་པ་བྱ་རྒོད་ཕུང་པོའི་རི་དེ་ལ་ཞུག་སོ།། ཅི་གཅིག་པོ་ཉིད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དགེ་སློང་མང་དང་བྱང་ཆུབ་སེམས།། ཚོགས་དག་དང་ཡང་ཐབས་གཅིག་བཞུགས།། དགེ་སློང་མང་དང་ཞེས་བྱ་བ་ནི་དགེ་སློང་སྐྱོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི། ་དགེ་འདུན་ཆེན་པོ་དང་ངོ་།། བྱང་ཆུབ་སེམས་དཔའི་ཚོགས་དག་དང་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུའོ།། བཞུགས་ཞེས་བྱ་བ་ནི་བཞེངས་པ་དང་འཆག་པ་དང་། ་བཞུགས་པ་དང་། གཟིམས་པ་ལ་སོགས་པ་སྤྱོད་ལམོ་རྣམ་པ་བཞིས་བཞུགས་པའོ།། དེ་སུ་ཞིག་ཅེ་ན་ཐུབ་པའོ།། ཐུབ་པ་ནི་སྐུ་དང་། གསུང་དང་། ཐུགས་ཐུབ་པ་དང་ལྡན་པའི་ཕྱིར་ཏེ། སྐུ་དང་གསུང་དང་ཐུགས་མི་འཇུག་པས་ཐུབ་པའོ།། ཅི་ལ ་མི་འཇུག་ཅེ་ན། དེའི་ཕྱིར་སྨྲས་པ། སྐུ་དང་གསུང་དང་། ཐུགས་ཉེས་པར་སྤྱོད་པ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ།། འདི་ལ་ཐུབ་པ་ཡོད་པས་ཐུབ་པ་སྟེ། ལྡན་པའི་དོན་ཡིན་པའི་ཕྱིར་དབྱུག་པ་ཅན་བཞིན་ནོ།། ཡང་ཅིའི་ཕྱིར་གནས་དང་། དུས་དང་། ་ཞམ་རིང་བ་བསྟན་ཅེ་ནོ།། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཆེས་མཐུན་པར་བྱ་བའི་ཕྱིར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་ཡིན་པར་གྲགས་ཏེ། གང་གི་ཚེ་བྲམ་ཟེ་དང་། ཁྱིམ་བདག་རྣམས་རྗེས་སུ་འཛིན་པར ་བྱེད་པ་ལ་སོགས་པར་བྱེད་པ་དེའི་ཚེ་འདུག་པའི་གནས་གྲོང་ཁྱེར་ལ་སོགས་པ་གང་དུ་འདུག་ནས་བྱེད་པའི་གནས་དེས་ངེས་པར་བརྗོད་པར་བྱེད། གནས་གང་དུ་ཞེ་ནའོ།། ཆེ་གེ་མོ་ཞིག་ནའོ།། དབང་ཉིད་རབ་ཏུ་བསྟན་པའི་ཕྱིར་བློན་པོ་ལ་སོགས་པ་དང་ལྷན ་ཅིག་གོ།། དུས་ཞེས་བྱ་བ་ནི་སྔ་དྲོ་དང་ཕྱི་དྲོའི་དུས་སོ།། གང་དག་ལ་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་ལའོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བའི་ཕྱིར་གནས་དང་། དུས་དང་ཞམ་རིང་བ་ལ་སོགས ་བ་བརྗོད་དེ། གང་དུ་ཞེ་ན། རྒྱལ་པོའི་ཁབ་ནའོ།། དུས་གཅིག་ནི་སྔ་དྲོའི་དུས་སུའོ།། གང་དག་དང་ཐབས་གཅིག་ཅེ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ངོ་།། གང་དག་ལ་ཞེ་ན། དགེ་སློང་རྣམས་ལའོ།། ཅི་ཞིག་གསུངས ་ཞེ་ན། སཱ་ལུ་ལྗང་པ་ཞེས་བྱ་བའི་མདོའོ།། ཡང་སྨྲས་པ། གང་དུ་གང་དག་ཐབས་གཅིག་དང་།། དུས་གང་གང་ཕྱིར་གསལ་བ་བསྟན།། དེ་དག་ཉིད་ནི་བསྟན་བྱས་ནས།། ཐ་མར་ཀུན་དགའ་བ་ཡི་སྒྲ།། སཱ་ལུ་ལྡང་པ་ལ་གཟིགས་ནས། ཞེས་བྱ་བ་ལ་སོགས་པ་ལ། ་སཱ་ལུ་ལྗང་བ་ལ་གཟིགས་ནས་ནི་གཟིགས་ཏེའོ།། རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། ཞེས་བྱ་བ་ནི་རྒྱུ་རྐྱེན་ལས་སྐྱེས་ཀྱི་འདི་བསྐྱེད་པར་བྱེད་པ་དབང་ཕྱུག་ལ་སོགས་པ་གཞན་ནི་འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ།། ཡང་སྨྲས་པ། ས་བོན་ལ་སོགས་མ་གཏོགས ་པཱ་ར། གཞན་གྱི་རྒྱུ་ཞེས་མི་བྱ་སྟེ།། དབང་ཕྱུག་སོགས་དང་རྒྱུ་མེད་པ།། མངོན་སུམ་ལ་སོགས་འགལ་ཕྱིར།། ས་བོན་ལས་མྱུ་གུ་ལ་སོགས་པ་སྐྱེས་ཀྱི། དབང་ཕྱུག་དང་། གཙོ་བོ་དང་། རྒྱུ་དུས་ལ་སོགས་པ་ནི་རྒྱུ་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག ་གིས་མི་དམིགས་པ་ཉིད་ཀྱི་ཕྱིར་རྣ་མཁའི་ཨུཏྤལ་བཞིན་ནོ།། རྒྱུ་དང་རྐྱེན་སྐྱེས་དེ་བཞིན་དུ།། ཡན་ལག་བཅུ་གཉིས་རིམ་འབྱུང་བ།། གང་གིས་རྟེན་འབྲེལ་ཞེས་མཐོང་བ། ཞེས་སྨོས་ཏེ། རྒྱུ་དང་རྐྱེན་དག་གིས་བསྐྱེད་པའི་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག ་བཅུ་གཉིས་དགེ་སློང་ངམ། དགེ་སློང་མ་འམ། གཞན་ཡང་གང་ལ་ལས་བྱེད་པ་ལ་སོགས་པ་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་དང་བྲལ་བར་མཐོང་བ་དེས། ཆོས་དང་སངྱས་མཐོང་ངོ་ཞེས།། དགེ་སློང་རྣམས་ལ་འདི་གསུང་ནས། འདྲེན་པ་ཅང་མ་གསུང་བ་བཞུམ ་@#།། འཕགས་པའི་ཆོས་ཡན་ལག་བརྒྱད་པ་དང་འབྲས་བུའི་ཆོས་རྟོགས་པའི་ངོ་བོ་ཉིད་དང་། མྱ་ངན་ལས་འདས་པ། ཕུང་པོ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པར་བརྗོད་པ་ཡང་ཇི་ལྟ་བ་བཞིན་དུ་མཐོང་ངེ་ཞེས་བཀའ་སྩལ་པ་ནས། བཅོམ་ལྡན་འདས་ཅད ་མི་གསུང་བར་བཞུགས་སོ།། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་ཕྱིན་ནས་འདྲི་ཡོངས་སུ་དྲིས་སོ།། འདི་གསུངས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཤཱ་རིའི་བུས་མདོ་གང་ཐོས་པ་དགེ་སློང ་རྣམས་ལས་གསུངས་ནས་ཏེ། བཀའ་སྩལ་ནས་སོ།། འདྲེན་པ་ཞེས་བྱ་བ་ནི་ཐབས་རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་སེམས་ཅན་རྣམས་འདྲེན་པའི་ཕྱིར་འདྲེན་པའོ།། ཅང་མི་གསུང་བར་བཞུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་བཞུགས་ཅེས ་བྱ་བའི་ཐ་ཚིག་གོ།། དགེ་སློང་ཤཱ་རིའི་བུས་ཐོས་ནས་ཞེས་སྨོས་ཏེ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ་།། ཤཱ་རིའི་བུས་ཐོས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཐོས་ནས་སོ།། དེ་ཉིད་ཀྱི་ཕྱིར་མདོ་ལས། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རི་ཁྲི་བྱང་ཆུབ ་སེམས་དཔའ་ཆེན་པོ་བྱམས་པ་ག་ལ་བ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། བྱམས་པའི་དྲུང་དུ་སྟོང་ནས་ནི་ཞེས་བྱ་བ་ནི་གང་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ཉིན་པར་རྟག་ཏུ་གནས་པ་སྟེ། དེར་ཕྱིན་ཅིང་སྲོང་ནས་སོ།། གཉིས་ཀ་ཡང་རྡོ་ལེབ་ལ་འཁྱོད་དོ།། དེ ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་སྨྲསོ།། བྱམས་པ་དང་འདིར་དེ་བཞིན་གཤེགས།། འདི་གསུངས་དོན་རྣམས་མ་ཕྱེ་བར།། ཅང་མི་གསུང་བར་བཞུགས་གྱུར་ན།། དེའི་དོན་ཇི་ལྟར་རྟོགས་པར་བྱ། ཞེས་བྱ་བ་སྨོསོ།། བྱམས ་པ་དེང་འདིར་ཞེས་བྱ་བ་བརྗོད་ནས་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྟུང་བའི་དཔེ་བསྟུན་པ་གང་གསུངས་པ་བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ཅི། བཅོམ་ལྡན་འདས་ཀྱིས་ཀྱང་དོན་རྣམ་པར་མ་ཕྱེ ་ལ། ཐམས་ཅད་མཁྱེན་པའི་ཡུལ་གྱི་དོན་རྣམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འདྲེས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་། སངས་རྒྱས་ནི་གང་ཞེས་བྱ་བ་ལ་སོགས་པ་འདྲིའོ།། འདི་ཉིད་མདོ་བྱེད་པས། ་མདོ་དང་སྦྱར་བར་སྨྲས་ལ། རྟེན་ཅིང་འབྲེལ་དང་ཆོས་གང་ཡིན།། སངས་རྒྱས་ཀྱང་ནི་གང་ཞིག་ཡིན་ཞེས་སྨོས་ཏེ། ཇི་ལྟར་ཡོང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་། ཆོས་མཐོང་ནས་སངས་རྒྱས་མཐོང་ཞེས་བྱ་བ་ནི། ཇི་ལྟར་རྟེན་ཅིང ་འབྲེལ་འབྱུང་མཐོང་ན་ནི།། ཆོས་དང་སངས་རྒྱས་མཐོང་བ་ཡིན།། བདག་གིས་ཐེ་ཚོམ་འདི་སྨོས་ཞེས།། ཤཱ་རིའི་བུ་ཡིས་མ་ཕམ་སྨྲས།། གནས་བརྟན་ཤཱ་རིའི་བུ་ཐེ་ཚོམ་དེ་སྐྱེས་པས་དེའི་ཕྱིར་མ་ཕམ་པ་ལྔ་སྨྲས་སོ།། མ་ཕམ་པ་ཞེས་བྱ་བ་ནི་བྱམས་པའོ། ་བྱམས་པ་ཁྱད་པར་ཇི་ལྟ་བ་ཅན་ཞིག་ཅེ་ན། བྱམས་པ་ཤིན་ཏུ་བསྒོམས་པའི་བདག། བྱམས་པས་གཏན་ལ་དབབ་པ་སྨྲས།། བྱམས་པའི་ཏིང་ངེ་འཛིན་དང་ལྡན་པས་ཤིན་ཏུ་གནས་པའི་ཕྱིར་བྱམས་པ་ཤིན་ཏུ་བསྒོམས་པའི་བདག་ཉིད་དོ།། གཏན་ལ ་དབབ་ཞེས་བྱ་བ་ན་ངེས་པའོ།། སྨྲས་ཞེས་བྱ་བ་ནི་བརྗོད་པའོ།། གང་ལ་སྨྲས་ཞེ་ན། ཤཱ་རིའི་བུ་ལའོ།། ཅི་ཞིག་སྨྲས་ཤེ་ན། འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་སོག ་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན ་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། རྒ་ཤིའི ་རྐྱེན་གྱིས་མྱ་ངན་དང་། སྤྲོ་སྔགས་འདྲེན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།། ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས ་ཀྱིས་རྟེན་ཅིང་འབྲེལ་པའོ་ཞེས་གསངསོ།། དེ་ལ་རྟེན་ཅིང་འབྲེལ་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་བཅས། རྐྱེན་དང་བཅས་པ་ལ་བྱའི་རྒྱུ་མེད་པ་དང་རྐྱེན་མེད་པ་ལ་མ་ཡིན་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། ཡང་མ་རིག་པ་ལ ་སོགས་པ་སྲིད་པའི་ཡན་ལག་འདི་རྣམས་འབྱུང་བའི་གོ་རིམ་ནི་ཇི་ལྟར་རྟོགས་པར་བྱ། མཚན་ཉིད་ནི་གང་ལས་ནི་ཅི། གང་ཞིག་ནི་ཡིན་ཞེ་ན། སྨྲས་པ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གཉིས་ཀྱི་ཕྱིར་འབྱུང་བར་རྟོགས་པར་བྱ་སྟེ། གཉིས ་གང་ཞེ་ན། སྨྲས་པ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་ཕྱི་ནང་གི་ཐ་དད་པའི་ཕྱིར་རྣམ་པ་གཉིས་སུ་རྣམ་པར་བཞག་གོ།། ཇི་ལྟ་ཞེ་ན། སྨྲས་པ། ས་བོན་ལས་མྱུ་གུ་སྐྱེ་བ་དང་འབྲས་བུ་སྐྱེ་བའི ་བར་ཏེ། ས་བོན་ཡོད་ན་མྱུ་གུ་སྐྱེ་བ་དང་འབྲས་བུ་སྐྱེ་བའི་བར་རོ།། ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་ནས་འབྲས་བུ་མི་སྐྱེ་བའི་བར་རོ།། ས་བོན་ཀྱང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་སོ།། མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱི ་མངོན་པར་སྒྲུབསོ་སྙམ་དུ་མི་སེམས་པ་ནས། མེ་ཏོག་ཀྱང་འདི་སྙམ་དུ་འབྲས་བུ་མངོན་པོར་སྨྲའོ་སྙམ་དུ་མངོན་པར་མི་སེམས་སོ།། འབྲས་བུ་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མེ་ཏོག་གིས་མངོན་པར་སྒྲུབསོ་སྙམ་དུ་མི་སེམས་པའི་བར་རོ།། འོན་ཀྱང ་ས་བོན་ཡོད་ནི་མྱུ་གུ་ནས་འབྲས་བུའི་བར་དུ་སྐྱེས་པར་འགྱུར་ཏེ། དེ་ལྟར་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ་བར་བྱའོ།། བོན་ས་ལ་སོགས་པ་ལ་ཅི་ཞིག་ཕན་པར་བྱེད་ནས་རྒྱུའི་རྐྱེན་དུ་འདོད་ཅེ་ན། ས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ ་བར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། སྨྲས་པ། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་དག་གང་ཞེ་ན། འདི་ལྟ་སྟེ། ས་ལ་སོགས་པ་དང་། དུས་རྣམས་ཏེ་དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟ ་བར་བྱའོ།། ས་བོན་ས་ལ་སོགས་པ་ལ་ཅི་ཞིག་ཕན་པར་བྱེད་ནས་རྒྱུའི་རྐྱེན་དུ་འདོད་ཅེ་ན། སཾ་ལ་སོགས་པ་ནི་འཛིན་པ་ལ་སོགས་པ་དང་། རླན་པ་དང་། དྲོ་བ་དང་། ཡང་འབྲུ་བ་དང་། མཾ་སྒྲིབ་པ་དང་། འགྱུར་བའི་བྱ་བ་གོ་རིམ་བཞིན་དུ་བྱེད་དོ།། དེ་དག་མེད་ན ་མི་འགྱུར། ནམ་མ་ཚང་བ་མེད་པ་ན། ཐམས་ཅད་འདུས་པ་དེ་ལས་དེར་འགྱུར་རོ།། ས་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་གིས་ས་བོན་འཛིན་པ་ལ་སོགས་པ་བྱའོ་སྙམ་དུ་མི་སེམས་སོ།། ས་བོན་ཡང་འདི་སྙམ་དུ་བདག་ལ་ནི་རྐྱེན་འདི་རྣམས་ཀྱིས ་འཛིན་པ་ལ་སོགས་པའི་བྱ་བས་ཕན་བཏག་སོ་སྙམ་དུ་མི་སེམས་སོ།། འོན་ཀྱང་ས་ལ་སོགས་པ་ཡོད་ན་ས་བོན་ལས་མྱུ་གུ་ལཱ་སོགས་པ་འབྱུང་བར་འགྱུར་ལ། མེད་ན་མི་འགྱུརརོ།། དེ་ཉིད་ཀྱི་ཕྱིར་མདོ་མཛད་པས་གསུངས་པ། ཡ་ན ་ལག་བཅུ་གཉིས་མ་རིག་སོགས།། འཆི་བ་ལ་ཐུག་གོ་རིམ་བཞིན།། ཞེས་བྱ་བ་ལ། སྲིད་པའ་ཡན་ལག་གང་དག་ལ་མ་རག་པ་ལ་སོགས་འཆི་བ་ལ་ཐུག་པ་ཡོད་པ་དེ་དག་ནི་མ་རིག་པ་ལ་སོགས་པ་འཆི་བ་ལ་ཐུག་པ་རྣམསོ།། དེ་ལྟ་བས་ན་སྡུག ་བསྔལ་གྱི།། ཕུང་པོ་འབའ་ཞིག་འབྱུང་བར་འགྱུར། ཞེས་བྱ་བ་དེ་ལྟ་བས་ན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རིམ་གྱིས་འབྱུང་བའོ།། སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགསོ།། འབའ་ཞིག་ཅེས་བྱ་བ་ནི་བདག་དྲང་བདག་གོ་དང ་བྲལ་བའོ།། འབྱུང་བར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ།། ཆོསཱ་ལམ་ཡན་ལག་བརྒྱད་པ་དང་། འབྲས་བུ་མྱ་ངན་འདས་པའོ་ཞེས་སྨྲས་ཏེ། ཆོས་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ།། ལཱ་མ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་ལོག་པའི་ལྟ་བ ་དང་། ལོག་པའི་རྟོག་པ་དང་། ལོག་པོའི་ངགོ་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་དང་། ལོག་པའི་རྩོལ་བ་དང་། ལོག་པའི་དྲན་པ་དང་། ལོག་པའི་ཏིང་ངེ་འཛིན་ཏོ།། དེ་ལ་ལོག་པའི་ལྟ་བ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་སྟེ། ལྟ་བ་ལྔའོ།། ་འཇིག་ཚོགས་དང་། མཐའ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། ལོག་པ་ཞེས་བྱ་བའོ།། འདི་ཐམས་ཅད་ཀྱང་ལོག་པར་ཐོས་པ་དང་། བསམ་པ་ལ་སོགས་པ་ཞུགས་པ་སྟེ། དེ་བས་ན་ལྟ་བ་ངན་པའི་ཕྱིར་ལོག་པའི་ལོམ་སྤྱད་པས་མི་འདོད་པའི་རྣམ་པར་སྨིན ་པ་མངོན་པར་བསྒྲུབས་པའི་ཕྱིར་དང་རྒྱུ་དང་། ལས་དང་། འབྲས་བུ་ལ་སྐུར་པ་འདེབས་པ་དང་། སྒྲོ་འདོགས་པའི་རྣམ་པར་ཞུགས་པའི་ཕྱིར་ལོག་པར་ལྟ་བ་བདག་ཅེས་བྱའོ།། དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལྟ་བ་ལམ་གྱི་ཡན་ལག་ཉིད་དུ་རྣམ ་པར་བཞག་གོ།། ཚུལ་བཞིན་ལ་གནས་པའི་ཡང་དག་པའི་ཐོས་པ་དང་། བསམ་པ་ལ་སོགས་པའི་དད་པ་སྔོན་དུ་འགྲོ་བས་རྒྱུ་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་དང་། ལས་དང་འབྲས་བུ་ལ་སོགས་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། ་ཡང་དག་པའི་ལམ་ལ་ཉེ་བར་སྦྱོར་བ་ལས་འདོད་པའི་འབྲས་བུ་མངོན་པར་སྒྲུབ་པའི་ཕྱིར་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་ཡང་དག་པའི་ལྟ་བ་ཞེས་བྱའོ།། དེ་ལ་ལོག་པར་རྟོག་པ ་ཞེས་བྱ་བ་ནི་རྟོག་པ་ལོག་པའོ།། རྟོག་པ་ཞེས་བྱ་བ་ནི་སྤྱོད་ཡུལ་དང་། ཡུལ་དང་། དམིགས་པས་ཞེས་བྱ་བ་ནི་ཐ་ཚིག་གོ།། སྤྱོད་ཡུལ་ཞེས་བྱ་བ་ནི་ཡུལ་དྲུག་པོ་གཟུགས་དང་སྒྲ་ལ་སོགས་པའོ།། ལོག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ། རྟག་པ་དང་། བདེ་བ ་དང་། གཙང་བ་དང་། བདག་གི་རྣམ་པ་ལ་སོགས་པས་དམིགས་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྒྱས་པར་འགྱུར་བའི་ཕྱིར་ལོག་པར་རྟོག་པའོ།། དེ་ལས་བཟློག་པ་ནི་ཡང་དག་པའི་རྟོག་པའོ།། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ།། ། ་རྟོགས་པ་ཞེས་བྱ་བ་ནི་བྱ་བ་དང་། སེམས་པ་སྟེ། འདི་དང་འདི་བྱའོ་ཞེས་ཐོག་མར་སེམས་ལེ་བཞག་ནས་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་དགེ་པ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་ངོ་བོ་མི་རྟག་པོ་དང་། རྟོག་པ་ཞེས་བྱ་བ་ནི། ་སྡུག་བསྔལ་བ་དང་། བདག་མེད་པ་ལ་སོགས་པར་ཚུལ་བཞིན་ཡིད་ལ་བྱེད་པའི་སྦྱོར་བ་གང་ཡིན་པ་ནི་ཡང་དག་པའི་ལམ་གྱི་ཡན་ལག་ཅེས་བྱའོ།། ལོག་པའི་ངག་ཅེས་བྱ་བ་ནི་ངག་ངན་པ་སྟེ། བདག་དང་གཞན་བསླུ་བའི་རྣམ ་བར་ཞུགས་པའི་ངག་གང་ཡིན་པ་དེ་ནི་ལོག་པའི་ངག་གོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པ་དང་འབྲེལ་པའི་ཕྱིར་བད་ལ་བསྟོད་པ་དང་། གཞན་ལྔ་སྤྱོད་པའི་ངོ་བོར་ཞུགས་པ་དང་། གང་གི་ཉེས་པ་རྣམ་པ་བཞི ་དང་འདྲེས་པ་དང་། ཡང་དག་པ་དང་། བདེན་པ་དང་། དེ་ཁོ་ན་ཉིད་དང་། ཆོས་ཐམས་ཅད་སྤོང་བར་བྱེད་པ་དང་། རྒྱལ་པོ་དང་ཆོམ་རྐུན་དང་། བུད་མེད་དང་། ཁྱིམ་པ་དང་། སྐྱེ་བོའི་གཏམ་གྱི་ངོ་བོ་དང་། གསོག་དང་དོན་མེད་པ་མང་པོ་འཕགས་པའི ་སྐྱེ་བོ་ཐམས་ཅད་ཀྱིས་སྨད་པའི་ཕྱིར་ལོག་པའི་ངག་ཅེས་བྱའོ།། དེ་དང་མི་མཐུན་པའི་ཕྱིར་བདག་དོང་གཞན་ལ་མི་བསླུ་བའི་རྣམ་པ་ཅན་མ་ཆགས་པ་དང་། ཞེ་སྡང་མེད་པོ་དང་། གཏི་མུག་མེད་པ་ལ་སོགས་པའི་ངོ་བོ་དག་གཉིས་པ་རྣ་བ་བཞི་དང་བྲལ ་བོའི་ཕྱིར་བདེན་པ་དང་ཡང་དག་པ་དང་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་བདེན་པ་བཞིའི་རྗེས་སུ་མཐུན་པར་བྱེད་པ། དགེ་བའི་ཆོས་ཐམས་ཅད་སྡུད་པ། ཕནྡ་པ་དང་ཡོངསུ་བཅད་པའི་ངོ་བོ་ཉིད་ཀྱི་ཕྱིར་བདག་ལ་བསྟོད་པ་དང་། གཞན་ལ་སྨོད ་པ་སྤངས་པ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པའི་ཕྱིར་འཕགས་པའི་སྐྱེ་བོ་ཐམས་ཅད་མི་བསླུ་བར་བྱེད་པ་ནི་ཡང་དག་པའི་ལམ་གྱི་རྗེས་སུ་འཇུག་པའི་ཕྱིར་ཡང་དག་པའི་ངག ་ཅེས་བྱའོ།། ལེག་པའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལས་བྱེད་པའོ།། ལས་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱོད་པའི་ས་བོན་འདེབས་པའི་ཕྱིར་དང་། རྣམ་པར་སྨིན་པ་མི་བཟད་པའི་འབྲས་བུ་མངོན་པར ་བསྒྲུབ་པའི་རང་བཞིན་མི་དགེ་བའི་ལས་ཀྱི་མཐའ་བྱེད་པའི་ཕྱིར་ཚ་སྒོ་ལ་སོགས་པའི་སྐྱོན་ནང་འདྲེས་པའི་ཞིང་ངན་པ་ལ་ས་བོན་ངན་པ་བཏབ་པ་བཞིན། མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པའི་ཕྱིར་སྨད་པར་བྱ་བའི་ལས་ཀྱི་མཐའ་ནི་ལོག ་བའི་ལས་ཀྱི་མཐའ་ཞེས་བྱའོ།། ལས་ལ་དགའ་བ་དང་། གཽ་ཉིད་ལ་དགའ་བ་དང་། སྨོས་ལ་དགའ་བ་ལ་སོགས་པའི་རང་བཞིན་ནི་ལོག་པའི་ལས་ཞེས་བྱ་སྟེ། བདག་དང་གཞན་ལ་རེག་པ་མ་ཡིན་པ་སྡུག་བསྔལ་བར་གནས་པའི་རྟེན་གྱི་ངོ་བོའོ།། ་དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཐའོ།། ཕྱིན་ཅི་མ་ལོག་པའི་ལས་བྱེད་པའི་ཕྱིར་ལུས་དང་། ངག་དང་། ཡིད་ཀྱིས་ལེགས་པར་དཔྱད་པའི་ས་བོན་འདེབས་པའི་ཕྱིར་དང་། ཞིང་གཱཤིན་པ་དང་འདྲ་བའི་ལེགས་པར་བྱས་པའི་ལུས ་ཀྱི་ཞིང་ལ་འདོད་པའི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པའི་རྣམ་པར་ཞུགས་པའི་ཕྱིར་དང་། མི་རྟོག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་ངོ་བོར་ཞུགས་པའི་ཕྱིར་དང་། ཡང་དག་པའི་ལས་ཀྱི་མཐའ་བྱེད་པའི ་ཕྱིར་ཡང་དག་པའི་ལས་ཀྱི་མཐའ་སྟེ། ཡང་དག་པའི་ལམ་གྱི་རྗེསུ་འབྲེང་བའི་ཕྱིར་ཡང་དག་པའི་ལམ་ཞེས་བྱའོ།། ལོག་པའི་འཚོ་བ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་འཚོ་བ་སྟེ། ངན་གཡོ་དང་ཁ་བསགས་དང་། ཐོབ་པས་འཇལ་བ་དང་། ་བཞོག་སློངས་ཀྱིས་ངག་གི་ལ་སོགས་པའི་ཉེ་བར་འཚོ་བས་སྐྱེས་པ་དང་བུད་མེད་ལ་སོགས་པའི་མཚན་སྟོན་པ་དང་། འཕོང་དང་། རྟ་དང་། སྙན་དངག་དང་། གསོ་བའི་དཔྱད་དང་། གྲངས་དང་། ཁྱིམ་པའི་དཔྱད་དང་། ་གཞོན་ནུའི་དཔྱད་དང་། རྒྱ་མཚོ་མཚན་གྱི་དཔྱད་དང་། ལྟས་ཤེས་པ་ལ་སོགས་པ་སྟེ། བདག་དང་གཞན་བསླུ་བའི་ངོ་བོར་ཞུགས་པའི་ཕྱིར་ཚུལ་དེས་ཆོས་གྲོས་དང་བསོད་སྙོམས་ལ་སོགས་པ་སྒྲུབ་པ་རྗེསུ་འཇུག་པས་གནས་པར་བྱེད་པ་ནི ་ལོག་པའི་འཚོ་བ་ཞེས་བྱའོ།། དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཅེས་བྱའོ།། ཡང་དག་པ་ནི་རིག་པ་དང་འདྲ་བ་མ་བྲལ་བའི་ལུས་དང་ངག་དང་ཡིད་འཇུག་པས་ཆོས་གོས་ལ་སོགས་པ་བསྒྲུབ་པ་སྟེ། ཚུལ་དེས ་ཀུན་ཏུ་འཚོ་བ་ནི་ཡང་དག་པའི་འཚོ་བའི་རྗེས་སུ་འབྲིང་བའི་ཕྱིར་དང་། བདག་དང་གཞན་མི་བསླུ་བའི་ངོ་བོའི་རྣམ་པའི་ཕྱིར་འཕགས་པའི་ལམ་གྱི་རྗེས་སུ་འཇུག་པས་ཡང་དག་པའི་འཚོ་བ་ནི་ལམ་གྱི་ཡན་ལག་ཉིད་དུ་རྣམ་པར་བཞག་གོ།། ལོ ་པའི་རྩོལ་བ་ཞེས་བྱ་བ་ནི་རྩོལ་བ་ནི་རྩོལ་བའོ།། ལོག་པའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་སྟེ། ལུས་དང་དྲག་དང་། ཡིད་ཀྱི་རབ་ཏུ་སྤྱོད་པ་མི་བདེན་པ་རྣམས་ཀྱིས་བདག་དང་གཞན་ལ་གནོད་པ་བྱེད་པ་དང་། གཡུལ་ལ་སོགས་པ་ཤོམ་པ་དང་། ཕོ་ཉ་ལ ་སོགས་པར་འགྲོ་བ་དང་། སྤྱོད་པ་དང་། དཔྲལ་བ་དང་། འཇོག་པ་དང་། འདག་པ་དང་། སེལ་བ་དང་། མི་སེལ་བ་དང་། སྦྱོར་བའི་ཚུལ་གྱིས་སྐྱེད་པ་དང་། ཞིང་དང་རེག་པ་དང་ཚོང་དང་རྒྱལ་སྲིད་ལ་སོགས་པ་དག་དང་ཕ་རོལ་ལ་གནོད་པར་བྱེད་པའི ་ལུས་དང་། ངག་དང་། ཡིད་ཀྱི་འཇུག་པ་རྣམ་པ་སྣ་ཚོགས་ལ་བརྩོན་པ་དང་། བྱ་བ་དང་། བརྩོན་པ་ནི་ལོག་པའི་རྩོལ་བ་ཞེས་བྱའོ།། དེ་དང་མི་མཐུན་པར་འགྱུར་བའི་ཕྱིར་ཡང་དག་པར་རྩོལ་བའོ།། ཡང་དག་པར་རྩོལ་བ་ནི་ལམ་གྱི་ཡན་ལག་ཉིད་དུ ་རྣམ་པར་བཞག་སྟེ། གང་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་གཅིག་ཏུ་དགེ་བློ་བདག་དང་གཞན་ལ་ཕན་པ་ལ་ཕན་འདོགས་པར་ཞུགས་པ་དག་གིས་འཕགས་པའི་ལཱམ་གྱི་རྗེས་སུ་འབྲང་བ་དེ་ནི་ཡང་དག་པར་རྩོལ་བའི་ཕྱིར་ཡང་དག་པར་རྩོལ་བར ་འདོད་པ་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ།། ལོག་པའི་དྲན་པ་ཞེས་བྱ་བ་ནི་སྨད་པར་བྱ་བ་དྲན་པ་སྟེ། ལོག་པའི་དྲན་པའོ།། དྲན་པ་ནི་དྲན་པའོ།། འདི་ནི་ལོག་པ་ཡང་ཡིན་ལ། དྲན་པ་ཡང་ཡིན་པས་ལོག་པའི་དྲན་པའོ།། དུས་གསུམ་གྱི་ཡུལ་ལ ་སྔོན་རྒོད་པ་དང་། དགའ་བ་ཉམས་སུ་མྱོང་བའི་གཟུགས་དང་། སྒྲ་དང་། དྲི་དང་རོ་དྲང་རེག་པ་ལ་སོགས་པ་རྗེསུ་དྲན་ཞིང་རྗེས་སུ་བརྗོད་པ་དང་། དེ་ལ་ཡང་ལྷག་པར་ཆགས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལ་སོགས་པའི་ཀུན་ཏུ་ལྡང ་བའི་ཕྱིར་བདག་དང་གཞན་ལ་གནོད་པར་བྱེད་པའི་ཕྱིར་དང་། མི་འདོད་པའི་རྣམ་པར་སྨིན་པ་དང་འབྲེལ་པའི་ཕྱིར་ལོག་པའི་མཚན་མ་ཡིད་ལ་བྱེད་པ་ནི་ལོག་པའི་དྲན་པའོ།། དེ་དང་མི་མཐུན་པའི་ཕྱིར་ཡང་དག་པའི་དྲན་པ་ནི་ལམ་གྱི་ཡང་དག་པ་ཉིད་དུ ་བརྗོད་དོ།། ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་བཏང་ནས་སངས་རྒྱས་དང་། ཆོས་དང་དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་ལ་སོགས་པ་རྗེས་སུ་དྲན་པ་ནི་ཡང་དག་པའི་དྲན་པ་སྟེ། ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ།། ཏིང་འཛིན་ནི་ཏིང་ངེ་འཛིན་ཏོ།། ་ཀུན་ནས་མཉམ་པར་འཇོག་ཅིང་འཛིན་པའི་ཕྱིར་ཏིང་ངེ་འཛིན་ཏོ།། འདི་ནི་ལོག་པ་ཡང་ཡིན་ལ། ཏིང་ངེ་འཛིན་ཡང་ཡིན་པས་ལོག་པའི་ཏིང་ངེ་འཛིན་ཏོ།། ལེག་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྟེ། དབང་ཕྱུག་དང་རང་བཞིན་དང་། དུས་དང ་གཙོ་བོ་དང་། ནང་གི་བདག་ལ་སོགས་པའི་མེད་པ་དེ་དག་ལ་དམིགས་པ་སྔོན་དུ་བཏང་བའི་སེམས་འཕྲོ་བ་གང་ཡིན་པ་འམ། ཡ་ན་གཟུགས་ལྔ་སོགས་པ་ནང་དང་ཕྱི་རོལ་གྱི་དངོས་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག ་མེད་པ་ལ་སོགས་པའི་རྣམ་པ་དག་ལ་རྟག་པ་དང་། བདེ་བ་གཙང་བ་དང་། བདག་ཏུ་ལྟ་བ་ལ་སོགས་པ་ལ་ལྷག་པར་ཆགས་ནས། དེ་དག་ལ་དམིགས་པ་སྔོན་དུ་བཏང་བའི་སེམས་འཕྲོ་བ་གང་ཡིན་པ་སྟེ། ཆགས་པ་དང་བཅས་པ་སྔོན་དུ་བཏང ་བའི་སེམས་འཕྲོ་བ་གང་ཡིན་པ་སྟེ། ཆགས་པ་དང་བཅས་པ་སྔོན་དུ་བཏང་བའི་སེམས་གནས་པ་གང་ཡིན་པ་དེ་ནི་ལོག་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་དང་འགལ་བར་སེམས་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། ཕུང་པོ་དང་། ་ཁམས་དང་། སྐྱེ་མཆེད་བདག་དང་། བདག་གིས་སྟོང་པ་རྣམས་ལཱི་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པའི་རྣམ་པ་ལ་སོགས་པ་སྔོན་དུ་བཏང་བའི་སེམས་གནས་པ་སྟེ། སེམས་རྩེ་གཅིག་པ་ཉིད་ནི་ཡང་དག་པའི་ཏིང་ངེ ་འཛིན་ཅེས་བྱའོ།། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྒྲུབ་པའི་ཕྱིར་ཏི་ངེ་འཛིན་ཏོ།། སེམས་རྩ་གཅིག་པ་ཉིད་དང་། དམིགས་པ་གཅིག་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡང་དག་པའི་ཏིང་ངེ་འཛིན་དེ་ནི་ལམ་གྱི་ཡན་ལག་ཉིད་དུ་བརྗོད་དོ།། དེ་ལྟར ་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། ཡང་སྨྲས་པ། ལྟ་སོགས་ཡན་ལག་བརྒྱད་ཀྱི་སྟེགས།། རྒྱུ་ནི་བཅུ་གཉིས་སྔོན་འགྲོ་བ།། གང་མཐོང་རྣམ་དག་བདག་ཉིད་དེས།། ཆོས་ཀྱི་དེ་ཉིད་མཐོང་བར་འགྱུར།། འབྲས་བུ་ཞེས་བྱ་བ ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུའོ།། དེ་ཐོབ་པས་ནི་མངོན་སུམ་དུ་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ས་བོན་བག་ཆགས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་གནས་གྱུར་པ་དང་ལྡན་པ། ཡིད་ཀྱི་ལུས་ཡོན་ཏན ་གྱི་ནོར་བུ་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པས་བརྒྱན་པ། རང་གི་གཞན་ལ་རག་མ་ལས་པའི་བདག་ཉིད་ཅན་སོ་སོར་རང་གི་རིག་པ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་མི་ཆུད་པར་ལྷུན་གྱིས་གྲུབ་པར་མཛད་པའི་བདག་ཉིད་སྤྲོས་པ་ཐམས་ཅད ་དང་བྲལ་བ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་ལྡན་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ནགས་ཚང་ཚིང་གི་རྩ་བ་རྣམ་པར་བསྲེགས་པའི་ངོ་བོ་ཉིད་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་འབྲས་བུ་མི་སློབ་པའི་ཡེ་ཤེས་ནི་འབྲས་བུའི་ཆོས་ཞེས་བྱའོ།། སཱ་ལུ་ལྗང་བའི་རྒྱུ་ཆེར་བཤད་པ།། བམ་པོ་གཉིས་པ། མྱ་ངན་ལས ་འདས་པའོ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྟག་མ་མེད་པའི་ངོ་བོ་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་པ་ན་བ་མེད་པ། འཆི་བ་མེད་པ། གདུང་བ་མེད་ལ། བརྟན་པ་ཞི་བ། རྟག་པ། མི་འཕྲོགས་པ། མི་ཟད ་པའི་བདག་ཉིད་ཐོག་མ་དང་། བར་དང་། ཐ་མ་དང་བྲལ་བ། གཉིས་མེད་པའི་ཁམས་གསུམ་དང་བྲལ་བ། ལུས་དང་། ངགྲ་དང་། ཡིད་ཀྱི་ལས་ཡང་དག་པར་འདས་པ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུགས་སྣ་ཚོགས་པ ་དང་འདྲ་བར་ཡོན་ཏན་ནོར་བུའི་འོད་ཟེར་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པ། ཞི་བ་ཆོས་ཀྱི་རང་བཞིན་གྱི་སྐུར་གྱུར་པ་ནི་མྱ་ངན་ལས་འདས་པར་བཞེད་དོ།། དེ་ལྟར་ཐམས་ཅད་ཐུགས་ཆུང་ཕྱིར།། ཆོས་སྐྱེས་སངས་རྒྱས ་ཞེས་བྱ་སྟེ། དེ་ལྟར་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཆོས་ཀུན་གྱི་ཆོས་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱའོ།། ཆོ་ས་སྐྱེས་ཞེས་བྱ་བ་ནི་ཆོས་དག་ལས ་སྐྱེས་པོས་ན་ཆོས་སྐྱེས་ཏེ། ཆོ་སཱི་ཀྱིས་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་སྐད་ཅེས་བྱ་འཕགས་མཐོང་བས།། གང་གིས་མཐོང་བ་དེས་མཐོང་ངོ་།། དེ་སྐད་ཅེས་བྱེ་བ་ནི་སངས་རྒྱས་ཞེས་དྲི་སྐད་ཅེས་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་ལྟ་བུའོ།། ་འཕགས་མཐོང་བསོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མིག་གིས་ཏེ། འཕགས་ཞེས་བྱ་བ་ནི་ཐ་ཚིག་འཇིག་རྟེན་ལས་འདས་པའོ།། མཐོང་བ་ཞེས་བྱ་བ་ནི་མིག་གིས་སོ།། གང་གིས་མཐོང་བ་ཞེས་བྱ་བ་ནི་སུས་རྟོན་ཅིང་འབྲེལ་པར་འབྱུང་བ་དང་། ་ཆོས་ལ་དེ་ལྟར་མཐོང་བས་དེས་ཆོས་སྐྱེས་ཏེ། ཆོས་ཀྱིས་བསྐྱེད་པས་སངས་རྒྱས་མཐོང་ངོ་ཞེས་བཤད་པ་ཡིན་ནོ།། དེ་ལ་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུར་གསུངས་ཤེ་ན། སུས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཞེས་བྱ་བ་ལ ་སོགས་པའོ།། གང་ཞིག་སྲོག་ལ་སོགས་བྲལ་བ། ཞེས་བྱ་བ་ནི་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་རྟག་ཏུ་སྲོག་ལ་སོགས་པ་དང་བྲལ་བ་སྟེ། སྲོག་དང་བྲལ་བར་རོ།། མཐོང་བ་ནི་རིགས་པ་དང་། རྗེས་སུ་དཔག་པ་དག་གིས་དཔྱོད་པ ་དང་། འཇལ་བ་དང་། རྟོག་པ་དང་། ཉེ་བར་རྟོག་པའོ།། རྟག་ཏུ་སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པའོ།། ཀུན་ཏུ་འཚོ་བ་གཙོར་བུ་པ་དག་འདི་ལྟར་རྟོག་སྟེ། ནང་དང་ཕྱི་རོལ་གྱི་དངོས་པོ་འདི་ཐམས་ཅད་ནི་སྲོག་དང་བཅས་ཤིང་དབང་པོ་དང་ལྡན་ནོ།། དབང ་པོ་དང་ལྡན་པ་དེ་བས་ནཱ་ས་གསུམ་པོ་འདི་ཐམས་ཅད་སྲོག་ཆགས་ཕྲ་མོ་རྣམས་ཀྱི་གང་ངོ་ཞེའོ།། དེ་ཉིད་ཀྱི་ཕྱིར་སྲོག་ཆགས་ཐམས་ཅད་ནི་སྲོག་ཆགས་ཟ་སྟེ། སྲོག་ཆགས་མི་ཟ་བའི་སྲོག་ཆགས་དེ་དག་ནི་ཐར་པ་ཐོ་བོ་ཞེས་ཟེར་རོ།། དེ་བྱས་ན ་དེདེ་དགག་པའི་ཕྱིར་སྲོག་མེད་པ་དང་། སྲོག་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྲོག་མེད་པ་ཞེས་བྱ་བ་ནི་སྲོག་མེད་པ་སྟེ། སྲོག་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ།། རྒྱུ་དང་རྐྱེན་ལས་སྐྱེ་བའི་ཆོས་ཅན་གྱི་ཕྱིར་ཏེ་རྒྱུ་ནི་ས་བོན་ལ་སོགས ་པའོ་རྐྱེན་ནི་ས་ལ་སོགས་པ་སྟེ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། རྣམ་པོར་རྟོག་པ་དང་བྲལ་བའི་ཕྱིར་རྩ་དང་། ཤིང་དང་རྩིག་པ་དང་། ཆོས་འདྲ་བ་གཡོ་བ་མེད་པ་བྱ་བ་མེད་པའོ།། དེ་བས་ན་སྲོག་ཆགས་ལ ་སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ།། ཕན་ཚུན་རྒྱུ་རྐྱེན་འབྲེལ་པ་ལས་སྐྱེས་ཤིང་གཅིག་ལ་གཅིག་སེམས་པ་མེད་ལ་བྱ་བ་དང་། ལས་ཀྱང་སྣང་སྟེ། རྒྱུ་དང་རྐྱེན་གྱིས་རྒྱུན་འདི་ནི་ཐོག་མ་མེད་པ་ནས་ཞུགས་པ་ཡིན་ནོ།། ཇི་ལྟར་ཀུན་ཏུ་འཚོ་བ ་གཅེར་བུ་པ་དག། ཤིང་རྣམས་ནི་སེམས་དང་བཅས་པ་ཡིན་ཏེ། གཡོ་བའི་ཕྱིར་དང་ཉལ་བའི་ཕྱིར་དང་། བཅད་ནས་སྐྱེ་བའི་ཕྱིར་རོ་ཞེས་ཐ་སྙད་འདོགས་པ་ལྟ་བུ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་རྣམས་ནི་ཉི་མ་དང་ཟླ་བའི ་རེགའི་དའང་གིས་ཞུགས་དང་། རྒྱས་པར་རྗེས་སུ་དཔག་གི། དེ་དག་ལ་ཉལ་བ་དང་ལྡང་བ་ལྟ་ག་ལ་ཡོད། རླུང་གིས་བསྐྱོད་པའི་དབང་གིས་ཤིང་གི་ཡལ་ག་ལ་སོགས་པ། འགུལ་བར་རྗེསུ་དབྲོག་པས་དེ་དག་ལ་འགྲོ་བ་དང་འོང་བ་ག། ་ལ་དམིགས་ཏེ། དོན་མ་གྲུབ་པ་ཉིད་དོན། བཅད་ནས་སྐྱེས་སོ་ཞེས་བྱ་བ་འདི་ནི་དོན་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་དེ་དག་ཀྱང་སེམས་དང་བཅས་པ་ཞིག་ཡིན་ན། ཅིའི་ཕྱིར་གཅོད་པའི་གནས་སྐབས་ན་གང་གིས་ན་སྲོག་གཅོ ་ལ་ལ་སོགས་པའི་སྡུག་བསྔལ་མྱོང་བར་མི་འགྱུར་ལ། མི་དགའ་བ་ལ་སོགས་པའི་སྤྱོད་པ་འམ། གསོལ་བ་འདོབས་པ་ལ་སོགས་པ་འམ། དེ་ནས་གཞན་དུ་འགྲོ་བ་ཅུང་ཟད་མི་བྱེད། བཅད་ན་སྐྱེ་བའི་ཕྱིར་སེམས་དང་བཅས་པར་ཁས་ལེན་ན་གང ་དག་པ་ཅང་ཝཱ་ལི་སྭ་བས་དེ་དགེ་བཟློག་པའི་ཕྱིར་སེམས་མེད་པ་ཉིད་དུ་འགྱུར་རོ།། སེམས་དང་བཅས་པ་རྣམས་ཀྱིས་ཡན་ལག་དང་ཉིང་ལག་ལ་སོགས་པ་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སེམས་མེད་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས ་དེའི་ཕྱིར་དེའི་ང། ན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ།། དེ་ལྟ་བས་ན་སྲོག་མེད་པ་དང་སྲོག་དང་བྲལ་བ་ཞེས་བྱ་བ་འདི་རྣམ་པར་གནསོ།། ཇི་ལྟ་བུ་ཉིད་དང་། མ་ནོར་བ་ཞེས་བྱ་བ་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་དང་བྲལ་བའི་ཕྱིར་མ་ནོར་བའོ།། མ་སྐྱེས་པ ་པབ་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དང་། སྐྱེད་པ་དང་བྲལ་བའི་ཕྱིར་རོ།། མ་བྱུང་ན་ཞེས་བྱ་བ་ནི་རྟག་པ་དང་། ཆང་པ་དང་བྲལ་བའི་ཕྱིར་རོ།། མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་དང་བྱ་བ་དང་བྲལ་བའི་ཕྱིར་ཏེ། ནང་གི་བྱེད་པའི་སྐྱེས་བུ་དང་དབང་ཕྱུག་ལ ་སོགས་པ་འཇུག་པའི་འདུ་བྱེད་དང་བྲལ་བའི་ཕྱིར་རོ།། ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ།། དམིགས་པ་མེད་པོ་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པ་དང་བྲལ་བའི་ཕྱིར་རོ།། རྣམ་པར་ཞི་བའི་རང ་བཞིན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ།། གཅིག་ཏུ་ཞི་བའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ། རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བ་རྟག་ཏུ་གནས་པ། མི་འཇིགས་པ། སྐྱེ་བ་དང་འཇིག་པོ་དང་བྲལ་བའོ།། གང་གིས ་ཚུལ་འདི་འདྲ་བར་ཆོས་ལ་ཡང་མཐོང་བ་སྟེ། ཉེར་ཞི་ལ་ཐུག་བཅས་པར་ནི་ཞེས་སྨོས་ཏེ། ཉེར་ཞི་ལ་ཐུག་ཅེས་བྱ་བ་ནི་ཉེ་བར་ཞི་བ་ཐ་མར་བསྟན་པའི་ཕྱིར་ཉེ་བར་ཞི་བ་ལ་ཐུག་པའོ།། གང་གིས་ཆོས་ལ་ཡང་ཚུལ་འདི་འདྲ་བར་བརྟག་པ་དང་། སྲོག་མེད་པ ་ལ་སོགས་པའི་རང་བཞིན་དུ་མཐོང་བ་ནི། རྟེན་འབྲེལ་ཆོས་དང་སངས་རྒྱས་དང་། དྲི་མ་མེད་པའི་བློས་མཐོང་བ་སྟེ་དེས་ནི་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེས་ཞེས་བྱ་བ་ནི་གང་གིས་མཐོང་བའོ།། ་འཕགས་པའི་ཆོས་མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་གང་དག་སྡིག་པའི་ཆོས་རྣམས་ལས་ཕ་རོལ་ཏུ་རིང་སོང་བ་དེ་དག་ནི་འཕགས་པའོ།། དེ་དག་གི་ཆོས་ནི་འཕགས་པའི་ཆོས་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པའོ།། མངོན་པར་རྟོགས་ཏེ་ཞེས་བྱ་བ་ནི་མངོན ་དུ་ཕྱོགས་པར་རྩེ་གཅིག་ཏུ་བྱས་པའི་ཕྱིར་དང་། མངོན་སུམ་དུ་བྱས་པའི་ཕྱིར་ཏེ། ཏིང་ངེ་འཛིན་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ཡང་དག་པའི་ཡེ་ཤེས་དང་ལྡན་པས་ཞེས་བྱ་བ་ནི་ཡང་དག་པའི་ཕྱིར་ཅི་མ་ལོག་པར ་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པོའི་ཕྱིར།། བླ་ན་མེད་པའི་ཞེས་བྱ་བ་ནི་འདི་འི་གོང་ན་ཆོས་ཁྱད་པར་ཅན་ཅུང་ཟད་ཙམ་ཡང་མེད་དེ། དེ་བས་ན་དེ་ནི་བླ་ན་མེད་པ་ཞེས་བྱའོ།། ཆོས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་སྐུ་ཉིད ་ཆོས་ཀྱི་སྐུ་སྟེ། མཆིག་པུ་བཞིན་ནོ།། སངས་རྒྱས་ཞེས་བྱ་བ་ནི་ཆོས་ཐུགསུ་ཆུད་པའི་ཕྱིར།། དེ་ལྟར་ན་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་བླ་ན་མེད་པའི་བྱང་ཆུབ་བྱེད་པ་མི་སློབ་པའི་ངོ་བོ་ཉིད་མཐོང་།། སུས་འཕགས་པའི་ཡེ ་ཤེས་ཀྱི་སྒྱིད་ཡུལ་གྱིས་ཆོས་དེ། དེ་ལྟ་བུ་རང་གིས་ཇི་ལྟ་བ་བཞིན་མངོན་པར་རྟོགས་པས་ཆོས་ལས་སྐྱེས་པ། ཆོས་ཀྱི་སྤྲུལ་པ་ཆོས་གཟིགས་པ། སངས་རྒྱས་མཐོང་ཞེས་བཅོམ་ལྡན་འདས་ཀྱིས་གསུང་སོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན ་ཉིད་ཀྱི་དབྱེ་བ་རྣམ་པར་བཞག་པར་བྱ་བའི་ཕྱིར། རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི་ཞེས་བྱ་བ་སྨོསོ།། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། རྒྱུ་བཅས་ལ་སོགས་ཚིགས་དང་ལྡན།། རྒྱུ་དང་བཅུས་རྐྱེན་དང་བཅས་པ་ལ ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་མདོར་པོཀའ་སྩལ་པ། རྐྱེན་འདི་ཉིད་ཀྱི་འབྲས་བུའོ།། དེ་ཉིད་ཀྱི་སྨྲས་པ། སངས་རྒྱས་བྱུང་རུང་མ་བྱུང་རུང་། ཆོས་ཉིད་འདི་ནི་གནས་པ་ཡིན།། གང ་གི་ཕྱིར་རྒྱུ་དང་རྐྱེན་དག་གིས་རྒྱུན་མི་འཆད་ཅིང་། རྒྱུ་དང་འབྲས་བུ་རྒྱུན་ན་ར་གཅི་པ་གཅིག་ཏུ་འཇུག་གི། འདི་ལ་རྒྱུ་མེད་པ་འམ། མི་མཐུན་པའི་རྒྱུ་འམ། འཇུག་པར་བྱེད་པ་འམ། ལྡོག་པར་བྱེད་པ་འགའ་ཡང་མེད་པ་དེ་ཉིད་ཀྱི་ཕྱིར་དེ་བཞིན ་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་ངེས་པར་གྱུར་པ་འདི་ནི། ཡེ་འདུག་པའོ་ཞེས་གསུངསོ།། གལ་ཏེ་རྐྱེན་དང་འབྲེལ་པའི་རྒྱུ་གཅིག་པ་ཉིད་ཀྱིས་དངོས་པོ་རྣམས་སྐྱེས་ཞིང་གནས ་པའོ།། གལ་ཏེ་རྐྱེན་ཀྱང་རྒྱུ་ལ་མི་བལྟོས་པར་འགའ་ཞིག་སྐྱེས་ནུས་པར་གྱུར་ནུ་ནི་གནས་ང་མི་གནས་པ་ཞེས་བྱ་བའི་དེ་བརྗོད་པའི་རིགས་ན་འདི་དག་སྐྱེ་བ་འབྲས་བུ་འབྱུང་བ་ཡང་། རྒྱུ་མེད་པར་མ་ཡིན་རྐྱེན་མེད་པར་མེད་ཡིན་པས་དེ་བཞིན་གཤེགས ་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཉིད་དང་ཆོ་སྡེ་གནས་པ་ཉིད་འདི་ནི་ནས་འདུག་པ་སྟེ། འདི་ལྟར་ཏེ་རྟེན་ཅིང་འབྲེལྔ་པར་འབྱུང་བའི་ཆོས་རྐྱེན་འདི་ཉིད་ཀྱི་འབྲས་བློའོ་ཞེས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ ་མདོར་བཀའ་སྩལ་ཏོ།། ཆོས་ཉིད་ནི་འདིར་རྒྱུ་དང་རྐྱེན་གྱི་ཆོས་ཉིད་གང་ཡིན་པའོ།། ཆོས་གནས་པ་ཞེས་བྱ་བ་ནི་ཆུད་མི་ཟ་བའི་ཆོས་ཉིད་དོ།། ཆོས་ངེས་པར་གྱུར་པ་ཉིད་ཅེས་བྱ་བ་ནི་རྐྱེན་ཉིད་འདི་པའི་གོ་རིམ་ངེས་པ་སྟེ། རྒྱུ་དང་རྐྱེན་རིམ་པ་བཞིན་པའོ།། ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐུན་པ་ཞེས་བྱ་བ་ནི་རྒྱུ་མེད་པར་རྐྱེན་རྣམས་མི་འཇུག་ལ། རྐྱེན་རྣམས་མེད་པར་ཡང་རྒྱུ་འཇུག་པ་མེད་པ་ཉིད་ཀྱི་ཕན་ཚུན་ཚོགས་ན་འཇུག་པར་འགྱུརརོ།། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་གཞན་ཉིད ་དང་བྲལ་བའི་ཕྱིར།། ཡང་དག་པ་ཉིད་ཅེས་བྱ་བ་ནི་བསླུ་བར་མི་བྱེད་པའི་ཕྱིར་རོ།། བདེན་པ་ཁོ་ན་ཞེས་བྱ་བ་ནི་བདེན་པ་དང་མཐུན་པའི་ཕྱིར།། དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དོན་དང་ལྡན་པའི་ཕྱིར།། མ་ནོར་བ་ཉིད་ཅེས་བྱ་བ ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རོ།། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ནི་རྗེ་པ་ལ་ཐོད་པའི་ཕྱིར།། འདི་ལྟར་ཡང་རྟེན་ཅིང་འབྲེས་པར་འབྱུང་བ་འདི་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་རྐྱེན་རྣམ་པ་གཉིས་ཡིན་པས་རྒྱུ་རྐྱེན་གཉིས་ཀྱི་ཕྱིར་རྟེན ་ཅིང་འབྲེལ་པར་འབྱུང་བའི་གོ་རིམ་ཁས་བླང་བར་བྱའོ།། གཉིས་གང་ཞེ་ན། གསུངས་པ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་དེ་ཡང་ཕྱི་དང་ནང་གི་བྱེ་བྲག་གིས་རྣམ་པ་བཞིར་ཁས་བླང་དགོས་པས། ཕྱི་ནང་དེ་བཞིན་ནང་གི་ནི། རྒྱུ་དང་རྐྱེན ་རྣམ་པ་གཉིས་ཏེ། ཞེས་བྱ་བ་སྨོས།། དེ་ལྟར་ནང་དང་ཕྱི་རོལ་གྱི་བྱེ་བྲག་གིས་ཐ་དད་པའི་རྒྱུ་དང་རྐྱེན་རྣམས་ཀྱི་མཚན་ཉིད་ཀྱི་དབྱེ་བ་ཇི་ལྟ་བུ་ཞེ་ན། ཕྱི་རོལ་རྒྱུ་ནི་ས་བོན་སོགས་ཞེས་བྱ་བ་སྨོས།། དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང ་བཅས་པ་གང་ཞེ་ན་ཞེས་བརྗོད་ནས་འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྤོང་བུ། སྡོང་བུ་ལས་སྦུ་གུ། སྦུ་གུ་ལུས་སྙིང་པོ། སྙིང་པོ་ལས་མུ་ཏྲོག། མེ་ཏོག་ལས་འབྲས་བུ་ཞེས་བྱ་བ་གསུངསོ།། རྐྱེན་ནི་རྣམ་པ ་དྲུག་ཏུ་བསྟན། ཞེས་བྱ་བ་ནི་སྐབས་ཡིན་པའི་ཕྱིར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཞེས་བྱ་བ་སྦྱར་ཏེ། རྣམ་པ་དྲུག་ཅེས་བྱ་བ་ནི་ས་ལ་སོགས་པ་རྣམ་པ་དྲུགོ། དེ་ཉིད་ཀྱི་ཕྱིར་སྨྲས་པ། ས་བོན་མྱུ་གུ་སྡོང་བུ་སོགས།། ཇི་ལྟར་འབྲས་བུ ་འཇུག་པར་བརྗོད།། ས་བོན་ཡོད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་གཱི། ས་བོན་མེད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པ་འབྲས་བུ་ལ་ཐུག་པ་རྣམས་འབྱུང་བ་མེདོ།། དེ་ལས་ས་བོན་ཡང་འདི་སྙམ་དུ་བདག་གིས་རྒྱུ ་གུ་ལ་སོགས་པ་མངོན་པར་སྒྲུབོ་སྙམ་དུ་མི་སེམས་སོ།། མྱུ་གུ་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་ནི་ས་བོན་ལ་སོགས་པས་མངོན་པར་བསྒྲུབོ་སྙམ་དུ་མི་སེམས།། མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་སྒྲུབ་སྙམ་དུ་མི་སེམས ་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་སྦུབས་སྙམ་དུ་མི་སེམས་མོད། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་ལ་སོགས་པ་ནས་འབྲས་བུ་ལ་སོགས་པ་འབྱུང་བར་འགྱུར་གྱི། མང་ན་མི་འགྱུར་ཏེ། དེ་ལྟར་ཕྱི་ལྔ་གྱི་རྐྱེན་ཅིང་འགྲེས ་པ་འབྱུང་བ་རྒྱུ་དང་འབྲེལ་པར་བལྟ་བར་བྱའོ།། རྐྱེན་ནི་ས་ལ་སོགས་པ་སྟེ། དུས་ལ་ཐུག་པ་སྟེ། དུས་ལ་ཐུག་པ་གོ་རིམ་བཞིན་དེ་ཉིད་ཀྱི་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པ་ཇི་ལྟར་བལྟ་ཞེ་ན་ཞེས་བྱ་བ་གསུང་སོ།། ཕྱི་རོལ ་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བ་རྣམ་པ་དུར་བལྟ་བར་བྱ་ཞེ་ན། གསུངས་པ། ཁམས་དྲུག་འདུས་པའི་ཕྱིར།། དྲུག་པོ་གང་དག་ཅེ་ན། ས་དང་ཆུ་དང་མེ་དང་རླུང་དང་། ན་མཁའ་དང་། དུས་རྣམས་གོ་རིམ་བཞིན་འདུས་པ་ལས་ཕྱི་རོལ ་བྱི་རྐྱེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་རྐྱེན་ཉིད་དྲུ་གྲོ་ཡི་བཞིན་ཏེ། གོ་རི་མི་ཇི་ལྗི་བ་བཞིན་དུ་ཤེས་པར་བྱའོ།། སྣ་དང་རྐྱེན་འདི་རྣམས་ལས་གང་གིས་ལ་སོ་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། རྐྱེན་དང་རྒྱན་དང་སྦྱིན་པ་དང་། འབྲུ་འཕེལ་དོ་ནི ་གོ་འབྱེད་དང་། འགྱུར་བ་དག་ནི་དེ་རྣམས་ཀྱིས། བྱ་བ་ཇི་བཞིན་འཇུག་པའོ།། དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེདོ་ཞེས་བྱ་བ་ནི་ས་བོན་མྱུ་གུ་བསྐྱེད་པར་མངོན་དུ་ཕྱོགས་པར་རྟེན་པས་སྨྲ་བ་ཉིད་ཅེས་བྱའོ།། ་ཆུའི་ཁམས་ནི་རླན་པར་བྱེདདོ་ཞེས་བྱ་བ་ནི་གཉེན་པར་བྱེདདོ་ཞེས་བཤད་པ་ཡིནོ།། མེའི་ཁམས་ནི་སྨིན་པར་བྱེདདོ་ཞེས་བྱ་བ་ནི་ཡོངསུ་རྒྱས་པའི་གནས་སྐབས་ཉེ་བར་སྐྱེད་པ་ནས་ཕན་ཚུན་རེག་པས་དྲོ་བ་ཉིད་ནི་ཡོངསུ་སྨིན་པཞེས་བྱའོ།། ཀླུ ་གི་ཁམས་ནི་འབུ་བར་བྱེའོ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའི་ཕྱིར་ཏེ། རྫང་གི་གནས་སྐབས་ནུས་བྱུང་སྟེ་ཕྱི་རོལ་དུ་ཁྱེར་བའི་ཕྱིར། རླུང་གི་ཁམས་ནི་ས་བོན་འབུ་བོར་བྱེད་འཕེལ་བར་བྱེད་ཅེས་བྱའོ།། ནམ་མཁའི་ཁྲིམས་ནི་ས་བོན་དང་། ་མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་བྱ་བ་ནི། ན་མཁའི་ཁམས་ནི་གེགས་མི་བྱེད་པ་ཉིད་ཀྱིས་མཐུན་པར་འཇུག་པའི་ཕྱིར་ས་བོན་དང་མྱུ་གུ་ལ་སོགས་པ་ལ་མི་སྒྲིབ་པའི་བྱ་བ་བྱེད་ཅེས་བྱའོ།། དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ། ་ཞེས་བྱ་བ་ན་དུས་ཀྱང་རྣམ་པ་ཐམས་ཅད་ཡོངསུ་སྒྲུབ་པས་དུས་ཇི་ལྟ་བ་བཞིན་དུ་འགྱུར་བར་བྱེད་པ་ན་འགྱུར་པའི་བྱ་བ་བྱེདདོ་ཞེས་བྱའོ།། ཐམས་ཅད་ཀྱང་མ་ཚང་བ་མེད་ན་འབྱུང་གི། མ་ཚང་ན་འབྱུང་བ་མེད་དོ།། དེ་ཉིད་ཀྱི་ཕྱིར་སྨྲས་པ། རྐྱེན་རྣམས ་ཚེགས་པ་མེད་ན་ནི།། ས་བོན་ཡོད་ཀྱང་མྱུག་སོགས་མེད།། ས་བོན་མེད་པ་ཉིད་ཡིན་ན།། རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་འདུས་ལ་ས་བོན་འགག་པ་ན་དེ་ལས་མངོན་པར་འགྲུབ་པར་འགྱུརརོ།། རྒྱུ་དང ་དེ་བཞིན་རྐྱེན་རྣམས་ནི།། ངར་འཛིན་ལ་སོགས་བྲལ་བ་སྟེ། རྒྱུ་དང་རྐྱེན་ནི་ཚོགས་པ་ལས།། ལུས་ཀྱི་འབྲས་བུ་ཆུད་ཟ་མེད།། དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམསོ།། དེ་བཞིན་དུ་ཆུ་དང་མེ་དང་རླུང་དང ་ནམཁའ་དང་དུས་རྣམས་ཀྱང་འདི་སྙམ་དུ་མི་སེམས་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པའི་ཕྱིརརོ།། ལས་ཀྱི་འབྲས་བུར་གདགས་པ་ཆུད་ཟ་བ་ཡང་མེད་དེ། ཐམས་ཅད་དུ་རྒྱུ་དང་། རྐྱེན་རྣམས་མ་ཚང་བ་མེད་པ་ལས་ཞེས་བྱ་བ་ཁོང་དུ ་ཆུད་པར་བྱའོ།། མྱུ་གུ་དེ་ཡང་ཞེས་བྱ་བ་ནི་ས་བོན་གྱི་རྒྱུ་ཅན་གྱི་མྱུ་གུ་ལ་སོགས་པ་དེ་སྐྱེས་པ་ནས། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་དང་བྱེད་པོ་དུས་ལས་མིན།། དེ་བཞིན་དབང་ཕྱུག་སོགས་བྱས་མིན།། རང་བཞིན་ལས་མིན། ་རྒྱུ་མེད་མིན།། ཞེས་སྨོས་སོ།། བདག་ལས་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་དང་རྐྱེན་དག་མེད་པར་བདག་ཉིད་ལས་སྐྱེ་བའོ།། ངོ་བོ་ཉིད་དུ་སྨྲ་བ་རྣམས་འདི་ལྟར་རྟོག་ཅེས་གྲག་སྟེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད།། འདི་ནི་དུས་རྟག་གནས་པ་སྟེ།། ་འདི་ལ་འགའ་ཡང་སྐྱེ་བ་མེད།། འགའ་ཡང་འགོག་པར་མི་འགྱུརརོ།། རྨ་བྱའོ་འདབ་མ་བཀྲུ་བཱ་དང་། པདྨ་ལ་སོགས་རབ་དམར་དང་། ཚེ་ར་མ་རྣོ་ལ་སོགས་པ་གང་།། སུ་ཞིག་གིས་ནི་སྔོན་བྱས་སྤྲོས།། དེ་བས་ན་དེའི་གཞུང་ལུགས་དགག་པའི ་ཕྱིར་སྨྲས་པ། དངོས་པོ་རྣམས་རང་ལས་སྐྱེ་བར་རུང་བ་མ་ཡིན་ཏེ། སྔ་མོ་ཉིད་ནས་གནས་པའི་ཕྱིར།། སྐྱེ་བ་དང་ལྡན་པར་ཁས་ལེན་ན་ནི་རྒྱུ་དང་རྐྱེན་ཉིད་ཁས་བླངས་པར་འགྱུརརོ།། དེ་བས་ནི་དངོས་པོ་རྣམས་རང་གི་ངོ་བོ་ལས་སྐྱེས་པར་རུང་བ ་མ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ།། གང་གི་ལྟར་ན་དངོས་པོ་རྣམས་རྟག་ཏུ་གནས་པ་དེའི་ལྟར་ན་སྐྱེ་བ་དང་། བྱ་བ་དང་། ལས་དང་། གནས་པ་དང་། འཇིག་པ་ཡང་མི་རུང་བ་ཞིག་ན། སྐྱེ་བ་དང་བྱ ་བ་དང་། ལས་དང་། གནས་པ་དང་། འཇིག་པ་ཡང་མངོན་སུམ་དུ་སྣང་ངོ་།། དེ་བས་ན་ཉེས་པ་འདིར་ཐལ་བར་འགྱུར་དུ་འོང་བས་བདག་ལས་མིན་ཞེས་ཏེ། དངོས་པོ་རྣམས་རང་ལས་སྐྱེ་ན་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར།། ནམ་མཁའ་ལྟ་བུར ་ཅུང་ཟད་ཀྱང་གང་དུ་ཡང་ནམ་དུ་ཡང་སྐྱེ་བ་འམ་འགག་པར་མི་འགྱུརརོ་ཞེ་ན་སྨྲས་པ། མངོན་སུམ་དང་འགལ་བའི་ཕྱིར་ཏེ། འདི་ལྟར་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར་ནི་སྣང་།། དེ་ལྟར་ན་རེ་ཞིག་དངོས་པོ་རྣམས་རླུང་གི་ངོ་བོ་ལས་མི་སྐྱེ ་གཞན་ལས་ཞེས་བྱ་བ་ནི་བདག་ལས་སོ།། གཞན་སྐྱེས་པར་བྱེད་པ་དང་། འཇིག་པར་བྱེད་པའི་བདག་ཡོད་དོ་ཞེས་གྲགས་ཏེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ནི་བདོག་གི་ཡོན་ཏན་ཡིན་ལ། བདག་ནི་ནང་གི་བྱེད་པའི་སྐྱེས་བུར་ཡོད་དེ། ་དེ་ཡོད་ན་འགྲོ་བ་དང་འོང་བ་དང་། གཡོ་བ་དང་། རྟོགས་པ་དང་། སེལྔ་བ་དང་། རློམ་སྙོམས་དང་། བྱུ་བ་དང་ལས་དང་དེ་ཉིད་དེ་ཀླན་ན་ཉིད་དུ་ཡང་ཛྲ་གྷོ། མིག་ལ་སོགས་པ་བདག་གི་ཡོན་ཏན་ཏེ། གཞོན་གྱི་དོན་ཡིན་པའི་ཕྱིར་མལ ་ཆ་ལ་སོགས་པའི་ཡན་ལག་གཞན་ཞེས་བྱ་བ་ལ། གཞན་ཞེས་བྱ་བའི་སྒྲས་ནི་བདག་ཡིན་པར་བརྗོད།། མིག་ལ་སོགས་པ་ནི་དེའི་ཡོན་ཏན་ཡིན་ན། དེའི་དོན་ནི་གཞན་གྱི་དོན་ཏེ། དཔེར་ན་མལ་ཆ་ལ་སོགས་པ་གཞན་དུ་ཉེ་བར་སྦྱོར་པོ་ལ་གཞན ་གྱི་དོན་ཞེས་བྱ་བ་ལྟ་བུའོ།། གཞན་གྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མལ་ཆའི་དཔེ་དང་མི་སྦྱོར་ཏེ། འདུས་པ་ཡིན་པའི་ཕྱིརརོ།། བདག་ནི་འདུས་པ་མ་ཡིན་པའི་རང་གི་ངོ་བོ་ཡིན་ན། ཇི་ལྟར་ན་བདག་འདུས་པ་མ ་ཡིན་ཞིང་བདག་ལུས་མེད་པ་ལ་མལ་ཆ་ལ་སོགས་པའི་ཡན་ལོག་འདུས་པའི་རང་གི་ངོ་བོས་ཕན་འདོགས་པར་རུང་། དེ་བས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དེ། འདུས་པ་མ་ཡིན་པ་གཞན་གྱི་དོན་སྒྲུབ་པར་བྱེད་པས་མལ་ཆའི་དབྱེ་བྲམས ་མ་འདུས་པ་གཞན་གྱི་དོན་ཁོ་ན་སྒྲུབ་པ་ཡིན་ནོ།། བདག་འདུས་པ་ཡིན་པས་རྒྱུ་དང་རྐྱེན་ལས་སྐྱེ་བ་ཐོབ་པ་ལ་ང་དང་ངའི་ཞེས་རློམ་པ་འཇུག་པའི་ཕྱིར་སེམས་ཁོ་ན་ལ་བདག་ཅེས་བྱའི། འདི་ལ་ནང་གི་བྱེད་པའི་སྐྱེས་བུ་རུས་སྦལ་གྱི་སྤུའི་རང ་བཞིན་དང་འདྲ་བ་རིགས་པ་དང་རྗེསུ་དཔག་པ་དང་བྲལ་བ་ནི་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་གི་དངོས་པོ་ནི་གཞན་ལས་སྐྱེས་པ་རུང་བ་མ་ཡིན་པ་གསུངསོ།། གལ་ཏེ་དེ་ལྟར་དངོས་པོ་རྣམས ་བདག་ལས་མ་ཡིན་ཀྱང་སྐྱེ་བར་མི་འགྱུར། གཞན་ལས་ཀྱང་མ་ཡིན། འོ་ན་དངོས་པོ་རྣམས་གཉིསི་ལས་སྐྱེས་པར་འགྱུར་སྙམ་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ་གཉིས་དང་བྱེད་པོ་དུས་ལས་མིན་ཞེས་བྱ་བ་སྨོས་ཏེ། ་བདག་དང་གཞན་ལས་མ་ཡིན།། གཞན་ལས་ཀྱང་མ་ཡིནོ།། གཞན་དག་ནི་བདག་དང་གཞན་འབྲེལ་པ་ལས། དངོས་པོ་རྣམས་སྐྱེ་བར་རྟོགས་ཏེ། དེའི་ཕྱིར་གཉིས་ཉིད་དུ་བརྗོད་པ་དེ་ལྟ་ནའང་། བདག་ལས་མ་དམིགས་པའི་ཕྱིར་དང་། ་གཞན་ལས་མིན་པའི་ཕྱིར་གཉིས་ལས་མིན་ཞེས་སྨོས་ཏེ། རྒྱུ་དང་རྐྱེན་མ་གཏོགས་པ་བདག་དང་གཞན་མེདོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ།། གལ་ཏེ་གཉིས་ཕྲད་ཀྱང་སྐྱེ་བ་དང་འཇིག་པར་མི་འདོད་ན། འོན་བྱེད་པ ་གཞན་དབང་གིས་སྐྱེ་བ་དང་འཇིག་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་ཏེ་མུ་སྟེགས་བྱེད་གཞན་དག་བྱེད་པ་པོ་ཞེས་བྱ་བ། ཐོག་མའི་བྱེད་པ་པོ་ཞེས་བྱེ་བ་ཐོག་མའི་བྱེད་པ་པོ་རྟག་པ་རྒྱུན་མི་འཆད་པ། ཁྱབ་པའི་བདག་འགའ་ཞིག་ཡོད་དེ། དེས་ཕྱི ་དང་ནང་འདི་ཐམས་ཅད་སྐྱེད་ཅིང་འཇིག་པར་བྱེད་ཞེས་རྟོག་སོ།། དེ་བས་ན་དེའི་གཞུང་ལུགས་དགག་པའི་ཕྱིར་སྨྲས་པ། དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པ་ཉིད་ནི་བྱེད་པ་པོ་ལ་རག་ལས་པ་མ་ཡིནོ།། འོ་ན་ཅི་ཞེ་ན། རྒྱུ་དང ་རྐྱེན་འབྲེལ་པ་ལས་དངོས་པོ་རྣམས་འཇུག་པར་སྣང་།། བྱེད་པ་པོ་ནི་ནི་མཁའ་བཞིན་འགྱུར་བ་མེད་པའི་ཕྱིར་དེ་ལ་རག་མ་ལས་ཏེ་སྐྱེ་བ་དང་། གནས་པ་དང་། འཇིག་པ་ཉིད་དུ་རུང་བ་མ་ཡིན།། གལ་ཏེ་ཅིའི་ཕྱིར་ཞེ་ན། བྱེད་པ་པོ་འགྱུར་བ་མེད ་པ་བྱེད་པ་མེད་པ་ན་མཁའི་བདག་ཉིད་ལ་ནི་བྱེ་བ་དང་། ལས་ཅུང་ཟད་ཀྱང་མེདདོ།། དངོས་པོ་སྐྱེ་བ་དང་ལྗོན་པ་རྣམས་ལ་རྒྱུ་དང་རྐྱེན་ལ་རག་ལས་ཏེ། འཇུག་པ་ཉིད་ཀྱི་རིམ་པར་འབྱུང་བར་སྣངངོ་།། གང་གི་ལྟར་ན་བྱེད་པ་པོ་ལ་རག་ལས་ཏེ་འཇུག ་པ་དེའི་ལྟར་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་ཉིད་རྟག་ཏུ་ཉེ་བར་འགྱུར་རོ།། བྱེད་པ་པོ་རྟག་པའི་ཅིག་ཆར་དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པར་འགྱུར་བ་འམ། ཡང་ན་འགའ་ཡང་སྐྱེ་བ་དང་། ་གནས་པ་དང་། འཇིག་པར་མི་འགྱུརརོ།། རྟོག་པའི་ཕྱིར་གང་ལའང་ཅུང་ཟད་ཀྱང་སྐྱེ་བ་འམ། འཇིག་པར་མི་བྱེད།། དངོས་པོ་རྒྱུ་དང་རྐྱེན་ལ་རག་ལས་ཏེ་འཇུག་པ་རྣམས་ཁོ་ན་ལ་བྱེད་པ་པོ་དང་། བྱ་བ་དང་། རྒྱུ་དང་འབྲས་བུ་སྐྱེ་བོས་འདྲ་བའི་རིམ་པ ་འབྱུང་བ་དམིགས་ཀྱི། སྐྱེ་བ་མེད་པ་ན་མཁའི་ཨུཏྤ་ལ་ལ་སོགས་པ་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་རུང་བ་མ་ཡིནོ།། རྒྱུ་འགྱུར་བ་མེད་པ་ལས་ཕན་ཚུན་རག་ལས་ཏེ། འཇུག་པར་བྱ་བ་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་ངེས་པ་ནི་རུང་བ ་མ་ཡིན་ཏེ། རྟག་པའི་དངོས་པོ་ལས་སྐྱེས་པ། མི་རྟག་རུང་བ་མ་ཡིན་ཉིད།། རྒྱུ་ལས་འགྱུར་བ་མེད་པའི་ཕྱིར།། ཡང་ན་འདྲི་བ་ཁོ་ནར་བྱེད།། རྒྱུ་དང་འབྲས་བུ་ཐ་དད་ན།། མི་འགྱུར་བར་ནི་ཇི་ལྟར་འགྱུར།། རྒྱུ་ལ་འགྱུར་བ་ཡང་ཡོད་པའི ་ཕྱིར། དེ་མི་འདྲ་བའི་ཕྱོགས་ཉམ་སོ།། བྱེ་བ་དང་མི་ལྡན་པ་མོ་གཤམ་གྱི་བུའི་བདག་རྣམས་ལ་ནི་འགའ་ཡོད་བྱ་བ་དང་ལས་ངེས་པར་རུང་བ་མ་ཡིན་བཅོམ་ལྡན་འདས་ཆོས་རྣམས་ལ་མི་བསླུ་བས་དངོས་པོ་རྣམས་སྐྱེ་བའི་བྱ་བ་བྱེད་པ་པོ ་ལོ་རག་ལས་པ་མ་ཡོན་གྱི། འོན་ཀྱང་རྒྱུ་དང་རྐྱེན་འདུས་པ་ཡོད་ན་དངོས་པོ་རྣམས་སྐྱེ་བ་དང་། འཇིག་པ་དག་རུང་ངོ་ཞེས་གསུངསོ།། གལ་ཏེ་དེ་ལྟ་ན་འདི་ལ་དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། གཞན་དུ་འགྱུར་བ་ལ་སོགས་པ་ཁས ་བླང་བར་བྱ་སྟེ། དངོས་རྣམས་སྐྱེ་དང་གནས་པ་ཡི།། རྒྱུ་ནི་དབང་ཕྱུག་ཡིན་རིགས་བྱ།། གཞན་དག་དེ་ལྟར་ལོག་རྟོགས་ཤིང་།། ཇི་ལྟར་མ་ཡིན་དེ་ལྟར་བརྗོད།། གཞན་དག་ནི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་སྐྱེ་བ་དང་། གནས། ་པ་དང་། འཇིག་པ་དག་ནི་དབང་ཕྱུག་གིས་བྱས་ཤིང་འཇིག་པ་རྟོགས་ཏེ། དབང་ཕྱུག་དེའི་སེམས་ཀྱི་དབང་གིས་ལུས་དང་། ས་གསུམ་དང་། བྱེད་པ་ལ་སོགས་པ་འབྱུང་བར་འགྱུ་རོ་ཞེས་གྲག་གོ།། གཞན་དག་ན་སེམས ་བསྐྱེད་པ་ཙམ་གྱིས་སེམས་ཅན་དམྱལ་ཡི་དགས་དང་། དུད་འགྲོ་དང་། ལྷ་དང་མི་ལ་སོགས་པ་དང་། དུག་དང་། ནད་དང་། བུད་མེད་དང་། སྐྱེས་པ་དང་། མ་ནིང་དང་། གཟུགས་བཟང་བ་དང་། གཟུགས་མི་སྡུག་པ་དང་། ཆོམ་རྐུན་པ་དང་། ་གཡོན་ཅན་དང་། རྐུན་མ་དང་། བྱི་པོ་བྱེད་པ་དང་། སྲོག་གཅོད་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་བ་དང་། རྒྱན་པོ་ལ་འཇུག་པ་དང་། མཐའ་འཁོབ་དང་། རི་ཁྲོད་པ་དང་། གཡུང་པོ་དང་། སྙིང་རྗེ་མེད་པ་དང་། གཏུམ་པོ་དང་། ཚི་ག་རྩུབ་པོ ་སྨྲ་བ་དང་། བྲམ་ཟེ་གསོད་པ་དང་། ཕོ་མ་གསོད་པ་དང་པ་བ་ལང་གསོད་པ་དང་། གཤེད་མ་ལ་སོགས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ལ་སོགས་པ་དང་། གཞན་གསོད་པར་བྱེད་པ་ཐམས་ཅད་དང་། བདེ་བ་དང་། སྡུག ་བསྔལ་ལ་སོགས་པ་དང་། མཐོ་རིས་དང་། བྱང་གྲོལ་དེ་ཐམས་ཅད་སེམས་བསྐྱེད་པ་ཙམ་གྱིས་ཕྱུང་ཞེས་ཟླ་འོ།། དབང་ཕྱུག་བྱེད་པ་པོར་སྨྲ་བ་ཤེས་རབ་ཤིན་ཏུ་ཞུན་པ་ཉིད་དང་། སོང་བའི་རྗེསུ་འགྲོ་བ་ཉིད་ཀྱིས་རིགས་པའི་ཁྱད་པར་དང ་བྲལ་བ་དེ་ལ་གུས་ཤིང་གཞོལ་བས་སྔ་ཕྱི་འགལ་བས་བྱིས་པ་གཞོན་ནུ་གདོལ་པ་བཞིན་དུ་དོན་ཇི་ལྟ་བ་ཉིད་མ་ཡིན་པ། མངོན་སུམ་ལ་སོགས་པ་འགལ་བ། སྦྱིན་པ་དང་། དུལ་བ་དང་ཡང་དག་པར་སྡོམ་པ་དང་། འདོད་པ་དང་མི་འདོད་པའི ་འབྲས་བུ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་དང་། བགྲོད་པར་བྱ་དྭ་དང་། བགྲོད་པར་བྱ་བ་མ་ཡིན་པ་དང་། བཟའ་བ་དང་། མི་བཟའ་བ་དང་། མཐོ་རིས་དང་། བྱང་གྲོལ་ལ་སོགས་པའི་འབྲས་བུ་དང་འགལ ་བ། རིགས་པ་དང་། ལུང་ལ་སོགས་པ་དང་འགལ་པོ། ཚིག་ཙམ་ཕྱོགས་བྱས་ནས་རང་གིས་མི་ཤེས་པའི་ལོདྲི་ཏོག་གིས་མིག་བསྒྲིབས་པས་ནུས་པ་མེད་པའི་ཕྱིར་ཕྱུགསུ་གྱུར་པ་རྣམས་ནི་ཕྱུག་པས་ཀྱང་ཆེས་ཕྱུགས་ཏེ། མི་མངོན ་པ་མོ་གཤམ་གྱི་བུའི་རང་བཞིན་ཕྱུགས་བདག་ལ་བརྟེན་ཏེ། འགྲོ་བ་སྐྱེས་ཤིང་གནས་པ་དང་།། འཇིག་པའི་རྒྱུ་ནི་དབང་ཕྱུག་ན།། དེ་ཡི་སྐྱེ་ཞིང་གནས་པ་དང་། འཇིག་པའི་རྒྱུ་ཡང་བརྗོད་དགོས།། སྐྱེ་བ་དང་། གནས་པ་རྒྱུ་དང་བཅས ་པ་ཉིད་དུ་ཁས་ལེན་ན་ནི་རྟག་པར་སྨྲས་པ་ཉམས་པར་འགྱུར་བས་སྨྲ་བོ་བཏང་སྟེ། ཕྱི་ཅི་ལོག་ཏུ་བསྒྲུབས་པའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་པ་ཉིད་ཁོ་ནར་གྲུབ་པར་འགྱུརརོ།། འདོད་པ་ཙམ་གྱིས་སྐྱེས་ན་ནི། འགྲོ་བ་ཐམས་ཅད་ཅིག ་ཅར་སྐྱེ་བ་དང་། གནས་པ་དང་། འཇིག་པར་འགྱུ་རོ།། དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། ཐམས་ཅད་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར།། སྡུག་བསྔལ་བ་དང་། ངན་སོང་དང་། ཞེ་འགྲས་པ་དང་། མི་གཙང་བ་དང་། བྱས ་པ་མི་གཟོ་ས་ལ་སོགས་པ་འབྱིན་པ་ནི་དགོས་ཁྱད་པར་མེད་པའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིན་ཏེ། དེའི་འབྱིན་པའི་ངལ་བ་འབྲས་བུ་མེད། དགོས་པ་མེད་པ་ལ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་པ་མེད་དེ། དགོས ་པས་མ་ཁྱབ་པའི་ཕྱིར།། དེ་དག་དགོས་པ་དང་ལྡན་པ་ལ་ལོག་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱི་འཇུག་པ་དེ་ཡང་ལྡོག་པས་མ་གྲུབ་པའི་དོན་ཉིད་ཡིནོ།། རྒྱུ་དང་རྐྱེན་ནི་ཚང་བ་ན།། རིམ་གྱིས་སྐྱེ་དང་འཇིག་པ་དག། ་མངོན་སུམ་དུ་ནི་སྣང་བ་སྟེ།། མ་ཚང་ན་ཡང་སྐྱེ་བ་མེད།། སེམས་ཅན་དེང་སྣོད་ཀྱི་འཇིག་རྟེན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྐྱེ་ཞིང་གནས་པ་དང་། འཇིག་པ་ནི་རིམ་པ་ཁོ་ནས་དམིགས་ཏེ། དེའི་ཕྱིར་དབང་ཕྱུག་རྒྱུ་མ་ཡིན་ནོ།། དངོས ་པོ་འགའ་ཡང་སྐྱེ་བ་དང་། གནས་པ་དང་། འཇོག་པར་མི་རུང་སྟེ། མངོན་སུམ་དུ་འགལ་བ་དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་ཡིནོ།། མངོན་སུམ་ལས་བརླིང་པའི་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ཞེས་སྨྲས་པ་ཐམས་ཅད་ལ་གྲགསོ།། ་གཅིག་པུ་དོན་བྱེ་ཡོད་མིན་ཞིང་།། རྩེ་དང་རབ་དཔུང་མེད་པ་ལ།། ཡོན་ཏན་ཟབ་མོ་ཉིད་དང་ནི།། ལྟ་སྤྱོད་སེམས་པ་སོགས་མི་རིགས།། གཅིག་པུ་བྱ་བ་དང་ལྡན་པ་དང་མི་ལྡན་པ་ལ་ཡོན་ཏན་ཟབ་མོ་ཉིད་དམ་གཟུགས་ལ་སོགས་པ་དམིགས ་པའི་སེམས་པོ་ཉིད་མི་རུང་བས་དེ་ནི་མི་མཐུན་ནོ།། རྒྱུ་ནི་ཀུན་ནས་ཡོད་ཡིན་ན།། ཇི་ལྟ་བུར་ན་རྐྱེན་ཉིད་ཡིན།། རྒྱུ་མིན་ཉིད་ནི་བྱེད་མེད་ཕྱིར།། ཇི་ལྟར་དབང་ཕྱུག་ཆེ་དབང་བྱེད།། དངོས་རྣམས་བྱེད་པོ་དབང་ཕྱུག་ཆེ།། དེ་ཡང་བྱེད་པོར་མི་འདོད་ན།། ་ཕ་མེད་པར་ནི་བུ་འབྱུང་བ།། དེ་ནི་འདོད་དང་མཐོང་བ་མེད།། རིགས་པ་སྨྲ་རྣམས་རྒྱུ་དང་ནི།། རྒྱུ་མཐུན་དྲ་བ་ཉིད་དུ་འདོད།། རྟོག་པས་འབྲས་བུ་རྟག་རིགས་ཏེ།། མི་རྟག་ལས་ཀྱང་མི་རྟོག་ཉིད།། ས་ལུའི་ས་བོན་ལས་འབྲས་བུ།། ལས་ཀྱི ་མྱུ་གུ་སྐྱེ་མ་མཐོང་།། དེ་བཞིན་དབང་ཕྱུག་ཆེ་རྟག་ནི།། དངོས་པོ་རྣམས་ནི་རྟག་ཏུ་འབྱུང་།། ཇི་ལྟར་མེ་ཡིས་ཐམས་ཅད་སྲེག། དེ་བཞིན་གལ་ཏེ་དབང་ཕྱུག་འདོད།། མེ་ཡི་རྒྱུ་ནི་མེ་གཞན་ལ།། དབང་ཕྱུག་ལ་ནི་རྒྱུ་ཡོད་མིན།། རིམ་གྱིས་འཇུག་པས ་མེ་རྒྱུན་ལ།། ཐམས་ཅད་སྲེག་པ་ཡང་འདོད་ན།། དབང་ཕྱུག་ལ་ནི་འགྱུར་མེད་པས།། མེ་དང་འདྲ་བར་རུང་མ་ཡིན།། དེ་ལྟར་ནི་དབང་ཕྱུག་བྱེད་པ་པོ་ཉིད་དུ་ཁས་ལེན་པ་ལ་ཉེས་པ་མང་དུ་ཡོད་པས། བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སྐྱེ་བ ་དབང་ཕྱུག་གིས་བྱས་པར་མི་རུང་ངོ་ཞེས་གསུངསོ།། གཞན་དག་ནི་ཐམས་ཅད་དུས་ཀྱིས་བསྒྱུར་བར་འདོད་དོ།། དེ་དག་ནི་འདི་སྐད་སྨྲས་ཏེ། དངོས་རྣམས་སྐྱེ་ཞིང་གནས་པ་ནི།། དུས་ཀྱིས་བསྒྱུར་བར་བྱེད་པ་སྟེ།། དངོས་རྣམས་སྐྱེ་དང་གནས་པ ་ཡང་། དུས་ཀྱིས་སྡུད་པར་བྱེད་པ་ཉིད།། དེ་ལ་འདི་སྐད་བརྗོད་དེ། འདི་ལ་དུས་ཞེས་བྱ་བ་ཅི་ཡིན། རྟག་པ་འམ། མི་རྟག་པ་འམ། ཕོ་འམ། མོ་འམ། མ་ནིང་གི་རང་བཞིན་ནམ། ལྷ་འམ། ཤ་ཟོ་འམ། ལུས་ཅན་ནམ། ལུས་ཅན་མ་ཡིན་པ་འམ། ་བྱ་བ་མེད་པ་དང་ལྡན་པ་ཞིག། གལ་ཏེ་དེ་རྟག་བྱ་བ་ལས། དེ་ལ་རག་ལས་རུང་མ་ཡིན།། ཅིག་ཏུ་སྐྱེ་བར་འགྱུར་དེ་ཡང་།། འགལ་བའི་ཕྱིར་ནི་མི་འདོད་དོ།། མི་རྟག་ཉིད་ན་དུས་མིན་གྱི།། རྒྱུ་དང་རྐྱེན་ནི་འབྲེལ་ཕྱིརརོ།། གལ་ཏེ་སྐྱེས་པ་བུད་མེད་དང་།། ་མ་ནིང་སོགས་ཡིན་ཅི་སྨྲ་འགལ།། ལུས་ཅན་ལུས་མེད་བྱ་བ་སོགས།། ཡིན་ན་ཕན་ཚུན་འགོལ་བ་ཡིན།། རྟག་པ་ཉིད་ན་མི་འགྱུར་ཕྱིར།། བྱ་དང་ལས་ནི་འགལ་བར་འགྱུར།། དེ་ལྟར་ན་དུས་སུ་སྨྲ་བ་རྣམས་དུས་ཀྱི་དབང་གིས་དངོས་པོ ་རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པར་ཁས་ལེན་པ་ཡང་རུང་བ་མ་ཡིན་པས་དེ་ཡང་བཟང་པོ་མ་ཡིན་པ་ཉིད།། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། དུས་ཚོགས་དང་ལོ་ལ་སོགས་པ་དང་། ཕྱི་ནང་གི་དངོས ་པོ་རྣམས་སོང་བ་དང་། འགྲོ་བར་འགྱུར་བའི་ངོ་བོའི་ཕྱིར་དངོས་པོ་རྣམས་སྐྱེ་བ་དང་། གནས་པ་དང་། འཇིག་པ་ནི། དུས་ཀྱིས་བསྒྱུར་བར་མི་རུང་ངོ་།། གཞན་ཡང་རང་བཞིན་དུ་སྨྲས་པ་དག་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རང ་བཞིན་ལས་འབྱུང་བར་འདོད་དེ། དངོས་པོ་རང་བཞིན་ཁོ་ནར་ཟད་ཀྱིས། དངོས་པོ་འགའི་བསྐྱེད་པ་འམ། འཇིག་པར་བྱེད་པའི་རྒྱུ་ནི་འགའ་ཡང་མེད་དོ།། སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། ཡང་བ་ཉིད་དང་། འཇམ་པ་དང་། ་རྣོ་བའི་རང་བཞིན་ཉིད་དང་། མ་དྲར་བ་དང་། སྦྱར་བ་དྲང་། ལན་ཚྭ་དང་། ཁ་བ་དང་། སེམས་ཅན་མ་ཡིན་པའི་དབྱེ་བོ་ཉིད་དེ། ལྷ་མི་དུད་འགྲོ་ལ་སོགས་དང་།། རྒྱལ་པོ་བྲམ་ཟེ་རིགས་ངན་སོགས།། ལེགས་པར་བྱས་དང་ཉེས་བྱས ་དང་། བདེ་སྡུག་རྟག་ཏུ་གནས་པ་ཉིད།། དེ་ལྟར་རང་བཞིན་ཡིད་གཉིས་ཀྱིས།། སེམས་འཁྲུལ་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རང་བཞིན་ལ་ནི་འགྱུར་མཐོང་བས།། མངོན་སུམ་ལ་སོགས་འགལ་ཕྱིར།། གང་ལ་འགྱུར་བ་ཡོད ་པ་དང་།། འགྱུར་བ་མེད་པ་ཇི་ལྟར་འགྱུར།། གསལ་བ་དུ་མ་ཐ་དད་ལ།། སྐྱེ་བ་དང་ནི་འཇིག་པ་སྣང་།། སྐྱེ་དང་འཇིག་དང་འབྲེལ་ན་ནོ།། མི་འགྱུར་བར་ནི་ཇི་ལྟར་འགྱུར།། རང་བཞིན་འགྱུར་བ་མེད་པའི་ཕྱིར།། སྐྱེས་བུ་ལ་སོགས་དོན ་མེད་ན།། རིགས་དང་རྒྱལ་པོ་ཞིང་སོགས་ལ།། དེ་དག་གིས་ཡང་འབྲས་བུ་སྣང་།། རང་བཞིན་འགྱུར་བར་འགྱུར་ན་ནི།། རྟག་པར་སྨྲ་བ་ཉམས་པར་འགྱུར།། དེ་ལྟ་བས་ན་རྒྱུ་རྐྱེན་དུ།། སྨྲ་བ་རྣམས་ཀྱི་ལམ་འདི་རིགས།། དེ་ལྟར་ན་རང ་བཞིན་དུ་སྨྲ་བ་ཡང་ཕན་ཚུན་འགལ་བ་ཉིད་པས་དངོས་པོ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་ནི་རང་བཞིན་ལས་བྱུང་བར་མི་རུང་ངོ་ཞེས་གསུང་སོ།། འོ་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པ་རྒྱུ་མེད་པ་ཅན་དུ ་འགྱུར་ཏེ། གཞན་རྒྱུ་མེད་པ་ཅན་དུ་སྨྲས་པ་རྣམས་རྒྱུ་མེད་པ་ཁོ་ནར་དངོས་པོ་རྣམས་སྐྱེ་བ་དང་འགག་པར་རྟོག། རྒྱུ་མེད་པར་སྨྲས་པར་ཁས་ལེན་ན་རྒྱུ་ངེས་པ་མེད་པའི་ཕྱིར་བྱས་པ་ཆུད་ཟ་བ་དང་། མ་བྱས་པ་དང་ཕྲད་པ་དང་། ཐུག་པ་མེད ་བཱཔཱ་ར་ཡང་འགྱུར་ལོ། ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་ལ་སོགས་པ་དང་། ཕྲ་དང་། བུ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམང་རིགས་དང་། ཁྱི་ཤ་ཅན་ལོ་སོགས་པ་དང་། གཙང་བ་དང་། ་མི་གཙང་བ་དང་། བགྲོད་པར་བྱ་བཱ་དང་།། བགྲོད་པར་བྱ་བ་མ་ཡིན་པ་དང་། བཟའ་བ་དང་། མི་བཟའ་བ་དང་། ལྷ་དང་། ཤ་ཟ་ལ་སོགས་པ་དང་། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། བཟླས་བརྗོད་དང་། དཀའ་ཐུབ ་སྦྱང་བ་དང་། ངེས་པ་དང་། མཆོད་སྦྱིན་ཤེས་པ་དང་། མི་ཤེས་པ་ལ་སོགས་པའི་རྒྱུ་ངེས་པ་མེད་པའི་ཕྱིར་ཕན་ཚུན་བྱེ་བྲག་ངེས་པར་རྣམ་པར་བཞག་པར་ཡང་མི་འགྱུརརོ།། དེ་བས་ན་ཉེས་པ་དེར་ཐལ་བར་འགྱུར་དུ་འོང་བས་རྒྱུ་མེད ་པུར་སྨྲས་པ་ཡང་འཇིག་རྟེན་ལ་སོགས་པ་དང་འགལ་བའི་ཕྱིར་མ་གྲུབ་པ་ཉིད་དོ།། ཁཱ་གཞན་གཙོ་བོ་དང་། རྡུལ་ཕྲ་རབ་ལྔལ་སོགས་པ་དང་། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བས་སྨྲ་བ་ལ་སོགས་པ་དེ་དག་ཀྱང་འདི་ཉིད ་ཀྱིས་དགག་པར་བྱའོ།། དེའི་ཕྱིར། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་དང་བྱེད་པོ་དུས་ཀྱིས་མིན།། དེ་བཞིན་དབང་ཕྱུག་སོགས་བྱས་མིན།། རང་བཞིན་ལས་མིན་རྒྱུ་མེད་མིན།། ཞེས་གསུངས་སོ།། རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང་།། ཐོག ་མེད་པ་ཡི་དུས་ཅན་སྣང་།། ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་སྲོས་པའི་བག་ཆགས་ཀྱི་ས་བོན་རྒྱུན་མི་འཆང་བར་ཆུ་བོའི་རྒྱུན་འབབ་པ་བཞིན་རྗེསུ་འཇུག་པས། རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང་། ཐོག་མ་མེད་པའི་དུས་ཅན་སྣང་བ་ཞེས་བྱ་བ་སྨོས།། ་དེ་ཉིད་ཀྱི་ཕྱིར་མདོ་ལས། འོན་ཀྱང་ས་དང་། ཆུ་དང་། མྱེ་དང་། རླུང་དང་། ན་མཁའ་དང་དུས་ཀྱི་ཁམས་རྣམས་འདུས་ནས་ས་བོན་འགག་པ་ན་མྱུ་གུ་སྔོན་པོར་འགྱུར་ཞེས་གསུངས་ཏེ། འོན་ཀྱང་ཞེས་བྱ་བ་ནི་མེད་པ་ལས་བྱུང་བ་དང་། བདག་དང་གཞིན་དང་། གཉིས་ཀ ་དང་། དབང་ཕྱུག་ལ་སོགས་པ་དང་བྲལ་བའི་ས་བོན་དང་ས་ལ་སོགས་པ་ཉིད་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུ་རོ་ཞེས་བྱའོ།། རྒྱུ་ལྔ་དག་གིས་ཕྱི་རོལ་གྱི།། རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་ཅེས་བྱ་བ་ལ། རྒྱུ་ལྔ་དག་གིས་ཞེས་བྱ་བ་ནི་རྒྱུ་ལྔ་པོ་དག་གིས།། ་ཕྱི་རོལ་གྱི་ཞེས་བྱ་བ་ནི་ས་བོན་ལ་སོགས་པའི་འོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་རོ།། རྟག་པར་མ་ཡིན་ཆད་པར་མིན།། འཕོ་བར་མ་ཡིན་རྒྱུ་ཆུང་ལས།། འབྲས་བུ་ཆེན་པོ་འགྲུབ་པ་དང་།། འདྲ་བའི་རྗེ་སུ་འགྲོ་ཕྱིར་ཡང་།། ཞེས ་བྱ་བ་སྨོས་ཏེ། རྟག་པར་མ་ཡིན་ཞེས་བྱ་བ་ནི། གང་གི་ཕྱིར་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཉིད། མྱུ་གུ་གང་ཡིན་པ་དེ་ཉིད་ཀྱང་ས་བོན་མ་ཡིན་ལ། ས་བོན་ཉིད་ཀྱང་མྱུ་གུ་མ་ཡིན་ལ། ས་བོན་མ་འགགས་ན་ཡང་མྱུ་གུ་མི་འབྱུང་ལ། ་འགགས་ན་ཡང་མ་ཡིན་གྱི། འོན་ཀྱང་ས་བོན་ཡང་འགགས་ལ། མྱུ་གུ་ཡང་སྐྱེ་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ།། ཆད་པར་མིན་ཞེས་བྱ་བ་ནི་ས་བོན་སྔར་འགགས་པ་ལས་ཀྱང་མྱུ་གུ་མི་སྐྱེ་ལ། མ་འགགས་པ་ལྔས་ཀྱང་མ་ཡིན་གྱི་འོན་ཀྱང ་ས་བོན་ཡང་འགགས་ལ། དེ་ཉིད་ཀྱི་ཚེ་མྱུ་གུ་འབྱུང་བར་འགྱུར་ཏེ། དེ་བས་ན་ཆད་པར་མ་ཡིན་ནོ།། འཕོ་བར་མ་ཡིན་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་མི་འདྲ་བ་ཁོ་ན་སྟེ། དེའི་འཕོ་བར་མ་ཡིན་ནོ།། རྒྱོ་ཆུང་ངུ་ལས་ཞེས་བྱ་བ་ནི་ས་བོན་ཆུང་ངུ་བཏབ་པ ་ལས་སོ།། འབྲས་བུ་ཆེན་པོ་འགྲུབ་པ་ཞེས་བྱ་བ་ནི་རྒྱུ་ཆུང་ངུ་དེ་ལས་འབྲས་བུ་མང་པོ་མངོན་པར་འགྲུབ་པ་སྟེ། འདྲ་བར་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པས་དེའི་ཕྱིར་རྒྱུ་ཆུ་ངུ་ལྕེས་འབྲས་བུ་ཆེན་པོ་འབྱུང་།། འདྲ་བར་རྗེ་སུ་འགྲོ་ཕྱིར ་ཡང་། ཞེས་བྱ་བ་ནི་ས་བོན་ཇི་ལྟ་བུ་ཁོ་ནའི་འབྲས་བུ་མངོན་པར་འགྲུབ་པས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུ་དུ་སྟེ། འདྲ་བར་འབྲས་བུ་མངོན་པར་འགྲུབ་བྱའི་ཕྱིར་རོ།། ས་བོན་མྱོ་གུ་ཟ་དད་ཕྱིར།། ས་བོན་རྟག་པ་ཉིད་མ་ཡིན།། ཆད་པོར་མེ་འོགྱུ ་གང་གི་ཕྱིར།། ས་བོན་ཡོད་ན་མྱུ་གུ་སྟེ།། ས་བོན་འདྲ་བ་འགྲུབ་པའི་ཕྱིར།། དེ་དང་མི་འདྲ་ཡང་མི་འདོད།། མྱུ་གུ་འབྲས་བུ་ལ་སོགས་པ།། མྱུ་གུ་འཕོ་ཡང་ཡོད་མ་ཡིན།། ས་བོན་ཆུང་རབ་གཅིག་ཡོད་ན།། ས་བོན་ཉིད་ལས་འབྱུང་འགྱུར་ཏེ།། ་དེ་བས་རྒྱུ་ནི་ཆུང་ངུ་ལས།། འབྲས་བུ་ཆེན་པོ་སྐྱེ་ཕྱིརོ།། ས་བོན་སཱ་ལུ་སོགས་བཏབ་ལས།། འབྲས་བུ་ཁྲེ་རྒོད་ལ་སོགས་མིན།། དེ་ཉིད་ཀྱི་ཕྱིར་ནཱ་མྱུ་གུ་ས་བོན་ལྟར་མི་འདོད།། རྒྱུ་མེད་མྱུ་གུ་སྐྱེ་བའང་མེད།། འགག་དང ་སྐྱེ་བ་མགོ་མཉམ་སྟེ། སྲང་མདའི་མགོ་གཞུག་མཐོ་དམན་བཞིན། ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་བསགས་པར་བལྟ་བར་བྱའོ།། དེ་བཞིན་ནང་གིའང་རྒྱུ་དང་ནི།། ་རྐྱེན་གྱི་རྣམ་པ་གཉིས་སུ་བཞེད།། དེ་བཞིན་ནང་གི་ཞེས་བྱ་བ་ནི།། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་རྒྱུ་དང་རྐྱེན་གཉིས་དང་འབྲེལ་པའི་ཕྱིར་ཐ་དད་པ་རྣམ་པ་གཉི་སུ་རྟོགས་པར་བྱའོ།། རྒྱུ་དང་རྐྱེན་གྱི་རྣམ་པ་གཉི་སུ་ཞེ་རྗེས་བྱ་བ ་ནཱ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པས་རྣམ་པ་གཉིས་སུ་ཁོང་དུ་ཆུད་པར་བྱའོ།། བཞེད་ཅེས་བྱ་བ་མངོན་པར་བཞེད་པ་དང་། དགོངས་པ་དང་། མངོན་དུ་བཞེད་བྱ་བའི་ཐ་ཚིགྲོ། དེ་ལ་ནང་གི་རྟེན ་ཅིང་འབྲེལ་པར་འབྱུང་བ་དང་རྒྱུ་དང་འབྲེལ་པ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྨྲས་པ་འདིའི་རྒྱུ་དང་པོ་མ་རིག་པ། ཐ་མ་འཆི་ཡིན་གྲོ་རིམ་བཞིན་དེ་ལོ་ཐོག་མར་མ་རིག་པ་བསྟན་པའི་ཕྱིར་དང་པོར་མ་རིག་པའོ།། ཐ་མར་འཆི་བའི་ཡན་ལག་བསྟན ་པའི་ཕྱིར་ཐ་མ་འཆི་བའོ།། དེ་དག་གི་བར་གང་ཡིན་པ་དེ་དག་ནི་དབུས་སུ་འདོད་དོ།། དེ་ཉིད་ཀྱི་ཕྱིར་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གིས་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི ་བའི་རྐྱེན་གྱིས་རྒ་ཤྲཱི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུརརོ་ཞེས་གསུངས་སོ།། ་ཡན་ལག་བཅུ་གཉིས་ཉོན་མོངས་ལས།། སྐྱེ་བཅས་བདག་ཉིད་ཚེ་གསུམ་ནི།། རྒྱུ་དང་རྐྱེན་ལས་བྱུང་བ་སྟེ།། བྱེད་པ་ལ་སྔོགས་རྣམ་པར་སྤངས།། ཉོན་མོངས་པ་དང་། ལས་དང་སྐྱེ་བ་གཞན་དབང་གིས་བདག་ཉིད་འདི་ཡང་ཆ་གསུམ ་གྱིས་རྣམ་པར་བཞག་སྟེ་ཉོན་མོངས་པའི་གཞོན་གྱི་དབང་གི་ངོ་བོ་ཉིད་དང་ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དོང་། སྐྱེ་བའི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱིསོ།། དེ་ལ་ཉོན་མོངས་པོའི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གསུམ་སྟེ། ་མཱ་རིག་པ་དང་། སྲེད་པ་དང་། ལེན་པ་རྣམསོ།། ལས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡན་ལག་གཉིས་སོ།། འདུ་བྱེད་དང་སྲིད་པ་དག་གོ།། སྐྱེ་བའི་གཞན་གྱི་དབང་གི་མཚན་ཉིད་ནི་ཡན་ལག་ལྷག་མ་བདུན་ཏེ། རྣམ་པར་ཤེས་པ་དང་། ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་རྣམས།། ཡང་ཞེས་བྱ་བའི་སྒྲས་ནི་བསྡུས་པར་བྱ་བར་ལྟ་སྟེ། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལ ་སོགས་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པས་ཕོངས་པ་ལ་སོགས་པ་བསྡུའོ།། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ནི་ངོ་བོ་ཉིད་གསུམ་དུ་རིག་པར ་བྱའོ།། དེ་ཡང་བྱེད་པ་པོ་ལ་སོགས་པ་དང་། ངོ་བོ་ཉིད་ཀྱིས་བྲལ་བར་ཤེས་པར་བྱའོ།། སཱ་ལུ་ལྡང་བའི་མདོའི་རྒྱ་ཆེར་བཤད་པ།། ། བམ་པོ་གསུམ་པ། ་གལ་ཏེ་དང་པོ་མ་རིག་མེད།། ཐ་མ་འཆི་བ་འབྱུང་མི་འགྱུར། ཞེས་བྱ་བ་ལ། གལ་ཏེ་དང་པོ་མ་རིག་པ་མེད་ཅེས་བྱ་བ་ནི་གལ་ཏེ་མ་རིག་པ་མེད་པར་གྱུར་ན། འདུ་བྱེད་རྣམས་མི་འབྱུང་བ་ཉིད་དོ།། དེ་བཞིན་དུ་གལ་ཏེ་རྒ་བ་དང་འཆི་བའི་བར ་དུ་མེད་པར་གྱུར་ན་མྱ་ངན་ལ་སོགས་པར་འཇུག་པར་མི་འགྱུར་རོ།། དེ་དག་ལས་གཞན་བདག་དང་ན།། བདག་གི་ཞེས་པ་གང་ནའང་མེད། ཅེས་བྱ་བ་ནི། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་ལ་སོགས་པ་མངོན་པར་བསྒྲུ་བོ ་སྙམ་དུ་མི་སེམས་པ་ནས་རྒ་ཤིའི་བར་དུ་ཡང་འདི་སྙམ་དུ་བདག་གིས་མྱ་ངན་ལ་སོགས་པ་མངོན་པར་སྒྲུའོ་སྙམ་དུ་མི་སེམས་སོ།། འདུ་བྱེད་ལ་སོགས་པ་ཡང་འདི་སྙམ་དུ་བདག་ཅག་ནི་མ་རིག་པ་ལ་སོགས་པས་མངོན་པར་བསྒྲུབས ་སྙམ་དུ་མི་སེམས་པ་ནས་རྒ་ཤི་ཡང་འདི་སྙམ་དུ་བདག་ཅག་ནི་སྐྱེ་བ་ལ་སོགས་པས་མངོན་པར་བསྒྲུབསོ་སྙམ་དུ་མི་སེམས་པའི་བར་དུའོ།། དང་པོ་མ་རིག་བྱུང་ནས་ནི།། ཐ་མ་ཤི་བའང་སྣང་བར་འགྱུར། ཞེས་བྱ་བ་ནི་མ་རིག་པ་ཡོད་པ་ལས ་འདུ་བྱེད་ལ་སོགས་པ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བས་ན་རྒ་ཤི་ཡོད་པ་ལས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་བར་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་རོ།། དེ་ལྟར་འདི་ནི་ནང་གི་རྒྱུ། ཞེས་བྱ་བ་ནི་དེ་ལྟར ་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ།། ནང་ག་རྟེན་ཅང་འབྲལ་པར་ཇི་ལྟར་བལྟའོ།། ནང་གི་རྟེན་ཅིང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། སྨྲས་པ། འདི་ཡི་རྐྱེན་ནི་རྣམ་པ་དྲུག། འདིའི་ཞེས་བྱ་བ་ནི་ནང་གིའོ།། ་རྐྱེན་ཞེས་བྱ་བ་ནི་ཚོགས་པའོ།། རྣམ་པོ་དྲུག་ཅེས་བྱ་བ་ནི་རྣམ་པ་དྲུག་གོ།། ཐ་མ་རྣ་ཤེས་ཐོག་མ་ས།། ནང་གི་རྐྱེན་དུ་འདོད་པ་ཡིན།། རྣམ་པར་ཤེས་པ་ཐ་མར་ཡོངསུ་བསྟན་པའི་ཕྱིར་ཐ་མ་རྣམ་ཤེས་སོ།། ཐོག་མོ་ནི་ས་ཞེས་བྱའོ།། ་དེ་ཉིད་ཀྱི་ཕྱིར་མདོ་ལས། ཁམས་དྲུག་འདུས་པ་སྟེ། ས་དང་ཆུ་དང་མེ་དང་། རླུང་དང་ན་མཁའ་དང་། རྣམ་པར་ཤེས་པ་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ།། ཞེས་གསུང་སོ།། སྲ་དང་རྗེ་སུ་སྡོད་པ་དང་། ་སྨིན་དང་དཔགས་འཕེལ་གོ་འབྱེད་ཉིད།། ཅེས་བྱ་བ་ནི་དེ་ལ་ནང་གི་སའི་ཁམས་གང་ཞེ་ན། གང་ལུས་དང་། འབྲེལ་བ་སྲ་བ་དང་། རྩུབ་པ་དང་། ཧྲུད་ཧྲུད་པོ་དང་། མཁྲང་པར་གྱུར་པ། སྐྱེ་དང་། སཱུ་དང་། སེན་མོ་དང་། སོ་དང་། རྡུལ་ད་ཛྲ་མ་དང་། ་པ་དང་། དང་། ཆུ་རྒྱུས་དང་།། རུས་པ་དང་། དེ་ལྟ་བུ་ལ་སོགས་པ་གཞན་ཡང་ལུས་འདི་ལ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་དེ་གཅིག་ཏུ་བསྡུས་ཏེ་སའི་ཁམས་ཞེས་བྱའོ།། རྗེསུ་སྡུད་པ་ཞེས་བྱ་བ་ནི་སྡུད་པ་དང་འབྲེལ་པ ་དང་། མཉེན་པ་དང་། འཁྱུད་པ་དང་། གོང་བུར་བྱེད་པ་དང་། གཤེར་བ་ཉིད་དང་། འདི་ལྟ་སྟེ། མཆིལ་མ་དང་། རྡུལ་དང་། སྣབས་དང་། ཞག་དང་། རྐང་པ་དང་། ཁུ་ཆུ་དང་། གཅིན་དང་། ཕྱི་ས་དང་། ཁྲག ་དང་། ཆུ་སེརརཱ་དང་། ཀླད་པ་དང་། ཕོ་བ་དང་། ལོང་ཁ་ལ་སོགས་པ་དང་། གཞན་ཡང་ལུས་འདི་ལ་དེ་ལྟ་བུའི་གཤར་བའི་རང་བཞིན་ཡོད་པ་ནི་ཆུའི་ཁམས་ཞེས་བྱའོ།། སྨིན་པ་ཞེས་བྱ་བ་ནི་སྨོན་པར་བྱེད་དེ། སྨིན་པ་དང་། ཆོས ་པ་དང་། སྨིན་འགྱུར་དང་། དྲོ་བ་དང་། མེ་དང་། གདུང་བ་དང་། ཚ་བ་དང་། ལྷམ་པ་དང་། གླང་ལུས་འདིའི་ནང་ན་ཟོས་པ་དང་། འཐུངས་པ་དང་། འཆོས་པ་རྣམས་ལེགས་པར་བདེ་བར་འཇ་བར་ནི་ཡང་གང་ཅུང་ཟད ་ཅི་ཡང་རུང་སྟེ། དེ་ལྟ་བུ་དེ་ཐམས་ཅད་ནི་མེའི་ཁམས་ཞེས་བྱའོ།། དབུགས་ཞེས་བྱ་བ་ནི་རླུང་གི་ཁམས་ཏེ། དབུགས་ནི་དབུགས་འབྱུང་བ་དང་། དབུགས་རྔུབ་པ་དང་། ཚིག་དང་སྨྲ་བ་དང་། འགྲོ་བ་དང་། འང་བ་དང་། ཞུམ་པ་དང་། འཕེལ ་བཱ་ཞེས་བྱ་བ་ནི། ལུས་ནི་རྒྱས་པ་དང་། སྐྱེད་པ་དང་། གཡོ་བ་དང་། འགུལ་བ་དང་། ལྡེག་པ་དང་། རྒྱས་པར་གྱུར་པ་དང་། འཕེལ་བ་དང་། ཆམ་པ་དང་། ལུད་པ་དང་། སྐྱིགས་བུ་དང་། སྦྲིང་པ་དང་། སྟོད་ཀྱི་རླུང་དང་། སྨ ་ཀྱི་རླུང་དང་། གཞན་ཡང་ལུས་འདིའི་ནང་ན་གང་ཅུང་ཟད་དེ་ལྟ་བུ་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རླུང་གི་ཁམས་ཞེས་བྱའོ།། གོ་འབྱེད་ཅེས་བྱ་བ་ན་སྒྲིབས་པ་མེད་པས་གོ་འབྱེད་པའོ།། སྒྲིབས་པ་ནི་ཐོགས་པ ་དང་བཅས་པ་དང་། སྒྲིབས་པ་དང་བཅས་པའོ།། སྦུ་བུ་དང་། སྦུབས་དང་། གསེང་དང་། བུ་ག་སྟེ། ཁའི་བུ་ག་དང་། རྣ་བའི་བུ་ག་དང་། སྣའི་བུ་ག་དང་། མིགྲ་གཱི་བུ་ག་ལ་སོགས་པ་ལུས་ཀྱི་ནང་གི་སྦུབས་འདི་ནི་ན་མཁའི་ཁམས་ཞེས ་བྱའོ།། ཤེས་དང་གཟུགས་ཀྱི་རྗེས་འཇུག་པ། རྣམ་ཤེས་ལྔ་དང་ལྡན་པ་དང་། དེ་ན་ཉོན་མོངས་ཅན་ཡིད་ཀྱང་།། འདི་རྣམས་ནང་གི་རྐྱེན་ཡིན་ནོ།། དེ་ལ་མིང་གི་རྗེསུ་འཇུག་པ་དང་། གཟུགས་ཀྱི་རྗེསུ་འཇུག་པ་ནི་ནང་གི་རྣམ་པར་ཤེས ་པོའི་ཁམས་ཞེས་བྱའོ།། རྣམ་ཤེས་ལྔ་དང་ལྡན་པ་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་གང་ཡིན་པའོ།། དེ་ལ་ཉོན་མོངས་ཅན་ཡིད་ཀྱང་ཞེས་བྱ་བ་ནི་ཉོན་མོངས་ཅན་གྱི་ཡིད་དེ། དེ་དག་དང་འབྱུང་བ་ཆེན་པོ་བཞི་གཅིག ་ཏུ་བསྡུས་ནས་མདུང་ཁྱིམ་གྱི་ཚུལ་དུ་མིང་དང་གཟུགས་ཞེས་བྱའོ།། དེ་ལ་མིང་ཞེས་བྱ་བ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། གཟུགས ་ཞེས་བྱ་བ་པ་མྲའི་ཁུ་ཆུ་དང་། ཁྲག་ལས་བྱུང་བ་སྲིད་པ་བར་མོའི་ཕུང་པོ་ལ་བརྟེན་ནུས་དང་པོར་མིང་དང་། གཟུགས་མངོན་པར་འགྲུབ་པ་གང་ཡིན་པ་དེ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་བསྒྲིབས་ལ་ལུང ་དུ་མ་བསྟན་པའི་ངོ་བོ་བདག་ཏུ་རྨོངས་པ་ལ་སོགས་པ་ཉོན་མོངས་པ་བཞི་བདག་ཉིད། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་ལ་ལྟ་བ་དང་། བདག་ལ་ཆགས་པ་ཞེས་བྱ་བ་ཉོན་མོངས་པ་བཞི་པོ་འདི་རྣམས ་དང་ལྡན་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཅེས་བྱ་བ་གཅིག་ཏུ་བསྡུས་པ་ལ་མིང་དང་གཟུགས་ཞེས་བྱའོ།། ཁམས་རྣམས་འདུས་པར་གྱུར་པ་ལས།། ལུས་ནི་སྐྱེ་བར་འདོད་པ་ཡིན། ཞེས་བྱ་བ་ནི། བུ་ཤད ་མ་ཐག་པའི་ཁམས་དྲུགོ། འདུས་པར་གྱུར་པ་ལས་ཞེས་བྱ་བ་ནི་མ་ཚང་བ་མེད་པ་ལས་སོ།། ལུས་ཞེས་བྱ་བ་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་འདུས་པའི་གྲོང་བུའོ།། སྐྱེ་བ་ཞེས་བྱ་བོ་ནི་འབྱུང་བར་རོ།། འདོད་ཅེས་བྱ་བ་ནི་རྗེ་སུ ་དཔག་པ་སྟེ། འདི་ལ་བྱེད་པ་པོ་ལ་སོགས་པ་ནི་མདོ་སྙོམ་དུ་བསམས་པའོ།། དེ་དག་བདག་དང་བདག་གི་ཞེས།། རྣམ་རྟོག་སྐྱེ་བ་མེད་པར་འདོད།། ཅེས་བྱ་བ་ནི་བདག་ཅགྲོ་གིས་འདི་དག་བསྐྱེད་དོ་སྙམ་པ་དང་། དེ་རྣམས་ཀྱིས་བདག ་ཅག་བསྐྱེད་སྙམ་དུ་དེ་རྣམས་གཅིག་ལ་གཅིག་རྟོག་པ་མི་སྐྱེའོ།། དེ་དག་ཡོད་ན་སྐྱེ་འགྱུར་ཏེ།། དེ་དག་མེད་ན་འབྱུང་བ་མེད།། རྐྱེན་རྣམས་མེད་ན་ལུས་སྐྱེ་བར་མི་རུང་གི། གང་གི་ནང་གི་རྐྱེན་ལ་སོགས་པ་མ་ཚང་བ་མེད་པ་དེའི་ཚེ་འདུས་པ། ་ལྔ་ལུས་སྐྱེ་བར་འགྱུར་ལྔ། མ་ཚང་ན་ལུས་སྐྱེ་བར་མི་འགྱུར།། དེ་རྣམས་བདག་སོགས་མི་ལྡན་པ།། གཞན་མེད་སུའི་ཡང་མ་ཡིན་ནོ།། དེ་ལ་སའོ་ཁོམས་ནི་བདག་མ་ཡིན་ཏེ། ང་དང་ང་ཡི་སྙམ་པའི་རློམ་སེམས་པ་དང་བྲལ་བའི་ཕྱིར། ་སེམས་ཅན་མ་ཡིན་པ་ནི་སེམས་དང་། ཡི་དོ་དང་། རྣམ་པར་ཤེས་པ་བྲལ་བའི་ཕྱིརརོ།། སྲོག་མེད་པ་ནི་གཡོ་བ་མེད་པའི་ཕྱིརརོ།། སྐྱེ་བ་པོ་མ་ཡིན་པ་ནི། བསྐྱེད་པར་བྱ་བ་དང་། སྐྱེས་པ་པོ་དང་བྲལ་བའི་ཕྱིརརོ།། ཤེད་ལས་སྐྱེས་པ་མ ་ཡིན་པ་ནི། ཤེད་དང་བྲལ་བའི་ཕྱིར།། ཤེད་བུ་མ་ཡིན་པ་ནི་ནང་ན་འདུག་པའི་ཤེད་བུ་ལྟ་བུ་མེད་པའི་ཕྱིརརོ།། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན་པ་ནི་ནང་གི་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་བདག་ཉིད་མེད་པའི་ཕྱིར། ་པ་དང་བདག་མེད་མ་ཡིན་ཞེས་བྱ་བ་ནི་བདག་དང་བདག་གིར་རློམ་པ་དང་བྲལ་བའི་ཕྱིརརོ།། གཞན་ཡང་སུའི་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང་། བྱ་བ་དང་ལས་དང་བྲལ་བའི་ཕྱིརརོ།། དེ་བཞིན་དུ་ཆུ་དང་། མེ་དང་རླུང་དང་། ་ན་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་མ་ཡིན་ཏེ། དབང་ཕྱུག་ལ ་སོགས་པ་གཞན་ཡང་སུའི་ཡང་མ་ཡིནོ་ཞེས་ཤེས་པར་བྱའོ།། གང་ཅིག་རིལ་སོགས་འདུ་ཤེས་པ།། དེ་ནི་མ་རིག་སྲིད་གསུམ་སྒྲིབ།། དེ་ལ་མ་རིག་བཱ་གང་ཞེ་ན། སྨོས་པ། སྲིད་གསུམ་སྒྲིབ་པ་ཞེས་བྱའོ།། སྲིད་པ་གསུམ་ནི་སྲིད་གསུཾ་སྟེ་འདོད་པའི་སྲིད ་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ།། དེ་དག་ཀྱང་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱིས། རྣམ་པ་གཉིསསུ་བཞག། ཡང་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ཀྱི་བྱེ་བྲག་གིས་ནི་རྣམ་པ་གསུ ་དུ་བཞག་གོ།། ཇི་ལྟར་ཞེ་ན། སྨྲས་པ། དེ་ལ་འདོད་པའི་ཁམས་གནས་རིགས་སུམ་ཅུ་རྩ་དྲུག་གི་རྣམ་པར་རིག་པ་སྣང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ལ་རིལ་པོ་གཅིག་པར་རྟོག་ཅིང་འདུ་ཤེས་པོས་འཛིན་པའི་ཕྱིར་མ་རིག ་@པ་ཞེས་བརྗོད་དོ།། དེ་ལ་གནས་སུམ་ཅུ་རྩ་དྲུག་ནི་ཚ་བའི་རང་བཞིན་གྱི་དམྱལ་བ་ཆེ་ན་བརྒྱད་དང་། གྲང་བའི་རང་བཞིན་གྱི་དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། སྡུང་འཇོམས་དང་། ་དུངུདུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་ཞེས་བྱ་བ་ཚ་བའི་དམྱལ་པོ་བརྒྱད་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་པ་དང་། པདྨ་ལྟར ་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་དང་། ཨུཏྤ་ལ་ལྟར་གྱེས་པ་ཞེས་བྱ་བའི་རང་བཞིན་ཡིན་པའི་ཕྱིར་གྲང་བའི་དམྱལ་བ་བརྒྱད་དང་། ཉེ་ཚེ་བ་དང་། ཉེ་འཁོར་བ་དང་། ཡི་དྭགས་རྣམས་ཀྱི་གནས་དང་། དུད་འགྲོ་རྣམས་ཀྱི་གནས་དང་། ་ལྷ་མ་ཡིན་རྣམས་ཀྱི་གནས་དང་། གླིང་བཞི་དང་། བར་གྱི་གླེང་བརྒྱད་དོ།། དེ་ལ་ཡི་དགས་རྣམས་ཀྱི་གནས་ནི་མྱ་ངམ་དང་། འབྲེག་དགོན་པ་ནའོ།། དེ་ལས་གཞན་དུ་གྱེས་པ་ནི་གྲོང་དང་། གྲོང་ཁྱེར་དང་གླེང་རྡལ་དང་། དུར་ཁྱེད་དང་། ་དང་། འབྲོག་དང་། རི་འོར་དང་། གླིང་དང་། ཆུ་ཀླུང་དང་། མཚོ་དང་། ལྟེང་ཀཱ་དང་། རྫིང་དང་། ཁྲོན་པ་དང་། སྐྱེད་ལས་ཚལ་དང་། གནས་དང་། ལྷ་ཁང་དང་། མ་མོའི་ཁྱིམ་དང་། ཀླུའི་གནས་དང་། ལྟེང་ཀ་དང་། མྱ་ངམ་དང་། མཚེའུ་དང་། ་ཤིང་དང་། ཁང་སྟང་དང་། ལམ་པོ་ཆེ་དང་། ཀུང་གི་དྲུང་དང་། དགོན་པའི་གནས་དང་། གཡང་ས་དང་། ཟམ་པ་དང་། གཟིངས་ཀྱི་གནས་དང་། སྲང་དང་། ལམ་པོ་ཆེ་དང་། ཚོང་ཁང་དང་། བཞི་མདོ་དང་། སུམ་མདོ་དང་། མུ་སྟེག ་བསོད་ནམས་བྱེད་པའི་གནས་དང་། ཆུ་འདུས་ལྔ་སོགས་པར་གནས་བཅས་ཏེ་རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་གང་མི་ཤེས་པ་འདི་ནི་མ་རིག་པ་ཞེས་བྱའོ།། དུད་འགྲོའི་གནས ་ནི་རྒྱ་མཚོ་ཆེན་པོའི་ནང་ནའོ།། སྐྱེ་བའི་གནས་ནི་བཞི་སྟེ། སྒོ་ང་ལས་སྐྱེ་བ་དང་། མངལ་ལྔས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་རྣམ་པར་རིག་པའི ་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་འོག་པའི་རྣམ་པ་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོམ་པའི་རྒྱུ་ཅན་ཏེ། དེ་ལས་གཞན་དུ་གྱེས་པ་ནི་བོང་བུ་དང་། ཕག་པ་དང་། སྤྲེའུ་དང་། གླང་པོ་ཚྭ་དང་། རྔ་མོ་དང་། རྟ་དང་། རི་དགས་དང་། ་མ་ཧེ་དང་། བ་ལང་དང་། བ་མེན་དང་། འབྲི་དང་། ཁྱི་དང་། ཝ་དང་། ནེའུ་ལེ་དང་། བྱི་པ་དང་། སེང་གེ་དང་། སྟག་དང་། དྲེད་དང་། དོམ་དང་། སྤྱང་གི་དང་། བྱི་ལ་དང་། ཉ་དང་། རུ་སྦལ་དང་། ཆུ་སྲིན་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། ་སྦྲུལ་དང་། གྲོག་སྦུར་དང་། སྡོམ་དང་། ཕྱེ་མ་ལེབ་དང་གསྲེག་པ་དང་། གྲོག་མ་དང་། སྲིན་བུ་དང་། གྲོག་མཁར་དང་། སྐྱོན་གོར་དང་། ཤིག་དོང་། འབུ་དང་། ཆུ་ན་གནས་པ་དང་། ནེ་ཙོ་དང་། རོ་སྐེགས་དང་། ཁུ་བྱུག་དང་། རྨ་བྱ་དང་། དང ་པོཔ་དང་། ཁྲུང་ཁྲུང་དང་། ཆུ་སྦྱར་དང་། ཁ་དོང་། བྱ་རྒོ་དང་། འུག་པ་དང་། ཤང་ཤང་ཏེའུ་དང་། མདབ་བཟངས་ལ་སོགས་པ་གནས་མ་ངེས་པའི་འགྲོ་བས་རང་གི་ལས་ཀྱི་བག་ཆགས་གཞན་གྱི་དབང་གིས་རྣམ་པར་སྣང་བའི་རྣམ་པ ་ལ་གནས་བཅས་པ་གང་མི་ཤེས་པ་འདི་ཡང་མ་རིགས་པ་ཞེས་བྱའོ།། ལྷ་མ་ཡིན་རྣམས་ཀྱི་གནས་བཞི་ནི་རི་རབ་ཀྱི་བང་རིམ་བཞིའི་ནང་ནའོ།། དེ་ནས་གཞན་དུ་བྱིས་པས་གནས་བཅས་པ། རི་དང་། འབྲོག ་དང་། ཚལ་དང་། སྐྱེད་མོས་ཚལ་དང་། ཀླུང་དང་། གྲོང་ལ་སོགས་པ་རང་གི་ལས་ཀྱི་དབང་ལས་ཀྱི་རྣམ་པར་རིག་པའི་སྣང་བ་རྣམ་པར་རྟོག་པ་ལས་བྱུང་བའི་གནས་གཞན་དག་གང་མི་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ།། སེམས་ཅན ་དམྱལ་བ་རང་གི་ལུས་ཀྱི་དབང་མཐུན་པའི་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ཀྱི་མཚོ་ཆེན་པོ་མ་དྲོས་པ་ནས་དཔག་ཚད་ཉི་ཁྲིའི་འོག་ན་སྣོད་ཀྱི་རྣམ་པར་རིག་པའི་རང་བཞིན་རྩ་བར་གྱུར་པའི་གནས་གཞན་མངོན་པར་འགྲུབ་བོ།། ་དེ་ལས་གཞན་དུ་ཉེ་ཚེ་བའི་སེམས་ཅན་དམྱལ་བ་ལ་སོགས་པའི་སྣོད་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་རི་དང་། འབྲོག་དང་། མྱ་ངམ་དང་། རི་སུལ་དང་། གཡང་ས་དང་། ཆུ་འགྲམ་ལ་སོགས་པའི་གནས་མངོན་པར་གྲུབ་པ་གང་མི ་ཤེས་པ་འདི་ཡང་མ་རིག་པ་ཞེས་བྱའོ།། གླིང་བཱཝཱི་ནི་ཤར་གྱི་ལུས་འཕགས་དང་། ལྟོའི་འཛིམྦུའི་གླིང་དང་། ནུབ་ཀྱི་བཱ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་ནོ།། བར་གྱི་གླིང་བརྒྱད་ཅེས་བྱ་བྱ་ནི། ཤར་གྱི་ལུས་འཕགས་ཀྱི་འཁོར ་ལུས་དང་། ལུས་འཕགས་དང་། ལྷོའི་འཛམྦུའི་གླིང་གི་འཁོར་གཡོ་ལྡན་དང་། ལམ་མཆོག་དང་། ནུབ་ཀྱི་བ་གླང་སྤྱོད་ཀྱི་འཁོར་རྔ་ཡབ་དོང་། རྔ་ཡབ་གཞན་དང་། བྱང་སྒྲ་མི་སྙན་གྱི་འཁོར་སྒྲ་མི་སྙན་དང་། སྒ་མི་སྙན་གྱི་ཟླའོ།། གླི ་དང་ཉེ་བའི་གླིང་དེ་དག་རབ་ཏུ་དབྱེ་བས་རྣམ་པ་མང་པོར་ཐ་དད་དེ། རང་གི་རྣམ་པར་ཤེས་པ་སྣང་བ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྤྲོས་པ་སྣ་ཚོགས་པའི་བག་ཆགས་ཀྱིས་བགོས་པ་དེ་ལྟ་བུ་མི་ཤེས་པ་གང་ཡིན་པ་འདྲ་ཡང ་མ་རིག་པ་ཞེས་བྱའོ།། ལྷ་དྲུག་གོ་སེམས་ཅན་གྱི་སྣོད་ཀྱི་རྣམ་པའི་རྣམ་པར་རིག་པ་སྣང་བའི་བྱེ་བྲག་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ངོ་བོ་མ་ལུས་པ་ལ་གོང་བུར་འཛིན་པའི་རྟོག་པའི་དབང་གིས་བྱུང་བ་རྣམས་གང་ཡི་ཤེས་པ་འདི་ཡང ་མ་རིག་པ་ཞེས་བྱའོ།། དེ་ལ་ལྷའི་རིགས་དྲུག་ཅེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་དང་གསུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད།། གཞན་ཡང་གང་རིག་སྔགས་འཆང ་གྲུབ་པ་དང་། དྲང་སྲོང་དང་། ན་མཁའ་ལྡིངྒ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་དང་། རྒྱུ་སྐར་དང་། གཟའ་དང་། སྐར་མ་དང་། ཟླ་བ་དང་། ཉི་མ་འཁྱོར་དང་བཅས་པ་ལ་གཞལ་མེད ་ཁང་དང་བཅས་ཏེ། སྐྱེ་བ་དང་འཇིག་པ་རང་གི་ལས་ཀྱི་དབང་གིས་རྣམ་པར་རིག་པའི་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྗེསུ་སོང་བ་རྣམས་དང་། སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས ་སྐྱེ་བའི་སྐྱེ་གནས་ཀྱི་བྱེ་བྲག་གིས་དུད་འགྲོའི་འགྲོ་བ་སྣ་ཚོགས་ཀྱི་རྣམ་པར་རིག་པའི་རྣམ་པར་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྒོས་པའི་རྒྱུན་ཅན་བོང་བུ་དང་། ཕག་དང་། སྤྲེའུ་དང་། གླང་པོ་ཆེ་དང་། རྔ་མོ་དང་། རྟ་དང་། རི་དགས ་དང་ཏམ་ཧེ་དང་། བ་གླང་དང་། བ་མེན་དང་། འབྲི་དང་། ཁྱི་དང་། ཝ་དང་། ནེའུ་ལེ་དང་། བྱི་བ་དང་། སེང་གེ་དང་། སྟག་དང་། དྲེད་དང་། དོམཱ་དང་། སྤྱང་ཀི་དང་། བྱི་ལ་དང་། ཉ་དང་། རུས་སྦལ་དང་། ཆུ་སྲིན་དང་། ཆུ་སྲིན་བྱིས ་པ་གསོད་པ་དང་། སྦྲུལ་དང་། གྲོག་སྦུར་དང་། སྡོམ་དམ། ཕྱེ་མ་ལེ་བ་དང་། སྡིག་པ་དང་། གྲོག་མོ་དང་། སྲིན་བུ་དང་། གྲོག་མཁར་དང་། སྦྱིན་གོར་དང་། ཤིག་དང་། འབྲུ་དང་། ཚུ་ན་གནས་པ་དང་། ནེ་ཙེ་དང་། རཱི་སྐེགས་དང་། ཁུ་བྱུག་དང་། ་རྨ་བྱ་དང་། ངང་པ་དང་། ཁྲུང་ཁྲུང་དང་། ཆུ་སྐྱར་དང་། ཁྭ་དང་། བྱ་རྒོད་དང་། འུག་པ་དང་། ཤང་ཤང་ཏཱའུ་དང་། མད་པ་བཟངས་ལ་སོགས་པ་གནས་མ་ངེས་པའི་འགྲོ་བས་རང་གི་ལྔས་ཀྱི་བག་ཆགས་གཞན་གྱི་དབྱང་གིས་རྣམ་པར་རིག་པ་སྣང ་བབའི་རྣམ་པ་ལ་གནས་བཅས་ཏེ། དེ་ལྟར་ན་འགྲོ་བ་སྐྱེ་གནས་ཐ་དད་པ་དུ་མེའི་བྱེ་བྲག་གིས་ཐ་དད་པའི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཞེས་གྲགས་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བྱེ་བྲག་ལ་རྟོག་པ་རིལ་པོར་འཛིན་པ་ལས་བྱུང་བ་གཅིག ་ཏུ་བསྡུས་ནས་འདོད་པའི་ཁམས་ཞེས་བྱའོ།། ཡང་སྨོས་པ། ཁམས་འགྲོ་སྐྱེ་གནས་བྱེ་བྲག་གིས། འདོད་སྲིད་རྣམ་པ་སུམ་ཅུ་དྲུག། ལྷ་དྲུག་མི་ནི་བཅུ་གཉིས་དང་། དམྱལ་བ་བཅུ་དྲུག་དུད་འགྲོ་དང་། ཡི་དགས་ལྷ་མཱ་ཡིན་དུ་བཅས།། དེ་ལྟ་བུའི ་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་བག་ཆགས་ལས་བྱུང་བ་གང་མི་ཤེས་པ། ཡོངསུ་མི་ཆོད་པ། བསྒྲིབས་པ། མི་གསལ་བ། ཁོང་དུ་མ་ཆུད་པ་ཡོངསུ་མི་ཤེས་པ། མུན་པ་ཡུན་ནག་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་དང་། ་རྒྱུ་དང་། ལས་དང་། འབྲས་དང་། བདེན་པ་དང་། དཀོན་མཆོག་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མི་ཤེས་པ་གང་ཡིན་པ་དེ་མ་རིག་པ་སྟེ་ཁམས་གསུམ་གྱི་སྒྲིབ་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་མདོ་ལས་ཁམས་དྲུག ་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། ་སྲོག་ཏུ་འདུ་ཤེས་པ་དང་། སྐྱེས་བུར་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་འདུ་ཤེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བ་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སྩོགས ་པ་མི་ཤེས་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བསྟན་ཏོ།། དེ་ལ་སའི་ཁམས་ནི་རྫས་བརྒྱད་ཡིན་པའིའོ་ཕྱིར་གཙུག་པུར་འདུ་ཤེས་པ་མི་རུང་ངོ་།། རྡུལ་ཕྲ་མོ་རྣམས་ནི་ཕྲིན་ཚུན་བསགས་པའི་བདག་ཉིད་མ་ཡིན་པའི་ཕྱིར་རིལ་པོར་འཛིན་པར ་མི་རུང་ངོ་།། རྒྱུ་རྐྱེན་འབྲེལ་པར་འཇུག་པའི་ཕྱིར་རྟག་པར་འདུ་ཤེས་པར་མི་རུང་ངོ་།། ཡུན་རང་དུ་མི་གནས་པའི་ཕྱིར་ཐེར་ཟུག་ཏུ་འདུ་ཤེས་པ་མེདདོ།། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་བརྟན་པར་འདུ་ཤེས་པ་མེ་དོ།། འདུ་བྱེད་དང་། འགྱུར་བའི ་སྡུག་བསྔལ་དང་ལྡན་པའི་ཕྱིར་བདེ་བར་འདུ་ཤེས་པ་མདོ།། མི་གཙང་བའི་རྫས་རྣམ་པ་སུམ་ཅུ་རྩ་དྲུག་འདུས་པའི་ཕྱིར་གཙང་བར་འདུ་ཤེས་པ་མེདདོ།། འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་རྫས་དུ་མ་ཡིན་པའི་ཕྱིར་བདག་ཏུ་འདུ་ཤེས་པ ་མེད་དོ།། སེམས་དང་སེམས་ལས་བྱུང་བས་བྱིན་གྱིས་བརླབས་པའི་ཕྱིར་སེམས་ཅན་དུ་འདུ་ཤེ་པ་མེད་དོ།། བྱ་བ་མེད་པའི་ཕྱིར་སྲོག་ཏུ་འདུ་ཤེས་པ་མེདོ།། ཡང་འགྲོ་བ་དང་། འོང་བ་དང་བྲལ་བའི་ཕྱིར་གང་ཟག་ཏུ་འདུ་ཤེས ་པ་མེད་དོ།། ང་དང་ང་ཡིར་རློམ་སེམས་དང་བྲལ་བའི་ཕྱིར་ཤེད་ལས་དང་། ཤེད་བུར་འདུ་ཤེས་པ་མེད་དོ།། དྲི་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་ཤེད་ལས་སྐྱེས་ལ་སོགས་པ་འདུ་ཤེས་པ་མི་རིག་སོ།། ། ་དེ་ལྟར་ན་ཁམས་དྲུག་པོ་མི་རྟག་པ་ལ་སོགས་པའི་རང་གི་ངོ་བོ་དེ་དག་མི་ཤེས་པ་གང་ཡིན་པ་འདི་ནི་མ་རིག་པ་ཞེས་བྱའོ།། དེ་ལ་མ་རིག་པ་ཞེས་བྱ་བ་ནི་རིག་པ་མ་ཡིན་པ་མ་རིག་པའོ།། རིག་པ་མེད་པ་ནི་མ་ཡིན་ཏེ། མེད་པ་ནི་ཅི་ཡང ་མ་ཡིན་ནོ།། མ་རིག་པ་རིག་པ་ལས་གཞན་དུ་རིག་པ་གཞན་ཉིད་ཡིནོ།། དེ་བས་ན་མེང་པ་དགག་པ་ཡང་མ་ཡིན།། དེ་བས་ན་མེད་པ་དགག་པ་ཡང་མ་ཡིན། གཞན་ཉིད་ཀྱང་མ་ཡིན་ནོ།། འོ་ན་ཅི་ཞེ་ན། འགལ་བ་ཡིན་ཏེ། མ་རིག་པ་ན་རེག་པ ་མ་ཡིན་པ། རིག་པའི་ཆོས་དང་འགལ་བ་མ་རིག་པ་ཞེས་བྱའོ།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དེ་གྲོང་ཡན་ཆད་གནས་བཅུ་བདུན་གྱི་རྣམ་པར་རིག་པ་སྣང་བ་ནི་གཟུགས་ཀྱི་ཁམསོ།། དེ་འབྱུང་བ་ནི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་རྣམ་པར་རྟོག་པའི་དབང་གིས་བྱུང་ངོ་།། གནས་དག་ནི་བསམ་གཏན་བཞི་བསྒོམ་པ་རྣམ་པ་གསུམ་དང་ལྡན་པས་ཚངས་རིགས་ལ་སོགས་པ་བཅུ་གཉིས་དང་། བསམ་གཏན་བཞི་པ་སྤེལ ་བར་བསྒོམ་པ་དང་ལྡན་པས། གནས་གཙང་མའི་གནས་ལྔའོ།། དེ་ལ་དང་པོ་ཚངས་རིས་པ་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོའོ།། གཉིས་པ་ནི་འོད་ཆུང་དང་། ཚད་མེད་དང་། འོད་གསལ་ལོ།། གསུམ་པ་ནི་དགེ་ཆུང ་དང་། ཚད་མེད་དགེ་དང་། དགེ་རྒྱུསོ།། བཞི་པ་ནི་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་འབྲས་བུ་ཆེའོ།། གནས་གཙང་མ་ཡི་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། འོག་མིན་ནོ།། བསམ་གཏན་བཞིའི་ས ་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པ་དང་། བདེ་བ་དང་། བཏང་སྙོམས་དང་མཚུངས་པར་ལྡན་པ་དང་། བསམ་གཏན་ཁྱད་པར་ཅན་དང་། མི་ལྕོགས་པ་མེད་པའི་ས་འདི་དག་གང་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ ་རྟོགས་པ་འདི་ཡང་མ་རིག་པ་ཞེས་བྱའོ།། གང་ཡང་མིང་ཙམ་གྱི་འདུ་ཤེས་སྣང་བའི་རྣམ་པར་རིག་པའི་རྣམ་པར་རྟོག་པ་ལས་བྱུང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་ན་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་། འདུ ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱིས་རྣམས་གང་མི་ཤེས་པ་དང་། མངོན་པར་མ་རྟོགས་པའི་དང་། མ་རྟོགས་པ་དང་། མ་མཐོང་བ་འདི་ཡང་མ་རིག་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས། བསམ་གཏན ་བཞི་དང་མི་ལྕོགས་མེད།། ཁྱད་པར་ཅན་གྱི་ས་རྣམས་དང་།། གཟུགས་མེད་སྙོམས་པར་འཇུག་པ་ཡི།། འདུ་ཤེས་ཐ་དད་བཞི་རྣམས་དང་།། རྣམ་དག་རྣམས་ཀྱི་ས་གཞི་དང་།། ས་བཅུ་བསྟན་པའི་བདག་ཉིད་རྣམས།། དབང་ཕྱུག་ཆེན ་@པོ་ཐོབ་པའི་གནས།། དེ་ནི་ཁམས་གསུམ་མ་གཏོགས་པ།། རང་སེམས་རྣལ་འབྱོར་རྣལ་འབྱོར་དབང་།། རྣམ་པར་དག་པ་འབྱུང་བའི་ས།། ཡེ་ཤེས་ཏིང་ངེ་འཛིན་དང་གཟུགས།། དབང་དང་སོ་སོར་རིག ་པ་ནྡན། ཞེས་གསུངས་ཏེ། དེ་ལ་ཡང་གླང་ཉོན་མོངས་པ་ཅ་ནུ་མ་ཡིན་པའི་མི་ཤེས་པ་དང་། མ་མཐོང་བ་དང་། མངོན་པར་མ་རྟོགས་པ་དང་། ཁོང་དུ་ཆུད་མ་པ་བསྒོམ་པ་ལམ་གྱི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་པ་དེ་ཡང་མ་རིག ་པ་ཞེས་བྱའོ།། དེ་ལྟ་བས་ན་མ་རིག་པའི་མུན་པའི་རབ་རིབ་ཀྱི་ལིང་ཐོག་གིས་མིག་བསྒྲིབས་པའི་ཕྱིར་ཡུལ་རྣམས་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་རྣམ་པོའི་རྣམ་པར་རིག་པ། ཕྱིན་ཅི་ལོག་གི ་རྣམ་པར་རྟོག་པའི་བག་ཆགས་སྣང་བ་ཉིད་ཀྱིས་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བ་ལ་སོགས་པར་ཕྱིན་ཅི་ལོག་པས་འདོད་ཆགས་དང་། ཞེ་སྡང་དང་། གཽཏི་མུག་རྒྱས་པའི་འདོད་ཆགས་སྐྱེས་པའི་ལོས་ཀྱང་མངོན ་པར་འདུ་བྱེད།། འདོད་པ་ལ་གེགས་བྱེད་པ་དང་ལྡན་པའི་ཕྱིར། ཞེ་སྡང་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད།། ལམཱ་མ་ཡིན་པ་ལ་ལཱམ་དུ་འདུ་ཤེས་པ་དང་། མ་དྲུག་པ་ལ་དག་པར་འདུ་ཤེས་པ་དང་། གྲོལ་བ ་མ་ཡིན་པ་ལ་གྲོལ་བར་འདུ་ཤེས་པོའི་ཕྱིར་གཏི་མུག་ལོས་སྐྱེས་པ་ལས་མངོན་པར་འདུ་བྱེད།། དེ་གཉིས་ལས་བཟློག་པ་ཉིད་ཀྱིས་གཡོ་བའི་ལས་ཀྱང་མངོན་པར་འདུ་བྱེད།། རྐྱེན་དེ་དང་། གཞི་དེས་མ་རིག་པར་ཆག ་པ་དང་ཞེ་སྡང་། གཏི་མུག་དང་། དུ་རྒྱལ་དང་། ལྟ་བུ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་རྗེས་སོང་བའི་ཕྱིར་ལུས་ཀྱི་ལས་མི་དགེ་བ་བདག་དང་བཤེས་པ་ཡོངསུ་བསྒྲུབ་པའི་ཆེད་དུ་སྲོག་གཅོད་པ་དང་། མ་བྱིན་པར་ལེན ་པ་དང་། འདོད་པས་ལོག་པར་གླཡོམ་པ་དང་། མྱོས་པའི་རྒྱུ་ཆང་འཐུང་བ་གཞན་དུ་མི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད།། ངག་གི་བརྫུན་དང་། ཕྲ་མོ་དང་། ཚིག་རྩུབ་པོ་དང་། དོན་མེད་པར ་སྨྲས་པ་མཱི་འདོད་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་ཡང་མངོན་པར་འདུ་བྱེད་དོ།། ཡིད་ཀྱི་ལས་བརྣ་བ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་མཚུངས་པར་ལྡན་ཡང་མངོན་པར་འདུ་བྱེད་ལུས་དང་། ངག ་ངག་ཡིད་ཀྱིས་ཉེས་པར་སྤྱོད་པའི་ལས་ཀྱི་ཆོས་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་དམྱལ་བ་དང་། ཡཱི་དགྲས་དང་། དུད་འགྲོ་དང་། ལྷ་དང་། མཱི་དང་། ལྷ་མ་ཡིན་རྣམས་སྐྱེས་པར་འགྱུར་རོ།། དྲི་ཉིད་ཀྱི་ཕྱིར། ཤེས ་པ་སྱ་ཡུལ་འདོད་ཆགས་དྲོང་ཞེ་སྡང་གཏི་མུག་མངོན་དུ་བྱེད། ཅེས་བྱ་བ་སྨོསྡེ་ཏཱི། དེ་ལ་མི་ཤེས་པོས་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀྱི་དངོས་པོ་མངོན་པར་འདུ་བྱེད་པས་ལྷག་པར་བསྒོམ་པའི་འདུ་བྱེད་ཀྱི་དངོས ་པོ་སོ་སོར་རིག་པའི་ངོ་བོའི་རྣམ་པར་ཤེས་པ་མངོན་པར་འགྲུབོ།། དེ་ཉིད་ཀྱི་ཕྱིར། དེ་ལས་འདུ་བྱེད་དངོས་པོ་ནི།། རྣམ་པར་རིག་པའི་རྣམ་ཤོས་འབྱུང་།། ཞེས་བྱ་བ་སྨོས་ཏེ། དེ་ལས་ཞེས་བྱ་བ་ནི། འདུ་བྱེད་ལ་བརྟེན་ནས་སོ།། ་དངོས་པོ་ནི་རྣམ་པར་རིག་པའི་ཞེས་བྱ་བ་ནི་རྣམ་པར་རིག་པ་སྟེ། རྣམ་པར་ཤེས་པ་ལ་ལས་ཀྱི་བགྲ་ཆགས་འཇོག་པ་ཞེས་བྱ་བའི་ཐ་ཚིགོ། རྣམ་ཤེས་ལྷན་ཅིག་འབྱུང་བ་ནི།། གཟུགས་ཅན་མ་ཡིན་ཕུང་པོ་བཞི ་ཞེས་བྱ་བ་ལ་རྣམ་ཤེས་ལྷན་ཅིག་འབྱུང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བའོ།། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད ་དང་རྣམ་པར་ཤེས་པ་ཞེས་བྱ་བྱ་རྣམ་སོ།། གཟུགས་ཅན་མ་ཡིན་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བསགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཡིན་གྱི། རྟག་པ་མ་ཡིན་ནོ།། འོ་ན་ཅི་ཞེས། སེམས་དང་སེམས ་ལས་བྱུང་བའི་ངོ་བོ་དྲག་ཡིན་ནོ།། ཕུང་པོ་ཉིད་ན་རྫས་དུ་མའི་བདྲག་ཉིད་ཡིན་པའི་ཕྱིརརོ།། གཟུགསྔ་ནི་ཁམ་སྲ་བཞི་པོ་ཕ་མའི་ཁུ་ཆུ་དང་། ཁྲག་ལས་བྱུང་བ་ས་དང་། ཆུ་དང་མ་དང་རླུང་གི་ཁམས་ཏེ། དེ་དག་བསྒོས་ནས ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ།། མིང་དང་གཟུགས་ལོ་བརྟེན་ནས་ནི། དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། ཞེས་བྱ་བ་ནི། གང་སྔོན་དབང་པོ་ལ་སྲེད་པ་དང་བཅས་པའི་བྲག་ཆགས་མིང ་དང་། གཟུགས་ལ་བཞག་པའི་མིང་གཟུགས་དེས་རྐྱེན་བྱས་ནས་མིག་ལ་སོགས་པའི་དབང་པོ་དྲུག་མངོན་པར་འགྲུབ་པས་དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར་ཞེས་བྱའོ།། དབང་པོ་སྐྱེ་མཆེད་སྒོ་དྲུག་ནི་རྟེན་དུ་གྱུར་པ་སྟེ། ་གཟུགས་ལ་སོགས་པའི་ཡུལ་དམིགས་པའི་རྣམ་པར་རིག་པ་སྣང་བ་འཛིན་པའི་རང་གི་ངོ་བོ་རྣམས་མངོན་པར་སྒྲུབ་པས་བཅོམ་ལྡན་འདས་ཀྱིས་མིང་དང་། གཟུགས་ལ་བརྟེན་པའི་དཔུང་པོ་རྣམས་ནི་སྐྱེ་མཆེད་དྲུག ་ཞེས་གསུངསོ།། ཡུལ་དང་དབང་པོ་རྣམ་པར་ཤིག། འདུས་པ་ལས་ནི་རི་པ་འབྱུང་ཞེས་བྱ་བ་ནི་དབང་པོ་སྐྱེ་མཆེད་དྲུག་པོ་རྐྱེན་དུ་བྱས་ནས་ཡུལ་ལ་དབང་པོ་དང་། རྣམ་པར་ཤེས་པ་འདུས་པའི་ཕྱིར་རེག་པ་སྟེ། དབང་པོ་དང ་རྣམ་པར་ཤེས་པ་དག་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རེག་པ་ལྟ་བུར་བར་མཆོད་ཉིད་དུ་འཇུག་སྟེ། འདི་ལྔ་རེག་པ་ནི་འགའ་ཡང་མེ་དོ།། བསྔགས་པ་མ་ཡིན་པ་རྣམ་པར་ཤེས་པ་ལྔའི་ཚོགས་བསགས་པ་ཡུལ་དང་། ་དབང་པོ་རྣམས་དང་ལྷན་ཅིག་གཅིག་ཏུ་འགྱུར་དུ་འོང་བས་རེག་པ་ལྟ་བུ་ཡིན་གྱིས་རེག་པ་ནི་མ་ཡིན་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། ཆོས་གསུམ་འདུས་པ་ནི་རེག་པའོ་ཞེས་གསུངས་ཏེ། དམིགས ་པ་སྣང་བའི་རྣམ་པར་རིག་པ་སྐྱེ་བའོ།། དེ་བཞིན་དུ་རེག་པའི་རོ་མྱང་བ་ལྷ་འཆུམས་པ་ལ། རེག་པའི་ཚོགས་དྲུག་ལ་བརྟན་ཏེ་ཚོར་བའི་ཚོགས་དྲུག་སྐྱེའོ།། དེ་ཉིད་ཀྱི་ཕྱིར། རེག་བྱུང་ཚོར་བར་ཤེས་བྱ་སྟེ། ཞེས་བྱ་བ་སྨོས་སོ།། ་ཚོར་བ་ནི་རེག་པས་བསྐྱེད་པ་སྟེ། རེག་པའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་ཚོར་བ་ཞེས་བྱ་བ་ནི་དེས་ཚོར་བར་བྱེད་པས་ན་ཚོར་བ་སྟེ། ཚོར་བ་ནི་མྱོང་བའོ།། བདེ་བ་དང་སྡུག་བསྔལ་བ་དང་། བོདེ་བ་ཡང་མ་ཡིན། སྡུག ་བསྔལ་བ་ཡང་མ་ཡིན་པ་དང་། ཡིད་བདེ་བ་དང་། ཡི་མི་བདེ་བའི་བྱེ་བྲག་ལ་ཚོར་བ་སྣང་བའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཡུལ་དང་། དབང་པོ་དང་རྣམ་པར་ཤེས་པ་གསུམ་ཚན་དྲུག་གི་བྱེ་བྲག་གིས་ཚོར་བའི ་ཚོགས་དྲུག་སྐྱེ་བས་བཅོམ་ལྡན་འདས་ཀྱིས་རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ་ཞེས་གསུང་སོ།། དེ་བཞིན་དུ་ཚོར་བའི་རོ་མྱང་བཅུ་ཟད་ལ་ཆགས་ཤིང་མངོན་པར་ཞེན་པའི་བདག་ཉིད་ནི་ཚོར་བའི་རྒྱུ་ཅན་གྱི་སྲེད་པ་ཞེས་བྱ་བ་སྲེད་པ་སྐྱེ ་སྟེ། དེ་བཞིནི་ཚོར་ལྔས་སྲེད་པ་འབྱུང་། ཞེས་བྱ་བ་སྨོས།། སྲེད་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་ཏེ། ཆགས་པ་དང་། ལྷག་པར་ཞེན་པ་དང་། མངོན་པར་འདོད་པ་དང་ཞེས་པ་དང་། མི་འིབྲལ་བར་འདོད་པ་དང་། དགའ་བ་དང་། ་སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་དབང་པོ་དང་ཡུལ་དང་། རྣམ་པར་ཤེས་པའི་བྱེ་བྲག་གིས་སྲིད་པའི་ཚོགས་དྲུག་ཏུ་རྣམ་པར་བཞག་པ་སྟེ། སྲེད་པར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་དབང་གིས་བྱུང་བའི་སྲེད་པའི ་ཚོགས་དྲུག་སྐྱོ་བས་བདེ་བར་གཤེགས་པས་ཚོར་བ་ལ་ཞེས་པ་ནི་སྲེད་པའོ་ཞེས་གསུངསོ།། དེ་ལྟར་ལྷག་པར་ཞེན་པའི་སྲིད་པ་འཕེལ་བ་ནི་ལེན་པའོ།། དེ་ཉིད་ཀྱི་ཕྱིར། སྲེད་འཕེལ་ཉེ་བར་ལེན་པ་སྟེ། ཞེས་བྱ་བ་སྨོསོ།། སྲེད་པ་ནི་ཚོགས ་པས་ཀུན་ནས་འཁྱུད་པ་འབྲལ་བར་མི་འདོད་པ་རྒྱུའོ།། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ལ་སོགས་པ་ནི་ལེན་པ་སྟེ། ཉེ་བར་ལེན་པའི་ཕྱིར་ཉེ་བར་ལོན་པའོ།། ཉེ་བར་ལྔ་པའི་ལེན་པ་ནི་ཉེ་བར་ལེན་པའོ།། རང་གི་ལས་ཇི་ལྟར ་བླངས་པའི་ལམ་རྒྱགས་ཀྱི་གཞན་གྱི་དབ་གིས་ལེན་པ་ལས་སྐྱེས་པ་ཡང་སྲིད་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་ལེནྡྲ་པཱ་ལས་ནི་སྲིད་པ་འབྱུང་བ་ཞེས་བྱ་བ་སྨོསོ།། རླུང་གི་ལྔས་ཀྱི་བག་ཆ། ས་ཇི་ལྟ་བ་སྣད་པའི་རྣམ་པ་ཅན་གྱི་རྣམ་པར་རིག ་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྐྱིད་པ་མངོན་པར་བསྒྲུབ་པའི་ཕྱིར་སྲིད་པ་ཞེས་བྱ་བ་སྟེ་ཡང་འབྱུང་བའི་ཕྱིརརོ།། རང་གི་ལུས་ནི་བགྲ་ཆ་གོས་ཇི་ལྟ་བའི་དབང་གིས་ཞེས་བྱ་བ་ན་དགེ་བ་དང་མི་དགེ་བ་དང་། མི་གཡོ་བའི་ལྔས་ཀྱི ་བག་ཆགས་ཀྱི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ན་ལས་ཀྱི་སྲིད་པ་ནི་རྒྱུ་ཡི་ནོ།། སྲིད་ལས་ཕུང་འབྱུང་སྐྱོ་བ་སྐྱེ།། ལས་ཀྱི་སྲིད་པའི་རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ།། དེ་ལ་ཕུང་པོ་འབྱུང་བ་ཞེས་བྱ་བ་ནི་ཕུང་པོ་སྐྱེ་བ་སྟེ། ་ཁམས་དྲང་སྐྱེ་མཆེད་ཐོབ་པ་ཡང་བསྡུས་ཏེ་སྐྱེ་བ་ཞེས་བརྗོད་དོ།། དེ་ལ་ཕུང་པ་ཞེས་བརྗོད་དེ།། དེ་ལ་ཕུང་པོ་ཞེས་བྱ་བ་ནི་རྗེས་དུ་མ་བསགས་པའི་ཕྱིར་སྲུངས་པའི་དོན་ནི་ཕུང་པོའི་དོན་ཏོ།། ཡང་ན་མི་རྟག་ཉིད་ཀྱིས་འཇོམས་པའི་ཕྱིར་ཏེ། སྐྱེས་མ ་ཐག་ཏུ་མི་རྟག་པ་ཉིད་ཀྱི་སྲིན་པོས་ཟ་བར་བྱེད། འཇོམས་པར་བྱེད། འཇིག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་མངོན་པར་གྲུབ་ན་སྐྱེ་བའི་རྒྱུ་སོ་སྐྱེ་བོའི་རྐྱེན་ཅན་གྱི་རྒ་བ་ཉིད་འགྲུབ་བོ།། དེ་ཉིད་ཀྱི་ཕྱིར། དེ་བཞིན་སྐྱེ་ལས་རྒ་བའོ།། ཞེས་བྱ། ་བ་སྨོས་ཏེ། སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རྒ་བ་ནི་བརྙིངས་པ་ཉིད་དོ།། ཉམ་ཆུང་བར་བྱེད་པ་དང་། སྤྱི་གཅེར་བ་དང་། མགོ་སྐྱ་བོ་དང་། གཉེར་མས་གང་བ་དང་། སྐུར་བ་དང་། རྐུ་བ་དང་། ཀྱོར་ཀྱོར་པོ་དང་། སྒྲ་ངར་ངརོ ་པོ་ཉིད་དང་། ཁར་བ་ལ་བརྟེན་པ་དང་། སྤྱོད་པ་མི་གྲསལ་བ་དང་། དབང་པོ་ཉམས་པ་དང་། དྲན་པ་ཉམས་པ་ཞེས་བྱ་བ་དེ་ལྟ་བུ་ནི་སྐྱེ་བའི་རྐྱེན་གྱིས་མངོན་པར་བསྒྲུབ་པའི་ཕུང་པོ་རྣམས་རང་གི་ལུས།། ་ཀྱི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབང་གིས་བསྐྱེད་པའི་བརྙིངས་པ་ནི།། རྒ་བ་ཞེས་བྱའོ།། དེ་ལྟར་རྒ་བས་རྒས་པོར་འགྱུར་བའི་ཕུང་པོ་གཞན་དུ་འགྱུར་བ་ནི་འཆི་བ་ཞེས་བྱའོ།། དེ་ཉིད ་ཀྱི་ཕྱིར་སྨྲས་པ། དེ་བཞིན་རྒ་བའི་ཕུང་མེད་པ།། དེ་ན་འཆི་བ་ཞེས་བརྗོད།། དེ་ལ་རྒ་བ་ཞེས་བྱ་བ་ནི་ཤིག་ཤིག་པོར་གྱུར་པ་རྒ་བའི་རྐྱེན་གྱིས་འཆི་བ་འབྱུང་།། དེ་ལ་འཆི་བ་ཞེས་བྱ་བ་ནི་ཕུང་པོ་གཞན་དུ་གྱུར་པ་སྟེ། འཆི་བ་དང་། ཤི་བཱ་དང་། ་དུས་བྱེད་པ་དང་། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དང་། འཕོ་བ་དང་། འགྲོ་བ་དང་། ཕུང་པོ་གྱིས་པ་དང་། ཕུང་པོ་འཇིག་པ་དང་། ཚེ་ཟད་པ་དང་། སྲོག་གི་དབང་པོ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུས་པ་ནི་རྒ་ཤིའོ།། ། ་འཚོ་བར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ། ཕུང་པོ་འཇིག་པ་འཆི་བ་སྟེ། གནས་སྐབས་ཐ་མ་ཉལ་བའི་ཐ་མ་རྣམ་པར་ཤེས་པ་འཕོ་བ། དྲོདཽ་ཡལ་བ། ཚེ་དང་བྲལ་པ། རིས་འཐུན་པ་འདོར་པ། ་སྲིད་པར་འཕོ་བའོ།། གང་ཡང་རྣམ་པར་ཤེས་པ་ཐ་མའི་གནས་སྐབས་ན་གནད་འཆད་པ་ལ་སོགས་པས་བསྐྱེད་པ་རྣམས་རྣམ་པ་དུ་མར་བླ་བ་དང་། བློང་བ་དང་། ཉམ་ཆུང་བ་དང་། ཡོངསུ་བརྙིངས་པ་དང་། ཞན་པ་དང་། འགག་འགག་པོ ་དང་གདོང་མདོག་ངན་པ་དང་། མགོན་མེད་པ་དང་། རང་གི་ལས་ཀྱི་རྣམ་པར་རྟོག་པ་ལས་བྱུང་འི་གཤིན་རྗེའི་མི་དེ་དག་གིས་ཕར་དུར་ཁྲིད་པའི་རྣམ་པར་སྣང་བའི་རྣམ་པར་རིག་པ་དང་། སྲོག་གི་ལྷག་ལ་ཅུང་ཟད་ཙམ་ལུས་པ་ལས ་དབུགས་བརྩེགས་པ་འབྱུང་བ་དང་། མི་དགའ་བ་དང་། འགུལ་བ་དང་། ན་ཡོངསུ་བན་སྨྲས་པ་དང་། སྣ་ཞོམ་པ་དང་། རྡུལ་པ། བརླན་དང་། དྲི་མ་དང་། རང་གི་གཅིན་དང་། ཕྱི་ས་དང་། ཁ་ཆུ་ལུས་ལ་ཆགས་ཤིང་གོས་པ་དང་། ་གྲོགས་མེད་པར་མུནཱ་ནག་ཆེན་པོ་དང་། གཡང་ས་དང་། རཱི་དང་། བོག་རི་དང་། ནགས་ཚལ་ཐིབས་པོ་དང་། ཁང་སྟེང་དང་། ཁྱུ་མི་དང་། གཞལ་མེད་ཁང་དང་ཤ་སྟེང་ཁྱམས་དང་། ཁོང་པ་བརྩེགས་པ་དང་། མེ་འོབྲས་དང་། མཚོ་ཆེན ་པོ་དང་། སོགས་མའི་ཕུང་པོར་འགྲོ་བའི་ལྟ་བུའི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕུང་པོ་གཞན་ལེན་པ་ནི་འཆི་བ་ཞེས་བྱའོ།། རྨོངས་པ་འཆི་ལས་མྱ་ངན་ཏེ། ཞེས་བྱ་བ་ནི་སྲིད་པ་དང་། བཅས་པའི་ནང་གི་གདུང་བ་ནི་མྱ་ངན་ཏོ།། ནང་གི ་གདུང་བ་ནི་ཞེས་བྱ་བ་ནི་སེམས་ཡོངསུ་གདུང་བའོ།། མྱ་དྲན་བྱེད་པའི་ཕྱིར་མྱ་དྲན་ཏེ། དེ་ནི་བད་དྨ་དགའ་བའི་དངོས་པོ་དང་། སྡུག་པའི་དངོས་པོ་དང་བྲལ་བར་འགྱུའོ་སྙམ་དུ་མི་དགེའ་ཞིང་གདུངས་པས་ན་མྱ་ངན་ཞེས་བྱའོ།། ལས་ཇི་ལྟར་འཕག ་པོའི་རྣམ་པར་སྣང་བའི་རྣམ་པར་རིག་པ་མངོན་དུ་གྱུར་པོ་ནི་དགོའ་བ་དང་། འཇིགས་པ་དང་། མི་དགའ་བའི་རྣམ་པ་བསྐྱེད་པ། གནད་འཆད་པའི་སྡུག་བསྔལ་དང་། སེམས་བླང་བར་གྱུར་པའི་མྱ་ངན་ལས་གཞན་དུ་བསླངས་པ་ཀྱེ་མ་ཀྱེ་ཧུང ་ཅི་གང་གིས་ཇི་ལྟར་གང་དུ་སྐྱབསུ་གཤེགས་ཤིང་གཟིགས། འདིར་འགྲོའོ།། བདག་ནི་སྔོ་སོ།། བླང་སོ།། བརྒྱབ་པོ། ཤྲཱིའོ།། ཟོས་སོ།། ཞིག་གོ།། རབ་ཏུ་ཞིག་གོ། ཀྱི་ཧུད་མ་ཅག། ཀྱི་རྒུད་པ་ཅིག། ཕུ་ནུ་པོ ་ཞེ་བུ། བུ་མོ་ཆུང་མ་ཞེས་རྣམ་པ་མང་བར་བླ་བ་ཕྱིན་ཅི་ལོག་གི་ཚིག་སྒྲོགས་པས་བསྐྱེད་པའི་རྡོལ་པའི་གདུང་བ་ནི་སྨྲེ་སྔགས་འདོན་པའོ།། དེ་ཉིད་ཀྱི་ཕྱིར། མྱ་ངན་ལས་ནི་བརྗོད་པ་གང་། དྭེ་ནི་སྨྲེ་སྔགས་འདོན་ཞེས་བྱ། ཞེས་བྱ་བ་སྨྲས་སོ།། ་སྨེ་སྔགས་འདོན་པ་ལས་བྱུང་བ།། རྣམ་པར་ཤེས་པའི་ཚོགས་ལྔ་ཡི།། སིམ་པ་མ་ཡཾ་ནི་སྡུག་བསྔལ་བརྗོད།། ལུས་ཀྱི་བདེ་བའི་བགེགས་པའོ།། སྨྲེ་སྔོགས་འདོན་པ་ལས་བྱུང་བ། ཞེས་བྱ་བ་ནི་སྨྲེ་སྔགས་འདོན་པ་ལས་སོ།། རྣམ་པར་ཤེས་པ་ལྔའི ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་རྗེ་སུ་དྲན་པས་ཉེ་བར་བསྐྱེད་པ། རྣམ་པར་ཤེས་པའི་ཚོགས་ལྔ་པའི་སྡུག་བསྔལ་ཉེ་བར་གནོད་པར་བྱེད་པ། སིམ་པ་མ་ཡིན་པ་ཉམསུ་མྱོང་བ། ་ལུས་ཀྱི་བདེ་བའི་བགེགས་བྱེད་པའི་བདག་ཉིད་སྡུག་བསྔལ་རྗེ་སུ་དྲན་ནས་སྔོན་རྒོད་ཀྱི་རྣམ་པ་སྣང་བའི་རྣམ་པར་རིག་པའི་དབང་གིས་བྱུང་བ་ནི་སྡུག་བསྔལ་ཞེས་བརྗོད་དོ།། ཡིད་ལ་བྱེད་པའི་སྡུག་བསྔལ་ནི། ཡིད་ལ་ཉེ་བར་གནོད་བྱེད་པ། དེ་ཡོད་མི ་བདེར་ཞེས་བྱ་སྟེ། གང་གཞོན་ཉེ་བའི་ཉོན་མོངས་རྒྱུ།། ཡིད་ཀྱིས་བདེ་བ་དང་། སྡུག་བསྔལ་རྗེ་སུ་དྲན་ནས་རྒོད་པ་དང་། དགའ་བ་དང་། རྩེས་པ་དང་། ཆེས་པ་དང་། འཕྱར་གཡེང་བྱས་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་དང་། ་མཚུངས་པར་ལྡན་པ་ཡིད་ཀྱི་སྡུག་བསྔལ་ཡང་མི་བདེ་བ་ལ་སོགས་པ་ཉེ་བར་ཉོན་མོངས་པ་སྐྱེ་བས། གང་གཞན་ཉེ་བའི་ཉོན་མོངས་རྒྱུ། ཞེས་བྱ་བ་སྨོས་ཏེ། གང་གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དེ་དག་ནི་ཉོན་མོངས་པ་ཞེས ་ཀྱང་བྱ་འཁྲུག་པ་ཞེས་ཀྱང་བྱ་ལ། དེ་ལ་སྲིད་པའི་ཡན་ལག་བཅུ་གཉིས་འདི་དག་ཉིད་ཀྱི་མིང་དོན་དང་མཐུན་པར་བསྟན་པའི་ཕྱིརརྱ། མུན་མངོན་མིན་དང་གཟུགས་དང་ནི། སྐྱེ་མཆེད་རེག་པ་སྐོམ་པའི་ཕྱིར། ཞེས་བྱ་བ་སྨོསྔོ།། དེ་ལ་མུན་པའི་ཕྱིར་མ་རིག་པའོ།། ་མངོནོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམསོ།། གཞོལ་བའི་ཕྱིར་མིང་ངོ་།། གཟུགས་ཀྱི་ཕྱིར་གཟུགས་སོ།། སྐྱེ་མཆེད་རིག་མྱོང་སྐོམ་པའི་ཕྱིར་སྐྱེ་མཆེད་དོ།། རེག་པའི་ཕྱིར་རིག་པའོ།། མྱོང་བའི་ཕྱིར་ཚོར་བའོ།། སྐོམ་པའི་ཕྱིར ་སྲེད་པའོ།། སྲེད་ལས་ཉེ་དང་ཡང་འབྱུང་དང་། སྨིན་དང་འཇིག་དང་མྱ་ངན་ཕྱིར།། ཉེ་བར་ལྡན་པའི་ཕྱིར་ལེན་པའོ།། ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ།། འབྱུང་བའི་ཕྱིར་སྐྱེ་བའོ།། སྨིན་པའི་ཕྱིར་རྐུ་བའོ།། འཇིག་པའི་ཕྱིར་འཆི་བའོ།། ་དྲན་བྱེད་པའི་ཕྱིར་མྱ་དྲན་ཏོ།། ཚིག་སོ་གས་ལུས་ལ་གནོད་པ་དང་།། སེམས་ཡིད་མི་བདེ་ཕྱིར་དང་ནི། ཉོན་མོངས་ཕྱིར་ན་མིང་དོན་མཐུན།། གཽ་རོ་མི་བཞིན་དུ་བསྟན་པ་ཡིན།། ཚིག་སྤྲོ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ།། ་སེམས་ལ་གདོང་པོའི་ཕྱིར་ཡིད་མི་བདེ་བའོ།། ཉོན་མོངས་པའི་ཕྱིར་ཉོན་མོངས་པའོ།། ཡང་དེ་ཁོ་ན་མ་ཤེས་པ། ཞེས་བྱ་བ་ལ་སོགས་པ་ནི་ཡང་བརྟགས་པའི་དོན་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ་སྟེ། ཡང་དེ་ཁོ་ན་ཡོངས་མ་ཤེས།། མོ་རིག་ལ་སོགས ་གོ་རིམ་བཞིན།། སྔ་མ་སྔ་མ་ལས་ཕྱི་མ།། སྐྱེ་བ་དག་ཏུ་ཡང་དག་བརྗོད།། དེ་ཁོ་ན་ཡོངས་མི་ཤེས་བྱ་བ་ནི་མ་རྟོགས་པ་དང་ལོག་པར་རྟོགས་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུས་མི་ཤེས་པ་ནི་མ་རིག་པའོ།། ་མ་རིག་པ་ཡོད་ན་འདུ་བྱེད་སྣ་ཚོགས་མངོན་པར་བསྒྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་འགྲོ་བ་དང་། མི་གཡོ་བ་ཉེ། འགྲོ་བའོ།། དེ་ལ་བསོད་ནམ་སུ་ཉེ་བར་འགྲོ་བའི་འོདུ་བྱེད་རྣམས་ལས་བསོད་ནམསུ་ཉེ་བར ་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ།། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་རོ།། མི་གཡོ་བར་ཉོ་བར་འགྲོ་བའི་འདུ་བྱེད་རྣམས ་ལས་མཱི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ། འདི་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ།། མཱིང་དང་གཟུགས་རྣམ་པར་འཕེལྔ་པས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང ་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་པོ་ལས་རིག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རིག་པ་ཞེས་བྱའོ།། ཇི་ལྟ་བུ་རོ་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ།། ཚོར་བའི་བྱེ་བྲག་དེ་དག་མྱོང་པོ་དང་མངོན་པར་དགའ་བ་དང་ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ།། མྱོང་བ་དང་ལྷག་པར་ཞེན་པ་ལས་བདག་སྡུག་པའི་ངོ་བོ་དང་། ་བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར་ཅིག་སྙམ་དུ་གང་གི་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་སྨོན་ཅིང་ཡང་སྲིད་པ་བསྐྱེད་པའི་ལྔསྣ་ལུས་དང་། ངག་དང་། ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས ་སྲིད་པ་ཞེས་བྱའོ།། ལས་དེ་ལས་སྐྱེས་པའི་ཕུང་པོ་རྣམས་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།། སྐྱེ་གནས་སྔོན་དུ་གྲུབ་པའི་ཕྱིར་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང་། འཇིག་པར་འགྱུར་བ ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ།། ཡན་ལག་སྔ་མ་སྔ་མ་རྣམས་ནི་ཕྱི་མ་ཕྱི་མ་སྐྱེ་བ་རྣམས་ཀྱི་རྒྱུ་ཉིད་ཡིན་པས་དེ་དག་ནི་ཕྱི་མ་འབྱུང་བའི་ཕྱིར་རྐྱེན་ཁྱེ་ན་སྟེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་ནི་རྒྱུ ་གཞན་དང་གཞན་ལས་བྱུང་བའོ།། ཡན་ལག་བཅུ་གཉིས་གསུམ་འཇུག་པ།། འདི་ནི་རྟག་ཆག་ཐོགས་མེད་སྐྱེ།། ཆུ་བོའི་རྒྱུན་བཞིན་འཇུག་པ་ཡོས།། ཐོག་མ་མེད་པའི་དུས་ཅན་འདུག། མི་རྟག་པ་མ་ཡིན་པ་དེ་ནི་རྒྱུན་ཏུ་གནས་པའི་ཕྱིརརོ།། ་འདུས་བྱས་མ་ཡིན་པ་དེ་ནི་འདུ་བྱེད་དང་བྲལ་བའི་ཕྱིར་རོ།། སེམས་པ་པོ་ཡོད་པ་མ་ཡིན་པ་དེ་ནི་སེམས་དང་བྲལ་བའི་ཕྱིར།། རྐྱེན་ལྔས་བྱུང་བ་མ་ཡིན་པ་ནི་རྐྱེན་དང་བྲལ་བའི་ཕྱིརརོ།། ཟད་པའི་ཆོས་མ་ཡིན་པ་ནི་བསོགས་པ་དང་བྲལ་བའི ་ཕྱིར།། འགོག་པའི་ཆོས་མ་ཡིན་པ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་བྲལ་བའི་ཕྱིར།། ཐོག་མ་མེད་པའི་དུས་ནས་ཞུགས་པ་ནི་དུས་ཀྱིས་མཚམས་ཡོངསུ་ཆད་པ་དང་བྲལ་བའི་ཕྱིར།། ཀླུང་གི་རྒྱུན་བཞིན་དུ་རྒྱུན་འབྱུང་བས་རྒྱུན་མ ་ཆད་པར་འཇུག་པའོ།། །། འཕགས་པ་སཱ་ལུ་ལྡང་བའི་མདོ་རྒྱ་ཆེར་བཤད་པ།། བམ་པོ་བཞི་པ་སྟེ་ཐ་མའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཆུ་བོའི་རྒྱུན ་བཞིན་དུ་རྒྱུན་ཏུ་རྒྱུན་མི་འཆད་པར་རྗེ་སུ་འཇུག་མོད་ཀྱི། འོན་ཀྱང་བཞི་པོ་འདི་དག་ནི།། རྒྱུ་ནི་སྡུད་པར་བྱེད་པ་སྟེ།། ཡན་ལག་བཞི་ནི་ཡན་ལག་བཅུ་གཉིས་པའི་རྟེན་ཅིང་འབྲེལ་པ་ཞེས་བྱ་བ་སྡུད་པར་བྱེད་པའི་རྒྱུར་འགྱུར་རོ།། ་དེའི་ཕྱིར་བཞི་གང་ཞེ་ན་ཞེས་གསུངསོ།། མ་རིག་སྲིད་ལས་རྣམ་པར་ཤེས།། དེ་དག་གོ་རིམ་བཞིན་དུ་བཤད།། མཱཾ་རག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གློ་རྀ་མཾ་བཞིན་ནོ།། རྒྱོལ་རྣམ་ཤེས་ས ་བོན་ཏོ།། རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱི་རྒྱུ་བྱེད་དོ།། ལས་ནི་ཞིང་དུ་གསུངས་པ་ཡིན།། ལཱས་ནི་ཞིང་གི་རང་བཞིན་གྱི་རྒྱུ་བྱེདོ་ཞེས་གསུང་སོ།། མ་རིག་པ་དང་། སྲེད་པ་ནི་ཉོན་མོངས་པའི་རིང་བཞིན་གྱིས་རྒྱུ་བྱེད།། ་ལས་དང་ཉོན་མོངས་རྣམ་པར་ཤེས།། ས་བོན་ཉིད་དུ་ཉོར་གནས་ལ།། ལས་དེང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་པར་བྱེད།། དེ་ལྟ་ལས་ནི་ས་བོན་རྣམ་ཤེས་ཀྱི། ཞིང་གི་བྱ་བ་ཡང་བྱེདདོ།། སྲེད་ལས ་རྣམ་པར་ཤེས་བྱ་བའི།། ས་བོན་དེ་མ་ཐག་བརླན་བྱེད།། མ་རིག་ས་བོན་རྣམ་པར་ཤེས།། བརླན་པ་བསྟེན་པ་འདེབས་པར་བྱེད།། ལས་དང་སྲིད་པ་མ་རིག་པ།། ཞིང་དང་བརླན་དང་འདེབས་བྱེད་རྣམས།། རྣམ་པར་ཤེས ་ལ་འདྲི་བྱ་དང་།། རྣམ་ཤེས་བདག་འདིས་སྙམ་པ་མེད།། དེ་ལྔ་ལྔས་ཀྱང་འདི་སྙམ་དུ་མི་སེམསོ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ ་དུ་མི་སེམས་པ་ཉིད།། སྲེད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། མ་རིག་པ་ཡང་འདི་སྙམ་དུ་བདག་གིས ་བེན་རྣམ་པར་ཤེས་པ་གདབ་བྱོ་སྙམ་དུ་མོ་སེམསོ།། རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་འདྲི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱོད་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས།། ལས་དང ་ཉོན་མོངས་གནས་པ་ནི།། སྔ་བོན་རྣམ་ཤེས་ཞེས་བརྗོད་པ།། མཱ་རིག་ལུད་ཀྱིས་བྲན་པ་དང་།། སྲེད་པའི་ཆུ་ཡིས་བསྟེན་ན་ནི།། མ་རིག་ལུང་ཅེས་བྱ་བ་ནི།། ལུད་དང་འདྲ་བས་ལུང་དེ་ཐམས་ཅད་ཀྱི་རྗེསུ་འགྲོ་བའི་ཕྱིར་རོ།། ་ལུང་ཀྱིས་ཕན་པ་ཞེས་བྱ་བ་ནི་ལུད་ཀྱིས་བཀབ་པའོ།། སྲེད་པའི་ཆུ་ཡིས་བསྟན་ན་ནི། ཞེས་བྱ་བ་ནི་སྲེད་པ་ཉིད་ཆུའོ།། བསྟེན་ན་ཞེས་བྱ་བ་ནི་བརླན་ནའོ།། རྒྱུ་ལྔས་མིང་དྲང་གཟུགས་ཀྱི་ནི།། མྱུ་གུ་སྐྱེ་བའང་སྣང་བར་འགྱུར། ་ཞེས་བྱ་བ་ན་རྒྱུ་དང་རྐྱེན་ཚོགས་པ་སྐྱེ་བ་ནི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ།། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི། རང་བཞིན་གཉིས་ཀ་ལ་སོགས་པས།། མིང་གཟུགས་འདི་དག ་འབྱུང་མིན་གྱིས།། མིང་དང་གཟུགས་ཀྱིས་མྱུ་གུ་འདི་དག་ནི་རང་དང་གཞན་གཉིས་ཀ་ལ་སོགས་པས་བསྐྱེད་པ་མ་ཡིན།། འོ་ན་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། པ་དང་མ་ནི་ཕྲད་པ་དང་།། དུས་རྣམས་མ ་འགལ་ཉིད་ལས་སོ།། ཕ་དང་མ་ནི་ཕྲད་པ་དང་། ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མ་ཀུན་ཏུ་ཆགས་པར་གྱུར་པ་དང་། འདུས་པ་དང་། མ་རུང་བར་གྱུར་པ་སྟེ། བུཾ་འཆགས་པར་ནུས་པ་དང་། དུས་དང་ལྡན་པའོ།། ཉི་མ་གསུམ ་འདས་ཏེ་ཁྲག་དྲན་པ་དང་བྲལ་བ་དེ་ནི་བུད་མེད་རྣམས་ཀྱི་དུས་སུ་བརྗོད་དེ། དེའི་ཚེ་སྐྱེས་པ་དང་ཡང་ཕྲད། ཁུ་བ་དང་ཁྲག་དང་ཡང་ལྡན། དྲི་ཟ་བདག་ཉིད་ཀྱང་སེམས་ཕྱིན་ཅི་ལག་ཏུ་གྱུར་ཏེ། ཕ་དང་མེའི་བྱ་བ་ལ་མོས་ན ་མངལ་དུ་སྐྱེ་བའི་རིམ་གྱིས་ནུར་ནུར་པོ་དང་། མེ་རུ་མེ་རཱ་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུར་བའི་གནས་སྐབས་ལས་འདས་ཏེ། སྐྱེ་བ་ན། བྱིས་པ་དང་། བཱ་ར་མ་དང་། དར་ལ་བོབ་པ་དང་། རྒན་པོ ་ལ་སོགས་པའི་གནས་སྐབས་བཅུར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་ཡང་སྨྲས་པ། མྱོང་བ་ཅུང་ཟད་འབྲེལ་པ་ནི།། ས་བོན་རྣམ་པར་ཤེས་པར་བརྗོད།། མ་ཡི་མངལ་དུ་རིམ་བཞིན་འཕེལ།། མིང་གཟུགས་མྱུ་གུ་སྐྱེད་པར་བྱེད།། འོན ་ཀྱང་ཕ་དེ་དང་མ་ཕྲད་པ་དང་། ཟླ་མཚན་དང་། ལྡན་པ་དང་རྐྱེན་གཞན་ཡང་ཚོགས་པ་ན་མའི་མངལ་དུ་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ།། རྐྱེན་རྣམས་མ་ཚང ་མེད་པ་དང་།། རྒྱུ་རྣམས་འགལ་བ་མ་ཡིན་ལས།། སྒྱུ་མ་བདག་མེད་འཛིན་མེད་པར།། སྐྱེ་བ་ཡང་ནི་ཡོད་པ་ཡིན།། དེ་ཉིད་ཀྱི་ཕྱིར་བདག་པོ་མེད་པའི་ཆོས། བདག་མེད་པ་དང་། འཛིན་པ་མེད་པ་དང་ག་སྒྱུ་མའི་མཚན་ཉིད་ཀྱི ་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཞེས་གསུང་སོ།། བདག་པོ་མེད་པ་ཞེས་བྱ་བ་ནི་ནང་གི་བྱེད་པའི་སྐྱེས་བུ་ལ་སོགས་པ་མི་དམིགས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། དེ་ལ་མངོན་པར་ཞེན་པས་སྨད་པ་ལ་ཀུན་ཏུ ་འཛིན་པའོ།། ཆོས་ཞེས་བྱ་བ་ནི་ཕུང་པོ་དང་། ཁོམས་དང་། སྐྱེ་མཆེད་ཀྱི་ངོ་བོ་ཉིད་དོ།། བདག་གི་ཞེས་བྱ་བ་ནི་བདོག་དང་བདུག་གི་དང་བྲལ་བའོ།། འཛིན་པ་མེད་པ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་ཡོངས་འཛིན་པ་མི ་དམིགས་པའི་ཕྱིར་རོ།། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལོ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ནི་མེད་པ་ཡིན་ཡོང་ཐ་སྙད་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་པ་དེ་བཞིན་དུ་སྒྱུ་མའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་བྱ་བ་ལ་སོགས་པ ་རྣམ་པ་སྣ་ཚོགས་དམིགས་པར་འགྱུརརོ།། རྒྱུ་དང་རྐྱེན་འདུས་པ་མ་གཏོགས་པར་རྒྱུ་དང་རྐྱེན་ལ་སོགས་པའི་ཆོས་ཅུང་ཟད་ཀྱང་སྐྱེ་བ་འམ་འཇིག་པར་མི་འགྱུར་ཏེ། ཇི་ལྟར་ཡང་རྒྱུ་དང་རྐྱེན་མ་ཚུང་བའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད ་པ་དེ་ཁོང་དུ་ཆུད་ར་བྱ་བའི་ཕྱིར་དཔེར། མིག་གིས་རྣམ་པར་ཤེས་པ་ཡང་།། རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ། ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་ནི། མིང་དང་གཟུགས་དང་དེ་བཞིན་སྣང་།། ནམ་མཁའ་དེ་བསྐྱེད་ཡིད་ལ་བྱེ་བ།། ཅེས་བྱ་བ་དེ་ཉིད་ཀྱི་ཕྱིར་མིག་བརྟེན་པ་དང་། གཟུགས་དང་། སྣང་བ་དང་། ན་མཁའ་དང་། དེ་བསྐྱེད་པ་ཡིད་ལ་བྱེད་པ་ལ་ཡང ་ཞེས་བྱ་བ་གསུངས་སོ།། དེ་ལ་མིག་ཅེས་བྱ་བ་ནི་གཟུགས་བལྟ་བར་བྱ་བ་ལ་མིག་གི་དབང་པོ་མ་ཚང་བ་མེད་པར་འགྱུར་བའོ།། དེ་ཉིད་ཀྱི་ཕྱིར་མིག་ནི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེདོ་ཞེས་གསུང་སོ།། སྣང་པོ་ཞེས་བྱ་བ་ནི ་ཟླ་བ་དང་། སྐར་མ་དང་། མེ་དང་། སྨན་དང་། ནོར་བུའི་འོད་རྣམས་དེ་མངོན་པར་བྱ་བ་ལ་སྣང་བ་ཡང་ཉེ་བར་གནས་པར་འགྱུར་བའོ།། ན་མཁའ་ཡང་མི་སྒྲིབ་པ་ཉིད་ཀྱིས་མ་ཚང་བར་མ་གྱུར་པའོ།། དེ་སྐྱེད་པ་ལ་ཡིད་ལ་བྱེད་པ་ཡང ་བསམ་པའི་བྱ་བ་ལ་མ་ཚང་བར་མ་གྱུར་པའོ།། ལྔ་པོ་མ་ཚང་མེད་པ་ལས།། མིགོ་གི་རྣམ་པར་ཤེས་པ་འབྱུང་།། མིག་གི་རྣམ་པར་ཤེས་པའི་རྐྱེན་དེ་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང་མིག་གི་རྣམ་པར་ཤེས་པ་འབྱུང ་བར་མི་འགྱུར་གྱི་ཡོད་ན་འབྱུང་བར་འགྱུར་རོ།། དེ་དག་ལ་བདག་བདག་གི་ཞེས། རྣམ་རྟོག་སྐྱེ་མཆེད་ཇི་ལྟ་བར། ཞེས་བྱ་བ་ནི་དེ་ལ་མིག་གི་དབང་པོ་ནི་འདི་སྙམ་དུ་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམ་སོ།། ་གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམསོ།། སྣང་བ་ཡང་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། ནམ ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབས་པའི་བྱ་བ་བྱའོ་སྙམ་དུ་མཱི་སེམསོ།། དེ་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གི་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི ་སེམས་སོ།། མིག་གི་རྣམ་པར་ཤེས་པ་ཡང་འདྲི་སྙམ་དུ་བདག་གི་རྐྱེན་འདི་དག་གིས་བསྐྱོད་སྙམ་དུ་མི་སེམས་ཏེ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི་མེད་ན་མི་འགྱུར་བ་ལྟར། རྣ་བའི ་དབང་པོ་ལ་སོགས་ཀུན།། སྐྱེ་བའི་རིམ་པ་འདི་ཉིད་ཡི་ནི། དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་ཡང་རྒྱུ་ལྔས་སྐྱེ་བའི་རིམ་པ་ཁོང་དུ་ཆུད་པར་བྱའོ།། རྒྱུ་དང་རྐྱེན་ནི་ཚོགས་པ་ལས།། བྱེད་པོ་ལ་སོགས་བྲལ་བ་དང་།། ང་ཡིར་འཛིན ་དང་བྲལ་བ་ལས།། སྐྱེ་བ་ཡང་ནི་སྔ་མ་བཞིན།། དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི།། རྒྱུ་ཅན་ཀུན་ཏུ་ཤེས་པར་བྱ།། དེ་ལྟ་སྟེ། རྒྱུ་དང་རྐྱེན་གྱི་རིམ་པ་བཤད་མ་ཐག་པའི་རིམ་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་། གནས་པ་དང་།། ་འཇིག་པ་རྟོག་པར་བྱའོ།། འཇིག་རྟེན་འདི་ནས་ཕ་རོལ་ཏུ།། འགྲོ་བའི་ཆོས་འགའ་གང་ན་ཡང་མེད།། འོན་ཀྱང་རྒྱུ་དང་རྐྱེན་དག་ལས།། ལས་ཀྱི་འབྲས་བུར་མངོན་པ་ཡིན།། དེ་ལ་ཆོས་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ་ལུས་དང་། ཡིད་ལ་སོགས་པའི་ཆོས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་ཆོས་སོ།། འདི་ནས ་ཞེས་བྱ་བ་ནི། འཇིག་རྟེན་འདི་ནས་ཕ་རོལ་ལམ།། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཆོས་འགའ་ཡང་མི་འཕོ་བའོ།། གལ་ཏེ་དེ་ལྟར་ན་རྟག་པར་སྨྲ་བ་འམ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བར་འགྱུར ་དུ་འོང་ཞེ་ན། བཀའ་སྩལ་པ། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ།། དེ་ལ་འཕོ་བ་ཡང་མེད་ལ་ལྔས་ཀྱི་འབྲས་བུ་ཡང་ཆུད་མ་ཟ་བ་མངོན་སུམ་དང་། རྗེསུ་དཔག་པ་དང་། ཡིད་ཆེས་པའི ་ལུང་ལས་རབ་ཏུ་གྲགས་པའི་དཔེ་འདི་དག་གིས་ཤེས་པར་བྱ་སྟེ། ཇི་ལྟར་མེ་ལོང་རབ་ཕྱིས་ལ།། བཞིན་གྱི་གཟུགས་བརྙན་དམིགས་པ་བཞིན།། མེ་ལོང་ནང་དུ་གཟུགས་བརྙན་ཡང་།། འཕོས་པ་ཡོད་པ་མ་ཡིན་ཉིད།། དེ་ཉིད་ཀྱི ་ཕྱིར་གསུངས་པ། འདི་ལྟ་སྟེ། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལོ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་ནང་དུ་མ་འཕོས་མེད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ།། ་དེ་བཞིན་དུ་འགའ་ཡང་འདྲི་ནས་ཤི་འཕོས་པ་ཡང་མེད་ལ། ཕ་རོལ་ཏུ་སྐྱེས་པ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚུང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ།། དེ་དག་ཕན་ཚུན་རྟོག་མེད་ཅིང་།། བྱེད་པ་པོ་དང ་ལས་རྣམས་སྤངས།། དེ་བཞིན་སྐྱེ་བ་སྣང་བ་ནི།། སྔོན་འཕེལ་བྱ་བའི་རིམ་པོ་ལས།། དེ་དག་ཅེས་བྱ་བ་ནི། བཞིན་དང་མེ་ལོང་ངོ་།། ཕན་ཚུན་ཞེས་བྱ་བ་ནི། གཅིག་ལ་གཅིག་གོ།། རྟོག་མེད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ།། བྱེད་པ ་པོ་དང་ལས་རྣམས་སྤངས།། ཞེས་བྱ་བ་ནི། དེ་ལ་བྱེད་པ་པོ་དང་ལས་མདོ།། ཆད་པར་མི་འགྱུར་རམ་ཞེ་ན། དེ་བཞིན་སྐྱེ་བ་སྣང་བ་ནཱི་ཞེས། ཇི་ལྟར་བྱེད་པ་མེད་པའི་བྱ་བ་དང་ལུས་སུ་འགྱུར་ཞེ་ན། སྨྲས་པ། སྔོན་འཕེལ་བྱ་བའི་རིམ་ལས་སོ།། ་ཇི་ལྟར་ཟླ་བ་རིང་གནས་པ།། ཆུ་སྣོད་ཆུང་ངུའི་ནང་དུ་ནི།། སྣང་སྟེ་འཕོས་པ་འང་མ་ཡིནོ།། བྱ་བ་དང་ནི་ལས་ཀྱང་ཡོད།། དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པོ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉི་སྟོང་ན་གནས་ཏོ། འོན་ཀྱང་སྣོད་ཆུང ་དུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ན་མ་འཕོས་ཏེ། འོན་ཀྱང་སྣོད་ཆུང་ཆུས་གང་བའི་ནང་དུ་སྣང་སྟེ། རྒྱུ་དང་རྐྱེན་མ་ཚད་པ་མེད་པའི་ཕྱིར་ཟླ་བའི་གཟུགས་བརྙན་མངོན་པ ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་སུ་ཡང་ཤུ་འཕོས་པ་དང་། མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམསྔ་མ་ཚང་བ་མོད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡོད་ཡོད།། ཡང་དཔེར་ན་མེ་ནཱི་རྒྱུ་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ ་ལས་འབར་རོ།། དེ་བཞིན་དུ་བདག་པོ་མེད་པའི་ཆོས་འཛིན་པ་མེད་པོ་ཕན་ཚུན་གྱི་རྐྱེན་སྔོན་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམ་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན ་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ།། ཕྱི་ཡི་ལས་དེང་བྱ་བ་རྒྱུ།། དེ་ནི་རྟོགས་པའི་བདག་ཉིད།། དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་བྱ་བ་དང ་ལས་སུ་རྣམ་པར་བཞག་པ་ནི་བརྟགས་པའི་བདག་ཉིད་དུ་ཤེས་པར་བྱའོ།། དེ་བཞིན་གཞན་དབང་ནང་གི་སྟེ།། རྣམ་ཤེས་ལྔ་པོ་འབྱུང་བའོ།། དེ་ལ་གཞན་གྱི་དབང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ནི་ནང ་གི་སྟེ། དབང་པོ་ལྔ་དང་། ཡུལ་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པ་ཅན་དུ་རིག་པར་བྱའོ།། བརྟོག་བྱ་མིན་ཕྱིར་དོན་དམ་ནི།། ཡོངསུ་གྲུབ་པར་འདོད་པ་ཡིན།། གང་བརྟག་པ་དང་གཞན་གྱི་དབང་གི་བདག་ཉིད་ཀྱི་རྣམ་པའི་རྣམ་པར་རིག་པ ་སྣང་བའི་རྣམ་པ་དང་བྲལ་བ་ལ་རྣམ་པར་རྟོག་པ་མེད་པ་ཤིན་ཏུ་ཡོངསུ་དག་པ། ཆུའི་ཁམས་དང་། གསེར་དང་། ནམ་མཁའ་ལྟ་བུར་ཡོངསུ་དག་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ངོ་བོ་ཡོངསུ་དག་པ། ཟླ་བ་ཤར་བ་ལྟ་བུར་ཡོན་ཏན་པས ་གྱིས་མི་ཁྱབ་པ་གཞལ་དུ་མེད་པའི་འོད་ཟེར་སྣང་བའི་བདག་ཉིད་ཅན་འཕོས་པ་མེད་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལྷུན་གྱིས་གྲུབ་པར་རྒྱུན་མི་འཆང་པར་མཛད་པ། ཐོག་མ་དང་དབུས་དང་། ཐ་མ་དང་བྲེལ་པ། ཁམས་གསུམ་ལས ་ཡང་དག་པར་འདས་པ། དྲི་མ་དང་བྲལ་བ། དྲི་མ་མེད་པ། དྲི་མ་སྤངས་པའི་ངོ་བོ་སོ་སོ་རང་གིས་རྟོག་པའི་སྤྱོད་ཡུལ་གྱི་བདག་ཉིད་ལུས་དང་། ངགྲ་དང་། ཡིད་ཀྱི་ས་ལས་ཡང་དགྲ་པར་འདས་པ། སོ་སྐྱོ་རང་གིས་རིག་པ། གཞན་ལ ་རག་མ་ལས་པ། གཟུགས་སྣ་ཚོགས་ཀྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟ་བུ་སྟེ། བླ་ན་མེད་པའི་ཆོས་ཀྱི་སྐུ་ཞེས་བྱའོ།། རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ།། ནམ་ཡང་རྣམ་གཉིས་ཤེས་པར་བྱ།། བྱེད་པ་པོ་ལ་སོགས་པ་དབེན།། གསོག ་གསོབ་སྟོང་སོགས་སྙིང་པོ་མེད།། དེ་ཉིད་ཀྱི་ཕྱིར་དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་ལྟར་བལྟ་སྟེ་ཞེས་བྱ་བ་གསུང་སོ།། གང་ཞེ་ན། གསངས།། གང་ཞེ་ན། གསུངས་པ་རྟགས་པར་མ་ཡིན་ཏེ། གང་གི་ཕྱིར་ཐ་མ་འཆི་བའི ་ཕུང་པོ་རྣམས་གཞན་ལ། སྐྱེ་བའི་ཆར་གཏོགསོ་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱོ་བའི་ཆར་གཏོགས་པ་རྣམས་མ་ཡིན།། སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་འཇིག་པར་བྱེད་པ་ཡིན་ལ། འཇིག ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་ཀྱང་སྐྱེད་པར་བྱེད་པ་ཡིན་པར་འགྱུར་དུ་འོང་བས་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པོར་མ་ཡིན་ནོ།། ཐ་མ ་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་མ་ཡིན་ཞེས་བྱ་བ་ནི་འགགས་ནས་ཡུན་རིང་དུ་ལོན་པ་ལས་མ་ཡིན་པའོ།། སྐྱེ་བའི་ཚེར་གཏོགས་པ་ཞེས་བྱ་བ་ནི་སྐྱེ་བའི་ཆ་ལ་བརྟེན་པས་ན་སྐྱེ་བའི་ཆར་གཏོགས་པ་སྟེ། ཕུང་པོ ་རྣམས་འབྱུང་བར་འགྱུར་བའོ།། ཐ་མ་འཆི་བ་མ་འགགས་པ་ཁོ་ནར་རྟོགས་པའི་ཕུང་པོ་དག་འབྱུང་བར་འགྱུར་ན་མི་རུང་བ་སོ་བཀའ་སྩལ་པ། ཐ་མ་འཆི་བོའི་ཕུང་པོ་རྣམས་ཀྱང་འགག་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས ་པའི་ཕུང་པོ་རྣམས་སྲང་མདའི་མཐོང་མན་བཞིན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ།། སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་པ་མཉམ་པའི་སྐྱེ་བར་སྐྱེ་བ་གཞན་མངོན་པར་འགྲུབ་པས་དེའི་ཕྱིར ་འཕོ་བར་མ་ཡིན་ནོ།། ལས་ཆུང་ངུ་བྱས་པས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ་ཇི་ལྟར་མྱོང་བར་འགྱུར་བའི་ལས་བསགས་པ་དེ་ལྟ་བུ ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ།། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལ་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ། རྟག་པར་རྒྱུན་དུ་སྲོག་མེད་པ་དང་། ་ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མོ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོག་པ་མེད་པ་དང་། དམིར་པ་མེད་པ་དང་ཞིག་མི་འཕྲོགས་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དང་མེད་པ་དང་། གསྔོག་དང་། ་གསོབ་དང་། སྙིང་པོ་མེད་པ་དང་། ནད་དོང་། འབྲས་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོད་པ་དང་། བདགྲ་མེད་པར་མཐོང་བ་ཞེས་བྱ་བ་ལ། གྲང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ལྔ་ཞེས་བྱ་བ་ནཱི་རང་གི་རྟེན་ཅིང ་འབྲེལ་པར་འབྱུང་བ་གང་ཡིན་པ་འདི་ལའོ།། ཡང་དག་པའི་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ།། ཤེས་རབ་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས།། ཡང་དག་པ་ཇི་ལྟ་བཞིན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བར་རོ།། རྟག ་པར་རྒྱུན་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་རོ།། སྲོག་མེད་པ་ཞེས་བྱ་བ་ནི་སྲོག་དང་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་སྲོག་མེད་པའོ།། མ་སྐྱེས་པ་ཞེས་བྱ་བ་ནི་སྐྱེ་བ་དང་བྲལ་པོའི་ཕྱིར་རོ།། མ་བྱུང་བ་ཞེས་བྱ་བ་ནི ་གནས་པ་དང་བྲལ་བའི་ཕྱིར།། མ་བྱས་པ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར།། འདུས་མ་བྱས་པ་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིརརོ།། ཐོགས་པ་མེད་པ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་བའི་ཕྱིརརོ།། དམིགས ་པ་མེད་པ་ཞེས་བྱ་བ་ནི་དམིགས་པར་བྱེད་པ་དང་བྲལ་བའི་ཕྱིར་ཞི་བ་ཞེས་བྱ་བ་ནི་ཞི་བ་ཉིད་ཀྱི་ཕྱིརརོ།། འཇིགས་པ་མེད་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་འཇིགས་པ་དང་བྲལ་བའི་ཕྱིར།། མི་འཕྲོག་པ་ཞེས་བྱ་བ་ནི་ཉོན་མོངས་པའི ་གཞང་དབྱུང་དང་བྲལ་བའི་ཕྱིར།། མི་ཟད་པ་ཞེས་བྱ་བ་ནི་རྟོག་ཏུ་རྣམ་པར་གནས་པའི་ཕྱིར།། རྣམ་པར་ཞི་བ་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་ཞི་བའི་བགྲོད་པ་དང་བྲལ་བའི་ཕྱིར།། མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་གུད་ན་གཞན་མེད ་བྱརོ།། གསོགས་ཅེས་བྱ་བ་ནི་གྲོལ་བའི་ལྕགས་ཐུར་ལྟ་བུ་གཅིག་པུ་མེད་པའི་ཕྱིརརོ།། གསོབ་ཅེས་བྱ་བ་ནི་ནང་ན་འདུས་པའི་ངོ་བོའི་བདག་གི་རྫས་མེད་པའི་ཕྱིར།། སྙིང་པོ་མེད་པ་ཞེས་བྱ་བ་ནི་འཕྲོ་བའི་བདག་ཉིད་མེད་པའི་ཕྱིར་རོ།། ་ནད་ཅེས་བྱ་བ་ནི་ནད་ཀྱི་བདག་ཉིད་ཕུང་པོ་ལས་གུད་ན་མེད་པའི་ཕྱིར་རོ།། འབྲས་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་གནོད་པ་བྱེད་པ་གཞན་མེད་པའི་ཕྱིར།། སྡིག་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལས་གུང་ན་གནོད་པའི་དྲི་བོ ་གཞན་མོང་བའི་ཕྱིར།། མི་རྟག་པ་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུ་འཇིག་པ་སྟེ། ཕུང་པོ་ལས་གུད་ན་གཞན་མེད་པའི་ཕྱིརརོ།། སྡུག་བསྔལ་ཞེས་བྱ་བ་ནི་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་ལས་གུད་ན་མེད་པའི་ཕྱིར།། སྟོང་པ་ཞེས་བྱ ་བརྟགས་པའི་དྲོ་བོ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་ལྔས་གུད་ན་མེད་པའི་ཕྱིརརོ།། བདག་མེད་པ་ཞེས་བྱ་བ་ནི་ཕུང་པོ་ལས་མ་གཏོགས་པ་བདག་གི་རྫས་མེད་པའི་ཕྱིར།། བྱེད་པ་པོ་ལ་སོགས་པས ་དབེན།། གསོབ་གསོག་སྟོང་སོགས་སྙིང་པོ་མེད།། དེ་ལྟར་ཤེས་རབ་ཀྱིས་མཐོང་གང་།། ཅི་ཅིར་ཅི་ལྟར་གང་དུ་ཅི་སོ།། སྙམ་པའི་རྟོག་སྨྲ་སོགས་སྤངས་པ།། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ།། ཞི་བོ་ཆོས་ཀྱི་རང་བཞིན་སྐུ།། དེ་བཞིན ་ཉིད་ཀྱི་ཕྱིར་དེ་ནི།། སྔོན་གྱི་མཐའ་ལ་མི་རྟོག་ཞེས་གསུངས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་འགྱུར་རམ་སྙམ་པའི་རྨོངས་པ་འདི་ལ་མི་སྐྱེའོ།། མ་རྨོངས་པ་ལ་ཡེ་ཤེས་སྐྱེ་བའི་ཕྱིར་བདག་འདས་པའི་དུས་ན་མིང་འདི་ལྟ་བུར་འགྱུར ་མ་པ་ལ་སོགས་པ་དང་། བདག་ལྟ་འམ། ཤ་ཟླ་འམ། བདེ་བར་གནས་པ་འམ། སྡུག་བསྔལ་བར་གནས་པ་ཅིར་འགྱུར་སྙམ་པའི་རྨོངས་པ་མེད་པ་ཉིད་དོ།། བདག་བདེ་འགྲོ་འམ། ངན་འགྲོ་འམ། ཡུན་རིང་བ་འམ། ཡུན་ཐུང་བ་ཇི་ལྟར་འགྱུར་སྙམ ་པའི་རྨོངས་པ་ཡང་མེད་པ་ཉིད།། མ་འོངས་པའི་མཐའ་ལ་མི་རྟོག་སྟེ། ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་སྙམ་པ་འམ། འོན་ཏེ་འབྱུང་བར་མི་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མེད་པ་ཉིད།། མ་འོངས་པོའི་དུས་ན་ཅིར་འགྱུར་སྙམ ་པ་མ་འོངས་པའི་དུས་ན་ལྟ་འམ། ཤ་ཟ་འམ། མི་ཅིར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་བ་ཉིད་།། བདེ་བ་འམ། སྡུག་བསྔལ་བ་འམ། གཟུགས་བཟང་བ་འམ། གཟུགས་ངན་པ་ཇི་ལྟར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ ་མེད། ནང་ལ་ཡང་མི་རྟོག་ཞེས་བྱ་བཱ་ནཱི་ནང་ལ་རྟོགས་པར་མི་འགྱུར་བ་སྟེ། འདི་ཅི་ཞིག་ཅེས་བྱ་བ་ནི་བདག་གམ་བདག་མེད་སྙམ་པའོ།། འདི་ཅི་ལྟ་བུ་ཞིག་ཅེས་བྱ་བ་ཅི་གཟུགས་ཅན་ནམ། འོན་ཏེ་གཟུགས་ཅན་མ་ཡིན་པ་ཞིག་སྙམ་པའི ་རྨོངས་པ་ཡང་འདི་ལ་མི་འབྱུང་།། ཅི་ཞིག་ཡོད་ཅེས་བྱ་བ་ལེགས་པར་བྲེས་པའི་ལས་བྱས་པ་འམ། ཉེས་པར་བྱས་པའི་ལས་བྱས་པ་སྙམ་པའི་རྨོངས་པ་ཡང་འདི་ལ་མི་སྐྱེའོ།། སེམས་ཅན་འདི་ལྟའི་འགྲོ་བ་འམ། མིའི་འགྲོ་བ་གང་ནས་འོངས ་དེ་འདི་ནས་ཤི་འཕེས་ནས་ལྷོ་རྣམས་སམ་མི་རྣམས་སམ། དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་གང་དུ་འགྲོ་བར་འགྱུར་སྙམ་པའི་རྨོངས་པ་ཡང་འདི་ལ་མི་འབྱུང་ངོ་།། འཇིག་རྟེན་ན་དགེ་སློང་ངམ། བྲམ་ཟེ་དག་གི་བལྟ་བར་གྱུར་པ་ཐ ་དད་པ་གང་དད་པ་གང་དག་ཡོད་པར་འགྱུར་བ་ལས་བྱས་ལ་ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་གནསོ།། ཐ་དད་པཱ་ཞེས་བྱ་བ་སོ་སོ་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་བསྟན་པའི་ཕྱིར།། བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ནི་ཕུང་པོ་ལས་མ ་གཏོགས་པར་བདག་མེད་དེ། མ་དཔྱད་པར་བདག་དང་བདག་གི་ཞེས་བྱ་བའི་ངོ་བོར་བདག་ཏུ་འཛིན་པ་དང་ལྡན་པའི་ཕྱིར་བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་གསུངས་ཏེ། ཕྱིན་ཅི་ལོག་ཏུ་འཛིན་པས་ཀུན་ནས་བསླངས་པོའི་ཕྱིར།། གང་ཟག ་ཏུ་སྨྲས་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཡང་འགྲོ་བའི་ཕྱིར་གང་ཟག་ཅེས་བྱ་བ་ཕུང་པོ་ལས་མ་གཏོགས་པ་གང་འཇིག་རྟེན་འདི་སྤངས་ན་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་འམ། འཇིག་རྟེན་ཕ་རོལ་སྤངས་ནས་འཇིག་རྟེན ་འདིར་འོངས་པ་ཡོད་པ་མ་ཡིན་པས་འཛིན་པ་ངན་པ་ཕྱིན་ཅི་ལོག་གི་འཇིག་རྟེན་པ་ཞེས་གསུངསོ།། དགེ་མཚན་དང་བཀྲ་ཤིསུ་ལྡན་པ་ཞེས་བྱ་བ་ལྔ། དགེ་མཚན་ནི་འཇིག་རྟེན་ན་བཟོའི་གནས་དང་། རིག་པའི་གནས་རྣམ་པ ་སྣ་ཚོགས་གང་དག་ཡིན་པ་དགའ་སྟོན་དང་། བགཱ་མ་གཏོང་བ་དང་། བགྲ་མ་ལེན་པ་དང་། འཐབ་མོ་དང་། གཡུལ་དང་། སྐྱེད་མོས་ཚལ་དང་། ཆུ་ཀླུང་དང་། རྒྱ་མཚོ་དང་། རི་དང་། ཚལ་དང་། འཕགས་པའི་གཞན་དེ་དང་། དེ་དག་ཏུ་འགྲོ་བ་དང་། ལྷ ་བ་དང་། འཕོ་བ་དང་། འཇུག་པ་དང་། གནས་པའི་རྗེསུ་དགའ་བ་རྩ་བའི་བདེ་བ་མྱོང་བའི་གར་དང་། གླུ་དང་། ཚིག་ཏུ་སྨྲ་བ་དང་། རྒྱུག་པ་དང་། མཆོང་བ་དང་། ཚར་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོར་འགྱེད་པའི་གཏམ་དང་། ་རྩོད་པ་དང་། ལྡེའུ་བརྗོད་པ་དང་། གླང་པོ་ཆེ་དང་། རྟ་ལ་སོགས་པ་འཐབ་པ་དང་། རྩཝ་དཱུཪྴ་པ་དང་། ཞོ་དང་། གྷི་ཝཾ་དང་། ཞི་གཞོལ་དང་། ཐོ་བ་དང་། མེ་ཏོག་དང་། འབྲས་བུ་དང་། བུམ་པ་དང་། དུང་དང་། ཉ་ལ་སོགས་པ་དང་། བྲམ་ཟེ་དང་། ཁྱུ་མཆོ ་དང་ཟླ་བ་དང་། ཉི་མ་དང་། གཟའ་དང་། སྐར་མ་དང་། རྒྱུ་སྐར་དང་། ཡུད་ཙམ་དང་། སྦྱོར་བ་དང་བྱེད་པ་ལ་སོགས་པ་སྟེ་ལྟས་མཁན་ལ་སོགས་པ་བདག་ཉིད་དང་དག་པ་ཚོལ་བ་དང་། ཕྱིན་ཅི་ལོག་རྣམ་པ་དུ་མའི་འཕྱང་ཐག་ལ་འཇུ་ཞིང་། ལམ ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང་། མ་དག་པ་ལ་དག་པར་འདུ་ཤེས་པ་དང་། མ་གྲོལ་པོ་ལ་གྲོལ་བར་འདུ་ཤེས་པས་འགྲོ་བ་དྲུག་གི་འཁོར་ལོར་ཞུགས་པའི་བློ་གྲོས་ཅན་འགྲོ་བ་དང་འགྲོ་བར་གྱུར་པ་རྣམས་ནི་འཁོར་བ་ཁོ་ནའི ་རྗེསུ་འབྲང་གི་མྱ་ངན་ལས་འདས་པ་ཡི་ནི་མ་ཡིན་ནོ་ཞེས་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞི་དང་བྲལ་བའི་ཕྱིར་རྩ་བ་ནས་བཅད་དེ། དེ་མི་སྣང་བར་གྱུར་ཅིང་སྤངས་པ་ཡིན་པས་ཡོངསུ་ཤེས་ནས་རྩ་བ ་ནས་བཅད་དེ། ཤིང་ཏཱ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུས་ཕྱིས་མི་སྐྱེ་མཱི་འགག་པའི་ཆོ་སུ་འགྱུར་རོ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་སྨྲས་པ།། དེ་བཞིན་འདི་ནས་འཆི་འཕོ་བ།། འགའ་མེད་འགྲོ་བར་སྐྱེས་པའང་སྣང་།། དེ་ཉིད་ཀྱི་ཕྱིར་དཔེ ་བརྗོད་པ།། ཇི་ལྟར་བུད་ཤིང་དང་འབྲལ་བ།། མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི།། རྒྱུ་ནི་མ་ཚང་གྱུར་པ་ལས།། མེ་ཡིས་རྗེ་སུ་འཇུག་པ་མིན།། དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་གཟུགས་ཐག་རིང་པོ་ན་གནས་ནས་ཀྱང་ཆུ་ཡི་སྣོད་ཆུང་ངུ་འམ། ་ཆུ་དང་ཏིལ་མར་གྱི་སྣོད་ཆེན་པོ་དང་། དུ་མ་དག་ཏུ་ཡང་སྣང་བ་ཟླ་བའི་གཟུགས་འཕོས་པ་འམ། དུ་མ་ཉིད་ཀྱང་མེད་མོད་ཀྱི། འོན་ཀྱང་ཆུའི་སྣོང་དུ་མ་དག་ཏུ་སྣངོ་།། དེ་བཞིན་དུ་འདི་ནས་འགའ་ཡང་ཤི་འཕོས་པ་ཡང་མེད། སོང་བ་ཡང་མེད། ་འོང་བ་ཡང་མེད། རྒྱུ་དང་རྐྱེན་ཚང་བ་མེད་པའི་ཤི་འཕྲོས་པ་དང་། སོང་བ་དང་། འོང་བ་དང་། སྣང་བ་དེ་བཞིན་དུ་ཆུ་སྣོད་དང་འདྲ་བ་སེམས་ཅན་གྱི་རྒྱུད་འགྲོ་བའི་གནས་གཞན་རྣམ་པ་དུ་མ་ཐ་དད་པས་སེམས་ཟླ་བའི་གཟུགས་བརྙན་སྐྱེ་བར་འགྱུར།། ་རྒྱུ་དང་རྐྱེན་རྣམས་མི་ཚང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བ་ལ་སོགས་པའི་རྒྱུ་ཇི་ལྟར་འཕངས་པ་དེར་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་འབྱུང་སྟེ། བདག་དང་བདག་གི་དང་བྲལ་བའི་དངོས་པོ ་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་རྟོགས་པར་བྱའོ།། རྒྱུ་ནཱི་མཱི་འཆད་པའི་དཔེ་བརྗོད་པ། ཇི་ལྟར་བུད་ཤིང་དང་འབྲེལ་ན།། མེ་ཡི་རྒྱུ་ནི་འཇུག་འགྱུར་གྱི།། ལས་དང་ཉོན་མོངས་པས་བསྒོམ་པའི ་སེམས་ཀྱི་རྒྱུད་མྱེའི་རྒྱུན་དང་འདྲ་བའི་བུད་ཤིང་ནི་ལས་དང་ཉོན་མོངས་པ་ཁོ་ན་ཡིན་པར་བརྟོག་སྟེ། ཇི་ལྟར་མེ་བུད་ཤིང་རྒྱུར་བྱས་ནས་འབར་བ་རྒྱུན་མི་འཆད་ལ། བུད་ཤིང་མེད་ན་རྒྱུན་འཆད་པར་འགྱུར་བ་དེ་བཞིན་དུ་འདིར་ཡང ་ལས་དང་ཉོན་མོངས་པའི་བུད་ཤིང་བཤད་དེ། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་གྱི་རྒྱུན་ཡོ་ཤིས་ཀྱི་མེ་དང་ཕྲད་པས་སྲེགས་ན་རྒྱུ་འགགས་པའི་ཕྱིར་འབྲས་བུ་མི་འབྱུང་།། ཉིད་ཀྱི་ཕྱིར་འབྲས་པ་མ ་འབྱུང་།། དེ་ཉིད་ཀྱི་ཕྱིར་བཀའ་སྩལ་པ། དགེ་སློང་ངམ་བྲམ་ཟེ་གང་དགྲ་ཡོད་པ་འདི་ལྟ་སྟེ། ཞེས་བྱ་བ་ནི་འདྲི་ལས་ཕྱི་རོལ་པ་རྣམསོ།། འཇིག་རྟེན་ན་ཞེས་བྱ་བ་ནི་འཇིག་རྟེན་འཇིག་ཅིང་འཇིག་ཅིང་འགྲོ་བའི་དོན་ཏེ། འཇོག་པའི་ཕྱིར ་འཇིག་རྟེན་པས་ཞིག་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ།། ལྟེ་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ།། ལྟ་བར་གྱུར་པ་ཞེས་བྱ་བ་ནི་བལྟ་བའི་གནསོ།། ལྔ་པ་ཞེས་བྱ་བ་དང་མཐོང་བ་སྟེ་ཕྱིནི་ཅི་ལོག་གི་བསྟན་བཅོས་ཉན་པ་དང་། སེམས་པ་ལ་སོགས ་པཔ་ལོག་པའི་ཤེས་པ་བྱུང་བའི་ཕྱིར་ལོག་པའི་ཤེས་པ་ནི་བལྟ་བ་ཞེས་བྱའོ།། ཐ་དད་པ་ནི་སོ་སོ་བའོ།། འདི་ལྟ་སྟེ་བདག་ཏུ་སྨྲ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཟུགས་དང་ཚོར་བ་དང་། འདུ་ཤེས་དང་འདུ ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ། བདག་དང་བྱདག་གི་དང་བྲལ་བ་དག་ལ་བདག་ཉིད་དུ་ཡང་དག་ལྟ་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་ཡང་དག་ལྟ་བ་ཞེས་བྱའོ།། འཇིག་ཚོགས་དང་མཐའ་དང་། ལྟ་བ་དང་། ཚུལ ་ཁྲིམས་དང་། བརྟུལ་ཞུགས་དང་། ལོག་པར་ལྟ་བ་སྟོན་དུ་འགྲོ་བའི་ཤེས་རབ་ངན་པ་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་ལྟ་བ་ཞེས་བྱ་བ་དེ་དང་། མ་རིག་པ་སྔོན་དུ་འགྲོ་བའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ ་དང་། ལྟ་བ་དང་། ཐེ་ཚོམ་དང་། ཉེ་བའི་ཉོན་མོངས་པ་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པའི་མཚན་ཉིད་ཁམས་ཀྱི་རྣམ་པོ་དང་། བྱེ་བྲག་གོས་ཐ་དད་པ་མ་གཏོགས་ནས། ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་བག ་ཆགསུ་གནས་པ་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྣང་བ་གསོས་པ་རྣམས་ཐོག་མ་ཉི་དུ་འཇིག་རྟེན་ལས་འདས་པའི་ལམ་བསྟེན་ཏོ། འཕགས་པའི་བདེན་པ་བཞི་བསྒོམ་པ་གོམས་པའི་རིམ་གྱིས་སྡུག་བསྔལ་དང་། ཀུན་འབྱུང་དང་། ་འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་དང་། བར་ཆད་མེད་པས་སྤངས་པ་མངོན་དུ་བྱས་པ་དང་། གང་ཡང་བྱང་ཆུབ་ཀྱི་ཆོས་སུམ་ཅུ་བདུན་དང་། དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར ་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྗེསུ་དྲན་པ་དྲུག་ལ་སོགས་པ ་དང་། ཆོས་དང་གང་ཟག་ལ་བདག་མེད་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། དད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་པ་དང་། ཤེས་རབ་དང་། ས་དང་། དབང་དང་། མངོན་པར་ཤེས ་པ་དང་། ཡེ་ཤེས་དང་། ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་གྲོལ་བའི་སྒོ་དང་། བཟོད་པ་བསྒོམ་པ་ལ་སོགས་པའི་རིམ་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱི་རྣཾསུ་འགྲོ་བས། མོས་པས་སྤྱོད་པ་ལ་རབ་ཏུ་གནས་ཤིང་ངེས་པར་འབྱུང་བ་རབ་ཏུ ་སྦྱོར་བ་མངོན་སུམ་དུ་བྱས་པ་ལ་དབང་པོ་དང་། སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སོ་སོར་རིག་པ་དང་། དཔེ་བྱེད་དང་། སྐྱེས་བུ་ཆེན་པོའི་མཚན་དང་། རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་བསྒོམ་པ་ཡོངསུ་རྫོགས་ནས་བླ ་ནོ་མེད་པ་ཡང་དག་པར་རྫོགས་པའི་རྗེས་རྟོགས་པ་ལས་ཞི་གནས་དང་། ལྷག་མཐོང་གི་རྗེསུ་མཐུན་པ་མཉམ་པ་ཉིད་དུ་གྱུར་པ། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ།། ཞི་བ་ཆོས་ཀྱི་རང་བཞིན་སྐུ།། ཐོབ་སྟེ་ཐོག་མ་དབུས་དང་མཐའ་ཐོ་། ་རྟོག་ནས་ངྱས་གོ་འཕང་ཐོབ་ཅེས་བྱའོ།། དེ་ལ་གཟུགས་ཀྱི་ཕུང་པོ་ཞེ་བྱ་བ་ནི། གཟུགསུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བའི་རྣམ་པར་རྟོག་པ་ལས་བྱུང་བ་རྫས་དུ་མིའོ་བདག་ཉིད་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་མཚན ་ཉིད་སྤྲི་བཅུ་གཅིག་བདག་ཉིད་བདག་གི་རྫས་རྣམ་པ་ལྔར་སྒྲོ་འདོགས་པས་ཀུན་ནས་བསླང་བ་མིག་དང་། རྣ་བ་ལ་སོགས་པ་དང་། གཟུགས་དང་། སྒྲ་ལ་སོགས་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། མཚུངས་པར ་ལྡན་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ཤེས་པ་ཡུལ་གྱི་བདག་ཉིད་དང་། གཞན་ཡང་དེ་ལྟ་བུའི་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ནི་གཟུགས་ཀྱི ་ཕུང་པོ་ཞེས་བྱའོ།། དེ་ལ་ཚོར་བའི་ཕུང་པོ་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀོའི་རྣམ་པར་མྱོང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་སྣང་བ་སྟེ། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་དབྱེ་བས་ཚོར་བའི་ཚོགས་དྲུག། ་ཁམས་ཀྱི་རྣམ་པ་དང་བྱེ་བྲག་གི་དབྱེ་བས་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། མཚུངས་པར་ལྡན་པའི་ཕྱིར་རབ་ཏུ་དབྱེ་བ་མཐའ་ཡས་ཏེ། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་བཏང་སྙོམ་དང་ལྡན་པའི་ཕྱིར་བདག ་ཡིས་རྫས་རྣམ་པ་དྲུག་ཉིད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཀུན་གཞི་ནིར་ཤེ་པའི་བག་ཆགས་དང་འབྲེལ་པས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཁམས་གསུམ་པའི་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྫ་སུ་མ་བསྡུས ་ཕྱིར་ཚོར་བའི་ཕུང་པོ་ཞེས་བྱའོ།། འདུ་ཤེས་ནི་ཕྲ་བ་དང་། རགས་པ་དང་། ཆེན་པོར་གྱུར་པ་ལྔ་སོགས་པར་འཛིན་པ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་སྟོན་རྒོད་པ་དང་། དགའ་བ་དང་། རྩེས་པ ་སོགསོ་པའི་རྗེསུ་དྲན་ཞིང་སྐྱེས་པ་དང་། བུད་མེད་ལ་སོགས་པའི་མཚན་མའི་ཁྱད་པར་འཛིན་པའི་བདག་ཉིད་དོ།། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པའི་དབྱེ་བས་འདུ་ཤེས་ཀྱི་ཚོགས་དྲུག་གོ།། འདོད་ཆགས་དང་ཞེ་སྡང ་དང་། གཏི་མུག་དང་། འབྲེལ་པའི་ཕྱིར་ཁམས་ཀྱི་རྣམ་པ་དང་། བྱེ་བྲག་གི་དབྱེ་བས་ནི་རབ་འབྱམ་མཐའ་ཡས་ཏེ། ཀུན་ནས་ཉོན་མོངས་པའི་ཀུན་གཞིའི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་པའི ་ཕྱིར་བདག་ཏུ་རྨོངས་པ་ལ་སོགས་པའི་བདག་ཉིད་ནི་འདུ་ཤེས་ཞེས་བྱའོ།། འདུ་ཤེས་ནི་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པ་དང་། གདགས་པ་དང་། འདུས་བྱས་དང་། འདུས་མ་བྱས་སུ་སྣང་བའི་རྣམ་པ་ཅན་གྱི་རྣམ ་པ་ཅན་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་རྣམསོ།། སྔོན་འཕགས་པའི་ཀུན་གཞི་རྣམ་པར་ཤེས་པ་ལས་ཡོད་པའི་བག་ཆགས་ཀྱི་དབྱེ་བས་ནི་ཁམས་ཀྱི་རྣམ་པ་དང་། བྱེ་བྲག་གིས་རབ་འབྱམས་མཐའ ་ཡས་དང་ལྡན་པས་འདུ་བྱེད་ཀྱི་རྗེས་དུ་མ་བསྡུས་པའི་ཕྱིར་འདུ་བྱེད་ཕུང་པོ་ཞེས་བྱའོ།། དེ་ལ་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པ་བརྒྱད་དེ། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པའི་བྱེ་བྲག་ཏུ་སྣང་བའི་རྣམ་པ་ཅན ་གྱི་རྣམ་པར་རིག་པ་རྣམ་པར་རྟོག་པའི་དབང་གིས་བྱུང་བ་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་དང་འབྲེལ་བའི་ཕྱིར་ཁམས་ཀྱི་རྣམ་པ་དང་། བྱེ་བྲག་གི་དབྱེ་བས་རབ་འབྱམས་མཐའ་ཡས་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས ་འོ།། དེ་དག་ཉིད་ཀྱང་ཁམས་དང་། སྐྱེ་མཆེད་དང་། ཟག་པ་དང་བཅས་པ་དང་། འདུས་བྱས་དང་། ཀུན་ནས་ཉོན་མོངས་པ་ལ་སོགས་པའི་རྣམ་གྲངས་ཀྱི་དབྱི་བས་རང་གི་མཚན་ཉིད་དང་འབྲེལ་བསྡུས་ཏེ། ཕུང་པོ་དང་ཁམས་དང་། ་སྐྱེ་མཆེད་རྣམས་ཞེས་བྱའོ།། དེ་ལྟར་ན་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བ་ཁམས་གསུམ་པར་བླང་བ་སེམས་དང་སེམས་ལས། ་བྱུང་བ་དེ་དག་གི་འཁོར་བ་ནི་ཞེས་བྱའོ།། འོན་ཀྱང་དེ་ལ་ཐོག་མ་ཉིད་དུ་བྱེད་པ་པོ་ལ་སོགས་པ་དང་བྲལ་པ་གསོག་གསོབ་སྙིང་པོ་མེད་པ་ཞེས་བྱ་བར་རིག་ནས་བདེན་པ་བཞི་བསྒོམ་པ་ལུགས་དང་མཐུན་པར་འཇུག་པས་གཏན་ལ་ཕབ ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་བྱུང་ན་མ་རིག་པའི་མུན་པོ་ལ་སོགས་པ་དང་བྲལ་ཏེ་རྒྱུ་དང་རྐྱེན་གྱི་དོན་གྱི་དེ་ཁོ་ན་ཉིད་ལ་ཡོང་སུ་ཤེས་པ་ལས་ཞི་བ་ཆོས་ཀྱི་སྐུ་རྟོག་སོ།། དེའི་ཕྱིར་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག། ་པ་དང་། ལམ་མཐོང་བ་དང་། སྒོམ་པའི་ལམ་གྱིས་གོ་རིམ་ཞེས་བྱ་སྟེ། དེ་ལ་སྡུག་བསྔལ་གྱི་བདེན་པོ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེསུ་མཐོང་བའི་ཤེས་པ་དང་། ་བཟོད་པ་དང་། གྲོལ་བ་དང་། སྤོང་བ་དང་། ཁྱད་པར་དང་། བར་ཆད་མེད་པའི་ཤེས་པས་སྡུག་བསྔལ་དེ་མངོན་པར་རྟོགས་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡང་དག་པུར་བཅོམ་སྟེ། གང་ཟག་དང་། ་ཆོས་ལ་བདག་མེད་པར་རྟོགས་ནས་ཁམས་གསུམ་པར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་སེམས་ཙམ་པ་འདི་ལ་སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མིའི་འཁོར་ལོ་དང་། བྲག་མ ་དང་། ཆུ་ཟླ་དང་། གཟུགས་བརྙན་བཞིན་དུ་རྣམ་པར་བསྒོམ་ན། ཕུང་པོ་ལ་སོགས་པ་དང་། ཁམས་དང་། སྐྱེ་མཆེད་དུ་གཟུང་བ་དང་། འཛིན་པ་དང་། བྲལ་ནུས་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ལ ་ཞུགས་ཏེ། རང་གི་སེམས་ཉིད་གཟོད་མ་ནས་མ་སྐྱེས་པའོ་ཞེས་སྟོང་པའི་ཡེ་ཤེས་ལ་ཞུགས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཡེ་ཤེས་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་གྱུར་པ་ཐབས་སྣ་ཚོགས་དང། ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསྔགས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་དག་གིས་ས་བཅུའི་རྟེན་ཅན་ཡེ་ཤེས་བཅུའི་དམིགས་པ། དབང་བཅུའི་འབྲས་བུ་ཅན་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི ་འབྱུང་གནས་ཞི་བ་ཆོས་ཀྱི་སྐུ་རྟོག་སོ།། དེ་བཞིན་དུ་ཀུན་འབྱུང་གི་བདེན་པ་ལ། ཀུན་འབྱུང་བ་དང་། རྒྱུ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དུ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། སྤོང་བ་དང་། ཁྱད་པར་དང་། མཐོང་བ་དང་། བསྒོམ ་པ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའི་རྣམ་པས་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཀྱི་དྲི་མ་དང་བྲལ་བས་ཞི་བ་ཆོས་ཀྱི་སྐུ་ལ་འཇུག། འགོགས་པའི་བདེན་པ་ལ་ཡང་འགོག་པཱ་དང ་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བར་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་། སྤོང་བ་དང་། ཁྱད་པར་དང་། མཐོང་བ་དང་། བསྒོམ་པའི་ལམ་གྱི་རིམས་ཀྱི་ཀུན་ནས་ཉོན་མོངས་པའི་ཀུན་གཞི་རྣམ་པར་ཤེས་པའི་བག ་ཚོགས་ཡང་དག་པར་བཅོམ་པས་བར་ཆད་མེད་པ་དང་། སྤོང་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་བསྒོམས་པ་ལས་གང་ཟག་དང་། ཆོས་ལ་བདག་མེད་པར་རྟོགས་ཏེ་ཞི་བ་ཆོས་ཀྱི་སྐུ་འཐེབ།། རྒྱུ་དང་རྐྱེན་དང་བྲལ་བ་ལས་ལམ་གྱི་བདེན།། ་པ་ལ་ཡང་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་སྒྲུབ་པ་དང་། ངེས་པར་འབྱིན་པར་ཡང་དག་པར་མཐོང་ན་འདི་ལྟར་མཐོང་བ་དང་། སྒོམ་པ་དང་། བར་ཆད་མེད་པ་དང་། སྤོང་བ་དང་། རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལ་དང་མཐུན་པར ་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ཡང་དག་པར་བཅོམ་ནས། གང་ཟག་དང་ཆོས་ལ་བདག་མེད་པའི་མཉམ་པ་ཉིད་རྟོག་པ་ལས་སྐུ་གསུམ་གྱི་རྟེན་ཞི་བ་ཆོས་ཀྱི་སྐུ་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི ་ཚོགས་ཅན་ཐོག་མ་དང་བར་དང་། ཐ་མ་དང་བྲལ་བ་དོན་ཐམས་ཅད་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པར་མཛད་པའི་བདག་ཉིད་བླ་ན་མེད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོའོ།། ཡང་སྨྲས་པ། གང་གིས་དེ་ལྟར་དེ་ཉིད་བཟོད།། དེ་ནི་ལུང ་བསྟན་ཐེ་ཚོམ་མེད།། གང་གིས་དེ་ལྟར་བཤད་མ་ཐག་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཟག་དང་ཆོསྣ་ལ་བདག་མེད་པའི་དེ་ཉིད་བཟོད་ཅིང་འདོད་པ་དེ་ནི་གང་ཟག་དང་། རྗེས་ལྔ་བདག་མེད་པར་བཟོད་པ་དང་ལྡན་པའི ་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པར་བྱ་བའི་ཐ་ཚི་གོ།། དེ་ཉིད་ཀྱི་ཕྱིར་མདོ་ལས། བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ། ་བུ་དང་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ་ཞེས་གསུང་སོ།། དེ་སྐད་བླམས་བདག་བདག་ཉིད་ཀྱིས།། ། ་ཤཱ་རིའི་བུ་ལ་སྨྲས་པ་དང་། དེ་སྐད། དེ་སྐད་དུ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་དྲིས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་། སཱ་ལུ་ལྗང་བ་དཔེར་མཛད་པའི་མདོ་འདི་རྒྱ་ཆེར་རྣམ་པར་ཕྱེ་ནས་བཤད་པ་དང་། བྱང ་ཆུབ་སེམས་དཔའ་བྱམས་པས་བཤད་པ། སཱ་ལུ་ལྟུང་པ་དཔེར་མཛད་པ།། དེ་ནི་ཤཱ་རིའི་བུས་ཐོས་ནས་ཞེས་བྱ་བ་ནི་སཱ་ལུ་ལྟུང་པོ་དཔར་མཛད་པའོ།། སྙིང་པོ་བླངས་ཏེ་ཞེས་བྱ་བ་ནི། ཆོས་ཀྱི་དོན་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་སྙིང་པོ་གཟུང ་བའོ། ལྷ་ཚེགས་ཀྱིས་ཞེས་བྱ་བ་ནཱ་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་དང་བཅས་པའོ།། རྗེསུ་ཡ་རང་ཞེས་བྱེ་བ་ན་རྗེསུ་ཡི་རང་སྟེའོ།། མངོན་པར་བསྟོད་ནས། ཞེས་བྱ་བ་ནི། ཁྱོད་ཀྱིས་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་གྱི་གཞན ་དུ་མ་ཡིན།། ཞེས་ངེས་པར་བཟུང་ཞིང་ངེས་པར་བསྐྱེད་ནསོ།། ལངས་ཏེ་སོང་ནས་དགའ་སེམས་ཀྱིས།། དགེ་སློང་རྣམས་ལ་བཤད་པ་ཡིན།། དེ་ཉིད་ཀྱི་ཕྱིར་མདོ་ལས། དེ་ནས་ཚེ་དང་ལྡན་པོ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པས་བཤད་པ་ལ ་མངོན་པར་དགའ་ནས། སྟན་ལས་ལངས་ཏེ་སོངོ་ཞེས་གསུང་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་ཤཱ་རིའི་བུ་ལ་སྨྲས་པའོ།། ་ཡིད་རང་པ་ནི་ཤཱ་རིའི་བུས་དེ་ཐོས་ནས་ཡིད་དགའ་སྟེ། སེམས་མགུ་ཞེས་བྱ་བའི་ཐ་ཚི་གོ།། སོང་ནས་དགེ་སློང་རྣམས་ལ་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་རྨད་དུ་བྱུང་བ་ཇི་ལྟར་ཐོས་པ་བཞིན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཤད་པ་ཡིན་ནོ།། ་སཱ་ལུ་ལྗང་བའི་མདོ་སྡེ་ཡཱི།། རྒྱ་ཆེར་བྱ་ཤད་པ་རབ་བཟང་པོ།། དམན་བློས་རབ་ཏུ་རྟོགས་བྱའི་ཕྱིར།། བརྒྱ་ཕྲག་བཅུ་གཉིས་ཁོ་ནར་བྱས།། སཱ་ཁཱ་ལྗང་བ་རྒྱ་ཆེར་བཤད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགསོ།། ་རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་པྲ་བྷཱ་དང་། ལོ་ཙཱ་བནྡེ་ལེགས་པའི་བློ་གྲོས་དང་། ཛྙཱ་ན་ཀུ་མཱ་རས་བསྒྱུར། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བ་རྩེགས་ཀྱིས་ཞུས་ནས་གཏན་ལ་ཕབ་པ།། ་