| Wylie | e-texts produced with BDRC’s OCR application |
@རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦ་ཀ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་ས་ལུ་ལྡངས་པའི་ཚིག་ལེའུ་བྱས་པ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ཡོན་ཏན་མཐའ་ཡས་བསམ་མི་ཁྱབ།། རྫོགས་པའི་སངས་རྒྱས ་ཐུགས་སྡེའི་བདག། རབ་བཏུང་ས་ལུ་ལྡང་བ་ཡི། ཚིག་ལེའུར་བཅས་པ་བཤད་པར་བྱ།། ཐུབ་པ་རྒྱལ་པོའི་ཁབ་ཀྱི་ནི།། བྱ་རྒོད་ཅེས་པའི་རི་བོ་ལ།། དགེ་སློང་མང་དང་བྱང་ཆུབ་སེམས།། ཚོགས་དང་ཡང་དག་ཐབས་གཅིག་བཞུགས།། ས་ལུ་ལྗང་བ་ལ་གཟིགས ་ནས་རད་དྷྱ་དང་རྐྱེན་ལས་བྱུང་བ་སྟེ།། རྒྱུ་དང་རྐྱེན་སྲས་དེ་བཞིན་དུ།། ཡན་ལག་བཅུ་གཉིས་རིམ་བྱུང་བ།། གང་གིས་རྟེན་འབྲེལ་ཞེས་མཐོང་བ།། ཆོས་དང་སངས་རྒྱས་མཐོང་ངོ་འོས།། དགེ་སློང་རྣམས་ལ་འདི་གསུངས་ནས་འདྲེན་པ་ཅང་མི་གསུང་བར་བཞུགས།། དགེ་སློང ་བུས་ཐོས་ནས།། བྱམས་པའི་ཀླུ་མྱོང་ནས་ནི།། ས་པ་དེང་འདིར་དྲི་བཞིན་གཤེགས།། འདི་གསུངས་དོན་རྣམས་མ་ཕྱོ་བཱར།། ཅང་མི་གསུང་བར་བཞུགས་གྱུར་ནས།། ། དེའི་དོན་ཇི་ལྟར་རྟོགས་པར་བྱ།། རྟེན་ཅིང་འབྲེལ་དང་ཆོས་གང་ཡིན།། སངས་རྒྱས་ཀྱང་ནི་གང་ཞིག་ཡིན། ་ལྟར་རྟེན་འབྲེལ་མཐོང་བ་ནི། ཆོས་དང་སངས་རྒྱས་མཐོང་པ་ཡིན།། བདག་གི་ཐེ་ཚོམ་འདི་སྨྲོས་ཤིག། ཤཱ་རིའི་བུ་ཡིས་མ་ཕམ་སྨྲས།། བྱམས་པ་ཤིན་ཏུ་བསྒོམས་པའི་བདག། བྱམས་པས་གཏན་ལ་དབབ་པ་སྨྲས།། ཡན་ལག་བཅུ་གཉིས་མ་རིག་སོགས།། འཆི་བ་ལ ་ཐུག་གོ་རིམ་བཞིན།། དེ་ལྟ་བས་ན་དུ་ལ་བསྔལ་ཤི།། ཕུང་པོ་འབའ་ཞིག་འབྱུང་བར་འགྱུར།། ཆོས་ལམ་ཡན་ལག་བརྒྱད་པ་དང་འབྲས་བུ་མྱ་ངན་འདས་པའོ།། དེ་ལྟར་ཐམས་ཅད་ཐུགས་ཆུང་ཕྱིར།། ཆོས་སྐྱེས་སངས་རྒྱས་ཞེས་བྱ་སྟེ།། དེ་སྐད་ཅེས་བྱ ་འཕགས་མཐོང་བས།། གང་གིས་མཐོང་བ་དེས་མཐོང་ངོ་།། གྲང་ཞིག་སྲོག་ལ་སོགས་བྲལ་བ།། ཉེར་ཞི་ལ་ཐུག་བཅས་པར་ནི།། རྟེན་འབྲེལ་ཆོས་དང་སངས་རྒྱས་དག། དྲི་མེད་པ་ཡི་བློས་མཐོང་བ།། རྟེན་འབྲེལ་ཞེས་པའི་མཚན་ཉིད་ནི།། རྒྱུ་བཅས ་ལ་སོགས་ཚིག་དང་ལྡན།། སངས་རྒྱས་བྱུང་རུང་མ་བྱུང་རུང་།། ཆོས་ཉིད་འདི་ནི་གནས་པ་ཡིན།། ཕྱི་དང་དེ་བཞིན་ནང་གི་ནི།། རྒྱུ་དང་རྐྱེན་ནི་རྣམ་གཉིས་ཏེ།། ཕྱི་རོལ་རྒྱུ་ནི་ས་བོན་སོགས།། རྐྱེན་ནི་རྣམ་པ་དྲུག་ཏུ་བསྟན།། ས་བོན་མྱུ་གུ་སྡོང་བུ་སོགས།། ཇི་ལྟར་འབྲས ་བུ་འཇུག་པ་བརྗོད།། རྐྱེན་ནི་ས་ལ་སོགས་པ་སྟེ།། དུས་ལ་ཐུག་པ་གོ་རིམ་བཞིན།། རྟེན་དང་བརླན་དང་སྨན་པ་དང་།། འབྲུ་འཕེལ་དང་ནི་གོ་འབྱེད་དང་།། འགྱུར་བ་དག་ནི་དེ་རྣམས་ཀྱི།། བྱ་བ་ཇི་བཞིན་འཇུག་པའོ།། རྐྱེན་རྣམས་ཚོགས་པ་མེད་ན་ནི།། ས་བོན་ཡོད ་ཀྱང་མྱུག་སོགས་མེད།། ས་བོན་མེད་པ་ཉིད་ཡིན་ན།། རྐྱེན་རྣམས་ཡོད་ཀྱང་དེ་དང་འདྲ།། རྒྱུ་དང་དེ་བཞིན་རྐྱེན་རྣམས་ནི།། ངར་འཛིན་ལ་སོགས་བྲལ་བ་སྟེ།། རྒྱུ་དང་རྐྱེན་ནི་ཚོགས་པ་ལས།། ལས་ཀྱི་འབྲས་བུ་ཆུང་ཟ་མེད།། བདག་ལས་མ་ཡིན་གཞན་ལས ་མིན་གཉིས་དང་བྱེད་པོ་དུས་ཀྱིས་མིན།། དེ་བཞིན་དབང་ཕྱུག་སོཊ་བྱས་མིན།། རང་བཞིན་ལས་མིན་རྒྱུ་མེད་མིན།། རྒྱུ་དང་རྐྱེན་གྱིས་འཇུག་པ་ཡང་།། ཐོག་མ་མེད་པའི་དུས་ཅན་སྣང་།། རྒྱུ་ལྔ་དག་གིས་ཕྱི་རོལ་གྱིས།། རྟེན་ཅིང་འབྲེལ་པར་འབྱུང་བར ་བཞིན།། བརྟག་པར་མ་ཡིན་ཆད་པར་མིན།། འཕོ་བར་མ་ཡིན་རྒྱུ་ཆུང་ལས།། འབྲས་བུ་ཆེན་པོ་འགྲུབ་པ་དང་།། འདྲ་བར་རྗེས་སུ་འགྲོ་ཕྱིར་ཡང་།། མྱུ་གུ་ས་བོན་ལྟར་མི་འདོད།། རྒྱུ་མེད་མྱུ་གུ་སྐྱོ་བའང་མེད།། འགག་དང་སྐྱེ་བ་མགོ་མཉམ ་སྟེ། སྲང་མདའི་མགོ་མཇུག་མཐོ་དམན་བཞིན།། དེ་བཞིན་ནང་གི་རྒྱུ་དང་ནི།། རྐྱེན་གྱིས་རྣམ་པ་གཉིས་སུ་བཞེད།། འདི་རྒྱ་དང་པོ་མ་རིག་པ།། ཐ་མ་འཆི་ཡིན་གོ་རིམ་བཞིན།། ཡན་ལག་བཅུ་གཉིས་ཉོན་མོངས་ལས།། ཡན་ལག་བཅུ་གཉིས་ཉན་མངས་ལས ་སྐྱེ་བཅས་བདག་ཉིད་ཆ་གསུམ་ནི།། རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། བྱེད་པ་ལ་སོགས་རྣམ་པར་སྤངས།། གལ་ཏེ་དང་པོ་མ་རིག་མེད།། ཐ་མ་འཆི་བ་འབྱུང་མི་འགྱུར།། དེ་དག་ལས་གཞན་བདག་དང་ནི།། བདག་གིས་ཞེས་པ་གང་ནའང་མེད།། དང་པོ་མ་རིག་བྱུང ་ནོནོནི།། ཐ་མ་འཆི་བའང་སྣང་བར་འགྱུར།། དེ་ལྟར་འདི་ནི་ནང་གི་རྒྱུ། འདི་ཡ་རྐུན་ན་ནང་ག་རྒྱ།། འདི་ཡི་རྐྱེན་ནི་རྣམ་པ་དྲུག། ཐ་མ་རྣམ་ཤེས་ཐོག་མ་ས།། ནང་གི་རྐྱེན་དུ་འདོད་པ་ཡིན།། སྲ་དང་རྗེས་སུ་སྡུད་པ་དང་།། སྨིན་དང་དབུགས་འཕེལ་གོ་འབྱེང་ཉིད ་ཤེས་དང་གཟུགས་ཀྱི་རྗེས་འཇུག་པ།། རྣམ་ཤེས་ལྔ་དང་ལྡན་པ་དང་།། དེ་ན་ཉོན་མོངས་ཅན་ཡིད་ཀྱང་།། འདི་རྣམས་ནང་གི་རྐྱེན་ཡིན་ནོ།། ཁམས་རྣམས་འདུས་པར་གྱུར་པ་ལས།། ལུས་ནི་སྐྱེ་བར་འདོད་པ་ཡིན།། དེ་དག་བདག་དང་བདག་གི་ཞོས།། རྣམ ་རྟོག་སྐྱེ་བར་མེད་པར་འདོད།། དེ་དག་ཡོད་ན་སྐྱེ་འགྱུར་ཏེ།། དེ་དག་མེད་ན་འབྱུང་བ་མེད།། དེ་རྣམས་བདག་སོགས་མི་ལྡན་པ།། གཞན་ཡང་སུ་ཡང་མ་ཡིན་ནོ།། གང་གཅིག་རིལ་སོགས་འདུ་ཤེས་པ།། དེ་ནི་མ་རིག་སྲིད་གསུམ་སྒྲིབ།། མི་ཤེས་པས་ནི་འདོད་ཆགས ་དང་བཞི་སྡང་གཏི་མུག་མངོན་དུ་བྱེད།། དེ་ལས་འདུ་བྱེད་དངོས་པོ་ནི།། རྣམ་པར་རིག་པས་རྣམ་ཤེས་འབྱུང་།། རྣམ་ཤེས་ལྷན་ཅིག་འབྱུང་བ་ནི།། གཟུགས་ཅན་མ་ཡིན་ཕུང་པོ་བཞི།། ཤེས་དང་གཟུགས་ལ་བརྟེན་ནས། དབང་པོ་སྐྱེ་མཆེད་འབྱུང་བར་འགྱུར། ་ཡུལ་དང་དབང་པོ་རྣམ་པར་ཤེས།། འདུས་པ་ལས་ནི་རེག་པ་འབྱུང་།། རེག་འབྱུང་ཚོར་བར་ཤེས་བྱ་སྟེ།། དེ་བཞིན་ཚོར་འབྱུང་སྲེག་པའོ།། སྲེད་འཕེལ་ཉེ་བར་ལེན་པ་སྟེ།། ལེན་པ་ལས་ནི་སྲིད་པ་འབྱུང་།། སྲིད་ལས་ཕུང་འབྱུང་སྐྱེ་བ་སྟེ།། དེ ་བཞིན་སྐྱེ་ལས་རྒས་པའོ།། དེ་བཞིན་རྒས་པའི་ཕུང་མེད་པ།། དེ་ནི་འཆི་བ་ཞེས་བརྗོད་དོ།། རྨོངས་པ་འཆི་ལས་མྱ་ངན་ཏེ།། སྲེད་དང་བཅས་པའི་གདུང་བ་ཉིད།། མྱ་ངན་ལས་ནི་བརྗོད་པ་གང་།། དེ་ནི་སྨྲེ་བསྔགས་འདྲེན་ཅེ་བྱ།། སྡེ་བསྔན་འདོན་པ་ལས་བྱུང་བ། ནར་ཤེས ་པ་ཚོགས་ལྔ་ཡིས།། སིམ་པ་མ་ཡིན་སྡུག་བསྔལ་བརྗོད།། ལུས་ཀྱི་བདེ་བའི་གེགས་བྱེད་པའོ།། ཡིད་ལ་བྱེད་པའི་སྡུག་བསྔལ་ནི།། ཡིད་ལ་ཉེ་བར་གནོད་པ་། དེ་ཡིད་མི་བདེར་ཤེས་བྱ་སྟེ།། གང་གཞན་ཉེ་བའི་ཉོན་མོངས་རྒྱུ།། མུན་མངོན་ཤེས་དང ་གཟུགས་དང་ནི།། སྐྱེ་མཆེད་རེག་མྱོང་སྐོམ་པའི་ཕྱིར།། སྲེད་ལས་ལེན་དང་སྲིད་སྐྱེད་དང་།། སྨིན་དང་འཇིག་དང་མྱ་ངན་ཕྱིར།། ཚིག་སོགས་ལུས་ལ་གནོད་པ་དང་།། སེམས་ཡིད་མི་བདེའི་ཕྱིར་དང་ནི།། ཉོན་མོངས་ཕྱིར་ནི་མིང་དོན་མཐུན།། གོ་རིམ་བཞིན་དུ་བསྟན། ་པ་ཡིན།། ཡང་དེ་ཁོ་ན་ཡོངས་མ་ཤེས།། མ་རིག་ལ་སོགས་གོ་རིམ་བཞིན།། སྔ་མ་སྔ་མ་ལས་ཕྱི་མ།། སྐྱེ་བ་དག་ཏུ་ཡང་དག་བརྗོད།། ཡན་ལག་བཅུ་གཉིས་གསུམ་འཇུག་པ།། འདི་ནི་བརྟག་ཚད་ཐོག་མེད་སྐྱེ།། ཆུ་བོའི་རྒྱུན་བཞིན་འཇུག་པ་ཡིས།། ་ཐོག་མ་མེད་པའི་དུས་ཅན་འཇུག། འོན་ཀྱང་བཞི་པོ་འདི་དག་ནི།། རྒྱུ་ནི་སྡུད་པར་བྱེད་པ་སྟེ།། མ་རོག་སྲེད་ལས་རྣམ་པར་ཤེས།། དེ་དག་གོ་རིམ་བཞིན་དུ་བཤད།། རྒྱུ་ལ་རྣམ་ཤེས་ས་བོན་ཏེ།། ལས་ནི་ཞིང་དུ་གསུངས་པ་ཡིན།། དང་པོ་སྲེད་པ་ཉོན ་མོངས་པའི།། ངོ་བོས་རྒྱུར་ནི་ཡང་དག་བཤད།། ལས་དང་ཉོན་མོངས་རྣམ་པར་ཤེས།། ས་བོན་ཉིད་དུ་ཉེ་བར་གནས།། ལས་ནི་ས་བོན་རྣམ་ཤེས་ཀྱི།། ཞིང་གི་བྱ་བ་ཡང་བྱེད་དོ།། སྲེད་པས་རྣམ་ཤེས་ཞེས་བྱ་བའི།། ས་བོན་དེ་མ་ཐག་བརླན་བྱེད།། མ་རིག་ས་བོན་རྣམ་པར ་ཤེས།། བརྙན་པས་བསྟེན་པས་འདེབས་པར་བྱེད།། ལས་དང་སྲེད་པ་མ་རིག་པ།། ཞིང་དང་བརླན་དང་འདེབས་བྱེད་རྣམས།། རྣམ་པར་ཤེས་ལ་འདི་བྱ་དང་།། རྣམ་ཤེས་བདག་འདིས་སྙམ་པ་མེད།། འོན་ཀྱང་ས་བོན་རྣམ་པར་ཤྲཱིས།། ལས་དང་ཉོན་མོངས་གནས་པ་ནི།། ས་བོན་རྣམ་པར་ཤེས་ཞེས ་རྗོད་མ་རིག་ལུད་ཀྱིས་དྲན་པ་དང་།། སྲེད་པའི་ཆུ་ཡིས་བསྟེན་ན་ནི།། རྒྱུ་ལས་ཤེས་དང་གཟུགས་ཀྱི་ནི།། མྱུ་གུ་སྐྱེ་བའང་སྣང་བར་འགྱུར།། རང་བཞིན་གཉིས་ཀ་ལ་སོགས་པས།། ཤེས་གཟུགས་འདི་དག་འབྱུང་མིན་གྱི།། ཕ་དང་མ་དང་ཕྲད་པ་དང་།། དུས་རྣམས་མི་འགྲེལ་ཉིད་ལས ་སོ།། མྱོང་བ་ཅུང་ཟད་འབྲེལ་བ་ནི།། ས་བོན་རྣམ་པར་ཤེས་པར་བརྗོད།། མའི་མངལ་དུ་རིམ་བཞིན་འཕེལ།། ཤེས་གཟུགས་མྱུ་གུ་སྐྱེད་པར་བྱེད།། རྐྱེན་རྣམས་མ་ཚང་མེད་པ་དང་།། རྒྱུ་རྣམས་འགལ་བ་མ་ཡིན་ལས།། སྒྱུ་མ་བདག་མེད་འཛིན་མེད་པར།། སྐྱེ་བ་ཡང་ནི་ཡོད ་པ་ཡིན།། མིག་གི་རྣམ་པར་ཤེས་པ་ཡང་།། རྒྱུ་ལྔ་པོ་ཡིས་འབྱུང་བ་སྟེ།། མིག་དང་གཟུགས་དང་དེ་བཞིན་སྣང་བ། ནམ་མཁའ་དེ་སྐྱེད་ཡིན་ལ་བྱེད།། ལྔ་པོ་མ་ཚང་མེད་པ་ལས།། མིག་གི་རྣམ་པར་ཤེས་པ་འབྱུང་།། དེ་དག་བདག་དང་བདག་གིས་ཞེས།། རྣམ་རྟོག་སྐྱེ་མེད་ཇི་ལྟ། ་བར། རྣ་བའི་རྣམ་ཤེས་ལ་སོགས་ཀུན།། སྐྱེ་བའི་རིམ་པ་འདི་ཉིད་ཡིན།། རྒྱུ་དང་རྐྱེན་ནི་ཚོགས་པ་ལས།། བྱེད་པོ་ལ་སོགས་བྲལ་པོ་དང་།། ངར་འཛིན་པ་དང་བྲལ་བ་ལས།། སྐྱེ་བ་ཡང་ནི་སྔ་མ་བཞིན།། དེ་ལྟར་རྟེན་ཅིང་འབྲེལ་འབྱུང་བའི།། རྒྱུ་ཅན་ཀུན་ཏུ་དཤེས་པར་བྱ།། ་འཇིག་རྟེན་འདི་ནས་ཕ་རོལ་ཏུ།། འགྲོ་བའི་ཆོས་འགའ་གང་ནའང་མེད།། འོན་ཀྱང་རྒྱུ་དང་རྐྱེན་དག་ལས།། ལས་ཀྱི་འབྲས་བུ་མངོན་པ་ཡིན།། ཇི་ལྟར་མེ་ལེང་རབ་ཕྱིས་ལ།། གཞན་གྱི་གཟུགས་བརྙན་དམིགས་པ་བཞིན།། མ་ལོང་ནང་དུ ་གཟུགས་བརྙན་ཡང་།། འཕོས་པ་ཡོད་པ་མ་ཡོད་པ་མ་ཡིན་ཉིད།། དེ་དག་ཕན་ཚུན་རྟོག་མེད་ཅིང་ས་བྱེད་པ་པོ་དང་ལས་རྣམས་སྤངས།། དེ་བཞིན་སྐྱེ་བ་སྣང་བ་ནི།། སྔོན་འཕེལ་བྱ་བའི་རིམ་ལས་སོ།། ཇི་ལྟར་ཟླ་བ་རིང་གནས་པ།། ཆུ་སྣོད་ཆུང་ངུའི་ནང་དུ་ནི།། སྣང་སྟེ་འཕོས ་པའང་མ་ཡིན་ལ།། བྱ་བ་དང་ནི་ལས་ཀྱང་ཡོད།། དེ་བཞིན་འདི་ནས་འཆི་འཕོ་བ།། འགའ་མེད་འགྲོ་བར་སྐྱེ་བ་སྣང་།། རྒྱུ་རྐྱེན་མ་ཚང་མེ་མི་འབར།། རྒྱུ་རྐྱེན་ཚང་ན་མི་འབར་བཞིན།། རྒྱུ་རྐྱེན་མ་ཚང་མེད་པ་ལ།། ཕུང་པོ་ཉིང་མཚམས་སྦྱར་བ་ཡོད།། ཕྱི་ཡི་ལས་དང ་བྱ་བ་རྒྱ།། དེ་ནི་བརྟགས་པའི་བདག་ཉིད་དོ།། དེ་བཞིན་གཞན་དབང་ནང་གི་སྟེ།། རྣལ་ཤེས་ལྔ་པོ་འབྱུང་པོའོ།། བརྟག་བྱ་མིན་ཕྱིར་དོན་དམ་ནི།། ཡོངས་སུ་གྲུབ་པར་འདོད་པ་ཡིན།། རྒྱུ་དང་རྐྱེན་དང་ལྡན་སྐྱེ་བ།། ནང་ཡང་རྣམ་གཉིས་ཤེས་པར་བྱ།། བྱེད་པ་པོ་ལ་སོགས ་པས་དབེན།། གསེག་གསེག་སྟོང་སོགས་སྙིང་པོ་མེད།། དེ་ལྟར་ཤེས་རབ་ཀྱིས་མཐོང་གང་།། ཅི་ཙིར་ཇི་ལྟར་གུང་དུ་ཅིས།། སྐམ་པོའི་རྟོག་སྨྲ་སོགས་སྤངས་པ།། ཆུ་ཟླའི་གཟུགས་བརྙན་ཇི་བཞིན་པ།། དེ་བཞིན་འདི་ནས་འཆི་འཕོ་བ།། འགའ་མེད་འགྲོ་བར་སྐྱེ་བའང ་སྣང་།། ཇི་ལྟར་བུད་ཤིང་དང་འབྲེལ་ན།། མེ་ཡི་རྒྱུན་ནི་འཇུག་འགྱུར་གྱི།། རྒྱུ་ནི་མ་ཚང་གྱུར་པ་ལས།། མེ་ནི་རྗེས་སུ་འཇུག་པ་ནི།། དེ་བཞིན་ཀུན་ནས་ཉོན་མོངས་པའི། ས་བོན་ཡེ་ཤེས་མེས་བསྲེགས་ན།། རྒྱུ་མེད་ཕྱིར་ན་འབྲས་མེད།། བྱ་བ་དང་ནི་ལས་ཀྱང་མེད།། ཡོར ་ཏན་མཐའ་ཡས་བསམ་མི་ཁྱབ།། ཞི་བ་ཆོས་ཀྱི་རང་བརླན་སྭ།། ཐོག་མ་དབུས་དང་མཐའ་བྲལ་བ།། རྟོགས་ནས་སས་རྒྱས་གོ་འཕང་འཐོབ།། གང་གིས་དེ་ལྟར་དེ་ཉིད་ཙུང་།། ད་ནི་ལུང་བསྟན་པ་མམ་མེད།། དེ་སྐད་བྱམས་བདག་བདག་ཉིད་ཀྱིས།། ཤཱ་རིའི་བུ ་ལ་སྨྲས་པ་དང་། ས་ལུ་ལྡང་པ་དཔེར་མཛད་པ།། དེ་ནཱི་ཤཱ་རིའི་བུས་ཐོས་ནས།། སྙིང་པོ་བླངས་ནས་ལྷག་ཚོགས་ཀྱིས།། རྗེས་སུ་ཡི་རང་མངོན་བསྟོད་ནས།། ལངས་ཏེ་སོང་ནས་དགའ་སེམས་ཀྱིས།། དགེ་སློང་རྣམས་ལ་བཤད་པ་ཡིན།། འཕགས་པས ་ལུ་ལྡང་བའི་མདོ་ཚིག་ལེའུར་བྱ་འཕགས་པ་ཀཱ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ་