| Wylie | e-texts produced with BDRC’s OCR application |
གཏན་ལོ་ཕབ་པའོ།། @#།། རྒྱ་གར་སྐད་དུ། ཏྲི་ས་ར་ཎ་སྭ་པྤ་ཏཾ་ཀ། བོད་སྐཾ་དྷ་དུ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པའཕགས་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱགའིའཚལ་ལོ།། ད ་བསྙེན་གསུམ་ལ་སྐྱབས་འགྲོ་བ།། དེ་ནི་སྡོམ་བརྒྱད་རྩ་བ་ཡིན།། སངས་རྒྱས་དྲི་ཆོས་དབྱེ་འཛིན་ནི། ཡིར་བ་འདོད་པ་རྣམས་ཀྱི་སྐྱབས།། དུ་གྱི་སུམ་པ་མ་ལས་དེས་གྲོལ་ཐ~ཾ་།། ཤེས་བྷི་ལ་ནི་བློ་རྣམས་རྒྱུས།། རྨོངས ་པའི་ཟླུམ་པོ་བཅོ་མོ་པས་མ།། སངས་རྒྱས་པདྨ་ལྔར་རྣམས་རྒྱས།། ཐོག་མཐའ་མེང་པའི་སྲིང་བཻ་རེ།། མ་རིག་གཉིད་ཀྱིས་ལོག་པོ་ཡིས།། འགྲོ་བ་གོང་གང་སྣང་ངོ་།། བརྫུན་དེ་རྨི་ལམ་ལྟ་བུར་འདོང་།། མ་རིག་གཉིད་ནི་རྫུན ་ཆད་ཅིང་།། ཡང་དག་ཡེ་ཤེས་ངེས་བྱུང་བས།། གང་ཞིག་རྣམ་སང་དེ་སངས་རྒྱས།། སྐྱེས་བུ་གཉིད་སད་ཇི་བཞིན་ནོ།། ཡང་དག་དེ་ཉིད་སྟོན་མཛད་ཅིང་།། མི་མཁས་སེམས་ཅན་རྟོགས་མཛད་ལས།། དེས་ཀྱང ་སངས་རྒྱས་སངས་རྒྱས་དང་།། དེ་ཡང་སངས་རྒྱས་དང་མཚུངས་འདོད།། ཡེ་ཤེས་བླ་ན་མེད་པ་ཡིས།། ཡང་ནི་དེ་ཉིད་ཐུགས་ཆུད་པ་འམ།། ཞི་བ་ཉིད་ཀྱིས་རྟོགས་སངས་རྒྱས།། དེ་བས་སངས་རྒྱས་སངས་རྒྱས་འདོད།། སངས ་རྒྱས་ཀྱི་ནི་གཟུགས་ཀྱི་སྐུ།། མཚན་དང་དཔེ་བྱད་དག་གིས་འབར།། འགྲོ་བ་རླུང་གི་མྱོས་པ་ཡཱིས།། དབང་གི་སྣ་ཚོགས་སྐྱེ་འཛིནྡ་གང་།། བསོད་ནམས་ཚོགས་ནི་ཚད་མེད་ལས།། འཁྲུངས་པ་ངོ་ནི་རྒྱལ་བའི་སྲས།། ས་བཅུ་ལ ་ནོ་གནས་རྣམས་ཀྱིས།། མིཐོང་བར་གྱུར་ན་སྐུ་དེ་ཡིས།། ཆོས་ཀྱི་རྫོགས་ལོངས་སྤྱོད་འདྲ་ནི།། རྒྱལ་སྲས་རྣམས་ནི་སྤྱོད་པ་ཡིན།། རྒྱལ་བ་སཱུ་དེ་ལ་བཞུག་སྱ་ནས།། བླ་མེད་བྱང་ཆུབ་ཐུགས་སུ་ཆུང་།། ཡེ་ཤེས་སྤྲོས་པ ་མེད་པ་གང་།། ཤེས་བྱ་སྐྱེ་བ་མི་དེ་ལས་བྱུང་ཀ་སངས་རྒྱས་རྣམས་ཀྱི་ཆོས་སྐུ་དེ།། ཡེ་ཤེས་ཚོགས་ལས་བྱུང་བ་ཡཱན།། སངས་རྒྱས་རྣམས་ཀྱི་མ་འདིས་ཆོས།། ཁྱད་པར་འཕགས་པ་བཅོ་བརྒྱ་དང་།། སངས་རྒྱས་རྣམས ་ཀྱི་སྟོབས་སོགས་ཀྱིས།། ཡེ་ཤེས་དེ་ནི་ཡང་དག་བརྒྱམ།། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས།། འབྱུང་བ་ཡིན་པར་རིགས་མི་། རྒྱུང་ང་རྐྱེན་ལས་བྱུང་བ་མི། རང་བཞིན་བཅོས་མ་ཡིན་པར་འགྱུར།། ངོ་བོ་ཉིད་ནི་བཅོས་མ་རུ། ་ཇི་ལྟར་ཡང་ནི་གྱུར་པ་ཡིན།། བཅྡོཾས་མ་མ་ཡིན་ངོ་བོ་ནི།། གཞན་ལ་བལྟོས་པ་ཡོད་མ་ཡིན།། ཆོས་རྣམས་ཉིད་ཀྱི་ངོ་བོ་ནི།། ཐམས་ཅད་ཡོད་པ་མ་ཡིན་ཏེ།། དེ་ཕྱིར་སྐད་ཅིག་གཅིག་གིས་ནི།། བདེ་གཤེགས་ཐམས་ཅད ་མཁྱེན་པར་འདོད།། མ་རིག་ཉོན་མོངས་ཅན་བྱས་རྟོགས།། གང་གིས་ཇོ་བོ་སྒྲོ་པཱ་དགས་འདོད་།། བྱིས་པ་རྣམས་ཀྱི་འཁོར་པའི་རྒྱུ།། དེ་རྟོག་གྱུར་པ་ལོག་ཤེས་ཡོན།། མེ་རིག་ཉོན་མོངས་མེད་ཡོད་པས།། རྣམ་པ་ཀུན་མཁྱེན ་xxx ་པས་རབ་ཕྱེ།། དེ་བས་དེ་ནཱི་ཅུང་ཟད་ཀྱང་།། མི་མཁྱེན་ཅི་ཡོང་སྟོན་མི་མཛད།། སངས་རྒྱས་ན་མཁའ་ཛི་བབྷིན་དུ།། དེ་ལྟར་ཆོས་ཉིད་ལ་རབ་ཞུགས།། ཡིད་བཞིན་ནོར་བུ་ཙཾ་ཡང་ནི།། མི་བྱེད་རྟོག་པ་མེད་ནཱ་ཡང་།། འགྲོ་བའི ་བསམ་པ་ཛི་བཞིན་དུ།། ཚི་མྨེ་པར་བྱེད་པ་ཡིན་པར་བཱ་ཤང་།། རྫོགས་སྤངས་ཐུགས་ཀྱི་རིན་ཆེན་ནི།། རང་གི་མོ་སྟེ་བཞིན་དགོས་མཛད་པས།། འགྲོ་བའི་བྱ་བ་བྱེད་དེ་ལ།། དི་བཞིན་མཛད་པོར་གོ་བ་ཡིན།། དེ་ཉིད་ཕྱིར་ན་འཕགས ་པ་རྣམས།། བསམ་མི་ཁྱབ་པའི་རྐྱེན་ལས་འཁྲུངས།། ཡིད་བའི་ནི་ནོར་བུའི་བྱ་བ་མི། མཐོང་ལ་འཐད་པ་ཡོང་མ་ཡིན།། ཆོས་རྣམས་དངོས་མེད་ཉིད་ལ་ནོ།། བློ་གནས་སངས་རྒྱས་ཡིན་པར་བཤད་།། འོག་མིན་གཞལ་ཡས ་ཁང་དུ་ནི།། ཡང་དག་མངོན་སུམ་མཛད་པར་འདོད།། སངས་རྒྱས་རྟག་པ་མི་མངའ་བའི།། གཟུགས་ཀྱི་སྐུ་ནི་ཡང་དག་འབྱུང་།། སྤྲུལ་པའི་སྐུས་ནི་ས་སྟེངས་སུའང་།། ཡང་དག་བྱང་ཆུབ་སྟོན་པར་མཛད།། ཐུབ་དང་། ་རྣམས་ཀྱི་སྐུ་གསུམ་སྟེ།། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ།། མདོར་བསྡུས་ནས་ནི་བཤད་པ་འདི།། གུས་པས་བློ་ཝཾ་བཞག་པར་གྱིས།། སྔོན་མེད་པ་ལས་སླར་བྱུང་ཞིང་།། བྱུང་ནས་ཀྱང་ནི་ཡང་དག་མེད།། རང་གྱི་དྲོ་བོ་འཛིན ་པས་ཆོས།། དོན་དམ་པར་ནི་མི་བརྗོད་དོ།། གོང་ཞིག་རྨི་ལམི་སྒྱུ་མ་དང་།། ཆུ་ཟླ་ལྟ་བུར་བསླུ་བྱེད་པ།། སྐྱེ་སོགས་དང་ལྡན་དེ་སྤང་བྱའི།། ཆོས་སྤང་བར་ནི་རིགས་མ་ཡིན།། དུས་གསུམ་དུ་ཡང་དངོས་གཅིག་ཕྱིར།། ངོ་བོ་ཉིད་ཀྱིས ་གང་མྱ་ངན་འདས་འགྲོ་བྱ།། ཐུབ་པ་རྣམས་ཀྱིས་ཡང་དག་གསུངས།། དེ་ཡི་རྒྱུད་ལས་སྐྱེས་གྱུར་པས།། དེས་ནི་མངོན་སུམ་དག་ཏུ་གཟིགས།། འཕགས་པའི་བདེན་པ་རྣམ་པ་བཞི།། རྟོགས་ཏེ་ཤེས་ནས་དང་གྱུར་པ།། སྐྱེས ་བུ་ཡང་ཟག་ལ་བརྒྱད་དོ།། མི་ཕྱིང་དགི་འདུན་ཞེས་པ་ས་པོ་ཆེན་མོངས་གནས་ཕྱིར་སློབ་པསམ་གང་ཟག་བདུན་ནི་སློབ་པ་སམ། ཤེས་པ་མ་ལས་ཟང་པ་བྱོར།། བརྗིད་པམི་སློབ་པར་བཤད་།། རྣམས་འཛྲས ་གནས་པ་བཞི།། བཞི་ནི་ཞུགས་པ་པོ་ཡིན་ལྔ།། སྟོན་པའི་སློབ་མའི་ཚོགས་འདི་ནི།། གྲོལ་དང་གྲོལ་བའི་ལམ་བྱ་གནས།། སངས་རྒྱས་ཆོས་དང་དགེ་བདུན་ནི།། བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་།། གང་ཕྱིར་དབྱེ་བར་མི་ནུས་པས།། དེ ་ཕྱིར་དགེ་འདུན་ཞེས་བཤད་།། ཐུབ་དབང་གིས་ནི་སྐུ་གསུམ་དང་།། མྱ་ངན་འདས་དང་གང་ཟག་བརྒྱད།། སྡོམ་བརྩོན་བཅས་ལ་མོས་པ་ཡིས།། གོང་ཞིག་གསུམ་ལོ་སྐྱབས་འགྲོ་བ།། དགེ་བསྙེན་དུ་ནི་དམ་འཆའ་བས།། ་སྐྱོབས་ནི་གསུམ་པོ་བསྲུང་བར་བྱ།། མུ་སྟེགས་ཀུན་ལ་གུས་པ་ཡིས།། མཆོད་དང་ཕྱུག་བརྟུལ་མཾ་བྱའོ།། རྟེ་ནི་གྱི་དམ་པ་བླངས་ནས་ནི།། སླར་ཡང་དམན་ལ་བརྟེན་གྱུར་ན། ཉེས་བཅུས་ཕྱོགས་ལ་གནས་པའི་ཕྱིར།། དེ་ནི་དམ་པའི ་བོཞེང་གང་འགྱུར།། གང་ཞིག་འཕགས་ལམ་མ་སྐྱེས་པའི།། ཕྱིས་རྨོངས་སོ་སོའི་སྐྱེ་བོ་དག། དེ་ནི་སློབ་དང་མི་སློབ་པ།། མིན་ཞེས་བསྟན་བཅོས་ལས་བཤད་དོ།། ཇི་ལྟར་འཁོར་ལོ་ལ་སོགས་པ།། ཉིར་བཟུང་ཤིང་རྟར་རྟགས ་བཱ་ནི། རང་དང་གཞན་དུ་རྣམ་དཔྱད་པས།། རྣམ་པ་ཀུན་ཏུ་མི་དམྱོགས་སོ།། དེ་བཞིན་ཕུང་པོ་ནས་བརྩམས་ཏེ།། སེམས་ཅན་དུ་ནི་བརྟགས་པས་ཡང་།། ཡང་དག་གཞན་དུ་རྣམ་དཔྱད་པས།། ཅི་ནས་ཀྱང་ནི་དམིགས་མི་འགྱུར།། དེ ་འདིར་ཐར་པའི་ཆ་ནས་ནི།། བརྩ་མོས་ཏེ་རྟག་ཏུ་དགེ་བ་ལ།། ཉན་ཐོས་ཉིད་ཕྱིར་འབད་ན་ནོ།། རིམ་གྱིས་ཉན་ཐོས་ཉིད་དུ་འགྱུར།། གང་ཞིག་རང་བྱུང་ཡེ་ཤེས་འདོད།། རང་རྒྱལ་བྱང་ཆུབ་དོན་གཉེར་བས།། རྩོམ་པ་དེ་ཡང་རང་རྒྱལ་གྱི། ་བྱང་ཆུབ་ཁོ་ན་དེས་འཐོབ་པོ།། རང་དོན་ལ་གཞོལ་འདི་དག་ནི།། སྙིང་རྗེ་ཆེན་པོ་དང་བྲལ་བས།། རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེ།། ཐེག་པ་ཆེན་པོར་མི་བསྔགས་སོ།། རྒྱལ་པའི་ཡོན་ཏན་མཐའ་ཡ་ས་པས། ་བྱེག་པ་ཆེ་ལས་གསུངས་པ་དང་།། བྱང་ཆུབ་བེམྦྷས་པ་ཤཱམཐུ་བོས་ནས།། དེ་ལྕེ་སྤྱོད་སྙིང་གྱུར་བ་སྦྱིན།། དེས་ནི་ཐོག་པ་ཆེན་པོལ་ཡང་།། ཨ་ཁྲོས་རང་གི་ལམ་གྱིས་བསྲེགས།། བྱུང་ཆུབ་སེམས་པ་རླུང་དུ་ན།། སྨྱེས་པ ་པོ་ལྟ་བུར་གནས།། འདི་དག་སྲིད་བས་སྐྲག་པ་ཡི།། ཡིད་ཀྱིས་བྱང་ཆུབ་གཉིས་ཐོབ་པ།། ཚེ་ཟད་པར་ནི་དགར་འགྱུར་ཞིང་ས་མྱ་ངན་འདས་ཐོབ་འདུ་ཤེས་ཅན།། དེ་ལ་མྱ་ངན་འདས་ཡོད་མིན།། འོན་ཀྱང་སྲིད་གསུམ་སྐྱེ་བ་ནི།། དེ་དག ་ལ་ནི་ཡོད་མིན་གྱི།། ཟག་པ་མེད་པའི་དབྱིངས་ན་འཁོད།། མི་ཤེས་ཉོན་མོངས་མྱིན་སྦྱངས་ཕྱིར།། ཕྱིས་ནི་སངས་རྒྱས་ཀྱིས་བསྐོལ་བས།། བྱང་ཆུབ་ཀྱི་ནི་ཚོགས་བསག་སྱ་ནས།། དེ་ཡང་འཇིག་རྟེན་འདྲེན་པར་འགྱུར།། འཁྲུ ་སྒྱུར་བ་རྒྱལ་པོ་ཡི།། མཚན་གྱིས་ཡང་དག་བརྒྱན་པ་ལ།། བློ་དང་ལྡན་པའི་བློན་པོ་ཡིས།། རྒྱལ་པོ་ལྟ་བུར་མཐོ་བར་མཐོང་།། ཉན་ཐོས་རང་སངས་རྒྱས་དགུ་གིས།། རྫོགས་སངས་རྒྱས་ཀྱི་རིགས་བྱུང་བའི།། བྱང་ཆུབ་སེམས ་དཔའ་བློ་ལྡན་ཡང་བ། ཐུབ་པའི་དབང་པོ་ལྟ་བུར་མཐོང་།། བྱང་ཆུབ་སེམས་ནི་ལེགས་བསྐྱེད་པའོ།། སྡོམ་བརྩོན་མཆིལ་ལྡམ་ཁུར་པ་ལ།། བྱང་ཆུབ་སེམས་སོགས་ལ་གུས་པས།། དགྲ་བཅོམ་པ་ཡི་མཆོད་པར་བཤགས།། ་རིའི་ལུང་ལས་དགྲ་བཅོམ་པས།། བྱང་ཆུབ་སེམས་དཔའ་ཕྱག་འཚ་ལྷ་ཉིད།། འདི་དག་དཀོན་ནཱ་ཆོ་ག་གསུམྦྷ་གཞན་མིན།། སངས་རྒྱས་ཁོངས་སུ་གཏོགས་པར་འདོང་།། ཇི་ལྟར་དགྲ་བཅོམ་ཟད་ཡེ་ཤེས།། ས་བདུན་སྔོན་དུ་འགྲོ ་བ་ཅན།། དེ་བཞིན་རྫོགས་སངས་རྒྱས་ཡོ་ཤེས།། ས་བཅུ་སྔོན་དུ་འགྲོ་བ་ཡིན།། འདི་ནི་གཅིག་པུ་མི་འགྲོ་ཡི།། ས་བཅུ་པོ་འདི་སྤྱོང་བྱེད་དོ།། གང་ཕྱིར་ཕ་རོལ་ཕྱིན་པ་བཅུ།། ས་དེ་རྣམས་ལ་རྫོགས་པར་བྱེད།། འབྲས་བུར་གནྡ ་དང་ཞུགས་པ་ནི།། འཕགས་པའི་ལམ་གྱིས་རབ་ཕྱེ་བཱའོ།། སློབ་མ་རྣམས་ཀྱི་ས་བདུན་ནཱི།། མངོན་པའི་ཆོས་ལྔས་ཛཱི་སྐང་བཤང་།། དེ་བཞིན་སྡེ་སྣོད་རྒྱས་པ་ལས།། ས་བཅུའི་བསྔགས་པ་བརྗོད་པ་ཡིན།། ཐམས་ཅད ་འཕགས་ལམ་བདག་ཉིད་ཅན།། དེ་བས་འཕགས་མོན་ཇི་ལྟར་འགྱུར།། ཉན་ཐོས་རྣམས་ཀྱི་དབང་མཛད་ནས།། སྡེ་སྣོད་གསུམ་དུ་འདོད་པ་ཡིན།། བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི།། ངེས་པར་དེར་ནི་ཡོད་མ་ཡིན།། ་འཕྱགས་པ་ནུབ་ཀྱི་རིར་བཤད་དང་།། ཤར་གྱི་རི་བའི་ཉན་ཐོས་ཀྱིས།། བྱང་ཆུབ་སེམས་དཔའ་དབང་བྱས་པ།། སྡེ་སྣོད་བདུན་དུ་བཤད་པ་ཡིན།། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་།། དེ་བཞིན་རིག་འཛིན་ཞེས་བྱ་དང་།། ་མདོ་སྡེ་ཆོས་མངོན་འདུལ་བ་དང་།། རྒྱས་དང་དེ་བཞིན་སྐྱེས་པའི་རབས།། དེ་ལྟར་སྡེ་སྣོད་བདུན་པོ་ནོ།། ལུང་ནི་གཉིས་ལས་བསྟན་པ་ཡིན།། གང་ལ་འོད་ནི་ཚང་མིན་འགྱུར།། དེས་ནི་དགྲ་བཅོམ་སྤངས་པ་ཉིད་། ཤེས་བྱ ་ཕུང་པོ་ཁམས་དང་སྐྱེ་མཆེད་ནི།། གཟུགས་བརྙནྟ་མཚུངས་པར་མཐོང་བས་ན།། ཉན་ཐོས་རང་སངས་རྒྱས་དག་གིས།། སྟོང་ནི་གཉིས་དང་གསུམ་པོ་མཐོང་།། རྣམ་ཀུན་མཁྱེན་ཉིད་ཡེ་གས་ནི།། རྫོགས་སངས་རྒྱས་ཀྱི ་ཡིན་པར་བཤད།། རྒོལ་པའི་ལམ་གྱི་རྣམ་པ་ཤེས།། བྱང་ཆུབྱ་སེམས་དཔའ་ཡིན་པར་གསུངས།། རབ་ཏུ་དགའ་བ་ཐོབ་པ་ན།། ཀུན་སྦྱོར་གསུམ་པོ་ལེགས་ཟད་པས།། བྱང་ཆུབ་སེམས་དཔའ་འཕག་ས་འགྱུར་ཞིང་། ་རྫོགས་སངས་རྒྱས་རིགས་ལས་བྱུང་བ་ཡིན།། སྲ་ནི་གོང་མ་གོང་མ་ལ།། བྱང་ཆུབ་སེམས་དཔའི་ཡོན་ཏན་དང་།། ཉེས་ཟང་གང་ཡིན་ས་བཅུ་པའི།། མདོ་ཉིད་ལས་ནི་ཤེས་པར་བྱ།། ཡོན་ཏན་དམ་པ་རེ་རེ་ཞིང་།། ་བསམ་ཡས་དོན་མཁའ་དང་མཉམ།། བྱང་ཆུབ་སེམས་ལ་རྟག་ཕྱག་འཚལ།། བློ་ལྡན་བྱང་ཆུབ་ལ་སྐྱབས་མཆི།། ཐེག་ཆེན་ཚུལ་ལ་བརྟེན་ནས་ནི།། སྐྱབས་གསུམ་རྣམ་པར་བྱ་བ་ལས།། བསོད་ནམས་གང་དེས་སྐྱེ ་རྣམས།། དཀོན་མཆོག་གསུམ་ལ་གཞོལ་བར་ཤློག། གྲཱ་མ་ལྷ་སྐྱབས་འགྲོ་བ་བདུན་ཅུ་བྱ་སློབ་དཔོན་ཟླ་བ་གྲགས་པ་ལླཱི། ལ་སྔ་ནས་མཛད་བ་རྫོགས་སོ།། མྱུ་གྱུར་གྱི་མཁན་པོ ་ཏ་ཆེན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཚོན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལེ་ཕབ་པའོ།། རྒྱ་གར་སྐད་དུ། ཥ་ཊྭཱཾ་ག་སྥཱ་ར་ཎཾ། བོད་སྐད་དུ། ་