CLOSE WINDOW

GT3462: shes rab kyi pha rol tu phyin pa bsgom pa'i man ngag
Wyliee-texts produced with BDRC’s OCR application

གཏན་པ་ཕབ་པའོ།། ། འཇིག་རྟེན་འབྱུང་གནས་ཞི་བས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ནི་མིན་ངག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལོ།། དེ་ལྟར་ཐོས་པ་དང་བསམ ་ཁྱུ་ལས་བྱུང་བའི་ཤེས་རབ་བཤུད་ཟིན་ཏོ།། དེ་དག་རྙེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་སྔར་བསྟན་པས། ད་ནི་འདི་བསྒོམ་པ་བརྗོད་པར་བྱའོ།། ཐོས་པ་དང་བསམ་པ་དང་སྒོམ་པ ་རྣམས་ཀྱི་རབ་ཏུ་སྦྱོར་བྱ་ནི་གཉིས་ཏེ། གུས་པར་སྦྱོར་བ་དང་རྒྱུན་ཏུ་སྦྱོར་བའོ།། རབ་ཏུ་སྦྱོར་བ་ནི་གོམས་པར་སྦྱོར་བའོ།། གུས་པ་དགའ་བ་དང་སྤྲོ་བས་སྦྱོར་བ་ནི་གུས་པར་སྦྱོར་བ་ཡིན་ལ། བར་མ་ཆད་པར་སྦྱོར་བ་ནི ་རྒྱུན་ཏུ་སྦྱོར་བའོ།། བསྒོམ་པ་ཡང་རྣམ་པ་གསུམ་སྟེ། ཞི་གནས་དྲང་ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་བསྒོམ་པའོ།། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་པོ་ཞིན་དུ་གྱུར ་བིབཱི་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ།། ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི ་དམིགས་པའོ།། འདི་ནི་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་གནས་བཅས་ལ་ཇི་ལྟར་བསམ་པའི་དོན་ཡིད་ལ་བྱ་སྟེ། ཡིད་ཀྱི་བརྗོད་པ་སྤངས་ནུས་སེམས་ཉིད་དེ་ལྟར་སྣང་བ་ལན་མང་དུ་ཡིད་ལཱ་བྱ་སྟེ། ཇི་སྲིད ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེ་སུ་མཐུན་པ་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ།། ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཡིན་ལ་དེ་ཉིད ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྲིད་དུ་ལུས་དང་སེམས་ཤིན་ཏུ་མ་སྦྱངས་པ་མ་སྐྱེས་པ་དྲི་སྲིད་དུ་ནི ་ལྷག་མཐོང་དང་རྗེ་སུ་མཐུན་པ་ཡིན་ལ། གང་གི་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན།། ངའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུན་མི་འཆད་པ ་པཱ་དང་། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྕུག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ། འབྲེལ ་པ་ནི་ལྡན་པ་སྟེ་ཕན་ཚུན་བཅིངས་ནོས་འཇུག་པའོ།། འདིར་སྒྲིབ་པ་ལྔ་རྣམས་ཀྱི་རྒོད་པ་དང་འགྱོད་པ་རྣམས་ནི་ཞི་གན་ས་ལཱ་སྒྲིབ་པའོ།། རྨུ་ག་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་ལ་སྒྲིབ་པའོ།། འདོད་པ་ལ་འདུན ་པ་དང་གནོད་སྙམས་ནི་གཉིས་སུ་སྒྲིབ་པའོ།། གང་གི་ཚེ་རྨུགས་པ་དང་གཉིད་ཡང་དག་པར་བསིལ་བར་གྱུར་པ་དེའི་ཚེ་ཞི་གནས་ཡོངསུ་དག་པར་གྱུར་པ་ཡིན་ལ། གང་གི་ཚེ་རྒོད་པ་དང་འགྱོད་པ་ཤིན་ཏུ་བསལ ་པར་གྱུར་པ་དེའི་ཚེ་ལྷག་མཐོང་ཡོངསུ་དག་པར་གྱུར་པ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་གནས་ནི་རྣམ་པ་དགུར་བཀའ་སྩལ་ཏེ། ཇི་ལྟ་བ་བཞིན་དུ་སེམས་དེ་ནང་དུ་འཇོག་པར་བྱེད་ཀུན་ཏུ་འཇོག་པར་བྱེད ་ཡོངས་སུ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་པར་བྱེད། སེམས་མཉམ་པར་འཇོག་པར་བྱེད་ཅེས་གསུང་སོ།། དེ་ལ་དང་པོ་ཕྱི་རོལ་གྱི་དམིགས ་པ་རྣམས་ལས་སེམས་བླན་ཏེ་ནང་དུ་རབ་ཏུ་བསྡུས་ནས་སེམས་དང་པོར་བཏགས་པ་ནི་ནང་དུ་འཇོག་པའོ།། དེ་ནས་རོང་བཞིན་གྱིས་གཡོ་བོའི་སེམས་དེ་ཉིད་རྒྱུན་ཏུ་གཏོད་ཅིང་འཇོག་པ་ནི་ཀུན་ཏུ་འཇོག་པའོ།། དེ་ནས་དྲན་པ ་ཉམས་པས་ཕྱི་རོལ་ཏུ་རྣམ་པར་གཡེང་བ་ཤེས་པར་བྱས་ལ་སླར་བླན་ནས་སེམས་དེ་ལ་འཇོག་པ་ནི་ཡོངསུ་འཇོག་པའོ།། དེ་ནས་སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་དང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་ནས་གོང་ནས་གོང ་དུ་འཇོག་པ་ནི་ཉེ་བར་འཛེག་པའོ།། དེ་ནས་ཏིང་འཛིན་གྱི་ཡོན་ཏན་ལུ་བལྟས་ཏེ། དེ་ཉིད་ལ་དགའ་བ་ནི་འདུལ་བའོ།། དེ་ནས་རྣམ་པར་གསོ་བའི་སྐྱོན་བལྟས་ནས་སྲིད་ཕྱིར་ཕྱོགས་པ་རབ་ཏུ་ཞི་བར་བྱེད་པོ་དེ་ཞི་བའོ།། ཆགས ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་རྣམས་ཞི་བར་བྱེད་པོ་དེ་ནི་ཉེ་བར་ཞི་བྱའོ།། དེ་ནས་དམིགས་པ་གཅིག་ལ་རང་གི་ངང་གིས་འཇུག་པ་ནི་རྒྱུད་གཅིག་པ་སྟེ། ཡང་དག་པ་མ་ཡིན་པར་འགྱུར་བ་ལས་འབད་པས་ཡང ་དག་པར་བྱེད་པ་ནི་རྒྱུད་གཅིག་ཏུ་བྱེད་པའོ།། དེ་ནས་རྒྱུ་གཅིག་ཏུ་བྱེད་པ་གོམ་པ་ལྷུན་གྱིས་གྲུབ་པས་རང་གི་ངང་གིས་འཇུག་པ་ཡང་དག་པར་རིང་དབང་ཐོབ་པས་འཛིན་པ་ནི་སེམས་མཉམ་པར་འཇོག་པའོ།། དེ་སྐད་དུ་མདོ།། ་སྟེ་རྒྱན་ལས། སེམས་ནི་དམིགས་པཱ་ལ་སྦྱར་ཏེ། རྒྱུན་དེ་ལས་ནི་ཡེངས་མེ་བྱེད།། རྣམ་པར་གཡེང་བ་ཤེས་ནས་སུ།། དེར་ནི་སླར་ཡང་མྱུར་བླན་ནས།། ནང་དུ་སེམས་ནི་བསྡུ་བར་བྱ།། བློ་ལྡན་གོང་ནས་གོང་དུ་སྦྱོར།། ཏིང་འཛིན ་ཡོན་ཏན་ལ་བལྟས་ནུས།། དེ་ཉིད་ལ་ནི་དགོའུ་བར་བྱ།། རྣམ་པར་གཡེང་བའི་སྐྱོན་བལྟས་ནས།། ཕྱིར་ཕྱོགས་པ་ནི་ཞི་བཅུ་བྱ།། ཆགས་སེམས་ཡིད་ནི་བདེ་ལ་སོགས།། ལངས་པ་དེ་བཞིན་དུ་ནི་འདུལ།། དེ་ནས་མངོན་པར་འདུ ་xxx ་རོབ་ཏུ་རྣམ་པར་འབྱེདདོ།། ཡོངསུ་རྟོག་གི་ཡོངསུ་དཔྱོད་པར་བྱེད་དོ་ཞེས་གསུང་སོ།། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་ལ་སོ་སོར་རྟོག་པ་ནི་རྣམ་པར་འབྱེད་པའོ།། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་སོ་སོར་རྟོག་པ་ནི་རབ་ཏུ་རྣམ་པར་འབྱེད་པ ་རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་ཤེས་རབ་དང་ལྷན་ཅིག་ཏུ་གྱུར་པས་མཚན་མའི་རྣམ་པར་གཟུང་བ་ཡོངསུ་རྟོག་པའོ།། ཀུན་ཏུ་སྦྱོང་བ་ནི་ཡོངསུ་དཔྱོད་པའོ།། འདི་དག་གི་བཤང་བ་ནི་འཕགས་པ་བྱམས་པས་ཐེག་པ་ཆེན ་པོའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ལྷག་མཐོང་གང་ཞེ་ན། ཇི་ལྟར་ཡང་དེ་ཆོས་རྣམས་རྣམ་པར་འབྱེད།། རབ་ཏུ་རྣམ་པོར་འབྱེད། ཡོང་སུ་རྟོག་པར་བྱེད། ཡོངསུ་དཔྱོད་པར་བྱེད། གནས་ངན་ལེན་གྱི་མཚན་མའི ་གཉེན་པོར་བླང་བ་དང་། ཕྱིན་ཅི་ལོག་ངེས་བུར་བསལྔ་བ་དང་། བྱིན་ཙ་མ་ལོག་པ་ལས་སེམས་རྣམ་པར་བཞག་བྱ་དགུ་ཉེ་བཱར་བླངས་སོ་ཞེས་གསུང་སྱཱ་ཏེ། འདིར་ཚིག་འདི་དག་གི་དོན་ནི་གྲཝནས་དྲན་ལེན་སྦྱིན་ཅི་ལོག ་གྲི་བག་ཆགས་ཏེ། དེ་ཡང་ཕྱིན་ཅི་ལོག་གོང་ནས་གོང་དུ་སྐྱེད་པར་བྱེད་པའི་ནུས་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་དོ།། དེའི་ཕྱིར་མཚན་མ་ནི་གང་གི་ཕྱིར་ཡོངསུ་གསོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལ་མངོན་པར ་ཞེན་པ་སྔ་མ་དག་གོ།། དེ་ཟད་པས་གནས་ངན་ལེན་ཟད་དོ་ཕྱིན་ཅི་ལྡོག་སྐྱེ་བྱར་མི་འགྱུར་ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་ཏེ། གྲྀཉནཱ་པོ་དཱི་ནི་འབྱེད་པཱ་དང་། རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས ་ནྱ་འདི་གཉིས་ནི་གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླངས་ཏེ། ཡོངས་སུ་རྟོག་པ་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཉེ་བར་བླངས་ནས་བསྟན་ཏེ། གང་གི་ཕྱིར་འདི་ནི་ཇི་ལྟ་པོ་བཞིན་དུ་རྣམ་པར་ཕྱེ་བྱས་ཕྱིན་ཅི་ལོག་གི ་དོདོགས་པ་གཅིག་ཏུ་བསལ་ནས། བརྗོད་པ་མེད་པ་ཡིད་ལ་བྱེད་བྱས་ཡོངསུ་བཙལ་ནས་ལྷག་པར་དམིགས་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་ལོག་ངེས་པར་བསལ་པ་ཞེས་བྱའོ།། ཕྱིན་ཅི་མ་ལོག་པ་དེར་མངོན་སུམ་བཞིན་དུ ་མཐོང་བའི་དོན་ལ་སེམས་བཞག་ནས་སོ་སོར་རྟོག་པ་ནི་ཡོངསུ་དཔྱོད་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་མ་ལོག་པ་ལ་སེམས་གཞག་པ་ཉེ་བར་བླངས་ཏེ་བསྟན་པ་ཞེས་བྱ་བ་ཡིནོ།། དེ་ལྟར་འདིས་ཕྱིན་ཅི་ལོག་ངེས་པར་བསལ་བས ་ཕྱིན་སྡེ་མ་ལོག་པར་བྱསྔ་ལ། དེ་ལྟར་ལྷག་མཐོང་རྣམ་པ་བ་ཞིའི་བསྒོམ་པ་ཡོངསུ་རྫོགས་པས་ལྷག་མཐོང་གིས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གློལ་བ་ཡིན་ནོ།། ཞི་གནས་རྣམ་པ་དགུའི་བསྒོམ་པ་ཡོངསུ་རྫོགས ་བས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། ཕྱིན་ཅི་ལོག་གི་མཚན་མ་ཕྱིན་ཅི་ལོག་གི་དོན་གྱི་རྣམ་པ་འགགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། དེ་སྐད་དུ་ཡང་ཞི་གནས་དང་ནི་ལྷག་ནི་ཐོང་དག། བསྒྲིམས ་བས་གནས་ངན་ལེན་དང་ནི།། མཚན་མ་ཡིས་ནི་འཆིང་བ་ལས།། རྣལ་འབྱོར་པ་ནི་གྲོལ་བར་འགྱུར། ཞེས་གསུངས་ཏེ། ཚོགསུ་བཅད་པ་འདིའི་དོན་ནི་ཅི་རིགས་པར་སྦྱར་ལ། གོ་རིམ་བཞིན་དུ་མ་ཡིནོ།། དེ་བས་ནཱ་རྣལ ་འབྱོང་པ་དང་བསྒོམ་པ་ནྡེ་རྣམ་གྲངས་ཡིན་ལ། བྷེ་གནྡྷ་སྭཱ་དདྨ་ལྕག་མཐོང་ཟུང་ངུ་འབྲེལ་བ་ནཾ་མྦྷི་འབྱུར་གྱི་ཐུན་མྱོང་གི་དབྱེ་བ.རོ།། ཤེས་རབྷེ་ཀྱི་པ་རོལ་ཏུ་ཕྱིན་པ་པོསྒོམ་པའི་མན་ངག་སློབ་དཔོན་མཁས་པ་རྟེན་པ ་རིན་ཆེན་འབྱུང་གིནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷཱ་དཱ་དང་། ཞུས་ཆེན་གྱི་ལོ་ཙྪ་བ་འགྲོས་ལྷོ་བཅས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་