CLOSE WINDOW

GT3459: pha rol tu phyin pa'i theg pa bsgom pa'i rim pa'i man ngag
Wyliee-texts produced with BDRC’s OCR application

ཉིད་དང་། ལོ་དྷ་བྱཱ་དགེ་སློང་ཆོས་ཀྱི་ཤེསྱ་རབ་ཀྱི་བསྒྱུར་ཅིང་ནུས་པའོ།། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི་མྱན་ངག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་སྣང ་ལ་ཕྱག་འཚལ་ལོ།། གང་ཞིག་བསྒོམ་སྟོབས་ཀྱིས་མ་འོངས་རྫོགས།། ཚོགས་གཉིས་ཀྱིས་ནི་རྒྱུར་གྱུར་པ།། སངས་རྒྱས་ཉིད་ལ་ཡང་དག་བརྟེན།། བསྒོམ་པའི་སྐལ་དང་མི་ལྡན་པ།། དེ་ཕྱིར་འགྲོ་བའི་མགོན་པོ་ཡིས།། ་ཤེས་རབ་ཞི་གནས་བསྒོམ་པ་གསུང་སོ།། དེ་ནི་བརྩེ་ཆེན་རྟོགས་བྱང་ཆུབ།། འགྲོ་བུའི་རྒྱུ་ལོ་སྒྱིང་བྱེད་ཡིན།། གང་ཡང་བསྒོམ་པའི་སྟོབས་ལས་ངེས་པར་བྱུང་བའི་བསོད་ནམས་དང་ཡེ་ཤེས་གཉིས ་ཀྱི་རྒྱུ་ཀུན་ཏུ་བཟང་པོ་དེ་ཉིད་ལ་རྒྱུན་མ་ཆུ་བྷཱརརྱ་མངོན་པར་བརྩོན་པའི་རྣལ་འབྱོར་པསོ་དུས་ཡུན་རིང་པོ་མེ་ཐོག་སོ་པར་རྗོད་པར་མངོན་སུམ་དུ་བྱུང་ལ། དེ་བྱེད་པའི་སྐལ་པ་མེད་པ་དེ་རྣམས་ཀྱི་ཕྱིར་ཐུགས་རྗེ་ཆེན་པོ་དང ་ལྡན་པའི་མགོན་པོསཾ། ཞི་གྱཱ་ནཱིསྟྲྀ་དཱཏྟ་ལྷག་མཐོང་ཟུང་དུ་འཇུག་པའི་ལཱ་མོ་ཉེ་བ.རོ་བསྟན་པ་མཛད་པ་ཡིན་ཏོ།། དེ་ཝཱར་ནི་ད་བསྒོམས་པས་བཅོམ་ལྡན་འདས་ཡུར་ཤེས་རབ་མངོན་སུམ་དུ་བྱཾས?་ནས། དྭེའི་རང་བཞིན་ཅན ་གྱི་སྦྱིན་པ་ལྟ་སོགས་པཱཥྚི་དྭངོས་པོའི་ཐབཱ་སུཾ་ཝཱཾ་བསླེབས་པ་ལས་སངས་ས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ།། དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཀྱི་སེམས་སྐྱེད་ལ། དེ་ཉིད་གོང ་ནས་གྲོང་དུ་རྣམྦྷ་རྟོགས་བྱ་སྤྱོངས་པའི་ཚུལ་གྱིས་རྣམ་པར་རྟོག་པ་སྤོང་བས་ཡོངསུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་དེ། སྙིང་རྗེ་ཆེན་བྷྱོ་དང་ལྡན་པ་ནི་གཞོན་གྱི་ཧཱུཾ་གི་བེསྭ་ལཱཾ་བྷཱིས་སྡུག་བསྔལ་བ་ཉིད ་ཀྱིས་འང་དགི་ཐམས་ཅད་ཞི་། སྡུག་བསྔལ་རྣམས་ལས་བཏོན་ལ་སངས་རྒྱས་ཉིད་ལ་ངེས་པར་སྦྱོར་བར་བྱོའོ་ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་ཙ་ཡི་འདི་རྣམས་ཀྱང་དྲམ་བཅིས་དེའི་གཉི་སུ་མེད་པའི་སེ ་ཀྱི་ངོ་བོ་དང་། སྦྱིན་པ་ལ་སོགས་པ་བྱ་བའི་དངོས་པོའི་ཐབས་པ་བསླབས་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་མི་འགྱུར་རོ་སྙམ་དུ་དགོངས་ནས། གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལུམ་ཡང་བསྒོམ་པར་མཛད་ངོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་དེང་ན། སྨྲས་པ། བྱང་ཆུབ་སེམས་གོང་གཞོན ་དོན་དུ།། ཡང་དག་བྱང་ཆུབ་འདོད་པ་ཡིན།། དེ་ནི་དབྱེ་བ་གཉིས་ཀྱིས་གཉིས།། དེ་དག་ཉི་ཤུ་གཉི་སུ་འདི་འགྱུར།། བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་སེམས་དང་།། འཇུག་པའི་སེམས་སོ།། དེ་ཡོང་སྡོང་པོ་བཀོད་པ་ལས།། ་རིགས་ཀྱི་བུ་སེམས་ཅན་གྱི་ཚིགས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་རྙེད་པར་དཀོའོ།། དེ་བས་ཀྱང་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར ་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའོ་ཞེས་གསུངས་པ་ཡིན་ནོ།། གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་གཉིས་སུ་དབྱེ་བར་བྱ་སྟེ། དེ་ཡང་འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ།། གཏེར་དང་རི་ནི་ཆེན་འབྱུང་གནས ་མཚོ།། རྡོ་རྗེ་རི་སྨན་པ་ཤེས་གཉེན་དང་།། ཡོད་བཞིན་ནོར་བུ་ཉི་མ་གླུ།། རྒྱལ་པོ་མཛོད་དང་ལམ་པོ་ཆེ།། བཞིན་པ་བཀོང་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྦྱིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ་ཞེས་བཤད་པ་ཡི་ནོ།། ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ།། འདུན་པའི་གནས་སྐྱབས་སོགས་དབྱེ་བས།། སྨོན་པའི་སེམས་ནི་རྣམ་པ་གསུམ།། འཇུག་པ་ཞེས་ནི་བྱ་བའི་སེམས།། རྣམ་པ་བཅུ་དགུ་དག་ཏུ་འདོད།། དེ་ལ་སྟོན་པའི་སེམས་ནི་རྣམ ་པ་གསུམ་དུ་དབྱེ་སྟེ། བདུན་པ་དང་ལྷན་ཅིག་འདྲོས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནཱི་ས་ལྟ་བུ་ཡིན་ནོ།། བསམ་པ་དང་ལྷན་ཅིག་འདྲིས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དོ།། ཕྱིས་འབྱ ་ཛཱ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ།། ལྷག་པའོ་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་ཅན་ཏེ། དཀར་པོའི་ཕྱོགས་ཐམས་ཅད ་དབེལ་བར་འདོད་པའི་ཚུལ་གྱིས་ཟླ་བོ་ཆེས་པ་ལྟ་བུ་ཡིན་ནོ།། འཇུག་པའི་སེམས་ཀྱི་དབྱེ་བ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མངོན་པར་ཤེས་པ་དང་ལྡན ་པ་དང་། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང་། ཞི་གནས་དང་ལྷག་མཐོང་དང་ལྡན་པ་དང་། གཟུངས་དང་སྤོབས་པ་དང་ལྡན་པ་དང་། ཆོས་ཀྱི་སྐྱེད་མོས་ཚ་ལྔ་དང་ལྡན་པ་དང་། བགྲོད་པ ་གཅིག་པའི་ལམ་དང་ལྡན་པ་དང་། ཆོས་ཀྱི་སྐུ་དང་ལྡན་པའོ།། དེ་ཡོས་དེ་དག་མེ་ལུས་ཁྱབ།། དེ་བས་གནས་སྐབས་རྣམ་བཞི་སྟེ།། འབྲས་བུ་རྒྱུ་དང་སྦྱོར་སོགས་དེང་།། ལམ་གྱི་གནས་སྐབས་དབྱེ་བས་སོ།། དེ་ལས་གསུམ་ནི ་ལས་དང་པོ་པའི་གནས་སྐབས་སོ།། བཞི་པ་ནི་ངེས་པར་འབྱེད་པའི་ཆའི་གནས་སྐབས་སོ།། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་སེམས་ཀྱིས་ནི་རྒྱུའི་གནས་སྐབས་སོ།། མངོན་པར་ཤེས་པ་ལ་སོགས་པའི་གནས ་སྐབས་དང་ལྷན་ཅིག་གནས་པའི་བརྒྱུད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིན་ནོ།། དེ་ལ་དང་པོ་མགོན་པོ་ཡིས།། གསོལ་བའི་རྣམ་པར་ཡང་དག་བྱ་ཤང་།། གཉིས་པ་སྦྱིན་སོགས་ལ་འཇུག་པས།། འཇུག་པའི་རྣམ ་པར་རབ་ཏུ་བསྒྲས།། གསོལ་བའི་སེམས་ཀྱི་ནི་རྣམ་པ་གསུམ་སྟེ། དེ་ཡང་བཤད་པ་ཡིན་ནོ།། འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པའི ་སེམས་སོ།། སྡོམ་པ་ལ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ།། དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བྷཱུ་བཱར ་བྱའོ།། དེ་ཡང་། སྦྱིན་སོགས་ཤེས་རབ་དང་བྲལ་བས།། ཐབས་མཱ་ཡིན་ཞིང་ས་མ་ཡིན།། དེ་བས་ཤེས་རབ་བསྐྱེད་བྱ་ཞིང་།། ཞི་གནས་ཀྱང་ན་བསྐྱེད་པར་བྱ།། ཤེས་རབ་མེད་པར་ནི་སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པའི་མྱིང་མི ་འཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ།། དེ་བས་ནི་ཤེས་རབ་བསྐྱེད་བའི་ཕྱིར་དང་། ཞི་གནས་བསྐྱེད་པར་བྱ་བའི་ཕྱིར་འབོང་བར་བྱའོ།། དེ་ལ་གང་ཞིག་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང་། གང་ལ་བརྩོན་དོང་བག་ཡོད ་བརྟན་པ་འཚང་།། གང་ཚེ་ཡང་དག་དང་ཡང་ལྡན་གྱུར་ཏེ།། དེ་ཡི་ཏིང་འཛིན་མྱུར་དུ་རྫོགས་པར་འགྱུར།། ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ་རྣམ་པར་གནས་པས་ཡིད་དང་རྗེསུ་མཐུན ་པའི་ས་ཕྱོགསུ་སྟན་བདེ་བ་ལ་འདུག་སྟེ་ལུས་དྲང་པོར་བཞག་ལེ། སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ཏེ། སེམས་ཅན་མ་ལུས་པ་གདོན་པ་གདོན་པར་འདོད་པའི་བསྡམ་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ནི་བསྐྱེད ་བསྐྱེད་པར་བྱའོ།། དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བས་དངོས་པོ་ཐམས་ཙཱང?་ལ།། ཡང་དག་དམིགས་ཏེ་ཇི་སྲིད་མཉམ་བཞག་འཐོབ།། དེ་སྲིད་ཡིད་ནི་སྐད་ཅིག་རོ་ལ་གཞུག། དང་པོར་རེ་ཞིག་རྣལ་འབྱོར་པས་ཁོམ ་ལུ་སོགས་པའི་དབྱེ་བས་དངོས་པོ་མ་ལུས་པ་རྒྱ་ཆེར་རྣམ་པར་དཔྱད་ལ།། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུན་གྱི་སྐད་ཅིག་ནས་དེ་ཉིད་དུ་གཏད་པར་བྱའོ།། གལ་ཏེ་ཡིད་ནི་ཆགས ་སོགས་ཀྱིས་གཡོངས་གྱུར།། མི་གཙང་པ་ལ་སོགས་གཉེན་པོ་བསྒོམས་པ་ཡིས།། ཇི་སྲིད་དེ་ནི་བརྟན་པ་མ་ཐོབ་པ།། དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ།། ཡང་གིང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་གཡེངས ་བར་གྱུར་པ་དེའི་ཚེ་མི་གཙང་བ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱ་ལ། སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏོད་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཆེན་པོ་ལས།། འདོད་ཆགས་རྣམ་པ་དུགུ་ནི་ཆེན་པོ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང་། རེག་པ་ལ་ཆགས་པ་དང་། ཙན་ངན་ལ་སོགས་པས་བསྐུས་པ་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་དང་། ་རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེ་གཱ་ལན་ཥཱ་ཀྱེ་འོ།། ད་ལད། ཤ་ཧྱས་པ་ལོ་ཆགས་པ་དང་། ལུས་དང་ཡན་ལག་གི་རྩི་བཛྲེ་ལ་ཆགས་པ། ཁ་དོག་དང་དབྱི་བསཱ་ལ་ཆགས་པའོ།། དེའི་གཉེན་པོར་གྱུར་པའི་མི ་གཙང་བ་ཡང་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དེ་དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོར་ནི་རྣམ་པར་བྱམ་པའི་འདུ་ཤེས་སོ།། ལུས་ཀྱི་རེག་པ་ལ་ཆགས་པའི་ནི་འབུས་ཞིགས་པའི་འདུ་ཤེས་སོ།། ལུས་ཀྱི་དྲི་ལ་ཆགས ་པའི་ནི་རྣམ་པར་རུལ་བྱའི་འདུ་ཤེས་སོ།། ལུས་མཱ་ཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ།། ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་སྔོས་པའི་འདུ་ཤེས་སོ།། ཤྭ་རྒྱས་པ་ལ་ཆགས་པའི་ནི་རྣམ་པར ་ཟོས་པའི་འདུ་ཤེས་སོ།། ལུས་དང་ཡན་ལག་གི་རྩེད་འཇོ་ལ་ཆགས་པའི་ནཱ་རྣམ་པར་འཐོར་བྱའི་འདུ་ཤེས་སོ།། ས་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེསོ།། ཁྭ་དོག་དང་དབྱིབས་ལ་ཆགས་པའི་ནི་རྣམ་པར་ཆོག ་པའི་འདུ་ཤེས་སོ།། ཞེ་སྡང་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་བྱམས་པ་བསྒོམ་པའོ།། གཏི་མུག་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་རྟེན་ཅིང་འབྲེལ་པོར་འབྱུང་བ་བསྒོམ་པའོ།། གང་གི་སེ ་དེ་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བསམ་པ་དང་། མྱི་དགེ་བའི་སྐྱོན་བསམས་པས་དེ་ཡང་ཞི་བར་བྱའོ།། ཡང་གང་གི་ཆོ་གཉིད་དང་མུན་པ་ལས་སེམས་ཞུམ ་བར་མཐོང་བ་དེའི་ཚེ།། སྣང་བའི་འདུ་ཤེས་བསྒོམ་པ་དང་རབ་ཏུ་དགའ་པཱ་ཡིད་ལ་བྱེད་པ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པུས་ཞུམ་པ་དེ་ཡང་ཞི་བར་བྱའོ།། ཡང་གང་གི་ཚེ་སྔོན་རྒོད་པ་དང་རྩེ་ཞིང ་དགའ་བ་རྗེས་སུ་དྲན་པས་སེམསེ་བར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ་མི་རྟོག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ།། ཡང་གང་གི་ཚེ་ཞུམ་པ་དང་རྒོད་པ་དག་དང་བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང ་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ་བསྒྲིམ་པ་དང་གློད་པ་བཏང་སྙོམས་སུ་བྱོ་སྟེ། གལ་ཏེ་སེམས་མཉམ་པར་འཇུག་ཏུ་ཟིན་ཀྱང་བསྒྲིམས་བུ་བྱས་ན་དེའི་ཚེ་སེམས་རྣམ་པར་གཱ་ཡེང་པར་འགྱུརརོ།། ་ལེ་ལོ་དང་ནི་དམིགས་པ་བརྗེད་པ་དང་།། དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ།། ཏིང་ངེ་འཛིན་ལོ་ཐམས་ཅད་ཉེས་པར་འགྱུར།། དང་སོགས་སེམས་ཉིད་དྲི་ཡི་གཉེན་པོ་ཡིན།། མདོར་ན་ཏིང་ངེ་འཛིན་ནི་ཐུམས་ཅད་ཀྱི།། ་ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ།། འདི་ལྟ་སྟེ། ལེ་ལོ་དང་། དམིགས་པ་བརྗོད་པ་དང་། ཞུམ་པ་དང་། རྒོད་པ་དང་། མ་བསྒྲིམས་པ་དང་། བསྒྲིམས་པའོ།། དེ་རྣམས་ཀྱི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ། ་ཤེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དྲང་བ་དང་། འདུན་པ་དང་། རྩོལྔ་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། སེམས་དཔའོ།། དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུརརོ།། ་དེ་ལས་ཀྱང་གྲུམ་དང་སེམས་པས་རུཛུ་བ་ཉིད་ཐོབ་པར་འགྱུར་རོ།། ཤིན་ཏུ་སྦྱངས་པདཱ་ལས་ལུས་དང་སེམས་ལས་སུ་རུང་བས་ལྡོག་པར་འགྱུར།། དཱི་བས་ནཱ་དཱ་པ་ལ་སོགས་པ་ནི་ཨེ་ལོ་སྱཱང་བཧྣི་བྱཻར་བསྒོམ་པར་བྱ ་དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ།། ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་བུམ་པ་དུང་རྒོད་པ་དགེ་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ།། ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས ་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ།། ཞུམ་པ་དང་རྒོད་པ་དེ་དག་ཉེ་བར་ཞི་བར་གྱུར་ནས་གང་གི་ཚེ་སེམས་རུང་གི་རྒྱུན་གྱི་འཇུག་པའི་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས ་བསྒོམ་པར་བྱའོ།། སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ནི་གང་གིས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ།། དེ་བས་ན་མདོ་ལས ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ།། བསྒོམ་པའི་རིམ་པ་འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་སུ་མརྗེ་ཉིད་ལས། དེ་ལ་སེམས། ་མཉམ་པར་བཞག་པར་བྱེད། ཡང་དག་པར་འཇོག་པར་བྱེད།། རྣམ་པར་འཇོག་པར་བྱེད། ཉོ་བར་འཇོག་པར་བྱེང་། དུལ་བར་བྱེད། ཐོ་བར་བྱེད། ཧེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏོང་ངེ་འཛིན་དུ་བྱེད་དོ་ཞེས་གསུང ་པ་ཡིན་ནོ།། དེ་ལ་ཡང་དག་པར་འཇོག་པར་བྱེད་པ་ནི་དམྱིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ།། རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བ་ཤེས་པར་བྱ་སྟེ། དེ་ཉེ་བར་ཞི་བར་བྱེད་པའོ།། ཉེ་བར་འཇོག་པུར་བྱེ་པ ་ནི་རྣམ་པར་གཡེང་པར་ཉེ་བར་ཞི་བར་བྱས་ནས་དེ་ཉིད་ལ་ལོང་ནས་གྲོང་དུ་གཏོང་བར་བྱེད་པའོ།། དུལ་པོར་བྱེད་པ་ནི་དགའ་བ་བསྐྱེད་པར་བྱེད་པའོ།། ཞི་བར་བྱེད་པ་ནི་མི་དགའ་བ་ཉེ་བར་ཞི་བར་བྱེད་པའོ།། ཉེ་བར་ཞི་བར་བྱེད་པོ་ནི ་ཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེང་བའོ།། གཅིག་པ་ཉིད་དུ་པྱོད་པ་ནི་དམིགས་པ་ལྔ་མངོན་པར་འདུ་བྱ་བ་མེད་པོར་འཇུག་པ་ལ་འབད་པར་བྱེད་པའོ།། ཏིང་ངེ་འཛིན་དུ་བྱེད་པ་ནི་སེམས་མཉ་མོ་པ་ཉིད ་ཐོབ་པ་ལ་བཏང་སྙོམསུ་བྱེད་པས་ཡང་དག་པས་འཛིན་པར་བྱེད་དེ་ཞེས་བྱ་བའི་དོན་ཏོ།། ཚིག་དགུ་པོ་འདི་དག་གོས་བ་ཤོད་པ་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛང་བ་ལས་བྲིས་པ་ཡིན་ནོ།། ཡང་རིམ་པ་འདིས་ཏིང ་བཱཛྲིན་ནི་རྫོགས་པར་གང་གི་ཚེ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། གང་གི་སེམས་ནི་རྩོལ་བ་མེད་པར་ནི།། རང་གི་ངང་གིས་འཇུག་པར་འགྱུར་བ་ན།། དེ་ཚེ་སངས་རྒྱས་མཉམ་འཇོག་ལྔ་བརྟེན་ཏེ།། འདི་ནི་ཏིང་ངེ་འཛིན་གྱི་ཚུལ་ཡིན་ནོ།། གང ་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེང་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་མཉམ་འཇོག་ཤེས་ནས་ནི།། དེ་ནས་ཤེས་རབ་བསྐྱོང་བྱ་སྟེ།། གཟུགས ་དང་གཟུགས་མེད་དབྱེ་བ་ཡིས།། དོན་དེ་ཉིད་ནི་རྣམ་དབྱུང་བྱ།། དེ་བས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མྱེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ། སེམས་ཙམ་ལས་ཡོངསུ་བཟླས་ཏེ། ་གཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་དུ་བཟླ་བར་བྱའོ།། དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས ་ཅང་མི་མཐོང་བ་ཡིན་ནོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་པར་མི་ལུས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་པའི་དོན་དེ་གཟིགས་པའི་འོ་ཞེས་བྱ་བ་དང་། དེ ་བཞིན་དུ་དོན་དམ་པ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོད་པ་མེད་པའོ།། ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ།། དེ་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས་པ་ན་ཆོས་ཐམས་ཅད་མཐོང་དུ་ཟིན ་ཀྱང་མ་མཐོང་བ་ཡིན་ནོ།། དེ་ལྟ་བུ་ཉིད་མཐོང་བ་མེད་པ་ཞེས་བྱ་བ་མངོན་པར་འདོད་ཀྱི། གཉིད་ལོག་པའམ་མིག་བཙུམ་པ་དང་འདྲ་བར་གང་ཡང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ།། དེ་ལྟ་ནི་བག་ཆ་གས་མ་སྤངས ་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བྱཁོན་དུ་སླར་ཡང་གཟུགས་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར ་པར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པ་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངསུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལོ་སོགས་པས་ཀྱང་ངོ་། ་སྤངས་པར་འགྱུར་རོ།། གང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་མ་སྤངས་པར་དེ་ཡིད་ལ་བྱེད་པ་ཡོངསུ་སྤངས་པར་ཡང་ནུས་བུ་ནི་ཡིན་ཏེ། མི་ཡོངསུ་མ་སྤངས་པར་ཆུ་བ་སྤོང་མི་ནུས་པ་དང་འདྲའོ།། དེ་བས ་ན་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་བསལ་བར་བྱའི། ཚོར་མ་འབྱིན་པ་ལྟ་བུར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ།། ཐེ་ཚོམ་གྱི་ས་བོན་དང་བྲལ་བར་བྱ་བ་ཡང་ཤི་གནས ་དང་ལྷག་མཐོང་བ་ན་ཚུན་རྗེསུ་མཐུན་པར་འཇུག་པར་བྱའོ།། དེ་ཡང་སེམས་རྩེ་གཅིག་ཏུ་མཚན་ཉིད་ཅན་གྱི་ཞི་གནོས་སྐྱེས་པར་གྱུར་ན། ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པས་རྣལ་འབྱོར་པའི་ཐེ་ཚོམ་དང་བྲལ་བར ་འགྱུར་རོ།། དེ་དང་སྤྲུལ་བས་གཟུགས་པ་ལ་སོགས་པ་ལ་མངོན་པར་བེན་པ་དང་འབྲལ་ལོ།། དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཡང་དེའི་ཚེ་ཞི་གནས་དང ་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ།། དེ་ཡང་ཀུན་རྟོག་ཐམས་ཅད་སྤངས་པ་དེ། འདི་ནི་རྣལ་འབྱོར་དམ་པ་ཡིན།། རྣལ་འབྱོར་པ་གང་མངོན་སུམ་དུ།། གནས ་བ་ཀུན་མཁྱེན་བཅོམ་ལྡན་འགྱུར།། དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་བདག་གིས་བྱས་མ། བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ་སེམས་དཔའི་དབང་པོ་རབ་ཏུ་ལྡན་པ ་ཡིན་ནི་དེ་ངེས་པའི་རྒྱུ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་པར་རྟོགས་པ་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ། དེ་ཡང་འཕགས་པ་ག་ས་གོ་ར་ལས། ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་བསྡུས་པ་སྟེ། འདི་ལྟ་སྟེ་ཐབས་དང་ཤེས་རབ་པོ་སྐྱེས་གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དང་། བསྡུ ་དངོས་པོ་ལ་སོགས་པའི་དབྱེ་བས་བྱེ་བ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང་། དཀོན་མཆོག་སྦྱིན་ལ་སོགས་པའི་མདོ་ལས་གསུངས་སོ།། ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་ལོག་པར་ཡོངས་སུ་གཅོང་ངའི་རྒྱུལ ་དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་བྱས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུརརོ།། ། ་དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ།། ཤེས་རབ་ནི་ཡོངསུ་གཅོད་པ་ཤེས་པའོ་ཞེས་གསུངས་པ་དང་། འཕགས་པ་དང་པའི་སྟོབས་བསྐྱེད་པ་ལས། ཐབས་ལོ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ ་ཤེས་པ་ལ་མཁས་པའོ།། ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པ་ཤེས་པ་ལྔ་མཁས་པའོ་ཞེས་གསུངས་པ་ཡིན་ནོ།། འདི་དག་ལ་ནི་སོ་ལ་གནས་པས་ཀྱང་བསྟེན་པར་བྱའི།། ཤེས་རབ་ཙམ་འབའ་ཞིག་ནི་མ་ཡིན ་ནོ།། གང་གི་ཕྱིར་ས་བཅུ་པ་ལ་སོགས་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་ལྐོག་མ་རྣམས་ལ་སྣང་མི་སྐྱོང་བ་མ་ཡིན་ནོ།། ཞེས་གསུངས་པས། བྱང་ཆུབ་སེམས་དཔས་སུ་བཅུ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་ཏུ ་སྦྱང་བར་བྱའོ།། ཞེས་བཤད་དོ།། དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཡོངསུ་རྒྱས་པའི་མདོ་ཆོས་ཐམས་ཅད་བསྡུས་པ་ལས། བྱམས ་པོ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡང་དག་པར་གཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འབའ་ཞིག་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོང་པ་ཉིད་དུ་སེམས་པས་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང་།། ་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་།། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་དང་ལྡན་པ། ཐབས་ཀྱིས་མཐར་ཕྱིན་པའོ།། ་ཞེས་གསུངས་པ་ཡིན།། དེ་བས་ན་གཉིས་ཀ་ཡང་དུས་ཐམས་ཅད་དུ་བསྟེན་པར་བྱའོ།། དེ་ལྟ་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ནོ།། དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས ་ཀྱི་སྐུ་དང་། ཞིང་དང་། འཁོར་ལོ་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངསུ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནོས་པར་མི་མཛད།། ཤེས་རབ་ཀྱིས་ཕྱིན ་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར ་བྱ་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན་ཏེ། དེ་ལ་བྱོན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤང་བར་བྱའོ་ཞེས་གསུངས་ཀྱི། དགོས་པའི་དོན་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས ་གསུངས་པ་ཡིན་ནོ།། དེ་ཡང་ཆོས་ཡོངསུ་གཟུང་བར་བྱའི། མི་གཟུང་བར་ནི་མི་བྱའོ་ཞེས་གསུངས་ཏེ། ལམ་ལོག་པར་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས་ནཱ་དངོས་པོ་ཐམས་ཅད་དེ་ལྟར་གཟིགས ་ཏེ་གསུངས་པ་ནི། དུས་ཀུན་ཏུ་ནི་ཐབས་དང་ནི།། ཤེས་རབ་ཕ་རོལ་ཕྱིན་བདོག་ཅནྟ།། བསྟན་བྱ་གང་ཕྱིར་དེ་ལས་ནི།། མི་གནས་མྱ་ངན་འདས་པར་འགྱུར།། ཞེས་བྱ་བ་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསྒོམ་པའི་རིམ་པའི ་མན་དགེ་སློབ་དཔོ་ན་ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་ཞལ་སྣ་ནས་མཛོད་བློ་རྫོགས། རྒྱ་གར་གྱི་མཁན་པ་བདྨེ་ཀར་ཟརྨྨ་དང་། ཊུརློན་རྗེ་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། བུད་དྷཱ་ནུ་སྨྲྀ་ཎྱཏྟཱ་ར་བྷཱ་བ་ནཱ་ནཱ་མཱ། བོད་སྐད་དུ། སངས་རྒྱབ་རྗེས་དྲན་པ་བླ་ན་མྱེད་པ་བྱསྒྲིམ་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་