CLOSE WINDOW

GT3457: mi sdug pa bsgom pa'i rim pa
Wyliee-texts produced with BDRC’s OCR application

ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་བྷོ་དྷརྨ་ཤྲཱི་བྷ་དྲ་དང་། ལཱྀ་ཙཱ་པ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕོབ་པ།། མི་སྡུག ་པ་བསྒོམ་པའི་རིམ་པ། འདོད་ཆགས་ལ་སོགས་པའི་སྐྱོན་ཐམས་ཅད་བྲལ་བ་འཕགས་པ་ན་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།། མི་གཙང་བ་བསྒོམ་པ་བཤད་པར་བྱའོ།། གང་རྣལ་འབྱོར་པ་སྲིད་པས་དམུས ་བྱུང་ནས་ཐར་པ་ལ་དད་པ་སྐྱེད་པ་དེས། འདི་ལྟར་བརྟག་པར་བྱ་སྟེ། དང་པོ་རང་གི་དཔྲལ་བ་འམ། ལག་པ་དང་རྐང་པའི་མཐེ་བོ་ལ་ཐོར་བུ་འམ། འབྲུམ་བུ་སྔོན་པོ་འམ། སེར་པོའི་རྣམ་པ་རྣག་གིས་ཀུན་ཏུ་གང་བ་ཞིག་རྡོལ ་བྱར་བསྒོམ་སྟེ། ནུམ་ཞི་གནས་གྲུབ་པའི་བར་དུའོ།། དེ་གྲུབ་ནས་ནི་བདག་གི་ལུས་ཐམས་ཅད་མཐར་གྱིས་རུལ་རྨུགས་པར་བསམ་པར་བྱའོ།། དེ་ནས་ཇི་ལྟར་བདག་གི་ལུས་ལ་དམིགས་པ་བཞིན་དུ་སྱཱ་གཞི་ཐམས་ཅད་མི ་རོས་གང་བར་མཐོང་ངོ་།། དེ་ལྟར་མི་གཙང་བ་བསྒོམ་པ་ཡང་ཁ་དོག་དང་། དབྱིབས་དང་། རེག་པ་དང་། འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་རྣམ་པ་བཞིར་ཤེས་པར་བྱ་སྟེ། དེ་ལ་དང་པོ་ནི་མིའི་རོ་སྔོས་པ་དང་། ་སྐུགས་པ་དང་། མདོག་མི་སྡུག་པ་དང་། དྲི་བ་ཤུལ་བ་དང་། རྣམ་པར་འབུ་པོ་ཞིགས་པའོ།། དང་འོག་ནི་ལུས་སྔ་མུ་བཞིན་དུ་བམ་ཞིད་རྐང་ལག་དང་ཁ་མིག་རྣམས་མི་སྒྲོག་ཙང་འཇིག་སུ་རུང་བར་གྱུཪྵ་བཱའོ།། མཐའ ་དགེ་ནི་རྣམ་པར་རུལ་པ་དང་། རྣག་གིས་ཀུན་ཏུ་གང་བ་དང་། མནམ་པ་དང་། འབུ་མང་པོས་ཞིགས་ཤིང་དམྱལ་བའོ།། ཐ་མར་ལུས་ཀྱི་ཀེང་རུས་ཙམ་མ་བྲལ་ཞིང་རྒྱུ་ལ་འབྲེལ་པ་ཤ་རེ་རི་ཆགས་པ་དྲི་མྱི་ཞིམ་པ་སྦྱང ་མས་གཟིངས་ཤིང་འཕུངས་པས་བརྣགས་ཤིང་དམར་བར་བསྒོམ་སྟེ་གོ་རིམ་བཞིན་ནོ།། དེ་ལྟར་བསྒོམས་པའི་འོག་ཏུ་སྟན་ལས་མ་ལངས་པ་ཁོ་ནར་མི་གཙང་བ་དང་ཀེང་རུས་ཀྱི་རྣམ་པ་འདི་དག་རང་གི་བློས་བརྟགས་པ ་ཁོ་ནར་ཟད་དོ།། དམིགས་པོ་མེང་བཞིན་དུ་ཡང་ཤེས་པ་སྐྱེ་བ་ལས་ན་ཆོས་ཐམས་ཅད་ཀྱང་རྟག་པའི་ངོ་བོ་ཁོ་ནར་ཟང་ལ། རྟོག་པ་ཡང་རྐྱེན་ཚོགས་པའི་དབང་གིས་བྱུང་བ་ཡིན་ཏེ། གླང་དང་གླད་ལས་བྱུང་བ ་དྷེ་ཐམས་ཅད་ནི་རང་གི་ངོ་བོ་ཉིད་མ་སྐྱེས་པ་ཡཱིནྱ་ཏེ། སྐྱེ་བ་མེད་པ་དང་འགོག་པ་མེད་པ་སྤང་ན་སྐྱེ་བ་དང་འགག་པ་མི་དམིགས་པར་དེ་ཁོ་ནའི་དོན་གྱི་རྣམ་པ་ལ་སེན་སྱ་ཀྱི་རྒྱུན་གཏད་དེ་ཅི་ནུས་སུ་བསྒོམ་མོ།། དེ་ནས་སེམས ་སྐྱོན་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ནས་ལྡང་ངོ་།། ལངས་ནས་ཆོས་ཐམས་ཅང་སྒྱུ་མ་ལྟ་བུར་བལྟས་ཏེ། སྦྱིན་པ་ལ་སོགས་པ་སྙིང་རྗེ་སྔོན་དུ་སོང་བའི་བློས་བྱའོ།། དེ་ཕན་ཆད་ནི་དམིགས་པ་གང་ཁོ་ན་ལས ་དོང་ཆགས་སྐྱེ་བའི་དམིགས་པ་དེ་ཉིད་ཀྱང་རུང་གི་ལུས་ལེ་མི་གཙང་བ་ཇི་ལྟ་བ་བཞིན་ཡིད་འ་བྱའོ།། དེ་ལྟར་རྒྱུན་ཏུ་ཡོད་ལ་བྱས་ཤིང་བསྒོམས་ནི་ལུས་ལ་ཡིད་འབྱུང་ཞིང་འདོད་ཆགས་རྣམ་པ་བཞི་པོ་ཡང་གནོན ་པར་འགྱུར་ལོ་འཕགས་པའི་ལྷམ་ཡང་སྐྱེ་སྟེ། ཉོན་མོངས་པ་རྟག་ཏུ་སྤངས་པར་ཡང་འགྱུར་རོ།། མི་གཙང་བའི་བསྒོམ་པའི་ཐབས་བཤད་པ། སློབ་དཔོན་ཆེན་པོ་དགེ་བའི་གོ་ཆས་མཛད་པ་རྫོགསོ།། ། ་འདི་ནི་སྔོན་གྱི་ལོ་ཙཱ་བཾ་ཆེན་པོ་རྣམས་ཀྱིས་པོ་སྒྱུར་བ་སྟེ་འགྱུར་རྙིང་ལེགས་སྐང་ངོ་།། ། རྒྱ་གར་སྐད་དུ། ཀཱ་ཡ་པ་ར~ཾསྭ་བྷ་བ་ནཱ་ཀྲ་མ། བོད་སྐད་དུ། ལུས་ཡོངསུ་དབྱེད་པོའི་བསྒོམ་པའི་རིམ་པ། སངས ་