| Wylie | e-texts produced with BDRC’s OCR application |
རྣལ་འབྱོར་པའི་རྟོག་པའི་བགེགས་སེལ་བ་ཞེས་བྱ་བ། རྗེ་བཙུན་བྷྲ་མ་རྣམས་དང་། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཅི་ཕྱིར་གང་གིས་གང་ལ་གང་ལྟར་བསྒོམ།། རྟགས་དང་ཡོན་ཏན་པ ་ཆད་བགེགས་སྐྱོན་བསལ།། དེ་དག་ཤེས་ནས་གོམ་པས་བྱང་ཆུབ་འཕོ་བ།། མ་ཐོས་མ་ཤེས་མི་འགྲུབ་ཡང་ན་འགྱངས།། དང་པོ་ཅིའི་ཕྱིར་བསྒོམ་པ་གཟུང་འཛིན་གཉིས།། མ་སྤངས་ཇི་བཞིན་མ་བསྒོམ་རྣལ་འབྱོར་པ།། ་ཕྱགྷྲ་འཚུལ་མཆོད་བཤགས་སྦྱིན་པ་མདུ་བྱས་ཀྱང་།། བསོད་ནམས་འཕེལ་ཡང་ཡེ་ཤེས་རྫོགས་མི་འགྱུར།། གཉིས་པ་གང་གིས་རྡོལ་འབྱིང་དང་ལྡན་པ།། ཐོས་མཧཱ་བརྩོན་ཞིང་དམ་ཚིག་སྡོམ་གནས་ཤིང་།། མཆོད ་དོདང་སྦྱིན་མོས་བྱང་ཆུབ་སེམས་ལྡན་པས།། དེ་ནི་ཐེག་ཆེན་གསང་བའི་སྣོད་ཡིན་བསྒོམ།། གསུམ་པ་གང་ལ་ཞེ་ན་རང་གི་སེམས།། ཇི་བཞིན་མོ་བཅོས་ཡེ་ནས་རྣམ་དག་ཅིང་།། སྤོས་བྲལ་ཡོད་མི་དེ་རྟག་ཆད་མཐའ་སྤངས་པ།། ་དེ་ལྟ་གཡེང་བ་མེད་པར་རྟག་ཏུ་གནས།། བཞི་པ་གྲང་ལྟར་བསྒོམ་པ་བསྒོམ་བྱ་དང་།། སྒོམ་པ་གཉིས་མེད་རང་གི་ངོ་བོ་ལ།། ཅི་ཡང་མྱེད་ལ་ཙཱིར་སྣང་སྣང་བསལ་བར།། བྱིང་རྨུགས་སྤྲོས་པའི་རྟོགས་པ་མེད ་པར་བསྒོམ།། ལྔ་པ་དེ་རྟག་རྣལ་འབྱོར་བརྩོན་ལྡན་ལ།། དང་པོ་གཉིད་དང་འདོད་སྲེད་ཆུང་བར་འགྱུར།། དེ་ནས་རིམ་གྱིས་རྨི་ལྡུམ་འདོད་ལ་སོགས།། རྟོག་པ་ཇི་བཞིན་ཚི་འཕྲུལ་གཟུགས་ཀྱང་སྟེན།། དྲུག་པ་དེ་ཡི་ཡོན་ཏན ་བསམ་བརྗོད་པ།། མངོན་སུམ་ཚེ་རིང་ནད་རྣམས་གསོ་བ་དང་།། བགེགས་སེལ་ལ་སོགས་ཡོན་ཏན?་མང་པོ་འབྱུང་།། དེ་བཞིན་རིམ་གྱིས་བྱང་ཆུབ་ལམ་ལ་འཇུག། བདུན་པ་བར་ཆང་བགེགས་ནི་རྣལ་འབྱོར་པ།། གནས ་སྤངས་གནས་ཚོལ་གཞན་དུ་འགྲོ་འདོད་ནི།། གནོད་སྦྱིན་གཞན་དང་གཞན་དུ་བགྲོ་།། རྣལ་འབྱོར་སེམས་ལ་ཞུགས་ནས་གནས་གཞན་འཕེན།། གལ་ཏེ་རྣལ་འབྱོར་བསྒོམ་ཞིང་གནས་བཟུང་བས།། སྨྲ་བཅང་བར་སྐབ ་ནང་དུ་གཞན་འཇུག་དང་།། ཕྱིར་བྱུང་ཁཾ་གྲགས་འདོད་བརྐམ་ཟས་ནོར་ཚོལ།། ཡི་དགས་འདོད་སྲོང་ཅན་གདོན་དེ་སེམས་ཞུགས།། གལ་ཏེ་རྣལ་འབྱོར་སེམས་འཁྲུགས་འཐབ་འདོད་ཅིང་།། འཁོར་ལ་གཤྲཱི་དང་གཞན་ལ ་སྐྱོང་བྱེང་ན།། འབྱུང་པོའི་བདག་པོ་ས་བཤོ་ན་པ།། སྒྲུབ་པོ་དེ་ཡི་སྙིང་ལ་ཞུགས་པ་ཡིན།། གལ་ཏེ་རྣལ་འབྱོར་འདྲེས་ཤིང་ཉེལ་ལ་དགའ།། ཟིས་སྐོམ་སྲེད་ཅིང་བཟླས་ལ་མི་རྩོན་ནོ།། ལྟོ་འཕྱེ་ཉལ་བརྩོན་སྙོམ་བྱེད་ཅེས་བྱ ་རྣལ་འབྱོར་སེམས་ལ་ཞུགས་ནས་གནས་བྱར་བྱེད།། གལ་ཏེ་རྣལ་འབྱོར་རང་གི་ལོངས་སྤྱོད་རྐྱེན།། ཡོ་བྱད་སྲུང་ཕྱིར་སོ་འཛུགས་སྲུངས་མ་བསྐོ།། གསོག་ཕྱིར་འདོད་ཚུལ་གཞན་དུ་གཏོང་འདོད་ན།། གནོད་སྦྱིན་ནོར་སྲུངས ་ཞེས་བྱ་སེམས་ལ་ཞུགས།། གལ་ཏེ་རྣལ་འབྱོར་ཕ་མ་སྤུན་ཚེགས་ལ།། ཆགས་ནས་སྨོན་ལོམ་རིམ་གྲོས་སྲུང་བྱེད་ནོ།། ལྡན་ཅིག་སྐྱེས་པའི་བག་ཆགས་མ་བྱོང་པས།། ཉོན་མོངས་མི་སྤོངས་བྱང་ཆུབ་རིང་བར་འགྱུར།། གལ་ཏེ ་རྣལ་འབྱོར་གཟའ་སྐར་འཇུག་ཕོད་དང་།། དུས་དང་ལོ་ཟླ་བཟང་ཟི་བྱེད་ན།། དབྱར་མིང་མཉམ་པ་ཉིད་དང་འགོལ་བས་ནི།། བྱང་ཆུབ་ཐོབ་པ་རབ་ཏུ་དཀའ་བར་འགྱུར།། གལ་ཏེ་རྣལ་འབྱོར་ཐོས་མང་རྟོགས་ཆེ་ཞིང་།། བསྒོམ་པ ་བསྙེམས་པས་བདག་བསྟོང་གཞན་སྨོད་ན།། ཉོན་མོངས་མི་སྤོངས་ང་རྒྱལ་འབྲེལ་འགྱུར་བས།། ཕྱིར་ཡང་ལྷུང་ཞིང་བྱང་ཆུབ་རིང་བར་འགྱུར།། གལ་ཏེ་རྣལ་འབྱོར་བདག་ལ་གཞན་དག་གིས།། སྔོན་དང་ད་ལྟར་མ་འོངས ་གནོད་བྱེད་ཅེས།། དེ་སྡང་སྐྱེས་ནས་རིག་སྡིགས་གསོད་གཏོང་ན།། ཞེ་སྡང་དབང་གིས་བྱང་ཆུབ་རིང་བར་འགྱུར།། གལ་ཏེ་བདག་ལ་གཞན་གྱིས་མཆོད་བཀུར་ཞིང་།། བྱསྔགས་པ་མང་བརྗོད་བསྟོད་ལྔ་སེམས་དགའ་ན།། འགྲོ ་ལ་ཕྱོགས་ཆར་གྱུར་ཏེ་ཚོགས་སེམས་ཀྱིས།། བྱང་ཆུབ་ལམ་ལ་འདིས་ཀྱང་རིང་པོར་འགྱུར།། གལ་ཏེ་རྣལ་འབྱོར་འཁོར་མང་འདུ་ལོང་དག། རྒྱལ་པོ་ལྟ་བུར་མང་པོ་བསྟེན་ན་ནི།། ཁང་གྲགས་ཡིན་པས་བསྒོམ་པ་གཡེ ་བའི་རྒྱུ།། བྱང་ཆུབ་ལམྦ་ལས་ཤིན་ཏུ་རིང་བར་འགྱུར།། བརྒྱད་པ་སྐྱོན་བསལ་ཐབས་ནི་རྣལ་འབྱོར་པ།། སེམས་ལ་བར་ཆད་མཚན་མ་དེ་བྱུང་ན། འདི་ལྟར་བསམ་ནས་རྣམ་རྟོག་བསལ་བར་བྱ།། ཆོས་སུ་ཅི་སྣང ་སེམས་ལས་གཞན་མེད་ཅིང་།། སེམས་ཀྱི་རང་བཞིན་ཆོས་ཉིད་ངོ་བོ་ལ།། བཟང་དྲན་སྤོང་ལེན་འདོད་སྲོང་བྱམས་སྡང་སོགས།། རྟོག་དང་རྟོག་པའི་དབང་གིས་བགེགས་བྱུང་ན།། སེམས་ལ་བལྟས་ན་གང་ཡང་མི་སྣང་བས།། ་སྣང་མེད་སེམས་རྟོགས་མཚོན་མ་ག་ལ་ཡོད།། བདག་རྟོགས་མཚན་མར་སེམས་ལ་གཟུགས་ཉེས་པས།། རྟོག་པ་ཐམས་ཅད་སྤངས་ཤིང་རྟོགས་མེད་གནས།། རྟོགས་པ་མྱེད་པ་ལ་ཡང་གནས་པ་མེད།། དེ་ལྟར་རིང་དུ་གན ་ནི་རྟོག་བགྲགས་ནི།། མྱུར་བྱས་ཊཱི་གྷནས་རཱི་བྱཱཀྵྨཱིནྟ་བསྒོམ་པ་ལ།། བར་ཆུད་སེམས་ཀྱི་རྟོག་པ་འབྱུང་མི་འགྱུར།། བྱང་ཆུབ་འབྲས་བུ་མྱུར་དུ་ཐོབ་པར་འགྱུར།། རྣལ་འབྱོར་པའི་རྟོག་པའི་བགེགས་སེལ་བ་ཞེས་བྱ་བ།། ་དྲངོས་གྲུབ་རྙེས་པའི་སློ་དཔོན་མཁས་པ་ཆེན་པོ་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། འདི་ནི་གསང་སྔགས་ཡོ་གའི་རྣལ་འབྱོར་གྱི་རྒྱུད་ལ་བརྟེན་ནས་བཤད་པ་འདྲའོ།། ་སྔོན་གྱི་ལོ་དཱི་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ་འགྱུར་རྙིང་ལགས་སྐད་ངོ་།། དེ་ལྟར་ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར་པས་ཐོག་མར་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པར་བྱ་བ་རྣམས་བཤད་ཟིན་ཏོ།། དེ་ནི་བསྒོམ ་པབའི་རིམ་པ་དངོས་ཀྱི་དོན་རྣལ་འབྱོར་སྤྱོད་པྱུ་དང་། དབུ་མའི་སྒྲུབ་པའི་མཐའ་རྣམ་བྱ་གཉིས་ལ་བརྟེན་ནས་སྟོན་ཏོ།། ། རྒྱ་གར་སྐད་དུ། ཡོ་གཱ་ལཀྵ་དྷུ་ས་ཏྭ། བོད་སྐད་དུ། རྣལ་འབྱོར་གྱི་མཚན ་