CLOSE WINDOW

GT3450: bsam gtan chos drug rnam par bzhag pa'i 'brel ba
Wyliee-texts produced with BDRC’s OCR application

རྫོགས་སོ།། ། རྒྱ་གརརཱ་སྐད་དུ། དྷརྨ་ཥདྡྷ་ནོ་དྷྱཱ་བསྠཱ་ན་དྲྀཏྟཾ། བོད་སྐད་དུ། བསམ་གཏན་ཆོས་དྲུག་རྣམ་པར་བཞག་པའི་འབྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བསམ ་གཏན་དག་ལ་གུས་བཏུད་དེ།། ཆོས་དྲུག་པོ་ཡི་འབྲེལ་པ་བྱོ།། དེ་ལ་བསམ་གཏན་ཆོས་དྲུག་ནི།། སྡོམ་དང་རྒྱས་པར་བཤང་པའོ།། དེ་ལ་སྡོམ་ནི། སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ་ཞེས་པ་ནས།། འོད་དྲུག་ང་ཡི་སློབ་དཔོན་སཱི ་ཞེས་པའི་བ་དུའོ།། ང་ནི་རྒྱས་པར་བཤང་བ་ནི་དེ་ཡང་དཔེ་དྲུག་གིས་སྟོན་པ་ལས། དང་པོ་རྣ་བ་སྤངས་པར་སྟོན་པ་ནི།། རེ་བ་སྟོབས་ལྡན་ཉོན་མོངས་ཏེ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། སེར་སྐྱ་མོ་ཞེས་བྱ་བ ་ནི་བུད་མེད་སྨད་འཚོང་མ་ཤིག་སྐྱེས་པ་དང་དུས་བཏབ་པ་ལས། མཚན་གྱི་སྟོང་ནི་སྐྱེས་པ་འོད་དུ་རརེ་པ་ལས་ཡིད་སྡུག་བསྔལ་བར་གྱུར་ལ། མཚན་གྱི་སླད་ནི་སྐྱེས་པ་མི་འོང་བར་རེ་ཐག་ཆོད་པས་སེམས་བདེ་བར་གཉིད་ཀྱིས ་ལོག་པ་དེ་བཞིན་དུ། འདོང་པའི་ལོངས་སྤྱོད་སྔར་མ་ཐོབ་པའི་ཡུལ་རྣམས་ཐོབ་པར་རེ་པའི་སྐྱེས་བུ་སྟོབས་དང་ལྡན་པ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་ནི། སྟོབས་ཆུང་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན། ་འདོད་པའི་ཡོན་ཏན་མ་ཐོབ་པ་ལ་རེ་པ་མོ་བྱེད་པ་ནི་བདེ་བའི་མཆོག་ཡིན་ཏེ། དེ་ལ་སྡུག་བསྔལ་གྱིས་གདུང་བར་མི་བྱེད་དོ།། དེ་ནི་ཟིང་ཟིང་སྤང་བར་བྱ་བ་སྟོན་པ་ནི། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། ཞེས་བྱ་བ་ལས་སོགས ་པ་སྨོས་ཏེ། དཔེར་ན་ཆུ་སྦྱར་ཞིག་གིས་ཉོ་གཅིག་གཟུང་བ་དང་། ཇི་སྲིད་ཉད་མ་བོར་གྱི་བར་དུ་ཆུ་སྐྱར་གཞན་གྱིས་བསྙགས་ཏེ་རྩོད་པར་གྱུར་ནས།། ཉ་དེ་བོར་མ་ཐག་རྩོད་པ་མེད་དེ་བདེ་བར་གནས་པར་གྱུར་པ་དེ ་བཞིན་དུ། ཟང་ཟིང་གི་ལོངས་སྤྱོད་ཅི་ཙམ་སོང་བ་དེ་ཙམ་དུ་འཐབ་ཅིང་རྩོད་པའི་སྡུག་བསྔལ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ། མེད་པ་ལ་ནི་སྡུག་བསྔལ་གྱི་གདུང་བ་མེད་ཅིང་བདེ་བ་འཐོལ ་ཡིན་ནོ།། ད་ནི་ཁྱིམ་སྤང་བར་བྱ་སྟེ། ཁྱིམ་གྱི་རྩོམ་པ་སྡུག་བསྔལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ནཱ་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས་སྦྲུལ་གྱི་ཕྲུ་གུ་མང་པོས་གཙེས་པས་མ་བཟོད་དེ་ཚང་དེ་ནས་བྱུང་ནས ་ཤུག་གཞན་ཞིག་ཏུ་ཞུགས་པས་བདེ་བ་ཐོབ་གྱུར་པ་དེ་བཞིན་དུ། ཁྱིམ་གྱི་གནས་ན་སོ་ན་མི་ལ་སོགས་པའི་ལས་ནི་ཤིན་ཏུ་ཡང་དཀའ་ཞིང་སྡུག་པ་སྔལ་ཏེ་སྐད་ཅིག་ཙམ་གྱི་བདེ་བ་ཡང་མེད་ལ། ནཱམ་ཤིག་ཁྱིམ་སྤངས ་བར་གྱུར་པ་ན་སྡུག་བསྔལ་མེད་དེ་བདེ་བར་གྱུར་པ་ཡིན་ནོ།། སྤང་བར་བྱ་བ་གསུམ་བཤུད་ཟིན་ཏོ།། ད་ནི་ངང་དུ་བླང་བར་བྱ་བ་གསུམ་ལས་དགོན་པར་གནས་པ་དང་དུ་བླང་བ་སྟོན་ཏེ། རྔོན་པ་གནས་སུ་སོང་གྱུར་ཏེ། ཞེས་བྱ ་པ་ལ་སོགས་པ་སྨོས་ཏེ། དཔེར་ན་རྔོན་པ་ཞིག་ཏུ་རྟག་ཏུ་གནས་སུ་རྒྱུ་ཞིང་རི་དགས་ཚོལ་དུ་སོང་བ་དང་། ཁྱིམ་གྱི་ལས་སྡུག་བསྔལ་བར་རིག་ཅིང་དགོན་པའི་གནས་བདེ་བའི་ཡོན་ཏན་མཐོང་ནས་གསོང་བའི་ལས་སྤངས ་ཏེ་དགོན་པའི་གནས་དེ་ཉིད་དུ་གནས་ནས་བདེ་བར་གྱུར་པ་དེ་བཞིན་དུ། གང་ཞིག་ཁྱིམ་སྤངས་ཏེ་ལམ་བཙལ་བར་བྱ་བའི་ཕྱིར་དགོན་པར་གནས་ནས་ལུས་དང་སེམས་མཆོག་ཏུ་ལས་སུ་རུང་བར་འགྱུར་བ་ཡིནོ།། ད་ནི་དམིག ་བ་ཡུན་རིང་དུ་གནས་པར་བྱ་བ་དང་དུ་བླང་བ་སྟོན་ཏོ། འདིར་ནི་རྒྱལ་པོའི་ཡན་ལག་བཞིའོ།། ཞེས་བྱ་བ་ལ་སོགསོ་བ་སྨོས་ཏེ། དཔེར་ན་མངའ་མཁན་ཞིག་མདའ་བྱ་བའི་ཕྱིར་སྨྱུག་མ་སྲོང་བ་ལ་ཡིད་གཏང་བ་ན། རྒྱལ་པོ ་xxx ་མྱི་སེམས་སྐྱེ་མཅིག་པཱ་ལ་རྒྱུན་ཏུ་ཟློགཏུ་བ་རྣམམྦྷ་པྣ་སྩལ་རྣམས་ཀྱི་སེམྦྷས་མཱི་འཕྲོགས་བྱུ་འགྱུར་བྱ་ཡིན་ནོ།། དཱ་ནི་གྷ་ཅིག་བྱུ་དྲུག་པཱ་དཱུ་རྱཱ་ཏྱཱ་པཱ་སྣརོན་ཏེ། མང་པོ་རྡྷགྶ་ཏྱཱ་འཐབ་འགྱུར་ཏེ། ཤྲཱིསྨཱ ་སོགས་པ་སྨོས་ཏེ། དཔེར་ན་བུད་མེང་གཞོན་ནུ་མ་ཞིག་ཙན་ངན་བདར་བ་ན། ལག་པའི་གདུ་བུ་མང་པོ་འཁྲིལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ། གདུ་བུ་གཉིས་ཞིག་བཞག་པ་ལས་དེ་ཡང་འཐབ་ནས་མཱ་བདེ་སྟེ། གཅིག ་བཞག་པ་ལིས་བདེ་བར་གྱུར་པ་དེ་བཞིན་དུ། དགོན་པའི་གནས་དར་ཡང་གྲོགས་མང་པོ་དང་རྩོད་པར་འགྱུར་ཞིང་། གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་འགྱུར་པས་གཅིག་པུ་འདུག་པ་སྔགས་པ་ཡིན་ནོ་ཞེས་བྱ་བའི ་ཐ་ཚིག་གོ།། དེ་ལྟར་དང་དུ་བླང་བ་གསུམ་ཡང་བཤད་ཟིན་ཏོ།། དེ་ལྟར་སྡོམ་དང་རྒྱས་པར་བསྟན་ནས། དེ་ནི་བསྡུ་བའི་སྒོ་ནས་བསྟན་ཏེ། ཚིག་རྐང་གཅིག་གིས་ནི་སྤང་བར་བྱ་བ་སྟོན་ཏེ། དེ་ཡང་གང་ཞེ་ན། རེ་བ་ཟང ་ཟིང་ཁྱིམ་སྤངས་དང་།། ཞེས་བྱ་བ་སྨོས་ཏེ། སིང་ལ་རེ་བ་སྤང་བ་དང་། ཟེང་ཟིང་ག་དངོས་པོ་སྤང་བ་དང་། ཁྱིམ་ལ་ཆགས་པ་སྤང་བའོ།། ཚིག་རྐང་པ་གཉིས་ཀྱིས་ནི་ངང་དུ་བླང་བ་བསྡུས་ཏེ་སྟོན་ཏེ། གང་ཞེ་ན། དེ་བཞིན ་གཞན་ཡང་ནགས་གནས་དང་། དམྱིགས་པ་བྱུརྡྷནཱ་དང་གཅིག་བླ་ཅིད།། རྗེས་སྨོས་ཏེ། གནས་དང་དུ་བླང་བ་དང་། དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱ་བ་དང་དུ་བླང་བ་དང་། བདག་ཉིད་གཅིག་པུར་འདུག་པ་དང་དུ་བླང ་ང་ནི་སློབ་དཔོན་ཨ་བཱ་དྷཱུ་ཏི་པ་ཉིད་ཀྱིས་རང་བཟོར་བྱས་པ་མ་ཡིན་པ་ནི་ཚིག་རྐང་གཅིག་གིས་སྐྱོན་ཏོ། གང་ཞེ་ན། བདག་གི་སུ་བྷྲ་མ་ལུས་འདི་རྙེད།། ཅེས་སྨོས་སོ།། བདག་གིས་ཞེས་བྱ་བ་ནི་ཨུ་པྲ་དྷཱ་ཏི་བྲིས་སོ།། བྷྲཱུཾ་མཱ་ལྱཱ ་བྷཱ་བ་ནཱི་སངས་རྒྱུ་སྟེ་ཞི་པ་ལས་སོ།། འདི་རྙེད་ཅེས་བྱ་བ་ནི་བསམ་གཏན་གྱི་ཆོས་དྲུག་པོ་ཥྞཱིའཾ།། དངོས་སུ་ན་བདག་ཉིད་ཀྱི་སློབ་དཔོན་སངས་རྒྱས་ཞི་པ་ལས་བསམ་གཏན་གྱི་ཆོས་དྲུག་པོ་འདི་རྙེད་ཅེས་བྱ་བའི་ཐ་། ་གྷོ། ཆོས་དྲུག་འགྲེལ་པ་གསལ་བྱས་པས།། སྐྱེམས་ཅན་དུག་གསུམ་གྱིས་གདུངས་པ།། ཏིང་འཛིན་བདུད་རྩི་འཐུངས་གྱུར་ནས།། ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོགྶ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞལ ་ངའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ་རྫོགསོ།། ། མྱུ་གར་གྱི་མཁན་པོ་དྷརྨ་ཤྲཱི་དྷ་དྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏོན་ལི་ཕབ་པའོ།། ་