| Wylie | e-texts produced with BDRC’s OCR application |
འཕེལ་བས་བཞིའོ།། དེ་ཉིད་ཀྱི་ཕྱིར་དུས་ཀྱི་དབྱིག་གུ་དྲུག་ཅུ་རྩ་བཞི་བཟུང་བར་བྱའོ།། ཡང་ན་ཤེས་རབ་དང་། ཐབས་དག་ལ་དོན་དམ་པ་དང་། ཀུན་རྫོབ་ཀྱི་དབྱེ་བས་དེ་དང་དེ་ལྔ་གླ་ནུས་ཉིདདུ། ་རྣམ་པར་དག་པ་འཕྲོ་བ་བཅུ་དྲུག་གི་མྱོས་བྱེད་ཀྱིས་དབྱེ་བས་དབྱིག་གུ་གཟུང་།། དེ་རྣམས་ཀྱི་རྩེ་སུམ་ཅུ་རྩ་གཉིས་རྣམསོ།། དེ་རྣམས་ཐམས་ཅད་ནི་འཁོར་ལོ་བཞི་ལ་བསྡུ་བ་རྣམས་སོ།། ཡང་གཞི་ནི་ལྟེ་བར ་གཏུམ་མོ་འབར་བ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོར་ཐི།། མངོན་པོར་རྟོགས་པའི་རིམ་པ་རྫོགསོ།། ། དབྱིག་སུ་དྲུག་ཅུ་རྩ་བཞིའི་མཚན་ཉིད་ནི་ཉི་མ་ཕྱེད་ཀྱིས་དབུགས་ཀྱི་གྲངྒ་ལྔ་སྟོང་དང་བཞི ་བརྒྱའོ།། དེ་ལྟར་གྲངས་བྲོ་གྲང་པོ་པཱ་སཽ་ཉིན་དང་མཚན་མོ་སྱོ་དུ་ཕྱུག་ཉི་ཤུ་རྩ་གུཅིག་དང་ལྷག་པ་བཱཎྱ་སྟེ། ཇི་ར་གྲངས་ཀྱི་བགྲངས་པ་ཤེས་པས་བྱའོ།། ཆུ་ཚོད་གཱཅིག་ལ་དབུགས་སུ་མེ་ཎྱ་དང་དྲུག་ཅུའོ།། ་དབྱིག་གུ་དྲུག་ཅུ་རྩ་བཞིའི་མཚན་ཉིད་བརྗོད་དོ།། ཆུ་ཚོད་ནི་ཉིན་མོ་དང་མེཆེན་མོ་བཅུ་དྲུག་དང་། དོ་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་བཞི་སྟེ། དེ་ལྟར་དྲུག་ཅུ་རྩ་བཞི་བླང་བར་བྱའོ་ཟེར། ཟངས་སྲང་བཅུ ་གཉིས་ལེ་བརྡུངས་པ་བརྒྱ་སོར་བཅུ་གཉིས་ཁ་དང་དཔངས་སུ་སོར་བརྒྱད་པ་ལ། གསེར་མན་ཆ་གསུམ་ལ་བརྡུངས་པའི་མགོ་འཇུག་མཉམ་པ་སོར་དྲུག་པས་ཕུག་པའི་བུག་པ་ཅན་ཆུའི་ཁ་རུ་བནག ་པའི་བུ་གྲ་ནས་བྱུང་བའི་ཆུས་ཁེད་ས་ན་ས་གཏིང་དུ་ནུབ་པ་ཆུ་ཚོད་དོ།། དབྱིག་གུ་ཡང་དེ་དང་འདྲའོ།། རྒྱ་གར་གྱི་མཁན་པོ་རཏྣ་བཛྲཱི་དང་། དགེ་སློང་ཤཱཀྱ་ཡོ་ཤེས་ཀྱི་བསྒྱུར་བའོ།། ་ཀྱེ་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་ལས་གསུངས་པ། དེ་བཞིན་སྟོང་པོ་བཅུ་དྲུག་ནི།། བཅུ་དྲུག་ཕྱག་ཏུ་རབ་ཏུ་གྲགས།། གླིང་པཾ་གཏི་མུག་ཆོས་ཡིན་པས།། གླང་པོ་རྣམ་པར་སྣང་མཛད་བརྗོད།། ཞེ་སྡང་ཆོས་ནི ་རྟ་ཡིན་པས།། རྟ་ནི་མི་བསྐྱོད་པར་རབ་བརྗོད།། བོང་བུ་ང་རྒྱལ་ཆོས་ཡིན་པས།། ནོརཱ་བུ་རིན་ཆེན་འབྱུང་གནས་བརྗོད།། བ་གླང་འདོད་ཆགས་ཆོས་ཡིན་པས།། བ་གླང་པུདྨ་སྐྱེས་པར་བརྗོད།། རྔ་མོ་ཕྲག་དོག་ཚྭ་ཡིན་པྲ ་རྔ་མོ་དོན་ཡོད་གྲུབ་པ་ཉིད།། ལསྭ་དང་ཉོན་མོངསུ་སྡུག་བསྔལ་ལ།། མི་དང་ཤ་ར་བྷ་བྱི་ལ།། སྟོང་པ་བརྒྱད་དུ་ཡང་དག་འབྱུང་།། ཐོད་པ་བརྒྱད་དུ་ཡང་དགྲ་གནས།། ཀྲྀའྀ་ཛོ་རྗེ་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་ལས ་གསུངས་པ། རྡོ་རྗེ་གསུམ་ངོས་མི་ཕྱེང་ཕྱིར།། དེ་ནི་མ་ཕྱད་མར་རབ་གྲགས།། སྐུ་ཡི་རྩེ་སོགསར་བ་དབྱེ་བས།། དེ་ཉིད་ཀྱང་ནི་ཕྲ་བར་སྐྱེ།། མོ་ཤ་མ་བུ་ཡི་ངོ་བོའི་ཕྱིར།། དེ་ཉིད་ཀྱང་ནི་གཟུགས་ཞེསཽ་བསྒྲགས ་གང་ཕྱིར་ལུས་ལས་འབྱུང་བའི་ཕྱིར།། དེ་ལ་རྩེ་བ་མ་རོ་རབ་གྲགས།། གང་ལ་གཡོན་དུ་འཁོར་འགྱུར་བ།། དེ་ལ་གཡོན་པ་མ་ཞེས་བརྗོད།། གང་ཆེ་ཟླུམ་པོའི་ལྷོ་མོ་ནི།། ཐུང་དུ་མ་ཞེས་རབ་ཏུ་བརྗོད།། གང ་