| Wylie | e-texts produced with BDRC’s OCR application |
ཤུསྟྲ་ཏི། བྱེད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་བུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གླར་སྐད་དུ། སམྦྷ་དྷི་སཾ་བྷ་ར་པ་རི་བརྟྟ་ནཱ་མ། བོད་སྐད་དུ། ཏིང ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དང་པོར་མི་ལུས་རིན་པོ་ཆེ་ཆུང་མི་གསན་ཅིང་མིའི་ལུས་ཐོབ་པ་དོན་ཡོད་པར་འཛིད་པ་གང་ཟག་ཀྱི ་མར་སྔོན་དུ་འགྲོ་བའི་ཡན་ལག་བདུན་དང་ལྡན་པར་བྱ་སྟེ། གཞི་དང་བ་དང་ལྡན་པ་དང་། རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཅིང་དེའི་སྔོན་ཏན་ལེན་པ་དང་། གུས་པ་དང་ལྡན་པ་དང་། ཡིད་ཆེས་ཤིང་ཐེ་ཚོམ་མི་ཟླ ་བ་དང་། བརྩོན་པ་གྲུས་དང་ལྡན་པ་དང་། ཐམས་ཅད་ལ་ཡིད་སྐྱེ་བ་མེད་པ་དང་། ཐམས་ཅད་དུ་ང་རྒྱལ་སྤང་བ་སྟེ། དེ་དག་ནི་སྔོན་དུ་འགྲོ་བའི་ཡན་ལག་རྣམ་པ་བདུན་ནོ།། དུས་དང་རྣམ་པ་ཐམས་ཅད་དུ་གཞན་གྱི་སྐྱོན ་ལ་མི་བརྟག་ཅིང་ཉེས་པ་མི་བརྗེད་པ་དང་། རང་གི་ཡོན་ཏན་ལ་རློམོ་སེམས་མི་བསྐྱེད་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྔོན་དུ་འགྲོ་བས་རང་བསྲུང་བ་དང་། སྡོམ་པ་རྣམ་པ་གསུམ་ལ་ནན་ཏན་དུ་སྤྱད་པ་དང་། ངོར ་དགའ་དང་གསར་འགྲོགས་དང་མཐོ་ལྟ་སྤངས་ཏེ་རྟག་ཏུ་ཟུངས་ཐུབ་པར་གནས་པ་དང་། ཡུལ་དང་དུས་དང་གནས་སྐབས་ཀྱིས་གཞན་གྱི་རྒྱུད་ཚོད་ཤེས་པའི་སྒོ་ནས་སྦྱང་བར་བྱ་བ་དང་། གཞན་ལ་བརྙས་པ་སྤང་ཞིང ་ཁྱད་ཀྱིས་མི་བསྡང་བར་བྱ་སྟེ། དེ་དག་ནི་འཇིག་རྟེན་གྱི་ཁ་ན་མ་ཐོ་བས་མ་གོས་ཤིང་ཡ་རབས་ཀྱི་ཚུལ་མི་ཉམས་པའི་ཡན་ལག་རྣམ་པ་བདུན་ནོ།། རྟག་ཏུ་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་ཞེན་པ་དང་ཆགས་པ ་ཚེ་ཞིང་འཛིན་པ་ཆེ་བ་སྤོང་བ་དང་། ལེ་ལོ་དང་སྙོམ་ལས་སྤང་བ་དང་། ཧ་ཅང་ཡང་ཐལ་བར་འགྱུར་བ་ཡང་ཤེས་པར་བྱ་བ་དང་། དོན་ཆེན་པོར་མི་འགྱུར་པའི་གཏམ་དང་བྱ་བ་ལ་སོགས་པ་སྤང་ཞིང་མི་འཇུག་པ་དང་། ཆུལ ་ནི། ངེས་བྱར་འགྲོན་པོ་ལམ་གྱིས་དུབ་པ་དང་འདྲ་བར་བས་པ་དང་། འཇིག་རྟེན་གྱི་རྙེད་པ་དང་བཀུར་སྟི་དང་བསྟོད་པ་དང་སྨད་པ་ལ་སོགས་པ་འདི་དག་ནི་ངེས་པར་བསླུ་བ་ཉིད་ཡིན་པར་ཤེས་པར་བྱ་བྱ་དང་། ་འཇིག་རྟེན་གྱི་རྙེད་པ་དང་འདོད་པ་དང་སྲེད་པ་དང་ཁེ་དང་གྲགས་པ་དང་དུ་རྒྱལ་དང་། རློམ་སེམས་ལ་སོགས་པ་འདི་དག་ངེས་པར་མེ་དང་དུག་དང་མཚོན་ཆེན་པོ་དང་འདྲ་བར་ཤེས་པར་བྱ་བ་དང་། ཕྱི་དང་ནང་གི་དངོས ་འདི་དག་ལྷ་སྒྱུ་མ་འམ། རྨི་ལམ་ལྟ་བུར་རྒྱུན་ཏུ་དཔྱད་པར་བྱ་བ་སྟེ། དེ་དག་ནི་གདུང་བ་བཅད་པའི་ཡན་ལག་རྣམ་པ་བདུན་ནོ།། འདུ་འཛི་ལ་དགའ་བ་སྤང་ཞིང་དབེན་པར་གནས་པར་བྱ་བ་དང་། དེར་ཡང་རང་གཞུང ་ཇི་ལྟ་བ་བཞིན་དུ་ལྷ་མཉེས་པར་བྱ་བ་དང་། ལྷ་ཉོ་བར་བྱ་བློ་དང་། ལྷ་མངོན་དུ་བྱ་བུ་རྣམ་པ་གསུམ་ལ་བརྩོན་ཞིང་འབད་རྩོལ་དྲུག་ཏུ་བྱ་བ་དང་། དེར་ཡང་རེ་བ་དང་དོགས་པ་དང་འདོད་པ་དང་འཇིགས་པ་སྤངས ་གནས་པར་བྱ་བ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། སེམས་དཔའ་ཞིང་བརྟུལ་ཕོང་བའི་སྒོ་ནས་བླང་དོར་མེད་པ་ངས་སྒྲུབ་འདིའི་སྒོ་ནས་འདོད་པའི་དོན་མ་གྲུབ་པའི་བར་དུ་ལུས་དང་སྲོག་གི་ཕྱིར་ཡང་མི་བཏང་ངོ་། ་ཞེས་དམ་བཅས་པ་སྒྲུབ་པ་དང་། དེར་ཡང་རྨི་ལམ་ལ་སོགས་པ་རྟགས་དང་མཚན་མ་ཅི་བྱུང་ཡང་དགའ་བོ་དང་མི་དགའ་བ་མི་བྱ་ཞིང་གཞན་ལ་མི་སྨྲ་བ་དང་། དེར་ཡང་ལྷའི་རྨི་ལམ་དང་རྟགས་ལ་སོགས་པ་ནི་གང ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤང་བ་དང་། གང་གི་གཉེན་པོར་འགྲོ་བ་བསྙེན་ཅིང་ཤེས་པར་བྱ་བ་སྟེ། དེ་དག་ནི་བར་ཆད་སྤང་བའི་ཡན་ལག་རྣམ་པ་བདུན་ནོ།། མིའི་ལུས་ཐོབ་པ་དང་སངས་རྒྱས་ཀྱི་ཆོས་སྦྱོང་ཞིང་སྒྲུབ་པ་ནི ་དཀོན་ནོ་སྙམ་པ་དང་། དེ་ལྟ་བུ་སྒྲུབ་པ་ནི་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་པ་དང་། འཇིག་རྟེན་གྱི་བྱ་བ་བྱེད་པ་རྣམས་ནི་ངེས་པར་དོན་མེད་པར་ཤེས་པར་བྱ་བ་དང་། གཞན་གྱི་སྡུག་བསྔལ་རང་གི་གཉེན་པོར་བསྟེན་པར་ཤེས ་པར་བྱ་བ་དང་། ང་ནི་རྟག་ཏུ་བདུད་ཀྱི་སྤར་བ་ན་འདུག་སྟེ་མྱུར་དུ་འཆིའོ་ཞེས་རྒྱུན་ཏུ་བསམ་པ་དང་། བསོགས་པ་ཐམས་ཅད་ནི་ངེས་པར་ལུས་པར་ཤེས་པར་བྱ་བ་དང་། རང་གི་གཉེར་མ་དང་སྐྲ་དཀར་ལ་སོགས་པ་ལ ་རྟག་ཏུ་བརྟག་ཅིང་སྐྱོ་བར་བྱ་སྟེ། དེ་དག་ནི་རང་ལ་རང་གི་གཞན་བསྐུལ་གདབ་པའི་ཡན་ལྷག་རྣམ་པ་བདུན་ནོ།། སངས་རྒྱས་ཀྱི་ཡེ་ཤེས་ནི་ཟབ་ཅིང་རྒྱ་ཆེ། བཀའ་དང་མདོ་སྡེ་ནི་གྲངས་མང་། བདག་ནི་བློ་ངན་ཞིང་རྨོངས ་ལ་ལྡེ་ལོ་ཆེ་བས་ཐོནྡ་ཅང་བརྗོད་ཅིང་ཤེས་པར་མི་ནུས་ཏེ། བདག་ཉིད་ཚེ་ཟད་པར་འགྱུར་དུ་འོང་སྙམ་པ་དང་། སྒྲ་དང་ཡི་གོའི་རྗེསུ་འབྲངས་པའི་བཤད་པའི་ཤེས་པ་འདི་དག་གིས་གཞན་ཐུལ་བ་འམ། ཕན་ཐོགས་པ ་མ་ཡིན་ཏེ་མི་རྣམས་ནི་ཤིན་ཏུ་མགུ་དཀའ་བར་བསམ་པ་དང་། རང་དང་གཞན་གྱི་གྲུབ་པའི་མཐའ་ལ་ཆགས་སྡང་རྣམ་པ་གཉིས་སྤངས་ཏེ་སྐུར་པ་མི་གདབ་པ་དང་། སྤུན་ཟླ་དང་ཉེ་དུ་དང་མཛོའ་བཤེས་ལ་སོག་པ་རྣམས ་ངག་ལས་ཤེས་པར་བྱ་ཞིང་། ཁྱད་ཀྱིས་མི་བསད་པ་སྟེ། དེ་དག་ནི་སྐྱེས་བུའི་དོན་མྱུར་དུ་འགྲུབ་ཅིང་མངོན་དུ་འགྱུར་བའི་ཡན་ལག་རྣམ་པ་བདུན་ནོ།། དེ་ལྟ་བུའི་གང་ཟག་གི་ལུ་ས་ནི་ཤིན་ཏུ་དཀོན་ཞིང་གཅེས་པས་ན་ལུས ་བསྲུང་བར་བྱ་སྟེ། གོས་དང་ཟས་དང་སྨན་ལ་སོགས་པས་ཇི་ལྟར་མཐུན་པར་སྦྱང་བ་དང་། མི་དང་མི་མ་ཡིན་པའི་གནོད་པ་བསྲུང་བ་དང་། གནས་མཐུན་ཞིང་བདེ་ཞིང་གནོད་པ་མེད་པ་ལ་གནས་པ་དང་། ལུས་སེམས་ངལ ་ཞིང་དུབ་པོའོ་ལས་དང་། བྱ་བ་མི་བྱ་བ་དང་། ནམ་བྱེད་དང་ཉི་མ་ཕྱེད་པ་དང་། ཟོས་འཇུ་བའི་དུས་དང་ལུས་ལ་ནང་ཁམས་སྐྱེས་པའི་དུས་སུ་དམིགས་པ་ལ་འབད་རྩོལ་མི་བྱ་བ་དང་། ལུས་དང་སེམས་ངལ་ཞིང་དུབ་པའི་དུས ་སུ་སྐྱོ་བ་བསང་ཞིང་དམྱིགས་པ་བསོར་བ་ནི་མན་ངག་ལས་ཤེས་པར་བྱ་བ་དང་། རྟག་ཏུ་སྟོང་ལྡུམ་གྱིས་ལུས་མཉམ་བློར་བཞུག་བྱ་སྟེ། དེ་དག་ནི་ལུས་བསྲུངས་ཤིང་གནོད་པ་བསལ་བའི་ཡན་ལགཱ་རྣམ་པ་བདུན་ནོ།། ་དེསྟེ་གནས་པས་སྐྱོ་ཞིང་དགེ་བ་ལས་གརི་ལ་བ་དང་། བྱ་བ་དང་བྱེང་པོའོ་རྣམ་རྟོག་བྱུང་ན་རང་གིས་རང་ལ་ལྡེག་བརྡབ་ཅིང་གཉེན་པོ་བསྐྱེད་པར་བྱའོ།། ལུས་ལ་གནོད་པ་ཛྙེ་ཁུ་བ་བྱུང་བ་དང་ཤེས་པའི་བྱེ་བྲག་མི་འདུ ་བབྱུང་ན་རང་གི་ཉ་མོས་དང་ལན་ངག་གིས་བཅོས་པར་བྱ་ཞིང་། ཡང་ན་མཁས་པ་གཞན་ལ་ཡང་དྲི་བར་བྱའོ།། རྒྱལ་པོའི་བཀའ་རང་རང་ལོ་ནུས་པོ་ཡོང་པ་དང་། གཞན་གྱི་ངན་མཐོང་ན་ཕྲིན་ལས་རྣམ་པ་དོན་ནི་རྡོ་རྗེ་ཅུ ་xxx ་སྱཱ་བྱའམ་སྨོན་ལག་རྣམ་པ་ཅཝོ།། དེ་ཛིན་གྱི་ཚོགས་ཀྱི་མི་སྒྲིབ་པོ་ན་ན་ག་ཟིན་གྱིས་ཀྱིས་མཛང་རྫོགས་ས། རྒྱུག་ཙྪོ་མ་ཉིད་དཱ། ཆེན ་xxx ་ཆོགསུ་འགྱུར།། ཨི་ན་འོ་སྤྱོད་པ་རབ་ཏུ་མྦྷས་ཀུན།། ཐབས་ཀྱིས་ཟིན་ན་ལམ་དུ་འགྱུར།། དོན་དུ་མི་འགྱུར་གང་སྙིད་མྱེད།། སི་ས་ན་བདེན་པ་མཐོ།། མྱུག་སྐད་དུ། ཏུ ་