| Wylie | e-texts produced with BDRC’s OCR application |
ཆོ་གའོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ་གཙོ་བོར་སྟོན་པའི་ཆོས་ཀྱི་སྡེ་ཚུན་ལག་སོ།། ། རྒྱ་གར་སྐད་དུ། ས་མཱ་དྷི་སཾ་བྷཻ་ར་བ་རི་བརྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་ཚོགས་ཀྱི ་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། སྣང་བ་ཇི་སྲིད་བར་དུ་བཞུགས་པ་ཡི།། ཐུབ་དབང་སྲས་བཅས་རྣམས་ལ་ཕྱག་འཚལ་ཏེ།། གསང་སྔགས་མདོ་སྡེ་ཕ་རོལ་ཕྱིན་པ ་ཡི། མདོ་སྡེའི་རྗེས་འགྲོ་ཏིང་འཛིན་ཚོགས་ཁྱེའུ་བརྗོད།། དེང་སང་སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་བཟུང་སྟེ་ཁྱིམ་གྱི་བདེན་ར་དམ་པོར་བཅུག། བདུད་ཀྱི་འཇིག་རྟེན་སྐྱོང་བཞིས་གྲིམས་པར་བསྲུངས་ཤིང་སྲིད ་སོགས་འཆིང་བ་རབ་ཏུ་དམ་པོས་བཅིངས།། སྡོམ་བརྩོན་དག་ཀྱང་ཕ་ལོ་ཆེར་བདུད་ཀྱི་འཇིག་རྟེན་སྐྱོ་བཞིའི་དབང་དུ་གྱུར་ཅིང་དགེ་སྦྱོང་གི། གནས་དང་མཚུལ་སྤངས་ཁྱིམ་པ་རྣམས་དང་སྦྱོང་མཚུངས་ངན་འགྲོའི་གཡུང ་སར་མངོན་ཕྱོགས་མཐོ་རིས་སྤངས།། དེ་ཕྱིར་འདི་ནི་བདག་ཉིད་དྲན་ཕྱིར་བྱས་ཀྱི་གཞན་ལ་ཕན་པའི་རེ་བ་ཡོད་མ་ཡིན།། འོན་ཀྱང་བདག་དང་སྐལ་པ་མཉམ་པ་ལ་གནས་འདིར་འགའ་ཡང་དག་རྟོགས་པས་སྨྲས་འདི་ཉོན།། ། ་དེ་ལ་ཏཱིང་ངེ་འཛིན་གྱི་ཚོགས་ཀྱི་སན་ལག་ནི་རྣམ་པ་དགུ་སྟེ། སྤང་བར་བྱ་བ་དང་སྔོན་དུ་འགྲོ་བ་དང་ལྡོག་བདྨབྱ་བ་དང་། གདུང་བ་བརྗོད་པ་དང་། ཡིང་འབྱུང་བར་བྱ་བྱ་དང་། ཡོནྣ་ཏཱན་རྗེསུ་དྲན་པར་བྱ་བ་དང་། ་བརྩོན་པར་བྱ་བ་དང་། འབྲེལ་བར་བྱ་བ་དང་། གནས་པའི་ཐབས་ཤེས་བྱ་བ་རྣམས་སོ།། དེ་ལ་སྤང་བར་བྱ་བ་ནི་བདུད་ཀྱི་ལས་སོ།། དེ་ལ་བདུད་ནི་གང་། དེ་ལས་ནི་གང་ཞེ་ན། འདུད་ནི་འདོད་པའི་ལྷ་སྡིག་ཅན་ཞེས་བྱ་བའི་ཆུང ་མཱ་པདྨའི་ཕྲོད་པ་ཅན་དང་།། འཁོར་འཇིག་རྟེན་སྐྱོང་བ་བཞི་དང་། བདུད་ཀྱི་རིགས་ཀྱི་ཡི་དགས་དང་བཅས་པ་གང་ཡིན་པའོ།། དེ་དག་གི་ལས་ནི་འདོད་པའི་ལྷ་དེ་ཆུང་མ་དང་བཅས་པའི་སྤྱི་བློ་ན་མེ་ཏོག་གི་མངའ་ལྔ་ཡོད་པ་ནི ་འདི་ལྟ་སྟེ། དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་ཞེས་བྱ་བ་རྣམས་སོ།། དེའི་མེ་ཏོག་དེ་དག་བསྣུན་པ་ད་དོག་པ་ལས།། ་ཉོན་མོངས་པ་ལྔ་གང་ཤོས་ཆེ་བ་དེ་ལ་དྲིས་པོག་པོ་ཁོ་ནས་རབ་ཏུ་འབར་བར་འགྱུར་ཏེ། དེའི་དབང་དུ་སྐྱོང་ཞིང་།། ཐར་པ་དང་མངོན་པར་མཐོ་བ་ལསོ་ཉམས་པར་འགྱུར་རོ།། དེའི་འཁོར་བའི་འཇིག་རྟེན་སྐྱོང་བ་བཞི་ནི། ་འཐབ་པར་བྱེད་པ་དང་། གཡང་བར་བྱེད་པ་དང་། ལྷག་པར་རབ་ཏུ་ཆགས་པ་དང་། འདུ་ཤེས་ལོག་པ་ཞེས་བྱའོ།། བདུད་དེ་དག་གི་ལས་ནི་ཐ་དད་དེ། འདི་ལྟར་འཐབ་པར་བྱེད་པའི་བདུད་ངོས་ནི། ལམ་བསྒོམ ་བ་དག་འཐབ་པ་དང་། རྩོད་པ་དང་། འགྱེད་པ་ལ་འཇུག་ཅིང་། དེའི་རྐྱེན་འབང་བས་སྒྲུབ་པོ།། གཡེང་བར་བྱེད་པའི་བདུད་དེས་ནི། ལམ་བསྒོམ་པ་དག་གཉིད་དང་རྨུགས་པ་རབ་ཏུ་འཕེལ་བ་འམ། ཆོས་ཉན་པ་དག་ཀྱང ་གཉིད་ལ་རབ་ཏུ་སྦྱོར་བ་འམ། ཁ་ཅིག་རབ་ཏུ་གཡེང་བར་བྱེད་པར་སྣང་གནས་སོ།། ལྷག་པར་རབ་ཏུ་ཚོགས་པའི་བདུད་དེས་ནི། ཕལ་ཆེར་ཁྱིམ་ན་གནས་པ་ལ་བར་དུ་གཅོད་དེ། སྦྱིན་པའི་དུས་ཉེ་བར་གནས་པ་ན། ་བུ་དང་བུ་མོ་དང་། ཆུང་མ་དང་བདག་ཉིད་ལོངས་ཅི་སྤྱད་ཅེས་དེ་རང་གི་ཤ་ལ་གཅོད་པ་སྙམ་བྱེད་པའི་འདུ་ཤེས་ཉེ་བར་བསྒྲུབ་བོ།། འདུ་ཤེས་ལོག་པའི་བདུད་གང་ཡིན་པ་དེས་ནི། ཕལ་ཆེར་རབ་ཏུ་བྱུང་བའི་ཕྱོགས་སུན ་འབྱིན་པར་བྱེད་དེ། འདི་ལྟར་རབ་ཏུ་འབྱུང་བའི་སེམས་ཉེ་བར་གནས་ན། འཁྲིག་པའི་བདེ་བ་དང་། བཟའ་བ་དང་བཏུང་བའི་བདེ་བ་དང་། རང་གི་སྐྱེ་བོའི་ཚོགས་དང་། གླུ་དང་གར་ལ་སོགས་པ་དྲན་པས་ཆགས་པ་དང་། ་དེའི་རང་གི་སྐྱེ་བོས་སུ་པ་དང་། འདྲིད་པ་དང་། བསྡིགས་པ་དང་། གཟུང་བས་དེའི་ངེས་པར་འབྱུང་བའི་བར་ཆད་བྱེད་དུ་འཇུག་གོ།། རབ་ཏུ་བྱུང་པོ་དག་ལ་ཡང་བུད་མེད་ཀྱི་མཚན་མ་དག་ཡིད་ལ་བྱེད་པ་དང་། མངོན་བརྒད ་བ་དང་། ཅེས་པ་དང་། དྲན་པར་བྱེད་པ་དང་། ཚེང་དང་ཞིང་ལས་དང་རང་གི་འབྲེལ་པ་དང་། ཡིང་བཅུགས་པར་བྱ་བའི་སེམས་བསྐྱེད་ཅིང་རྨི་ལམ་ན་བུད་མེད་དུ་སྤྲུལ་ཅིང་དེས་ཆགས་པ་དང་། ས་བོན་འབྱུང་བར་བྱེད་ལ། ་སྣ་ཚོགས་ཀྱིས་ཀྱང་རབ་ཏུ་བྱུང་བ་ལས་འབེབས་ནི་རྔ། དེ་དག་གི་ཚངས་པར་སྤྱོད་པ་དྲི་མ་ཅན་དུ་ཡང་བྱེད་དོ།། འདི་དག་བཞི་ཅར་ཡང་འཛམ་བུ་གླིང་པ་རྣམས་སྡུག་བསྔལ་བར་བྱ་བའི་ཕྱིར།། ཀླུ་མ་རུངས ་པ་རྣམས་བསྐུལ་ལ་ལྷ་མ་ཡིན་ངག་བསྐུལ་ཞིང་། ལོ་ཏོག་མ་རུངས་པར་བྱེད། མི་ཆོས་དང་ལྗོན་པའི་སྲོག་འཕྲོག། ལུས་ལ་ནང་སྣ་ཚོགས་གཏོང་བར་བྱེད་དེ། འདི་ལྟར་རྒྱལ་པོ་ཆེན་པོ་བཞི་པོ་དག་ཆོས་མ་ཡིན། ་པ་སྦྱིན་པ་དགེ་ལྔ་ཆད་པ་སྦྱིན་པ་ལྷུར། འདི་དག་ནི་ཆོས་དང་ལྡན་པ་རྣན་སོ་པ་ཆད་པ་སྦྱིན་པའོ།། བདུད་ཀྱི་རིགས་ཀྱི་ཡི་དགས་ནི་ཡི་དགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ལས་འདི་དག་རིགས་གཅིག་ཏུ་བགྲངས་པ ་ཡི་ན་ཏེ། དེ་དག་གི་བདུད་ཀྱོ་ལས་ནི་བསམ་གཏན་པ་དག་རྨི་ལམ་དུ་འཇིགས་པ་སྐྱེད་པོར་བྱེད་དེ། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཉེ་བར་སྟོན་བྲིས་བར་དུ་གཅོད།། བསམ་གཏན་ལ་མཉམ་པར ་བཞག་པ་ན་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ།། མདོར་བསྡུ་ན་བདུད་དང་། བདུད་ཀྱི་རོགསུ་གཏོགས་པ་རྣམས་ནི་ཡང་དག་པར་ཞུགས་པ་ཐམས་ཅང་ལ་ཆགས་པ་སྐྱེད་པ་འམ། འཇིགས་པ་བསྐྱེད་པ་ལ་སོགས ་པས་བར་དུ་གཅོད་དེ། དེ་ལྟར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོགས་པ་ལས། མི་བཟང་བརྟུལ་ཞུགས་བཟུང་བ་ཡིས།། བསྒྲུབ་པ་ལ་ནི་བདུད་ཀྱི་རིགས།། ལྷ་མོ་འདོང་པའི་གཟུགས་དག་དང་།། ་དེ་བཞིན་གཞན་གྱི་ལུས་སུ་ཡང་།། རྣམ་པ་སྣ་ཚོགས་གཟུགས་ངག་གིས།། དབང་པོ་བསྡམས་ལ་འཚེ་བར་བྱེད།། ཅེས་གསུངས་ཏེ། འདིར་བརྟུལ་ཞུགས་བཟུང་བ་ནི་ཉེ་བར་མཚོན་པ་སྟེ། སེམས་ལས་སུ་རུང་བ ་ཐམས་ཅད་ལ་ཡང་དེ་དག་དེ་ལྟར་འཚེ་བར་བྱེད་དོ།། དེ་ལྟ་བུའི་བདུད་ཀྱི་ལས་དེ་དག་སུ་ཞིག་ལ་འབྱུང་ཞེ་ན། བསམ་པ་དག་པས་ཡང་དག་བརྩོན་པ་དག་ལ་འབྱུང་སྟེ། ཇི་སྐད་དུ་འཕགས་པ་འཇམ་དཔལྔ་རྣམ ་པར་འཕྲུལ་བ་ལས་གསུངས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཅི་ལྔས་འབྱུང་བར་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད ་ཀྱི་ལས་ན་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ་ཞེས་སོ།། དེ་ལྟར་བདུད་ཀྱི་ལས་ཤེས་པས་དེ་བཟློག་པར་བྱ་སྟེ།། ་ཇི་སྐད་དུ་འཕགས་པ་ལྷའི་བུ་རིན་ཆེན་མཆོག་གིས་ཞུས་པ་ལས་གསུངས་པ། གང་གི་ཚེ་བདུད་ཀྱི་ལས་རྟོགས་པོ་དེ་ལྟ་བུའི་ཁ་ན་མཱ་ཐོ་བྱ་མེད་པ་ཡིན་ནོ།། གང་ཡང་བདུད་ཀྱི་ལས་རྣམས་ཟློག་པ་དེ་ལྟ་བུ་ནི་དཔྱས ་མེད་པ་ཡིན་ནོ་ཞེས་སོ།། དེ་མ་བཟློག་པ་ནི་རྣམ་པར་ཐར་པ་མི་འཐོབ་པ་ཁོ་ན་སྟེ། ཇི་སྐད་དུ་འཕགས་པ་དཔུང་བཟང་གིས་ཞུས་པའི་མདོ་ལས་གསུངས་པ། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད།། ་དེ་བས་མི་ལ་གསང་སྔགས་འགྲུབ་མི་བྱེད།། ཇི་ལྟར་ཟླ་བ་སྦྱིན་ལས་རྣམ་གྲོལ་ལྟར།། དེ་བཞིན་བགེགས་ལས་གྲོལ་བྱ་རྣམ་པར་གསལ་ཞེས་ཏེ། འདིར་བགེགས་ཀྱང་གཉིས་ཏེ། རྫོགས་པའི་བྱང་ཆུབ ་གཞིག་པར་བྱ་བའི་ཕྱིར་སྦྱོར་བ་ལྷའི་བུའི་བདུད་དང་། དེ་ལས་གཞན་པ་ཇི་སྐད་དུ་འཕགས་པ་དཔུང་བཟང་གིས་ཞུས་བྱ་ལས། གཏོར་མ་འདོད་པའང་རྩེད་མོ་བྱེད་འདོད་པ་འམ། གསང་བའི་དོན་དུ་ལུས་ལ་དབབ་ཅིང་འཇུག ་ཅེས་པ་སྟེ། འདི་ལྟར་དེ་གཉིས་ཀ་བཟློག་པར་བྱའོ།། ཐབས་གང་གིས་དེ་བཟློག་པར་བྱ་ཞེ་ན། ཇི་སྐད་དུ་འཕགས་པ་རྡོ་རྗེ་རྩེ་མོ་ལུས་གསུངས་པ། རང་གི་སེམས་ནི་བདུད་ཅེས་གསུངས། རང་གི་སེམས་ཉིད་བགེགས ་ཡིན་ནོ།། རྣམ་པར་རྟོག་པ་ཐམས་ཅདྷཱ་སྦྱང་།། བྷྲྀ་གེགས་ཀུན་རྣམ་པར་རྟོག་ལས་བྱུང་ཞེས་བྱའོ།། གཞན་ཡང་བདུད་ཀྱི་ལས་བཟློག་པའི་ཐིབས་ནི་འཕགས་པ་མྱ་ངན་མེད་ཀྱི་བྱིན་པས་ཞུས་པ་དང་། འཕགས་པ་སཻངྒ ་ལུང་བསྟན་པ་ལས་ཤེས་པར་བྱའོ།། འདི་ནི་སྤང་བར་བྱ་བྱའི་ཡན་ལག་གོ། གང་གིས་ཐོས་པར་བྱ་བའི་རང་བཞིན་གྱི་ཤེས་རབ་མ་སྐྱེས་པ་དེས་ནི།། བདུད་ཀྱི་ལས་བཟློག་པར་མི་ནུས་ཤིང་། སེམས་མཉམ་པར ་འཇོག་པར་ཡང་མི་ནུས་པས་མོ།། དང་པོར་ཐོས་པོ་ཉིད་སྔོན་དུ་བྱ་སྟེ། ཇི་སྐད་དུ། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། བསམ་པོ་དང་ནི་གཉིས་པོ་ཡོང་གྱུར་ན།། དེ་ནས་བསྒོམ་པ་ལ་ནི་སྦྱོར་བ་སྟེ།། དེ་ལས ་དངོས་གྲུབ་བླ་ན་མེད་པ་འཐོབ་ཅེས་བྱཤད་ལ། འཕགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་བའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཁས་དང་པོ་པ་དེ་ནི་ཐོག་མ་ཉིད་དུ་ཁ ་ཏོན་ལ་བསྐུལ་བར་བྱའོ།། མང་དུ་ཐོས་ནས་དབེན་པར་གནས་པ་ལ་བསྐུལ་བར་བྱའོ།། ཞེས་གསུངས་ལ། དྲོ་ནི་དེ་ལྟར་འཕགས་པ་དྲག་ཤུལ་ཅན་གྱི་སོ་ཞུས་པ་དང་། འཕགས་པ་དཀོན་མཆོག་སྒྲོན་མ་ལས་ཀྱང ་གསུངས་སོ།། དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་།། ཐོག་མར་ཉན་འདོད་བླ་མ་བསྙེན་བཀུར་བཟོད་དང་ངེས་བྱས་ཤིང་། རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམ་གཏན་རྙེད་བྱེད་པ། བདེ་གཤེགས ་ཉིད་ནི་རྟོགས་འགྱུར་འགྲོ་བ་རྣམས་སྒོམ་སེམས་ཚིམ་བྱེད།། ཆོས་ཉིད་དེ་འདྲ་སྤྱོད་པ་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ་ཉན་ཐོས་ཀྱི་སོ་སོར་ཐར་པའི་མདོ་ལྔས་ཀྱང ་མྱང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚོ་ཡོལ་བྱ་རྣམས་ཀྱི་གནས་པ་བདེ།། ཞེས་གསུངས་ཏེ། དེ་བས་ཐོས་པའི་ཤེས་རབ་ཉིད་དོན་བསྒྲུབ་པའི་སྔོན་དུ་འགྲོ་བའོ།། འདི་ནི་སྔོན་དུ་འགྲོ་བའི་ཡན་ལག་གོ།། དེ་ལྟར ་ཐོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ། ཆོས་སྨྲ་བ་ལ་འཇུག་པ་དགག་པར་བྱ་སྟེ། མངོན་པར་ཤེས་པ་མ་ཐོབ་པར་མང་དུ་ཐོས་པ་ཙམ་གྱིས་ནི་གཞན་ལ་ཕན་གདགས་པར་རྒྱལ་བས་མ་གསུངས་ཏེ། ་དབེན་པར་གནས་པ་ལ་བསྐུལ་བར་བྱའོ།། རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་གཉེན་དུ་གྱུར་པར་ཡོངས་སུ་བསྐུལ་བར་བྱའོ།། དགེ་བའི་བཤེས་གཉེན་དུ་གྱུར་ན་ང་ལོ་བདེ་བ་ལ་ཡོངསུ་བསྐུལ་བར་བྱའོ།། ་དྲ་ལོ་བདེ་བར་གྱུར་ནས་དུས་ཤེས་པ་ལ་ཡོངསུ་བསྐུལ་བར་བྱའོ།། དུས་ཤེས་པར་གྱུར་ནས་མི་འཇིགས་པ་ལ་ཡོངསུ་བསྐུལ་བར་བྱའོ།། མི་འཇིགས་པར་གྱུར་ནས་དུས་ཤེས་པ་ལ་ཡོངསུ་བསྐུལ་བར་བྱའོ།། དོན ་ཤེས་པར་གྱུར་ནས་ཆོས་ཀྱི་རྗེ་སུ་འབྲང་བ་ལ་ཡོངས་སུ་བསྐུལ་བར་བྱའོ།། ཆོས་ཀྱི་རྗེསུ་འབྱངས་པར་གྱུར་ནས་རྨོངས་པ་མེད་པ་ལ་ཡོངས་སུ་བསྐུལ་པར་བྱའོ།། རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ ་ཡོང་སུ་བསྐུལ་བར་བྱའོ།། ཅིའི་ཕྱིར་ཞེ་ན། དེ་བུས་ཀྱང་ཤས་ཚོར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་གཞག་པར་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱར་བར་བྱ་བ་དང་། བདག་ཉིད ་གཞན་གྱི་དྲིང་མི་འཇོག་པར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་ངག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པའོ།། ཞེས་གསུངས་སོ།། དོན་འདི་ཉིད་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་དང་། ་དཀོན་མཆོག་སྒྲོན་མ་ལས་ཀྱང་གསུངས་སོ།། གཞན་ཡང་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་། བདུག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། བྱིས་པ་འཆི་བའི་དུས་ན་མྱ་ངན་བྱེད།། ཅེས་བྱ་བ་ལ་སོགས ་པ་མང་དུ་ཐོས་པ་དབེན་པ་མི་བསྟེན་པར་ཆོས་སྨྲ་བ་ལ་ཉེས་པ་རྣམ་པ་རབ་ཏུ་མང་པོ་གསུངས་པས། དེར་ཞིབ་ཏུ་བལྟའོ།། དེ་བས་ན་མང་དུ་ཐོས་པ་ཙམ་གྱིས་ཆོས་སྨྲ་བར་མི་བྱ་བར་དེ་ལས་ལྡོག་པར་བྱ་ཞིང་།། ་མངོན་པར་ཤེས་པ་ཐོབ་ནས་བཟོད་འགྲོ་བའི་དོན་བྱ་སྟེ། འདི་ནི་ལྡོག་པར་བྱ་བའི་ཡན་ལག་གོ། དེ་ལྟར་ཆོས་སྨྲ་བ་ལས་ལྡོག་ཅིང་། སྤྲོས་པ་སྤངས་པ་སྟེ། འདི་སྙམ་དུ་བདག་གིས་ཕུང་པོ་ལ་མཁས་པར་བྱ་བ་ཡང ་ཡོངསུ་མ་གཏུགས། ཁམས་དང་སྐྱེ་མཆེད་ལ་མཁོས་པར་བྱ་བ་ཡང་ཡོངསུ་མ་གཏུགས་སོ།། དེ་དག་ལ་མཁས་པར་མ་གྱུར་པར་ནི་ཐར་པ་ཡང་མི་འཐོབ་སྟེ། ཇི་སྐད་དུ་རིག་པའི་གནས་ལྔ་དག་ལ་བརྩོན་པོར་མ་བྱས ་བར། འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། དེ་བས་གཞན་དག་ཚར་བཅད་རྗེས་སུ་གཟུང་ཕྱིར་རམ། རང་གིས་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།། ཅེས་བསྟེན་པའི་ཕྱིར་རོ།། ཞེས་སེམས ་པ་དང་། གཞན་ཡང་སློབ་མ་དང་། ཡང་སློབ་ཀྱི་འབྲེལ་པ་དང་། རྙེད་པ་དང་བཀུར་སྟི་དང་གྲགས་པ་དང་སྒྲ་དང་ཚིག་སུ་བཅད་པའི་བདེ་བ་ལ་འདོད་པ་བྱུང་ན་དེ་ནི་ངེས་པོར་བཟློག་པར་བྱ་སྟེ། ཆོས་ཐོས་ནས་བསྒོམ ་བ་བྱུང་བར་མི་བྱེད་པ་ནི། ཅིར་ཡང་མི་བསྔགས་ཏེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པཱ་ལས་གསུངས་པ། ཡང་དག་སངས་རྒྱས་བསྟན་པ་ནི།། ཐོས་པ་ཙམ་གྱིས་མི་འགྲུབ་པོ།། དཔེར་ན་ལ་ལ་ཆུ་ཀླུང ་གིས། སྟོབས་མེད་ནན་གྱིས་ཁྱེར་བ་དག། སྐོམ་པས་ཤི་བར་གྱུར་པ་བཞིན། མ་བསྒོམས་ཆེས་ཀྱང་དེ་བཞིན་ནོ།། ཞེས་པ་དང་། ཡང་གསུངས་པ། དཔེར་ན་མཚོ་ཆེན་མཉམ་པ་ཞིག། སྐྱེ་བོ་ཐམས་ཅད་སྒྲོལ་བྱེད་ཀྱི། ་བདག་ནི་དེ་ནང་འཆི་འགྱུར་བ།། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།། ཞེས་བྱ་བ་ལ་སོགས་པས་བསྒོམ་པས་བྱང་བར་མི་བྱེད་པའི་སྐྱོན་རབ་ཏུ་བསྟན་ཏེ། རྒྱས་པ་དེ་ཉིད་ལས་ཤེས་པར་བྱའོ།། དེ་བས་ན་ཇི་ཙམ་གྱིས་སེམས ་མཉམ་བྱར་འཇོག་པར་ནུས་པ་དེ་ཙམ་གྱིས་གདུམས་ངག་ཁོ་ནས་ཚིམ་པར་བྱས་ལ་སེམས་ཀྱི་ངང་ཚུལ་འཕྲོལ་དུ་བྱུང་པོ་ཡང་བླ་མ་ལ་ཞུས་ཤིང་སྒོམ་པར་བྱའི། ཚད་མ་རྣམ་བ་བདུན་དང་། བརྡ་སྤྲོད་པ་རྣམ་པ་བཞི་དང་། ་ཆོས་མངོན་པ་རྣམ་པ་བདུན་དང་། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་མཚན་མས་ཡིང་མི་གདུང་སྟེ། ཇི་སྐད་དུ་དོན་དམ་པའི་རིགས་པ་ལས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། གདུང་སྟེ་ལྷ་བསིལ་ལྡན ་ངོམས་པར་མོའིཐུང་བ།། ཛི་ནི་བསྟན་ཆོས་དོན་མཽང་མྱ་ངམ་གྱི།། བང་ལ་རློམ་པས་གདུས་ཏེ་ཤི་པ་འ་།། ཅེས་ཟེ་ཤིད་དེ། བསྐལ་བ་དཔག་ཏུ་མེད་པ་ངལ་པ་བྱིས་ཀྱང་། བསྐང་ཅེ་ལ་མྱོང་བ་དག་ནི་མ~ཾ་པ ་ཡོངས་སུ་གཏུགས་པ་ཁོ་ནར་ཟད་དོ།། དེ་བས་ན་བདེ་མཆོག་ཕྱི་མ་ལས་ཀྱང་།། རྣལ་འབྱོར་པ་ནི་ཕྱི་རོལ་འཁོར།། དེ་ཡི་ཁམས་རྣམས་ཟད་པར་འགྱུར།། དེ་བས་ཕྱི་རོལ་ཀུན་སྤངས་ཏེ།། རྣལ་འབྱོར་རོལ་པས་གནས་པར་བྱ།། ཞེས་སོ།། ་དེ་བཞིན་དུ་དོན་དམ་པའི་རིགས་པ་ལས་ཀྱང་།། ཡུད་རྣམས་བགྲོད་ཅིང་གདུང་བས་ཉེན་བྱས་ཀྱང་།། ལྷན་ཅིག་སྐྱེས་པའི་ཆ་ཙམ་ཡུངྒ་མི་འཕྲད།། ཅེས་བཤད་དོ།། ཕུང་པོ་དདྲང་ཁམས་དང་སྐྱེ་མཆེད་ལ་མཁས་པར་ཡང་རྣལ ་འབྱོར་གྱིས་མཐུས་དུས་གཅིག་ཉིད་ལ་འགྱུར་གྱི།། དེ་དག་རིམ་པར་བསླབས་པ་ལོས་ནི་མ་ཡིན་ཏེ། ཇི་སྐོང་དུ་འཕགས་པ་རྡོ་རྗེ་གཙུག་ཏོར་ལས། དེ་ལས་ཤེས་པ་སྐྱེ་བར་འགྱུར།། མ་ཐོས་པ་ཡང་ཤེས་པར་འགྱུར།། ་ཞེས་གསུངས་ལ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། ཚོགས་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ།། སྙན་ངག་དང་ནི་བྲི་བ་རྣམས་ལ་མཁས།། ཞོས་གསུངས་སོ།། འདི་དག་ཀྱང་རྣལ་འབྱོར་གྱི ་མཐུ་ལས་བྱུང་བ་ཡིན་གྱི། རིམ་གྱིས་བསླབས་པའི་གནས་སྐབས་ལས་ནི་མ་ཡིན་ནོ།། ཆོས་མངོན་པ་ལས་ཀྱང་ཟད་པ་ཤེས་ལ་ཟག་བཅས་ཀྱང་། ཞེས་བསྟན་ཏོ།། རྙེད་པ་དང་བཀུར་སྟི་འདོད་པའི་གདུང་བ་ནི་ཡིད་འབྱུང ་བའི་ཡན་ལག་ལས་ཤེས་པར་བྱའོ།། འདི་ནི་གདུང་བ་གཅད་པའི་ཡན་ལག་གོ། རྣམ་པ་ཐམས་ཅད་དུ་འཁོར་བ་ལ་ཡིད་མ་བྱུང་བར་སྒོམ་པས་བྱང་བར་བྱེད་ནུས་པ་མ་ཡིན་པས་དེ་ལ་ཡིད་འབྱུང་བར་བྱ་སྟེ། ཇི ་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བཤུད་པ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནཱཾ།། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ།། ཅེས་གསུངས་ཏེ། འདིར་གཉེན ་ལྔ་མངོན་པར་དགའ་ཞིང་དགྲ་ལ་སྡང་བས་ཆགསོ་བ་དང་། ནང་མེད་པ་དང་ལང་ཚོ་ལ་སོགས་པ་ལ་ཆགས་པ་དང་། རང་བཞིན་གྱིས་སྲིད་པ་ལ་ཆགས་པ་དང་། རྙེང་པ་དང་བཀུར་སྟི་དང་། གླགས་པ་དང་སྒྲ་དང ་ཚིག་སུ་ལྟུང་པལ་ཆགས་པ་རྣམས་རྣམ་པར་སྣང་བར་བྱ་སྟེ། ཇི་སྐད་དུ་འཕགས་པ་དཔུང་བཟུངས་ཀྱིས་ཞུས་པ་ལས་གསུངས་པ། རེ་ཤྲཱིག་ཅིག་ན་དག་ཡང་མཛའ་བོར་འགྱུར། མཛ་བ~ཾ་ཡང་ནི་དགྲར ་འགྱུར་བ་ཉིད།། དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར།། བུར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར།། དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནཱས་ནི།། བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ།། གཉེན་ལྷ་དག ་བྲོའི་སེམས་ཀྱིས་རྣམ་རྟོག་དག། བཟློག་ནས་དག་ལེ་ཅི་བདེར་བཞག་པར་བྱ།། ཞེས་སོ།། འཕགས་པ་ནཱ་གརྫུ་ནས་ཀྱང་།། པ་ནི་བུ་ཉིད་མ་ནི་ཆུང་མ་ཉིད།། སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་།། བཟློགཔ ་ཉིད་དུ་མམཐ་དེ་སྐང་དུ།། འཁོར་བ་དག་ལ་ངེས་པ་འགའ་མ་མཆིས།། ཞེས་བཤད་ངོ་།། དེ་ལས་ན་གཉེན་དང་གྲོལ་ཚོགས་པ་ཡོངསུ་སྤང་ངོ་།། དེ་བཞིན་དུ། ནད་མོང་མི་རྟག་ལང་ཚེ་རྟག་མ་ཡིན།། ཚེ་འོང་མི ་འབྱོར་བྱ་རྟག་མ་ཡིན།། ཞེས་གསུངས་པས་དེ་དག་ལ་ཡང་ཆགས་པ་ཡོངསུ་སྤང་ངོ་།། རྙེད་པ་དང་བཀུར་སྟི་དང་གྲགས་པ་དང་སྒྲ་དང་ཚིག་སུ་བཅད་པ་ལ་ཆགས་པ་ཡང་སྤང་སྟེ། ཇི་སྐད་དུ་བྱང་ཆུབ་སེམས ་དཔོའི་སྤྱོད་པ་ལ་འཇུག་པ་ལས་གསུངས་པ། བདག་ནི་རྙེད་མང་བཀུར་སྟི་བྱས།། བདག་ལ་མང་པོ་དགའོ་ཞེས། འདི་འདྲའི་བསྙེམས་པ་འཆད་གྱུར་ན།། འཆི་བའི་འོག་ཏུ་འཇིགས་པ་སྟེ།། ཞེ་སྐྱེ་པ་དང་། ཡང་དེ་ཉིད ་ལྔས?། རྙེད་པ་དག་ནི་མང་བྱུང་ཞིང་།། གྲགས་དང་སྙན་པ་བྱུང་གྱུར་ཀྱང་།། རྙིང་དང་གྲགས་པའི་ཚོགས་བཅས་ཏེ།། གང་དུ་འདོད་པའི་གཏོལ་མེད་།། བདག་ལ་སྨོང་པ་གཞན་ཡོད་ནི།། བསྟོད་པས་བདག་དགར ་ཅི་ཞིག་ཡོང་།། བདག་ལ་བསྟོད་པ་གཞན་ཡོད་ན།། སློང་པས་མོ་དགར་ཅི་ཞིག་ཡོད།། ཅེས་བཤང་ལ། ཡང་དེ་ཉིད་ལས། སེམས་ཅན་རྙེད་པ་མེད་ལ་སྨོང།། རྙེད་པ་ཅན་ལ་མི་སྙན་སྨྲ།། རང་བཞིན་འགྲོགས་དཀའ ་དེ་དག་གིས།། དགའ་བ་ཇི་ལྟར་སྐྱེ་བར་འགྱུར།། ཞེས་བཤང་ངོ་།། གཞན་ཡང་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་རྙིང་པ་དང་བཀུར་སྟིའི་ཉེས་པ་རབ་ཏུ་མང་པོ་བསྟན་པས་དེ་ལས་ཤེས་པར ་བྱའོ།། འདིའི་སློབ་མ་དང་ཡང་སློབ་ལ་སོགས་པ་ལ་ཆགས་པ་ནི་སྙིང་རྗེའི་བདག་ཉིད་མ་ཡིན་ནམ། ཇི་ལྟར་དེ་སྤང་བར་རིགས་ཤེ་ན། མ་ཡིན་ཏེ། གནས་སྐབས་མ་ཡིན་པའི་སྙིང་རྗེ་སྨང་བ་སྟེ། མངོན་པར་ཤེས་པ་མ ་བར་སློབ་མ་ཡོངསུ་སྦྱིན་པ་མི་ནུས་ཀྱི་རང་འཆིང་བར་ཟད་དོ།། ཇི་སྐད་དུ་བྱུང་ཆུབ་སེམས་དཔའི་སྟོང་པ་ལ་འཇུག་པ་དེ་ཉིད་ལས་བཤད་པ། སེམས་ཅན་མོས་པ་སྣ་ཚོགས་པས། རྒྱ་ལྟ་བས་ཀྱང ་ནི་མྱི་མགུ་ནཱ།། བདག་འདྲི་ངན་པས་སྨོས་ཅི་དགོས།། དེ་བས་འཇིག་རྟེན་བསམ་པ་བཏང་།། ཞེསོ། ཡང་དེ་ཉིད་ལས། སེམས་ཅན་རྣམས་ལ་ཆགས་བྱས་ན།། ཡང་དག་ཉིད་ལ་ཀུནྡ་ནས་བསྒྲིབ།། སྐྱོ་བའི་སེམས་ཀྱང ་འཇིག་པར་བྱེད་།། ཐ་མཱར་མྱ་ངན་གདུང་བར་འགྱུར།། དེ་ལ་སེམས་པ་འགྲོའ་ཞིག་གིས།། ཚེ་འདི་དོན་མེད་འདའ་བར་འགྱུར།། རྟག་པ་མེད་པའི་ཡེ་ཤེས་ཀྱིས།། རྟག་པའི་ཆོས་ཀྱང་འཇིག་པར་འགྱུར།། ཞེས་བཤད་དོ།། ་དེ་བས་ན་སློབ་མ་ལ་སོགས་པ་འག་པའི་འབྲས་བུས་འབྲེལ་པ་དང་། འཇིག་རྟེན་པའི་ཐ་སྙད་ཀྱིས་འབྲེལ་པ་གཉིས་ཀ་ལ་སྙིང་བརྩེ་བ་ཁོ་ནས་མ་ཆགས་པར་དབེན་པར་གནས་པར་བྱའོ།། སྲིད་པ་ལྔ་རང་བཞིན་གྱིས ་གས་པ་ཡང་སྦེང་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། འཇིག་རྟེན་སྟག་དང་སྦྲུལ་དང་མེ་འདྲ་བ།། སེམས་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ།། བུད་མེད་མཚན་ཉིད ་སྐྱེས་པའི་མཚན་ཉིད་དང་། སྨན་དང་གླང་ཆེན་བརྟག་པ་སྐར་མའི་དཔྱད།། མཚོན་ཆ་བརྟག་པ་འམ་རྟ་དཔྱད་རང་བཟོ་འམ།། བསྟོན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང་ཞེས་སོ།། ཡང་དེ་ཉིད་ལས། གླང་ཆེན་རྟ་དང་བྱ་གག ་བྱ་ཁྱི་དང་།། གོང་མ་སྲེག་པ་ངུར་པ་སྐྱེས་པ་དང་།། བུད་མེད་བུ་མོ་བྱིས་པར་ལུག་སོགས།། འཐབ་མོ་འགྱེད་པ་བལྟ་བར་མི་བྱའོ།། ཡུལ་སའི་གཏམ་དང་རང་དབང་བརྟེན་པ་དང་།། དམག་དང་གྱད་དང་ན་ཆུང་གཏམ་དག་དང ་སྒྱེང་དང་ལྡེའུ་དང་སྔོན་གྱི་ལོ་རྒྱུས་གཽ་ཏམ?།། འདོད་ཆགས་གཏམ་དང་སྨད་འཆིང་གཏམ་མི་བྱ།། སྔགས་པ་གསང་སྔགས་བཟླས་ལ་བརྩོན་པ་དང་།། དབྱར་ཟླ་གསུམ་ནི་གཅིག་པུར་གནས་པར་བྱ།། ཞེས་འབྱུང་ངོ་།། ཡང ་དེ་ཉིད་ལས། ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང་།། མགོན་མེད་རྟེ་ནི་མིང་ཚེ་རབས་གཅིག་ནས་གཅིག། ལུས་ཀྱི་ཁྱི་བརྒྱུད་རྗེ་སུ་རབ་འགྲོ་བ།། དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང་།། འཚོ་དང་མཛུའ་བཤེས་དང་ནི་རྣམ་པར ་བྱཱ་ལ། མི་སྡུག་པ་དང་ཕྱེད་ཅིང་འདོད་པས་གདུངས།། ངན་པ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཅན།། ཡུལ་རྣམས་ཀུན་ཏུ་སོང་ནའང་མེད་པ་མིན།། ཤ་སྦྲང་ཚེ་གྲང་བཀྲེས་དང་ངལ་ལ་སོགས།། གང་དུ་སོང་ཡང་སྡུག་བསྔལ་ཉིད ་ཡིན་པས།། ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་ན།། རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ།། འདོད་ཆགས་ཤས་ཆེ་མཱི་གཙང་ཤ་ཚིལ་དང་།། པགས་པ་ཀེངྒ་རུས་བལྟ་བས་རྣམ་པར་བཟློག། བྱམས་དང་སྙིང་རྗེའི ་ཆུས་གདབ་ཞེ་སྡང་ལ།། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།། ཞེས་གསུངས་སོ།། འཕགས་པ་ནཱ་གཱརྫྫ་ནས་ཀྱང་འཇིག་རྟེན་གྱི་ཉེས་པ་དུ་མ་བསྟན་ནས། དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ།། སྐྱབས་མེད་མགོན་མེད ་གནས་མེད་དེ་སྐད་དུ།། འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ།། མི་མཆོག་ཁྱོད་ཀྱི་ཐུགས་ནི་དབྱུང་བར་མཛོད།། ཅེས་བཤང་ངོ་།། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། གཞོན་ནུ་མ ་བདུན་ལ་གདམས་པ་དང་།། བཤེས་པའི་སྤྲིང་ཡིག་དང་།། སློབ་མ་ལ་སྤྲིང་བ་ལ་སོགས་པའི་གཞུང་ལ་བརྟེན་ཏེ། སྲིད་པ་ལ་རང་བཞིན་གྱི་ཆགས་པ་སྤང་བར་བྱའོ།། འདི་ནི་ཡིད་འབྱུང་བར་བྱ་བའི་ཡན་ལག་གོ།། དེ་ལྟར ་མི་མཐུན་པའི་ཕྱོགས་སྤངས་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པར་བྱ་སྟེ། དེ་ལོ་འདིར་ཡོན་ཏན་ནི་གཉིས་ཏེ། མཐོང་བའི་ཆོས་ཉམས་མྱོང་བར་འགྱུར་བ་དང་། དེ་ལས་གཞན་པའོ།། ཇི་ལྟར་ཞེ་ན། ལུས་བདེ་བར་གནས ་པ་དང་། ངག་བོད་པར་གནོས་པ་དང་། སེམས་བདེ་བར་གནས་པ་དང་། ཆོས་སྐྱོང་པ་རྣམས་དགའ་བ་དང་། དེའི་མིའི་ལུས་ཐོབ་པ་དོན་ཡོད་པ་དང་། སྟོན་པ་དང་ཕ་མ་དང་བླ་མའི་དྲིན་བསླབ་པ་དང་། མི་མ་ཡིན་པས་མི་ཚུ ་དུ་ནད་ཉུང་བར་འགྱུར་བྱ་དང་། ཚེ་བར་འགྱུར་བ་དང་། འཆི་བའི་དུས་སུ་འགྱོད་པ་མེད་པོ་དང་། མཁས་པ་རྣམས་ཀྱིས་བསྔགས་པ་དང་། བཟའ་བ་དང་བཏུང་བ་དང་གནས་མལ་དང་ནད་ཀྱི་རྐྱེན་རྩི་དང་གོས་རྣམས་བདེ་བླག་ཏུ ་རྙེད་པ་དང་། ཉོན་མོངས་པ་དང་ལས་ལ་གནོད་པར་བྱེད་པ་སྟེ། འདི་དག་ནི་དང་པོའི་ཡོན་ཏན་ཡིན་ནོ།། གང་དུ་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། ངན་སོང་གསུམ་སྤངས་པ་དང་། མི་ཁོམ་པ་ལྷག་མ་སྤངས་པ་དང་། ་མི་ཁོམ་པ་ལྷག་མ་སྤངས་པ་དང་། བུད་མེད་དུ་ནི་སྐྱེ་བ་དང་། དབང་པོ་རྣོ་བུ་དང་། དཀོན་མཆོག་གསུམ་དང་འབྲལ་བར་མི་འགྱུར་བ་དང་། དེར་ཡང་ཏིང་ངེ་འཛིན་ལ་དགྲའ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ ་པར་འགྱུར་བ་སྟེ། འདི་ནི་ཡོན་ཏན་གཉིས་པའོ།། ཤིན་ཏུ་སྦྱངས་པས་ནི་ཚེ་བྱིན་གྱིས་བརླབས་པ་དང་། ལྷའི་གནས་སུ་ཚེ་འོད་ཉིད་ལ་བགྲོད་པ་ཞེས་བྱའོ།། དོན་འདི་ཉིད་ལ་བསམས་ཏེ་བཙུན་པ་ཟླ་བས་རང་གི་སློབ ་མའི་ཕྱིར། ཟླ་བའི་དཀྱིལ་འཁོར་གསལ་བས་ཉེ་བར་བརྒྱནོ་བྱས་ཤིང་། རྐེད་ཅིང་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པའི།། རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི།། རླུང་ལྟར་གཡོ་བའི ་བཙུན་ཚེ་གཏུགས་སྐས་པ་ཆེ།། ནགས་མཐོང་རི་དགས་རྒྱུ་བྱའི་ཚོགས་ཀྱིས་བསྟེན་བྱས་པ། ཀུན་གནས་བཟང་པོ་དེ་ན་སྐྱིད་པ་གང་ཡིན་པ།། དེ་ཅི་དགའ་བའི་ནགས་ཚལ་ལྷ་མོའི་ཉམ་ཕག་ཏུ།། ཐལ་གྱིས་ཕེ་བྱས་པའི། ་རྡོ་ལེབ་ཅན་ནའང་ཡོད་འགྱུར་རམ།། ནགས་ཀླུང་ཆུ་གཙང་ངོགས་བདེ་དབེན་པར་སྐྱོང་པོ་གང་། ངོ་ཙ་ལྷ་ཡི་བུ་མོ་དྲི་ཞིམ་བྱུགོས་པ་ཡི།། ལན་བུའི་རྒྱན་དུ་ཐོག་པ་རྒྱུན་ལྡན་མེ་ཏོག་ཚོགས།། མཛེས་པས་ཟིལ་གནོན་ལྷ ་ཡི་ཆུལའང་ཡོད་འགྱུར་རོམ། རི་སུལ་ཡངས་པ་སྐྱེ་བོ་ལང་ལོང་མེད་པ་རབ་བདེ་བོ།། ཉེར་སྤྱོད་རྒྱ་ཆེན་འཁོར་ཡུག་ནགས་ཚལ་སྔོ་འཁྲུངས་ཕྲེང་པོས་སྤྲིང་ས།། མྱོང་གས་སྙན་པ་པུ་ནུའི་རྒྱུན་སྒྲ་རྔ་ལྟར་སྙན་པ་ཡིས། ་དག་ཅག་ཉོན་མོངས་ཅན་གྱི་ཡུལ་མིན་འགྲོན་ལ་སྒྲོགས་པ་བནམ།། ཞེས་བསྟན་ལ། སློབ་དཔོན་ཞི་བའི་ལྷས་ཀྱང་།། ནགས་ན་རི་དྭགས་བྱ་རྣམས་དང་།། ཤིང་རྣམས་མི་སྤྱན་རྗོད་མི་བྱེད།། འགྲོགས་ན་དདེ་བརྡ ་དྲག་དང་།། ནམ་ཞིག་ལྷན་ཅིག་པདག་གནས་འགྱུར།། ཕུག་གམ་ལྷ་ཁང་སྟོང་པ་འམ།། ལྗོན་ཤིང་དྲུང་དུ་གནས་བཅས་ཏེ།། ནམ་ཞིག་རྒྱབ་ཏུ་མི་ལྔ་ཞིང་།། ཆགས་པ་མེད་པར་འགྱུར་ཞིག་གུ། ས་ཕྱོགས་བདག་གིར་གཟུང ་མེད་པ།། རང་བཞིན་གྱིས་ནི་ཡངས་རྣམས་སུ།། རང་དབང་སྤྱོད་ཅིང་ཚིགས་མེད་པར།། ནམ་ཞོག་བདག་ནི་གནས་པར་འགྱུར།། ལྷུང་བཟེད་ལ་སོགས་ཉི་ཚེ་དང་།། ཀུན་ལ་མི་མཁོའི་གོས་འཆང་ཞིང་།། ལུས་འདི་སྦ་བ་མ་བྱས ་ཀྱང་། འཇིགས་མེད་གནས་བོར་ན་མི་ཞིག་འགྱུར།། དུར་ཁྲོད་སོང་ནས་གཞན་དག་གི། རུས་གོང་དག་དང་བདག་གི་ལུས།། འཇིག་པའི་ཆོས་ཅན་དག་ཏུ་ནི།། ནམ་ཞིག་མགོ་སྙོམས་བྱུང་བར་འགྱུར།། ཞེས་བཤད་དོ།། དེ ་བཞིན་དུ་འཕྲོགས་པ་ཟླ་བ་སྒྲོན་མུ་ལ་སོགས་པའི་མདོ་རྣམས་ལས་ཏིང་ངེ་འཛིན་གྱི་ཕན་ཡོན་རྒྱ་ཆེར་ཤེས་པར་བྱའོ།། འདི་ནི་ཡོན་ཏན་རྫ་སུ་དྲན་པས་སྤྲོ་བའི་ཡན་ལག་གོ།། དེ་ལྟར་ཡོན་ཏན་མཐོང་ནས་སྤྲོ་བར་གྱུར་པ་དེས ་གཉེན་པོ་ཡིད་ལ་བྱ་བས་རབ་ཏུ་སྤྲོ་བར་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དེ་ལྷོར་བཟོད་པས་བརྩོན་འགྲུས་བརྩམ།། འདི་ལྟར་བརྩོན་ལ་བྱང་ཆུབ་གནས།། རླུང་མེད་གཡོ་བ་མེད་པ་བཞིན།། ་བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་།། ཞེས་བསྟན་པ་ལྟ་བུའོ།། འདི་ལྟར་བདག་གིས་རབ་ཏུ་བརྩོན་པས་འདོད་པའི་དོན་མ་བསྒྲུབས་ན་ཚེ་འདི་ནི་རབ་ཏུ་གཡོ་བ་ཡིན་པས་ཡིད་བརྟན་པར་བྱ་བ་འམ། རིང་དུ་གནས་པར་བྱ་བའི ་ནུས་པ་མེད་པས་སྐད་ཅིག་ཙམ་ཡང་གཡེལ་བར་མི་བྱའོ་སྙམ་དུ་ཡིད་ལ་བྱ་སྟེ། དོན་འདི་ཉིད་ཐུགས་ལ་བཞག་ནས་འཕགས་པ་ནཱ་གཱརྫུ་ནའི་ཞལ་སྔ་ནས། ཚེ་འདྲི་གནོད་མང་རླུང་གིས་བཏབ་པ་ཡི།། ཆུ་ཡི་ཆུ་བུར་བས་ཀྱང ་མི་རྟག་ན།། དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས།། སོང་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ།། ཞེས་པ་དང་། ཡང་མགོ་འམ་གོས་ལ་བློ་བུར་མ་ཤོར་ན།། དེ་དག་ཕྱིར་བཟློག་བགྱི་བ་བཏུང་ནས་ཀྱང་།། ་ཡང་སྲིད་པས་བགྱིའི་སླད་དུ་འབར་འཚལ་ཏེ།། འདི་བས་ཆེ་མཆོག་དགོས་པ་གཞན་མ་མཆིས།། ཞེས་རྒྱལ་པོ་མཐར་འགྲོ་ཞོན་གྱི་ཕྱིར་གདམས་པ་བྱས་སོ།། བཙུན་པ་ཟླ་བས་ཀྱང་རང་གི་སློབ་མ་ལ་འདི་སྐད་དུ། མི་ཡི ་དངོས་པོ་ཤིན་ཏུ་རྙོད་དཀའ་རྙིང་གྱུར་ནས།། དོན་དུ་བརྣག་པ་གང་ཡིན་དེ་ཉིད་བརྟུན་ཏེ་བསྒྲུ་བྱ།། མར་མེ་མོ་ལྕེ་ཤུག་དྲག་རླུང་གིས་བསྐྱོང་བྱ་ལྷའི།། ཚེ་ནི་སྐད་ཅིག་གནས་པའི་གདེང་ཡང་ཡོང་མ་ཡིན།། འདི་ནི་སདྲ་བྱ་འདི་ནི ་ཐང་ཅིག་འོག་ཏུ་བྱ།། འདི་ནི་དེའུ་ར་བྱ་ཞེས་སྐྱེ་བོ་སེམས་པ་ན།། གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་བལྟ་བ་ཡི།། མོག་རྩ་དམོར་ཁྲོས་མ་རངས་གད་མོས་ར་སྙམ་འདེབས།། སོ་ག་མེ་ཏོག་རྒྱས་པའི་དུས་འོད་འབྱུང ་བར་འགྱུར།། ཟླ་བ་གསལ་བས་མཚོན་པའི་དུས་འདི་འབྱུང་ཞེས།། སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི།། ཟད་པ་འགྱུར་ཞེས་ཤིན་ཏུ་མི་དགའ་འགྱུར་བ་མེད།། ཅེས་གདམས་སོ།། ་སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས་ཀྱང་།། ཡིདངྒ་བརྟན་མི་རུང་འཆི་བདག་འདྲི།། བྱས་དང་མོ་བྱས་མཱི་སྡོད་པས།། ནཱ་དང་མི་ན་ཀུན་གྱིས་ཀྱང་།། གློ་བུར་ཆུ་ལྔ་ཡིད་མི་བརྟན།། སྐྱེས་བཤད་དོ།། དེ་བཞིན་དུ་དཔལ་ངག་གི ་དབང་ཕྱུག་གྲགས་པའི་ཞལ་སྔ་ནས་ཀྱང་།། འདི་བྱ་ནང་པར་སླར་ཡང་འདི་བྱ་དེ་ནས་གཞན་ཡོང་འདི་བྱ་ཞེས།། སྲིད་པ་གཡོ་བའི་རང་བཞིན་མུ་ཤེས་དོན་མེད་ཡིད་བརྟན་འཚལ་བྱེད་པའི།། སྐྱེ་དགུ་འཚོ་བདག་ཁུར་ནི། ་ཆུ་སྲིན་ཁ་རུ་གྲུ་ནི་ཞུགས་པ་ལྟར།། བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཡཱི་དབའ་ཀློང་ནང་དུ་ལྷུང་།། ཞེས་བཤད་དོ།། དེ་བཞིན་དུ་སློབ་དཔོན་ས་ཧ་རཱའི་ཞལ་སྐྱ་ནས་ཀྱང་།། དི་རིང་དེ་བཞིན་དུ་ནི་སང་སྙམ་པའི།། སྐྱེས ་བུ་ནོར་རྣམས་ཕུན་སུམ་ཆོ་ག་ལོ་པའི།། སྙིམ་པ་ཆུ་ཡིས་བཀང་བ་འཇིག་པ་བཞིན།། མི་མངོན་འདྲའི་ཀཱ་ཡེ་བཞིན་བཟངས་རྣམས།། ཞེས་བསྟན་པས་འདི་ནི་གཉེན་པོ་སྲིད་ལ་བྱ་བས་བརྩོན་པར་བྱ་བའི་ཡནྟི་ལག་གོ།། དེ་ལྟན ་རབ་ཏུ་བརྩོན་པ་དེས་ཡན་ལག་གཉིས་ཟུང་དུ་འབྲེལ་བར་བྱ་སྟེ། འདི་ལྟར་ཞི་གནས་དང་། ལྷག་མཐོང་དང་། ཐབས་དང་། ཤེས་རབ་བོ།། དེ་ཅིའི་ཕྱིར་ཞེ་ན། ཞི་གནས་ཀྱི་བརྟན་པོ་ཉིད་མ་བྱས་པའི་ལྷག་མཐོང་ནི་བརྟན་པར་མི ་གནས་ཏེ་མར་མེ་ལ་རླུང་བཞིན་ནོ།། ལྷག་མཐོང་དང་བྲལ་བའི་ཞི་གནས་ཀྱིས་ནི་སྒྲིབ་པའི་དྲ་བ་རྣམས་མ་ལུས་པར་བྱང་བར་མི་ནུས་ཏེ། ཇི་ལྟར་གཟུགས་དང་གཟུགས་མྱེད་པ་ལ་སོགས་པའི་ཞི་གནས་སླར་འཁོར་བ་ལྟ་བུའོ།། ་དེ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྔ་འཇུག་པ་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི།། འཇིག་རྟེན ་ཆགས་པ་མེད་ལ་མངོན་དགས་འགྲུབ།། ཅེས་བཤང་ངོ་།། དེ་བཞིན་དུ་ཐབས་དང་། ཤེས་རབ་ཀྱང་སྟེ། ཇི་ལྟར་ཞེ་ན། སྐུ་རྣམ་པ་གཉིས་འགྲུབ་པར་བྱ་བ་ཡིན་པ་དང་། སྒྲིབ་པ་གཉིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ།། ། ་དེ་བསྲ་ན་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་དང་། འཕགས་པ་ག་ཡ་གོ་རྀའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ།། ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ།། ཞེས་གསུངས་སོ།། ་དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས། སྨོན་ལྡེམ་མངོན་པར་མི་འགྲུབ་པའི་རི་ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་ནི་མངོན་པར་མི་འགྲུབ་པའི་བདུད་དོ་ཞེས་བདུད་བཅུ་ལས་གཅིག་ཏུ་གསུང་སོ།། ཅིའི་ཕྱིར་སྟོང་པ་ཉིད ་ཁོ་ནས་དེ་དག་མི་འགྲུབ་ཅེ་ན། མ་ཡིན་ཏེ། འབྲས་དུས་ནི་རྒྱུའི་རྗེསུ་འབྲང་བའི་ཕྱིར་རོ།། དེ་བས་ན་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། སྨྲ་བའི་མཆོག་ནི་གང་ཡང་རུང་།། ཆོས་གཅིག་གིས་ནི་བྱུང་བ་མེད།། གང ་ཡང་བྱུང་བ་ཡོད་མ་ཡིན།། འབྱུང་བར་འགྱུར་བ་དེ་བཞིན་མེད་ཅེའོ།། དེ་བཞིན་དུ་འཕགས་པ་རྡོ་རྗེའི་དྲ་བ་ལས་ཀྱང་།། གལ་ཏེ་སྟོང་པ་ཐབས་ཡིན་ན།། དེ་ཚེ་སངས་རྒྱས་ཉིད་མི་འགྱུར།། རྒྱུ་ལས་འབྲས་བུ་གཞ ་མེད་ཕྱིར།། ཐབས་ནི་སྟོང་པ་ཉིད་མ་ཡིན་ཞེས་གསུངས་སོ།། འོ་ན་ཅིའི་ཕྱིར་ལུང་ལྔས་སྟོང་པ་ཉིད་འབའ་ཞིག་བསྒོམས་བྱས་ཆོག་པར་གསུངས་ཤེ་ན། འདི་ནི་བདག་ཏུ་ལྟ་བ་ལ་སོགས་པ་ཉིད་དང་འགལ་བར་འཇུག་པ ་དེ་དག་གི་ཕྱིར་སྟོང་པ་ཉིད་ཀྱི་དྲོ་བ་བསྟེན་པ་སྟེ། དེ་ལྟར་ཡང་འཕགས་པ་རྡོ་རྗེའི་དྲ་བ་དེ་ཉིད་ལས། ལྟ་བ་རྣམས་ལས་ལོག་རྣམས་དང་།། བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི།། བདག་ཏུ་འཛིན་པ་བཟློག་པའི་ཕྱིར།། རྒྱལ་བ ་རྣམས་ཀྱིས་སྟོང་པ་བསྟན།། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས།། ཐབས་བདེ་བ་ཡི་སྡོམ་པ་སྟེ།། སྔངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས།། སངས་རྒྱས་ཉིད་ཡུན་མི་རིང་འགྱུར།། ཞེས་སྟོང་པ་ཉིད་འབའ་ཞིག་མི་བསྟེན་གྱི།། ་ལྷའི་སྐུ་བསྒོམ་པར་བྱའོ་ཞེས་གསུངས་སོ།། དེ་བས་ན་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་གྱི་སྟོང་པ་ཉིད་འབའ་ཞིག་མ་ཡིན་ནོ།། ལུང་དག་ནི་དགོངས་པ་དང་ལྡན་པ་སྟེ། ཇི་ལྟར ་མཻཏྤལ་ཕུལ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་པར་བསྟན་པ་ལྟ་བུ་སྟེ། དེ་བས་མོ་ལུང་ལ་སྒྲ་ཇི་བཞིན་པར་མི་བཟུང་ངོ་།། འོན་ཀྱང་སྟོང་པ་ཉིད་ལ་གོམས་པས་ཕུལ་དུ་ཕྱིར་པ་ནི། རིག་ཟེའི་ལས་ཐམས་ཅད་རང་གི་ང་གས ་འབྱུང་སྟེ། དང་པོ་སེམས་ཅན་གྱི་དོན་གྱི་ཕྱིར་སྟོང་པ་ཉིད་ལ་ཞུགས་བྱས་ན་ཉན་ཐོས་ལྟར་ཞི་བ་ཉིད་དུ་མི་འགྱུར་ཏེ། ཇི་ཙམ་དུ་སྟོང་པ་ཉིད་བསྟན་པ་དེ་ཙམ་དུ་སེམས་ཅན་དེ་ཙམ་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྐྱེ་སྟེ། ཇི་སྐད ་དུ་འཕགས་པ་ནཱ་གཱརྫྫ་མའི་ཞལ་སྔ་ནས་བཤད་པ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས།། སྟོང་པ་ཉིད་འདི་ནི་སྒོམ་བྱས་ན།། བློ་ནི་གཞན་དོན་ལ་དགའ་བར།། འགྱུར་པ་ཉིད་དུ་དགོས་པ་མེད།། ཆོས་སོ།། གཞན་ཡོང་། ཆོས ་ལ་བདག་མེད་མཁས་པ་ནི།། རང་བཞིན་མེད་ལ་གོམས་བྱས་པས།། ཕྱིན་ཅི་ལོག་ལས་བྱུང་བ་ཡི།། ཉོན་མོངས་བསྒྲིབ་པ་མེད་པར་སྤོང་།། ཞེས་དབུ་མའི་རྒྱན་ལས་བཤད་པའི་རིག་པས་དེའི་ཉོན་མོངས་པ་སྤོང་བར་འགྱུར་ཏེ།། ་གང་གི་སྙིང་རྗེ་ཡང་མ་སྤངས་ལ། ཉོན་མོངས་པ་ཡང་ཞི་བ་དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཚེགས་མེད་པར་འགྲུབ་པར་འགྱུར་ཏེ། དེ་བས་ན་རྒྱུའི་གཙོ་བོར་གྱུར་པ་དང་། དེ་འབའ་ཞིག ་ལས་ཀྱང་ཡོན་ཏན་མང་པོ་འབྱུང་བ་ལ་དགོས་ཏེ། འཕགས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། མཚན་མར་བཅས་པས་མཚན་བཅས་ཀྱི།། དངོས་གྲུབ་དམ་པ་རྒྱལ་བས་བཞེད།། མཚན་མ་མེད་ལ ་གནས་པས་ནི།། མཚན་མར་བཅས་པའང་འགྲུབ་ཏུ་རུང་།། དེ་བས་རྣམ་པ་ཐམས་ཅད་དུ།། མཚནོ་མ་མེད་པ་བསྟེན་པར་བཤད།། ཅེས་བྱ་བ་ལ་སོགས་པ་གསུངས་པས་སྟོང་པ་ཉིད་འབའ་ཞིག་གིས་ཆོག་པར་གསུངས ་པ་ཉིད་དོ།། འདི་ནི་འབྲེ་ལྔ་བ་བྱ་བའི་ཡན་ལག་གོ།། དེ་ལྟར་ཡན་ལག་བརྒྱད་དང་ལྡན་པ་དེ་གནས་རྗེ་སུ་མཐུན་པར་ཁ་ཟས་དང་སྤྱོད་ལམ་རྗེ་སུ་མཐུན་པ་དང་། གྲོ་དང་གྲོགས་རྗེསུ་མཐུན་པ་དང་ལྡན་པར་བྱས་ལ ་སེམས་མཉམ་པར་གཞུག་པར་བྱའོ།། དེ་ལ་རྗེས་སུ་མཐུན་པའི་གནས་ནི་འབགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། རང་སངསོ་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང་།། རྒྱལ་བ་སྨོན་ཆད་གང་ན་བཞུགས ་པ་ཡི། གནས་གང་བསོད་ནམས་ལྡན་ཞིང་ཡིད་དགའ་བའི།། ལྷ་དང་ལྷ་མིན་ལ་སོགས་ཕྱག་འཚལ་མཆོད།། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས།། བདག་ཉིད་དག་པར་བྱོ་ཕྱིར་བསྙེན་བྱ་བ།། དེ་ལྟ་བུ་ནི་མ་རྙེད་གཞན ་ཡང་ནི།། ཆུ་བོ་ཆུ་ཀླུང་འབབ་ཆུ་ཡོད་པ་དང་།། པདྨ་ཨུཏྤ་ལས་ནི་བརྒྱན་པའི་མཚོ།། བྱེ་བློ་རྣམས་ནི་ཤིན་ཏུ་མི་རྒྱུ་དེ།། དངས་ཤིང་ཞིམ་པའི་ཆུ་ནཱི་མང་བ་དང་།། མི་བཟང་གདོན་རྣམས་ཀྱང་ནི་མོ་གནས་བཾ།། མེ་ཏོག་འབྲས ་གཙང་མ་ཡོང་པོ་དང་།། སྨན་ལྡེངས་ལྗོན་ཤིང་སྣ་ཚོགས་དཀྲིགས་པ་དང་།། ས་སྟེངས་གནས་མལ་ཤིན་ཏུ་གཙང་བ་དང་།། གང་ན་སྟག་གཟིགས་སེང་གེ་མེད་པ་དང་།། སྙིང་འོང་མཉམ་ཞིང་ཚེར་མ་མེད་པ་དང་།། མཾ་ཡཽ་དངོས ་སྒྲུབ་གནསུ་བསྒྲགས་པ་ས་ནི།། གྲོགས་ཐ་གྲགས་མཁར་ཐལ་པ་སྐྲ་ཤང་དང་།། ཉི་ཏི་ཛ་མ་ལ་པརྨ་སྒོ་ཚོགས་བཅས་དང་།། དེར་ནིས་བརྐོས་སྦྱངས་ནས་གནས་བརྩིག་པ།། ལ་བརྟན་ཅིང་འཛུམ་པས་ཞལ་ན་། ་ཤར་རམ་བྱང་ངམ་ནུབ་ཏུ་སྒོ་གདོད་ཅིང་།། ལྷོ་ཕྱོགསུ་ནི་ནམ་ཡང་སྒོ་མི་གདོད།། ཅེས་གསུངས་ཏེ། འདི་ནི་རྗེ་སུ་མཐུན་པའི་གནས་སོ།། ཁ་ཟས་ཀྱང་རྗེསུ་ཆགས་པ་མེད་པ་དང་།། ཚོད་ཟིན་པ་དང་། ལུས་ཀྱི་སྟོབས་དང་འཚམ་པ ་དེ་ལྟར་བཟོའ་སྟེ། ངོ་བས་ནི་འཕགས་པ་ཀླུ་སྦུབས་ཀྱི་ཞལ་སྨྲ་ནས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས།། འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།། རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མྱ་ལགས།། མཆོག ་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།། ཞེས་བཤང་ངོ་།། ཆགས་པར་གྱུར་པའི་ཉེས་པ་ནི་ཇི་སྐད་དུ་འཕགས་པ་གང་པོས་ཤུས་པ་ལས་གསུངས་པ། ཞིམ་པོའི་རོ་ལ་ཞེན་ཅིང་ཆགས།། སྐྱོན་རྣམས་མཐོང་བར་མ་གྱུར་དུ ་བདུད་ཀྱི་གླགས་ནི་རྙེད་འགྱུར་ཏེ།། མཆིལ་པས་བཟུང་བའི་ཉ་བཞིན་ནོ།། ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར།། ནད་པ་དག་ལ་སྨན་ནི ་སྦྱིན་པ་ལྟར།། དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག། བསལ་ཕྱིར་རྒྱལ་བས་ཁ་ཟས་དཟའ་བར་གསུངས།། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ།། དཀྲིས་སྐོམ་གདུང་བས་རང་གི་བུ་ཡཾ་ཤ། ཟ་བ་བཞིན་དུ ་རྣལ་འབྱོར་སེམས་དམན་ཞིང་།། འཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ།། མང་དུ་བླུགས་པས་རྩོལ་མེད་མཐོ་བ་དང་།། དེ་བཞིན་ཉུང་ངུས་སྲང་ནི་དམའ་འགྱུར་ལ།། རན་པས་སྐད་ཅིག་མཉམ་པར་འགྲོ་བ་ལྟར།། ལུས་ཅ ་།། ནྡྷ་བ་གྱུ་ག་བྷཱུ་གྶ་ཥྱ་ཧྲཱ་ཙྪ།། བྷྱས་ཀླུ་ས་སྨྲ།། ད་བསྟན་དུས་སྐྱེ་དུས་ཀུན་དྲུག། མུག་དྷཱ་། ་ཀྱིས་གནས་ཤེས།། རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པས།། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ།། སེམས་ནི་བཟོའ་བཏུང་སོགས་ལ་ཚུགས་མི་བྱ་ཞེས་གསུངས་སོ།། དེ་བཞིན་དུ་ལུས་ཀྱི་ཉམ་དམེའ་བ་ལྟ་ན་རྣལ་འབྱོར ་བླ་ཐམས་ཅད་ཀྱིས་སྦྱོང་བར་གནས་པར་མི་བྱ་སྟེ། ཇི་སྐད་དུ་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས་གསུངས་པ། དུབ་པར་བྱེད་པའི་སྐྱོན་ཡོད་ཕྱིར།། སྦྱང་བར་གནས་བུ་སྨད་པར་བཤད།། གལ་ཏེ་ལུས་ལྔ་དུབ་བ ་མེད་པ་ལྟ་ན་ནི་ལུས་ཡང་བར་བྱ་བའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་སྦྱང་བར་གནས་པར་བྱ་སྟེ། ཇི་སྐད་དུ་འཕགས་པོ་དཔུང་བཟོངས་ཀྱིས་ཞུས་པ་ལས། བུ་ཅིག་ལུས་དག་བྱ་ཕྱིར་སྦྱང་བྱ་ཞེས། བདེ་བར ་གཤེགས་པ་ནམ་ཡང་མེ་གསུང་ཡང་།། ལུས་འདི་མི་གཙང་ལྤགས་པ་ཤ་ཁྲག་རྐང་།། ཀླུསོ་རྒྱས་རྒྱུ་མ་མཚར་མཆིན་མཁལ་མ་ཞག། མཁྲིས་པ་བད་ཀན?་ཁུ་ཆུ་ཕྱི་ས་དང་།། གཙོན་སྣབས་པ་སྤུ་སྐྲ་དང་རུས ་པ་དང་།། མིག་དང་རྣ་བ་སྣ་དང་ཁ་དང་ནི།། བཤང་སྒོ་མཚན་མ་བུ་ག་དགུ་པོ་ཡི།། རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བ།། འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡིན།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་།། ས་ཆུ་མེ ་རླུང་ན་མཁའ་རྣམས་དང་ལྡན།། ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་བའི་ལུས།། ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་ཡིས།། བཤང་གཅི་སྣརུབས་དང་མ་ལ་མཱ་བང་ཀན་དང་།། འདི་དག་ཟད་པར་བྱ་བཱིར་སྐྱུང་བར ་གསུངས།། དྲི་མ་ཟད་ནས་མི་ཡི་ལུས་དག་ན། རང་གི་འབྱོར་ཕྱིར་སྒྲུབ་ལྔ་བདེ་པར་འཇུག། ཅེས་གསུངས་སོ།། གྲོགས་པོ་ནི་མེད་པ་འམ་རྗེ་སུ་མཐུན་པ་བསྟེན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ངོ་ང་དེ་དག ་ལྔས་གསུངས་པ། མང་པོ་དག་ནི་རྩོད་པར་འགྱུར།། གཉིས་པོ་དྲག་ནི་གཏམ་བཅས་འགྱུར།། གཞོན་ནུ་མཱ་ཡི་གདུ་བུ་བཞིན།། གཅིག་པོ་ཞིག་ནི་གནས་པར་བྱ།། ཞེས་སོ།། རྗེས་སུ་མཐུན་པ་ནི་འཕགས་པ་བྱེ་པུདྡྷ་བཟུངས ་ཀྱིས་ཞུས་པ་ལས་གསུངས་པ། ནཱ་མ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི།། རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ཝཱ་རོ།། དེ་བཞིན་བསྒྲུབ་པ་པོ་ནི་གྲོགས་མེད་ནི།། ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། དེ་ནི་བྷོ་ལྡན ་གཟུགས་བཟང་གཅིང་སྐྲ་ཆེ།། རིགས་ནི་བཙུན་ཞིང་ཆོས་ལ་གསོལ་བ་དང་།། སྤོབས་པ་ཆེ་ལང་དཔའ་ཞིང་དབང་པོ་ཐུལ།། སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན།། ཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་།། བྲམ ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད།། སྒྲོན་ཞིང་གཟོ་ལ་བྱས་པ་གཟོ་བ་དང་།། དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན།། དེ་ལྟར་ཡོན་ཏན་མོ་ལུས་ལྡན་པ་དག། རྩོད་པའི་དུས་སུ་ཤིན་ཏུ་དཀོན་པས་ན།། ཡོན་ཏན ་ཕྱེད་དམ་བཞི་ཆ་བརྒྱད་མ་ཅན།། དེ་ལྟ་བུ་ནི་སྔགས་པས་གྲོགས་པོར་བསྟེན།། ཞེས་སོ།། འདིར་ནི་སྤྲོས་པ་སྤྱོད་པ་དང་བྲལ་བའི་དབང་གིས་གྲོགས་པོ་མེད་པ་འམ། རྗེསུ་མཐུན་པའི་གྲོགས་པོ་དང་ལྡན་པར ་བྱའོ།། དེ་བཞིན་དུ་ཇི་ཙམ་གྱིས་གནོད་པ་སྐྱོབ་པ་དེ་ཙམ་གྱིས་གོས་ལ་བརྟེན་གྱི་ཚེགས་དང་བཱཅས་ཤིང་ལྷག་བྱར་ཆགས་པར་འགྱུར་བའི་གོས་དང་མལ་བསྟེན་པར་མི་བྱ་སྟེ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལུས ་ཇི་སྐད་དུ་གསུངས་པ། གཙུག་པུས་བཞོག་སྟེ་སྒྲ་ནི་བྲེགས་ནས་སུ།། འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར།། གོས་དཀར་དང་ནི་ཤིང་ལོ་འམ་གསོ་མ་འམ།། ཟར་མའི་ཤྲཱིང་ཤུན་རྣམས་ཀྱིས་གོས་བགྲོའོ།། ཞེསོ།། ་ཡང་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས།། སྔགས་ཟློས་ཁྱིམ་པ་མཁས་པ་ཡིས།། ཁ་དོག་བསྒྱུར་བའི་གོས་མི་བགྲོ།། ཞེས་གསུངས་ཏེ། འདི་དག་ནི་རྙེད་སླ་བར་བྱ་བ་དང་། སྒེག་པ་ཉིད་དགག་པར་བྱ་བའི་དོན་ཡིནོ།། ། ་རྗེསུ་མཐུན་པའི་སྤྱོད་ལམ་ནི་གསུམ་སྟེ། ལེགས་པར་གནས་པ་དང་། སྡུག་བསྔལ་གནོན་པོ་དང་འོ་ཁྱད་པར་དུ་འགྲོ་བའོ།། དེ་ལ་ལེགས་པར་གནས་བྱ་ནི་ཇི་ལྟ་བུའི་སྤྱོད་ལུམ་གྱིས་གནས་ཀྱང་དེས་སེམས་ལ་རྨ་མི་འབྱུང ་བ་སྟི། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ།། ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ ་ལས་ཀྱང་སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། ཞེས་བཤད་ལ། ཡང་དེ་ཉིད་ལས། བདག་ནི་རྙེད་དང་བཀུར་སྟི་དང་།། ལུས་དང་འཚེ་བྱ་མེད་བླ་ཞིང་།། དགེ་བ་གཞན་ཡང་ཉམ་སྱ་བྷཱ། ་ཡི། སེམས་ནི་ནམ་ཡང་ཉམས་མི་བྱ།། ཞེས་བསྟན་ཏེ། དེ་བས་ན་དུས་དང་གནས་སྐབས་ཐམས་ཅད་དུ་ཡང་སེམས་ལ་མི་གནོད་པའི་སྤྱོད་ལམ་སྤྱད་དོ།། དྲི་བས་ན་སློབ་དཔོན་ཌོཾ་བཻ་བིའི་ཞལ་སྔ་ནས། སློབ་སྦྱོང་སློབ ་ང་སྤྱད་པ་དང་།། བྲམ་ཟེ་ན་ཡང་གཙང་སྤུ་ཉིད།། རྟག་ཏུ་གཙང་སྤྱིའི་སྤྱོད་པ་བྱ།། སེམས་ལ་གནོད་པས་ཡིན་ནོ།། ཞེས་བཤང་ངོ་།། སྡུག་བསྔལ་གནོན་པ་ནི་ལམ་ཡིད་ལ་བྱེད་པས་གྲང་བ་དང་། རྨེ་བ་དང་། བཀྲོས་པ ་དྲང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་མྱ་ལུས་པས་མི་གཡོ་བྱར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཇི་སྐད་དུ་གསུངས་པ་དང་། ཉ་པ་གདྲོལ་པ་ཞོང་པ་ལ་སོགས་པ།། རང་གི་འཚོ་བ་ཅོམ ་ཞིག་སེམས་དཔའ་ཡང་།། གྲང་དང་ཚེ་ལ་སོགས་པའི་གནོད་བཟོད་ནོ།། འགྲོ་བོའི་དོན་ཕྱིར་དག་ལྟ་ཅི་སོ་མི་བཟོད།། ཅེས་སོ།། དེ་བཞིན་དུ་འཕྱགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། འདོད་ལ་མ་ཆགས་ལུས ་ཀྱིས་ཉོན་མོངས་བཟོད།། ཅེས་གསུངས་ལ། དེ་བཞིན་དུ་འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བཀའ་ལས་ཀྱང་ལུས་ནི་ཉོན་མོངས་སྤྱོད་པ་ལས།། དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར།། ཞེས ་གསུངས་སོ།། དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས་ཀྱང་། འདོད་ཆེན་སྡུག་བསྔལ་ཆེན་པོ་ཡིས།། རང་གི་སྡུག་བསྔལ་ཞི་བར་བྱ།། ཞེས་གསུངས་པས་སྡུག་བསྔལ་འབྲས་བུ་དང་བཅས་པ་རྣམས་ནི ་རབ་ཏུ་དགའ་བཞིན་དུ་བསྟེན་པར་བྱའི།། སེམས་ཀྱི་ངང་ཚུལ་སྦྱར་བ་ཉིད་དུ་མི་བྱའོ།། དེ་བས་ན་འཕགས་པ་དཔུང་བཟུངས་ཀྱིས་ཞུས་པ་ལས། ལྷ་ཡཾ་བདེ་བ་དང་ནི་འབྱོར་པ་དང་།། ཚེ་དང་སྟོབས་གཟུགས་ཕུན་སུམ ་ཚོགས་པ་དང་།། ཐོས་མང་དངས་བཟང་གཅིག་ཏུ་ཡིད་གསུངས་དང་།། དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱི་ས་འཐོབ།། ཅེས་གསུངས་སོ།། ཁྱད་པར་དུ་འགྲོ་བའི་སྤྱོད་ལམ་ནཱི་དྷྭེས་མཉམ་པར་མྱ་བཞག་པ་ན་ཤེས ་རང་ཀྱི་ཕ་རོལ་ཏུ་ཕྱིན་པ་བྷཀླགས་པ་དང་། སྱཱཙྪ་གདབ་པ་དང་། སྐོར་པ་བྱ་བ་ལ་སོགས་པ་བསོད་ནམས་ཀྱིས་ཚོགས་ལ་གུས་པ་ཉིད་དུ་བྱ་སྟེ། དེ་ལྟར་ཡང་འཕགས་པ་ཁྲོ་བོའི་རྒྱལ་པོ་གདོང་དྲུག་པའི་རྒྱུད་ལས ་གསུངས་པ། 2ར་སྡེ་ནས་འཅོམ་ལྡན་འདས་ཀྱི་ཡུན།། ཤེས་རབ་ཕ་རོལ་བྱོན་པ་བཀླག་ཅེས་གསུང་སོ།། འཕགས་པ་དཔུང་བཟད་ཀྱིས་ཞུས་པ་ལས་ཀྱང་།། གཙང་ཞིང་དབེན་པའི་ས་ཡོ་བྷོགས་ནི།། འཇིམ་པ་འམི་ནི ་བྱེ་མ་ལས་བྱས་པའི།། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན།། སྡིག་པ་སྦྱང་ཕྱིར་འབད་པས་གདབ་པར་བྱ།། ཞེས་གསུངས་སོ།། དེ་བཞིན་དུ་འཇིག་རྟེན་གསུམ་ལས་རྒྱལ་བའི་ཆོ་ག་ཞིབ་མོ་ལས་ཀྱང་།། ་མཁས་པས་མཆོད་རྟེན་ལས་བྱ་ཞིང་།། དེ་བཞིན་དམ་པའི་ཆོས་ཀྱང་བཀླག། དགེ་བ་ཅུང་ཟད་གཞན་དག་ཀྱང་།། ཅུང་ཟད་ཟིན་ནས་འདི་དག་ཀྱང་།། དངོས་གྲུབ་མཆོག་ནི་ཐོབ་འདོད་པས།། རྟག་ཏུ་སེམས་ཅན་རྣམས་ལ་བསྔོ། ་ཞེས་གསུངས་སོ།། དེ་བས་ན་ཇི་ཙམུ་དུ་སེམས་ལ་མི་གནོད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཡེང་བ་དང་བཅས་པ་རྣམས་སེམས་ཅན་ལ་ཕན་པར་འདོད་པས་རབ་ཏུ་གུས་པར་བྱས་ལ་བརྩམ་སྟེ་འདི་ནི་རྗེས ་མཐུན་པའི་སྤྱོད་པ་རྣམ་པ་གསུམ་མོ།། དེ་ལྟར་ཚོགས་ཐོབ་པ་དེས་སྤྱོད་ལམ་རྣམ་པ་བཞི་གང་བདེ་བར་གནས་ཏེ། མཚན་མ་དང་བཅས་པ་འམ། མཚན་མ་མེད་པའི་རྣལ་འབྱོར་ལ་སེམས་མཉམ་པར་བཞག་བྱར ་བྱའོ།། དེ་ལྟ་རོ་སེམས་མཉམ་པར་འཇོག་པ་དེས་ཉེས་པ་ལྔ་སྤངས་པོའི་ཕྱིར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པར་བྱ་སྟེ། དེ་ལ་ཉེས་པ་ལྔ་ནི་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། ལེ་ལོ ་དག་ནི་གདམས་ངག་རྣམས།། བརྗེད་དང་བྱིང་དང་རྒོད་པ་དང་།། འདུ་མི་བྱེད་དང་འདུ་བྱེད་དེ།། འདི་དག་ཉེས་པ་ལྔར་འདོད་དོ།། ཞེས་གསུངསོ།། དེ་དག་གི་གཉེན་པོ་སྡོང་བུའི་འདུ་བྱེད་བརྒྱད་ཀྱང་དེ་ཉིད་ལས་གསུངས ་ཏེ། གནས་དང་དེ་ལ་གནས་པ་དང་།། རྒྱུ་དང་འབྲས་བུ་ཉིད་དུའོ།། དམིགས་པ་རྗེད་པར་མ་གྱུར་དང་།། བྱིང་དང་རྒོད་པ་རྟོགས་པ་དང་།། དེ་སྤོང་མངོན་པར་འདུ་བྱེད་དང་།། ཞི་ཚེ་རྣལ་དུ་འཇུག་པའོ།། ཞེས་སོ།། དེ་ལྟར་ཡན ་ལག་ཡོངས་སུ་རྫོགས་པ་དེས་ཞི་གནས་དང་ལྷག་མཐོང་བསྒོམ་བྱར་བྱ་བ་ལས་འདིར་ཞི་གནས་ནི་གཉིས་ཏེ། ཁ་ནང་དུ་བལྟས་པས་ཐོབ་པ་དང་། ཁ་ཕྱིར་བལྟས་པ་ལ་དམིགས་པའོ།། དེ་ལྟ་ཁ་ནང་དུ་བལྟས ་བ་ལ་ཡང་གཉིས་ཏེ། ལུས་ལ་དམིགས་པ་དང་། ལུས་ལ་བརྟེན་པ་ལ་དམིགས་པའོ།། ལུས་ལ་དམིགས་པ་ལ་ཡང་གསུམ་སྟེ། ལུས་ཉིད་ལ་ལྷའི་རྣམ་པར་དམིགས་པ་དང་། ཀེང་རུས་ལ་སོགས་པ་མི་སྡུག་པར ་དམིགས་པ་དང་། ཁ་ཊྭཱཾ་ག་ལཱ་སོགས་པ་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ།། ལུས་ལ་བརྟེན་པ་ལ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང་། མཚན་མ་པ་མོ་ལ་དམིགས་པ་དང་། ཐིག་ལེ་ལ་དམིགས་པ་དང་། ་འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང་། དགའ་བ་དང་བདེ་བ་ལ་དམིགས་པའོ།། ཁཱ་ཕྱིར་ལྟས་པ་ལ་དམིགས་པ་ལ་ཡང་གཉིས་ཏེ། ཁྱད་པར་ཅན་དང་ཕལ་པའོ།། དེ་ལ་ཁྱད་པར་ཅན་ལ་ཡང་གཉིས་ཏེ། སྐུ་ལ་དམིགས་པ ་དང་། གསུང་ལ་དམིགས་པའོ།། འདི་དག་ནི་ཞི་གནས་ལ་འཇུག་པའི་ཡན་ལག་གོ།། ཇི་ལྟར་བསྒོམ་པ་ནི་འདིར་མི་བརྗོད་དེ། གཞུང་ཤིན་ཏུ་མང་པོར་འགྱུར་པས་འཇིགས་པའི་ཕྱིར་དང་། བླ་མ་དམ་པས་ཉམ་སུ་མྱོང་བའི ་མན་ངག་ལ་བརྟེན་པར་རིགས་ཀྱི། བསྒོམ་པར་བྱ་བའི་མན་ངག་ནི་ཡི་གེར་གནས་པས་ཤེས་པར་དཀའ་བའི་ཕྱིར་དང་། ཞིབ་ཏུ་ནི་ཞི་གནས་དང་ལྷག་མཐིང་བསྟན་པ་ལས་བཤད་པའི་ཕྱིར་རོ།། ཉི་གནས་ཀྱི་འབྲས་བུ་ནི ་ལྷག་མཐོང་ཡིན་ལ། ལྷག་མཐོང་གི་འབྲས་བུ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་ཏེ། དེ་ཡང་དངོས་པོ་གང་ཡང་མི་གནས་པས་དངོས་པོ་མེད་པ་བྱེ་བྲག་ཏུ་མཐོང་ལ། དེ་ཉིད་ཀྱི་ཚེ་སེམས་རྩེ་གཅིག་ཏུ་གྱུར་པ ་དམིགས་པ་དུ་མ་ལ་རབ་ཏུ་རྒྱུག་པ་རབ་ཏུ་ཞི་བར་གནས་པའི་ཕྱིར་རོ།། དེ་ལྟར་ཞི་གནས་དང་ལྷག་མཐོང་ཟུར་དུ་འབྲེལ་བའི་གནས་སྐབས་འདིར་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པ་དང་། ཡེ་ཤེས་ཉིད་ཚུལ་ཇི་ལྟར་གནས་པ ་དང་། རྣལ་འབྱོར་སྤྱོད་པ་པའི་ཞི་གནས་དང་ལྷག་མཐོང་། བདགོ་ཅག་དབུ་མ་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལ་ཁྱད་པར་ཅི་ཡོད་པ་དག་ལ་བདག་གི་བློ་རབ་ཏུ་འཕྲོ་བར་བཟོད་མོད་ཀྱི། འདིར་ཉས་སུ་བླང་བའི ་ཐབས་ཙམ་གསྔལ་བར་བྱེད་པར་འདོད་ཀྱི།། གྲུབ་པའི་མཐའ་གཏན་ལ་འབེབས་པར་འདོད་པ་ནི་མ་ཡིན་པ་དང་། འཕགས་པ་ནཱ་གཱརྫུ་ན་ལྔ་སོགས་པས་གསལ་བར་མཛད་པ་ལས་ཅུང་ཟད་ཀྱང་སྨྲར་མེད་པའི་ཕྱིར་གྱི་ཆེར ་མ་སྤྲོས་སོ།། ང་ནི་གཞན་འདི་བརྗོད་པར་བྱ་སྟེ། ཅི་མཚན་མུ་དང་བཅས་པའི་ཞི་གནས་མདུན་དུ་མ་བྱས་པར་ལྷག་མཐོང་སྐྱེ་བ་རུང་བ་ཡིན་ནམ་ཞེ་ན། དེ་ནི་རུང་བ་ཉིད་དེ། མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི ་ཤེས་རབ་ཉིད་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་ལྟར་སོང་འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། ཤིང་གཉིས་དྲང་བ་ལས་ནི་མེ་འབྱུང་སྟེ། ཐུང་བ་དེ་ཡིས་དེ་ཉིད་སྲེག་པ ་ལྟར། དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་།། སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད།། ཅེས་གསུངསོ།། སོ་སོར་རྟོག་པའི་ཤེས་རབ་ནི་ཞི་གནས་མ་ཡིན་ཏེ། རྣམ་པ་དུ་མས་དམིགསོ་ཞེ་ན། དེ་ལྟ་ན ་ནི་ཞི་གནས་ཀྱང་ཞི་གནས་མ་ཡིན་ཏེ། སྐད་ཅིག་མ་དུ་མོ་དང་ཆ་ཤེས་དུ་མོ་ལ་དམིགས་པའི་ཕྱིར་རོ།། གཞན་ཡང་ཞི་གནས་ལས་ལྷག་མཐོང་ལ་འཇུག་པ་ན་ཡང་ཇི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མཚམས་སྦྱོར ་པར་མི་བྱེད།། དེ་མི་བྱེད་པ་ནི་འགའ་ཞིག་ཏུ་ཟད་དོ།། དེ་ལ་འདིའི་རིམ་པ་ཡང་ལུས་ཁོ་ན་ལ་བརྟོགས་པས་འགྲུབ་པ་སྟེ། འཕགས་པ་ནཱ་གཱརྫྫ་ནའི་ཞལ་སྔ་ནས་འཇིག་རྟེན་རྣམ་པར་རྟོག་ལས་བྱུང་།། རྣམ་པར་རྟོག་པ ་སེམས་ལས་བྱུང་།། སེམས་ཀྱང་ལུས་ལས་བྱུང་བས་ན།། དེ་ཕྱིར་ལུས་ལ་དཔྱད་པར་བྱ།། ཞེས་བཤད་ལ། འཕགས་པ་ནཱ་གཱརྫྫ་ནིའི་ཞལ་སྔ་ནས་ཀྱང་བཤད་པ། ལུས་མེད་རྣམ་པར་ཤེས་པ་ནི།། མེད་ཅེས་བྱ་བར ་རྟོགས་པར་གྱིས།། ཞེས་བཤད་ཅིང་། མདོ་ལས་ཀྱང་། རྣམ་པོར་ཤེས་པ་ནི་ལུས་ལྔས་མི་འདའོ།། ཞེས་གསུངས་སོ།། དེ་བས་ནི་ཆོས་ཐམས་ཅད་སེམས་ལ་བསྡུ་བ་དང་། སེམས་ལུས་ལ་བསྡུ་བ་དང་། ལུས་ཆོས ་ཀྱི་དབྱིངསུ་ཉེ་བར་རྣལ་འབྱོར་དུ་བྱ་བ་འདི་ནི་མན་ངག་གོ།། ཡང་ན་ལུས་དང་ངག་དང་སེམས་ཐ་དད་པ་ལ་དམིགས་པར་བྱ་སྟེ། འདིའི་མན་ངག་ནི་སངས་རྒྱས་རྗེ་སུ་དྲན་པ་ལས་ཤེས་པར་བྱའོ།། དེ་བས་ན་མཚན ་མ་དང་བཅས་པའི་ཞི་གནས་ལ་བརྟེན་པ་བས་ནི་མཚན་མ་མེད་པའི་ཞི་གནས་ལ་དམིགས་ནས་ལྷག་མཐོང་བསྐྱེད་པའི་ཕྱོགས་འདི་བསྔགས་ཏེ། དེའི་གནས་པ་བརྟན་པ་དང་། ཞི་གནས་འབའ་ཞིག་གི་ཉོན་མོངས་པ་རབ ་ཏུ་གནོན་ཅིང་སེལ་བ་དང་། འབྲས་བུ་དང་རྗེས་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ།། འདིར་ནི་བདག་གིས་བླ་མའི་མན་ངག་ལོས་བྱུང་འདི་བྲིས་པས།། ཉེ་བར་འཕེལ་བའི་དགེ་བའི་ཟླ་ཟེར་དྲི་མ་མེད་པ་དེས།། འགྲོ་བའི་མི་ཤེས ་རབ་རིབ་མུན་བསལ་གདུང་བ་ཞི་བྱ་སྟེ། ཤིས་རབ་མིག་གིས་དེ་བཞིནོ་ཉིད་ཡུལྔ་རབ་གསལ་ཐེབ་བྱར་ཤོག། བདག་ཀྱང་རྣམ་པར་གཡེང་སོགས་རླུང་སོགས་རབ་གི་མུལ་བསིལ་ནས།། མྱུར་དུ་ཐུབ་དབང་རྣམས ་དང་སྤྱོད་ཡུལ་གཅིག་ལ་བཱལྟ་བྱོར་ཤོག། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སློབ་པོན་བྱང་ཆུབ་བཟང་པོས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བོ་ནཱ་ཡ་ཙནྡྲ་ལུས ་ཤུསྟྲ་ཏི། བྱེད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་བུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གླར་སྐད་དུ། སམྦྷ་དྷི་སཾ་བྷ་ར་པ་རི་བརྟྟ་ནཱ་མ། བོད་སྐད་དུ། ཏིང ་