CLOSE WINDOW

GT3438: dge 'dun rjes su dran pa
Wyliee-texts produced with BDRC’s OCR application

དུས་ཆང་བུ་མེད་པ། ཉེ་བར་གཏོང་བ། འདི་མཐོང་བ་ལ་དོན་ཡོངད་པ། མཁས་པ་རྣམས་ཀྱི་རིག་པར་བྱ་བ། ཆོས་འདུལ་བ་ལ་ལེགས་པར་བསྟན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་ཡོད་པ། རྒྱུ་བ་བཅད་པའོ།། ཆོས་རྗེས་སུ་དྲན་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། སད་གྷཱ་ཨ་ནརྀ་སྨྲྀ་ཏི། བོད་སྐད་དུ། དགེ་འདུན ་རྗེས་སུ་དྲན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས། པ། ་ཐལ་མོ་སྦྱར་བའི་འོས་སུ་གྱུརྱཱ་པ། ཕྱག་བྱ་བའི་འོས་སུ་གྱུར་པ།། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཏན་ཡོངས་སུ་བྱུང་བ་ཆེན་པོ།། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྨྱོན་པའི་གན་སུ་གྱུར་པའོ།། དགེ ་འདུན་རྗེ་སུ་དྲན་པ་རྫོགས་སོ།། ། འདོད་པའི་ཡོན་ཏན་རྣམ་པ་ལྔའི་ཉེས་དམིགས་བཤད་པ། འཇམ་དཔོལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། རཱི་དགསྟྲ་གླང་པོ་བྱེ་མ་ལ ་དང་1།། སྦྲང་མ་ལྔ་པོ་དེ་ཡང་ལྔ་ཡིས་བཅོམ་འགྱུར་ཏེ།། གཅིག་གོས་བཅོམ་ན་གང་ཞིག་ལྔ་རྣམས་ནི།། རྟག་ཏུ་བརྟེན་པ་ཅི་ཕྱིར་བཅོམ་མི་འགྱུར།། རྩ་ཡི་མྱུ་གུ་གཙང་མ་ཟ།། ཤིན་ཏུ་རིང་དུ་འགྲོ་ནོས་པ།། ་དྭགས་རྟོན་པའི་གླུ་དབྱངས་ཀྱིས།། ངེས་པར་གསོད་པ་ཚོལ་བར་འགྱུར།། ས་སུངས་དང་ནི་རབ་འགྲན་ཅིང་།། རི་ཡི་རྒྱལ་པོ་རྒྱུན་ཤེས་འདྲའོ།། པན་ལང་མོ་ཡི་ཉོ་རིག་གིས།། ངེས་པར་གླང་པོ་བསང་སར་སྟོང་།། འབར་བ ་ཆེན་པོའི་ཚོགས་དག་གིས།། མེ་ཆེན་དག་ནི་མཐོང་ནས་ཀྱང་།། གཟུགས་ལ་ཆགས་པ་ཆེན་པོ་ཡིས།། ཕྱེ་ལྟེབ་མྱེ་ལ་འཇུག་པར་འགྱུར།། བཀག་པ་མེད་པའི་ལམ་འགྲོ་ཞིང་།། རྟག་ཏུ་རྣམ་པར་རྒྱུ་བ་ཡི།། རོ་མྱང་བ ་ལ་ཆགས་པ་ཡིས།། ཉ་ནི་ལྕགས་ཀྱུས་པརླག་པར་བྱེད།། རྟག་ཏུ་ན་མཁའ་ལ་རྒྱུ་ཞིང་།། གཟུགས་ནི་ཤིན་ཏུ་ཡིད་འོང་བའི།། བུང་བ་དྲི་ཡི་ཉེས་པ་ཡིས།། ངེས་པར་འཆི་བར་འགྱུར་བ་ཡིན།། རི་དགས་ཉིད་ནི་སྒྲ་ཙམ་གྱིས ་རེག་པས་གླང་པོ་བརླག་བཱར་འགྱུར།། གཟུགས་ཉིད་ཀྱིས་ནཱི་ཕྱེ་ལེབྱ་སྟེ།། རོ་ཡིས་ཉ་ནི་རྣམ་པར་བརླག། བུང་བ་དྲི་ལ་རྨུགས་པ་སྟེ།། འདི་དག་རྒྱུ་ནི་རེ་རཱི་ཡིས།། སྐྱེས་བུ་དག་ནི་གཅིག་ལ་ཡང་།། ལྔ་པོ་འདི་དག་རྟག ་ལྡང་ཞིང་།། ཉིན་མཚན་དུ་ནི་རབ་འཇོམས་ན།། བདེ་གནས་ཇི་ལྟར་ཐོབ་པར་འགྱུར།། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་སློབ་དཔོན་དབྱིག་ཉེན་གྱིས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། འཕགས་པ་རྟོགས་པ་ཆེན་པོ ་