| Wylie | e-texts produced with BDRC’s OCR application |
དྲན་མམལ་པམ།། སྤྱོད་པ་དྲི་མེང་སུས་ཡི་བེན།། ཆེན་པོ་མཆོག་གི་སྨན་འང་ལ། ཁོ་ག་གཞན་ཀུན་གྱིས་ནན་ཏན་མཛད།། །། མྱི་གང་ཉིད་དུ། ཨེ་མུད་། ་བོད་སྐད་དུ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པོ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ ་ལྡན་འདས་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་ངག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུང་མི་ཟ་བོ། བཟོང་པོས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲོས་པ། ་མཚན་གྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེང་པ། དད་པས་མོས་པ་རྣམས་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་རྫི་བ་མེད་པ། སེམས་ཅན་ཐམས ་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡ་བ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།། མྱ་ངནི་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས ་མི་ཁྱབ་པ། གསུང་རྣམ་པར་དག་པ། གསུང་གདངས་སྙན་པ། སྐུ་བྱང་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང ་མུ་འདྲེས་པ། ཕུང་པོ་དག་ལུས་རབ་ཏུ་རྣམ་པར་གྲོལ་བ།། ཁྱམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་གཙང་བ། ཡོངསུ་གདུང་བ་ངག་ལས་རྣམ་པར་གྲོལ་བ། སྲེད་པ་ལས ་ཡོངས་སུ་གྲོལ་བ། ཆུ་བོ་ལསྣ་བརྒལ་བ། ཡེ་ཤེས་ཡོངསུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི ་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་བྱའི་ས་ལ་བཞུགས་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པ་རྣམས་སོ།། འཕགས ་པ་སངས་རྒྱས་རྗེསུ་དྲན་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་