CLOSE WINDOW

GT3431: yan lag bdun pa'i cho ga tshigs bcad nyi shu pa
Wyliee-texts produced with BDRC’s OCR application

ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡན་ལག་བདུན་པའི་ཆོ་ག་ཚེ་གསུ་བཅད་པ ་ཉི་ཤུ་པ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།། དེ་ཕྱིར་སྐུ་གཟུགས་མཆོད་རྟེན་གྱི།། སྤྱན་སྔ་འམ་ཡང་ན་གཞན་དུའང་རུང་།། ཚིགསུ་བཅད་པ་ཉི་ཤུ་འདི།། ཉིན་རེ་ཞིང་ནི་དུས་གསུམ་བརྗོད།། སངས་རྒྱས་དམ ་ཆོས་དགེ་འདུན་དང་།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་།། རྣམ་ཀུན་བཏུད་དེ་སྐྱབས་མཆིས་ནས།། མཆོད་འོས་རྣམས་ལ་ཕྱག་འཚལོ།། སྡིག་པ་ལས་ནི་ལྡོག་བགྱིད་ཅིང་།། བསོད་ནམས་ཐམས་ཅད་ཡོངས ་སུ་བཟུང་།། ལུས་ཅན་ཀུན་གྱི་དེ་སོང་ནམས་དག། ཀུན་ལྷ་རྗེས་སུ་ཡི་རང་ངོ་།། བདོག་གི་སྤྱིས་བཏུད་ཐུལ་སྦྱར་ཏེ།། ཆོས་ཀྱི་འཁོར་ལོ་བསྐོར་སྙེད་དང་།། འགྲོ་གནས་བར་དུ་བཞུགས་སླད་དུ།། རྫོགས་པའི ་སངས་རྒྱས་རྣམས་ལ་གསོལ།། དེ་ལྟར་བགྱིས་པའི་བསོད་ནམས་དང་།། བདག་གིས་བགྱིས་དང་མ་བགྱིས་གང་།། དེ་ནི་སེམས་ཅན་ཐམས་ཅད་ཀྱང་།། བླ་མེད་བྱང་ཆུབ་སེམས་ལྡན་ཤོག། སེམས་ཅན་ཐམས ་ཅད་དྲི་མོད་དབང་།། ཡོངས་རྫོགས་མོ་ཁོམ་ཀུན་འདས་ཤིང་།། སྤྱོད་པ་རང་དབང་ཡོད་པ་དང་།། འཚོ་བ་བཟང་དང་ལྡན་པར་ཤོག། ལུས་ཅན་ངག་ནི་ཐམས་ཅད་ཀྱང་།། ལོག་ན་རིན་ཆེན་ཉིད་ལྡན་ཞིང་།། ཡོ་བྱད་ཐམས ་ཅང་མཐའ་ཡས་པ།། འཁོར་བ་སྲིད་དུ་མི་ཟད་ཤློག། བུད་མེད་ཐམས་ཅད་དུས་ཀུན་ཏུ།། སྐྱེས་མཆོག་ཉིད་དུ་འགྱུར་བར་ཤློག། ལུས་ཅན་ཐམས་ཅད་རིག་པ་དང་།། རྐང་པར་ལྡན་པ་ཉིད་དུ་ཤོག། ལུས་ཅན ་ཁ་དོག་བཟང་བ་དང་།། གཟུགས་བཟེང་གཟི་བརྗིད་ཆེ་བ་དང་།། བལྟ་ན་སྡུག་ཅིང་ནད་མེད་དང་།། སྟོབས་ཅན་ཚེ་དང་ལྡན་པར་ཤོག། ཐམས་ཅད་ཐབས་ལ་མཁས་གྱུར་ཏེ།། སྡུག་བསྔལ་ཀུན་ལས་ཐར་པ་དང་། ་དཀོན་མཆོག་གསུམ་ལ་གཞོལ་བ་དང་།། སངས་རྒྱས་ཆོས་ནོར་ཆེ་ལྡན་ཤོག། བྱམས་དང་སྙིང་རྗེ་དགའ་བ་དང་།། ཉོན་མོངས་བཏང་སྙོམས་གནས་པ་དང་།། སྦྱིན་ངང་ཚུལ་ཁྲིམས་བཟོད། ་བརྩོན་འགྲུས།། བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང་།། ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ།། མཚན་དང་དཔེ་བྱད་གསལ་བ་དང་།། བསམ་གྱིས་མི་ཁྱབ་ས་བཅུ་དྲུག། རྒྱུན་མི་འཆད་པར་བགྲོད་པར་ཤོག། ་བདག་ཀྱང་ཡོན་ཏན་དེ་དག་དང་།། གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ།། ཉེས་པ་ཀུན་ལས་གྲོལ་བ་དང་།། སེམས་ཅན་ཀུན་མཆོག་བྱམས་པ་དང་།། སེམས་ཅན་ཀུན་ཡིད་རེ་བ་ཡི།། བསམ་པ་ཐམས་ཅད་རྫོགས ་བགྱིད་ཅིང་།། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི།། སྡུག་བསྔལ་སེལ་བར་དུ་གྱིད་པར་ཤོག། འཇིག་རྟེན་ཀུན་ན་སྐྱེ་བོ་གང་།། སུ་དག་འཛེགས་པས་སྐྱེ་བོ་དེ།། བདག་གི་མིང་ཙམ་ཐོས་པས་ཀྱང་།། ཤིན་ཏུ་འཇིག་སྐྱེ་པ ་མྱེད་པར་ཤོག། བདག་ནི་མཐོང་དང་དྲན་པ་དང་།། མོང་ཙམ་ཐོས་པས་སྐྱེ་བོ་རྣམས།། རབ་དང་འཁྲུག་མང་རྡུལ་མ་དང་།། རྫོགས་པའི་བྱང་ཆུབ་ངེས་པ་དང་། ཚེ་རབས་ཀུན་ཏུ་རྗེས་འབྲང་བའོ།། མངོན་ཤེས་ལྔ་པོ ་ཐོབ་པར་ཤོག། སེམས་ཅན་ཀུན་ལ་རྣམ་ཀུན་ཏུ།། རྟག་ཏུ་ཕན་བདེ་བགྱོད་པར་ཤོག། འཇིག་རྟེན་ཀུན་ལ་སྐྱེ་བོ་གང་།། སྡིག་པ་བྱེད་པོར་འདོད་གྱུར་པ།། དེ་དག་ཐམས་ཅད་གནོད་མེད་པར།། རྟག་ཏུ་ཅིག་ཅར་ཟློག་གྱུར ་ཅིག། ས་དང་ཆུ་དང་མེ་དང་རླུང་།། སྨན་དང་དགོར་པའི་ཤིང་བའིན་དང་།། རྟག་ཏུ་སེམས་རྒྱུན་ཐམས་ཅད་ཀྱིས།། རང་དགར་དཔག་མེད་སྤྱོད་པར་ཤོག། སེམས་ཅན་རྣམས་ལ་སྲོག་བཞིན་ཕངས།། དེ་དག་ལ་བདག ་ཆེས་ཕངས་ཤོག། བདག་ལཱྀ་དེ་དག་སྡིག་སྨིན་ཅིང་།། བདགེ་དག་མ་ལུས་དེར་སྨིན་ཤོག། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་།། གོང་དུ་མ་གྲོལ་དེ་སྲིད་དུ།། དེ་ཕྱིར་བླ་ན་མེང་པ་ཡི།། བྱང་ཆུབ་ཐོབ་ཀྱང་གནས ་གྱུར་ཅིག། དེ་སྐད་བརྗོད་པའི་བསོད་ནམས་གང་།། གལ་ཏེ་དེ་ནི་གཟུགས་ཅན་གྱུར།། གང་གཱའི་བྱེ་མ་སྙེད་ཀྱི་ནི།། འཇིག་རྟེན་ཁམས་སུ་འང་ཤོང་མི་འགྱུར།། དོ་ན་བཅོམ་ལྡན་འདས་ཀྱིས་གསུངས།། གཏན ་ཚིགས་ཀྱང་ནི་འདི་ལ་སྣང་།། སེམས་ཅན་ཁམས་ནི་ཚད་མེད་པ།། ཕན་འདོད་དེ་ནི་ངོ་འདྲའོ།། ཡན་ལོག་བདུན་པའི་ཆོ་ག་ཚིགསུ་བཅད་པ་ཉི་ཤུ་པ་རིན་པོ་ཆེའི་ཕྲེང་བ་ལས་འབྱུང་བ།། སློབ་དཔོན་ཆེན་པོ་འཕགས་བཀྲུ ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། སཏྐཱ་ར་དྷཱ་ནྱ་གཱ་ཐཱ། བོད་སྐད་དུ། སེམས་ཅན་མགུ་བར་བྱ་བའི་ཚིགས ་