CLOSE WINDOW

GT3429: rtsod pa'i dus kyis gtam
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་བུད་དྷ་བྷ་དྲཱ་དང་། ཞུབ་ཆེན་གྱི་ལོ་དྷཱུ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཀཱ་ལ~ཾ་ཡུཀྵ་པ ་ཀ་ཐཱ། བོད་སྐད་དུ། རྩོད་པའི་དུས་ཀྱིས་གཏམ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཚུལ་ཁྲིམས་ལས་ཉམས་ཐོས་པའི་ནོར་བྲལ་འདོད་པས་འདི་ཉིད་ཅུང་ཟད་མཆོད་པར་བྱེད།། ཉེས་མང ་ཁྲིམས་ལྡན་ཡོན་ཏན་རོ་ལ་རྒྱབ་ཕྱོགས་ཞེ་སྡང་ཅུང་ཟད་ཉེས་པ་རྒོད།། རབ་བྱུང་རྣམས་ལ་ཁྱིམ་པས་ལས་བསྒོ་དེ་ནས་རབ་བྱུང་ངེས་ཀྱང་ཁྱིམ་པ་མགུ་བྱར་བྱེད།། ཅི་སྤྱད་འདིར་ནི་འགྲོ་བའི་ཁྱིམ་དུ་མ་ལུས་དུས་ཀྱི་སྙིགས ་མར་ཞུགས་པ་ཡིན།། ད་ལྟརརོ་ལེགས་པར་སྤྱོད་པའི་སྐྱེ་བོ་ངོ་ཚར་སྡིག་པ་ཅན་བསྔགས་དགའ་བར་འགྱུར།། སློབ་དབེན་ནོར་རྣམས་མཆོག་ཏུ་སེམས་པས་འཇོམས་ཕྱིར་སློབ་མ་རྣམས་ནི་ཞུམ་པར་གནས།། འདི་ནི་བྱིས་པ་ཉེ ་དུའི་འཁྲུལ་འཁོར་གྱིས་བཅིངས་པ་ནི་སུནི་འབྱིན་བྱུང་བ་བཞིན།། ད་ལྟར་རྩོད་པའི་དུས་ན་འཇིག་རྟེན་རྣམས་ལ་གཡོ་སྒྱུ་མཚན་དྲག་སྟོབས་དང་ལྡན།། བཅུད་རྣམས་སས་འཐུངས་དངོས་རྣམས་སྟོབས་ཆུང་ལྷ་རྣམས་ཆར་ནི ་འབེབས་མི་བྱེད།། རླུང་རྣམས་རབ་ཏུ་དྲག་ལྡང་ལོ་ཏོག་རྣམས་ནི་མཱི་སྨིན་སྐྱེ་མི་འགྱུར།། སྐྱེས་ལ་སེར་བབ་ས་རྣམས་རྩོད་པ་ཡི།། དུས་ཀྱི་དབང་སྐྱེར་འབྲས་བུ་མེད།། དངོས་རྣམས་མཐུ་མེད་དགོས་པ་སྒྲུབ་རྣམས་ཉམས་པ ་ཐོབ་ལ་རྟག། འགྲོ་ལྀ་ནང་འཕེལ་ས་ནི་དེ་དང་དེ་དག་སྐྱེ་བོ་རྣམས་ཀྱིས་སྟོང་།། ལྗོན་པའི་ནོགས་ཚུལ་སྐམས་པས་ཡལ་གའི་ལག་པ་གྱེན་དུརྩི་འགྲང་བྱེད་དེ།། རྩོད་པའི་དུས་ཀྱིས་བཅོམ་བྱས་བཟང་པོའི་དུས་ནུབ་རི་བོ་ཆོངས ་འདེབས།། ཡུལ་བཟང་ཆགས་པ་རྣམས་སྤངས་ས་རྣམས་སུ་ནི་དུས་བཟང་ཡོངས་སུ་ཟད་།། ཡོན་ཏན་མཁས་ལ་མི་བཀུར་ནོར་ལྡན་རྣམས་ནི་མཆོད་བྱ་མིན་པར་མཆོད།། སྐྱེ་རྨོངས་མཆོང་བྱེད་གཤིན་རྗེས་འཇིག་རྟེན ་སྡུག་བསྔལ་དེས་ཁྱོད་གང་གིས་ཟློག། ཚུལ་ཁྲིམས་འཆལ་པ་སྟོབས་ལྡན་ཚུལ་ཁྱམས་ལྡན་པ་སྔགས་ཤིང་ཚར་བསྤྱོད་བྱེད།། སྡིག་ལ་དགའ་བ་སྟོབས་ལྡན་གཡོ་ཅན་རྣམས་ཀྱིས་དམ ་ཆོས་སྒྲུབ་པར་འགྱུར།། གང་ཕོག་སྙིམ་པ་ལ་གནས་བསྟན་པའི་མཆོག་ལ་འཇུག་པར་བྱེད་པ་ཉུང་།། ཐེ་ཚོམ་ཡོད་མིན་དྲང་སྲོང་བསྟན་པ་རིང་པོ་མི་ཐོ་གོས་ནུབ་པར་འགྱུར།། གཡུལ་འགྱང་རྩོད་པ་དུ་མས་གོས་ལྟར་སྱ ་གཡོགས་ལོ་ཏོག་སྐྱེས་ལ་འདོད་མྱི་འབྱུང་།། རླུང་རྣམས་མི་བཟང་ལྡང་ཞིང་དེ་བཞིན་སྐྱེས་པོ་དམ་པ་ཡང་དག་མཆོད་མི་བྱེད།། རྒྱལ་པོ་དགྲ་དང་རྐུན་མའི་འཇིགས་པས་མི་དག་བག་ཕེབས་ནོར་རྣམས་ལོངས་མི་སྤྱོད།། ་ད་ལྟར་སྐྱེ་བོ་སྡུག་བསྔལ་བཅས་འཚེ་འགྲོ་བ་རྣམས་ལ་འཇིགས་པ་འབྱུང་།། གང་ཞིག་དུས་སུ་ཆར་མེད་གང་དུ་ལམ་ཐུགསོ་སེར་བ་མི་ནཐུན་དུ་མ་འབུབ།། གང་ཞིག་པ་རྣམས་འོ་མ་མི་འབྱུང་དུས་རྣམས་འཁྲུགསོ ་ཤིང་སོ་ལས་མི་འབྲུ་མི་སྐྱེ།། སྨན་རྣམས་གང་ཡིན་རུས་མེད་དེ་བཞིན་ཁྱད་པར་རྣམས་ནི་རབ་ཏུ་ཉམས།། ཡོད་ནི་ངེས་བཅོམ་ཆོས་མིན་རྩོད་པས་དངོས་པོ་འདི་ཀུན་ཉེས་དང་བཅས།། རྩོད་པའི་དུས་འདིར་ཆོས་སྤངས ་མི་བཟད་པ་ལ་ཡང་དག་ཞུགས་པས་ན།། གང་དུ་དབང་པོས་ཆར་པབ་ལྗོན་ཤིང་ཡལ་ག་དག་ལས་མེ་ཏོག་འབྲས་བུ་ཆུང་ཟད་སྣང་།། ས་གཞི་བརླན་པ་དང་བཅས་ས་རྣམས་གང་ཡིན་པ་ལས་མེ་ཏིག་སྤྲིན་གྱུར་ཏོ།། ་དེ་ཀུན་ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་སྡོམ་ལྡན་ཆོས་དང་ལྡན་པའི་མཐུ།། དུས་རྣམས་འཁྲུལ་ཅིང་ས་ལ་བཅུད་རྣམས་ནུབ་འགྱུར་ཉི་ཟླ་ལོག་པར་རྒྱུ།། ཆུང་མ་ཁྱོད་ལ་བཙུགས་པས་འབྲེལ་པའི་སེམས་མྱེད ་དམན་པ་རྣམས་ནི་མཐོན་པོར་འགྱུར།། རྒྱལ་པོ་ཆོས་སྤངས་ནོར་རྣམས་མཆོག་ཏུ་དོན་གཉེར་བུ་རྣམས་པ་ལ་སྡང་།། ཀྱི་ཧུད་སྡུག་བསྔལ་རྩོད་པའི་དུས་ནི་ཉེར་གནས་བསོད་ནམས་གཉེར་བ་ནགསུ་སོང་།། ཆོས ་དང་རབ་བྱུང་དཀའ་ཐུབ་རྣམས་འབྲོས་བདེ་བ་རྣམས་ནི་རིང་དུ་སོང་བར་འགྱུར།། ས་རྣམས་འབྲས་བུ་ཉུང་ཞིང་རྒྱལ་པོ་འཁྲུག་བྱེད་མེ་ཚོན་གྱིས་རྒྱལ་བྱེད་རྣམ་པར་གནོན།། འཇིག་རྟེན་བུད་མེད་ལ་དད་བུད་མེད་ཀྱང་གཡེམ ་བྲམ་ཟེ་རྣམས་ནི་འདོད་ཆེན་བཅས།། ལགས་པ་རྣམས་ནུབ་སྐྱེ་ངན་སྟོབས་ལྡན་དུ་མ་རྩོད་པའི་དུས་སུ་བཟང་པོ་ཡི།། དུས་སོང་བདེ་བ་རྣམས་འདས་དུས་དེར་སྦྱོང་བའི་སྐྱེས་བུ་རྣམས་ཀྱང་འདས།། འདིར་ཡང་དུས ་མཐའ་དེ་རྣམས་མུན་བཅས་ཕུག་བཞིན་ཤེསྔ་མ་ཡིན།། ལོགས་སྤྱང་བརྒྱ་ཕྲག་དྲི་ཡིས་བསྒོས་པ་ཡིས།། སྐལ་ལྡན་ནུབ་ཅིང་དུས་ནི་འདས་པར་གྱུར།། པད་གཞོན་རྩ་བའི་སྐུད་བ་བཞིན།། དཀར་པོའི་ཆོས་རྣམས་ཕྲ ་བར་འགྱུར།། བློ་ལྡན་སྐྱེས་བུ་གཏམ་མཁས་དྲི་མས་རྒོད།། འགྲོ་བ་འདི་དག་དགའ་མེད་སྟོན་ཟིན་བཞིན།། བདག་ཉིད་ཆེན་པོ་འདི་ནི་ཡང་དག་འགགས།། གང་ན་ཡོན་ཏན་རྣམས་ཀྱི་སྟོབས་ཕྲ་ལ།། ཡོན་ཏན་ལ་འདུད ་འབྲད་པས་གཅོད་བྱེད་ཅིང་།། སྐྱེ་བློ་སྒྲུབ་ལ་བརྩོན་འཚོ་བར་བྱེད།། ཅོད་པའི་དུས་ཀྱི་གངམ་སློབ་དཔོན་མ་ཏྲི་ཙི་རྫས་མཛད་པ་རྫོགས་སོ།། ་རྒྱ་གུར་གྱི་མཁན་པོ་ཨ་ཛྲཱྀཾ་ཏྲ་ཤྲཱི་བྷཱུ་ང?་དང་། ཤུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བྱི་བ་ཀ་ཀཥྚ། བོད་སྐད་དུ། དབེན ་