CLOSE WINDOW

GT3427: legs par bshad pa rin po che za ma tog lta bu'i gtam
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་ཤྲེ་ཨ་ཛྲེ་ཏྲ་བྷཱ་དྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། སུ་བྷཱུ་ལཱི་ཏ་རུཏྣ་ཀ་རེཎྜ་ཀ་ཀ་ཐཱ། བོད་སྐད་དུ། ་ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པའི་ལྔ་ཕྱག་འཚལོ།། གང་གིས་གླང་ཆེན་མཆོག་འདྲའི་སེམས་ནི་ལྕགས་ཀྱུས་མ་ཡིན་ཡེ་ཤེས་ལྕགས་ཀྱུས་བཏབ།། འདོད ་ཆགས་མུན་པའི་སྐྲག་ཚོགས་མེ་ཡི་མ་ཡིན་ཡེ་ཤེས་མེ་ཡིས་མ་ལུས་བསྡིགས།། བདུད་ཀྱི་སྟོབས་རྣམས་མཚོན་ཆས་མ་ཡིན་བློ་གྲོས་རབ་ཞི་བཟོད་པའི་མཚོན་གྱིས་བཟློག། གུས་ལ་བསྒོམ་པ་ཞི་མཛད་སྤངས ་རྒྱས་མཁྱེན་པ་རབ་རྒྱས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ།། དཀའ་བ་བརྒྱ་ཡིས་རྙེད་པ་ཡི།། མི་རྣམས་ཐོབ་པའི་ཁོམ་བགོན།། ཟློགས་པ་མེད་པའི་འཆི་བདག་ནི།། རྟག་ཏུ་མདུན་ན་གནས་པས་ན།། གང་གིས་དུལ་སྦྱིན་ཡང ་དངག་སྡོམ།། རྒྱགས་ཚགས་མང་པོ་མ་བསྡོགས་པ།། མི་བཟད་འཁོར་བའི་མྱ་ངམ་དུ།། འགྲོ་བ་དེ་དག་སྡུག་བསྔལ་ཐོབ།། མི་རྣམས་ཐོབ་པ་རྙེད་དཀའ་བ།། བར་སྣང་གློག་འགྱུ་ལྟ་བུ་ཡིན།། སྲིང་བཟང་བྱེད་མཁས་པ་ཡིས།། སྲིད་པ ་རྣམས་སུ་ཕན་པ་བྱེད།། ཡང་དག་མི་ཉིད་ཐོབ་པ་ནཱི།། གློག་དང་དབའ་རླབས་མི་བརྟན་པས།། ཡིད་བཞིན་ནོར་བུ་ལྟ་བུ་ཡི།། བསོད་ནམས་རྗེ་སུ་སྐྱེས་བུས་བསྟེན།། དེ་ལྟར་མི་རྣམས་ཐོབ་པ་ལྟར།། གང་གི་མཐུ་ཡིས་ཕྱིས་ཀྱང་འཐོབ། ་བསོད་ནམས་མཆོག་ནི་གང་ཡིན་པ།། དེ་ནི་བདེ་བའི་རྒྱུ་ཡིན་ཏེ།། གཟུགས་དང་གཏོང་བ་རིགས་མཐོ་སོགས།། ཡོན་ཏན་སྣ་ཚོགས་ལྡན་པར་འགྱུར།། བསོད་ནམས་དེ་ཉིད་མཛའ་བོ་གཅིག། འཁོར་པ་ཀུན་ཏུ་འགྲོ་བོའི་གཉེན།། ་དེ་ལྟར་འདིས་ནི་བསོད་ནས་ཀྱིས།། ཕྱི་ཕྱིར་ཡོན་ཏན་ཕུན་སུམ་ཚོགས།། གང་ཚེ་དཔལ་གནས་ཐོབ་བསྟེན་པས།། དེ་བསྡིགས་འཇིག་རྟེན་བདག་པོ་ཉིད།། ཕན་པའི་ཕྱོགསུ་འདྲེན་བྱེད་པ།། བསོད་ནམས་དེ་ཉིད་སྤེལ་བར་གྱིས།། ་བསོད་ནམས་ཆེ་གྱིས་སྡིག་དགའ་སྤོངས།། ཡུལ་ལ་གཡོ་བ་ཡིན་གྱི་རྟ།། རྟག་ཏུ་ཕྱིན་ཅི་ལོག་ཞི་གྱིས།། དུག་སྤོབས་མི་བཟང་འཆི་སྦྲུལ་གྱིས།། སོས་མ་བཟུང་བའི་བར་དུ་ནི།། རྟག་ཏུ་ཁྱེད་ཀྱིས་ཐུབ་དབང་བཞིན།། གཞན་པ་ན་ལ ་ནི་མངོན་དགའ་གྱིས།། བསོད་ནམས་ལ་སྤྲོ་བ་བསྐྱེད་པའི་གཏམ་སྟེ་དང་པོའོ།། ། རྒྱ་མཆོ་གཉི་ཤིང་བུ་ག་རུ།། རུ་སྦལ་མགྲིན་པ་ཆུང་བ་བཞིནོ།། ཡུད་ཙམ་འཛེམ་པ་ངོ་མཚར་ཆེ།། མ་གན ་ཉིད་ལ་ཡང་དག་སོམས།། རབ་ཏུ་ཞི་བའི་གྲོང་ཁྱེར་ལཱམ།། ངན་སོང་འཇིགས་པ་འཇོམས་བྱེད་པ།། དེ་ནི་ཐུབ་པའི་དབང་པོའི་གསུང་།། སྐད་ཅིག་ཙམ་ཡང་ཐོབ་པ་དཀའ།། མི་ཁོམ་བརྒྱད་ཀྱི་ཉེས ་སྦྱངས་མི།། གང་ཞིག་དཀོན་ལ་བསྐལ་པ་བརྒྱས།། ད་ལྟར་བདེ་ཐོབ་མཁས་པ་ཡིས།། དམ་ཆོས་མཉན་པ་འདིར་འབད་བ།། དམྱལ་བ་ཡི་དགས་འགྲོ་བ་དང་།། དུད་འགྲོ་དབང་པོ་མ་ཚང་བ།། འཆི་མེད་བླ་མ་མཐའ་འཁོབ་སྐྱེས།། ་ལོག་པར་ལྟ་བ་སོལ་བ་དང་།། ཐུབ་དབང་གསུང་རབ་བདུད་རྩི་ནི།། སྐྱེས་བུས་མཁས་པས་འཐུང་ནུས་པ།། ཤེས་རབ་འོད་མངའ་ཐོབ་དབང་ཉིད།། མ་ཤེར་བར་དུ་ཡོང་མི་ཡིན།། དེ་ཕྱིར་བྱ་མིན་སྦྱངས་ནས་ནི།། བདག་གི་བྱ་བ ་ཀུན་ཤེས་པས།། འཕགས་མཆོག་ངམ་ཆོས་མཉན་པར་བྱ།། ཆོས་འདི་ལྔ་ནི་གང་འབད་པ།། དེ་ལ་ཡོན་ཏན་ཀུན་ཡོང་འགྱུར།། ཐུབ་དབང་གསུང་ལ་རིན་ཆེན་འབྱུང་།། མཁས་པ་འདི་ཡིས་ཐོག་མྱུར་དགའ།། དེ་ནི་གང་གིས ་ཐོས་པས་ཀྱང་།། རབ་ཏུ་སྟོབས་ལྡན་བརླིང་པ་ཡིས།། མུན་པའི་ཚོགས་ནི་འཇོམས་པར་བྱེད།། བསམས་ཤིང་བསྒོམས་ནས་མཐར་ཐུག་གསོལ།། འཇིག་བརྡས་སྐྱེ་བ་འཁོར་བའི་རྒྱུན།། ཉོན་མོངས་མ་ལུས་རིམ་གྱིས་སྤྱོད ་ཐམས་ཅང་ཕུན་སུམ་ཚོགས་རྟག་པའི་གཏུར། ཨོཾ་བཟང་འཁོར་བའི་རྒྱུན་འཇོམས་ཤིང་།། བླ་ན་མེད་པའི་དགའ་བདེ་འཐོབ།། ཐོས་པས་འདང་ཡིད་དྲི་མ་མེད།། དེ་ལྟས་ཐུབ་དབང་གསུང་འདིས་སོམས།། ཆོས་ཉན་པ་ལ ་བ་བསྐྱེད་པའི་གཏམ་སྟེ་གཉིས་པའོ།། ། གང་ཞིག་ཐོབ་ནས་འཁོར་བ་ཡི།། ཕ་རོལ་ཕྱིན་པའི་ས་བོན་སྤྱན།། བྱང་ཆུབ་དཔལ་གྱི་ས་བོན་མཆོག། ཡིད་བཞིན་ནོར་བུ་ལས་ལྷག་པའི།། ཡོན་ཏན ་རྒྱུན་གྱི་མི་རྣམས་ནི།། སུ་ཞིག་འདིར་དེ་འབྲས་མེད་བྱེད།། གང་ཞིག་དགེ་བས་ཕྱུག་པའི་མི།། བསྐལ་བུ་གྲངས་མེད་ཀྱིས་ཐོབ་ན།། འདིར་ནི་རྨོངས་པས་བསོད་ནམས་གཏེར།། ཅུང་ཟད་ཙམ་ཡང་མི་སོག་པ།། དེ་དག་འཇིག་རྟེན་པ ་རོལ་ཏུ།། མི་བཟང་མྱ་ངནི་ཁང་པར་འཇུག། རིན་ཚོན་གླིང་ཕྱི་མཆོད་པ་ནི།། ལོག་པ་སྟོང་པར་རང་ཁྱིམ་བཞིན།། དགེ་བཅུའི་ལས་ཀྱི་ལམ་མྱེད་པར།། ཕྱི་ནས་ཡང་ནི་འཐོབ་མ་ཡིན།། མི་མ་ཐོབ་པར་དེ་བར་ནི།། ཅི་ལྟར་དེ་བདེ ་སྡུག་བསྔལ་ཉིད།། དེ་ལས་ཕ་རོལ་སྨྲས་ཡོང་མིན།། དེ་ལས་མཆོག་ཏུ་རྨོངས་པ་མེད།། འདི་འདྲིའི་ཁོམ་པ་ཐོབ་ནས་ནི།། བསོད་ནམས་ཚོགས་ནི་མི་སོགས་པ།། སྐད་ཅིག་གཅིག་ལས་སྡིག་སྤྱད་ནས།། མནར་མེད་པར་ནི། ་བསྒྲིལ་པར་གནས།། སྐྱེ་བ་དུ་མུར་སྟེག་སྤྱད་པས།། བདེ་འགྲོ་དཀའ་ལྟ་ཅི་ཞིག་སྨོས།། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུ་སྦལ་མགྲིན་ཆུང་ལྟར།། མི་ནི་ཤིན་ཏུ་ཐོབ་དཀའ་བར།། དེ་སྐད་བཅོམ་ལྡན་འདས ་ཀྱིས་གསུངས།། མིའི་སྐྱོ་བ་དཀོན་པའི་གཏམ་སྟེ་གསུམ་པའོ།། །། ཟས་སྒྲོམ་མལ་སྟར་གོས་མཆོག་དང་།། ཕྲེང་བ་གནས་དང་རྒྱན་རྣམས་དང་།། གྲགས་པ་སྨོན་ཁྱེད་འཕག ་ན་རྒྱུན་ལས་བྱུང་བ་གས་། ག་ན་མ་མྱ་ཡོངས་སྤྱོད་རྫན།། བྱང་གྱུ་གས་གནགས་སངས་པ་། གྷུ་རྨྨཱདྷཱ་ལྡན་པང་། གླགས་བྱུ་ད་དགུ་སྟེ།། ང ་བུང་མིང་དང་།། ཟས་དང་རིན་རྗེནི་ཕྲེང་བ་གནས།། ཀླུ་གུམ་གྲོང་ཡུལུ་ཝཱ་སུཾ་གནས།། རྫོགས་སྤངས་ཉིད་དང་སངས་རྒྱས་ཏེ།། སྦྱིན་པ་དཔག་བསམ་སྟོན་ཤིང་གི། འདི་དག་འབྲས་བུ་ཡིན་པར་གསུངས།། ན ་མདབ་མ་འཇམ།། དཀྱུས་རྙིང་དྲི་མ་མེད་པ་དང་།། བུད་མིང་གང་ཞིག་མིག་མགྲོན་ཞིང་།། རྐང་པ་འོག་པགྷྣ་གཡོ་བར་ལྡན།། དམར་བྱུང་མཛེས་པའི་གོས་ལྡན་འད་།། ནུ་འབུར་རྒྱུས་པ་རྣམ་པར་གསོ།། སྤྲིན་མ་མཛེས་པ་ལྷན ་དེ་དག། དེ་དག་སྤྱང་སྣོ་རྡོ་རྩེ་ནས།། སྦྱིན་པ་གཏང་ལས་རྒྱུས་པར་འགྱུར།། མགུལ་པ་རྔམས་བརྫུན་དཱའི།། འཔོན་པ་ཁ་ལོ་སྒྲུབ་ཀྱིས་བསྒྲོགས།། མཽ་དང་གླུང་རྒྱུན་དྲེགས་བྱོན་ནས།། གདུགས་བསྒྱིངས་སྤུན་ལྡན་ལ ་བཅས་དང་།། འགྲོ་ལ་ཐིལ་མོ་སྦྱར་བྱས་ནས།། རྟག་ཏུ་མཆོད་ཅིང་གསོལ་འདེབས་པ།། སྔ་མར་འདི་འདྲ་སྦྱིར་པ་ཡི།། འབྲས་བུ་ཡིན་པར་ཐུབ་པོས་གསུངས།། གསེར་གྱི་གདུ་བུ་རྡོ་རྗེས་སྤྲས།། དཔུང་རྒྱན་ཅོད་པན་རིན་ཆེན་བཀོད།། ་ས་བདག་མུ་ཏིག་ཕྲེང་བས་བརྒྱན།། རྟག་ཏུ་སེང་གེའི་ཁྲི་ལ་གནས།། འབངས་སོགས་བཙུནཱ་མོའི་འཁོར་བསྟེན་ཅིང་།། རྩེད་མོ་རྩེ་བས་རྣམ་རོལ་པ།། སེངྒེ་ལྟ་བུའི་རྣམ་རོལ་དེ།། སྦྱིན་འབྲས་ཡིན་པར་ཐུབ་པས་གསུངས།། ཁང་བཟངས ་གསེར་དང་རིན་ཆེན་སྤྲས།། གདུགས་དང་རྒྱལ་མཚན་བསྒྲེངས་པས་བརྒྱན།། པི་ཝང་རྫ་ཎཱ་རེག་བྱེད་སྒྲོགས།། རིན་ཆེན་རྣམས་ཀྱིས་འོད་འབར་བར།། བརྒྱ་བྱིནི་བདེ་སོགས་དགའ་སྤྱོད་ཅིང་།། ལྷ་མོའི་ཚོགས་ཀྱི་འཁོར་ལྡན་དེ།། སྔ་མར ་འདི་འདྲ་བྱིན་པ་ཡི།། འབྲས་བུ་ཡིན་པར་ཐུབ་པས་གསུངས།། སྦྱིན་པས་སྐྱེ་བོའི་ཡིད་དུ་འོང་།། མཁས་པའི་ཚོགས་ཀྱིས་རྟག་ཏུ་བསྟེན།། ཕྱོགས་རྣམས་དྲི་མེད་གྲགས་པས་ཁྱབ།། སྨོན་པས་གནས་ནི་དེ་དང་དེར།། འདིར་ན་དྲི་མེད་ཉེ་བར ་གནས།། ལུས་དང་བྲལ་ནས་ལྷ་རྣམས་སུ།། རྙོག་བྲལ་སྣ་ཚོགས་བཏུང་བ་བསིལ།། མེ་ཏོག་སྣ་ཚོགས་མགོ་ལྕོགས་རྒྱས།། དཔག་བསམ་གྱི་ནི་ཤིང་རྣམས་སྐྱེས།། ཙན་ངན་པ་སོགས་ཀྱིས་གང་བའི།། སྐྱེད་མོས་ཚལ་ནི་མཆོག ་རྣམ་སུ།། ཡུལ་རིང་དུ་ནི་བདེ་སྤྱོད་ཅིང་།། ལྷ་མོ་གཟུགས་མཆོག་ལྡན་པ་ཡིས།། བསྙེན་བཀུར་མཆོག་ཏུ་བྱེད་པ་འཐོབ།། བྱིན་པ་ཞེས་བྱ་གཏེར་ཆེན་ཏེ།། རྐུན་སྩོགས་མི་ཁྱེར་རྗེསུ་འབྲང་།། སྦྱིན་པས་སེམས་ཀྱིས་སེར་སྣ་དང་།། ཆགས ་བའི་རྡུལ་གྱི་དྲི་མ་འཁྲུ།། འཁོར་བའི་ལམ་གྱི་དུབ་པ་སེ་ལ།། སྦྱིན་པ་བཞོན་པ་བདེ་བི་སྟེ།། སྦྱིན་པ་བདེ་བོ་དུ་མའི་རྟེན།། ཡང་དག་གྲོགས་མཆོག་བདེ་བོའི་སྒོ།། རྐེང་པ་གསེར་གྱི་སྐེ་རག་ལྡན།། ངག་འཇམ་ཟུར་མིག་བཞིན་བསྐྱོད ་མཛེས།། མིག་གི་དཀྱུས་རིདུན་དྲུང་གསན།། མྱེ་ཏོག་ཕྲེང་བས་སྒྲ་བཙོངས་མཛེས།། གང་ཤིག་རང་འཁོར་ཡན་ལག་དང་།། རྐང་གཉིས་འགྲོ་བ་མཛེས་པ་ལས།། ཟས་གཙང་གོ་ན་ཕུན་སུམ་ཚོགས ་དེ་དག་སྦྱིན་པའི་འབྲས་ཡིན་ཞེས།། བདག་ཉིད་ཆེན་པོས་བཀའ་སྩལ་ཏོ།། ཧ་ས་ཀ་རའི་དུམྦྷ་བུ་དང་། ཨུཏྤལ་གྱིས་བསྒོས་དྲི་ཞིམ་ལ།། བཀྲ་ཤིས་གཱསེར་གྱི་སྣོད་དུ་བླུགས།། བནྡུ་ཀ་དང་ཟངས་མདོག་འདྲ།། བཏང་བ་ཆུང་མ ་མནའ་སྩོལ་ཞིང་།། ཆུང་མ་དང་བཅས་ཡང་ཡང་འཐུང་།། དགའ་བོའི་བསམ་པས་སྨྲ་བ་དེའི།། མཱུ་ནཱཾ་སྦྱིན་མཆོག་བཀྲ་ཤིས་ཡིན།། ཞི་བའང་སྦྱིན་པའི་ཡོན་ཏནི་ཏེ།། མཛེས་པ་འདོད་པ་བདག་ཅག་གི། སྦྱིན་པ་འདི་ལ་འབད ་བར་གྱི།། སྲིད་གསུམ་མི་བཟད་འཇིགས་ཆེན་ལ།། སྐྱོན་ལས་གཞན་པའི་གཉེན་མཆོག་མེད།། བྱིན་པའི་གཏམ་སྟེ་བཞི་པའོ།། འགྲོ་བ་གང་ཞིག་མཛེས་ཡིད་འོང་།། གཟུགས་དང་རིགས ་དང་གཉེན་དུང་སྟོབས།། བདེ་བར་མཐོང་བ་གང་ཡིན་པ།། བསོད་ནམས་བཟོ་བོས་དེ་བྱས་པར།། འདི་སྐད་མཁས་པ་རྣམས་ཀྱིས་བཤད།། གཞན་པན་བྱེད་པའི་སྐྱེས་བུ་ཡི།། བསོད་ནམས་དང་མཉ་མ་ཡོད་མ་ཡིན། ་རིམ་པ་སྣ་ཚོགས་ཀྱིས་བརྒྱན་པའོ།། རྒྱལ་མཚན་དཀར་པོ་མངོན་མཐོ་བདྲུགས།། རྟ་གླུང་རྐང་ཐང་ཤིང་རྟ་སི།། དབྱུང་གི་ཚོགས་ཀྱིས་ངེས་འཁྲུག་ཅིང་།། སུ་བ་སྒོ་ཚོགས་མཛེས་པ་ཡི།། རྔ་ཡེ་བ་རྣམས་ཀྱིས་རྣམོ། ་བྱེད་ལ།། བསོད་ནམས་ལྷག་པ་དབང་སྒྱུར་ཞིང་།། ས་རྣམས་ལ་ནི་སྤྱོད་བྱེད་དེ།། དརུ་དངདྱ་ཀ་ཤྲཱི་དུ་ཀུ་ལ།། སྣ་ཚོགས་གོས་དང་མུ་ཏཱིག་བྲེད་།། གསེར་དང་ནོར་བུས་ཡན་ལུག་བརྒྱན།། གང་དག་ལྷ་འདྲའི་སྐྱེས་བུ་དཔའ།། བསྟོད ་ནམས་བཞོན་པ་ལ་ཞོན་པས།། དེས་བྱས་ཡིན་པར་ཤེས་པར་གྱོས།། ཤིན་ཏུ་ཚེ་རིང་རིགས་བཙུན་ཞིང་།། ལུས་མཛེས་ནད་ཀྱིས་འཇིགས་པ་མེད།། ནོར་མང་གཡོག་འཁོར་ཕུན་སུམ་ཚོགས།། བསོད་ནམས་རྣམ་སྨིན ་ཆེན་པོ་ཡིན།། གང་ཡང་འཁོར་ལོ་སྦྱོར་བ་མཆོག། བུ་ནི་དཔའ་བོ་སྟོང་དང་ལྡན།། རྒྱ་མཚོའི་མཚམས་ཀྱི་ས་ལ་དབང་།། དེ་དག་བསོད་ནམས་རིན་པོ་ཆེའི།། འབྲས་བུ་ཡངས་པ་ཆེན་པོ་ཡིན།། སྣ་ཚོགས་པདྨའི་གཱིདན ་ལ་འདུག། ལྷ་དང་ལྷ་དབང་ཏུག་ཕྱག་འཚལ།། བརྗིད་ཀྱི་འཁོར་རྣམས་ཟིལ་གྱིས་གནོན།། ཚངས་པའི་འཇིག་རྟེན་སྣང་བྱེད་པ།། དེ་དག་ཉིད་ཀྱང་བསོད་ནམས་ལས།། གང་ལ་ལྷ་ཀླུ་ལྷ་མིན་གྲུབ།། དྲི་ཟ་གནོད་སྦྱིན་མི ་འམ་ཅི།། མཆོག་ཏུ་གྱུར་པའི་ཚེ་གོས་རྣམས་ནི།། རྟག་ཏུ་ལྷ་དབང་མཆོད་བྱེད་པ།། དེ་ནི་བསོད་ནམས་རིན་པོ་ཆེའི།། འབྲིས་བུ་ཡངས་པ་ཆེན་པོ་ཡིན།། གཟུགས་དང་བརྩོན་འགྲུས་བཟོ་རྣམས་ནི།། དབང་མེད་སྤངས་ནས་མི ་རྣམས་ནི།། ལས་ཀྱི་རླུང་གིས་མྱང་གས་ན་ནི།། འཇིག་རྟེན་ཕྲ་རོལ་འགྲོ་བྱ་ན།། བསྲོང་རྣམྲ་སྲ་གཅིག་བུ་མཆོག་ཡིན་ཏེ།། རྗེས་སུ་འགྲོ་ཞིང་བདེ་པ་འཆར།། བསོད་ནམས་གཞན་གྱིས་འཕྲོག་མི་ནུས།། དེ་ཕྱིར་བསོད་ནམས ་གཏེར་གྱི་མཆོག། གང་གི་སྟོབས་ཀྱི་རི་རབ་ཀྱང་།། ཕྱོགས་དང་ཕྱོགསུ་རྣམས་སུ་འཐོར་བའི།། འཇིགས་པའི་བསྐུལ་བའི་རླུང་རྣམས་ཀྱིས།། དྲེད་ཀྱང་བསོད་ནམས་འཇིག་མི་ནུས།། འཇིག་པའི་བསྐུལ་བའི ་ཆུ་ཡིས་ནི།། ལྕགས་ཀྱང་དཔུང་མེད་འཇིག་བྱེད་པ།། བྱིརྒྱ་མཚོ་བཞི་ཡིས་རྒྱུ་རྣམས་ཀྱིསོ།། བསོད་ནམས་བཞུ་བར་ནུས་མ་ཡིན།། འོད་ཟེར་རབ་ཚེ་གསལ་བ་ཡི།། ཉི་མ་བདུན་ཤར་མེ་རྣམས་ཀྱིས།། ས་རྣམས་སྲེག་པར་བྱེད ་མོད་ཀྱིས།། བསོད་ནམས་གཅིག་པུ་སྲེག་མ་ཡིན།། བསོད་ནམས་ཀྱི་གཏམ་སྟེ་ལྔ་པའོ།། ། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ།། དང་པོར་མྱ་ངན་སེལ་བར་བྱེད།། རྩོད་པ ་ཀུན་སྤངས་མཐོང་ན་དགའ།། སྐལ་ལྡན་གཏེར་ཚེགས་དཔལ་དང་ལྡན།། ལུས་སྟོབས་ལྡན་ཞིང་སྙན་པ་དང་།། གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ།། གསུང་རབ་ཀུན་ལ་མཁས་གྱུར་ཅིང་།། དབང་པོའི་ཏུ་ནི་ཐམས་ཅང ་ཐུལ། བློ་ལྡན་གཏོང་དང་ལྡན་པར་འགྱུར།། བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ།། ཕྲ་རབ་རྡུལ་ནི་ཇི་སྙེད་སོང་།། དེ་སྙེད་ས་འོག་ས་སྤངས་འདིར།། དེ་སྙེད་རྒྱལ་པོར་ངེས་པར་འགྱུར།། གཟུགས་དང་གཟུགས་མྱེད་ཏིང ་འཛིན་འགྲུབ།། ཐམས་ཅད་བདེ་བར་མ་ལུས་སྤྱོད།། ཐ་མར་སྐྱེ་རྒའི་རྒྱུད་སྤངས་ནས།། དེ་དག་བྱང་ཆུབ་གོ་འཕང་འཐོབ།། བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ།། མཚན་བཟངས་ཀྱིས་མཚན་འཁོར་ལོ་སྒྱུར།། ་སུམ་ཅུ་གཉིས་ལྡན་ལུས་མཛེས་འཐོབ།། ཉེས་པའི་དགྲ་འཇོམས་རྒྱལ་བར་འགྱུར།། དབང་པོ་རྣམས་ནི་མཚད་མེད།། དཔལ་ལྡན་ངན་འགྲོ་རྣམས་ལུས་རིང་།། མི་ཡི་རིགསུ་སྐྱེ་འགྱུར་ཞིང་།། ངག་ནི་བཙན་པ་ཉིད་དུ་འགྱུར།། སྐྱེ་བར ་ཐོས་དང་དྲན་ལྡན་བརྟན།། མངོན་པར་འདོད་པར་འབྱུང་འགྱུར་ཞིང་།། གནས་ལ་མངོན་པར་དད་པ་དང་།། འདོད་ཆགས་སོགས་ཀྱིས་གནོད་པ་མེད།། འདྲེ་རྒྱལ་རྫོགས་པའི་བྱང་ཆུབ་ཀྱི།། བྱང་འཕགས་ལེགས་པའི་གཞུང་ལ ་བརྟན།། གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས།། སངས་རྒྱས་སྐུ་འམ་མཆོད་རྟེན་ནམ།། བཞེངས་བྱེད་སྐྱོག་དང་ལྡན་པ་དེ།། བྲན་དང་དབུལ་པོར་མི་སྐྱེ་ཞིང་།། མངག་བཞུག་པོར་མིན་རིགས་དམནྡ་མིན།། དབང་པོ་རྣམས་ནི་ཚང ་བར་འགྱུར།། སྐུ་གཟུགས་ཀྱི་གཏམཱ་སྟེ་དྲུག་པའོ།། ། དྲི་ཞིམ་སྣ་ཚོགས་ཀྱིས་བསྒོམས་པས།། བདེ་བར་གཤེགས་པ་ཁྲུས་གསོལ་བ།། མེ་ཏོག་དྲི་ཡིས་ཡན་ལག་མཛེས།། རབ་ཏུ ་དགའ་བའི་སྣོད་ཀྱིས་སུ།། རོལ་མོའི་སྒྲ་ནི་སྣུན་པ་ཡི་སྭཱ།། དལ་གྱིས་འབབ་དང་སྟབས་མགྲིན་བརྗིད།། གསེར་གྱི་རང་བཞིན་པདྨ་ཡིས།། གེ་སྔར་རྡུལ་གྱིས་ཁྱབ་པཱ་རུ།། ཁྲུས་གསོལ་གང་ཞིག་མཆོད་བྱེད་པ།། དེ་དག་རྙོག་པ ་ཐམས་ཅད་ཀྱི།། དྲི་མ་བཀྲུས་ན་སོ་སོ་ཐར་པ་ཐོབ།། ལྔ་ཡི་བུ་མོ་ནུ་འབུར་རྒྱས་མཐོང་ཞིང་།། རྐང་པ་ཡངས་པ་ལ་འབབ་གཡོ་བ་དང་།། འཛམ་བུའི་གསེར་འདྲའི་པདྨ་གེ་སར་གྱི།། རྡུལ་རྣམས་གཏོར་བ་ཡིས་ནི་དྲི་ཞིམ་ལ།། དེལ་གྱི ་འབྱུག་ནང་དུརྫྫ་ཡིས་ཚོགས།། རྒྱུ་མྦྷ་རྣམས་པ་འི་བྱུང་བ།། གླང་ག་ད། བསྣ་ཚོགས་དྲི་ཀོམ་ཆུས།། བདུན་ཁྲུས་གསོལ་པ་ཡོ་འབྲས་དུ་ཡོམ།། ཀླུ་རྩིག་དུམ་ཅན་ངན་སུ ་བསྒོས།། དྲི་ཐཱིམ་ཆུ་ནི་ཡིད་འོང་བ།། ཁ་དོག་དཀར་སེར་བྱེ་བྲག་གོས།། ཡིད་དོང་ཐུབ་པ་ཁྲུས་གསོལ་འདིར།། སེམས་ཀྱི་དྲི་མ་སྤངས་ནས་ནི།། དེ་ནི་འགྲོ་བའི་བྷྲ་མར་འགྱུར།། ཁྲུས་ཀྱི་གཏམ་སྟེ་བདུན་པའོ།། ་ཁྲུས་བྱེད་ལྷ་ཡི་བུ་མེ་མཆོད།། རྐེང་ལྡན་བརླ་དུང་ནུ་མ་རྒྱསོ།། མདབ་སྐྱེས་མགོ་ལྕོགས་རྒྱ་ས་འཐོར་ཞིང་།། ལྷ་དབང་ངལ་འབབ་ཁྲུས་བྱེད་ཅིང་།། མཛེས་ཤིང་འདོད་པས་གཡོ་བ་ནི།། འགྲོ་མཆོག་ཡང་ཡང་མཉེས་བྱས་ཡིན།། ་དེ་ནི་སྤོས་ཆུ་རོལ་མོ་དང་།། བདུག་པ་དང་ནི་མེ་ཏོག་ཕྲེང་།། སྦྱིན་པ་བཏོང་བའི་འབྲས་བུས་ཡིན།། གང་ཞིག་འཁོར་ལོ་སྒྱུར་རྒྱལ་ལོ།། མཁས་ལ་གུར་ཀུམ་སྤྲིན་ཚོགས་དང་།། ག་པུར་གྱི་ནི་ཆུ་རྒྱུན་དང་།། མ་ལ་ཡོ་ཡི་ཙན་ད ་བཞིན།། རྫ་རྔ་པཱི་ཝང་དྲི་མཆོག་གིས།། བདེ་བར་གཤེགས་མཆོག་མཆོད་བྱེད་པ།། ལྷ་དང་མི་ཡི་སྒྲ་རྣམས་ཐོས།། ཁྱད་འཕགས་ལྷ་ཡི་རྣ་བ་འཐོབ།། གུར་ཀུམ་ལ་སོགས་པའི་གཏམ་སྟེ་བརྒྱད་པའོ།། ་རྟ་གླང་རྐང་ཐང་ཤིང་རྟ་དང་།། རིན་ཆེན་རྣ་བདུན་རྣམས་དང་ནི།། དཔའ་བོ་བུ་སྟོང་དང་བཅས་པར།། མཁྱེའ་ལ་འཁོར་ལོ་སྒྱུར་འགྲོ་ཞིང་།། ཟླ་བ་ལྕི་བུའི་གདུགས་ཀྱིས་ནི།། ཉི་མའི་འོད་ཟེར་སྒྲིབ་བྱེད་ཅིང་།། འབྲས་བུ་མང་ལ་རྒྱ་ཆེ ་གདུགས་ཕུལ་བ་ལས་བྱུང་བ་ཡིན།། བུང་བའི་ཡིད་འོང་སྒྲ་ཡིས་བསྐྱོད།། མེ་ཏོག་གཡོ་བ་འཁོར་བར་བཀོད།། ཁ་དོག་སྣ་ཚོགས་དྲི་ཞིམ་པའི།། མེ་ཏོག་ཚོགས་ཀྱིས་རི་མོར་བྲིས།། གདུགས་མཛེས་སྣ་ཚོགས་དང་གྱིས ་བརྒྱན།། མཆོད་རྟེན་རྣམས་ལ་ཕུལ་བ་ཡིས།། འཁོར་ལོ་སྦྱར་བ་སོ་སྐྱེང་བ།། གླིང་བཞིའི་དབང་ཕྱུག་དེ་ཡིས་འཕྱོབ།། ཉི་མའི་དོད་ཟེར་གསེར་གདུགས་ཐོགས།། དཔལ་ལྷུན་དུལ་བའི་གླང་པོ་མཆོག། རིན་ཆེན་དུ་མས ་བརྒྱན་པ་ཞོན།། རྫུ་འཕྲུལ་བརྒྱ་བྱིན་དང་འགྲན་པའི།། གླིང་བཞི་ཡིསོ་ནི་འཁོར་ལོ་སྒྱུར།། ས་རྣམས་མཱ་ལུས་སྐྱོང་བར་བྱེད།། དེ་དག་བདེ་གཤེགས་སྐུ་གདུང་ལྔ།། མེ་ཏོག་གདུགས་ཕུལ་འབྲུས་བུ་ཡིན།། གདུགས། ་ཕུལ་བའི་གཏམ་སྟེ་དགུ་པའོ།། །། བདེ་བ་དིར་གཤེགས་པའི་འཁྲུང་སོ་གནས་དང་།། དེ་ཡིས་ཡུད་ཙམ་བཞུགས་པའི་གནས།། རབ་ཏུ་གསལ་བར་གྲགས་གྱུར་པ།། ནུས་པ ་ཀུན་གྱིས་གདུང་སྣོང་སྐུ།། ཤིན་ཏུ་ཁྱད་འཕགས་གཙུག་ཏོར་མཐོ།། སྐུ་གཟུགས་བཞེངས་ནས་ལེགས་སྦྱངས་ལ།། སྐྱེ་བོ་གང་གིས་སྐུ་བཞེངས་པའི།། ནང་དུ་རིང་བསྲེལ་བདྲུག་བྱས་ན།། ཀུན་ནས་བརྒྱ་བྱིན་ལས ་འཕགས་པའི།། མི་དབང་གླིང་བཞི་རྣམས་ནི།། དཔལ་དང་ལྡན་པའི་ལོངས་སྤྱད་ནས།། མཐའ་རུ་རྣམ་དག་གོ་འཕངས་འཐོབ།། རྒྱལ་བའི་སྐུ་གདུང་བཅུག་ལས་ཡིན།། ཟླ་བ་དང་འདྲ་ལྟ་ན་སྡུག། སྨིན་མ་ལེགས་ཤིང་མི ་དཀྱུས་རིང་།། མྱུར་སྐྱེས་གསེར་དང་ནོར་བུ་ཝཱན།། བཟོད་ཅིང་ངེས་པ་དང་ལྡན་པ།། རྒྱ་མཚོ་ས་གཏུགས་པའི་ས་རྣམས་ནི།། སྐྱོང་བྱེད་འཁོར་ལོ་སྒྱུར་རྒྱལ་ཡང་།། དེ་དག་སངས་རྒྱུ་ས་སྐུ་གཟུགས ་ནི། རིང་བསྲེལ་དང་བཅས་གུས་པས་འཐོབ།། རོང་བསྲེལ་གྱིས་གཏམ་སྟེ་བཅུ་པའོ།། ། བདེ་བར་གཤེགས་པ་མཆིང་རྣམས་ཀྱི།། ཕོ་བྲང་མཆོག་ནི་བོརྒྱན་བྱེད་པ།། གསེར་གྱི་མདོག་དང་ལྡན ་འགྱུར་ཞིང་།། ནད་རྣམས་ཀུན་ལས་གྲོལ་བར་འགྱུར།། ལྷ་དང་མི་ལས་ཁྱད་འཕགས་ཤིང་།། ཉི་མའི་འཁོར་ལོ་ལྟ་བུར་མཛེས།། ནོར་དང་གསེར་ནི་མང་བ་དང་།། རྒྱལ་པོའི་རིགས་ཀྱིས་རྒྱལ་བར་འགྱུར།། འཇིག་རྟེན ་གསུམ་གྱིས་མཆོད་པ་ཡི།། སངས་རྒྱས་ལྔ་ནི་གང་ཞིག་འདིར།། མཎྜལ་མོ་ཏོག་བཅས་བྱེད་པ།། འགྲོ་བའི་བདག་པོ་ཚེ་རིང་ཞིང་།། སྣ་ཚོགས་ནད་ཀྱིས་འཇིགས་ལས་གྲོལ།། གང་ཡིན་དེ་ཡིས་སྐད་ཅིག་ཐོབ།། བ ་གཤེགས་མུཎྜལ་བྱེད་དེ་དགུ། ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ།། ཆུ་དང་ས་བསྲེས་བཏོང་སྦྱིན་པ།། གྲོག་མོ་སྩོགས་སེལ་ཚུལ་ཁྲིམས་ཏེ།། བསྲེས་ནས་ཉེད་པ་བཟོད་པ་ཡིན།། འབད་པ་བྱེད་པ་བརྩོན་འགྲུས་ཡིན ་སྐད་ཅིག་དྲི་ལ་རྩེ་གཅིག་ཏུ།། སེམས་འཛིན་བྱེད་པ་བསམ་གཏན་ཡོན།། ལེགས་པར་བཟོད་པོ་ཤེས་རབ་པོ།། སྣ་ཚོགས་ཤེས་རབ་ཀྱིས་བརྒྱན་ལ།། ས་གཞི་བྲིས་པ་འབུལ་བྱེད་པ།། ལྷ་ཡོ་བོ་དེ་ཐམས་ཅད་དང་།། ་སྤྱོད་མཆོག་དང་ལྡན་འགྱུར་ཞིང་།། མེར་སྐྱེས་གསེར་ལས་ལྷག་པ་ཡི།། ཁ་དོག་དང་ལྡན་མཛེས་པ་དང་།། པདྨའི་མདོག་ལྷུར་ཡན་ལག་ཆང་།། མིག་ནི་དཀྱུསྣ་རིང་མཛེས་པར་འགྱུར།། མཎྜལཱ་གྱི་གཏམྱ་སྟེ་བཅུ་གཅིག ་པདྨའི་མ་བྱུ་འདྲའི་ལྐུག་པ་མཛེས།། འོད་གསེལ་ཁ་དོག་དྷི་དང་ལྡན།། རོ་ཛཱ་མ་རེག་ན་བདེ་བ་དང་།། ལྷ་དང་མི་ཡི་ཁང་བཟང་ན།། འོད་གསལ་གསེར་གྱི་གནོད་བྷཱ་རུ།། ཝཱ་ཡ~ཾ ་བདུད་རྩིས་བཀད་ཟ་བ།། དེ་དག་སངས་རྒྱས་ལ་སོགས་པའི།། དགེ་འདུན་ཡུལ་དུ་ལྷག་པ་ལ།། ཞལ་ཟས་དྲངས་པའི་འབྲས་བུ་ཡིན།། རྡོ་རྗེ་གདན་ལ་བཞུགས་ནུས་ནི།། འདོད་པའི་ངགྲ་དང་བཅས་པ་ཡི།། ཚིགས ་ནི་བྱམས་པས་ངེས་ཕམ་མཛད།། གང་ཞིག་མཐར་ཐུག་དཀའ་བའི་ཡུལ།། མཐའ་མེད་པར་ནི་སྤྱོད་འགྱུར་བ།། ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ།། ཕུང་པོའི་བདུད་ཀྱང་རུབ་བཅོམ་ནས།། འཆི་བདག་བདུད་ལ ་མངའ་བརྙེས་པ།། ཞལ་ཟས་ཕུལ་བར་གྱུར་བྱས་ཡིན།། རོ་རྣམས་བྲི་བྱའི་མཆོག་དང་ནི།། ཡོན་ལག་ཆུང་ཞིང་ཡོངས་རྫོགས་ལྡན།། བདེ་ཞིང་དཔལ་ལྡན་སྟོབས་དང་ལྡན།། ཚེ་དང་སྟོབས་དང་ཁ་དོག་དང་།། གཟུ ་བཟང་བ་དང་ལྡན་པ་ནི།། མཁས་པས་ཟས་མཆོག་བཏང་ལས་བྱུང་།། སྟོབས་དང་བརྩོན་འགྲུས་ལྡན་པ་ཡི།། རྣམ་གྲངས་ལས་ནི་ངེས་པར་རྒྱལ།། ཡང་དག་དཔལ་ཐོབ་མོ་དབང་གིས།། རོ་ལྡན་ཁ་ཟས་ལོང་སྤྱོད་དོ།། ་རྟག་ཏུ་ཟས་མཆོག་སྦྱིན་དེས་སྦྱིན།། ཟས་ཀྱི་གཏམ་སྟེ་བཅུ་གཉིས་པའོ།། ། གྲསོ་ཞིང་ཨུཏྤལ་གྱིས་བསྒོས་པ།། དྲི་མེད་པདྨ་རཱ་གཱ་བཞིན།། ཡིད་འོང་གསེར་གྱི ་སྣོང་དུ་བླུགས།། དྲི་ཞིམ་ཙུན་དྲན་གྱིས་བསྒོས་མོངར།། ཡིད་དུ་འོང་དང་བདར་ཞིང་འཐུང་།། ཅུང་ཟད་མིག་ནི་ཟངས་མདོག་འདྲ།། གླུ་ལེན་སྒྲ་དང་ངོས་ལྡན་པའི།། མི་མཆོག་དེ་དག། སྒོམ་རྣམས་ནི།། སྦྱིན་པ་བྱིན་པའི ་འབྲས་བུ་ཡིན།། ཨིནྡ་དྲ་ནཱི་ལ་བཻ་ཌཱུརྱ།། རིན་ཆེན་མཆོག་རྣམས་ཀྱིས་སྨྲས་པའི།། གསེརརྱ་གྱི་སྣོད་ནི་གང་ཡིན་པར།། ལྷ་ཁང་ལྷ་ཡི་བུ་མོ་ནོ།། བྲང་གི་དཀྱིལ་ན་ནུ་མ་ནི།། བུམ་པ་ལྟ་བུའི་འབུར་ལྡན་པའི།། ར་བ་མཛེས ་བཙུགས་དང་ལྷན་གཅིག་ཏུ།། སྦྲང་རྩི་ལྟར་མངར་བཏུང་འཐུང་བ།། ཡོན་ཏན་ལྡན་པའི་ཚོགས་ལུ་ནི།། བཏུང་བ་ཡིད་འོངས་བྱིན་པ་ཡི།། འབྲས་བུ་ཡིན་པར་མཁས་རྣམས་གསུང་།། གང་ཞིག་ཁ་དོག་དྲི་ཞིམ་སོགས།། ་ཚོགས་ལྡན་སྐོམ་པའི་གདུང་བ་སྤེལ།། བད་ཀན་རླུང་དྲགཱ་རབ་ཞི་བྱེད།། ཁ་ར་པི་པི་ལིང་བསྲེས་ཚོར།། ཙན་དན་ལྟ་བུར་ཚ་བོ་སེལ།། ཟླ་བའི་འོད་ཟེར་དང་ལྡན་པའི།། སྣོད་དུ་བླུགས་ནས་དེ་དག་གིས།། གུས་པར་དགེ ་འདུན་ལ་ཕུལ་བས།། ཕ་རོལ་གྱི་ནི་སྐྱེ་གནས་སུ།། ལྷ་ཡི་བཏུང་པོ་ཐོབ་པར་འགྱུར།། མངར་ཞིང་མངར་མཆོག་གུས་པ་ཡིས།། བཏུང་བ་ཚོགས་མཆོག་ལ་ཕུལ་བས།། ལཱྀ་དང་མི་ཡི་གནས་རྣམས།། ལྷ་ཡི་བུ ་མོ་མཆོག་རྣམས་དང་།། ཡུན་རིང་བཏུང་བ་ལྷན་ཅིག་འཐུང་།། གང་ཞིག་ས་གནས་མི་རྣམས་ཀྱིས།། ངང་པའི་དད་པའི་ཡིད་ཀྱིས་ནི།། དགེ་འདུན་ལ་ནི་བཏུང་བ་མཆོག། དུས་ལ་བབྱ་པར་དྲངས་པ་ཡིས།། འཁོར་བའི་རི ་ཁྱོད་གནས་པ་ནཱ།། རྟག་ཏུ་བཏུང་བའང་ཞི་བཟང་འཐོབ།། བཏུང་བའི་གཏམ་སྐེ་བཅུ་གསུམ་པའོ།། ། གང་ཞིག་སྔོ་སེར་ལྗང་དམར་དཀར།། སྣ་ཚོགས་ཁ་དོག་འོད་བཟང་ལ།། མཛེས་གསལ ་གིས་ཀྱི་ཕྲེང་བ་ནི།། ཡོན་ཏན་མཆོག་དང་ལྡན་པ་ཡི།། འཇིག་རྟེན་བླ་མ་ལ་ཕུལ་བྱེས།། བསྔགས་པའི་གོས་མཆོག་ཐོབ་པར་འགྱུར།། གང་ཞིག་དགེ་འདུན་མཆོག་སོགས་ལ།། གང་ཞིག་དང་དང་གུས་པ་ཡིས།། ་གོས་ཀྱི་ཕྲེང་བ་འབུལ་བྱེད་པ།། དེས་ནི་ངོ་ཚ་ཤེས་གོས་དང་།། མཆོག་ཏུ་གྱུར་པའི་ཆོས་ཀྱི་གོས།། ཉོན་མོངས་གཉེན་པོའི་ཆོས་གོས་འཐོབ།། ཁ་དོག་སྣ་ཚོགས་ཀྱིས་སྤྲས་པའི།། སྔོན་པོ་སེར་པོ་དཀར་པོ་དང་།། གཞན ་ཡང་དམར་པོ་ཡིད་འོང་བ།། ཤིན་ཏུ་མཛེས་པའི་གོས་དག་དང་།། ཆོས་གློས་ཕྲེང་བ་འབུལ་བྱེད་པ།། བདེ་འགྲོ་ཡིས་ནི་བདེ་བར་འགྲོ།། གཟུགས་དང་ལྡན་ཞིང་ལིང་འོང་ལ།། ལྷ་ཡི་གོས་ནི་ཟད་མེད་དང་།། ངོ་ཚ་ཤེས ་བའི་གོས་ཀྱིས་བརྒྱན།། བདག་བློ་དང་གིས་མཁས་པ་དང་།། དེ་ནི་ཆོས་ཀྱི་དབང་ཕྱུག་འགྱུར།། གོས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །། མེ་ཏོག་བཟང་པོ་དགེ་འདུན་ལ།། རབ་ཏུ་འཐོར་ཞིང ་མཆོད་བྱེད་པ།། བརྒྱ་བྱིན་ལས་ལྕུག་ལོངས་སྤྱོད་ལྡན།། པདྨའི་དབང་པོ་ལྟ་བུར་མཛེས།། མཆོག་ཏུ་གྲགས་པ་དང་ལྡན་ཞིང་།། རྟག་ཏུ་དེ་ནི་སྐད་ཅིག་གིས།། དགྲ་ལས་རྣམ་པར་རྒྱལ་བནྡྷ ་འགྱུར།། ས་རྣམས་ལཱ་ནི་སྦྱོང་བྱེད་དོའོ།། རིན་ཆེན་མཆོག་གི་མྲྀར་འགྱུར་རོ།། སྤོས་མཆོག་དང་ནི་དྲི་བཟང་གིས།། རྒྱལ་བ་རྣམས་ལྕེ་འབུལ་བྱེད་པ།། ལུས་ཀྱི་གྲགས་པའི་པྲི་ཡིས་ཁྱབ།། ཨུཏྤལ་སྠོ་དང་མཉམ་པ་ཡི།། ་མིགྲ་ནི་དྲི་མེད་དཀྱུས་རིང་མཛེ་སོ།། བཻ་ཌཱུརྻ་དང་མུ་ཏིག་དང་།། རིན་པོ་ཆེ་ཡིས་ཡན་ལག་བརྒྱན།། ལུས་ཀུན་ཀུ་ཤའི་གོས་ཀྱིས་གཡོགས།། སྐྱེ་བ་ཀུན་ཏུ་མི་ཡི་མཆོག། གཟུགས་དང་ལྡན་པར་གྱུར་པ་ནི།། དགེ་འདུན་དྲི ་བཟངས་ཕུལ་བ་ཡིས།། སྣ་ཚོགས་པཱ་ཡི་སྨན་རྣམས་ནི།། དེ་དག་དགེ་འདུན་ལ་ཕུལ་བས།། མྱ་ཛེ་ལ་སོགས་པའི་ནང་རྣམས་ཀྱི།། སྡུག་བསྔལ་མི་བཟང་པ་ལས་གྲོལ།། བཞིན་ནི་མཛེས་ཤིང་གསེར་རྣམས་དང་།། མཉམ ་ཞིང་ཁ་དོག་ཡིད་དུ་འོང་།། རྒྱལ་པོ་ཡི་ནི་འཚོ་བ་རྣམས།། གང་ཡིན་པ་དང་བྲལ་བ་འཐོབ།། མེ་ཏོག་ལ་སོགས་པའི་གཏམ་སྟེ་བཅོ་ལྔ་པའོ།། ། ས་བདག་འཁོར་ལོ་སྒྱུར་གང་ལ།། ཐལ་མོ་སྦྱར ་བ་བྱས་ནས་ནི།། མཁུར་བ་རྣ་རྒྱན་མཛེས་ལྟུང་བས།། གུས་ལྡན་ལེགས་པར་སྤྱི་བོ་ཡིས།། ལན་མང་དུ་ནི་ཕྱག་བྱེད་པ།། དེ་དག་སངས་རྒྱས་ཕྱག་བྱེད་པའི།། འབྲས་བུ་ཡིན་ཞེས་མཁས་རྣམ་སྒྲ།། སྐྱེས་པ་ཙམ་གྱིས ་གཙོར་འགྱུར་བའི།། རྟག་ཏུ་མཐོན་པོའི་རིགས་སྐྱེ་ཞིང་།། རྟ་དང་གླང་པོས་རྒྱུ་བྱེད་བྱ།། དེ་དགྲ་བླ་མ་འཕགས་པ་ལ།། ལེགས་པར་ཕྲག་ནི་བྱས་པས་ཡིན།། སྨན་པ་ཡིས་ནི་ཁྱབ་འགྱུར་ཞིང་།། ངེས་པར་ལེགས་པར ་འཛིན་པ་དང་།། གསལ་བར་བྱེད་པའི་འོད་ཀྱིས་ནི།། སྡུག་བསྔལ་ཐམས་ཅིང་སྤོང་བྱེད་ཅིང་།། ནང་ནི་ཐམས་ཅད་འཇོམས་པར་བྱེད།། འཇིག་རྟེན་དུ་ནི་བདེ་འགྲོར་ངེས།། མི་དྲོ་བང་གྲི་ནི་རྒྱུད་དུ་འགྱུར།། འབྲས་བུ་དཔལ ་དང་ལྡན་པ་ཡང་།། ཐུབ་དབང་ཕྱག་བྱས་པ་ལས་ཡིན།། འཁོར་ལོ་སྒྱུར་རྒྱལ་སྟོབས་གླགས་ལྡར།། ཡན་ལག་སུམ་ཅུ་གཉིས་མཚན་ལྡན།། རྒྱལ་འགྱུར་ས་སྟེངས་གཙོ་བོ་དྲི།། སངས་རྒྱས་ལ་ནི་ཕྱག་བྱས་པའི། ་འབྲས་བུ་ཡིན་པར་བློ་ལྡན་གསུངས།། དེ་ལྟར་ཡོན་ཏན་ཚོགས་ཤིས་བསྡུ།། ལུས་འདི་འཇིག་པར་ཤེས་ནས་ནི།། མཁས་པས་སངས་རྒྱས་ཕྱག་བྱ་ཞིང་།། ལུས་ཀྱི་ལས་ནི་ལེགས་པར་སྤྱང་།། ཕྱོག་གཅིག ་འཚལ་བར་གྱུར་པ་ཡིས།། འཁོར་བ་སྤོང་བའི་རྒྱུ་འཐོབ་ཅིང་།། འཁོར་བའི་འཇིགས་མཐོང་གུས་པ་ཡིས།། དེ་ལྟར་སུ་ཞིག་ཕྱག་མི་བྱེད།། ཕྱག་གི་གཏམ་སྡེ་བཅུ་དྲུག་པའོ།། ། ཀྲིཥྚ་སཱར ་སླར་མཛེས་གཟུགས།། སྐྱབས་ལྡན་འཛེམ་ཤིན་ཅུ་མ།། དགུན་རུས་བབྲི་ཁང་གོས་བཟོང་བགྲོས།། ཡིད་འང་མཛེས་མོ་ལ་འཁྱོད་ནསོ།། མི་དབང་གང་ཞིག་ཏུ་བྱེང་ཅིང།། རོ་མཆོག་སྣ་ཚོགས་ན་། ་རིན་ཆེན་སྣོད་བླུ་གས་འཐུང་བ་དེ།། དེ་དག་སྒྲོན་མེ་ཕུལ་བ་ཡི།། ཤིན་ཏུ་འབྲས་བུ་མངོན་ཡིན་པར།། ཡང་དག་རྫོགས་སྤངས་རིན་ཆེན་གསུངས།། འབར་ཤིང་མེ་ལྕེ་རྒྱས་དང་ལྡན།། ཁང་པའི ་ནང་དུ་མེ་འབར་གསལ།། དགུན་དུས་གྲང་བ་སེལ་བྱེད་པའི།། སྣང་བ་ཐུབ་པུའི་དབང་པོ་ནི།། མཆོག་ཏུ་གྱུར་ལ་ཕུལ་པ་ཡིས།། ལྷ་དང་མི་ཡི་འཇིག་རྟེན་ན།། གསལ་ཞིང་རབ་ཏུ་འབར་འགྱུར་དང་།། དྲི་ཟ་ལྷ་ནིན ་མི་འམ་ཅི།། བྱད་བཞིན་མཛེས་དྲང་ལྷན་ཅིག་ཏུ།། སྟོན་ཟླ་དང་འདྲ་རབ་མཛེས་པ།། སྡུག་པ་པ་པར་འཁྱུད་ནས་ནི།། ལུས་ནི་ཡིད་དུ་འོང་བ་དང་།། མཐོ་རིས་སུ་ནི་སྤྱོད་བྱེད་པ།། དེ་དག་གང་ཚེ་འཕགས་ཚོགས ་ལཱ། སྣང་བ་དང་བྱས་ཕུལ་བ་ཡིན།། རྐུན་མ་ལས་རྒྱལ་བཞོན་ཏེ་ལ་ལྡན།། ས་རྣམས་མ་ལུས་རྗེ་སུ་སྐྱོང་།། བྱང་བཟང་གསེར་གྱིས་ཡན་ལག་བརྒྱན།། དེ་དག་གིས་ནརྀ་སྣང་བུ་རྣམས།། ཕུལ་བྱའི་འབྲས་བུ ་འདི་དག་ཡིན།། སྣང་བའི་གཏམ་སྟེ་བཅུ་བདུན་པའོ།། རི་རྣམས་ཀྱིས་ནོ་དྲ་སྒྲིབས་པོ་དང་།། མཆོག་ཏུ་རིང་ན་གནས་པ་དང་།། ཤིན་ཏུ་ཕྲ་བའི་དངོས་པོ་དང་།། མཚན་མོ་སྐྲག་གིས ་བསྒྲིབས་པ་དག། གང་ཚེ་ལག་མཐིལ་གནས་པ་ལྟར།། དགེ་སློང་མ་འགགས་པ་ཡིས་མཐོང་།། དེ་ནི་བདེ་བར་གཤེགས་པ་ལ།། ཐུགས་ཕུལ་བ་ཡི་འབྲས་བུ་ཡིན།། སྤྱན་གྱིས་དངོས་ཀུན་གཟིགས་པའི ་བདེ་གཤེགས་མར་མེ་ཕུལ་བ་ཡིས།། སངས་རྒྱས་ཉིད་ནི་བརྙེས་ཤེས་གྲགས།། གླང་ཚ་ལག་མཐལ་གནས་པ་ལྟར།། ཕུལ་བའི་བཅོམ་ལྡན་གང་ཞེ་ན།། ཐུབ་དབང་དྲི་མེད་སྤྱན་ལ་ཕུལ།། རིང་དང་ཕྲ་དང་བསྒྲིབ་པ་དང་།། ་དཔག་ཚད་ཀྱིས་ཆོད་མཐོང་ལ་ལྟོས།། རྒྱལ་ལ་ཞུགས་མར་ཕུལ་བ་ཡི།། དེ་འབྲས་ཡིན་པར་ཐུབ་པས་གསུངས།། ས་བདག་རྒྱལྔ་པོ་གང་ཡིན་ལ།། ཟླ་བ་ལྟ་བུའི་གཟུགས་ལྡན་པ།། ཨུཏྤལ་ལྟ་བུར་མིག་དཀྱུས་རིང་།། ་གང་ཞིག་ལྷ་ཡི་འཇིག་རྟེན་ན།། གསེར་མདོག་འོད་ཀྱིས་སྣང་བ་ལྟར།། རང་གི་འོད་ཀྱིས་སྣང་བྱེད་པའི།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི།། ནོར་བུ་བརྒྱ་ཕྲགི་འོད་ཟེར་གྱིས།། ས་རྣམས་རྒྱུ་ཞིང་སྣང་བྱེད་པ།། དེ་དག ་ཤཱཀྱ་སེང་གཾ་ལ།། གུས་པར་མར་མེ་ཕུལ་བ་ཡིས།། རྒྱ་ཆེར་འཕེལ་བར་གྱུར་པ་ཡིན།། ལྷ་གོང་འཇིག་རྟེན་གསལ་བྱེད་ཅིང་།། ཨུཏྤལ་ལྟ་བུའི་མག་ལྡན་པ།། སྨིན་མ་ལེགས་ཤིང་གསེར་མ་གོ་ལྡན།། མིག ་སྡོང་དང་ནི་ལྡན་པ་པི།། བརྒྱ་བྱིན་ལྷ་ཡི་བདག་པོ་ཉིད།། ལྔ་ཡི་གདན་ལ་འདུག་པ་དང་།། གང་ཞིག་འདོད་བྲལ་ཚངས་པ་ནི།། འོད་གསལ་ལྷ་མཆོག་ཕྱག་བྱེད་ཅིང་།། ལྔ་ཡི་ཤིང་རྟ་གཡོ་བྱེད་པ།། སྟོན་པ་ཡི་ནི་རིང ་བསྲེལ་ལ།། ན་ར་མེ་ཕྲེང་བ་མོས་ཕུལ་བས།། འབྲས་བུ་རྒྱ་ཆེན་གྱུར་པ་ཡིན།། མར་མོའི་གཏམ་སྟེ་བཅོ་བརྒྱད་བའོ།། ། མི་དབང་དུས་ནི་ཐམས་ཅད་དུ།། ཉམས་དགའ་བ་ཡི་ཁང་བཟང་མཆོག ་རོས་མོའི་གནས་ཀྱིས་ཉམས་དགའ་རབ།། འཚོ་ཞིང་རྒྱལ་བའི་སྒྲ་སྒྲོགས་པ།། བཙུན་མོའི་འཁོར་དང་རོལ་བྱེད་པ།། བྱུང་བ་སེལ་བའི་ཁང་པ་ནི།། ཕྱོགས་བཞི་ནས་ནི་བྱོན་པ་སོ།། དགེ་འདུན་བཞུགས ་གནས་ཕུལ་བས་ཡིན།། ཐུབ་པ་འཕགས་པའི་དགེ་འདུན་བཅས།། གཙུག་ལུག་ཁང་གྱི་དོན་དུ་ནི།། ཚིག་གྷྲ~ཾས་རབ་ཏུ་བསྐུལ་པོ་དང་།། ཚོགས་པ་ཡི་ནི་གྲོགས་བྱེད་ཅིང་།། ངེས་པར་དུས་སུ་འགྲོ་བྱེད་པ།། གཉིད་ལྷག ་འམ་ལངས་པ་ནི།། བསོད་ནམས་རྒྱུནྡ་ན་ཚད་མེད་འཕེལ།། ཤེས་རབ་དྷི་རྗེ་མཚོན་ཆ་ཡིས།། ཕྱིན་ཅི་ལོག་གི་རི་བཅོམ་ནས།། ས་དང་བཅས་པའི་ཁང་བཟེངས་འགྱུར།། དགེ་འདུན་ལ་ནི་ཡོ་བྱེད་དང་།། ལོངས་སྤྱོད་བཟང ་པོ་དང་བཅས་པ།། གྷཙུག་ལྡེག་ཁྱོད་ནི་གང་ཞིག་བྱེད།། རྣམ་པར་རྒྱུ་ལ་བའི་ཁང་བཟངས་ནི།། རོནྡ་རྒྱུན་མཆོག་གི་རང་བཞིན་གྱི།། རྩིག་པ་ཀཱ་པཱ་གདུང་ལྡན་པའི།། མཛེས་དང་ལྷན་ཅིག་དུས་ཀུན་ཏུ།། དྭེ་ནི་ལྷ་ཡི་འཇིག ་རྟེན་འདིར།། ཡུལླ་རཱི་སྱཱ་དུ་ནི་མངོན་པར་དགའ།། དཔལ་དང་ལྡན་པའི་བླ་རེ་དང་།། སྣ་ཚོགས་ཀྱི་ནི་གོས་ཀྱིས་སྤྲས།། ཁང་བཟངས་མཆོག་ནི་ཡིད་འཕྲོ་བ།། ཡང་དག་གནས་པར་གྱུར་པ་ནི།། ཡོན་ཏན་ཚོགས་ལྡན་ཕུལ ་བ་ཡྲྀད་བརྒྱ་བྱིན་གྱི་ནི་ཁང་བཟངས་མཆོག། རྣམ་པར་རྒྱལ་བྱེད་ཐོབ་པ་ཡིན།། གདུག་ལག་ཁང་བཞེངས་པའི་གཏམ་སྟེ་བཅུ་དགུ་པའོ།། ། ཕྱོགས་དང་སྟན་ནི་མཉམ་པ་རུ།། འབོལ་སྦྱིན་ཡི་ནི ་ཆུབ་ནི།། ནུ་མྱ་རྒྱས་དང་ལྷན་ཅིག་ཏུ།། མ་ལཱ་སྤྱན་ལ་ནི་ས་བདག་ཉལ།། ཉེས་པའི་ཚོགས་སྤངས་དམ་པ་ལ།། དེ་ཡིས་མཎྜལ་དུལ་བས་ཡིན།། རྐང་རྟེན་དང་བཅས་ཁྲི་ལ་ནི།། སྣ་ཚོགས་གོས་ཀྱིས་བརྒྱན་ལ་འདུག། ་དབྱངས་སྙན་རོལ་མོ་དང་མགྲོན་བསྡེབས།། རིན་ཚྭན་རང་བཞིན་སྟན་ལ་ནི།། དྲི་ཞིམ་བྷཱ་ཡིས་བྱུགས་པ་ཡིས།། དད་ལྡང་མལ་དང་ལྡན་པ་ལ།། དཔུང་པ་ལ་ནི་མགོ་བརྟེན་ནས།། ཡུནྡ་རཱིང་ལྷ་ཡི་ཁང་པ་རུ།། འཇིགས་པ་མེད ་བྱོར་བདེ་བྱིར་ཉལ།། དེ་དག་མལ་ཆེ་སྟན་རྣམས་ནི།། དགེ་འདུན་རྣམས་ལྔ་ཕུལ་བ་ཡིས།། འདི་ནི་འབྲས་བུ་ཡིན་པར་བེ་ཤད།། ག་པུར་ཙནྡ་དན་ཨ་ཀཱ་རུ།། ལུས་ཐུགས་པ་ཡི་ལྷ་མོ་ནི།། ནུ་མྦྷ་ཟུང་ལྡན་ལུས་བརྟེན་ནས།། ་གོས་མཆོག་འདོལ་སྟན་ལ་རྟག་ཉལ།། དེ་དག་མཆོད་རྟེན་རྣམས་ལ་ནི།། གདུགས་དང་གོས་ཁྲི་ཕུལ་བས་ཡིན།། མལ་ཆ་དང་སྟན་གྱི་གང་མ་སྟེ་ཉི་ཤུ་པའོ།། ། གླིང་བནི་ལས་ནི་རྣམ་རྒྱལ་ནས། ་སྟོབས་ལྡན་བརྒྱ་བྱིན་གནས་བྱིན་ཏེ།། ང་ལྟས་ནུ་ཡིས་སུམ་ཅུ་གསུམ།། བདུག་པོའི་སྙན་ཕྱེང་དབང་བྱས་ནས།། འདོད་པའི་བདེ་བའི་དགའ་བ་ནྱོ་དཱཾ།། ཞག་བདུན་པར་དུ་དབྱིག་རྣམས་ཀྱིས།། ཆར་ནི་ཁང་པར་དཔོག་མེད ་པིབ། དེ་དག་ལྷུང་བཟེང་དུ་གཏོར་བའི།། སྦྱིན་པ་ཆེན་པོ་དེ་ཡི་ནོ།། འབྲས་བུ་ངོ་མཚར་ཆེན་པོ་ཡིན།། སྣོད་ནི་དེ་དང་དེ་དག་གི། རྒྱུ་བཞི་ངག་ལ་བརྟེན་པ་ཡིས།། སྡུག་བསྔལ་ལ་སོགས་བྱེ་བྲག་གིས།། འབྲས་བུ་ཐ་དདཿ ་དད་འགྱུར།། དེ་ཕྱིར་མི་དབྱུང་ཁྱད་འཕགས་རྒྱལ།། ཟླ་བ་ལྟ་བུའི་བཞིན་དང་ནི།། ཨུཏྤལ་ལྟ་བུའི་ཁ་དོག་དང་།། མི་རྣམས་ནང་དུ་རྟག་པར་ནི།། དྲི་མེད་མིག་ལྡན་རོ་སྟོད་ཡངས།། དགའ་ཞིང་སྙུན་དང་མྱལ ་ཚྭ་དང་།། ཟས་དང་སྣོད་དུ་ལྡན་པ་ཡི།། མི་རྣམས་སྦྱིན་པས་ཡང་དག་འཐོབ།། མི་མཆོག་གིས་ནི་ནང་པ་དང་།། དམུན་པ་དང་ནི་དབུལ་བ་རྣམས།། སྙིང་རྗེ་ཅན་གྱིས་སྦྱིན་བཏང་བས།། དཔལ་ལྡན་ཡང་དག་ཁྱུད་འཕགས་འགྲོ།། ་མི་དབང་བརྡྷ་བྱིན་དང་མཉ་མྲ་རྩེ།། དགའ་ཞི་བུ་དང་བྲན་གཡོག་བཅས།། ཟླ་བ་དང་འདྲ་བཞིན་གྱི་མཆོག། མིག་ཡངས་ལུས་ནི་ཉི་མ་བཞིན།། གྲགས་པ་སྙན་པ་དགྲ་དང་ལྡན།། མི་དབང་དགྲ་ཡི་སྟོབས་འཇོམས་ཤིང་།། ་བདྲ་བ་ཐམས་ཙོད་འཐོབ་པ་ནི།། དེ་ཡིས་རང་གི་བླ་མ་དང་།། ཕ་མ་རྣམས་ལྷ་སྦྱིན་ལས་བྱུང་།། གང་ཞིག་རྟ་དང་ཤིང་རྟ་གླང་།། ཞོན་ལ་སྐྱེ་བོའི་ཚོགས་ཕྱག་འཚལ།། གསེར་གྱི་ཡུ་བ་དང་ལྡན་པ།། ཟླ་བའི་དབྱིབས་དང་ལྡན་རྩཝ ་ཡིཉི་མའི་འོད་ཟེར་ཟློག་བྱེད་ཐོགས།། མི་དབང་མཆོག་ཏུ་གྱུར་པ་སྟེ།། འཁོར་ལྷོ་སྒྱུར་བྱེད་རྒྱལ་པོ་ནི།། ས་རྣམས་དབང་ཕྱུག་དང་བཅོས་པའི།། གང་ཞིག་རྒྱལ་པོར་གྱུར་པ་ཡི།། ཡང་དགེ་ཞིང་ལ་དེ་དག་གོས།། སྦྱིན་པའི ་ས་བོན་སྦྱངས་པ་ཡི།། ཡོན་ཏན་མཆོག་གི་འབྲས་དེ་ཡིན།། དམན་པའི་སྣོད་ལ་སྦྱིན་པ་ཡིས།། མང་དུ་བྱིན་ཡང་འབྲས་བུ་ཉུང་།། ཡུར་མ་ཚེ་མའི་སྐྱོན་བཅས་དང་།། རྡོ་བའི་སྟེང་གི་ཞིང་རྣམས་ལ།། ས་བོན་མང་པོ་བཏབ་པ ་བཞིན།། འདོད་ཆགས་ཞེ་སྡང་གཏི་མུག་སྤང་།། ཡོན་ཏན་གྱིས་བརྒྱན་ཞིང་ཝ་སྦྱིན།། ཉུང་ངུ་བྱིན་ཡང་མང་དུ་འབྱུང་།། ནྱ་གྲོ་དྷ་ཡི་ས་བོན་བཞིན།། ཞིང་གི་གཏམ་སྡེ་ཉི་ཤུ་གཅིག་པའོ།། ་གང་གིས་ཆོས་ཀྱི་སྦྱིན་བྱིན་ཞིང་།། བྲི་བ་དང་ནི་ཉན་པ་དང་།། རྟག་ཏུ་དེ་དག་སེམས་ཉིད་དང་།། གལ་ཏེ་ཡང་དགེ་སྒོམ་བྱེད་ན།། སྐྱེ་བ་དྲན་པ་རྟག་ཏུ་འཐོབ།། གང་ཞིག་ལྔ་ཡི་འཇིག་རྟེན་ན།། དཔག་བསམ་གྱི་ནི་ཤིང་གི ་མཆོག། དོན་རྣམས་ཐམས་ཅད་འགྲུབ་བྱེད་པ།། ལྷ་ཚོགས་བདེ་བའི་མཆོག་གྱུར་པ།། དེ་ནི་བ་མཆོག་བྱིན་པ་ཡི།། རྒྱ་ཆེ་བ་ཡི་འབྲོས་བུ་ཡིན།། གང་ཐིག་མངལ་དུ་རྫོགས་པར་ནི།། གཙང་ཞིང་ཡིད་འོང་རོ་མྱང་ལ།། མར་དང ་སྦྲང་རྩི་སྟོབས་དང་ནི།། གང་ཞིག་འོ་མ་འཐོང་ཚེ་ཡང་།། པདྨའི་གེ་སར་མདངས་ལྡན་པ།། ཁུ་ལྷོའི་དུ་ང་ཡིན་པར་འཐུང་།། སྐྱེད་རྫོགས་ནས་ཀྱང་དེ་བཞིན་ཏེ།། བདུད་རྩིའི་མཆོག་ཀྱང་འཐུང་བྱེད་པ།། དེ་ནི་བ་མཆོག་བཏང་ལས ་བྷྱང་། སཱངྒིའི་ཁྲི་ནི་རབ་དགའ་ཞིང་།། མཛེས་པ་གུས་པའི་ཆོས་ལྔ་ནི།། རིམ་པ་བཞིན་དུ་དུས་ཕུལ་བས།། གཞིག་པ་མོ་ནུས་རྡོ་རྗེ་གདན།། རབ་མཆོག་སེང་གེའི་ཁྲི་ལ་བཞུགས།། ལྷ་ཀྲཱྀ་གྲུབ་པ་ཕྱག་འཚལ་འགྱུར།། ་གསེར་གྱི་སྣོད་དུ་རྟག་ཏུ་དེར།། རོ་ལྡན་འོ་མ་བླུགས་ནས་ནི།། མི་ཡི་མཆོག་ནི་འཐུང་བྱེད་ཅིང་།། དཔལ་ལྡན་ཕུན་སུམ་ཚོགས་པ་དང་།། པདྨའི་མདོག་ལྡན་བུད་མེད་རྙེད།། དེས་ནི་མ་ཧེ་མཆོག་བཏང་ཡིན།། རྟག་ཏུ ་@ནད་པ་ཉམ་ཆུང་ལོ།། བཞོན་པ་མཆོག་ནི་སྦྱིན་པ་དང་།། བླ་མ་རྣམས་ནི་མཉེས་བྱས་ནས།། བཙུན་ཞིང་མི་རྣམས་ཀྱིས་སྟོང་འགྱུར།། གསེར་གྱི་ཆུས་ཀྱིས་བརྒྱན་པ་ཡི།། རྟ་ནི་ཡིད་དུ་འོང་བ་ལ།། མཱི་མཆོག ་རྟག་ཏུ་ཞོན་ནས་རྒྱུ།། ཤིན་ཏུ་རིང་བའི་ཡུལ་རྣམས་སུ།། རྫུ་འཕྲུལ་གྱིས་ནི་འགྲོ་བྱེད་པ།། བཞོན་པ་མཆོག་ནི་སྦྱིན་པ་ཡིས།། དེ་ལྟ་བུ་ཡི་མི་རུ་འགྱུར།། དོ་ཤལ་དང་ནི་དོ་ཤལ་བྱེ་།། འོག་བག་དང་ནི་ལྡན་པ་ཡི།། ཡིད་འོང ་མོ་རྣམས་ལ་རྩེ།། སུམ་ཅུ་རྩ་གསུམ་བདག་བསྐྲུན་པ།། བལྟོས་པ་མེད་པར་སྦྱིན་པ་ལས།། བྱུང་བར་མཁས་རྣམས་རབ་ཏུ་བཤད།། བདུད་ཀྱི་ཟིལ་གྱིས་མི་ནོན་ཅིང་།། ལྕོགས་པར་གསུངས་པ་རྟག་ཏུ་ནི།། བདུད་རྩི་ལྷ ་བུར་མཉན་པར་གྱིས།། ས་གཞི་ལྟ་བུར་ཆོས་ཀྱི་ཡུམ།། ཉོན་མོངས་དགྲ་ནི་སྤོང་བར་བྱེད།། འཁོར་བའི་བདེ་བ་ཉམས་མྱོང་ཞིང་།། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི།། རབ་མཆོག་ཉིད་ནི་ཐོབ་པར་འགྱུར།། དུབ་པའི་དུས་ནི ་ཐམས་ཅད་དུ།། མཁས་པས་གནས་ནི་ཕུལ་བ་ཡིས།། མཐོ་རིས་ཕྱིན་ནས་རྟག་ཏུ་དགའ།། བརྒྱ་བྱིན་དང་ནི་ལྷན་ཅིག་ཏུ།། རྟག་ཏུ་དགའ་བ་མྱོང་བར་བྱེད།། འདིར་ནི་སྐྱེད་མོས་ཚལ་ཕུལ་བྱས།། སྣ་ཚོགས་པ་ཡི་ཤིང་རྣམ ་ལ། ཁེ་ཏོག་དྲི་ཞིམ་དང་ལྡན་ཞིང་།། མངོན་པར་མཐོ་བའི་མིང་ཐོབ་ནས།། སྐྱེད་མོས་ཚལ་རྣམས་ལོངས་སྤྱོང་ལྡན།། ཆུ་བོ་རྒལ་བར་དཀའ་བ་ཡི།། གནས་སུ་ཟམ་པ་འཛུགས་བྱེད་པ།། མི་དེ་ལོངས་སྤྱོད་དང་ལྡན་པའི།། མཐོ་རིས ་གནས་སུ་འགྲོ་བར་འགྱུར།། གསེར་མདོག་ལྟ་བུའི་ལུས་དང་ལྡན།། ཉམས་དགའ་རྫིང་བུ་བྱེད་པའི་མི།། མཐོ་རིས་གནས་ནི་ཐོབ་པར་འགྱུར།། འཇིག་རྟེན་འདི་རུ་མིར་གྱུར་ནས།། རྒྱལ་པོ་ཡི་ནི་དགའ་བདེ་ཐོབ།། ཁྲོན་པ་ཡཱ་ནི་བུ་ཉེན་ཁང་།། ་སེམས་ཅན་རྣམས་ནི་རྟེན་པ་དང་།། ཐུན་པ་གྲགས་པས་རློབ་གྱུར་པ།། བྱེད་པའི་མི་མཆོག་གང་ཡིན་པ།། ལྷ་ཡི་བདེ་བ་མྱོང་བར་འགྱུར།། ཉི་མའི་འོད་ཟེར་ཆེ་བ་ཡིས།། ཤིན་ཏུ་སྡུག་བསྔལ་ལྡན་པ་ལ།། གང་ཞིག་གདུགས་ནི ་སྦྱིན་བྱེད་པ།། གདུགས་དང་འདྲ་བར་དེ་དག་ནི།། དགྣ་ཡི་ཚོགས་ལས་རྒྱལ་འགྱུར་ཞིང་།། རྟག་ཏུ་བདེ་བ་མཆོག་དང་ལྡན།། མཆིལ་ལྷམ་རྒྱན་གྱིས་བརྒྱན་པ་ནི།། སེམས་ཅན་ཐམས་ཅད་དག་ལ་ནི།། གུས་པ་ཡིས་ནི་སྦྱིན་བྱེད་པ ་དེ་དག་བཞོན་པ་མཆོག་རྣམས་ལ།། ལྷ་དང་མི་ཡི་འཇིག་རྟེན་དུ།། ཡུན་རིང་ཞོན་པར་སྐྱེ་བར་འགྱུར།། ཡོན་ཏན་རྣམས་ནི་སྒྲོགས་པ་ཡིས།། རྒྱལ་བ་མཆོག་གིས་བསྟོད་བྱེད་པ།། ཐམས་ཅད་དག་ནི་བཏུང་བ་ཡིས།། ལུས་ཀྱི ་ཕྱག་ནི་འཚལ་བྱེད་པ།། བླ་མར་བསྟེན་པའི་རིགས་སྐྱེ་ཞིང་།། དྭེ་དགེ་སོ་སྟོང་རིག་པ་འཐེབ།། རྫུ་རྞ་པཱ་ཝང་པ་ཊ་ཧ་སྭ།། བདེ་བར་གཤེགས་མཆོག་མཆོད་བྱེད་པ།། མིར་གྱུར་ནས་ནི་དབྱངས་སྙན་ལ།། སྒྲ་ནཱི་ཤིན་ཏུ་སྙནྡ་པར་འོས ་ཡིད་དུ་འོང་བའི་གཟུགས་དང་ལྡན།། བདེ་བར་གཤེགས་པའི་མཆོད་རྟེན་ལ།། དགའ་བས་སྲོག་ནི་འཇུག་བྱེད་ཅིང་།། གདུགས་དང་དྲིལ་བུ་རྣམས་དང་ནོ།། གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ།། དེ་དག་མིར་ནི་རྒྱ་ཆེ་ཞིང་།། དཔལ ་ནི་ཕུན་སུམ་ཚོགས་པར་འཐོབ།། མིར་གྱུར་པ་ནི་མ་ལུས་པའི།། བདག་པོ་ཉིད་ནི་སྟོབས་དང་ལྡན།། དཔུང་རྒྱན་མུ་ཏིག་རྒྱན་ལྡན་པས།། ས་རྣམས་སྦྱིན་པར་བཏང་བ་ལས།། ཡིན་པ་རུ་ནི་མཁས་པ་འཆད།། ་མཆོད་རྟེན་དང་ནི་རྒྱལ་བ་ཡི།། སྐུ་མཆོག་རྣམས་ནི་བཞེངས་བྱེད་པ།། གདུགས་ལྡན་སྐུ་གདུང་འཇུག་བྱེད་པ།། མཐོ་རིས་ཡང་དག་འདི་རེ་ཐོབ་ནས།། མི་རྣམས་ཀྱིས་ནི་བསྟོད་པར་འགྱུར།། གང་ཞིག་དང་པོ་སངས་རྒྱས་ལ།། ་དང་ལྕི་བས་བྱུགས་ནས་ནི།། མེ་ཏོག་འབྲས་བུ་ཟས་སྐོམ་ཕུལ།། རྟག་ཏུ་མཆུང་བ་བྱེད་པ་ནི།། རྒྱལ་པོའི་བུ་ནི་ཐོབ་པར་འགྱུར།། རྒྱ་ཆེན་མར་མེ་སྣ་ཚོགས་དང་།། དྲི་ཞིམ་མེ་ཏོག་བདུག་པ་དང་།། བུ་རམྦ་ལ་སོགས་བཏོང་བ་རྣམས ་དགེ་འདུན་ལ་ནི་འབུལ་བྱེད་ལ།། དེ་ཡང་ནོར་དང་ལྡན་འགྱུར་ཞིང་།། ལྷ་མིའི་བདེ་བ་དག་དང་ལྡན།། མཆོད་རྟེན་གདུང་བཅས་གཙུག་ལག་ཁྲིང་།། མི་གང་འབད་པས་ཉེན་འཁོར་ཕྱུགས།། ཀུན་ནས་དྲི་མ་མེད་བྱེད་པ།། གསེར་གྱི ་ཁ་དོག་འདྲ་བར་འགྱུར།། རྟག་ཏུ་སྣང་བ་འབུལ་བྱེད་ཅིང་།། གྲང་དུས་གིས་དང་ཁྱང་པ་དང་།། རྐྱེན་དང་བུ་མོ་བཏུད་པེ་བྱིན།། སྐྱེ་གནས་རྣམསུ་བདེ་ལྡན་འགྱུར།། ས་སྟེངས་དུ་ནི་ཚེ་རིང་ཞིང་།། ཐམས་ཅད་ནད་ལས་གྲོལ་བར་འགྱུར། ་མཉམ་པ་མེད་པའི་བདེ་བ་འཐོབ།། དེ་དག་རྟག་ཏུ་བདེ་དང་ལྡན།། ལྷ་ཡི་བདེ་བ་སྣ་ཚོགས་པ།། ཉམས་སུ་མྱོང་ཞིང་འབྱུང་འགྱུར་བ།། སྲོག་གཅོད་སྤངས་པ་ལས་ཡིན་པར།། ངེས་པར་མཁས་པ་རྣམས་ཀྱིས་བསྟན།། གཞན ་མཐོང་བརྣབ་སེམས་མི་བྱེད་པ།། ཆོམ་རྐུན་ལས་ནི་དབེན་གྱུར་ཅིང་།། རྫས་ནི་ཡོངས་སུ་སྲུང་བར་བྱེད།། གསེར་ནི་དཔག་མེད་ཕུན་ཚོགས་ཐོབ།། རྐུན་མ་བརྒྱ་ཕྲག་དྲག་ཡིས་ནི།། མི་དབང་ལས་ནི་དཔལ་མི་ནུས།། ཆུང་མ་གཞན་ལ་མི ་འཕྱོ་ཞིང་།། ལེགས་བསྲུངས་ཆུང་མ་མཉམ་མེད་རྙེད།། སྐྱེ་བར་དགྲར་གྱུར་ཅུང་ཟད་མེད།། འདིར་ནི་འཇིག་རྟེན་ཡིད་རྟོན་ཅིང་།། དེ་ལ་ཡིད་མི་ཆེས་ཡིད་མིན།། དི་དང་དེར་ནི་སྐྱེ་བ་ན།། ཨུཏྤལ་སྔོན་པོ་ལྟ་བུར་ནི།། དྲི་དང་ཡིད་དུ་འོང་བའི ་གཟུགས།། དེ་ནི་མི་འགྱུར་ཁ་དྲི་ཞིམ།། བརྫུན་གྱི་ཚིག་ཀྱང་སྒྱུ་མ་ཡིན།། ངམཱ་པ་ཡི་ནི་གྲོགས་ལྡན་ཞིང་།། མི་དབང་གིས་ནི་གུས་པས་མཆོད་།། བུ་དང་ཆུང་མ་བྲན་དང་ནི།། ལོང་སྤྱོད་རྒྱུ་ནི་ཆེན་པོ་ཡིས།། དཔག་ཏུ་མེད་པའི་བདེ ་ཐོབ་པ།། རྟག་ཏུ་པྲ་མ་སྤངས་པ་ཡིན།། ཡང་དུ་འོང་ཞིང་སྒྲོ་སྙན་ལ།། ངག་ནི་མཉན་པར་འོས་པ་དང་།། རྟག་ཏུ་ཤིན་ཏུ་མཛེས་པ་དང་།། མི་རྣམས་དང་ནི་ལྷ་རྣམས་སུ།། དེ་རྒྱལ་ཚིག་ནི་རྩུབ་མོ་དག། མི་དེ་ཡིས་ནི་སྤངས་པས་ནི།། ་ཆོས་དོན་བདེན་ལ་དགའ་བ་ཡི།། སྨྲ་བ་དེ་ནི་འཇིག་རྟེན་གྱི།། རྟག་ཏུ་མཆོག་ཏུ་ཡིད་འོང་འགྱུར།། ཡང་ཡང་མཆོད་པ་དེ་ཡིས་འཐོབ།། རིན་ཆེན་མ་དང་བཞིན་པས་ཕྱེག། མངོན་མཐོ་འཇིག་རྟེན་སྣ་ཚོགས་པའི།། བདེ་བ་མཐའ ་ཡས་མྱོང་བར་གྱུར།། བདག་གཞན་ཆགས་པ་སྤངས་པ་ཡིས།། དེ་འདིར་འདོད་ཆགས་ཆུང་འགྱུར་ཞིང་།། རྟག་ཏུ་ལོངས་སྤྱོད་རྒྱ་ཆེན་ལྡན།། ངག་ལ་དབང་ཞིང་གྲགས་ལྡན་འགྱུར།། རབ་ཏུ་མཛེས་པ་ཉིད་འཐོབ་ཅིང་།། ། རྟག་ཏུ་ཕྱུག ་ཅིང་བདེ།། རྒྱུལ་སྲིད་ཀྱིས་མཐོ་འཇིག་རྟེན་གྱི།། ཚངས་པ་ཉིད་ནི་ཐོབ་འགྱུར་ཞིང་།། ཡང་དག་བྱམས་པའི་སེམས་ལྡན་ལ།། དབང་པོ་ཡོད་པའི་མི་རུ་སྐྱེ།། མཐོ་རིས་ཐར་འབྲས་བདེ་བ་ཐོབ།། ཡང་དག ་དང་མཱི་དེ་ལྡན།། གང་ཕྱིར་འདི་དག་ཐམས་ཅད་ནི།། ཡང་དག་ལྟ་བ་མཆོག་ཏུ་ནི།། དགེ་བའི་རྩ་བའི་འབྲས་བུ་ཡིན།། དད་དོང་བློ་གློས་དང་ལྡན་པའི།། བསོད་ནམས་ཀྱི་ནི་ཞིང་མཆོག་ལས།། ས་གསུམ་བདེ་བ་རྒྱ་ཆེན་སྐྱེ།། དེ་ལྟའི་བྱད ་པར་མི་ཤེས་ནས།། ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི།། གཏེར་དུ་གྱུར་པའི་དད་པ་ཡི།། རྟག་ཏུ་དེ་ཡིས་བསྟེན་པར་བྱ།། དད་པ་ཡིས་ནི་མ་བཞིན་དུ།། དགེ་བ་རྣམས་ནི་བསྐྱེད་པར་བྱ།། དེ་བས་ཐོག་མར་སྐྱེས་བུ་ཡིས།། ཡིད་ཀྱིས ་ལེགས་པར་བསྟེན་པར་བྱ།། དབྱུང་གནས་དད་པ་སྤངས་པ་ཡི།། དྲིམ་ཆོས་རིན་ཆེན་བྱང་ཆུབ་ཕྱོགས།། ངེས་པར་གཟུང་བར་ནུས་མ་ཡིན།། རྒྱལ་པོ་ལས་ནི་ཉམས་པོ་ཡིས།། ལོངས་སྤྱོད་འབྲས་ལོས་ཉམས་པ་ལྟར།། དང ་བའི་དབང་པོའི་ས་ཉམས་ན།། དེ་བཞིན་འབྲས་རྣམས་ཐོབ་མ་ཡིན།། དེ་ཕྱིར་སྐྱེས་བུ་མཁས་པ་ནི།། འཇིག་རྟེན་པད་གཤེགས་བྱེད་འདོད་པས།། ཡིད་ནི་རབ་ཏུ་དྲང་བ་ཡིས།། རྟག་ཏུ་ཕན་པ་ཉིད་དུ་གྱིས།། ལྷག་མས་ཉེས ་པ་ཞི་མ་ཡིན།། གཞན་དུ་དད་པ་དང་ལྡན་པའི།། ཉེས་པའི་ཚོགས་ནི་ཐམས་ཅད་བསྲེགས།། དམན་ཞིང་གྲོས་མེད་རྨོངས་པ་དང་།། ལག་པ་ན་ནི་ཐོད་པ་ཐོག། འཇིག་རྟེན་འདི་ནི་སློང་བ་སྣང་།། སྦྱིན་པ་མེད་པའི་འབྲས་ལ ་བལྟོས།། བ་དང་ཁྱིམ་དུ་སྐོང་ཞིང་རྒྱུ།། རྟག་ཏུ་བཀྲེས་པར་ཀུན་ཏུ་འཁོར།། གླུང་ཞིག་ལུསྭཱ་ལག་སྐྱོང་དུ་ལ།། ཁྱི་དང་འདྲ་བར་རིང་ན་གནས།། ཀུན་ཏུ་འཇུག་ཅིང་སྐྱོང་བ་ལ།། ཕྱིར་ལྡོག་ཉུང་ཤཱས་ཕྱོགས་ཅིག་ཀྱང་།། གླང ་ཞིག་ཁ་ཟས་མི་སྟེར་བ།། ཁྭ་ནི་ཁོ་བ་ཙམ་ལྟོ་བ་རི།། ལུས་བསྐམས་སྐྲ་ཡི་གོས་ཀྱིས་ནི།། ཉི་མའི་འོད་ཟེར་སྣང་མིན་ལ།། ཡི་དགས་སྐོམ་གྱིས་གདུངས་པ་སྣང་།། འབྲས་དེ་ལྕོག་གིས་མ་བྱིན་ཞིང་།། དུས་མ་སྦྱིན་པའི ་འབྲས་བུར་གསུངས།། སྣ་ཚོགས་བསྡུས་པའི་གཏམ་སྟེ་ཉི་ཤུ་རྩ་གཉིས་པའོ།། ། བསོད་ནམས་སྤྲོ་བསྐྱེད་མཉན་པར་གྱིས།། གཏོང་དང་བསོད་ནམས་དཀོན་པ་སྟེ།། ཕྲེང་བར་གཤེགས ་བའི་སྐུ་གཟུགས་ལ།། སྐུ་གདུང་རྣམས་ནི་བཅུག་བྱས་ན།། ཁྱུས་གསོལྔ་གདུགས་ནི་འདེགས་པ་དང་།། མཎྜལ་ཟས་དང་སྐོམ་རྣམས་ངོང་།། གློས་དང་མེ་ཏོག་ལྔ་སོགས་དང་།། སྣང་བ་དང་ནི་མར་མེ་དང་།། གརྦྷེགླཻ ་ལག་ཁང་དུ་མལ་སྟན་དང་།། ཉིང་དང་སྣ་ཚོགས་ཕུལ་ནས་ནི།། བསྟོད་ཅིང་ཕྱག་ནི་འཚལ་བྱེད་པ།། འདི་བ་དུ་མ་ཕུན་སུམ་ཚོགས།། གཏམ་ནི་ཉི་ཤུ་རྩ་གཉིས་ཀྱིས།། ཡང་ཡང་སྦྱིན་པའི་བསྔགས་པ་བརྗོད།། མཚ ་ནི་སྦྲུལ་གྱི་གང་བཞིན་དང་།། མེ་ཏོག་ལོ་མི་རྒྱས་པ་ཡི།། ལྗོན་ཤིང་ཚེར་མ་དང་བཅས་བཞིན།། ཐོས་དང་དཔྱོད་དང་རིགས་ལྡན་བཞིན།། དེ་ལྟ་བུ་ཡི་བྱེ་བྲག་ཅན།། ཚུལ་ཁྲིམས་ལ་ནི་རྒྱོབ་ཕྱོགས་ཡིན།། དངུལ་ཡང ་ཁྲིམས་ལྡན་མཆོག་ཡིན་གྱི།། ཡོན་ཏན་བརྒྱན་དང་བྲལ་བ་ཡི།། ནོར་ལྡན་རྣམས་དང་མཚུངས་མ་ཡིན།། དབུལ་ཡང་སྐྱེས་བུ་དམ་པ་རྣམས།། དེ་དག་ཡོན་ཏན་རོ་མྱོང་བསྡུ།། བདུད་ཎྜཱི་ལྟ་བུར ་ཁྱད་པར་འཕགས།། ཡང་དག་དྲན་བྱ་བླ་མ་བཞིན།། ཡོན་ཏན་ལྡན་འཕགསོ་གཟི་བརྗིད་ལྡན།། ནོར་རྣམས་དང་ནི་རྒྱན་དུང་ནི།། དེ་དག་རྒྱལ་པོ་རྣམས་ཀྱིས་ནི།། དྲུང་དུ་ཉེ་བར་མཆོད་འདོད་པས།། ཚུལ་ཁྲིམས་འདི་ནི་བསྲུང ་བོར་གྱིས།། འཇིག་རྟེན་བདེ་བ་རྣམ་རྒྱལ་བའོ།། འཇིགས་དང་ཞེ་སྡང་བཅས་པ་ལ།། ཆོས་ཀྱི་བདག་ཉིད་བློས་བྱས་ཏེ།། བདེ་མཆོག་ཕྱིར་ནི་སྐྱེས་བུ་ཡིས།། བདེ་བ་རྒྱ་ཆེན་མི་འཕྲོགས་པ།། ཐོབ་པར་འདོད་པ་དེ་ཡིས ་ནི། ཚུལ་ཁྲིམས་ཉིད་ནི་བསྲུང་བར་གྱིས།། ཚུལ་ཁྲིམས་ལས་ཉམས་འདུལ་ཞིང་འཚེ།། དེ་ཡིས་འཇིགས་བཅོས་ཉམསུ་མྱོང་།། ཚུལ་ཁྲིམས་ལྡན་ལ་དེ་དག་མེད།། དཱི་ནསྒྲ་འཇིག་རྟེན་ཕ་རོལ་ཏུ།། མཐའ་ཡིས་གཏས?། ་ཤིང་འགྲོ་བ་ན།། བདེ་བའི་ཡུལ་རྣམས་འདོད་པ་ཡིས།། དེ་ཡིས་ཚུལ་ཁྲིམས་འདི་ཉིད་སྲུངས།། ཚུལ་ཁྲིམས་བརྟན་དང་ངོས་ལྡན་ན།། བདེ་འགྲོ་ཉོན་མོངས་བདག་ཉིད་མིན།། ལོག་པར་ལྟ་བས་ལམ་གྲོལ་ཕྱིར།། ་དེ་ཕྱིར་ཐར་བར་རབ་བྱུང་ཞིང་།། རྟགས་ལྡན་མཐོ་རིས་འདོད་པ་ཡིས།། དེ་ཡིས་ཚུལ་ཁྲིམས་འདི་ཉིད་སྲུངས།། མི་འཇིག་དབྲོག་ཏུ་མེད་པའི་རྒྱན།། ཚུལ་ཁྲིམས་འདི་ཡིན་བསྲུང་བར་གྱིས།། ཚུལ་ཁྲིམས་ནོར་གྱི་མཆོག ་ཡིན་ཏེ།། གཞན་གྱིས་དབྲོག་ཅིང་རྒུར་མི་ཚུགས།། ཚུལ་ཁྲིམས་བརྟེན་ཏེ་འཆི་བ་ན།། གཞན་དུ་རྗེས་འབྲངས་ལུས་མ་ཡིན།། ཚུལ་ཁྲིམས་རྗེས་སུ་འབྲང་བའི་གྲོགས།། ཚུལ་ཁྲིམས་རྒྱན་གྱི་མཆོག་ཡིན་ཏེ།། རྒྱན་དེ་ལ་ནི་སྟོར་བ་མེད།། ་ཡིད་བཅུགས་པ་ཡི་གྲོགས་པོ་ཡིན།། ཚུལ་ཁྲིམས་ལྟ་བུའི་ཕན་བྱེད་མེད།། ཚུལ་ཁྲིམས་ཡང་དག་ངེས་པའི་གཉེན།། ཕ་དང་མ་དང་བུ་ཡིན་ཏེ།། འདོད་པ་སྟེར་བ་ཚུལ་ཁྲིམས་ཏེ།། མཐུ་ཡིས་འབྲས་བུ་འདི་སྦྱིན་བྱེད་།། ཚུལ་ཁྲིམས ་ཀྱི་གཏམ་སྟེ་ཉི་ཤུ་གསུམ་པའོ།། ། བསྐལ་པ་སྟོང་དུ་བསགས་པ་ཡིས།། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།། ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམས ་པར་བྱེད།། ཞེ་སྡང་དང་མཉམ་སྡིག་པ་མེད།། བཟོད་དང་མཉམ་པའི་དཀའ་ཐུབ་མེད།། དེ་ཕྱིར་འབད་པས་བཟོད་པ་བསྒོམ།། སྣ་ཚོགས་པ་ཡིས་ཚུལ་གྱིས་ནི།། ཞི་བའི་ཡོད་ཀྱིས་མ་བཟུང་ན།། དགའ་དང་བདེ་བ་མྱོང་བ་ཡིན།། ་སྡང་པོའི་ཟུག་རྔུ་ཡིད་གནས་ལ།། གཉིད་མེད་བརྟན་པ་ཡོད་མ་ཡིན།། ཞེ་སྡང་བྲལ་པོར་མ་གྱུར་ན།། ཇི་སྲིད་འཚོ་བར་གནོད་དང་བཅས།། ཁྲོ་བ་གཅིག་པུ་བཅོམ་པ་ཡིས།། རྣམ་པར་སྡང་བ་ཐམས་ཅད་བཅོམ།། རྟོག་པའི་བུད ་ཤིང་ལ་མཆོད་པའི།། ཁྲོ་བའི་མ་ཡིས་འགྲོ་བ་སྲེག། དང་པོར་བདག་ཉིད་སྲེག་བྱེད་ལ།། གཞན་དག་སྲེག་པ་འམ་ཡང་ན་མིན།། རྒས་པ་ཡིས་ནི་གཟུགས་བཞིན་དང་།། ཁྲོས་དང་མུན་པས་མིག་དང་ནི།། བློ་དང་བྲལ་བས་འདོད ་དོན་ལྡན།། དེ་བས་ཁྲོ་བྱས་འཇོམས་པར་བྱེད།། དགེ་བའི་ལས་ལ་འདིན་སྦྱར་བྱ།། བདག་ལ་གནོད་བྱེད་འབྱུང་བ་དང་།། དེ་ལས་ཟློག་བྱུར་བྱ་སྙམ་ན།། སྡིག་ལྡན་སེམས་ཡིན་ཁྱོར་ཅི་ཡོད།། མཚོན་སོགས ་བྱེད་པོ་སྤངས་ནས་ནི།། འཕེལ་པ་ཅི་ཞིག་ཁྱོ་རུ་ཡོད།། རྩོད་བྱེད་ཞེ་སྡང་ཡིན་པས་ན།། དེ་ཕྱིར་ཞེ་སྦྱོང་ལ་སྡང་བསྔགས།། བཟོད་པའི་གཱཏ་མ་སྟེ་ཉི་ཤུ་བཞི་པའོ།། །། ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི།། གཏེར་དུ ་གྱུར་པ་བརྩོན་འགྲུས་ཏེ།། ཉོན་མོངས་རྒྱ་མཚོ་ཀུན་སྒྲོལ་བའི།། རྒྱ་ཆེན་མཆོག་ནི་བརྩོན་འགྲུས་ཡིན།། བརྩོན་འགྲུས་ཤིང་རྟ་གང་ཡིན་པ།། དངོས་པོ་བསམ་བྱས་མི་འཐོབ་པ།། དེ་འདྲ་འགྲོ་ན་ཡོད་མ་ཡིན།། གླང་པོ་རྟ་དང་རྐང ་ཐང་དང་།། མདའ་དང་མདའ་ཆེན་དགྲ་སྟ་དང་།། མཚོན་ཆ་ཡིས་ནི་གཡུལ་འགྱེད་ཅིང་།། དགྲ་བགེགས་མཐར་ནི་རྒྱལ་བྱེང་པའི།། འདི་སྟོབས་དང་ལྡན་པ་ཡི།། བརྩོན་འགྲུས་དཔའ་བོ་ཆེན་པོ་ཡིན།། རྒྱ་མཚོ་ཆུ་སྲིན་ཚོགས་གན ་ཤིང་།། ཆུ་རླབས་མཐོན་པོར་རིམ་རྒྱུ་བ།། བརྩོན་འགྲུས་ལྡན་པའི་དཔའ་བོ་ཡིས།། བ་ལཱངྒེ་རྗེས་བཞིན་འགོམ་པར་བྱེད།། རིང་ཐང་མེད་པའི་རིན་ཆེན་གྱི།། གུཏཱི་རཱ་ནི་ལེན་པར་བྱེད་པ་ཡིན།། འདོད་ཆགས་ལ་སྩོགས་སྦྲུལ་གདུག ་རྣམས།། ལུས་ལ་བརྩོན་འགྲུས་ཅན་གྱི་སྤོང་།། ཁྲིམས་ལྡན་སྐྱེ་བོ་དམ་པ་ནི།། སེམས་ནི་དྲི་མེད་ཁྱད་འཕགས་པསོ།། མིར་ནི་ཡང་དག་མཉམ་གཞག་འཛིན།། རི་རབ་མཛེས་པའི་རྩེ་མོ་རུ།། བལྟ་ན་སྡུག་པའི་ལྷ་མོ་ལཾ།། པང་དུ ་ལག་པས་འཁྱུད་བ་ཡིས།། དེ་དང་ལྡན་ཞིང་དགུའ་བར་བྱེད།། མཁའ་གནས་ལྔ་ནི་གང་ཡིན་པས།། གཉིས་གཉིས་ལྡན་པ་ངེས་སྤངས་ནས།། ཡང་དག་ཡིད་ཀྱི་བདེ་བ་མྱོང་།། ཤིན་ཏུ་འབྲས་བུ་རྒྱ་ཆེ་བ།། སྐྱེད་པའི་རྒྱུ་ནི་བརྩོན ་འགྲུས་ཏེ།། བརྟན་པ་ལ་སྦྱོར་དེ་སྦྱོར་བྱེད།། བརྩོན་འགྲུས་ཀྱི་གཏམ་སྟེ་ཉི་ཤུ་ལྔ་པའོ།། ། ཉོན་མོངས་དགྲ་ཡི་སྡེ་མཚན་རྣམས།། བས་མོ་གཏན་ལྡན་པས་ཟིལ་མོནྡན་ནསོ།། ཡང་དག་བྱང་ཆུབ ་དཔལ་རྣམས་འཐོབ།། བྱང་ཆུབ་ཡོན་ལོག་རབ་སྦྱིན་ཞིང་།། འཆི་མེད་སྐྱེ་བའི་རྒྱུར་གྱུར་པ།། འདོད་ཆགས་ཞེ་སྡང་ལ་སོགས་པ།། ཉེས་པ་ཐམས་ཅད་སེལ་བུ་ཡིས།། རྒྱུ་ནི་བསམ་གཏན་ཡིན་པ་རུ།། བློ་ལྡན་དེ་ཡིས་རབ་ཏུ་གསུང ་ན་མཁའ་ངང་ནི་སེམས་མཉམ་ལ།། གསེར་དང་བོང་བར་མཉམ་པཱ་ཡི།། བས་མི་གཏན་སྒོམ་བྱེད་སྐྱེས་བུ་ཡིས།། ཡོན་ཏན་རྣམས་ཀྱི་རྒྱུ་རུ་གསུངས།། ཉོན་མོངས་དགྲ་ཚོགས་ལྔས་རྒྱལ་བའི།། དགེ་བའི་སྟོབས་ཀྱིས་བསྒྲུབས ་པ་ལས།། མཚན་ནི་ཐམས་ཅད་ལྡན་པ་ཡི།། ཡང་དག་རྫོགས་པའི་བྱང་ཆུབ་དཔལ།། ཡང་དགོ་རབ་མཆོག་བདག་ཉིད་ཅན།། དཀོན་པའི་རིགས་པ་ཐོབ་པར་འགྱུར།། སེམས་ལ་ཡེ་ཤེས་བདག་པོ་ཡིས།། དགྲ་ཡི་འཇིགས་པ ་རྣམས་སྤངས་ནས།། གང་གིས་མི་ཡི་དབང་པོ་སྐྱེད།། བསམ་གཏན་གཅིག་པུ་དེ་རྒྱུ་སྟེ།། ཡོན་ཏན་ཀུན་གྱི་གཏེར་ཡིན་པར།། འཕགས་པའི་ཡོན་ཏན་གྱིས་ཕྱུག་གསུངས།། རྨོངས་པའི་མུན་པ་སེལ་མཛད་ཅིང་།། རྒྱུན་གྱིས ་རྟག་པའི་ཡེ་ཤེས་ཀྱིས།། རྫོགས་སངས་རྒྱས་ཀྱི་ཉི་མ་དང་།། མི་རྣམས་དང་ནི་ལྷ་རྣམས་ཀྱིས།། བདེ་རྒྱུ་བསམ་གཏན་རབ་མཆོག་ཡིན།། བསམ་གཏན་གྱི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། ་ཤེས་རབ་སྟོབས་དང་བྲལ་བ་ནི།། སྐྱེལ་བུའི་གཟུགས་ཅན་འབའ་ཞིག་སྟེ།། སྙིང་པོ་སྤངས་པའི་མཐར་ཐུག་པརྱ།། རི་མོར་བྲིས་པའི་གཟུགས་དང་མཚུངས།། བློ་ལྡན་བརྩོན་འགྲུས་དང་ལྡན་པའི།། བློ་ལྡན་དེ་ལ་འབྲས་འདོད ་འབྱུང་།། བླ་མེད་བདག་ཉིད་གསོང་པའི་དགྲ།། སྐྱེ་བ་དུ་མུས་གང་ཆོད་དང་།། བདག་ཉིད་སྐྱེ་བར་འགྱུར་པ་ཡི།། རིགས་དང་མིང་དང་རུས་རྣམས་དང་།། དབུས་བཞིན་དུ་ནི་མཐའ་བཟུང་ལ།། རྣལ་འབྱོར་པ་ཡེ་ཤེས་པ ་འཇུག། ཤེས་རབ་སྟོབས་ཀྱིས་དེ་ཤེས་གསུངས།། འཇིག་རྟེན་རྣམས་ནི་དྲི་མ་ཡི།། རབ་རབ་ཆོག་སྟོ་ན་སེལ་བྱེད་པས།། དེ་བས་བློ་དེ་ཆེས་མཆོག་ཡིན།། ཡེ་ཤེས་སྣང་བ་བསྐྱེད་པ་ཡིས།། མི་རྣམས་ཀྱི་ནི་ཉེས་པའི་ཚོགས།། ་རྟག་ཏུ་སྟོངས་པར་བྱེད་པ་ཡིན།། དང་བྱོར་དབ་པོ་འདི་བསྒྲུབ་པ།། ཡིད་ཀྱི་ཕྲ་རབ་རྣམ་ཤེས་ཤིང་།། རིགས་པ་ཐོམས་ཅད་གསལ་བྱེད་ཡིན།། ཤེས་རབ་དེ་ཡང་རྟག་པར་ནི།། སྟོབས་ཀྱིས་དགེ་བ་སྐྱེད་བྱེད་པའི།། རྒྱུ་ཡིན ་པར་ནི་རྟག་ཏུ་གྲགས།། བྱ་བའི་རྒྱ་མཚོའི་ནང་དུ་ནི།། གདོན་མོ་ཟ་བར་ནུབ་པ་དང་།། གཡུལ་གྱི་ནང་དུ་ཤེས་རབ་གཙོ།། ཤེས་རབ་སྟོབས་ཀྱིས་རྣམ་རྒྱལ་ཐོབ།། ཐོས་པའི་ཤེས་རབ་གང་ཡིན་དེ།། དགེ་བ་རྣམས་ཀྱི་རྒྱུ་རུ་འགྱུར ་དེ་ལྟས་ཡོན་ཏན་ཐམས་ཅད་ནི།། སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར།། གདོན་མི་ཟ་བར་ཤེས་རབ་བསྒྲུབ།། ཤེས་རབ་མེད་པའི་སྐྱེས་བུ་ནི།། མི་གསལ་ཐོ་རངས་མར་མེ་བཞིན།། ཤེས་རབ་ཀྱི་གཏམ་སྟེ་ཉི་ཤུ་བདུན་པའོ།། ། ་མཐོ་རིས་མཐར་པའི་ཡོན་ནི།། རིན་པོ་ཆེ་ཡོཾ་གཏེར་གྱུར་པ།། ཕ་རོལ་ཕྱིན་པ་དྲུག་འདི་ཉིད།། ས་གཽཞི་བཞིན་དུ་ཤེས་པའི་མིས།། བདག་ཕན་བསྒྲུབས་པ་དེ་ཡིས་ནི།། གཞན་ལྔ་ཕན་པར་བྱ་བའི་ཕྱིར།། མྱུར་དུ་རྟག་པར་རྒྱུན ་ཏུ་འབབ།། ཕ་རོལ་ཏུ་ཕྱིན་པའི་གཏམ་སྟེ་ཉི་ཤུ་བརྒྱད་པའོ།། །། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་སྨན་དངགས་མཁན་ཆེན་པོ་སློབ་དཔོན་དཔའ་བོས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་རུ་དྲ་དང་། ལོ་ཙཱ་བ་ཆེན་པོ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཙ་ཏུརྦི་པདྨ་ཀ་ཐཱ། བོད་སྐད ་