CLOSE WINDOW

GT3425: tshogs kyi gtam
Wyliee-texts produced with BDRC’s OCR application

ཧྲྀ་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། སམ་བྷཱ་ར་བཱ་རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ། གསུང་གི་མངའ་བདག་འཇམ་པའི་དབྱངས་ལ་ཕྱག་འཚལོ།། བདོག་གི ་དེ་རིང་བསོད་ནམས་དང་།། ཡེ་ཤེས་ཚོགས་ནི་གང་ཞིག་གམ།། གཞན་ལ་ཕན་པ་གང་བྱ་ཞེས།། བྱང་ཆུབ་སེམས་དེ་བས་ཡང་ཡང་བསམ།། བསོད་ནམས་རང་བཞིན་ཡེ་ཤེས་ཆེ།། ཚོགས་ནི་གང་གིས་རྫོགས་འགྱུར་དང་།། ་ཇི་ལྟར་གཞན་ཕན་བྱེད་འགྱུར་བ།། དེ་ནི་ལེགས་པར་བཤད་པར་བྱ།། གང་གིས་ལུས་དང་སྲོག་དག་ནི།། སེམས་ཅན་ཀུན་ལ་བཏང་བར་བྱ།། ལུས་ཅན་ཀུན་ལ་བྱམས་པ་དང་།། སྙིང་རྗེ་ཉིད་ཀྱིས་ཁྱབ་པར་བྱ།། སྡིག་པ ་ཀུན་གྱི་རྣམ་སྨིན་ནོ།། རང་གི་རྒྱུད་ལ་མངོན་འདོད་ཅིང་།། བསོད་ནམས་ཀུན་ལ་ཡི་རང་དང་།། སངས་རྒྱས་བདག་ཉིད་ཆེ་ལ་བསམ།། དེ་ལྟར་ཡང་དང་ཡང་བྱ་བ།། འདི་ནི་ཆོ་ག་གཞན་ཡིན་ནོ།། བྱང་ཆུབ་སེམས་ནི་སྔོན་འགྲོ་བས ་རྩོམ་པ་ཀུན་ཀྱང་བྱ་བ་ཡིན།། དེ་ལྟ་བུ་ཡི་ཐུབས་དེ་ཡིས།། རྩོམ་པའི་ངལ་བ་མེད་པར་ཡང་།། བསོད་ནམས་ཡེ་ཤེས་ཚད་མེད་པ།། ཡང་དང་ཡང་དུ་སོགས་པར་འགྱུར།། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།། ཡོངས་སུ ་བསྐྱབ་པའི་ཕྱིར་དང་ནི།། རང་གི་ལུས་དང་སྲོག་ཉིད་ནི།། ཡིད་ཀྱིས་རྗེས་བཞིན་བཏང་བར་བྱ།། བཀྲེས་སྐོམ་ངལ་དང་ཚ་གྲང་དང་།། རླུང་དང་ཆར་གྱི་གཉེན་པོ་དང་།། མཆོག་ཐོབ་པ་ལས་བདག་ཉིད་ནི།། འདི་ན་བདེ་མྱོང ་གང་ཡིན་དངོ་།། ཉམས་དགའ་ཁང་བཟང་གཞིར་གནས་དང་།། གཙང་ཞིང་ཞི་བའི་གནས་གཏོགས་དང་།། ལུས་སེམས་གདུང་དང་བྲལ་པ་ཡི།། བདེ་བ་ཐོབ་པ་གང་ཡིན་དང་།། བསམ་གཏན་བདེ་བ་ཐོབ་པ་ཡིས།། བདེ་བའི ་གནས་སྐབས་ཐོབ་གང་དང་།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། དགྲ་བཅོམ་ཤིན་ཏུ་སྦྱངས་ཞི་ཉིད།། དེ་ནི་སེམས་ཅན་ཐམས་ཅད་ལ།། བྱེ་བྲག་མེད་པར་ཉེ་བསླབ།། ཕལ་ཆེར་མཉམ་པར་མ་གཞག་ཆེ།། དེ་ལྟར ་བྱམས་ཉིར་བསྟེན་ལ།། མཱཉམ་པར་ཐ~ཾག་གོ་ཚྭ་བོ་དག་གིས་རྟོགས།། དགའ་དང་ཤིན་ཏུ་སྟོངས་པ་ཉིད་དང་།། ཇི་ལྟར་ཉམས་མྱོང་བ་དང་།། དེ་བཞིན་གཞན་ལ་ལྷག་མོས་བྱ།། སྐྱེས་བུ་འདི་ནི་སྡུག་བསྔལ་གྱི།། ཆུ ་ནུབ་དང་དེ་རྒྱུཅ་ནི།། ངན་འགྲོ་དང་ནི་བར་འགྲོ་དག། བརྩེ་ལ་འབད་པས་བརྟག་པར་བྱ།། དེ་ལས་ཀྱང་ནི་དམྱལ་བ་དག། སྡུག་བསྔལ་རྣམ་པ་མང་པོ་དང་།། དུས་རིང་རྒྱུན་མོའཆང་པོ་ཡི།། བརྗིད་གཤེགས་མ ་གདུངས་བྱ་དང་།། འཚེད་ཅིང་གཏགས་པ་ལས་བྱུང་བའི།། ཤིན་ཏུ་ཉམ་ཐག་རབ་ཏུ་འཕེལ།། ཐལ་ཆུ་ལྟ་བུར་རབ་འཚེང་བའི།། བསྲེག་ཅིང་ཚ་རིམས་འདྲར་ཉམ་ཐག། དྲུད་འགྲོ་བན་ཚུན་སྣང ་སྲོག་རླུང་དབང་མེད་པར་བསོད་སོགས་ཀྱིས།། རྟག་ཏུ་སྡུག་བསྔལླ་གྱིས་གདུངས་པས།། ཕུལ་ར་དམྱལ་བ་དག་དང་མཚུངས།། ཡཾ་དགས་མེ་ལྕེའི་ཕྲེང་བ་ཡིས།། བསྐོར་ཅིང་སྐེད་གསང་ཐོན་པར་སྒྲོགས།། ལཱ་ལ ་ན་མེ་འབར་གཞན།། མགྲིན་པ་ཁབ་མིག་ལྷོ་རི་ཙམ།། རྟག་ཏུ་བཀྲེས་སྐོམ་ལ་སོགས་པས།། སྲེག་ཅིང་ལུས་ནི་སྐམས་པ་དང་།། ཁ་ཙི་སྐྱུགས་པ་ཟ་བ་སྟེ།། གཞན་ངག་དེ་ཡང་རབ་རྙེད་དཀའ།། ངན་འགྲོའི་སྡུག་བསྔལ་མ ་ལུས་པ།། མི་རྣམས་ལ་ཡང་ཡོད་པར་སྣང་།། སྡུག་བསྔལ་གཟིར་བས་དམྱལ་བ་མཚུངས།། དངུལ་བས་གྲི་ཤིན་རྗེའི་འཇིག་རྟེན་པ།། འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་།། མཐུ་ལྡནི་སྐྱོབས་ཀྱི་མཐུ་ཎྜི་པོ།། རྣམ་པར ་གནོན་ཅིང་འཚེ་བ་དག། ཆུ་བོ་ལྟ་བུ་ཉིད་ཡིན་ནོ།། ཁ་ཅིག་དབུལ་བ་ལས་གྱུར་དང་།། གེཞན་ངག་ཚིག་མི་ཤེས་ལས་བྱུང་།། ཡོངས་འཆོལ་སྡུག་བསྔལ་མི་བཟང་དང་།། ཐམས་ཅད་འཁུ་ཞིང་གསོད་པ་ཡིན།། འདོད་སྤྱོད་ལྷ ་ནི་གང་ཡིན་པ།། དེ་ལའང་བདེ་བའི་སེམས་མེད་དེ།། འདོད་པའི་འདོད་ཆགས་རིམས་བཏབ་པའི།། ནང་གི་མེ་ཡིས་བསྲེགས་འགྱུར་བས།། གང་ཞིག་སེམས་གཡེང་གྱུར་པ་དག། དེ་ལ་བདེ་བ་ག་ལ་ཡོད།། གཡེངས་མེད་སེམས ་ལ་སྐད་ཅིག་ཀྱང་།། དབང་བྱེད་པ་ནི་མ་ཡིན་པས།། རྣམ་གཡེངས་དཀྲུགས་པའི་བདག་ཉིད་ཅན།། ནམ་ཡང་ཞི་བར་མི་འགྱུར་ཏེ།། རླུང་བཅས་འབར་བྱས་ཁྱབ་པ་ཡི།། མེ་ནི་ཤིང་དང་བཅས་དང་མཚུངས།། ཤིན་ཏུ་ངོམས་མེད་ཐ ་མར་ནི།། དབང་མེད་ཤིན་ཏུ་མྱ་ངན་བྱེད།། ལྷ་དང་མྲི་ནི་ལ་ལ་དག། སྡུག་པའི་ཆགས་པ་དམ་དུ་ཞེན།། བསོད་ནམས་སྔོན་ཆད་དེ་དང་ངེས།། འདོད་པ་རྨོངས་པས་གདུངས་པར་འགྱུར།། དེ་ཡང་ཉོན་མོངས་སྣ་ཚོགས་དང་།། སྡིག ་བུའི་ལས་ནི་རྒྱུན་མི་འཆང་།། རྣམ་པར་ལྟུང་བའི་མཐར་གནས་པས།། བག་མེད་གྱུར་ལ་བརྫེ་བྱ་རིགས།། ནད་སོས་ཡུན་རིངས་མ་ལོན་པའི།། ནང་པས་མི་འཕྲོད་ཟོས་དང་མཚུངས།། གང་ཞིག་གཟུགས་ཅན་གཟུགས ་མེད་པ།། སྡུ་གོ་བསྔལ་སྡུག་བསྔལ་ལས་འདས་ཤིང་།། ཏིང་འཛིན་བདེ་བའི་བདག་ཉིད་ཅན།། བསྐལ་པར་གཡོ་བ་མེད་པེར་གནས།། དེ་ཡང་ཤིན་ཏུ་ངེས་གྲོལ་མིན།། དེ་ལས་སླར་ཡང་ལྟུང་བར་འགྱུར།། ངན་འགྲོའི ་སྡུག་བསྔལ་དཔའ་ཀློང་ལས།། འདྲེས་པ་ལྟ་བུ་འབྱུང་འགྱུར་བ།། འབད་ཀྱང་ཇི་ལྟར་རིང་མོ་གནས།། མཁའ་ལ་ལྡིང་བའི་བྱ་དང་མཚུངས།། བྱིས་པའི་སྟོབས་ཀྱིས་མངའ་འབངས་ལྟར།། དེ་ནི་ལྟུང་བའི་མཐའ་ཅན་ཡིན།། མར ་མི་རིང་དུ་འབར་བ་དག། སྐད་ཅིག་རེ་རེར་འཇིག་པ་ལྟར།། འདུ་བྱེད་ཡོངས་འགྱུར་ཞེས་བྱ་ཡི།། སྡུག་བསྔལ་དག་གིས་ཉེ་བར་གཙེས།། རྒ་ཤི་ན་བའི་ཆོས་ཅན་གྱི།། ཉོན་མོངས་ནང་ན་རྒྱུ་སོགས་ཀྱིས།། གང་ཕྱིར་ཐམས་ཅད ་གདུངས་པས་ན།། དེ་ཕྱིར་ཤིན་ཏུ་བརྩེ་བ་རིགས།། སྲོག་ཆགས་ཀུན་གྱི་སྡིག་པ་རྣམས།། ཐམས་ཅད་བདག་ལ་སྨིན་པར་ནི།། དེ་ལྟར་སྡིག་པ་ལེན་བྱེད་ཅིང་།། འགྲོ་བའི་འོངས་པས་སྡུག་བསྔལ་བྱས།། སངས་རྒྱས་པ ་ཆུབ་སེམས་དཔའ་དང་།། འཕགས་པ་དག་དང་འགྲོ་བ་ཡི།། དུས་ནི་ཐམས་ཅད་ངག་གི་ཡང་།། བསོད་ནམས་ཀུན་ལྔ་ཡི་རང་བྱ།། ཚོགས་ནི་ཤིན་ཏུ་བྱ་དཀའ་དང་།། སངས་རྒྱས་ཆོས་ནི་བླ་མེད་པ།། འགྲོ་བའི་དྲིན་གྱི་བྱེ་བ་ཉིད།། སངས་རྒྱས ་རྣམས་ཀྱི་རྗེ་སུ་བསམ།། མང་དུ་ཐོས་ལ་མངོན་བརྩོན་དང་།། ཇི་བཞིན་དོན་ནི་སེམས་པ་དང་།། འགྲོ་བའི་ཤེས་པ་ཉེར་བསྡུས་པའང་།། རྟེན་འབྲེལ་ཡིད་ལ་བྱེད་པ་ཡིས།། འདུད་བྱེད་ཙམ་ལ་སྐད་ཅིག་མ།། བྱ་བ་མད་ལ་འཇུག་པར་བྱ།། ཐམས ་ཅད་རྟེན་འབྲེལ་ལས་བསམ་ལ།། རྟག་ཏུ་བདག་མེད་བསྒོམ་པ་ཡི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས།། དོན་དམ་པར་ནི་འཕེལ་བར་འགྱུར།། བྱང་ཆུབ་སེམས་ནི་ཉོར་འཕེལ་བས།། ཚོགས་ནི་ཐམས་ཅད་རྫོགས་པར་འགྱུར།། ་དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི།། རང་བཞིན་རྐུ་པོས་འགེངས་པ་དག། འགྲོ་བའི་ཐར་ལམ་གཅིག་ཏུ་མཁས།། བྱང་ཆུབ་ལག་པའི་མཐིལ་ན་གནས།། སྦྱིན་དང་སྙན་པར་སྨྲ་བ་དང་།། དོན་སྤྱོད་དོན་ནི་མཐུན་པ་ཉིད།། དེ་ལྟར་བསྡུ་བའི ་དངོས་པོ་རྣམས།། འགྲོ་ལ་ཕན་པར་བྱེད་པ་ཉིད།། དེ་ནི་གང་ལ་སྦྱིན་པ་བྱིན།། གང་ཞིག་ལ་ནི་སྙན་སླུའམ།། དོན་དཔྱོད་པ་ནི་བྱས་འགྱུར་བ།། གང་ལ་དོན་མཐུན་བྲོས་གྱུར་ཞེས།། དེ་ལྟར་རྟག་ཏུ་བརྩོན་པ་ཡིས།། འགྲོ་བའི་དོན་ནི་ཅི་ནུས་བྱ།། གཞན། ་ཀུན་བདག་གིར་བྱ་བ་དང་།། རང་ལ་གནས་པ་གཞན་གྱིས་བྱ།། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་གཾ་གཱ་དྷ་ར་དང་། ཞུས་ཆེན ་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུསཽ་ཏེ་གཏན་ལ་བབ་པའོ།། @#།། རྒྱ་གར་སྐད་དུ། ཨཱཥྚ་བཱཀྵ་ཏཱ་ཀ་ཐཱ། བོད་སྐད་དུ། མཽ་ཁོམ་པ་བརྒྱད་ཀྱི་གཏམ། འཇམ་དཔལ ་