CLOSE WINDOW

GT3422: gzhon nu ma bdun gyi rtogs pa brjod pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཔྟ་ཀུ་མ་རི་ཀཱ་བྷཱ་དཱ་ནཱ་མ། བོད་སྐད་དུ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། ཆགས་བྲལ་ལྡན་དང་ལེགས་པར་བཤད་པ་དང་།། ངོ་མཚར་དང་ནི་དེ ་ཉིད་དོན་ངེས་དང་།། དམུ་པ་རྣམས་ཀྱིས་གཅིག་ཏུ་ནཉན་བྱ་ཡི།། རྟོགས་པ་བརྗོད་པ་བདག་གིས་བཤད་ཀྱིས་ཉོན།། འོདི་ལྟར་དགེ་བའི་རྩ་བ་ཡོངསུ་སྨིན་པ་རྣམས་ལ་ནི་ལོངས་སྤྱོད་ཆེན་པོ་འམ།། ལང་ཚོའི་བར་དུ་གཅོད ་པཔར་མི་འགྱུར་བས་མཛེས་པར་འགྱུར་བ་ཡིན་ནོ།། དེ་ཡང་འདི་ལྟར་རྗེ་སུ་ཐོས་ཏེ།། རྒྱལ་པོ་ཀྲྀ་ཀྲྀ་ཞེས་བྱ་བ་ཚུལ་དང་དུལ་བ་ལ་སོགས་པ་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པོ་དང་ལྡན་པ། བཅོམ་ལྡན་འདས་ཡང ་དྲུག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་དད་པ་ཡང་དག་པར་ཐོབ་པ་ཞིག་བྱུང་བར་གྱུར་ཏེ། དེའི་བུ་མོ་བདུན་བྱུང་བ་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་རྒྱ་ཆེར་བསྐྲུན་པའི་ཐབས་དང་ལྡན་པས། དེ་དག་འཁོར ་ཡང་ཤིན་ཏུ་བྱུང་བར་གྱུར་ནས། དེ་རྣམས་ཀྱིས་དུལ་བ་དང་། ཞེ་སར་བཅས་པས་ཕྱི་མ་ལྔ་ཕྱག་བྱས་ཏེ། སྙན་པའི་ཚིག་གིས་སྨྲས་པ། འཇིག་རྟེན་གནས་ལ་ཆུ་ནང་སོང་བ་ཟླ་བའི་གཟུགས་བཞིན་གཡོ་བར་མཐོང་།། ་འདོད་ལ་ཁྲོས་ལ་སྦྲུལ་གྱི་ལུས་བསྐྱིལ་གདེངས་ཀའི་གྲིབ་མ་ལྟ་བུར་མཐོང་། འགྲོ་བ་འདི་དག་སྡུག་བསྔལ་མེ་ཡིས་ཀུན་ཏུ་འབར་བར་མཐོང་བས་ན། རྒྱལ་པོ་བདག་ཅག་ངེས་པར་འབྱུང་ལ་མངོན་དགའ་དུར་ཁྲོད ་ངག་ཏུ་མཆི།། རྒྱལ་པོས་སྨྲས་པ།། ཁྱོད་ནི་བྱིས་པ་བདེ་ལ་བརྟེན་འོས་ཤིང་།། ཡིད་ལ་བསམས་པའི་དོན་ཡང་མ་བྱས་ན།། དཀའ་ཐུབ་གནསུ་ཁྱེད་རྣམས་སོང་ཤིག་ཅེས།། ཇི་ལྟ་བུར་ན་ང་ཡི་སྨྲ་བར་ནུས།། བུ་མོས་སྨྲས།། ་པ། ས་བདག་ཁྱེད་ཀྱིས་མཛད་སྤྱོད་བདག་ཅག་རྣམས་ཀྱིས་འཚལ་ལགས་ཏེ།། འགྲོ་ལ་ཐུགས་རྗེས་བརླན་ཞིང་ངེས་པའི་ངང་ཚུལ་ལྡན་པོས་ན།། དོག་པ་མེད་པ་ཡང་དག་བྱམས་པར་མཛོད་ན་ཉིད་ཀྱིས་འཕར་བར ་ནི། རྣམ་བསྐྱེད་སྡིག་མེད་ཉེར་སོན་བདག་རྣམས་ལ་ལྟ་སྨོས་ཅི་འཚལ།། ཁྱོད་དང་ལྷན་ཅིག་གནས་ཀྱང་དབང་མེད་འབྲལ་བར་མངོན་ཕྱོགས་པའི།། འཕོངས་པ་འདི་ཡིས་ཕྱིར་ཞིང་ཉེ་བར་གདུང་བར་མ་གྱུར་ཅེས།། ་རྒྱལ་པོ་ཤིན་ཏུ་དཀའ་བའི་གནས་སུ་གྱུར་པ་གང་དག་ཡིན་པ་ཡི།། ཞི་བའི་གོ་འཕངས་ཐོབ་པར་འཚལ་བའི་ཡིང་ནི་སྐྱེས་པར་གྱུར།། དེ་ནུས་རྒྱལ་པོ་དེ་སྙིང་བརྩེ་བའི་དབང་གིས་ཡང་རྣམ་པར་ཉམས ་ཤིང་། མིག་གཉིས་ཟངས་ལྟར་དམར་ལ་མི་འགྱུར་བས་ཡང་དང་ཡང་བལྟས་ནས་སྨྲས་པ།། ཅི་ཕྱིར་ཁང་བཟང་རང་གར་གྱུར་དང་འཇམ་ཡངས་པཱའི།། སྣ་ཚོ་གྲོས་སྙན་བཟངས་རྒྱ་ཆེན་རྣམ་པར་སྤངས་ནས་ནི།། དྲུང ་ཁྱོད་མི་བཟང་སྐྱེ་བློ་ངན་པའི་ཡིད་བྱུདྲ་ཞིང་།། ས་ག་ཞི་རུས་པ་དཀར་དྲོའི་ཆལ་བ་བཀྲམ་པར་བརྟེན།། གདུང་བའི་གདོང་ཅན་པ་དང་ཡུལ་རྨུགས་ལྟ་བུར་ནི།། མཆིན་གདོང་ཅན་མ་ཡང་ཅིག་ཅ་རི་ཇི་ལྟར་འདོར།། གཡོ་མིང ་སེམས་ཀྱིས་ཡང་ནི་རྒྱུན་ཏུ་བརྩེ་བ་ཡི།། མཛའ་ཤེས་སྤངས་ནས་ཅི་ཕྱིར་དཀའ་ཐུབ་བསྟེན་པར་དགའ།། དེ་ནས་བུ་མོ་དེ་རྣམས་ཀྱི་ཤིན་ཏུ་བརྟན་པའི་ཡིད་ཀྱིས་བསྙེམས་པར་བྱས་ནས་སྨྲས་པ།། པ་དང་མ་དང་མཛུའ་བཤེས ་ཞེས་བྱས་ཐ་སྙད་ཙམ།། འདི་དག་སྲིད་པར་ཕྱིར་ཞིང་ལྷུང་དང་གནོད་པའོ་གཞི།། འབྱུང་བའི་དོན་མཐོང་ལྐོག་ཏུ་གྱུར་པའི་དྲི་མ་ཡིས།། མོ་ཡི་བདག་པོ་འཇིག་རྟེན་འཇིག་པས་ཡོངསུ་སྷོ།། མཛའ་བྱེ་ཤེས་དང་ནི་གཉེན་གྱིངོ ་བོ་སྣ་ཚོགས་པ།། གཡོན་ཅན་ཕུང་ཁྲོལ་ལྡན་པ་འདི་ལ་སུ་ཞིག་ཆགས།། འཚོ་བའི་འཇིག་རྟེན་རྨི་ལམ་མིག་འཕྲུལ་དང་འདྲ་ལ།། འདི་ན་སུ་ཞིག་གང་གིས་རང་མི་འམ་སྐྱེ་བོར་རྟག། མོ་ཡི་དབང་པོ་སྲིད་གསུམ་དམ་ཆོས ་གསུང་གི་འོད་ཟེར་སྣང་བཅས་ཤིང་།། ཇི་སྲིད་སངས་རྒྱས་ཉི་མའི་ཡིད་འོང་གྲགས་པའི་འོད་ཟེར་འཕྲེང་ཡོད་པ།། དེ་སྲིད་འཕོངས་པའི་མུན་ནག་ཚོགས་ཀྱིས་ཤིན་ཏུ་གཡོགས་གྱུར་པའི།། སྲིད་པའི་མུན་པ་མི་བཟད་མུན ་རུམ་ནས་ནི་འབྱུང་བྱར་རིགས།། ཇི་ལྟར་རླུང་གིས་བརྡབས་པས་བསྐྱོད་པའི་མེ་ལྕེ་འབར་བའི་ཁྱིམ་ལས་ནི།། འབྱུང་བར་བྱེད་པའི་སྐྱེས་བུ་དེ་ལ་ཕན་པར་འདོད་རྣམས་ཟློག་མི་བྱེད།། དེ་བཞིན་སྡུག་བསྔལ་མེ་ཆེན་རྩེར་གནས ་སྲིད་པ་མ་ལུས་གནོད་པ་ཡི།། དྲ་བ་ལས་ནི་ངེས་པར་འབྱུང་ལུ་ཕན་ཕྱིར་དམ་ལས་བཟློག་མི་བྱ།། དེ་ནས་རྒྱལ་པོ་དེས་བུ་མོ་དེ་རྣམས་ལ།། མཛའ་བཤེས་དང་རང་མི་དང་རྩཝ་ལོག་རྣམས་ལ་བལྟོས་པ་མེད་པའི་ཚིག་རྩུབ ་མོ་དང་རང་གི་ལུས་དང་སྲོག་ལ་ཡང་ཤིན་ཏུ་མ་ཆགས་པའི་ཚིག་གིས་ལྷག་པར་ཡང་མྱ་དུན་གྱིས་གདུངས་པར་གྱུར་པའི་ཡིད་ཀྱིས་དེ་རྣམས་ལ་ཡང་སྨྲས་པ།། དུས་མིན་དཀའི་ཐུབ་མངོན་པར་འདོད་པ་ནི།། ཡིད་དང་། ་རྗེསུ་མཐུན་དོན་དུ་མི་འགྱུར་ཏེ།། བུ་མོ་དུས་མིན་མངལ་དང་ལྡན་པ་ལ།། ཡན་ལག་ཆ་ཤས་མཛེས་པ་མི་སྐྱེ་བཞིན།། དུས་ལ་བབ་པར་དཀའ་ཐུབ་ལ་སྦྱོར་བ།། ཟླ་བ་སྐྱོན་དང་བྲལ་བ་ལྟ་བུར་མཛེས།། དེ་བས་གཞོན་ནུ ་ཕན་མེང་བློ་འགྱུར་འདིའོ།། ལོག་པའི་ལམ་དུ་འཇུག་ལས་ཟློག་པར་གྱིས།། བདེ་ལ་བརྟེན་ཅིང་སྡུག་བསྔལ་མ་མཐོང་བས།། ལུས་ཀྱི་སྡུག་བསྔལ་བཟོད་པར་མི་འགྱུར་ཏེ།། ཨ་མྲའི་ཤིང་ནི་རྩ་བ་མ་ཟུག་ལ།། གླ ་དེན་མཆོག་གིས་སྨྱན་དང་མཆུངས།། ཁྱོད་ནས་མ་འབྲུང་མྦྷ། དཱ་རྨྨ་ཛིན་པ། སླ་འ་གས་པ་སྒྲ་སྒྲོགས་རླུབ་གྷ། འཇིགས་པ་ནས་སྨྲ་གང་འཇུགས་པར་བྱེད་པ་སྟེ།། བྱུང་། ་དུར་ཁྲོད་དག་ནི་འཇིགས་པར་བཅས།། ཁྱོད་ལུས་པདྨའི་རྩ་ལྟར་འཇམ་བྱ་ལ།། སེམས་གང་སོག་ལེ་ལྟ་བུར་རྩེ་མེད་འདིས།། གཞན་གྱི་ངོར་བྱེད་པ་ནི་སྤོང་འགྱུར་བ།། ཨེ་མྲའོ་གནམ་བསྐོས་བདོག་ལ་བརྩེ་མེད་སྡང་།། ་བཻཌཱུརྱ་ལྟར་སྔོ་ལྗང་དུར་བའི་གོས་གྱོན་ཅིང་།། མེ་ཏོག་རྣམ་པ་དུ་མའི་ཚོགས་ནི་བཀྲམ་གྱུར་དང་།། བུང་བ་མྱོས་པའི་ཚིགས་ཀྱིས་ཁྱབ་པའི་རྩེད་མོའི་ཚལ།། འདིར་ནི་བུ་མོ་ཁྱེད་རྣམས་མངོན་པར་དགའ་བར་གྱིས།། ་སྐྱེད་མོས་ཚལ་ནུ་རྫིང་ཁང་ངོགས་ན་མེ་ཏོག་ཤིང་འཕྱང་ཞིང་།། རླུང་གིས་བསྐྱོད་པའི་ཆུ་རླབཱས་མེ་ཏིག་མཛེས་པའི་ཕྲེང་བས་སྐེ་རུགས་བཅིངས།། པདྨ་ངག་དང་ཨུཏྤལ་རྒྱོས་གསེབ་དངང་པ་སྒྲ་སྒྲོགས་པ།། བརྒྱ ་བྱོན་གྱིས་ཀྱང་རྙེད་དཀའ་བུ་མོ་དགའ་བས་གནས་པོར་གྱིས།། མེ་ཏོག་ན་བོ་མཱ་ལི་ཀ་ཡཾ་དྲིས་བསྒོས་གྱུར་པ་ཡི།། ཆུ་རླུ་བས་མཛེས་པར་གྱུར་པའི་ཉེ་བར་གཡོ་བ་ཡི།། རླུང་དང་བཅས་པའི་ཁྱིམ་འདི་དང་ནི་ནགས ་ཚོལ་ན།། ཁུ་བྱུག་སྒྲ་འབྱིན་པ་ཡིས་བུ་མོ་དགའ་བར་གྱིས།། སྐར་ཁུང་དྲ་བ་ཙན་ན་བྱ་རྣམས་སྐད་འབྱིན་མེ་ཏོག་དྲིས་བསྒོས་དང་།། སྒེག་པས་ཁྲུས་བྱས་དྲི་ཞིམ་བསྒོས་པའི་དབུགས་དང་འདྲ་བའི་རླུང་དག་ནི།། ་ཁང་བཟངས་མངའ་ཡབ་ཅན་དང་བྱ་གག་བདེ་བར་ཉལ་བ་གང་ཡིན་འདིར་བུད་མེད་འདུས་པའི་གླུ་དབྱངས་རོལ་མོ་ལྡན་པར་ཁྱེད་རྣམས་དགའ་བར་གྱིས།། དེ་ནས་གཞོན་ནུ་མེདེ་རྣམས་པའི་ཚིག་དེས་ཡི་མ་རངས་པར ་གྱུར་ནས་ཡང་སྨྲས་པ། མི་ཡི་བདོག་པོ་ལྷ་སུལ་སྣ་སྟེང་ན།། བརྒྱ་ཕྲག་སྡོང་དུ་སྤྱོད་པར་མ་བྱས་པའོ།། བདེ་བ་གཞན་ན་ཅི་ཡང་ཡོད་མིན་ཏེ།། བདག་ཅག་རྣམས་ནི་དོན་མེད་མཁས་པ་ཡིན།། ཡུལ་ལ་ལྷག་པར་སྲེད ་ཏྲིང་གོམས་པས་ན།། དབང་པོ་རྣམས་ནི་ཡུལ་གྱིས་ངོམས་པ་མིང་།། སྲིང་པོས་འཇིགས་པའི་རྟོག་པའི་བློ་ཅན་ངག། སྲིད་པའི་ལོངས་སྤྱོད་ཟད་པར་པ་ཕྱིར་འཇུག། ངོ་བོ་ཉིད་ཀྱིས་འགྱུར་ཅིང་མི་བརྟན་ལ།། རླུང ་གིས་བསྐྱོད་པའི་ཆུ་རླབས་ལྷར་འཇིགས་པས།། སྡོམ་ཅནྡ་དབང་པོ་དྲུག་ལས་རུམ་རྒྱལ་རྣམས།། ཕྱིར་ཞིང་སྲིད་པར་འཇུག་ལས་ལྡོག་པོར་བྱེད།། བྱིས་པ་སྲིང་པོའི་བཙོན་རར་ཕག་ལྟ་བུརརུ།། སེམས་ཀྱིས་སྦགས ་པའི་སྤྱོད་པས་བསྲེས་གྱུར་ཏེ།། བདེ་བར་མངོན་པར་རློམ་ཞིང་བསྐམ་པ་དག། ཕོངས་ཤིང་འཇིགས་པའི་གཡང་ས་མཐའ་མིང་ལྷུང་།། བདག་ཏུ་རྟོག་པས་སེམས་གཡངས་སྐྱེས་གྱུར་པ།། དེ་ནི་རབ་འབར་མཚོན ་ཆའི་འཁྲུལ་འཁོར་འདྲ།། ཡུལ་ལ་རྗེསུ་བརྟེན་པས་སེམས་བཅོམ་པ།། ཡོངསུ་སྨིན་ན་སྡུག་བསྔལ་མི་བཟང་རྒྱུ།། འགྲོ་བ་འདི་དག་མི་བརྟན་དབང་མེད་ཅིང་།། སྦྲུལ་གདུག་ཚོགས་ཀྱིས་ཟིན་འདྲའི་ཡུལ་རྣམས་དག། ་རྟོགས་ཀྱང་གང་ཞིག་སྲིད་ལ་ཆགས་གྱུར་པ།། དེ་ནི་མཱི་ཡི་གཟུགས་ལྡན་ཕྱུག་ཉིད་ཡིན།། རྔ་རྩིང་ཤིང་ལ་འཐོགས་པའི་གསག་བཞིན་དུ།། བློ་ཡི་ལམ་ནི་རྙོག་པས་ཉེར་འགགས་ཤིང་།། ་ལོག་པར་ཆགས་པའི་ཡལ་གས་སེམས་ཐོགས་པའི།། སྐྱེས་བུ་ངན་པའི་ཁྱིམ་བརྟེན་འཕུང་བར་འགྱུར།། དགའ་བའི་རྒྱུ་ཙམ་འཚོ་བའི་འཇིག་རྟེན་ལ།། ཕོངས་པ་རྒྱུན་མི་འཆང་པར་འབྱུང་གྱུར་ན།། ཡབ་གཅིག་སྲིང། ་པའི་དགའ་བུ་མང་པོ་ལས།། བསླུ་བར་མི་འགྱུར་གང་ཞིག་མཆིས་པ་གསུངས།། མི་དབང་སྲིད་ན་སྐལ་བ་མཉམ་པ་ཡིས།། ཉེ་བར་བསྒྲུབས་ཤིང་བསགས་པར་གྱུར་ཀྱང་ནི།། བཅོམ་ཞིང་སེམས་ནི་དམན་པ་དམན་པ་ཡཱཾ། ་སྲིན་པའི་དགོན་པ་གཞན་དུ་འགྲོ་བར་འགྱུར།། རྒྱལ་པོ་རྒྱུར་ཆུང་གྱུར་པའི་ཉ་བཞིན་དུ།། སྐྱེས་བུ་ལེགས་པར་བརྟགས་ཤིང་བྱེད་པ་དང་།། ཐ་སྙད་ཀུན་ལ་དང་གིས་མཁས་པ་དང་།། ཁྱིམ་གྱི་བཙོན་རང་གནས་ཤིང ་འཇིགས་པར་འགྱུར།། སཱ་ཡཾ་བདག་པོ་འབད་པ་མང་པོ་ས་སོ།། ཁྱིམ་དུ་རྫས་རྣམས་བསོགས་པ་བྱས་པ་དག། མཱི་ཡིས་སྐད་ཅིག་གིས་ནི་འདོར་འགྱུར་ཏེ།། ལེགས་སྤྱད་གཅིག་པུ་འདི་ཉིད་ལམ་དུ་བསྟན།། དེ་བས ་འཇིག་རྟེན་མགོ་ན་བོས་འཚོ་བ་ཡི།། འཇིག་རྟེན་མི་རྣམས་ལས་བོངག་བྱས་གསུངས་ཏེ།། འཆི་བ་མངོན་ཕྱོགས་མི་ལ་རང་གིས་ལས།། བ་ལ་བེའུ་བཞིན་དུ་རྗེསུ་འབྲང་།། ཡོངསུ་གྱུར་ན་མི་ཟད་གཉེན་སྡུག་དང་།། སྐུ ་དང་འདྲེ་བར་མངོན་པར་འདོད་དེས་ཆོ་ག། སྡུག་དང་ཕྲང་བས་དགའ་བར་སེམས་བྱ་དག། ངེས་པར་སྡུག་དང་བྲལ་བའི་སྡུག་བསྔལ་ཐོབ།། མི་དབང་གཞན་ཡང་ངང་གིས་མཐར་འཇིག་པའི།། འཚོ་བའི་འཇིག་རྟེན་དག་ན ་སྡུག་པ་སུ།། དམ་པའི་དོན་ལ་རྣམ་སྤྱོད་མཁས་པ་ཡང་།། སྡུག་ཅེས་པ་འདིས་བློ་ནི་རྣམ་པར་གཡེངས།། ས་བདག་བྱེད་ནི་གལ་ཏེ་བདག་ཅག་ལ།། སྡུག་པ་འགའ་ཞིག་མཆིས་ན་བདག་ཅག་རྣམས།། མ་སྨད་འཕགས ་བོས་བསྟེན་ཅིང་མི་འཕྲོགས་པའི།། བདེ་བ་ཡིད་ལ་འདོད་པ་བསྒྲུབ་ཏུ་གསོལ།། དེ་ནས་རྒྱལ་པོ་དེ་བརྩེ་བའི་ཡི་མ་རངས་པར་གྱུར་ཀྱང་།། བདེ་བར་གཤེགས་པའི་བསྟན་པ་ལ་མངོན་པར་དད་པས་ཆོས་ལ་བྱར་ཆུད ་བྱེད་པའི་འཇིགས་པ་སྐྱེས་པ་དང་རང་གི་བུ་མོ་རྣམས་ཀྱི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ཏེ་འགྲོ་བར་འདོད་པས་ན་སྐྱེ་བ་དྲན་པར་ངེས་སོ་སྙམ་དུ་རྣམ་པར་བསམས་ཏེ་ཤིན་ཏུ་ཡུན་རིང་པོར་ཅང་མི་སྨྲ་བར་གྱུར་ཏོ།། མི་ཡི ་སྐྱེས་བུ་དེ་ཡིས་ནི།། འཆི་བ་མེད་པར་ཤེས་པས་ན།། སྡོང་བས་ཡོངསུ་མ་སྤངས་པར།། ཅི་ཞིག་ལྟར་ན་རྗེས་གནོད་སྨྲས།། དེ་ནས་བུ་མོ་དེ་རྣམས་ཀྱིས་མེ་ཏོག་ཕྲེང་བ་དང་།། བྱུག་པ་དང་རྒྱན་རྣམས་སྤངས་ནས་དུལ་བ ་དོདང་ལྡན་པར་ཞུགས་པའི་ལུས་ལ་གོས་དཀར་པོ་ཕྲ་ཞིང་རབ་ཏུ་འཕྱང་བ་གོན་པས་ཆུ་བོ་རླུང་གི་ཤུགས་ཀྱིས་བསྐྱོད་པའི་དབུ་བའི་ཕྲེང་བ་ལྟ་བུ་འམ། སྔོན་ཀའི་མཚན་མོ་ཟླ་བའི་འོད་ཀྱི་གོས་ཀྱིས་བཀབ་པ་ལྟ་བུ་འམ། ་དྲང་སྲོང་མེ་བདུན་གྱི་སྐར་མ་རུང་གི་འོད་ཟེར་གྱི་དྲུ་བས་གཡོགས་པ་ལྟ་བུ་དང་། རིམ་གྱིས་རོ་བསྲེགས་པའི་གནས་མེའི་དབུས་སུ་རོ་གཞག་པ་ཅིག་ཅིག་ཟེར་བ་རྣམ་པར་བཀྲམ་པ་དང་། རོ་རྣམ ་བར་མནམ་པ་དྲི་མི་ཞིམ་པ་འཇིག་སུ་རུང་བ་དང་། མིའི་ཐོད་པ་བྱ་རྒོད་ཀྱི་མཆུའི་རྩེ་མོ་རྣོན་པོས་བརྩོན་པའི་བུ་ག་ནས་གླང་པ་དང་ཆུ་སེར་རྣམ་པར་འཛེག་པས་མི་རོའི་གདོང་ལ་སྦགས་བྱས་མཐའ་མ་ཁྱབ་ཅིང་འཇིགས ་བུ་དང་། རྙིངས་ཤི་ངས་ལ་མདོག་རྣམ་པར་འགྱུར་བའི་རུས་པའི་དུམ་བུའི་ཚོགས་ཀྱིས་གནོར་ཅིང་རྩུབ་པས་སོའི་ཚོགས་རྣམས་བགྲོད་པར་དཀར་བ་དང་ལུས་ཅན་ངག་ཡིད་ཡོངསུ་འབྱུང་པོར་བྱེད་པ་གཤིན ་རྗེའི་གནས་བཞིན་མྱ་ངན་དང་ཡང་མི་བདེ་བ་དང་། སྡུག་བསྔལ་བའི་གནསུ་གྱུར་པའི་དུར་ཁྲོད་དུ་ཕྱིན་པར་གྱུར་ཏོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། མི་ཡི་ཁྲག་དང་ཞག་གི་དྲི་མི་ཞིམ་པས་མྱོས་པར་གྱུར་པའི་བྱ ་རྒོད་དང་། རྒྱུ་ལྟོ་ནར་བས་ཁྱབ་ཅིང་མི་སྡུག་འཇིགས་པའི་རོ་ཡི་ཡན་ལག་རྣམས་ཀྱིས་ཁེངས།། ཀུནྡ་འདྲ་བ་དཀར་པང་རྟག་ཏུ་རྒོད་པ་འདྲ་བ.རོ་མཐའ་ཡས་ཐོད་བ་དང་།། ནྱ་གྲོ་དྷ་སྙིང་སུལ་ནས་བུག་པ་སྣ་ཚོགས་ཧཱུཾ། ་སྒྲོགས་འཇིགས་པའི་དུར་ཁྲོད་ཕྱིན།། ཅེ་སྤྱང་ཁ་ནི་མེར་བཅས་རླངས་པའི་སྒྲ་ངག་སྒྲོགས་པས་འཇིགས་པ་དང་།། ལ་ལར་ཐོད་པ་དཀར་པོའི་དྲ་བས་ཁྱབ་ཅིང་བགྲོད་དཀའ་དང་།། སྲིན་བུའི་རིགས་ཀྱི་ཚོགས་ཀྱིས་གཟིས ་ཤིང་སྣ་ཁུང་བསྐྱོད་པ་དང་།། བུང་བ་སྦྲང་བུ་བརྒྱ་ཕྲག་མང་པོ་རོ་ལ་འཕུངས་ཤིང་འདུ།། རུས་པ་དཀར་དང་དམར་རློན་རླུང་གིས་བསྐྱོད་པར་འགྱུར་བ་དང་།། རོ་བསྲེགས་མེ་གསལ་འཕྲོ་དང་ཤིང་སྐམ་རྩ་ན་སྦྲུལ་ཉལ་དང་།། ལ་ལ ་མི་ཡི་ལུས་ནི་མདུང་རྣོན་ཕུག་ནས་བསྐྱོད་པ་དྲག། གུ་ཤྲིནྡ་རྗེ་དག་ཏུ་དགའ་སྟོན་བྱེད་ལ་འཇུག་བྱའི་ཚང་དང་འདྲ།། ལ་ས་པོ་མགོའི་ཐོད་པའི་གསེབ་ནས་ཁྲག་དང་ཆུ་སེར་འཇིག་པ་ཡི།། ཁུ་བ་མི་སྤུག་དགུ་ལ་སྲེད་པའི ་ཤ་ཟའི་ཚོགས་ཀྱིས་ཁྱབ།། ལཱ་ལ་ཙི་ལོ་ཙི་ལ་ཟེར་བའི་རོ་བསྲེགས་མེ་ཡིས་བསྐོར་བ་དང་།། མི་རོའི་ཁོང་ནས་རྒྱ་ལོང་ཕུང་པོ་གཏོར་བས་ཁྱབ་པར་གྱུར།། སྐྱོ་བས་བརླན་པའི་སེམས་ཀྱིས་ནི།། དེར་ནི་བུད་མེད་དེར་བརྟགས ་ནས། འཚོ་བའི་འཇིག་རྟེན་རྒྱུ་མི་ཎྱའི།། ངོ་བོ་ཉིད་ནི་སེམས་པར་གྱུར།། སྐྲ་ཡི་སྙིང་ནི་རྡུལ་གྱིས་རྩུབ་ཤིང་དམ་རོ།། མིག་སྤྲུག་པ་བྱ་ཡི་མཚོ་དང་སྔུར་མོས་བློས།། གསང་གནས་འགྱུར་ཞིང་མི་སྡུག་རྣག་བཅས་པར།། ་བོར་བའི་བུད་མེད་ལུས་དེར་རབ་ཏུ་བལྟས།། དམ་པའི་སྤྱོད་པ་ཐང་ཅིག་ཉེར་གཡོས་ཤིང་།། ཨུཏྤལ་འདབ་ལྟར་དཀྱུས་རིང་མིག་གིས་ནི།། རོ་ཡཾ་གཟེབ་དེ་མངོན་པར་བལྟས་ནས་ཀྱང་།། ཚིག་མང་པོ་རྣམ་པ་དུ་མ་སྨྲས་པར ་གྱུར། འདི་ཉིད་རྡོ་ཐལ་བྱུགས་པས་དགའ་བའི་གནས་ཁང་ནི།། ཟླ་ཟེར་གསལ་བས་སྤྲས་པར་བྱས་པ་རུ།། སྡུག་པའི་ཕང་བར་བརྟེན་ཅིང་གནས་པ་ལས།། ད་ནི་ས་ཡི་དཀྱིལ་འཁོར་གཞི་ལ་ཉལ།། སྡུག་པའི་མིག་རྗེ ་དུ་ཉལ་བ་ནཱ།། འབྲུག་སྒྲ་སྒྲོགས་པ་ཡིས་ནི་ཁྱོད་སྐྲག་ན།། མེར་བཅས་ལྟས་ངན་ཅེ་སྤྱང་སྒྲ་ཡིས་ནི།། དཀའ་ཐུབ་མ་ཁྱོད་ཅི་ཕྱིར་འདིར་མི་འཇིགས།། འདི་ཉིད་རང་གི་ཁྱིམ་འཁོར་ཟླ་ཟེར་ཏེ།། རོ་སླད་ལྕི ་པའི་ཁུར་གྱིས་དལ་འགྲོ་ལ།། རོལ་ཅིང་རྒོད་ལ་སྒོག་པར་རྣམ་ལྟ་བ།། བརྩེ་མེད་བྱ་རྣམས་ད་ལྟར་ཟ་བར་བྱེད།། འགྲོ་བ་དེ་དག་ངན་ཅིང་མི་བརྟན་ཏེ།། སྙིང་རྗེ་མེད་པའི་སྡུག་དེས་ཙ་ཡི་ཕྱིར།། མི་རོ་བརྒྱ་ཡིས་ཁྱབ་པར་གྱུར་པ ་ཡིད་དུར་ཁྲོད་འདི་རུ་ཁྱོད་ནི་བོར་བར་གྱུར།། རང་མི་རྩ་ལག་མཛའ་བཤེས་སྡུག་པ་དང་།། པདྨ་བུང་བ་བཞིན་དུ་གནས་པ་ལས།། ཅི་ཕྱིར་མཚན་མོ་རྒྱུ་བས་འཇིགས་ཀྱང་ནི།། ཉོན་མོངས་དང་འདིར་དུར་ཁྲོད་དག་ཏུ་དགའ།། སྔོན ་ནཱིནི་མཛེས་ཤིང་སྣུམ་ལ་དཀྱུས་རིང་འཇམ་པའི་མིག་གིས་བལྟ་བ་ན།། ཆགས་ཅན་རྣམས་ཀྱི་མིག་འབྲས་མཐའ་དམར་འགྱུར་ཞིང་མི་རྣམས་ཉམས་བྱེད་པའི།། འདོད་ལྷའི་རི་དགས་རྒྱར་གྱུར་བུད་མེད་དེ་ཉིད་དང་ནི་བྱ་རྣམས ་ཀྱིས། མིག་ཕྱུང་སྡུག་བསྔལ་བྱས་པས་ཆགས་དང་བཅས་རྣམས་ཤིན་ཏུ་འཇིགས་པར་བྱེད།། མི་གཙང་སྣ་ཚོགས་ཁོང་ནས་མི་མངོན་སྲེག་ཤིང་གཱི། ལུས་ལ་བདག་གིར་ཆགས་པས་ལོང་བའི་མིག་བསླུས་ཞེས།། བུད ་མེད་མཆོག་འདི་འདིད་ཆགས་ལྡན་པ་རྣམས་ལ་ནི།། བརྐམ་པའི་བྱ་ཡིས་མཆུ་བཏོགས་གདོང་གིས་ཉེ་བར་དགོང་།། པི་ཝང་གླིང་བུའི་སྒྲ་རྣམས་དང་ནི་སྨན་པའི་གླུང་བཅས་པས།། མཆོག་ཏུ་སྡུག་པའི་བ་ནི་བག་པོ ་བབྱེ་བར་གཉིད་ལོག་པའི།། བུད་མེད་དེ་ནི་ཅེ་སྤྱང་སྐད་འབྱིན་མུ་སོར་སྣ་བཅས་ཤིང་།། ས་རྡུལ་གྱིས་ཁྱབ་རྩུབ་པའི་དུར་ཁྲོད་འདིར་དེ་ཉལ་བར་འགྱུར།། གང་དུ་རྣམ་པར་བརྟགས་ཀྱང་སྐྲ་ཡི་རྩེ་མོ་ཙམ་གྱིས་ནི།། གཙང་བ ་མི་གཙང་ཚོགས་ཀྱི་ཚང་འདིར་མི་སྣང་ན།། ཕུང་ཁྲོ་ལོ་ཆོས་ཅན་ནིད་མང་འདོད་པ་ཐ་ཆད་ལ།། རང་བཞིན་ངན་རྣམས་ཅི་ཕྱིར་དེ་ནི་ཆགས་པར་འགྱུར།། བླ་མོ་འགྲོ་བ་ཀུན་གྱིས་ཚུལ་ཡང་འདི་འདྲ་བ།། རྨི་ལམ་མིག་འཕྲུལ ་ཆུ་ཟླ་ལྟ་བུར་རང་བཞིན་གྱིས།། གཡོ་བ་རྟོགས་ལ་ཇི་སྲིད་སྲོག་འདི་ལྕུགུ་མ་དང་།། བཅས་ཤིང་ལུས་གཞོན་གྱུར་ཚེ་ཆགས་དང་ཉེར་བྲལ་བྱོས།། གཤིན་རྗེའི་ཆུ་སྲིན་དགའ་བའི་ཁར་ནི་ཆུང་གྱུར་ཅིང་།། སྐྲ་དཀར་ཚོགས ་ཀྱིས་སྦྱིནས་ངེས་པར་གཟུངས་ནས་ནི།། སྲོག་མཐར་གྱུར་པའི་གནོད་པའི་ཚེར་མའི་གནས་ཕུག་ལ།། མཆི་མུས་མིག་ཁེབས་གྱུར་ཚེ་དགེ་བ་ཇི་ལྟར་བྱ།། འཇིག་རྟེན་ཕྲ་རོལ་མི་བཟད་མུན་ནག་གཡང་ཆེན་དུ།། ལྷུང་ཞིང ་སུས་ཕྱིར་འགྱུར་ཚེ་དགེ་བ་འདོད་གྱུར་ཀྱང་།། དུག་ཙནྡ་སྦྲུལ་ཁ་དོག་པའི་ནང་དུ་ཆུད་གྱུར་པ།། སྦལ་པ་ང་རོ་འདོན་དང་མཚུངས་ཞེས་མཁས་རྣམས་སྨྲ།། ཅི་ཕྱིར་ཚིག་རྩུབ་ཕྲ་མ་མ་འབྲེལ་སྤྱི་བརྟོལ་སྨྲ་བ་དང་།། སྙུན ་ཆོ་ག་བཅོས་མས་འཇིག་རྟེན་བསླུས་པར་གྱུར་ནས་དེ་རང་ནི།། མི་སྨྲ་གནས་ཞེས་སྦྱོང་པ་ལྟ་བུས་མདུན་སོའི་ཕྲག་ནས་ནི།། བྱ་རྣམས་ཚམ་ཆོམ་མེད་པར་མཆུ་ཡི་སྐམ་པས་ལྕི་འབྱིན་འགྱུར།། ཆགས་པས་ལྗོངས ་ལོག་པའི་ཡུལ་གོམས་ཡོན་པོའི་བསམ་བཱ་ཅན།། བྱིས་པ་གང་གིས་མིག་གིས་ཡུལ་མཐོང་བརྟན་པ་རྣམ་འཇིགས་པའི།། མཛེས་པའི་རོ་སྦྲང་དེ་ནི་དེ་རིང་འཇིགས་དང་བྲལ་བ་ཡི།། མི་བཟང་བྱ་རྒོད་མཆུ་དང ་སྡེར་མོས་འཇོག་ཅིང་ཚུལ་དུ་འགྲོ།། གང་དག་རང་གི་ཁང་པ་ས་གཞི་མེ་ཏོག་སིལ་མས་གཏོར་བ་ཡིས།། རྩིག་པའི་རི་མོ་ཡོངས་གྱུར་བཞིན་དང་ཟུར་གྱི་ལྷ་བྱེད་ཅིང་།། སྡུག་པའི་ལྷག་པའི་པདྨར་བརྟེན་ཅིང་དུལ་གྱིས་འགྲོ་བ་ཡི།། བུད ་མེད་དེ་ཡི་རྐང་པ་དེ་ནི་ཝཾ་དག་ཟེ་བར་འགྱུར།། འདི་ལྟར་ལྷན་ཅིག་སྐྱེས་པའི་མི་སྡུག་མི་གཙང་འདམ་རྫབ་དང་།། དྲེགས་པས་མྱོས་ཤིང་སེམས་ལྷུང་གྱུར་པས་སྡུག་བསྔལ་ཉོན་མོངས་པའི།། ལུས་ལ་ཁྱེད་ཀྱིས་འདི་ནི་རང་བཞིན ་མ་ཞིར་བལྟས་ནས་ནི།། འཚོ་བའི་འཇིག་རྟེན་གློག་ལྟར་རབ་ཏུ་འཇིག་ལ་ཡིད་འབྱུང་གིས།། ཡང་དག་ཇི་བཞིན་ཐུགས་ཆུང་ཆོས་ཀྱི་རྒྱལ་པོས་སེམས་ཅན་རྣམས།། ཉོན་མོངས་རྨ་ནང་རྒྱུན་མི་འཆད་པར་འཇོག་པས་གདུངས་པ ་ལྔ། རང་བཞིན་བསིལ་བའི་ཆོས་གསུང་ཆུ་ཡི་བུམ་པས་ཚིམ་མཛད་པ།། སྨན་པའི་མཆོག་གྱུར་སྟོན་པ་དེ་ལ་རྟག་ཏུ་ཕྱག་འཚལོ།། ཤེས་པར་དཀའ་ཞིང་གཡོན་ཅན་མ་ཞི་ལས་དང་ཉོན་མོངས་ལྡན།། རྣམ་པར་འགྱུར་ལ་མ་ཞི ་སྐྱེ་བར་བཤད་པ་གང་ཡིན་པས།། རྨོངས་པ་ཤིང་རྟའི་འཕང་ལོ་བཞིན་དུ་དབང་མེད་འཁོར་ལོར་ནོ།། འཇིག་རྟེན་མོ་བཟོང་འཕོངས་པའི་རྡོ་རྗེས་ལུས་ནི་ངེས་འཇོམས་འགྱུར།། གཞོནནུའི་ཚེན་མ་ཡིན་ལེན་བུར་ལྡན་པའི་སྒྲ་བྱས་ཤིང་།། ་གང་ལ་ལང་ཆོ་མཛེས་པའི་ནོར་བུའི་ཕྲེང་བ་མཆོག་བཅིངས་དང་།། བྲམ་ཟེས་མེ་ཏོག་བཅས་པའི་ཞི་བའི་ཆུ་ཐིགས་ཀྱིས་གཏོར་བའི།། བུད་མེད་མགོ་ལ་མི་བཟང་ཁྭ་རྣམས་འཐོག་པ་ཉོན་མོངས་སོ།། གང་ཞིག་བག་མའི་དུས་སུ་མེ ་ཏོག་བཟང་བསྒོས་ཤིང་།། མི་ཡི་ལྡེག་པས་དགེ་མཚན་བཀྲ་ཤིས་བྱས་གྱུར་པའི།། སྲ་དེ་དེ་རིང་རབ་དྲག་རླུང་གིས་བསྐྱོད་ནས་ནི།། དུར་ཁྲོད་དག་གི་ཤིང་ལ་རྔ་ཡབ་ཉིད་དུ་འགྱུར།། རང་བཞིན་སྦྱིན་པར་ལྷ་དང་ཟུར་གྱིས་བལྟས་གང ་སོང་། སྒེག་པའི་གོམ་སྟོབས་ནིང་ནི་དྲེགས་མྱོས་གང་དུ་སོང་།། དགའ་བས་སྡིག་ཅིང་གླུ་དང་རྒོད་པ་གང་དུ་སོང་།། ཨེ་མོ་སྒྱུ་མའི་གསང་བའི་རབ་བཀོད་པོ་མཚར་ཆེ།། རྒོད་ཙེང་དལ་གྱིས་རྣམ་གཡོའི་རྣ་རྒྱན་འོད་ཀྱིས་མཁུར་བ་དམར ་བོ་དང་།། གང་དུ་སོག་དང་མཉམ་པའི་མཛེས་པའི་རི་མོ་འབད་དེ་བྲིས་པ་དང་། པདྨ་གནནི་ནུའི་སྙིང་པོ་ལྟ་བུར་འཇམ་པའི་མེ་ཁུར་ཆོས་གང་ཡིན་དང་།། བྱ་རྣམས་དཔྲལ་བར་གནས་ཤིང་ཁྲག་གིས་སྦགས་པའི་མཆུ་ཡིས་འཚེག་པར ་བྱེད། འོད་ཅན་མུ་ཏིག་བྲང་བའི་སྦུ་བ་དཀར་ཞིང་སྤུ་ཡི་ཆུ་བལ་ཅན།། ནུ་མ་རྒྱས་པའི་དུར་པོ་ཟུང་ལྡན་བྲང་གི་རྫིང་མཆོག་ཡངས་པ་དག། གཡོ་བའི་གོས་ལྷུར་བྱས་པས་འཕོངས་པའི་མིག་ནི་གང་དུ་ཆགས་འགྱུར་པོ།། དེར་ནི་རྣམ་པར ་བརྣགས་པས་སྦྲང་དུའི་ཚོགས་རྣམས་འཕུངས་པར་འགྱུར།། སྔོན་ནི་ཙནྡ་ཆུ་ཐགས་ཕྲེང་ཐོར་ཏ་ལའི་ལོ་མ་རླུང་ཡབ་དང་།། མངག་གཞུག་རྣམས་ཀྱིས་བཟེང་མིའི་གདུ་བུ་སྒྲར་ལྡན་པ་དག་གཡོག་བྱེད་ཅིང་།། ཁང་བཟང་ཟླ་ཟར་གྱིས ་སྒྲུབ་དཀར་བར་མཛེས་པའི་སྔས་ལ་བརྟེན་གྱུར་པ།། དེ་ནི་དེང་འདིར་ཁ་སི་སྒྲོ་གཤོག་རྩུབ་པས་བསྐྱོད་པའི་རླུང་གིས་གཡོབ་པར་འགྱུར།། གང་གིས་སྔོན་ནི་འདི་བསྐྱོད་ཅིང་།། གསེབ་ནང་ངག་ཏུ་རྣམས་སྤྱང་ནས།། ལུས་ཀྱི ་ཤིང་ནི་སྤངས་ནས་ནི།། སེམས་ཀྱི་སྤྲེའུ་དེ་གར་སོང་།། གང་གིས་བྱེད་པ་མེད་འདི་ཡང་།། བྱེད་པ་ལྟ་བུར་སྟོན་བྱེད་པ།། བདག་མེད་རོ་འདི་སྤངས་ནས་སུ།། སེམས་ཀྱི་བཞང་གང་ནཁན་གྲོང་སོང་།། གང་ཞིག་རྨོངས་པས་བློ་ལྡོངས་པས།། ནང་ན ་བདག་ཏུ་འདོགས་གྱུར་ཅིང་།། མུ་སྟེགས་ཅན་རྣམས་རྨོངས་བྱེད་པོའི།། རྣམ་ཤྭས་སྲིན་བུ་དྱོ་གར་སོང་།། གང་གི་ཡུན་རངས་རྣམ་རྨོངས་ཀྱང་།། ཡང་དག་པར་ནི་མི་གནས་པ།། སྣ་ཚོགས་སེམས་ཀྱི་སྒྱུ་མ་མཁན།། འགྲོ་བ་འདི་ལས་གང་དུ་སོང་།། ་གང་གིས་འགྲོ་བ་སེར་སྐྱ་སོགས།། དཀའ་ཐུབ་པས་ཀྱང་མི་ཤེས་པ།། ནམཁའི་ཡུལ་གྱི་སྤྱོད་ཡུལ་ཅན།། སེམས་ཀྱི་རིག་འཛིན་དེ་གར་སོང་།། གཡོ་དང་མེ་གཡོ་སྒོ་དགུ་པོ།། མི་གཙང་འདིར་ནི་སྤྱོད་སྤྱོད་པ།། དེ་ནི་ལུས་ཀྱི་གས་པ་འདི་ལས།། སེམས ་ཀྱི་བྱ་དེ་གང་དུ་སོང་།། མི་ཟད་ཡུལ་ལས་སྡུག་བསྔལ་འབབ་པའི་ལན་ཚྭ་ཆེན་པོས་རབ་ཏུ་ཁེངས་གྱུར་པའི།། སྲིད་བའི་རྒྱ་མཚོ་ཉོན་མོངས་སྦྲུལ་དང་ཉེར་འདྲེ་གང་ཡིན་དེར་ཆུད་ཅིང་།། མི་ཤེས་ཆུ་སྲིན་འཁྲུག་པའི་ཆུ་རླབས་གཡོ་བའི་ཆུ་བོར་ནུབ ་གྱུར་པ།། སེམས་ཀྱི་མཚན་མ་སྤྱོད་པ་ལུས་འདི་སྤངས་ནས་དེ་རིང་གང་དུ་སོང་།། ཉེས་བྲལ་བཅོམ་ལྡན་དེ་ནི་གདུལ་བའི་ཐབས་རྣམས་གང་དག་ཡིན་མཁྱེན་གྱི།། མ་དུལ་གང་གི་མཐར་ནི་དམྱལ་བར་མེ་འབར་འཕྲོ་བར་གྱུར་པ་ཡི།། གསེར་ལྟར ་སེར་བའི་གསེབ་ཏུ་དབང་མེད་པར་ནི་འདྨོད་བྱེད་པ།། རང་བཞིན་གཡོ་བར་བྱེད་པའི་སེམས་ཀྱི་རྟདེ་གང་དུ་སོང་།། དེ་ནས་རྡོ་རྗེ་འཛིན་པའི་འོད་ཀྱི་འཁྲིག་མ་རྒྱས་ལྷུང་བ།། བརྒྱ་བྱིན་དགའ་བས་མིག་གྲདངས་དུལ་བཅས་ཉེར་སོང་སྟེ།། བུ་མོ ་རྣམས་ལ་རབ་བཞིན་སྐལ་བཟངས་ཚི་གིསཽ་ནི།། རྗེསུ་མཐུན་ཞིང་དགེ་བས་ལེགསོ་ལེགས་ཞེས་སྨྲས།། སྲིང་མོ་ན་ཚོང་གཞོན་ཞིང་འདོད་ལྷའི་གནས་གྱུར་དང་།། རྒྱལ་རིགས་འབྱོར་པའི་དཔལ་གྱི་བདེ་བ་སྤངས་ནས་ནི།། སྔོན་གྱི་དྲང་སྲོང ་རྣམས་ཀྱི་བཀའ་ལ་ཞུགས་གྱུར་པ།། དཀའ་ཐུབ་འདིས་བདག་ཡོངས་དགའ་ཁྱེད་རྣམས་ཅི་འདོད་སྨོས།། འདོད་པའི་དབང་ཕྱུག་ལག་མཐིལ་གནས་བཞིན་ཤེས་པར་གྱིས།། སུམ་ཅུ་རྩ་གསུམ་བདག་པོའི་བདེ་བའང་དེས་རྟོགས་ལ།། ་ལྷ་རྒྱལ་བརྒྱ་བྱིན་བདག་ཡིན་ཁྱེད་ཉིད་གང་འདོད་དང་།། སྲིང་མོ་བདག་གིས་ངེས་པར་གང་བྱ་མྱུར་དུ་སྨོས།། དེ་ནས་གཞོནུ་དེ་རྣམས་ཡུལ་གྱི་བདེ་བ་འདོད་མེད་ཅིང་།། རང་བཞིན་གཡོ་མེད་སེམས་ཀྱིས་བརྒྱ་བྱིན་ཟུར་མིག་གིས་བལྟས ་ནས། རང་གི་དག་པ་ཡོངས་སྨིན་བརྟན་པར་གྱུར་པའི་རང་བཞིན་གྱིས།། ཁ་ན་མ་ཐོ་མེད་གསལ་སྣ་ཚོགས་དོན་ལྡན་ཚིག་འདི་སྨྲས།། བརྒྱ་བྱིན་བདག་ཅག་སྐྱེ་བའི་སྡུག་བསྔལ་གྱིས་ནི་གདུངས་གྱུར་པའོ།། སྲིད་པའི་བདེ་བ་ཟིལ ་པའི་ཁ་ཆུ་འཛེག་པའི་རྒྱུན་འདྲའི་ཕྱིར།། བཞིན་རས་མཛེས་པ་མྱ་ངན་མཆི་མས་བྲིས་ཤིང་རྙོགས་པ་ཡི།། གཉེན་རྣམས་སྤངས་ནས་དཀའ་ཐུབ་འདི་ལ་རྗེ་སུ་ཞུགས་པ་མིན།། གཞན་ཡང་འགྲོ་བ་མ་ལུས་ཚུལ་ངན་གྱིས་བཅིངས་མི་བཟང། ་འཕོངས་པ་བརྒྱ་ཕྲག་སྟོང་གིས་བཅོམ་པས་ཉེས་པར་སྐྱོ་འགྱུར་ཞིང་།། དཀྲེན་པ་ཉམས་ཐག་མཐོང་བས་ཉེས་ཟད་རྣམས་ཀྱི་རྗེས་འབྲངས་ཏེ།། རྒྱུ་མེད་མྱ་ངན་མེད་པའི་གོ་འཕངས་ཐོབ་ཕྱིར་བརྩོན་པ་ཡིན།། གལ ་ཏེ་འགྲོ་ལ་རྗེས་བརྩེ་ལྷག་བསམ་ངང་ཚུལ་ལྡན་གྱུར་ཅིང་།། ཅི་སྟེ་བརྒྱ་བྱིན་ཁྱོད་ཀྱིས་མཆོག་ནི་ཡང་དག་སྟེར་ནུས་ན།། འཆི་མེད་མི་འཕྲོགས་ཚངས་བཞི་ཚངས་པའི་གོ་འཕངས་རྣམས་གྲོལ་ཏེ།། སྲིད་པའི་འཇིགས་པས་ཡོངས ་གདུངས་བདག་ཅག་རྣམས་ཀྱིས་ཐོབ་པར་མཛད།། ལུས་ལས་བྱུང་ཞིང་འཛག་པའི་དྲི་མའི་སྐྱོན་གྱིས་བསྒོས་པར་གནས་པ་དང་།། མ་ཡི་མངལ་དུ་མི་གཙང་བདམ་གྱི་ཚོགས་ན་མང་ངག་མེ་སྤངས་སྤྱོད་།། བྱུང་ནས་རུས་པའི་འཁྲུལ ་འཁོར་གྱིས་ནི་མགོ་བཙིར་བརྒྱལ་ཞིང་ཉམས་ཐག་པས།། ཉོན་མོངས་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་བའི་སྐྱེ་བ་བཅད་པར་མཛོད།། རྒས་པའི་སྦྱིན་མོས་སྒྲ་དཀར་མཆེ་བ་དཀར་པོ་མྱུ་གུ་ལྡན་པ་ཡི།། ཁ་གདངས་ནས ་ནི་འགྲོ་ལ་གཞུང་ལུགས་མེད་པར་ཅི་ནས་འཛིན་བྱེད་ཅིང་།། གང་འདི་མཾ་ཡི་བརྩོན་དྲན་བློ་གྲོས་དགའ་བའི་དཔལ་ནི་རབ་འཇོམས་པས།། ལྷ་ཡི་བདག་པོ་ཁྱོད་ཀྱིས་གལ་ཏེ་ནུས་ན་དེ་ལས་བསྒྲུབ་པར་མཛོད།། དབུགས་རྒོད་གཡོ ་ཞིང་ལྟོ་བ་སྲ་ལ་ལྤགས་པ་སྐྱ་ཞིང་རྩུབ་པ་དང་།། ལོངས་སྤྱོད་འབར་བ་སྣ་ཚོགས་ཐོབ་ཀྱང་སྤྱོད་པར་མི་ནུས་སྟོབས་མང་བ།། གང་ཞིག་ལུས་ཟིན་འཆི་བདག་པོ་ཉའི་སྐྱེས་བུ་ནང་ཚོགས་རབ་འཇིགས་པ།། ལྷ་དབང་ཁྱོད་ནི་མཆོག ་སྟེར་འདོད་ན་དེ་ལས་བདག་ཅག་སྐྱོབས།། མིག་ནི་ཕྱིར་ཕྱོགས་གྱུར་ཅིང་མེ་གཡོ་གནས་རྣམས་གཅོད་པས་སྡུག་བསྔལ་བ།། ཉོན་མོངས་འཁྲུལ་པས་རབ་ཏུ་ལུས་བཅོམ་འཇིགས་པས་ཕུང་པོ་འགྱེལ་པ་དང་།། གཉེན་རྣམས་མཐོང ་བས་མཆི་མས་མཁུར་བ་དག་དང་མོཆུ་ནི་བཀྲུས་གྱུར་པ།། གང་གིས་ཟིན་ན་རབ་ཏུ་འཇིགས་པ་འཆི་བ་དེ་ལས་བདག་ཅག་བསྲུངས།། གང་གི་ཡིང་ཁྱབ་གྱུར་ན་ཕྱུགས་བཞིན་འགྱུར་ཞིང་མྱ་ངན་གྱིས་ཟིན་པ།། བྱཱ་དང་མི་བྱའི་རྣམ་པ་བློ་ལ་མི ་སེམས་སྨད་པའི་གནས་བསྐྱེད་པ།། ཐ་མལ་བསིལ་བའི་རླུང་གིས་གཡབས་ཀྱང་ལུས་ཚིམ་མི་འགྱུར་བའི།། འདོད་ཆགས་མེ་ཆེན་དེ་ནི་མཆོག་སྦྱིན་ཁྱེད་ཀྱིས་ངེས་པར་ཞི་བར་མཛོད།། གང་གི་ཤུགས་ཀྱིས་མི་འགྱུར་གཡོ་ཞིང་སོ་ཡི ་སྒྲོས་གནོན་ལ།། སྐད་ཅིག་གིས་ཀྱང་མི་བཟུང་དམྱལ་པོའི་འབྲས་བུ་སྟེར་བྱེད་སྡིག་ཅན་ནི།། ངེས་པའི་ལོ་མ་དང་ནི་ཆུ་དག་ཟ་བའི་ཐུབ་རྣམས་ཀྱིས་ཀྱང་མ་བཏོན་པ།། ཡིད་ཀྱི་ཡུལ་གནས་ཁྲོ་བོའི་སྦྲུལ་དེ་བརྒྱ་བྱིན་ཁྱོད་ཀྱིས་གསལ ་བར་མཛོད།། གང་གིས་མིག་ཁབས་གྱུར་ན་བློ་གྲོས་ངན་རྣམས་ཞི་བའི་ལམ་སྤོང་ཞིང་།། ལོག་ལྟའི་དུག་གིས་ཉེ་བར་སྤགས་པའི་ཡིད་ཀྱིས་ལམ་གཞན་དག་ལ་བརྟེན།། གང་ཞིག་རབ་རིབ་བསལ་བས་ཟག་པ་ཀུན་གྱི་རྒྱུར་ན་རབ ་གསུངས་པ།། ལོག་ཡིད་ཁྱིམ་ན་སྤྱོད་པ་རྨོངས་པའི་མུན་ནག་བརྒྱ་བྱིན་ཁྱོད་ཀྱིས་སོལ།། བརྒྱ་བྱིན་མཆོག་ནི་དེ་དག་རྣམས།། ཁྱོད་ལ་བདག་ཅག་རྣམས་སློང་གི། དམ་བཅས་དོན་ལ་འགལ་བ་ནི།། མཁས་པས་འདོད་པར་མི་བྱེད་དོ།། ་དེ་ནས་བརྒྱ་བྱིན་གྱིས་དེ་རྣམས་འདོད་པའི་ཡུལ་དགེ་སློང་བར་མི་བྱེད་ཅིང་། བལྟོས་པ་མེད་ལ་གསལ་ཞིང་མཛེས་པའི་ཚིག་གིས་རྣམ་པར་འཁྲུལ་པ་ངོ་མཚར་དུ་གྱུར་ཅིང་ཡང་དག་པར་དད་པས་ལུས་ཀྱི་གླུ་ཟིང ་བྱེད་དེ་སྨྲས་པ།། མི་འབྱོར་དངོས་པོ་སློང་བར་གྱུར་པ་ནི།། འཇིག་རྟེན་དག་ན་ཕྲ་ཞིང་ཞུམ་འགྱུར་བས།། གང་འདི་བདག་གིས་སྦྱིན་པར་ནུས་པ་ཡི།། མཆོག་རྣམས་སྦྱིན་གྱི་བུ་མོ་ཁྱོད་ཀྱིས་སྨྲོས།། དེ་ནས་བུ་མོ་དེ་རྣམས་ཀྱིས་དེའི ་ནང་ན་མི་མངོན་པའི་རྒྱུས་རྣམ་པར་སྨྲ་བས་ཚིག་དེས་ཡང་དག་པར་སྐྱོ་བས་ཉེ་བར་བསྐྱེད་པའི་ཁྲོ་བས་བརྒྱ་བྱིན་ལ་སྨྲས་པ།། ཅི་ཕྱིར་ཉེ་བར་འདྲིད་པའི་ཐབས་དང་ནི།། བརྒྱ་བྱིན་མཛེས་མེད་དེ་དག་གང་དུ་ལྷགས།། བདེ་བ་ཙམ་དང ་མི་མཁས་བློ་ཅན་ནམ།། མི་སྲུན་པ་ཡི་བགྲོད་བྱ་བདག་ཅག་མིན།། འདིར་ནི་ཕྱོགས་རྣམས་རྒྱ་ཆེར་གྲགས་པའི་ཚོགས་ལྡན་པའི།། རྒྱལ་པོའི་རིགསུ་གྱུར་པར་ཁྱོད་ཀྱིས་མི་ཤེས་སམ།། གང་གི་ནོར་གྱི་སྙིང་པོ་ངེས་པར་བལྟས་ནུས ་ནཱི། ནོར་བདག་མི་ཡང་ཇི་བཞིན་དོན་དང་ལྡན་པ་ཡི།། རྒ་བས་གཟིར་ཅིང་འཆི་བའི་སྡུག་བསྔལ་གྱི།། དུབ་ཅིང་ཡིད་འབྱུང་ཞུམ་པའི་འཇིགས་སྤངས་ཕྱིར།། ལྷ་ཡི་མགོན་པོ་གནས་སྐབས་འདིར་ཞུགས་ཀྱིས།། དྲེག་པས་མ་ཡིན ་བྱིན་མིན་མི་བརྟན་མིན།། བསོད་ནམས་བྱེད་པ་རྣམས་ལ་འཚེ་བའི་ཕྱིར།། གང་ཕྱིར་ཁྱོད་ཀོ་བདག་ཅག་སྡུག་བསྔལ་བྱེད།། གཉེན་དང་མཛའ་བཤེས་འཁོར་གྱི་སྦྱོར་བ་ཡི།། དགའ་བས་བརྒྱ་བྱིན་ཡུན་རིང་འཚོ་བར་གྱིས།། རང་བྱས ་བགོ་སྐལ་ལྡན་པའི་འབར་བ་ཡི།། གང་ཕྱིར་ལྷ་ཡི་བདག་པོར་ཁྱོད་གྱུར་དེས།། གཞན་གཅེས་རྒྱུ་ཡིས་ལྷ་ཡི་རྒྱལ་པོ་ཡི།། དམ་པའི་ཕུན་སུམ་ཚོགས་ཐོབ་མི་འགྱུར་རོ།། དེ་ནས་དབང་པོ་ཆེན་པོ་ངེས་དེའི་ཚིག་གསལ་ཞིང་ཚིག་གིས་དོན ་སྣ་ཚོགས་སྟོན་པའི་ཚིག་རྣམས་ཀྱིས་ལུས་ཚིམ་ཞིང་མཆོག་ཏུ་ངོ་མཚར་དུ་གྱུར་ལ་དད་པ་བཞིན་རབ་ཏུ་དངས་ཤིང་མཛེས་པ་དང་།། གཞན་ཡང་དེ་རྣམས་ཀྱི་བསམ་པ་སང་བའི་ཕྱིར་ཤིན་ཏུ་བསྟི་སྟང་དང་བཅས་པའི་ཚིག་གིས་སྨྲས ་བ་ཀྱེ་མ་མ་དང་འདྲ་བའི་སྲིང་མོ་དག། འཇིག་རྟེན་དཀའ་ཐུབ་ཅན་དག་ཀྱང་།། མགོན་དུ་བདག་གི་ལྷ་འདོད་ན།། ཅི་ཕྱིར་འདི་ནི་མཆོག་སྟེར་བ།། ང་ལ་ཁྱེད་རྣམས་བརྩེ་མེད་འགྱུར།། དེ་ནས་བུ་མོ་དེ་རྣམས་ལྷག་པར་ཡང་འཁྲུགས་ཤིང ་ཁྲོ་བ་དང་བཅས་པས་བརྒྱ་བྱིན་ལ་སྨྲས་པ།། བདེ་སོགས་ཀྱི་ནི་བཞིན་རས་ལ།། ཆགས་ཤིང་འཛུམ་དང་ཟུར་མིག་གིས།། རྣམ་ལྟའི་གནས་ནི་གཞན་ཡིན་ཞིང་།། སྦྱིན་བྱའི་མཆོག་ཀྱང་གཞན་ཡིན།། གལ་ཏེ་བརྒྱ་བྱིན་ཁྱོད་ཀྱིས་ནི།། ་མཆོག་རབ་སྟེར་བར་ནུས་ན་ནི།། ཡུལ་རྣམས་ཀྱི་ནི་ཤ་ཟ་ནི།། མི་སྲུན་དེ་ལས་རྒྱལ་བར་བགྱིས།། ཡང་ན་འདོད་པ་སྤང་དཀའ་ཞིང་།། ལོག་པའི་རྟོག་པ་འཆགས་འགྱུར་ན།། རྒྱུན་དེ་ཉིད་ལ་རྟག་ཏུ་མནོས།། གལ་ཏེ་ནུས་ཡོད་འདི ་འདྲར་གྱིས།། མེག་སྟོང་ལྡན་ཁྱོད་མི་བརྟན་པའོ།། འདོས་ལ་ཡང་ནི་ཚོགས་གྱུར་པས།། ཁྱོད་དང་སྦྱིན་བྱ་ཐ་དང་ནི།། མཆོག་ཅེས་པ་འདི་ཇི་ལྟར་སྨྲ།། ཇི་ལྟར་ཆུབོ་འཇིགས་པ་ཡཽ། ཤུགས་ཀྱིས་བདས་པར་གྱུར་པའི་མོ།། གཞན་དག། ་བསྒྲལ་བར་བྱའོ་ཞེས།། ཡོངས་རྟོག་བྱེད་པ་རྨོངས་པའི་གནས།། སྐྲ་རྣམས་བྲེགས་པར་གྱུར་ནས་ནི།། ཕྱག་དར་ཁྲོད་ཀྱིས་གོས་འཆང་ཞིང་།། དགོན་པ་ཡུལ་དུ་འདོད་པར་ནི།། ནམ་ཞིག་དེ་ལྟར་འགྱུར་ཞིག་གུ། ་གཉའ་ཤིང་གད་ཙམ་རྣམ་ལྷ་ཞིང་།། ས་ཡཾ་ལྷུང་བཟེད་ལག་ཐོགས་ནས།། དཔྱས་མེད་ཁྱིམ་ནས་ཁྱིམ་དུ་ནི།། ནམ་ཞིག་སློང་མོ་སྦྱང་བར་འགྱུར།། རྙེད་དང་བཀུར་སྟི་ཆགས་མེད་ཅིང་།། ཉོན་མོངས་ཆེར་མ་འདམ་རྫབ་དང་།། སྐྱོང་བར ་བྱེད་དང་གྲོང་ཁྱེར་གྱི།། སྦྱིན་པའི་གནས་སུ་ནམ་ཞིག་འགྱུར།། རྩ་ཡི་ཚོགས་ལ་སུ་ལངས་ནས་ནི།། བ་མོས་ལྕི་བའི་གོས་དོག་དང་།། ཟས་སྐོམ་ངན་ངོན་ཙམ་གང་གིས།། ནམ་ཞིག་ལུས་ལ་ཆགས་མེད་འགྱུར།། ཤིང་དྲུང ་ནི་ཅོ་ལྟར་ལྗང་པོའི།། དུར་པོ་འཇམ་པོའི་གོས་ཅན་དུ།། མཐོང་ཆོས་བདེ་བའི་དགའ་སྟོན་དང་།། ནམ་ཞིག་བདག་ནི་ཉལ་བར་འགྱུར།། འདོར་བར་འགྱུར་བའི་ལུས་སྲོག་ལ།། ཆུ་དང་རྩ་ཡི་ཟིལ་པ་ལྟར།། བལྟོས་མེད་ཡུན་རིང ་གོམས་པ་ཡས།། བྱེད་བ་ཆེན་པོ་ནམ་ཞིག་ཐོབ།། ན་མོ་ཞིག་ཆུ་ངོགས་སྨན་ལྗོངས་སུ།། གནས་ནས་ཆུ་རླབས་འབྱུང་འཇིག་དང་།། འཚེ་བ་འཇིག་རྟེན་གནས་འདྲ་བར།། ཡང་དང་ཡང་དུ་བལྟ་བར་འགྱུར།། ལྟ་བ་ཀུན་གྱི་མར ་གྱུར་པའི།། འཇིག་ཚོགས་ལྟ་བ་འབྱིན་པ་དང་།། སྲིད་པའི་ལོངས་སྤྱོད་མི་འདོད་པར།། བདག་ནི་ནམ་ཞིག་འགྱུར་ཞིག་གུ།། རྨི་ལམ་སྨིག་རྒྱུ་སྒྱུ་མ་སྤྲིན།། དྲི་ཟའི་གྲོང་ཁྱེར་མཚུངས་པར་ནི།། རྒྱུ་དང་མི་རྒྱུའི་འཇིག་རྟེན་དག། ནམ ་ཞིག་རྟོགས་པར་བྱེད་པར་འགྱུར།། མིང་པོ་འདི་ལྟར་དགའ་བ་ཡིས།། རེ་བའི་ཡིད་ཀྱི་རྣམ་རོལ་པས།། ཟང་ཟིང་བཅས་ཤིང་གཡོ་བ་ཡི།། མཆོག་དེ་རྣམས་ཀྱིས་ཅི་ཞིག་བགྱི།། ཀྱེ་མ་མཆོག་རབ་སྦྱིན་པར་སེམས་གཞན་ཡང་།། ་ལོག་པར་རྟོག་པའི་སྐད་ཅིག་ཙམ་དགའ་ཞིང་།། ལྷ་མུགོན་འདོད་པ་ངོ་བོ་ཉིད་ཀྱིས་གཡོ།། གཡང་ས་ཆེན་པོར་མུན་ནག་བཅས་འདྲ་བས།། སེམས་རྒྱ་ཆེ་བའི་དམ་པས་རྣམ་པར་སྤངས།། མི་རིགས་འཚེ་བ་ཀུན་གྱི་རྒྱུར་གྱུར་ཅིག ་འདོད་པས་མི་རྣམས་འཁྲུལ་པར་བྱེད་པས་ན།། འདི་ནི་སྨད་བ་འཇིགས་པ་ཆེན་པོ་སྟེ།། མི་གཙང་བསྒོས་པའི་སྦྲུལ་ནག་ངག་དང་མཚུངས།། གང་འདི་ཐོག་མཐའ་མེད་ནས་འགྲོ་བ་དང་།། འགྲོ་བར་འགྱུར་དང་གནས་པའི་སེམས ་ན་ལུས།། དེ་ནི་གསོད་འཇོམས་བསྟེནར་དང་མཚུངས་པས་ནི།། སྡིག་པའི་གཞོར་གྱུར་འདོད་པས་ཅི་ཞིག་བྱ།། ལྷོ་དབང་བརྒྱ་བྱིན་འདོད་པའི་ཡུལ་འདི་ནི།། ཕྱག་དར་ཁྲོད་འདྲར་བྱེད་འདྲའི་ངོ་བོ་བས།། བརྫུན་པར་རྟོག་ཅིང་རྣམ ་སྨིན་མི་བཟང་པའི།། འདོད་པའི་ཡིད་ཀྱིས་ཀྱང་ནི་སུ་ཞིག་བསྟེན།། བཻ་ཌཱུཪྻ་ལྟར་སྔོན་ལྗང་སྐྱེ་བའི་རྩ་དང་ནི།། མེ་ཏོག་རྒྱས་པར་གྱུར་པའི་ཤིང་གི་གནས་སྤངས་ནས།། ལྕགས་ཀྱུ་རྣོན་པོས་སྤྱི་བོར་འཚིག་ཅིང་འདྲིད་པ ་ཡང་། གླང་ཆེན་དབང་པོ་ཁུར་བསྐྱེད་ཡུལ་གྱིས་བསླུས་པ་ཡིན།། མདུང་རྩིས་ལུས་སྐྱོན་གྲོང་གོ་ཁཾ་ངའི་ཚོགས་རྣམས་ཀྱོས།། གཤོག་པའི་རླུང་གོས་རབ་ཏུ་གཡོབ་པར་བྱེད་འགྱུར་ལ།། མཛའ་བོ་རྣམས་ཀྱང་གཡོ་བྱས ་མིག་གིས་ལྟ་བྱེད་པ།། སྐྱེ་སྨྲ་བུ་འཇིགས་པར་འགྱུར་བའང་སྲུལ་གྱིས་བསྒྲུས་པ་ཡིན།། བྱས་པ་ལོག་རྟོག་རླུང་གིས་རབ་འབར་འདོད་པ་ཡས།། རང་ཡང་ཁང་པ་བདག་ཉིད་ཀྱིས་ནཱ་སྲེག་བྱེད་ན།། སྒྲོག ་མཱ་ལོ་བརྒྱ་ལྗོན་པ་ཕན་ཚུན་བདར་བ་ཡིས།། རོང་ཉིད་ཀྱིས་ནི་སྲེག་པར་བྱེད་པ་ཇི་བཞིན་ནོ།། བརྒྱ་བྱིན་གཞན་ཡང་རྣམ་རྒྱལ་ཁུང་པོར་གནས་ནས་ནི།། འོད་འཕྲོ་ནོར་བུའི་དཔལ་གྱིས་དགའ་བ་འདི་ལས་ནི།། མེ་ཚོན་རབ་འབར ་འཇིགས་པའི་མནར་མེད་པར་ཕྱིན་པས།། གང་འདི་དུག་ཅན་ཡུལ་གྱིས་བདེ་བ་བདེ་ལེགས་མིན?།། མཐོ་རིས་གནས་ནས་འགྲོ་བ་ངན་པའི་མང་འཇུག་ཅིང་།། སྐོང་ཅིག་གིས་ལྷུང་འཕོ་བའོ་སྡུག་བསྔལ་གྱིས་གཟིར་བ།། གང ་དགྲ་སྡུག་བསྔལ་མྱོང་འགྱུར་ལྷ་ཡི་འཇིག་རྟེན་མངོན་དགའ་བ།། སྔ་རུ་མྱོང་འགྱུར་བ་དེ་ནི་བདེ་བ་མྱོང་མ་ཡིན།། གསེར་གྱི་པདྨ་ཁ་འབྱེད་དང་པོ་ཉུལ་བ་དང་།། གང་འདིར་ལྕེ་ཡི་ཁང་པར་རྫིང་བུར་གྲུལ་བརྒལ་བ་དང་།། འདོད ་པའི་ལས་ཀྱིས་སླར་ཡང་མེ་རོ་རུལ་པཱ་ཡིས།། གཟིངས་པའི་ཆུ་བོ་རབ་མེད་ནང་དུ་ལྷུང་བར་འགྱུར།། ཡོངསུ་གྱུར་ན་དགའ་བྲལ་རྨི་ལོམ་ལྟ་བུ་ཡོ།། ལྷ་རྣམས་བདེ་བ་དོ་ན~ཾ་བནྡྷ་བྱིན་སུ་ཞིག་འདོད།། ཚོར་བའི་འཇིག་རྟེན ་ཁྲོས་པའི་སྦྲུལ་གྱི་ལྕེ་ལྟར་གཡོ་བ་ནི།། ཐམས་ཅང་རྟོགས་པས་བདག་ཅག་ཐར་ལ་གཞོལ་བར་གནས།། སྲོང་མཚོ་ཆང་ཚིང་ནང་ན་གནས་པའི་བྱིས་པ་རྣམས།། འདི་བདེ་ཡིནོ་ཞེས་པ་དེ་ལོག་པར་བརྟགས་ཙམ་སྟེ། ་གང་འདི་སྐྱེད་པ་མ་ལུས་སྡུག་བསྔལ་ཀུན་བསྐྱེད་ཅིང་།། ཡང་དག་གསུང་བའི་སངས་རྒྱས་རྣམས་ཀྱིས་ངེས་པར་གསུངས།། འཚོ་བའི་འཇིག་རྟེན་རང་བཞིན་སྡུག་བསྔལ་མང་པོས་གཡེངས་གྱུར་ཏེ།། གང་ཚེ་འདི་ན་བདེ་བ་མྱོང ་བའང་བྱ་རོག་པལྟ་ལྟར་མི་ཚུངས།། དེ་ཡང་བྲོང་གྱུར་སྡུག་བསྔལ་དུ་མས་ཟིལ་གྱིས་གན་འགྱུར་ཏེ།། ཆུ་བོའི་ཚུན་ཆུ་མཚུར་ཕྱིན་པ་དག་དང་མཚུངས་པ་དང་།། གང་ཕྱིར་བུད་མེད་ལག་པ་གི་སླར་བཅས་བུའི་པདྨའི་ད་བའ ་དང་། གདུ་བུ་ཅུང་ཟད་འཁྲོལ་བ་ཙན་དཱན་བསིལ་བས་བསྒོས་པར་གྱུར་པ་ཡིས།། རེག་ཅིང་ཟངས་ལྔར་དམར་བཅས་སོར་མོ་ཟློམ་པས་བརྩེ་བས་འཁྱུད་པར་བྱས་པ་དང་།། བསིལ་ཡབ་རླུང་གིས་རྒྱན་འཕྲེང་གཏོར་བས་གཉིད ་ལོག་ཁྱབ་པར་གྱུར་པ་དག། འཇག་མའི་རྩེ་མོ་གཅེར་བའི་ལམ་དུ་ཕལ་བ་དང་འདྲེས་རླུང་པ་སརྲ་ནི།། དྲག་པོས་གཡབ་ཅིང་དུབ་ལ་ལྕི་བའི་ལུས་ཀྱིས་སླར་ཡང་ཉལ་འགྱུར་ཏེ།། དེ་བས་འཚོ་བའི་འཇིག་རྟེན་སྐད་ཅིག་ཐང་ཅིག ་གཡོ་བར་ཤེས་གྱིས་ལྔ།། འཕོངས་པའི་འབྲས་འབྱིན་འདོད་པ་སྤྱོངས་ལ་ཚངས་པའི་གཞི་ལཱ་བརྟེན་པར་གྱིས།། དེ་ནས་བུ་མོ་རྣམས་ལ་མིག་སྟོང་ལྡན།། དགའ་བས་ལུས་ཀྱིས་བ་སྤུ་ལྡང་གྱུར་ཅིང་།། བརྩོན་པ་མངོན་དགའི ་སེམས་དང་ལྷན་ཅིག་གིས།། སུམ་ཅུ་རྩ་གསུམ་མངོན་ཕྱོགས་སོང་བར་གྱུར།། དེ་ནས་བུ་མོ་དེ་རྣམས་རབ་བྱུང་ཉེར་སོན་ཞིང་།། དེ་ཉིད་དོན་ལ་རྣམ་བརྟགས་བློ་མིག་དག་གྱུར་པས།། དྲེགས་པའི་ཆུ་རླབས་གཡོ་ཞིང་འཇིགས་པར ་བྱེད་པ་ཡི།། སྡུག་བསྔལ་མཚོ་ཆེན་མཐའ་མེད་འཁོར་བ་བརྒལ་བར་འགྱུར།། འགྲོ་བ་མ་རིག་ལྡོངས་པ་ཀུན་གྱི་མིག་གཅིག་པུ།། རང་བཞིན་འགྲོ་དོན་རྣམ་བྱེད་ངེས་པའི་བདག་ཉིད་ཀྱི།། ཐུབ་པས་སེམས ་ཅན་རྣམས་ལ་ཚུལ་འདི་གསུངས་པས་ན།། སེམས་ཅན་རྣམས་ཀྱི་སྐྱིད་པའི་ཚེར་མ་ཟད་པར་ཤོག། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ།། སློབ་དཔོན་ཆེན་པོ་གསང་བས་སྦྱིན་གྱིས་མཛད་པ་རྫོག་སོ།། ། ་