CLOSE WINDOW

GT3421: mya ngan bsal ba
Wyliee-texts produced with BDRC’s OCR application

དང་། བོད་ཀྱི་མོ་ཙཱ་བོ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @#། རྒྱ་གར་སྐད་དུ། ཤོ་ཀ་བཱི་ནོ་ན། བོད་སྐད་དུ། མྱ་ངན་པས་ལ་གི་འཕགྲ་པ ་སྤྱན་རབ་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ།། གང་ཞིག་དགའ་བྲལ་ཉམས་ཐག་སྟེ།། རབ་ཏུ་མྱ་ངན་མེ་འབར་བ།། བསྒྲིམས་ནས་ཤིན་ཏུ་སྤྲོ་བསྲིང་ཞིང་།། རང་གི་སེམས ་ཉིད་བརྗོད་པར་བྱ།། ལུས་ཀྱི་ལོམ་ཞུགས་ཐོབ་པ་ཡི།། སྦྲོན་པ་མེད་པར་སྐྱེ་བོ་གང་།། ཉེས་པ་མ་བྱས་སོང་གྱུར་པ།། དེ་ལ་ཅི་ཞིག་ཡོངསུ་གདུང་།། ཅི་སྟེ་དེ་ཉིད་འཆི་བར་འགྱུར།། གཞན་ནི་སུ་ཡང་མིན་ན་གོ།། འདི་ནི་བྱུར་ཆེན་རྣོན། ་པ་ཞེས།། ཆོ་ང་ཆེན་པོ་གདབ་པར་རིགས།། འདི་ལྟར་ཐམས་ཅད་སྐྱེ་བ་ཡི།། མདུན་ན་གནས་པ་འཆི་བ་སྟེ།། ཀུན་ཀྱང་འཕོ་བར་སྣང་བའི་ཕྱིར།། མྱ་ངན་བྱ་བར་འོས་པ་མིན།། མཛའ་དང་འགྲོགས་པ་བརྐམ་པ་ཡི།། སྐྱེ་བོ་མྱ་ངན་གྱིས། ་གདུངས་པ།། རྔ་རྩིང་དག་ལ་ཆགས་པའི་འབྲི།། རྔོན་པས་ནགས་ཀྱི་ནང་དུ་བཞིན།། གང་ཚེ་ཀུན་གྱིས་བགྲོད་བྱེ་ཞིང་།། དེ་དང་དེར་ནི་འགྲོ་བ་ཡི།། སྔ་ནས་ང་དེར་སོང་བ་ལས།། ཅི་ཡི་ཕྱིར་ན་མྱ་ངན་བྱེད།། མི་བཟང་འཚོ་བའི་བདག་པོ ་ལཱ་རབ་ཏུ་སྨྱོས་པའི་སྐྱེ་བོ་འདི།། ནགས་ན་གསོད་སྲེང་སེང་གེ་ཡི།། མདུན་ན་རི་དྭགས་གནས་པ་བཞིན།། འཆི་བ་བཟློག་པར་བྱ་བ་ཡིས།། གང་ཚེ་ཐབས་ཀུན་མེད་པས་ན།། སྤྲོ་བསྲིང་བ་དག་མི་སྐྱེད་པར།། ཆུ་ལས་ཉ་བཞིན ་ཅི་ཞིག་འདྲེ།། ས་འམ་ཅི་སྟེ་མཐོ་རིས་ན།། སྐྱེས་ནས་ལ་ལ་མ་ཤི་བ།། འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ།། ཐོས་སམ་འོན་ཏེ་ཐེ་ཚོམ་ཟ།། ཁམས་གསུམ་འདི་དག་ཐམས་ཅད་ལ།། མི་རྟག་མེ་ཡིས་བསྲེག་གྱུར་པ།། དགོན་པ ་མོ་ནི་འབར་བ་ཡིས།། དགོན་པའི་མེ་ཏོག་ཇི་ལྟ་བཞིན།། རྟག་པར་འདུ་ཤེས་རྣམ་ལོག་ན།། སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས།། འཆི་བའི་ཞགས་པས་དྲངས་གྱུར་པ།། ཞགས་པས་གླང་པོ་བཞིན་དུའོ།། བསམ་གཏན་ལས ་སྐྱེས་བདེ་མྱོང་བ།། ཚངས་པ་ཚངས་པའི་གནས་ལུས་ཀྱང་།། མི་རྟག་ཕྱིར་ནི་ལྷུང་གྱུར་པ།། ཆུ་ཡི་ཀླུང་གི་འགྲམ་ས་བཞིན།། བརྒྱ་བྱིན་དྲག་ནི་སྟོང་རྣམས་དང་།། འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང་།། དུས་ཀྱིས་འཆི་བར་འགྱུར། ་བོ་ནི། མར་མེ་འབར་ལ་རླུང་གིས་བཞིན།། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས།། མཁའ་ལ་རྒྱང་རིང་འགྲོ་བ་ཡང་།། གང་ན་སྤྱོད་ཡུལ་འཆི་མེད་པ།། དེར་ནི་འགྲོ་བར་ནུས་པ་མེད།། གང་དུ་ས་རྣམས་བསྲེགས་གྱུར་པ།། ལྷུན་ཏོ། ་འང་ཐལ་བར་འཇིག་པ་དང་།། བརྒྱ་མཚོའི་ཆུ་ཡང་བསྐུམས་གྱུར་ན།། ལུས་ཅན་དེ་དག་ལྔ་ཅི་སྨོས།། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ།། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ།། རྡོ་རྗེའི་སྐུ་ཡང་མི་རྟག་ནི།། ཆུ་ཤིང་སྙིང་པོ་མེད ་འདྲ་བའི།། ལུས་ཅན་གཞན་ངག་སྨོས་ཅི་དགོས།། གཉེན་གྱིས་པང་དུ་བླངས་པ་ཡི།། སྐྱེ་བོ་རྣམས་ནི་འཆི་བས་ཕྲོགས།། རྒྱ་མཚོའི་ནང་ན་གནས་པ་ཡི།། ཀླུ་ལྔ་ནམཁའ་ལྡིང་གིས་བཞིན།། ཀྱི་ཧུད་མིག་སྲོག་ཀྱེ་གཉེན ་ཞེས། ཤིན་ཏུ་སྡུག་བསྔལ་དུ་འདོད་པ།། ཇི་ལྟར་སྦྲུལ་གྱིས་སྦལ་བ་བཞིན།། འགྲོ་བཞན་རྣམས་ནི་འཆི་བས་མིད།། རབ་ཏུ་བགྲོད་དཀའི་དོན་གྱི་མཐར།། མ་ཕྱིན་པར་ནི་འཇིག་རྟེན་འདི།། རབ་ཏུ་འཆི་བའི་ཁར་བཅུག་པ།། ་རྒྱུ་སྦྱིན་གནས་སུ་ཆུ་བབ་བའིམ། གང་དུས་འཇིགརྟེན་པ་རློ་། འགྲོ་འི་རྗེས་བྷྱོ་གའ་རྙེང་ན།། དགྲ་བན་ཅི་སྟེ་མཛ་རྫུག་རྣམས།། འབྱེ་བྲག་མེད་པར་འགྱུར།། སྐྱེ་བོ་གཞན་ལ་བྱམ ་བྱེད་ཕྱིར།། སྐྱེ་བོ་རང་འཁོར་འདུ་ཤེས་པ།། བསམ་པའི་འདམ་དུ་བྱུང་བ་ནི།། གླང་པོ་འཇམ་དུ་བྱུང་བ་བྱ་ཉིན།། ཁྱོད་ཀྱིས་ཇི་སྙེད་གཉེན་བ་ཤེས་རྣམས།། འཁོར་བའི་ནང་ན་བླང་བོར་བ།། གདྷཱའི་བྱེ་མཱ་རྣམ་ས་ལྔ་ཡང་།། ་དེ་སྙེད་ཙམ་དུ་ཡོད་མ་ཡིན།། གང་ཉིད་ཁྱོད་ཀྱིས་རབ་བསྒྲིམས་ཏེ།། བརྩེ་བའི་བུ་ཡི་འདུ་ཤེས་པ།། དེ་ཉིད་ཚེ་རབས་གཞན་དུས་ན།། རྡེག་པར་བྱེད་ཅིང་དགྲར་འདུ་ཤེས།། རང་གིས་བཤེས་པའི་ནུ་མི་ཡོང་།། ཁྱོད་ཀྱིས་འཐུང ་པ་སྲིད་གཞན་ན།། དེ་ཡི་ཁྲག་ཉིད་འཐུངས་པ་དང་།། རྒྱབ་ནས་ཤ་ཡང་ཟོས་པ་ཡིན།། གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ།། མགོ་ལ་ལན་གྲངས་བརྒྱར་རྗེ་དེ་པ།། དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ།། རྟོག་པས་ལན་གྲངས་བརྒྱ ་ཡང་བཏགས།། འགྲོ་བའི་རྒྱུ་ཡི་དངོས་པོ་ཡིས།། སྔོན་ཆང་གཞན་དུ་སྣང་གྱུར་པ།། གཞན་ན་ཡོངསུ་འགྱུར་པ་སྟེ།། མེ་བདུན་དྲང་སྲོང་བདུན་ཚོགས་བཞིན།། ཇི་ལྟ་རཱ་ན་མཁའི་ཆར་ཐིགས་བཞིན།། ཚོགས་ཤིང་རྣམ་པར ་འཇིག་འགྱུར་བ།། དེ་བཞིན་འཁོར་བའི་སྲོག་ཆགས་ཀྱང་།། ཚོགས་ཤིང་རྣམ་པར་འཇིག་པར་འགྱུར།། ལྡན་པ་དང་ནི་བྲལ་བ་ཡི།། ལུས་ཅན་རྣམས་ནི་ཡུད་ཙམ་སྟེ།། འབབ་ཆུ་དཔའ་ཀློང་འཁྱིལ་ཤུགས་ལ།། ཤིང་དག། ་ཇི་ལྟར་བཙུགས་པ་བཞིན།། ངོ་མཚར་ཆེའོ་མ་རིག་མཐུས།། གང་གིས་འགྲོ་བུ་རྣམས་རྨོངས་པས།། བྲལ་བའི་སྡུག་བསྔལ་དྲན་ཉམས་ཤིང་།། ལྡན་པ་རྣམས་ལ་སྲེང་བར་བྱེད།། གཙང་མའི་གནས་རྣམས་མ་གཏོགས ་པར། སྣ་ཚོགས་ལས་ཀྱིས་ཆས་ནས་སུ།། བྲོས་ས་གང་དུའང་མི་ལྟུང་བ། སེམས་ཅན་འགའ་ཡང་ཡོད་མ་ཡིན།། ཡང་དང་ཡང་དུ་དམྱལ་བར་ནི།། ཟངས་བཞུན་བསྐོལ་བ་གང་འཐུངས་པ།། རྒྱ་མཚོ་ནང་གི་ཆུ་ལ་ཡང་།། ་དེ་ཡི་ཚྭ་དེ་ཙམ་ཡོད་མ་ཡིན།། ཁྱི་དང་ཕག་ཏུ་གྱུར་པ་ནི།། མི་གཙང་བ་ནི་གང་ཟོས་པ།། རི་ཡི་རྒྱལ་པོ་ལྷུན་པོ་སི།། ཚང་ལས་ཤིན་ཏུ་ལྷག་པར་འགྱུར།། མཛའ་ཤེས་རབ་ཏུ་བྲལ་བ་ཡིས།། འཁོར་བའི་ནང་དུ་གང་རྒྱས་པ། ་མིག་གི་མཆི་མའི་ཐིགས་པ་ཡི།། སྣོད་དུ་རྒྱ་མཚོ་རུང་མ་ཡིན།། ཕན་ཚུན་དག་ཏུ་རྩོད་བའི་ཕྱིར།། མགོ་བོ་བཅད་པ་གང་ཡིནྡ་པ།། སྤུངས་ན་དེ་ལྟར་མཐོ་བ་ནི།། ཚུངས་པའི་འཇིག་རྟེན་ལས་ཀྱང་ཐལ།། སྲིནྡ་བུར་གྱུར་ཅིང ་རབ་བཀྲེས་པས།། ས་ལུང་ཐོས་པ་གང་ཡིན་པ།། འོ་མའི་རྒྱ་མཚོ་ཆེ་ནང་དུ།། དེ་ཡིས་བཀང་ན་ཤིན་ཏུ་འགང་།། ཡི་དགས་འཇིག་རྟེན་མི་བཟུང་བར།། བཀྲེས་སྐོམ་སྡུག་བསྔལ་གང་མྱོང་བ།། དེ་ནི་དྲན་ཕྱིར་རང་གི་སྙིང ་རང་གི་ཤ་ཡང་འདོར་མི་འགྱུར།། མི་ལ་དབུལ་བའི་ཉེས་པ་ཡིས།། ཐོ་བརྩམས་པ་ནི་གང་མྱོང་ངོ་།། བརྗོད་པས་བདག་ལ་མཐུ་མེད་པ།། རང་གི་ལྕེ་ལ་ངོ་ཚ་བཞིན།། བོའི་ངོས་ལ་ཡུན་རིང་དུ།། བྷ་ཡཾ་བདེ་བ་མྱོང་འགྱུར་བ ་ལྷ་རྫས་ཡུལ་གྱིས་མི་ངོམས་ཏེ།། ཤིང་སྐམ་པོ་ལ་མེ་བཞིན་ནོ།། དགེ་བའི་ལས་རྣམས་སོངས་ཟང་བ།། བདེ་འགྲོ་ལས་ཀྱང་ཤི་འཕོས་ཏེ།། ཚེ་ཟང་ས་ལ་ལྟུང་བ་ནི།། འདབ་ཆགས་བྱ་ནི་མངའ་ལ ་བཞིན།། ལས་ཀྱི་ཤུགས་ཀྱིས་འགྲོ་བ་ནི།། གང་ཕྱིར་འཁོར་ལོ་བཞིན་དུ་འཁོར།། དེ་བས་ཆགས་པ་ཡོངས་སྤངས་ཤིང་།། ཐར་པ་ལ་ནི་བློ་ཞེན་བྱ།། མྱ་ངན་བསལ་བ་ཞེས་བྱ་བ།། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་ཨ་ཛཾ་ཏྭེ་ཤྲཱི་བྷྲྀ་དྲ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་