| Wylie | e-texts produced with BDRC’s OCR application |
ཞུས་ཆེན་གྱི་མོ་ཙཱ་བ་དགེ་སློང་ཤཱུ། འོད་ཀྱིས་བསྣུརན་ཅིང་ཞུས་ཏེ་གཏན་བྱ་བབ་པའོ།། ། རྒྱ་གར་སྐད་དུ། ད་ཤཱ་ཀྲ་ཤ་པ་ཀརྨ་པཱ་ཐཱ་ནཱི་ཤ། བོད་སྐད་དུ། དགེ་བ་ང་། ་ལས་ཀྱི་ལམ་བསྟན་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དགེ་བྱེ་བཅུ་པོ་འདི་དག་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན།། སངས་རྒྱས་ཀྱི་སློབ་པ་དུག་གིས་འདི་ལྟར་བསླབ་པ། ་བྱའོ།། དེ་ལ་དགེ་བ་བཅུ་གང་ཝཱ་ན། ལུས་ཀྱི་ལུས་ནི་རྣམ་པ་གསུམ་སྟེ།། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། འདོད་པས་ལོག་པར་མི་གཡེམ་པའོ།། ངག་གི་ལས་ནི་རྣམ་པ་བཞི་སྟེ། སྔུན་མི་སྨྲ་བ་དང་། ཕྲ་མི ་མི་སྨྲ་བ་དང་། ཚིགས་རྩུབ་མོ་མི་སྨྲ་བ་དང་། ཚིག་འཁྱལ་པ་མི་སྨྲ་བའོ།། ཡིད་ཀྱི་ལས་རྣམ་པ་གསུམ་སྟེ། བརྣབ་སེམས་སྤང་བ་དང་། གནོད་སེམས་སྤང་བ་དང་། ལོག་པར་ལྟ་བ་སྤང་བའོ།། དེ་ཡང་མི་དགེ་བཅུ་སྤངས ་པ་ནི་དགེ་བ་བཅུ་ཡིན་པས།། སྤང་བར་བྱ་བ་བཅུ་བརྗོད་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཇི་སྐད་དུ། སྲོག་གཅོད་པ་ཡི་སེམས་ཅན་དང་།། གཞན་གྱི་ནོར་ལ་འཕྲོག་པ་དང་།། འདོད་པས་ལོག་པར ་གཡེམ་པ་དང་།། སེམས་ཅན་དམྱལ་བའི་བར་དུ་འགྲོ།། དབྱེན་བྱེད་པ་དང་ཚིག་རྩུབ་དང་།། བརྫུན་དུ་སྨྲེ་ཞིང་མི་སྡོམ་དང་།། བྱིས་པ་འཁྱལ་བར་སླ་བ་རྣམས།། སོ་སོའི་སྒོ་བོ་བསྲུ་བས་བཅིངས།། གཞན་གྱིས་སྤྱོད་ལ་བརླབ ་སེམས་དང་།། གནོད་སེམས་ངག་ནི་མང་བ་དང་།། མི་གང་ལྟ་བ་ལོག་ཞུགས་པ།། ངན་འགྲོ་དག་ཏུ་འགྲོ་བར་འགྱུར།། ལུས་ཀྱི་སྡིག་པ་རྣམ་གསུམ་དང་།། ངག་གི་སྡིག་པ་རྣམ་བཞི་དང་།། ཡིད་ཀྱི་སྡིག་པ་རྣམ་གསུམ་ནི།། སྡིག་བྱེད ་པ་དག་རབ་ཏུ་བྱེད།། སྡིག་པའི་ལས་རྣམས་བྱས་པས་ན།། དེ་ཕྱིར་ངན་འགྲོར་འགྲོ་བར་འགྱུར།། ཅི་ནས་ངན་འགྲོར་མི་གཏང་བར།། བསྐྱབ་པའི་ཕྱིར་ནི་རབ་ཏུ་བྱུང་།། ཞེས་བཅོམ་ལྡན་འདས་ཀྱིས་རབ་ཏུ་གསུངས་པ་དག་གོ།། ཇི་ལྟར ་ན་ཉེས་པ་དེ་དག་རྫོགས་པར་འགྱུར་ཞེ་ན། སྲོག་གཅོད་པ་ནི་གཞི་སེམས་ཅན་ཡིན་པ་དང་། དེར་འདུ་ཤེས་པ་དང་། བསང་བར་བསམས་པ་དང་། སྦྱོར་བ་བྱས་པ་དང་། སྐྱུར་བུ་བྱས་པ་དེ་ཉིད་ཀྱི་ཚེ་འམ། གཞན་གྱི་ཚེ ་ཤི་བ་ཞེས་པ་ཡན་ལག་ལྔས་རྫོགས་པར་འགྱུར་རོ།། མ་ཤི་བར་འགྱོད་པ་ལས་ཤི་བ་ལ་ནི་སྨད་ངོ་།། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་པོས་གཟིར་བ་ལ་ཉེས་པ་མེད་པར་ཐམས་ཅད་ལ་སྦྱོར་རོ།། མ་བྱིན་པར ་ལེན་པ་ནི་ཡན་ལག་བཞིས་རྫོགས་པར་འགྱུར་ཏེ།། བླང་བར་བྱ་བ་གཞན་གྱིས་ཡོངསུ་བཟུང་བར་གྱུར་པ་ཡིན་པ་དང་། དེར་འདུ་ཤེས་པ་དང་། རྐུ་བར་བསམས་པ་དང་། གནས་ནས་སྤོས་པའོ།། འདོད་པས་ལོག་པར་གསེམ ་པ་ནི་རྣམ་པ་བདུན་ཏེ། བདག་ཉིད་ལས་བྱུང་བ་དང་། རང་གི་ཆུང་མ་ལས་བྱུང་བ་དང་། ཆུང་མར་མི་རིགས་པ་ཆུང་མར་བྱས་པ་ལས་བྱུང་བ་དང་། ཆུང་མ་མ་ཡིན་པ་ལས་བྱུང་བ་དང་། སྐྱེས་པ་ལས་བྱུང་བ་དང་། དུད་འགྲོ། ་ལས་བྱུང་བ་དང་། དང་དུམ་མས་སྣང་ག། དེལ་བ་གནང་ལས་བྱུང་ཟན་མ་རིགས་པ་སུ་མདུན་པ་ལས་དབང་བ་ལས་རང་ངག་གཞན་རྒྱུ་ཁུབ་འབྱིན་པས། ང་གརུང་མ་ལས་འབྱུང ་བ་ནི་དུས་མ་ཡིན་པ་ཉིན་པར་དང་། བསྙེན་གནས་ལ་གནས་པ་དང་། ན་བ་དང་། སྦྲུམ་མ་དང་། མྱ་ངན་གྱིས་གདུངས་པ་དང་། ཟླ་མཚན་དང་ལྡན་པ་དང་། བད་མ་སངས་པ་ལ་སོགས་པ་དག་དང་གནས་མ་ཡིན་པ་པ་མ་དང་། ་བླ་མ་དང་། དཀོན་མཆོག་དང་། མཆོད་རྟེན་ལ་སོགས་པའི་གནས་དང་། ཡན་ལོག་མ་ཡིན་པ་ཁ་དང་བཤད་པའི་ལམ་དང་ལྟེ་བ་ལ་སོགས་པ་སྟེ། མདོར་ན་བུད་མེད་ཀྱི་དབང་པོ་ལས་གཞན་པ་ཐམས་ཅད་ངོ་།། དེ་ལྟར་དུས ་དང་གནས་དང་། ཡན་ལག་མ་ཡིན་པ་ངག་ཏུ་རང་གི་ཆུང་མ་ལ་འཁྲིག་པ་སྤོང་པ་ནི་རང་གི་ཆུང་མ་ལས་བྱུང་བའི་འདོད་པས་ལོག་པར་གཡེས་པའོ།། ཆུང་མར་མི་རིགས་པ་ཆུང་མར་བྱས་པ་ལས་བྱུང་བ་ནི། ཚངས་པར ་སྤྱོད་པའི་དགེ་བསྙེན་མོ་འམ་དགེ་སློང་མ་འམ། དགེ་སློབ་མ་འམ། དགེ་ཚུ་ལི་མ་འམ། བསྙེན་གནས་ལ་གནས་པའི་བུད་མེད་ཆུང་མར་བླངས་ཏེ། དེ་དག་མི་དགའ་འམ། དགའ་ཡང་རུང་སྟེ། སྡོམ་པ་གཏོར་བའི་རྐྱེན་བྱས ་འཛིན་ཆུ་གི་རླུང་མ་མས་པ་ལས་མིས་སྲུང་བའི་ཟུང་མེང་གང་མ་བ་ཞིན་གྱི་བཛྲ་བ་དང་། འང་གི་བདུ་ཏུ་མའི་འབྲེལ་པ ་ཆོས་ཀྱི་མྱུ་ཚུན་ཅན་དང་། སྡོམ་པ་ཅན་དང་། ཕམ་དང་། མྱོང་པོ་དང་། སྤྱན་ཟླ་དང་། རུས་ནཱག་དང་། ཆོ་འབྱུང་རྔུ་ཟློས་པས་བསྐངས་པ་དང་། གྱོས་སྡུག་དང་། ཆུང་ཟ་ལ་སོགས་པ་ཁྱེར་ཕྱོགས་སྨོས་པས་བསྲུངས་པ་དང ་མི་མཉམ་པའི་རིགས་དང་ཡོན་ཏན་གྱིས་བསྲུངས་པ། སྨད་འཚོང་མ་ངག་ང་སྐྱེས་བུ་གཞན་གྱིས་རིན་སྔར་བྱོན་པས་བཟུང་བ་དང་། སྲས་བུ་གཞན་གྱི་ཆུང་མ་དང་འང་བར་བདག་གིར་བྱས་པ་རྣམས་ཏེ། དེ་དག་དང་འཁྱིག ་སྤྱོད་པ་རྣམས་ནི་གཞན་གྱིས་ཚོར་བ་ན་ནི་ཆོས་སྡིག་པ་ཆེ་ལ། མཆོར་དུ་བྱིན་ཀྱང་འདོང་པས་ལོག་པར་གསོལ་པའི་རྣམ་པར་སྨིན་པ་འབྱུང་ངོ་།། སྐྱེས་པ་ལས་བྱུང་བ་ནི་སྐྱེས་དུ་གཞན་གྱི་ཁ་དང་བཤང་བའི་ལཱམ་ལ་སོགས ་བཱིར་མཚན་སྦྱོར་བའོ།། དུད་འགྲོ་ལས་ཐུང་བ་ནཱི་བ་ལང་དང་། ར་ལུག་དང་རྟ་དོང་ལ་སོགས་པའི་མཚན་དང་། བཤང་བའི་ལཱམ་ལ་སོགས་པར་མཚན་སྦྱོར་བའོ།། ཁྱེའུ་དང་བུ་མོ་ལས་བྱུང་བ་ནི་འཁྲིག་པ་སྤྱང་མི་བཟོད་པའི ་ཁྱེའུ་དང་བུ་མོའི་ཁ་དང་མ་ནི་དང་བཤུང་བའི་ལམ་དུ་མཚན་སྦྱོར་བའོ།། དེ་ལྟར་འདོད་པས་ལོག་པར་གཡེམ་པ་དེ་དག་ནི་ཡང་ལག་གསུམ་གྱིས་རྫོགས་པར་འགྱུར་ཏེ། དུས་ལ་སོགས་པ་ལྔ་དེ་དག་ཏུ་འདུ་ཤེས་པ་དང་། ་སྦྱོར་བ་བྱས་པ་དང་། རྗེསུ་མཐུན་པའི་ཚོར་བ་ཉམ་སུ་མྱོང་བའོ།། དེ་ལྟར་དེ་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་གསུམ་མོ།། བརྫུན་དུ་སྨྲ་བ་ནི་ཡན་ལག་གསུམ་གྱི་རྫོག་ས་པར་འགྱུར་ཏེ། གཞི་མ་ནོར་བར་ཁོང་དུ་ཆུད་པ ་དང་། དེ་ལ་འདུ་ཤེས་བསྒྱུར་བ་དང་། ལྡོག་པར་སྨྲས་པའོ།། པྲ་མཱ་ནི་ཡནུ་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། བྱེ་བར་བྱ་བ་སེམས་ཅན་ཉིད་དང་། དབྱེན་གྱི་ཚིག་སྨྲས་པའོ།། ཚིག་རླུང་མོ་ནི་ཡན ་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། གཞི་སེམས་ཅན་ཡིན་པ་དང་། ཚིག་རྩུབ་མོ་སྨྲས་པའོ།། ཚིག་འཁྱལ་པ་ནི་ཡན་ལྷག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། ཆོས་དང་མི་ལྡན་པ་དེར་བསམ་པ་དང་། ཚིག་འཁྱལ་པར ་སྨྲས་པའོ།། དེ་དག་ནི་ངག་གི་ཉེས་པར་སྤྱོད་པ་བཞིའོ།། བརྣབ་སེམས་ནི་ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། གཞི་གཞན་གྱི་ཡིན་པ་དང་། དེ་ལ་བརྣབ་སེམས་བསྐྱེད་པའོ།། གནོད་སེམས་ནི་ཡན་ལག་གཉིས་ཀྱིས ་རྫོགས་པར་འགྱུར་ཏེ། གཞི་སེམས་ཅན་ཡིན་པ་དང་། དེ་ལ་ཀུན་ནས་མནར་སེམས་པར་གྱུར་པའོ།། ལོག་པར་ལྟ་བ་ནི་བྲ་ན་ལུག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། གཞི་ཕྱིན་ཅི་མ་ལྡོག་པ་དང་། དེ་ཉིད་ལ་བསམ་བྱ་ཕྱིན ་ཅི་ལོག་བསྐྱེད་པའོ།། དེ་དག་ནི་ཁྱད་པར་གྱི་ཡན་ལག་གོ།། ཐུན་མོང་གི་ཡན་ལག་ནི་སེམས་གཙོ་བོ་ཞེས་བྱའོ།། དེ་དག་ནི་ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མོ།། ད་ལྟར་ན་ཀུན་ནས་སློང་བའི་སེམས་པ་དང་། རྗེསུ་སྤྱོད་པའི་སྦྱོར་བ ་དང་། སྦྱོར་བའི་གཞི་བསམ་པ་དེ་ཉིད་དང་། སྦྱོར་བའི་འབྲས་བུ་དངོས་གཞི་ཉིད་སྤྱད་པ་དང་། མཇུག་རྗེ་སུ་ཡི་རང་བ་སྟེ། ཡན་ལག་ལྔ་རྫོགས་པས་ནི་མི་དགེ་བ་གང་ཡིང་ལེགས་པར་རྫོགས་པ་ཡིནོ།། ཐམས་ཅད་མ་ཚང་ན ་ནི་ཅུང་ཟད་སྤྱད་པས་ཅི་རིགསུ་སྦྱར་རོ།། ཅུང་ཟད་དུ་ན་གཞི་མ་ནོར་བ་ཉིད་ནི་ཁ་ཅིག་ཏུ་མ་ངེས་པར་སྲིད་དོ།། དེ་ལྟར་མི་དག་པ་བཅུ་པོ་དེ་དག་སྤྱད་པའི་འབྲས་བུ་རྒྱ་ཆེར་ནི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཤེས ་པར་བྱ་ཞིང་། མདོར་བསྡུས་པ་ནི་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། སྲོག་གཅོད་པས་སེམས་དུན་དམྱལ་བར་ཁྲིང་ངོ་།། བྱོལ་སོང་གི་སྐྱེ་གནསུ་ཁྲི་།། གཤིན་རྗེའི ་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་ཇི་སྟེ་མིར་སྐྱེས་ན་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་པ་ནི་འདི་ལྟ་སྟེ། ཚེ་ཐུང་བ་དང་། ནང་མང་བའོ།། མ་བྱིན་པར་ལེན་པས་ནི་སེམས་ཅན་དམྱལ་བར་ཁྲིད་ངོ་།། བྱོལ་སོང་གི་སྐྱེ་གནསུ ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་ངོ་།། དེ་ནས་ཅི་སྡེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་པ་ནི་འདི་ལྟ་སྟེ། ལོངས་སྤྱོད་ཆུང་བ་དང་། མཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ།། འདོད་པས ་ལྡོག་པར་གཡེམ་པས་ནི་སེམས་ཅན་དམྱ་ལ་བར་ཁྲིང་ངོ་།། བྱོལ་སོང་གི་སྐྱེ་གནས་སུ་བྲང་ངོ་།། གཤིན་རྗེའི་འཇིག་རྟེན་དུ་ཁྲིང་ངོ་།། དེ་ནས་ཅི་སྡེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་པ་ནི་འདི་ལྟ་སྟེ ་ལྷོད་པ་དང་བཅས་པའི་ཆུང་མ་དང་། གཡོག་འཁོར་མ་བསྲུངས་པའོ།། བརྫུན་དུ་སྨྲས་པས་ནི་སེམས་ཅན་དམྱལ་བར་ཁྲིད་ངོ་།། བྱོལ་སོང་གི་སྐྱེ་གནསུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་ཅི་སྟེ་མིར་སྐྱེས ་ན་ང་མྦྷ་བར་སྦྱིན་པ་གཉིས་མངོན་པར་སྒྲུབ་པ་ནི་འདི་ལྟ་སྟེ། སྐུར་བ་མང་བ་དང་། གཏན་རྣཾས་བསྩུ་བའོ།། ཕྲ་མས་ནི་སེམས་ཅན་དམྱལ་བྱུང་བྱུད་དོ།། རྒྱམསློང་གི་སྐྱེ་ལན་སུ་བྱེད་དོ།། ག ་གཱ་རྟེན་དུ་ཁྲིང་ངོ་།། དེ་ནུས་ཅི་སྟེ་མཱིར་སྐྱེས་ནུ་ཡང་རྣམ་པར་སྦྱིན་པ་གཉིས་ནཱ་ཛྙཱན་བུར་སྒྲུབ་པ་ནི་འདི་དྷ་སྟེ། གཡོག་མེ་འཐུན་པ་དང་། གཡོག་ངན་པར་འགྱུར་བྱའོ།། ཚིག་རྩུབ་པོས་ནི་སེམས་ཅན་དུམྦྷ་ལྕི་བར་ཁྲིད་དོ། ་སོང་གི་སྐྱེ་གོནས་སུ་ཁྲིད་།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་།། དེ་ནཱས་ཅི་སྐྱེ་མར་སྐྱེས་ནི་ཡང་རྣམ་པར་སྦྱིན་པ་གཉིས་མྱ་ངན་པར་སྒྲུབ་པནྟི་འདི་ལྟ་སྟེ། ཡིད་དུ་མི་འོང་བའི་ཚིག་ཐོས་པ་དང་། འཐོབ་མོའི་ཚིག་ཐོས་པར་འགྱུ ་བའོ།། ངག་འཁྱལ་པོས་ནི་སེམས་ཅན་དམྱལ་བར་ཁྲི་དོ།། བྱོལ་སོང་གི་སྐྱེ་གནསུ་ཁྲོད་ངོ་།། ག་ཤྲཱིན་རྗེའི་འཇིག་རྟེན་དུ་ཁྲིད་ངོ་།། དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་ཉེ་བར་སྒྲུབ་པ་ནི་འདི་ལྔ་སྟེ། ཚིག་མི་བཙུན ་པ་དང་། སྤོབས་པ་མེང་བའོ།། བརྣབ་སེམས་ཀྱིས་ནི་སེམས་ཅན་དམྱལ་པོར་ཁྲིད་དོ།། བྱོལ་སོང་གི་སྐུ་གནས་ཁྲིད་ངོ་།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་ཅི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་ཉེ་བར་སྒྲུབ་པ་ནི ་ཚོ་ཆོས་སཀྱིའོ།། མ་ས་པ་རྗོད་ཀྱི་རྒྱས་ང་དུ་ང་ས་ས ་མངོན་པར་སྒྲུབ་པ་ནི་འདི་ལྟ་སྟེ། གནོད་པར་གླགས་ལྟ་བ་དང་ཕ་རོལ་གྱིས་མནར་བའོ།། ལོག་པར་ལྟ་བས་ནི་སེམས་ཅན་དམྱལ་བར་ཁྲིད་ངོ་།། བྱོལ་སོང་གི་སྐྱེ་གནསུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ།། དེ་ནས་ཅི་སྟེ་མིར ་སྐྱེས་ན་ཡང་རྣམ་པར་སྨྱིན་པ་གཉིས་མངོན་པར་སྒྲུབ་པ་ནི་འདི་ལཱ་སྟེ། ལྟ་བ་ངན་པར་ཀུང་བ་དང་། གཡོ་སྒྱུ་ཅན་དུ་འགྱུར་བའོ་ཞེས་གསུངས་ཏེ། དེ་དག་ཀྱང་མཚན་པ་སྟེ། མི་དགེ་བཅུ་པོ་འདི་དག་ནི་རེ་རེ་ལ་ཡང་རྣམ་པར་སྨིན་པ ་ཡང་བ་ཤིན་ཏུ་མང་པོ་ཡོད་པར་རིག་པར་བྱའོ།། དེ་ནི་འདི་དག་གི་ལྕི་བ་ཉིད་བརྗོད་པར་བྱ་སྟེ། དེ་ནི་འཕགསྡེ་པོ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལུས་གསུངས་པ། འོད་སྲུངས་པ་ཡང་ཡིན་ལ།། རང་སངས་རྒྱས་ཀྱང་ཡིན་པ་གསོད་པ ་གང་ཡིན་པ་འདི་ནི་སྲོག་གཅོད་པའི་ནང་ན་མ་རུངས་པའོ།། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པར་ལེན་པའི་ནང་ནས་མ་རུངས་པའོ།། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་པོ་བྱས་པ་འདི་ནི་འདོད ་ལོག་པར་གཡེམ་པའི་ནང་ན་མ་རུངས་པའོ།། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་བརྫུན་དུ་སྨྱོ་བའི་ནང་ནས་མ་རུངས་པའོ།། དགེ་འདུན་གྱི་དབྱེན་བྱས་པ་འདི་ནི་ཕྲ་མའི་ནང་ནས་མ་རུངས་པ་ཡིན་ནོ།། འཕགས་པ ་རྣམས་ལ་མི་སྙན་པ་བརྗོད་པ་འདི་ནི་ངག་རྩུབ་པོ་རྣམས་ཀྱི་ནང་ནས་མ་རུངས་པ་ཡིན་ནོ།། ཆོས་ཐོས་པར་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འོད་ནི་ཚིག་འཁྱལ་པའི་ནང་ནས་མ་རུངས་པ་ཡི་ནོ།། ཡང་དག་པར་སོང་བ ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པ་འདི་ནི་བརྣབ་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ།། མཚམས་མེད་པ་བྱེད་པ་འང་ནི་གནོད་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ།། ལྟ ་མཆོག་ཏུ་འཛིན་པ་ནི་ལོག་པར་ལྟ་བའི་ནང་ན་མ་རུངས་པ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པའོ།། མདོར་བསྡུ་ན་རྒྱུན་ཏུ་སྤྱོད་པ་དང་། ཉོན་མོངས་པ་དྲག་པོས་སྤྱོད་པ་དང་། རྟེན་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་དང་། དཀོན ་མཆོག་གསུམ་ལ་མ་བརྟན་ཅིང་། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པ་མེད་པ་དང་། ཡོན་ཏན་དང་གཙོ་བོས་འཕགས་པའི་གཞི་ལས་བྱུང་བ་སྟེ། དེ་དག་དང་གང་ལྡན་པའི་མི་དགེ་བོ་བཅུ་ནི་ལྕི་བ་ཉིད་དོ།། ་བས་ན་འཕགས་པ་ནཱ་གྷཱརྫུ་ནས་ཀྱང་།། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད་།། ཡོན་ཏན་གཙྪ་ལྡན་གཞི་ལས་བྱུང་བའི་ལས།། དགེ་དང་མྱི་དགེ་རྣམ་ལྔ་ཆེན་པོ་སྟེ།། དེ་ལས་དགེ་བ་སྤྱོད་པ་བརྩོན་པར་བགྱི། ཞེས་བཤད་པའོ།། ་དྲ་ནི་དེ་དག་རྩུ་བའི་ཉོན་མོངས་པ་གང་གིས་རྫོགས་པར་བྱེད་པར་བསྟན་ཅེ་ན། དེ་ནི་ཆོས་མངོན་པའི་ཚིག་ལེའུར་བྱས་པ་ལས། གསོང་དང་གནོད་སེམས་ཚིག་རྩུབ་དང་།། ཞེ་སྡང་གིས་ནི་མཐར་ཕྱིན་བྱེད།། ལྡོག་གཡེམ་བརྣ ་སེམས་མ་བྱིན་ལེན།། ཆགས་པ་ཡིས་ནི་མཐར་ཕྱིན་བྱིང་།། ལོག་པར་ལྟ་བ་གཏི་མུག་གིས།། ལྷག་མ་གསུམ་གྱིས་རྫོགས་པར་འདོད།། ཅེས་བཤད་པ་ལས་ཤེས་པར་བྱའོ།། ད་ནི་དེ་དག་གི་གནང་བ་ཉིད་བརྗོད་པར་བྱ་སྟེ། ་གླང་བདག་གི་དོན་ལ་རྗེས་སུ་ལྟ་བ་ཅུང་ཟད་ཙམ་ཡང་མེད་ལ། བྱེད་པ་གཞན་གྱི་དོན་ལ་འབའ་ཞིག་འདོད་ཅིང་། ཐམས་ཅད་དུ་སྙིང་རྗེ་དང་ལྡན་པ་དག་ལ་ནི་ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པ་འམ། ལོག་པར་ལྟ་བ ་ཉིད་མ་གཏོགས་པ་དག་ལ་རྗེ་སུཾ་གནང་བ་སྣང་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་གཏན་ལ་དབབ་པའི་གཙུག་ལག་དག་ལས་བལྟའོ།། དེ་ལྟར་བླང་བར་བྱ་བ་དང་། མི་མཐུན་པའི་ཕྱོགས་དང་། ཡན་ལག་དང་། འབྲས ་བུ་དང་། ལྕི་ཡང་དང་། རྒྱུ་དང་རྗེསུ་གནང་བ་དག་གིས་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་པ་ཡིན་ནོ།། དགེ་པ་བཅུ་ཡི་ལུས་ཀྱི་ལམ།། ལེགས་བརྗོད་བསོད་ནམས་དྲི་མེད་གང་།། དེ་འདིར་བདག་གིས་བསྒྲུབས་པ ་དེས་འགྲོ་བ་མི་དགེ་བཅུ་སྤང་ཤློག། བདག་ཀྱང་དགེ་བཅུའི་ཡོན་ཏན་གྱིས།། བརྒྱན་ཅིང་ངན་འགྲོ་སྤངས་པ་དང་།། འགྲོ་བྱའི་མི་དགེའི་ལས་ལམ་བཅུ།། གཏན་ནས་རྒྱན་ཆང་བྱེད་པར་ཤོག། དགེ་བ་བཅུའི་ལས་ཀྱི ་ལམ་བསྟན་པ་ཞེས་བྱ་བ།། སློབ་དཔོན་བྲམ་ཟེའི་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་ཞལ་སྔ་ནས་མཛད་པ་རྫོགསོ།། ། རྒྱ་གར་གྱི་མཁན་པོ་བུད་དྷཱ་ཀ་ར་ཝམ ་དང་། བོད་ཀྱི་མོ་ཙཱ་བོ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @#། རྒྱ་གར་སྐད་དུ། ཤོ་ཀ་བཱི་ནོ་ན། བོད་སྐད་དུ། མྱ་ངན་པས་ལ་གི་འཕགྲ་པ ་