| Wylie | e-texts produced with BDRC’s OCR application |
ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན ་ནུ་ལ་སྤྲིངས་པའི་སྤྲིང་ཡིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། སྔོན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དགེ་སློང་རབ་གསལ་གཞོན་ནུ་གཉིས་དང་པོར་བྱང་ཆུབ་ཀྱི ་མཆོག་ཏུ་སེམས་བསྐྱེད་དེ་གྲོགས་པོར་འཐམས་ནས་གང་གི་ལམ་སྔོན་དུ་གྲུབ་པ་དེས་ཅིག་ཤོས་ལ་བསྟངས་པར་དམོ་བཅས་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལམ་སྔོན་དུ་གྲུབ་སྟེ།། དགེ་སློང ་རབ་གསལ་གཞོན་ནུ་ལ་བསྟངས་པའི་ཕྱིར་འཕྲིན་ཡིག་གིས་བཟླུགས་པ།། གྲོགས་ཁྱོད་ཅི་བདེ་འམ་ངམ་བཅས་བརྗེད་དམ་ཅི།། འདོད་པ་མེ་མངག་ངོ་ངོའང་འདི་ལ་ཅི་ཞིག་ཆགས།། ཤིན་ཏུ་སྐྱོ་བའི་ཡིད་ཀྱིས་རབ་ཏུ་མི ་བབད་པར།། སྲིད་རྒྱུ་འདོད་ལ་ང་དུང་གདུང་བ་ག་ལ་སྤྱིང་།། བྱེག་པ་མཆོག་གིས་ངེས་འབྱུང་འགྲོ་བའི་དོན་བྱོས་ལ།། སྒྱུ་དང་ཁཱ་གསག་གྲགས་པ་རྙེང་ལ་མཾ་གདང་ཞིང་།། འགྲོ་ལས་རྣམ་གྲོལ་ལམ་ལ་མྱུར་བརྩོན་མ་འབ་ན ་དུས་གསུམ་རྒྱལ་བས་བསྐྱབ་དཀའ་ཕན་ཕག་ཆད་དུ་འོང་།། རྟོག་མེད་རྟོག་བྲལ་དུས་གསུམ་ཐོབ་པ་ཀུན་གཤེགས་ཤུ་ལི།། ཕྲ་ཞིང་ཤེས་དཀའ་ཚིག་གིས་སྤྱོད་ཡུལ་མེ་ཡིན་ཡང་ཀ་ཕྱོགས་ཙམ་རྟོག་པས་སྒྲོ་བཏགས་རྒྱལ་བའི ་མཐུས་བརྗོད་ན།། ཤིན་ཏུ་ལེགས་པར་རབ་ཉོན་ཡིད་ལ་གཟུང་ནུས་སམ།། དགེ་སློང་རབ་གསལ་གཞོན་ནུས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་པ།། མཐོ་ལ་མཐོ་སེམས་མི་མཛད་མཉམ་ལ་མགྲན ་མི་མངའ།། དམའ་ལ་མྱ་ངན་ཅན་མི་མཛད་ཡོངས་ལ་སྙོམས་པའི་མགོན།། དཔའ་བོ་འོད་ཟེར་སྟོང་འབར་ལམ་མེར་བཞུགས་པ་ཡི།། མདངས་བཟང་ཐུགས་རྡོའི་མངའ་བདག་ད་ལྟར་གང་ན་བཞུགས།། ཁྲི་ལན་བདུད་རིས་ཕམ ་ད་ཐར་པའི་ལམ་སྟོན་གསོན།། ཉེས་བཅུ་ཐ་བའི་རྡུལ་བྲལ་སྟོབས་བཅུ་རྩལ་འཕགས་གསན།། འཇིག་རྟེན་གསུམ་གྱི་གཉེན་གྱུར་སྐྱོབས་པ་དམ་པ་གསོན།། དཔའ་བརྟན་བདུད་ལས་ཤིན་ཏུ་མཚམས་མེང་གཅིག་ཏུ་བརྟན ་པ་གསོན།། བདག་ནི་མུན་བཅས་བདུད་ཀྱི་ཞགས་པར་ཟིན་པ་སྟེ།། ཐར་པའི་ལམ་སྟོར་འཁོར་བའི་དགོན་པར་འཁྱམ་ལགས་ན།། ཅི་འདུལ་གར་ལེགས་ཐབས་ཀྱིས་མྱུར་དུ་མི་སྐྱོབ་པར།། དུས་རིང་བགྲངས་ཀྱི་བར་དུ་མགོན་ཁྱོད ་ཅི་ལགས་ཞེས།། ལྷ་དང་མི་ཡི་ཁྱུ་མཆོག་ཚོགས་རབ་མཐའ་ཡས་དགོངས།། མུ་སྟེགས་ཝ་བརྒྱ་ཕམ་མཛད་སྐྱེས་བུ་སེང་གེ་དགོངས།། ཡིད་བཞིན་དབྱིག་གི་ཏྲོག་ལྟར་རོ་བ་ཀུན་སྐོང་དགོངས།། ཐུགས་རྗེའི་ཆུ་བོ་རྒྱུན ་འདེབས་རྒྱལ་སྲས་ཐུ་བོ་དགོངས།། སྲིད་གསུམ་སྒྱུ་མར་ཆོས་བསྟན་ངོ་བོ་མེད་བཞིན་དུ།། བདེན་སྤངས་ལོག་པའི་ལམ་ཞུགས་སྲིད་པའི་དབང་གྱུར་པ།། འཁོར་བའི་རྡོས་ཅན་གྲངས་མེད་བསྐྱབ་ཀྱིས་མེ་ལང་ཞེས།། དང་ཆེ་ལྷ་ཡི ་ཐུགས་ཀྱང་སྐྱོ་བར་རུང་མོད་ཀྱི།། འོན་ཀྱང་ལེགས་རྒྱུ་ཆོས་ཉིད་གཟོང་ནས་མྱ་ངན་འངས་དོན་དུ།། འགྲོ་བ་ཡོངས་ཀྱི་ཆེད་ལ་གོ་བགོས་མཛད་ལགས་ཀྱིས།། མགོན་པོ་རབ་གསལ་གཞོན་ནུ་རྗེས་དགོངས ་ཉག་བསྲིང་ཞིང་།། ཐུགས་རྗེའི་ཐུགས་ཀྱིས་བཟོད་པ་བཞེས་ཏེ་བསྒྲུབ་ཏུ་གསོལ།། སྟོབས་མཆོག་དཔལ་གྱི་མགུར་ནས་ཡི་གེ་འབྲས་བསྐྱེད་པ།། མཁའ་ལ་ཚོན་བཀྱེ་བཞིན་དུ་སྤྱོད་ཡུལ་མ་ལགས་པས།། རྒྱལ་སྲས་འཁོར ་བཅས་རྣམས་ཀྱིས་གསལ་བར་མ་བསྟན་ན།། བདག་འདྲ་མཚན་མར་འཛིན་པས་གཟུང་བར་ག་ལ་ནུས།། འོན་ཀྱང་དོན་གྱི་དམ་པ་སྲིད་པའི་དབྱིས་འབྱིན་པ།། གཱདམས་ངག་བཀའ་དྲིན་མཆོག་འདི་སྤྱི་བོས་བླང་སླད་དུ།། ཅི་ནུས ་སེམས་ཀྱི་རྩལ་གྱིས་ལོག་པར་གཟུང་མྱི་བགྱི།། བླ་མའི་སར་བཞུགས་ཆེ་བའི་མཐུས་ཀྱང་བསྟང་དུ་གསོལ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྙིང་ཡིག་རྫོགས ་རྒྱ་གར་གྱི་མཁན་པོ་སརྦྦ་ཛྙཱ་ད་བ་དང་། གོཙྪ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱུ་གར་སྐད་དུ། བྲྀཛྫ་ཤཾ་ཏི་ཀ་ནཱ་མ་པྲིཀཱ་ར་ཎ། བོང ་