CLOSE WINDOW

GT3411: sems rin po che rnam par sbyang ba'i rim pa zhes bya ba'i phrin yig
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཙིཏྟ་རཏྣ་བི་ཤོ་དྷ་ན་ཀྲ་མ་ནཱ་མ་ལེ་ཁ། བོད་སྐད་དུ། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་ཕྲིན་ཡིག། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ས་གསུམ་དབང་ཕྱུག་སྐྱེ་དགུ ་ཆོས་ཀྱིས་སྐྱོང་མཛད་པ། ལྷ་མོའི་བླ་མ་འཕགས་བྱའི་གང་ཟག་རྣམས་ཀྱི་ཡང་།། རྒལ་བ་ཚར་གཅོད་རང་གི་འཁོར་གྱི་དགའ་སྤྱོད་པ།། ཆོས་ཀྱི་རྒྱལ་པོ་གཅིག་པུ་དི་ནི་རྒྱལ་གྱུར་ཅིག། བློ་ཞན་བདག་འདྲས་གཞན་ལ་བསྐུལ་བར་མི་ནུས་ཤིང་།། ་བསྐུལ་བསོ་ཕན་པར་འགྱུར་བའང་དིང་སང་ཉུང་མོད་ཀྱི།། འོན་ཀྱང་ས་ཡི་བདག་པོ་ཁྱོད་ཀྱིས་ནོངས་པ་ཡལ་བོར་ནས།། འགྲོ་མང་དེ་འདྲར་འགྱུར་འདི་མ་བཟོད་ཁྱོད་ལ་བསྐུལ།། མི་སྐྱོང་ཁྱོད་ཀྱི་དབང་ཕྱུག་འདི་ནི་སྔོན་ཆད་ཉིད་ཀྱི་ཐུགས།། གདུལ ་དཀའ་ལེགས་པར་བཏུལ་ལས་བརྙེས་ཀྱི་གཞན་གྱིས་བྱིན་པ་དང་ཀ་ས་ཡི་རུམ་ནས་མགོན་ནས་གནམ་བབས་ལྟ་ཞིག་ག་ལ་ལགས།། ས་བདག་དཔལ་འདི་མ་ཉམས་བཞེད་ན་ད་དུང་ཐུགས་ཐུལ་འཚལ།། གང་ཞིག་ཕན་ན་དེ་ནི་བརྟགས་ཏེ་དཀར་ཡང ་མཛད་རིགས་ལ།། གང་ཞིག་མི་ཕན་དེ་ནི་བསྒྲུབ་པར་སླ་ཡང་བཏང་བའི་རིགས།། དེ་ཕྱིར་སྔོན་ཚེ་ཐུབ་ཆེན་རྒྱལ་བུ་ཟླ་བར་གྱུར་པ་ཡི།། རྒྱལ་པོ་སུ་ཏ་ས་ཡི་བུ་ལ་གདམས་པ་སྨྲས་པ་ལས།། རྒྱལ་པོ་གཅིག་པུས་གཡུལ་ངོར་དམག་གི་དཔུང་ལས་རྒྱལ།། ་སེམས་ཅམཚར་གཅད་ཕྱིར་ནི་སྔར་མ་མ་མཛད་ཅིག། མི་ཡི་དབང་པོ་འཇིག་རྟེན་ཕྱི་མ་འདུ་གཟིགས་པའི་རིགས།། དེ་བས་དགྱེས་ཀྱང་ཕན་པ་མ་ཡིན་བསྟེན་མི་རིགས་ཞེས་སོ།། དེ་ཕྱིར་གང་གི་དམན་པའི་རིགསུ་ལྟུང་བྱེད་པ།། ང་རྒྱལ་དགྲ་སྤངས ་བདག་གི་ཚིག་འདིས་སོང་ཕྱིར་ཡང་།། མི་བདག་ཁྱོད་ཀྱིས་གུས་པས་གསན་རིགས་ཏེ།། ལགས་སྨྲས་བྱིས་ལས་བླང་ཞེས་ཐུབ་ཆེན་གསལ་བར་གསུངས།། ས་བདག་ཚེར་མའི་ཤིང་ལོས་སྦྲང་རྩི་བཞིན།། དགྲ་བོ་ལས་ཀྱང་ལེགས་སྒྲ་གཟུང་བར་བྱ།། ་གསེར་གྱི་རི་ལས་དུག་གི་ཆུ་རྒྱུན་བཞིན།། ཡིད་འོང་སྐྱེ་བོའི་ཚིག་དྲན་སྤང་འཚལོ།། ཞེས་སོ།། གང་ཞིག་མ་བཏུལ་མནར་མེད་སོགས།། སྡུག་བསྔལ་བཟོད་དཀའ་སྐྱེད་བྱེད་ཅིང་།། དེ་ཉིད་བཏུལ་བས་ལྷ་མི་དང་།། འཇིག་རྟེན་མིན་པའི་བདེ་བའང ་འཐོབ། རབ་ཏུ་མཐུ་ལྡན་སེམས་འོང་ནི།། མཁས་པ་སུ་ཞིག་འདུལ་མི་བྱེད།། འདིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་རྟག་ཏུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་མོདོ་ཀྱི།། ལུས་དང་ངག་བྲན་ལྟ་བུ་དང་བཅས་པ།། གློ་བུར་གྱོ་ཉོན་མོངས་པ་དང་།། ་ནམ་ལྡན་མོངས་པ་ག་གི་དཀྲུགས་པ་འི། ན་རྐྱེན་པང་དག་རྣམ་པར་སྦྱངས་སྦྱོར་བུ་ཆུ་ཤེལ་གྱི་འདྲེག་རབ་ཏུགསལ་པ་འང་བཞིན་དཀྲུགས་མ་དང་བྲལ་བ་སྐྱེད་དེ། འདི་ན་མན་མ་གནས་པའི་མྱ་ངན་ལས་མ་། ་དེ་ལ་འདིར་བསྡུས་ན་སེམས་དེ་དཀྲུགས་པས་རྟོག་པ་ཅན་དུ་བྱེད་ཅིང་། ལུས་དང་ངག་བྲན་ལྟར་འཁོལ་བ་ནི་རྣམ་པ་བཞི་སྟེ། ཐམས་ཅད་ཀྱི་རྒྱུ་རྣམ་པར་རྟོག་པ་མང་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཤས་ཆེ་བའོ།། དེ་ལ་གང ་རྣམ་པར་རྟོགས་པ་མང་བ་དེས་ནི་རླུང་གི་ཏིང་ངེ་འཛིན་ལ་དམིགས་པས་དེ་སྤང་བར་བྱ་སྟེ། བགྲང་དང་རྗེས་འགྲོ་འཇོག་པ་དང་།། རྟོག་པ་དང་ནི་བསྒྱུར་བ་དང་།། ཡོངས་དག་རྣམ་པ་དྲུག་ཏུ་འདོད།། དེ་ནི་བགྲེང་བ་དང་། རྗེ་སུ་འགྲོ་བ་དང་། འཇོག་པ ་དང་། ཉེ་བར་རྟོག་པ་དང་། བསྒྱུར་བ་དང་། ཡོང་སུ་དག་པ་དང་། རྒྱུ་དྲུག་དང་ལྡན་ན་ཡོང་སུ་རྫོགས་པ་ཡིན་ནོ།། དེ་ལ་བགྲང་བ་ཞེས་བྱ་བ་ནི་དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་མེད ་པར། ལུས་དང་སེམས་རྣལ་དུ་བཞག་སྟེ་དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ།། སེམས་མངོན་པར་བསྡུས་པ་དང་། རྣམ་པར་གཡང་དོགས་པས་ཧ་ཅང་མང་བ་དང་ཉུང་ངུར་ནི་མ་ཡིན་ནོ།། དེ་ལ་སྐྱོན ་ནི་གསུམ་ཡོད་དེ། གལ་ཏེ་གཅིག་ལ་གཉིསུ་བརྩིས་ན་ལྷག་པར་བགྲངས་པའི་སྐྱོན་ནོ།། གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བར་བགྲངས་པའི་སྐྱོན་ནོ།། གལ་ཏེ་དབུགས་རྔུབ་པ་ལ་དབུགས་འབྱིན་པར་འཛིན་ནམ། དབུགས་འབྱིན ་ལུ་དབུགས་རྔུབ་པར་འཛིན་ན་འཆོལ་བར་འཛིན་པའི་སྐྱོན་ནོ།། དེ་ལས་གཞན་པ་ནི་ཡང་དག་པར་བགྲང་བ་ཡིན་ནོ།། བར་སྐབ་སུ་སེམས་རྣམ་པར་གཡེང་ན། ཡང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ།། རྗེ་སུ་འགྲོ་བ ་ཞེས་བྱ་བ་ནི་འདི་དག་ཇི་སྲིད་གཅིག་ཏུ་འབྱུང་ངམ་འཇུག། ཅི་འདི་དག་ལུས་ཐམས་ཅད་ལ་ཁྱབ་པ་དག་གཅིག་གམ་ཕྱོགས་འགའ་ཞིག་ནས་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབ་པ་དང་། དབུགས་འབྱུང་བའི ་རྗེསུ་འགྲོ་བ་སྟེ། དེ་འཇུག་པ་ལྐོག་མ་དང་། སྙིང་ཀ་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། བྱིན་པར་འཇུག་པའི་རིམ་གྱིས་རྐང་པ་གཉིས་ཀྱི་བར་དུ་རྗེསུ་འགྲོ་ལ།། འབྱུང་བ་ན་མཐོ་གོང་དང་འདོམ་གང་གི་བར་དུ་འབྱུང་ངོ་།། གཞན་དག་ན་རེ་རླུང ་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་ཟེར་ཏེ། དེ་ནི་དེ་ཁོ་ན་ཡིད་ལ་བྱེད་པའི་ཕྱིར་རིགས་པ་མ་ཡིན་ནོ།། འཇོག་པ་ཞེས་བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བྱར་དུ་གནས་པར་ལྟ ་ཞིང་། ཅི་འདི་དག་ཕན་འདོགས་པར་བྱེད་པ་འོག་གམ། གནོད་པ་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་ཞིག་ཅེས་རྟོག་པའོ།། ཉེ་བར་རྟོག་པ་ཞེས་བྱ་བ་ནི་འདི་དག་ནི་རླུང་འབའ་ཞིག་མ་ཡིན་གྱི།། འབྱུང་བ་ཆེན་པོ་བཞི་པོ་དག་དང་། འབྱུང ་ངག་ལས་མངོན་པར་འགྲུབ་པའི་རྒྱུར་བྱས་པའི་གཟུགས་དང་དེ་དག་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་ཉེ་བར་རྟོག་པའོ།། སྒྱུར་བ་ཞེས་བྱ་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི ་མཆོག་གི་བདུདུ་ཟླ་གོང་ནས་བོང་དུ་དག་པའི་རྩ་བ་རྣམས་ལ་ཡ་དག་པར་སྦྱོར་བའོ།། སོངས་དྲུག་པ་ནི་མཐོང་བབ་ལམ་ལ་སོགས་པ་ལ་འཇུག་པའོ།། གཞན་དགན་རེ་སྦྱར་བ་ནི་དྲན་པ་ཉེ་བར་གཙུག་པ་ནས་རྡོ་རྗེ་དུཿ ་ཏིདྷི་ལནྡྷ་ཝི་བ་སིམ་པ། རྣམ་པར་དག་པ་ནི་ཟུང་བྱ་ཤེས་པ་ས་སོབས་བྱ་ཡིན་ནོ་ཞེས་ཟེར་རོ།། འདི་ལྟ་བུ་ནི་སྲབ་དཔོན་དབྱིག་བརྟེན་གྱི་རྡུལ་སྔ་ནས་ཇི་ལྟར་བྲིས་པ་ཁོ་ངས་འདིར་ཡང་བྱིས་པ་ཤེས་པར་བྱའོ།། དེ་ལྟར་ཚིམི་པ་དྡྷ ་པོ་དེ་དག་གི་ལས་ནི། ཇི་སྐད་དུ་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པ་བཞིན་ཏེ། དེ་ལས་ནི་ཇི་ལྟར་དྲན་པའི་དབང་གིས་ཡང་དག་པར་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ ་བ་བཞིན་དུ་བགྲང་བ་དང་། རྗེ་སུ་འགྲོ་བ་དང་། ཞི་གནས་དང་། ལྷག་མཐོང་དང་། འཇུག་པ་དང་། ཡོངསུ་དག་པ་ལ་རྟོག་གོ།། དེ་ལ་བགྲང་བས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། རྟེན་དུ་གྱུར་པས་རྣམ་པར་རྟོག ་པ་དང་། རྣམ་པར་དཔྱོད་པ་ལ་ཐུལ་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་འཛིན་པར་ནུས་པའོ།། རྗེ་སུ་འགྲོ་བས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་རྟེན་ཅིང་རྣམ་པར་རྟོག་པ ་དང་རྣམ་པར་དཔྱོད་པ་དང་བྲལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བོའི་འཇུག་པའི་མཚན་ཉིད་ལ་མཁས་པར་འགྱུར་བའོ།། ཞི་གནས་ཀྱིས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བའི་འབྲི་བོར་མངོན ་དུ་སྐྱོན་པ་དང་། ཏཱི་ངེ་འཛིན་གྱི་མཆོག་སྨྲ་གནས་པར་ནུས་པའོ།། ལྕུག་ནཱམྱོང་གིས་ཀྱང་བྱ་བའི་ལུས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབྱུགས་ཕྱི་ནང་དུ་རྒྱུ་བཟང་བར་མངོན་དུ་སྟོན་པ་དང་། སེམས་དང་སེམས་ལས་བྱུང ་པའི་ཆོས་སོ་སོར་རྟོག་པ་ལ་གནས་པའོ།། འཇུག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པོ་གཉིས་བྱེད་པར་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་སྤོང་བའི་སྦྱོར་བ་ལ་མཁས་པ་དང་། འཕགས་པའི་སར་འཇུག་པ་ལ་སྦྱོར་བའོ།། ཡོང་སུ་དག་པས ་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏོ།། ཀུན་ནས་ཉོན་མོངས་པ་སྤོང་བ་དང་། ལྟོ་བ་ཡོངསུ་དག་པའོ་ཞེས་སོ།། དེ་ལྟར་དབུགས་ཐུང་ངུ་རྔུབས་ན་ཡང་དབུགས་ཐུང་ངུ་རྔུབས་སོ་སྙམ་དུ་ཡང་དོག་པ་ཇི་ལྟ་བ་བཞིན་དུ་ར ་ཤོས་སོ་སྙམ་མོ།། ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་ཀྱང་ལེགས་པར་རྟོགས་པར་འགྱུར་རོ།། འདིར་རྣམ་པར་རྟོག་པ་མང་བ་ལ་བསྟན་པ་ནི་གཙོར་བྱས་ཀྱི་ཡོན་ཏན་མ་ལུས་པ་འདི་ལ་བརྟེན་པས་ན་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་ནི།། ་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ཡིན་ཏེ་ཞེས་གསུངས་སོ།། ཇི་ལྟར་ཞེ་ན། རབ་ཏུ་གདུལ་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུང་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ་དེ་ནི་རླུང་དུ་བརྗོད་དོ་ཞེས་གསུང་སོ།། དེ་ལྟར ་མི་བདག་ཁྱོད་ཀྱིས་རླུང་གི་ཕྲ་དང་ཟ་བ་མཁྱེན་ནས། ཡུན་རིང་དུས་ནས་རྣམ་རྟོག་དགྲ་ཡིས་རབ་ཏུ་གཙེས་པས་ཤིན་ཏུ་ཡང་།། མཉལ་ཞིང་སྐྱོ་བའི་ཐུགས་ནི་དེང་ནས་ངལ་བསོས་རྟོག་དགྲ་བཟློག་པ་དང་། ལོ་ཡིས་མ་ཡིན་གུས་པར་སྦྱོར་བས ་ཞག་གིས་རིམ་པས་རྟོག་དྲལ་མ་ཛོད།། དེ་ནས་རིམ་གྱིས་ཡོངསུ་དག་པའི་མཐར་ཡང་ཁྱུད་ཀྱིས་ཐུགས་གཞོལ་ན།། སུ་བདག་ཁྱོད་སྐྱེ་བ་འབྲས་བྱབས་དེ་ནས་རློས་ཀྱི་རྒྱུ་པོར་གྱུར།། དེ་ཡ~ཾ་བ་དུ་ཝཱ་ནཱའི་བདེ་ན ་མེད་རྣམས་ལ་དགྱེས་བཞིན་དུ།། ཐུགས་དངུལ་མཐུ་ཡིས་སྤྱོད་པ་འདི་ལ་ཐེ་ཚོམ་མེད་པར་མངོན་སུམ་གནས།། རྣམ་པར་རྟོག་པའི་གཉེན་པོ་བཤད་ཟིན་ཏེ།། སེམས་ཀྱི་རྟོག་པ་སྦྱང་བའི་རིམ་པའོ།། མི་སྐྱོང་ཁྱོད་ཀྱི་ཐུགས་ནི་གལ་ཏེ་བུད་མེད ་ཀྱིས་བྲེགས་ན།། འདི་ནི་ས་ཡི་བདག་པོའི་མཐུ་རྩལ་རབ་ཏུ་དམན་པ་སྟེ།། གང་གིས་གཡུལ་ཆེན་འཇིག་སུ་རུང་བ་གཞོམ་པའི་ཐབས་མཁྱེན་ན།། མི་གཙང་ཀུན་སྣོད་མངོན་གྱུར་བུད་མེད་མཚན་ཉིད་མི་མཁྱེན་འདི་མཚར་ཆེ།། ཤིན་ཏུ་ཡིད་འོང ་ཚེར་མའི་གནོད་པའང་མི་བཟོད་ལུས་འདི་ནི།། བུད་མེད་བསྟེན་པའི་རྒྱུ་ལས་འདྲི་དུང་སྐང་མོར་མགོ་གཅོད་སོགས།། རབ་ཏུ་བཟོད་དཀའི་སྡུག་བསྔལ་འབྱུང་འདི་ཉིད་ཀྱི་མངོན་སུམ་ན།། འོན་ཀྱང་བླ་མའི་བཀའ་ཡིས་འདོད་ཆགས་ཞི་བར་བྱེད་པ་མདོར ་བརྗོད་བགྱི།། ཆགས་པ་ཅན་རྣམས་ཀྱི་གཉེན་པོ་རུས་གོང་ཡིད་ལ་བྱ་བ་ཡིན་ཏེ།། ཀེང་རུས་ཆགས་ཅན་ཐམས་ཅད་ལྔ།། ཞེས་བཤང་པོས་སོ།། ཇི་ལྟར་ཞེ་ན། རུས་པ་རྒྱ་མཚོའི་བར་དུ་ནི།། སྤྲོ་ཞིང་སྡུད་པས་ལས་དང་པོ།། རྐང་རུས་དང་ནི་ཐོད་ཕྱེད ་པར། བཏང་བས་སྦྱང་བ་བྱས་པར་བཤད།། སྨིན་མའི་བར་དུ་སེམས་འཛིན་པས།། ཡིད་ལ་བྱེད་པ་རྫོགས་པ་ཡིན།། ཞེས་བཤད་པའི་རིམ་པས་སོ།། གཞན་ཡང་བྱིས་པ་རྣམས་ནི་ཕལ་ཚོར་ཁ་དོག་དང་། དབྱིབས་དང་། རེག་པ་འཇམ་པ་དང་། བསྙོན ་དཀུར་ལ་ཆགས་ཏེ། དེ་དག་གི་གཉེན་པོར་ནི་རྣམ་པར་སྤྲོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་ཚིག་པ་དག་ཡིད་ལ་བྱེད་པས་ཁ་དོག་ལ་ཆགས་པ་དག་སེལ་ཏོ།། རྣམ་པར་སྣགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་དག ་ཡིད་ལ་བྱེད་པས་ནི་དབྱིབས་ལ་ཆགས་པ་སེལ་ཏོ།། རྣམ་པར་འབུས་ཞིགས་པ་དང་། རུས་གོང་རྒྱུས་པས་འབྲེལ་པ་དག་ཡིད་ལ་བྱེད་པས་ནི་རེག་བྱ་འཇམ་པ་ལ་ཆགས་པ་སེལ་ཏོ།། རྣམ་པར་བམ་པའི་རོ་མི་གཡོ་བ་རྐྱལ་པ་སྟོང་པ་བུས་པ་ལྟ་བུ ་རྡོ་ལྟར་བསྙེན་བཀུར་བྱེད་པ་དང་། བྲལ་བ་ཡིད་ལ་བྱེད་པས་ནི་རྐང་པ་དཀྲུ་བ་ལ་སོགས་པའི་བསྙེན་བཀུར་ལ་ཆགས་པ་སེལ་བར་བྱེད།། གཞན་ཡང་རྣམ་པར་ཕྱེ་སྟེ་བརྗོད་ན། སྔོ་བསངས་ལ་སོགས་པའི་ཁ་དོག་ལ་ཆགས་པ་ཞིག་ན་རྣམ་པར་བསྔོ ་པར་ཡིད་ལ་བྱའོ།། ཙན་དན་དང་ག་པུར་ལ་སོགས་པའི་དྲིས་བྱུགས་པའི་ལུས་ལ་ཆགས་པ་ལྟ་ན་རྣམ་པར་སྔགས་པར་ཡིད་ལ་བྱའོ།། མཚན་སྤྱད་པའི་རེག་བྱ་ལ་ཆགས་པ་ཞིག་ན། རྣམ་པར་འབུས་ཞིག་པར་ཡིད་ལ་བྱའོ།། དབྱིབས་ཕུན་སུམ ་ཚོགས་པ་ལ་ཆགས་པ་ལྟ་ན་རྣམ་པར་བམ་པར་ཡིད་ལ་བྱའོ།། རྒྱན་གྱིས་མཛེས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་པར་དམར་པར་ཡིད་ལ་བྱའོ།། ཤ་རྒྱས་པའི་ལུས་ལ་ཆགས་པར་ཞིག་ན་རྣམ་པར་ཟོས་པར་ཡིད་ལ་བྱའོ།། འཁྱུད་པ་དང་འོ་བྱས ་པ་ལ་སོགས་པའི་རྩེང་འཇོ་ལ་ཆགས་པའི་དུས་ན་རྣམ་པར་འཐོར་བར་ཡིད་ལ་བྱའོ།། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པར་གྱུར་ན་རྣམ་པར་ཚིག་པར་ཡིད་ལ་བྱའོ།། སོ་རྣམས་དཀར་བ་ལ་ཆགས་པའི་ཚེ་ནི་རུས་གོང་གི་ཡིད་ལ ་བྱེད་པས་ཞི་བར་འགྱུར་རོ།། རབ་ཏུ་མ་བཟང་ནགས་བསྐྱེགས་མེ་ལྕེའི་ཚོགས།། ཆར་རྒྱུན་དྲག་བྱོས་སྐད་ཅིག་ཞི་བྱེད་ལྟར།། བྱིས་པའི་ནགས་ཆལ་ཐལ་བར་བྱེད་པ་ཡི།། འདོད་ཆགས་མེ་ཆེན་མི་སྡུག་ཆར་གྱིས་འཇོམ ་འཇིག་རྟེན་གནོད་པའི་རྩ་བ་ཇི་སྙེད་པ།། ཀུན་གྱིས་ཕུལ་བྱུང་འཁྲིག་པའི་འདོད་ཆགས་ཏེ།། ས་བདག་འདི་མཁྱེན་འདོད་ལས་ཕྱིར་ལྟོས་དང་།། རབ་ཏུ་དགྱེས་པ་བྱིས་པས་མ་མྱོང་བ།། བསམ་གཏན་བདེ་དས་ལུས་བྲན་འདོགས་ཤིང་།། ཁ་ནམ་པོ ་མེད་པ་མྱང་བའི་རིགས།། འདོད་ཆགས་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ།། འདོད་ཆགས་ཀྱི་གཉེན་པོ་བཤད་ཟིན་ཏོ།། ལྷ་མིའི་བླ་མས་གང་དུ་འབད་པས་བཀག། དེ་ནི་འགྲོ་ལ་བྱམ་ས་དང་སྙིང་རྗེ་མེད་པ་སྟེ།། དེ་ཕྱིར་མི་དབང་ཁྱོད་ཀྱིས ་ཐུབ་ལ་གུས་པ་དང་།། ཉིད་ཀྱི་ཐུགས་ཀྱང་དམ་པའི་གྲངས་སུ་འགྱུར་བའི་ཕྱིར།། གང་ལ་སྐྱ་རྩེས་གཟུང་བྱའི་སྐྱེ་བོ་དེ་ལ་ཡང་ག། ཉིད་ཀྱི་སྲས་བཞིན་གཅས་ཤིང་བྱམས་པས་བསྐྱད་པའི་རིགས།། བཤེས་གཉེན་དམ་པའི་ལུང་གིས་གོམ ་པར་བྱས་པ་ལས།། སྲིན་པོ་ཤ་ཟ་སེང་གེ་སོགས་ཀྱང་འགྲོ་ལ་ཆགས།། དེ་ཕྱིར་མི་དབང་ཁྱོད་ཀྱི་ཐུགས་ནི་འཇོམ་པ་དང་།། འགྲོ་བ་བསྐྱུང་ལས་ནམ་ཡང་ཕྱིར་ལྡོག་མ་མཛད་ཅིག། ལེགས་པའི་ལམ་ནི་ཇི་སྙེད་བསྟེན་པ་དག་ལས་ཀྱང་།། གཙུ ་བོར་གྱུར་པ་བྱམས་དང་སྙིང་རྗེར་དམ་པས་གསུངས།། འདི་ཇི་ལྟར་བསྒོམ་པ་བྱ་ཞེ་ན། དང་པོར་རང་གི་མ་འམ། པ་འམ། བུ་འམ། བུ་མོ་འམ། འབྲེལ་པ་གཉིས་སམ། གང་ཡང་རུང་བ་ཅིག་བདེ་པ་མ་ལུས་པ་དང་ཕྲད་པར་གྱུར་ཅིག་སྙམ ་དང་། བདག་གིས་དེ་དང་ཕྲད་པར་བྱའོ་ཞེས་པ་དང་། ནུས་པ་ལྡན་དངོས་སུ་དེ་བསྒྲུབ་པ་དང་། ཕྲད་པ་ལ་ཕྲག་དོག་མེད་པ་ཉི་མ་འགའ་ཞིག་གུས་པར་བསྒོམ་མོ།། དེ་ནས་ནི་དེ་བས་ཅུང་ཟད་མི་བཅུགས་པ་ལའོ།། རིམ་གྱིས་བར་མ་ལའོ།། དེ་ནས་ངང ་བྱོ་དམུན་པ་ལའོ།། དེ་ནས་དེ་བར་མ་ལའོ།། དེ་ནས་དེ་དགྲ་བོ་རབ་ཏུ་མ་རུངས་པ་ལའོ།། དེ་ནས་མ་ལ་སོགས་པ་དང་། མཉམ་པ་ཐོབ་པ་ན་གྲོང་དང་གྲོང་ཁྱེར་པ་ལའོ།། དེ་ནས་ནི་ཡུལ་དང་ལྗོངས་དང་གླིང་གཅིག་དང་གཉིས་ལ་སོགས་པ་ནས ་སྟོང་སྤྱི་ཕུང་དང་། སྟོང་གཉིས་བར་མ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙིང་ལ་སོགས་པར་བྱམས་པས་ཁྱབ་པར་བྱས་ཏེ། དེ་ནས་གཞུང་དེ་བཞིན་དུ་སྡུག་བསྔལ་དང ་བྲལ་བར་གྱུར་ཅིག་ཅིག་ཅེས་པ་དང་། སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང་། དེ་དག་འཇིག་རྟེན་ལྔས་འདས་པའི་ལམ་ལ་དགོད་པར་བྱའོ་ཞེས་པའི་རིམ་པས་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་བསྒོམ་མོ།། དང་པོ་ཉིད་དུ ་སྡུག་ཅིང་ཡིད་དུ་འོང་བའི་མཚན་ཉིད་ཅན་བྱམས་པ་ཡིད་ལ་མ་བྱས་པར་ནི་སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་ག་ལ་འཇུག་སྟེ། དེ་ལྟར་རིམ་པ་གཞན་ཡང་ངོ་།། གནོད་པར་སེམས་པའི་ཡིད་ཙམ་བོར་བས་ཀྱང་།། འཁོར་ལོས་སྒྱུར་ཉིད ་ཐོབ་པར་ཐུབ་པས་གསུངས།། བྱམས་སོགས་གོམས་ལས་འཆི་མེང་མ་རྙེད་ཀྱང་།། ཚངས་པའི་འཇིག་རྟེན་བདེ་བ་རྒྱ་ཆེན་འཐོབ།། དེ་ཕྱིར་མོ་རྗེ་ཁྱོད་ཀྱིས་ཅི་སྤྱོང་པ།། ཚངས་པའི་གནས་བཞི་ཡིས་ནི་གནས་པར་རིགས།། ཁྱོད་ཀྱིས་འབྱོར་པ་དུག ་ཅན་ཟས་བཞིན་དུ།། དོར་ནས་གཅག་པུ་གཞན་དུ་གཤེགས་འཚལ་ན།། འགྲོགས་བཟང་མདོར་མེད་དགེ་བ་དེ་བཀྲིའི་ཕྱིར།། ཐུགས་ནི་རྣམ་པར་སྦྱང་བར་ཅི་མི་མཛད།། ཞེ་སྡང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ།། ་ཞེ་སྡང་གི་གཉེན་པོ་བཤད་ཟིན་ཏོ།། རང་དང་གཞན་དང་གཉིས་ཀ་ལས་སྐྱེས་དང་།། རྒྱུ་མེད་འབྱུང་ཞེས་སྨྲ་བ་གང་ལགས་པ།། འདི་དག་ལོག་པར་སྨྲ་བ་ཕུང་ཁྲོལ་བ།། ལེགས་པར་སྤྱད་ཀྱང་འབྲས་བུ་མི་འདོད་འབྱིན།། དེ་ཕྱིར་ཁྱོད་ཀྱིས་རྟེན་ཅིང ་འབྲེལ་འབྱུང་བ།། ལྷ་ངན་སེལ་འཇོམས་ཐུབ་པའི་མན་ངག་མཆོག། བདུང་རྩིའི་མཆོག་འདི་མྱུར་དུ་གསོལ་བ་ཡིས།། དཀར་ཕྱོགས་མ་ལུས་རྒྱས་ཤིང་བརྟན་པར་མཛོད།། རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུ་ཞུ་ན། འདི་ལྟ་སྟེ། མ་རིག་པའི ་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། དེའི་རྐྱེན་གྱིས་རེག་པ། དེའི་རྐྱེན་གྱིས་ཚོར་བ། དེའི་རྐྱེན་གྱིས ་སྲིད་པ། དེའི་རྐྱེན་གྱིས་ལོན་པ། དེའི་རྐྱེན་གྱིས་སྦྲིང་པ། དེའི་རྐྱེན་གྱིས་སྐྱེ་བ། དེའི་རྐྱེན་གྱིསྔ་རྒ་ཤི་དང་། མྱ་ངན་དང་། སྐྱེ་སྔགས་འདྲེན་པ་ད་ག་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུ་རོ་ཞེས་ཤེས་རབ་ཀྱི་མིག་གིས་བལྔ་བར་བ་སྟེ། རྒྱུ་མེད་པ་ལ་སོགས་པ་བསོལ་ལོ།། དོན་འདི་ནི་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གང་དུ་མ་རིག ་སྐྱེ་བ་གྱུར་པ།། ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན།། དེ་ཡི་རྐྱེན་ནི་འདུ་བྱེད་དེ།། སྡུག་བསྔལ་བར་དུ་སྐྱེ་བར་འགྱུར།། ཞེས་པ་དང་། གང་གི་སེམས་ཅན་དག་འགྱུར་བའི།། རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ།། གཞན་ལས་རྗེ་སུ་མཐུན་སྒྲ་དང་།། ནང་དུ་ཚུལ ་བཞིན་ལྟ་བའོ།། དེ་བཞིན་རྒྱུ་ནི་ཞི་གནས་ཏེ།། ལྷག་མཐོང་ཡང་ནི་རྐྱེན་ཡིནོ།། ཞེས་གསུང་སོ།། དེ་ལྟར་སྲིད་པ་འབྱུང་བའི་རིམ་པ་ལ་ཡིད་ཆེས་པར་བྱས་ནས་ཡང་མོ་རིག་པ་འགགས་པས་འདུ་བྱེད་འགག་པས་ན། སྡུག་བསྔལ་གྱི་ཕུང ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡིད་ལ་བྱའོ།། དེ་ནས་རྟག་པར་ཡང་མ་ཡིན་པ་དང་། ཆང་བར་ཡང་མ་ཡིན་པ་དང་། འཕོ་བར་ཡང་མ་ཡིན་པ་དང་། དེ་དང་འདྲ་བའི་རྒྱུད་དུ་འཇུག་པ་དང་། རྒྱུ་ཆུང་ངུ་ལས་འབྲས ་བུ་ཆེན་པོ་འབྱུང་བ་ཞེས་ངེས་པར་གཟུང་སྟེ། ཕྱི་རོལ་ལ་ཡང་ས་བོན་ལཱ་ས་མྱུ་གུ་དང་། དེ་ལུས་འདབ་མ་དང་། དེ་ལས་སྡོང་བུ་དང་། དེ་ལས་མེ་ཏོག་དང་། དེ་ལས་འབྲས་བུ་འབྱུང་ཞིང་། རྒྱུ་དེ་དག་དང་རྐྱེན་དང་ག་འབྲེལ་པར་འབྱུང ་པ་ཁམས་བཞི་དང་ན་མཁའ་དང་། དུས་ཀྱི་ཁམས་ཏེ། རྣམ་པ་བཅུ་གཉིས་པ་འདི་དག་ཙམ་མོ་ཞེས་འབྱུང་བ་དང་། འགགས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་སྤངས་ཏེ། འདིར་ནི་མདོར་བསྡུས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང ་ལ་བྱས་པས་རིག་པ་བསྐྱེད་པ་དང་། མ་འོག་པའི་ངོ་བོ་འམ་པ་ལས་བྱུང་བའི་ལོག་པར་ལྟ་བ་སྤང་བའོ།། གལ་ཏེ་རྒྱས་པར་ཡིད་ལ་བྱེད་པ་ལྟ་ཞིག་ན་རང་རང་གི་མཚན་ཉིད་དང་། མིང་གི་དོན་དང་། ལས་ཐ་དད་པ་དང་། ཡན་ལག་ལྔས་ཡང་དག ་པར་བསྡུས་པ་དང་། ཡན་ལག་གུསམྦྷ་གྱིས་སེང་དག་པ་བསྡུས་པ་དང་། གསུམ་ལུས་གཉིས་འབྱུང་བ་བས། གནས་ལསྣ་བདུན་བབྱུང་བ་པ། བདུན་ལས་གྷསམྦྷ་འབྱུང་བ་དྲུང། དུ་གས་བ~ཾ་བནྡྷ ་པ་དང་། རྐྱེན་དང་འབྲེལ་པ་དག་ཡོད་ལ་བྱའོ།། ས་བདག་རྟེན་ཅིང་འབྲེལ་འབྱུང་མཁྱེན་ན་སྣང་བས་མུན་པ་བཞིན།། ཁྱོད་ཀྱི་ཐུགས་ལ་གནས་པའི་གཏི་མུགེ་གོ་སྐབས་ག་ལ་མཆིས།། འདི་མཁྱེན་སྤྱོང་དུའི་འཁོར་ལོ་ཕྱེ་ཞིང་ཟབ་པ་གཟིགས ་བའི་ཕྱིར། ཤེས་རབ་ཡེ་ཤེས་སྤྱན་གཉིས་དྲི་མེད་ལུང་གི་སྤྱན་བྱུགས་གཟིགས།། ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི།། གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།། གང་གིས་འདི་ནི ་ཡང་དག་མཐོང་བ་དེ།། སངས་རྒྱས་དེ་ཉིད་རིག་པའི་རྣམ་མཆོག་མཐོང་། ཞེས་བསྟན་ཏོ།། གཏི་མུག་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱེད་པ་བཤད་ཟིན་ཏོ།། མི་ཡི་བདག་པོ་གལ་ཏེ་ཕྲ་བའི ་ཐུགས་ཀྱི་ཕོ་སྐབས།། ཐོག་མའོ་རྩོམ་མེད་དུས་ཅན་སྡིག་པའི་རྩ་བའོ་རྟོག་དགྲ་འདིཞན་པོས་གནས་སྙམ་ཞུམ་པའི་རྟོག་པ་མི་བཟང་ཞུགས་གྱུར་ན།། དེ་ཡི་གཉེན་པོར་རྟེན་ཅིང་སྐྱེས་པའི་དངོས་པོའི་རང་བཞིན་གཟིགས།། དྲི་མེད་མེ་ལོང་ངོས ་ལ་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གང་།། གལ་ཏེ་ཡང་དག་གནས་ན་རྐྱེན་ལ་རག་ལས་མི་འགྱུར་ཞིང་ཀ་སླར་འདི་རྣམ་པར་འཇིག་འགྱུར་གི་སྐབས་ཅན་དུ་ག་ལ་འགྱུར།། དེ་ཕྱིར་དངོས་མེད་རྐྱེན་ལ་རག་ལས་གཅིག་པུ་རྣམ་པར་སྤངས།། ཇི་ལྟར ་གནས་པའི་རང་བཞིན་འདི་ཡང་ལེགས་པར་རྣམ་དཔྱད་ན།། རབ་ཏུ་ཕྲ་རྡུལ་བར་དུ་འགྱུར་ཞེས་དམ་པས་དང་པོར་གསུངས།། གལ་ཏེ་དངོས་ཡོད་དེ་དག་ཤེས་རབ་ཅིས་མི་འབབ།། དེ་ཕྱིར་དེ་ཡང་ཕྱོགས་ཆའི་བྱེ་བྲག་དག་གི་ག་ལ་གནས།། རིན་ཆེན ་སེམས་ཀྱི་ཁྱད་པར་འགའ་ཞིག་སྣ་ཚོགས་སྣང་ཞེ་ན། དེ་བཞིན་འདི་ལའང་སྐད་ཅིག་ཅེས་བྱ་རབ་ཕྲ་དམ་པས་གསུངས།། སྐད་ཅིག་སྐད་ཅིག་ཅེས་བྱའི་གང་དག་ཕྲ་ལ་རྣམ་པར་རྨོངས།། དེ་ཡང་ཇི་ལྟར་ཐོག་མ་དབུས་མཐའ་དག་ཏུ་བལྟ་མི་ནུས ་དེ་ཕྱིར་རིན་པོ་ཆེའི་ཕྲེང་བ་ལས། སྐད་ཅིག་ཇི་ལྟར་མཐའ་ཡོད་ལྟར།། ཐོག་མ་དང་དབུས་དེ་ལྟར་བརྟག། སྐད་ཅིག་རང་བཞིན་གསུམ་གྱི་ཕྱིར།། འཇིག་རྟེན་སྐད་ཅིག་ལ་མི་གནས་ཞེས་བསྟན་ཏོ།། དེ་ལྟར་འདི་དག་ཕྱི་དང་ནང་དུ་བཅས་པ་གཅི ་མིན་ཞིང་།། དེ་ཉིད་ཕྱིར་ན་དེ་ཡི་རང་བཞིན་རྣམས་བསགས་དུ་མུ་འང་མིན།། འདི་དག་ལས་དབེན་དངོས་པོ་ཤེས་རབ་མིག་གིས་འགའ་མ་དམིགས།། དེས་ན་འདི་དག་མཐའ་གཉིས་གྲོལ་བ་དམ་པས་གསལ་བར་གསུངས།། དེ་བཞིན་གཅིག་གིས། ་གཅིག་ཉིད་སྐྱེད་པ་མངོན་སུམ་འགལ་མཐོང་སྟེ།། རབ་ཏུ་ཕྲ་བའི་འབྲས་བུའང་རྒྱུ་ནི་གཅིག་མིན་ལ་བལྟོས་པར།། འགྲོ་བའི་མངོན་སུམ་ཉིད་དུ་སྟོན་པ་བཞིན་དུ་ངེས་པར་གནས།། དེ་བཞིན་ཅིག་གིས་ཅིག་མིན་སྐྱེད་སོགས་ཐམས་ཅད་གནོད ་པར་བཅས།། དངོས་རྣམས་ཐུག་མེད་མ་ལུས་སླར་སྐྱེད་འགྱུར་འདི་བཟློག་དཀའི་ཕྱིར། ཡོད་པ་འགའ་ཞིག་སྐྱེ་ཞེས་འདི་ནི་སུས་ཀྱང་སྒྲ་མི་ནུས།། གང་མེད་འགའ་ཞིག་སྐྱེན་མེད་པའི་ཐ་སྙད་སུ་ཞིག་འཇོག། དེ་ཕྱིར་བདག་ལས་སྐྱེ་སོགས་འདི་དག། ་མཁས་པས་རྩ་ནས་བཏོན།། དེ་ལྟར་ཁྱོད་ཀྱིས་ཤེས་ར་བ་སྤྱན་གསལ་དྲི་མེད་རྣམ་རྒྱས་པས།། རྟེན་ཅིང་འབྲེལ་འབྱུང་མཚན་ཉིད་འདི་ལ་ཡུན་རིབ་གཟིགས་པ་ན།། འོག་མེད་སྲིད་རྒྱུང་བསགས་པའི་བསྙེངས་གནས་རབ ་པྲ་བ་ཡང་།། གང་ནའང་གནས་པར་འགྱུར་བའི་གཟིགས་མིན་མི་བདག་གླང་གིས་བུམ།། དེ་ལྟར་ནི་འཕགས་པ་མི་ཕམ་པའི་གལ་སྔ་ནས།། འདི་ལ་བསལ་བ་ཅི་ཡང་མང་།། བསྣུན་པར་བྱ་བ་ཅུང་ཟད་མེད།། ཡིད་དག་ཉིད་ལ་ཡང་དག་ལྷ།། ཡང་དག ་མཐོང་ནས་རྣམ་པར་གྲོལ།། ཞེས་གསུངས་ཤིང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། མཐོང་བའི་ཆོས་ལ་མྱ་ངན་འདས།། བྱ་བ་བྱས་པའང་དེ་ཉིད་ཡིན།། ཞེས་གསུངས་སོ།། དེས་ན་གང་ལ་དགའ་བ་འམ།། ཡང་ན་སྐྲག་གནས་འདི་ཅི་ཞིག། ་པ་བྱེ་བར་བསྒྲུབས་ཀྱང་བསྟན་གནས་དེ་ནི་སུ་ཡིས་ནུས།། གང་ཞིག་རྣམ་པར་གཞོམ་ཞེས་འབྲང་བའང་བླུན་ཏེ་རྣམ་པར་ངལ།། ཅི་ཕྱིར་ཞེ་ན་གདོད་ནས་མ་སྐྱེས་དེ་ལ་སུ་ཡིས་དགག། དེ་འདྲའི་གནས་མེད་འདིར་གནས་ཡེ་ཤེས་ཅན་ཏེ་བདེ་བར་ལྡན།། ། ་གང་ལ་རྣམ་རྟོག་མེད་འདི་ཞེས་ཐུབ་བཱས་གསལ་བར་གསུངས།། འདི་སྤངས་ལྷ་ཡུལ་འདོད་པར་རབ་ཏུ་ཡིད་འཕྲོགས་བྱེད་པ་དང་།། འཁོར་ལོས་སྒྱུར་པོའི་འབྱོར་པའང་དམ་པས་ཚེར་མའི་གནོད་འདྲར་གསུངས།། ས་བདག་འོན་ཀྱང་གནས་འདིར ་ཤིན་ཏུ་དགྱེས་པར་མ་གྱུར་ཅིག། ཅི་ཕྱིར་ཞེ་ན་བདག་གཞན་ཕན་པ་མི་བཟད་འབྱོར་ལས་ཁྱོད།། རྣམ་པར་ལྷུང་བའི་སྒོ་མོ་མི་མཁས་རྣམས་ལ་འདི་རབ་སྤངས།། ཁ་ཅིག་སྒོ་འདིར་རབ་དགའ་འཇུག་ལ་སྙིང་བརྩེ་རིང་དུ་སྤངས།། གཞན་དག་གནས ་འདིར་འཁྲུལ་ཕྱིར་ལས་འབྲས་ཐལ་བ་བཞིན་དུ་བྱེད།། གཞན་དག་ཤིན་ཏུ་མེད་ལས་སངས་རྒྱས་ཡོན་ཏན་བསམ་ཡས་འདོད།། འདི་འདྲ་འདི་དག་སྒྲོ་འདིར་ཞུགས་ལས་རང་གཞན་བདེ་ལས་ཉམས།། དེ་བྱར་འདི་ནི་ཡན་ལག་ལྡན་པར་བགས་ཀྱིས ་བསྟེན་པར་བགྱི།། དེ་ལྟར་ནི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། མིང་ཡང་ཡོད་དང་མེད་མ་ཡིན་པར་ཚིག་གིས་གསུངས།། རྒྱུ་ལ་བརྟེན་ཏོ་བྱུང་བའི་ཆོས་ནི་འདི་ཀུན་ཏེ།། འདི་ལ ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཀྱང་།། དགེ་དང་མི་དགེའི་ལས་རྣམས་ཅུང་ཟད་མེད་མི་འགྱུར།། སྐྱེས་གསུང་སོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པ་ཡིད་ལ་བྱའོ།། མི་དབང་ཡན་ལག་བཞི་པོ་འདི་ཙམ་གྱིས།། ་ཁྱོད་ཀྱི་ཐུགས་ཀྱི་དྲི་མ་རགས་པ་རྣམས།། ངེས་པར་གསལ་འགྱུར་འདི་ལ་དོགས་མ་མཛད།། དེ་ལས་གོང་དུ་ཁྱབ་པར་རྣམ་བཞེད་ན།། དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡིས།། སྐྱེ་བ་གཞན་དུ་འབྱོར་པ་མི་ཟད་པ།། དེ་ལྟའི་བཞེད་པ་ཉིད་ཀྱི ་ཕྱག་གནས་ལྟར།། བསླུ་བ་མེད་པར་བདག་གིས་བརྗོད་པར་བགྱི།། ཨོཾ་བཛྲ་རེ་ཁེ་ཧཱུཾ།། གཙང་སྤྱོད་པ་ཡི་ལྕི་བ་ནི།། ཆུ་དང་འོ་མ་ཞོ་དང་མར།། ཐམས་ཅད་དེ་ལས་བྱུང་བ་དག། སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དབོ།། ཚིག་མ་དོར་ཏེ་དབུས་ཀྱི ་ཆོས། དབྱིབས་ཅི་དགའ་བོའི་མཎྜལ་ནི།། ས་བདག་ཁྲུ་གང་ཡན་ཆད་པར།། གསང་སྔགས་འདོན་ལ་གཞོལ་བར་བྱུག། དེ་ནས་དེ་ནི་གུས་པ་ཡིས།། རྒྱལ་བ་སྲས་གསུམ་བཅས་ལ་དབུལ།། མཇུག་ཏུ་ཐུབ་པས་གསུངས་པ་ཡི།། ཚིགས་བཅད ་འདི་དག་བརྗོད་པར་བྱ།། ཁ་མུ་ལྕི་བ་ཆུར་བཅུས་སྟོན་བཱ་སྟེ།། ལེགས་པར་བྱུགས་པ་བྱེད་པ་ཚུལ་ཁྲིམསོ།། སྦྱིན་བུ་གྲོགས་སྦྱར་བསལ་བ་བཟོང་བ་ཡིན།། བྱ་བ་པ་ནི་ཉེར་ཐུགས་བརྩོན་འགྲུས་ཏེ།། དེ་ཡི་སྐད་ཅིག ་སེམས་ནི་གཅིག་བྱེད་པ།། བསམ་གཏན་ཤེས་རབ་རི་མོ་གསལ་བའོ།། ཐུ་པའི་མཎྜ་ལྱཱ་བྱས་པ་ཡིས།། ཕ་རོལ་ཕྱིན་པ་འདི་དྲུག་འཐོབ།། གསེར་གྱི་མདོག་ཏུ་འགྱུར་བ་དང་།། ནད་རྣམས་ཀུན་དང་བྲལ་བར་འགྱུར།། ཟླ་བ་ལྟར་མཛེས ་གསལ་བ་ཡི།། ལྷ་དང་མི་ནི་དམ་པར་སྐྱེ།། ནོར་དང་གསེར་ནི་འབྱོར་པ་ཡི།། རྒྱལ་པོའི་རིགསུ་སྐྱེ་བར་འགྱུར།། བདེ་བར་གཤེགས་པའི་ཕོ་བྲང་མཆོག། མཎྜལ་གང་ཞིག་བྱེད་པ་དང་།། སྡིག་པ་ཐམས་ཅད་མི་བྱེད་ཅིང་།། དགེ་བ ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་འདུལ་བ།། འདི་ནི་སངས་རྒྱས་རྣམས་ཀྱིས་བསྒྲགས།། ཞེས་སོ།། དེ་ནས་དགེ་བ་དེ་ཉིད་རྒྱུ་མཚན་དུ་བྱས་ལ།། དཀོན་མཆོག་གསུམ་ལ་ཕྱག་འཆོལ་ཞིང་།། དཀོན་མཆོག་གསུམ ་ལ་སྐྱབསུ་མཆི།། བདག་ནི་ཁྱེད་ལ་རྣམ་ཀུན་འདུལ།། སྡིག་པ་ཐམས་ཅད་བཤུགས་བྱར་བགྱི།། འགྲོ་བའི་དགེ་ལ་རྗེས་སཱི་རང་།། དམ་ཆོས་འཁོར་ལོ་མཆོག་བསྐོར་དང་།། ཡོངསུ་མྱ་ངན་འདས་སྤང་ཕྱིར།། བདག་ནི་ཁྱེད་ལ་གསོལ་བ ་འདེབས།། འདི་སོགས་དགེ་བོའི་ལུས་རྣམས་ནི།། བྱང་ཆུབ་བླ་ན་མེད་པར་བསྔོ།། འགྲོ་བ་སྡུག་བསྔལ་ཁུར་ཆེན་བོར་བའི་ཕྱིར།། བདག་གིས་སེམས་ནི་བྱང་ཆུབ་ཕྱིར་བསྐྱེད་དོ།། མ་རྒལ་བསྒྲལ་དང་མ་གྲོལ་དགྲོལ་བ་དང་།། དབུས ་མ་ཕྱིན་པ་བདག་གིས་དབུགས་དབྱུང་སྟེ།། མྱ་ངན་མ་འདས་བདག་གིས་མྱ་ངན་བཟླ།། དེ་ལྟར་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བསྐྱེད་ལ་ཇི་ལྟར་འདོད་པའི་བྱ་བ་དག་པོ་ལ་འཇུག་པར་བྱའོ།། མི་དབང་ཁྱོད་ཐུགས་སྦྱངས་པས་དག་པ ་རྒྱ་ཆེན་དག་དགྱེས་བསྐྱེད་ནས།། སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན།། རྒྱ་ཆེར་སྤེལ་མཇེད་དེར་ཡང་ཁྱོད་ཀྱི་ཐུགས་ནི་རྨ་མེད་འབད་འཚལ་ཏེ།། སེམས་མ་བསྲུངས་པོའི་སྐྱེས་བུའི་དགེ ་ལ་འཇུག་པ་ཕུ་ཆུའི་རྒྱུན་འཁྲུངས་ལྟར།། ཕན་དང་འབྲལ་པའི་གནོད་པ་འམ་རབ་ཏུ་མ་རུངས་འགྱུར་བའི་གནས་སྐབས་མཆིས།། གནས་འདི་མཁས་པས་གཟིགས་ནས་མཐུ་ལྡན་ཉིད་ཀྱི་ཐུགས་ནི་བསྲུངས་འཚ་ལོ།། ད་ལྟར་ནི།། ་བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ།། ཕན་བྱའི་མུནུ་ངག་ངོན་པོ་འདི་ལགས་ཏེ།། ཁྱོད་ཀྱི་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས།། སེམས་ནི་ཆོས་ཀྱི་རྩ་བ་ལྤགས་ཞེས་གསུངས།། ཚིགསུ་བཅད་པ་གཅིག་པོ་འདི ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས།། མཁར་གྱི་རྒྱལ་པོ་བྱེད་སྤྱོད་ལ་གདམས་པ་བཤེས་པོའི་སྤྲིང་ཡིག་ལས་གསུངས་པ་བདག་གིས་དྲངས་པའོ།། མི་སྐྱོང་ཁྱོད་ནི་གལ་ཏེ་གསང་བའི་ལམ་ལ་དགྱེས་པ་ན།། ལམ་དེ་རབ་ཏུ་རྟོགས ་དཀའ་སེམས་ལ་རྨ་འབྱིན་ཚིག་འབྲོས་ཏེ།། བུད་མེད་འཁྱུད་སོགས་ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པར་ལྡན།། ཁ་ཅིག་མངོན་སུམ་འཁྲིག་དང་དྲག་ཤུལ་སྐྱོང་ལ་འཇུག་པ་སྟེ།། མི་དབང་ཐུགས་ལ་གནོད་ན་ཐུབ་པའི་དཀའ་ཡང་དུག་དང ་འདྲ། དེ་ཕྱིར་ཁྱོད་ཀྱིས་གསང་བའི་ལམ་དུ་ཞུགས་པའི་རྒྱུ་མཚན་ལས།། ཁྱོད་ཐུགས་འདོད་ཆགས་ལ་སོགས་དྲི་མས་གོས་པ་འདི་ནི་སྤང་།། གང་གཞན་སྐྱེ་བོ་དེ་འདྲའང་བཟློག་པར་ཁྱོད་ཀྱིས་རྣམ་བསྒྲུབ་རིགས།། ་དོན་འདི་ནི། བུ་བའི་འོག་ཏུ་ཟ་བ་ལ།། མར་གྱི་ཉིང་ཁུ་ཀཱ་ར་དང་།། སྦྲང་རྩི་དག་ནི་བདུད་རྩི་བཞིན།། མ་ཞུ་རྩ་བ་དྲུག་ཏུ་འགྱུར།། དེ་བཞིན་རབ་རྒྱས་བདུད་རྩི་མཆོག། དགོངས་པའི་ཚི་ག་ལ་མི་མཁས་བཞིན།། བྱིས་པའི་བློ་དང་ལྡན་རྣམས་ལ།། ་མི་ཟད་པ་ཡི་དུག་ཏུ་འགྱུར།། ཞེས་གསུངས་ཏེ། འདི་ནི་འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལོས་གསུངས་པ་བདག་གིས་འདིར་བྲིས་པའོ།། རིན་ཆེན་སེམས་ནི་རྣམ་པར་སྦྱང་བའི་ཕྱིར།། ་པའི་བཀའ་ལུང་ཅུང་ཟད་འདིར་བྱིས་པས།། སཱ་ཡི་བདག་པོའི་ཐུགས་ནི་དྲི་མོང་བ།། སྟོན་དཀའི་ཟླ་རྒྱུས་ལྟ་བུར་གསལ་གྱུར་ཅིག། འགྲོ་བའང་རིམ་གྱིས་སེམས་ནི་རྣམ་སྦྱངས་ཏེ།། མུ་ཏིག་དྲི་མེད་འབྲུ་ལྟར་རྣམ་དག་ཤོག། སེམས་རིན ་བོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིགེ། སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་དགྲ་ལས་རྒྱལ་གསང་བས་མཛད་པ་རྫོགས་སོ།། ། ནྱ་གར་གྱི་མཁན་པོ་ཨཱུ་ཙརྱ་དུ་ལོ་པ་དང་། ་ལོཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ཨེ་མ་ཧོ། འཇམ་དཔེལ་རྡོ་ཁྱེས་བརླབས་པའི།། ཛེ་ཏཱ་རིས་མཛད་གཞུང་འདི་ལ།། བརྟེན་ནས་རང་སེམས་སྦྱང་བ་ལ། ་མཐ་པ་རྣམས་ཀྱིས་བརྩོན་པར་རིགས།། མྱུ་གང་སྐད་དུ། སཱུ་ཧཱུ~ཾ་ལེ་ལ། བོང་སྐད་དུ། བ་ཤེས་པའི་སྒྱིད་ཡཱགུ།། བངས་པས་གཞོན་ནུ་གྱུར་པ་ལྟ་ཕྱག་འརྒྱའོ།། སོན་ཏན་རང་བཛིན། ་