| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱ་དི་ཀརྨི་བྷཱུ་མི་ཀ་རི་པ་རི། བོད་སྐད་དུ། ལས་དང་པོ་པའི་ས་སྦྱང་བའི། སངས་རྒྱས་ལ་ཕྱག་འཚལ་ལོ།། ཉི་མ་ལྟ་བུར་གཟི་ལྡན་སྐུ།། སངས་རྒྱས་ཞབས་ལ་ཕྱག་འཚལ་ཏོ།། ལས་ནི་དང་པོ་པ་ཡིས ་སྦྱང་བ་འདིར་ནི་བཤད་པར་བྱ།། ལམ་མ་སྦྱངས་པའི་ཉེས་པ་དང་།། ལམ་གྱི་སྦྱང་བ་གང་ཞེ་ན། ལྕུ་མ་སྦྱངས་པའི་སྐྱེ་བོ་དག། བྱས་བགྲོད་ངལ་དུབ་ཚེ་གྲང་དང་།། ལྕི་དང་རྩུབ་དང་སྐྱོ་བ་དང་།། བཀྲེས་སྐོམ་གདུངས་ཤིང་བརྙས་པ་དང་།། འཇིགས་དང་ཡི ་xxx ་ཉམས་པ་ཡི།། སྐྱེ་བོ་དག་ནི་ཉམ་ངར་གནས།། མི་བཟང་མྱ་ངན་འབྲོག་དགོན་དུ།། ལམ་གོལ་གྱུར་པ་དག་དང་མཚུངས།། མིག་ལྡན་ལམ་ལོག་འགྲོ་བ་ལྟར།། ལམ་ལས་ཉམས་པའི་སྐྱེ་བོ་སློང་།། དེ་ལ་ལམ་སྦྱང་བ་གང་ཞེ་ན།། འདིར་ལས་དང་པོ་པའི་ས་ནི ་ལམ་གྱི་དང་པོ་སྟེ། དེ་སྦྱང་བ་ནི་དབྱེ་བ་རྣམ་པ་དུ་མ་དང་ལྡན་པའི་དཀོན་མཆོག་གསུམ་ལེགས་པར་ཤེས་ནས་ཕྱག་འཚལ་པ་དང་། རྒྱ་ཆེར་མཆོད་པ་དང་ཡོན་ཏན་བརྗོད་པས་བསྟོད་པ་དང་། སྙིང་ཐག་པ་ནས་སྐྱབསུ་འགྲོ་བ་དང་། རྗེསུ་དྲན་པ་བསྒོམ། ་xxx ་བཞིན་དུ་སླར་འཆོས་པས་སྡོམ་པ་ལ་གནས་པ་ཡིན།། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལེགས་པར་ཤེས་པ་དང་། དེ་སྐྱེ་བའི་རྒྱུ་ལ་གནས་པ་དང་། སེམས་དེ་ཡང་དགེ་བར་བསྐྱེད་པ་དང་། བསྐྱེད་པའི་མི་མཐུན་པའི་ཕྱོགས་རིང་དུ་སྤོང་བ་དང་། ་སེམས་དེ་འཕྲེལ་ཞིང་མི་བརྗེད་པའི་ཆོས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡིན་པས་དེ་ལྟར་ཆོས་རྣམ་པ་གསུམ་ལ་རྣམ་པ་བཅོ་ལྔར་ཕྱེ་བ་འདི་ནི། འདིར་ས་སྦྱང་བའི་གཞི་དང་། རྟེན་དང་གནས་ཤེས་བྱ་བའོ།། དེ་གཞི་དེ་ལྟ་བུ་ལ་བརྟེན ་ནས་ལམ་གྱི་དངོས་གཞི་གང་། ཇི་ལྟར་སྦྱང་བྱེ་ན། བཞི་དེ་དག་ལ་ལེགས་པར་གནས་པས་འཇུག་པ་བྱང་ཆུབ་ཀྱི་སེམས་བླང་བ་བྱས་ནས། ཇི་ལྟར་བླངས་པའི་སྡོམ་པ་ལས་མི་འདའ་བར་བྱམས་པ་ཚད་མེད་པ་བསྒོམ་པ་དང་། དྲན་པ་ཉེ་བར ་གཞག་པ་བཞི་བསྒོམ་ཞིང་། ཡང་དག་པར་སྤོང་བ་བའི་ལ་གནས་པར་བྱ་སྟེ། འདི་ནི་ལས་དང་པོ་པའི་སའི་དངོས་གཞི་ཡིད་ལ་ཏྱ་སཾ་བས་རིམ་གྱིས་འཕགས་པའི་བདེན་པ་ལ་འཇུག་པར་བྱའོ།། དེ་ཡང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར ་སྤོང་བ་བཞི་གྲུབ་ནས་ཏིང་ངེ་འཛིན་གྱི་ངོ་བོ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གྲིནས་པ་ནས་དེ་ཉིད་ཀྱི་ཁྱད་པར་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། བདག་དང་གིའན་གྱུ་འབྱོར་པ་དང་།། འདུན་པ་ཚུལ་ཁྲིམས་དབང་པོ་དང་།། དེ ་བཞིན་ཟས་དང་མི་ཉལ་དང་།། ཤེས་བཞིན་དུ་ནི་སྤྱོད་པ་དང་།། དེ་བཞིན་དགེ་བའི་བཤེས་གཉེན་དང་།། དམ་ཆོས་ཉན་དང་སེམས་པ་དང་།། བར་ཆད་མེད་དང་གཏོང་བ་དང་།། དགེ་སྦྱོང་རྒྱན་ནི་ཐ་མ་ཡིནི།། དད་ལྡན་གཡོ་མེད་ནང་ཉུང་དང་།། བརྩོན ་འགྲུས་ཤེས་རབ་འདོད་ཆུང་དང་།། ཆོ་ག་ཤེས་གསོ་སློ་དགང་སླ་དང་།། སྦྱངས་དང་མཛེས་དང་དྲོད་རིག་དང་།། སྐྱེས་བུ་དམ་ཆོས་མཁས་རྟགས་དང་།། བཟོད་དང་ངེས་དང་གྱ་ནོམ་པའོ།། ཞེས་བྱ་བའི་ཡོན་ཏན་དང་ལྡན་ལ།། དེ་ལས་གཞན་པ་ཐེག་པ་ཆེན ་ཚོགས་ལམ་གྱི་ཁྱད་པར་ལུས་ལ་དབང་བ་ལ་སོགས་པ་དང་། སྙིང་རྗེ་ཆེན་པོའི་སྒོ་མངོན་དུ་གྱུར་པས་སྡུག་བསྔལ་བ་མཐོང་བ་ན་རང་དབང་མེད་པར་མཆིསའི་རྒྱུར་འབབ་པ་ལ་སོགས་པ་འབྱུང་ངོ་།། དེ་ལྟར་བྱང་ཆུབ ་སེམས་དཔའི་སྡོམ་པ་དང་། བྱམས་པའི་ཏིང་འཛིན་དང་། དྲན་པ་ཉེ་བར་གཞོག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་པོ་སྔ་མའི་རྟེན་དང་བཅས་པ་འདི་ནི་ཚོགས་ཀྱི་ལམ་དང་། ལས་དང་པོ་པའི་ས་དང་། དད་པའི་ས་ཞེས་བྱའོ།། ་ནི་འདི་ཉིན་མཚན་གྱི་ལས་ཡང་དག་པར་སྤོང་བ་འཕྲུལ་གནས་པས་སྙམ་སྦྱང་བ་རྗོད་ག་ཐམས་མ་རྒྱས་ཚངས་ནས་ནི།། གཎྜཱི་ག་སུམ་དྲན་པས་ལ་ཟུགས་མཆོག། བདག་གའང་བརྗེད་ང་འཇིག་རྟེན་གྱི།། ཆོས་སྒྱུད་ས ་པར་མོས་པ་བསྐྱེད།། དེ་ནས་ཡིད་ནི་བསྡུས་པ་ཡིས།། ཀྱེ་མ་སེམས་ཅན་བདེ་འགྱུར་བསམ།། དེ་ནས་ལུས་དང་ཚོར་བ་དང་།། སེམས་དང་ཆོས་ནི་མི་གཙང་དང་།། སྡུག་བསྔལ་མི་རྟག་བདག་མེད་ཅེས།། ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྒོམ།། རེ་རེ ་འམ་ཡང་ན་རི་མོ་གྱིས་ཀྱང་།། ནམ་ལངས་བར་དུ་འབད་པས་བསྒོམ།། གང་གི་ལུས་ཅན་གྲོལ་འགྱུར་བའི།། ལམ་གྱི་དང་པོ་འདི་ཉིད་ཡིན།། དེ་ནས་ནམ་ནི་ལངས་པ་དང་།། ཅི་རིགས་གཙང་སྦྲ་བྱས་ནས་ནི།། མཆོད་རྟེན་ཕྱག་འཚལ་མཎྜལ་བྱ།། སྡིག ་བཤགས་ལ་སོགས་རྒྱས་བྱ་སྟེ།། ལྷག་པར་སྦྱངསུ་འགྲོ་བ་དང་།། བྱང་ཆུབ་སེམས་ནི་བརྟན་པོ་བསྐྱེད།། ཅི་རིགས་བསྐོར་བ་བྱས་ནས་ནི།། བླ་མ་དང་ནི་རྒན་པོ་དང་།། ཆོས་སྨྲ་བ་ལའང་ཕྱག་བྱ་སྟེ།། འཛུམ་ཞིང་སྙན་པོར་སྤྲོ་བ་དང་།། དེ་དག་དགོས་པ ་འབད་དེ་བསྒྲུབ། བར་དེ་དུས་ནི་ཉེར་གནས་ན།། ཆོས་བཤད་ལ་སོགས་སེམས་ཅན་དོན།། རང་བདེ་ཏང་ལ་འབད་པས་བསྒྲུབ།། འུ་སུས་ལ་སོགས་ཟས་ལ་སྤྱད།། དཀོན་མཆོག་སྤྲིན་ལྔས་གསུངས་པ་བཞིན།། ཆ་གཎྜཱིར་བགོས་ཏེ་བཟའ་བར་བྱ།། ལྷག་པ ་པོདོངས་ལ་བཟོའ་བཏང་བགོ། སྔ་དྲོ་ཡི་ནི་དུས་ངག་ཏུ།། བྲི་དང་ཀླག་པ་ལ་སོགས་པའི།། ཆོས་སྤྱོང་བཅུ་ལ་འབང་བ་འམ།། སཱནྡྷི་བྱ་བ་འམ་འགྲོ་ཕན་གདགས།། དུས་ཀྱི་དམ་པ་སྔ་དྲོ་ནི།། དོན་མང་འདྲའ་བར་མི་བྱའོ།། ཉི་མའི་གུང་ལ་བྱམས་པ་དང་།། དྲན ་པ་ཉེ་གཞག་ཅུང་ཟད་བསྒོམ།། དེ་ནས་ཡང་ནི་ཕྱག་འཚལ་སོགས།། སྔ་མ་བཞིན་དུ་རྒྱས་པར་བྱ།། ཕྱི་དྲོ་སྐྱེ་བོ་དམ་པ་དང་།། འགྲོགས་ཤིང་ངལ་བསོ་བདེན་དོན་ལ།། སྤྲོ་ཞིང་སྲིད་ལས་ཡང་འབྱུང་བའི།། ལེགས་བཤང་རོ་ནི་མྱང་བར་བྱ།། ཕྱི་འཕྲེང་སླར ་ཡང་སྔ་མ་བཞིན།། ཞི་གནས་ལྷག་མཐོང་བསྒོམ་པ་དང་།། མཆོད་རྟེན་ཕྱག་འཚལ་ལ་སོགས་བྱ།། དམོར་ཐག་ཆང་ནས་མཚན་མོ་ནི།། བླ་མའི་བསྙེན་བཀུར་ཚུལ་བཞིན་བྱ།། རང་གི་རྐང་པ་བཀྲུས་ནས་ནི།། ཞི་གནས་ལྷག་མཐོང་བསྒོམ་པའམ།། དོན ་ཆེཅན་ལྡན་པའི་ཁ་ཏོན་པ།། ནམ་གྱི་ཆ་སྟོང་འདས་པ་དང་།། ཚུལ་བབ་ནི་ཡིད་ལ་བྱེད་པ་ཡི།། རིགས་པ་བཞིན་དུ་ཉལ་བར་བྱ།། ཉིན་པར་དང་ནི་མཚན་མོ་ཡང་།། ལག་བཟངས་ཀྱིས་ནི་ཞུས་པ་དང་།། རིན་ཆེན་ཕྲེང་བ་ལས་བཤད་ལྟར།། སྣ་ཚོགས་དགེ་བའི ་ཕྱོགས་ལ་འབང་།། དེ་ནས་ཚེ་འདི་ཉིད་ལ་ཡང་།། དྲོད་ལ་སོགས་པ་ཐོབ་པར་འགྱུར།། དེ་ལྟར་ཐོས་པ་དང་བསམ་པ་ལ་གནས་པས་ཚོགས་ཀྱི་ལམ་ཕལ་པ་དང་། ཁྱད་པར་ཅན་སྦྱང་ངོ་།། དེ་ལས་གོང་དུ་བསྒོམ་པ་ལས་བྱུང་བས་མོས་པས་སྤྱོད་པའི་ས་དག ་ལ་དབང་པོ་དང་། སྟོབས་ཀྱིས་བདེན་པ་བསྒོམ་པའི་ས་སྦྱངས་པ་ནི་དཀོན་མཆོག་སྤྲིན་ལ་སོགས་པར་བལྟ་ཞིང་། རབ་ཏུ་དགའ་བ་ལ་སོགས་པའི་ས་སྦྱང་བ་ནི་ས་བཅུ་པའི་ལེའུ་ལས་བསྟན་ཏོ།། རྒྱལ་བའི་སྲས་ཀྱི་ས་ཡི་དང ་པ། ཚོགས་ཀྱི་ས་སྟེ་དེ་སྦྱང་མདོར་བསྡུས་པ།། ཅུང་ཟད་བཤད་ལས་དགེ་བ་གང་ཐོབ་པ།། དེས་ནི་འགྲོ་རྣམས་དག་པའི་ས་ཐོབ་ཤོག། ལས་དང་པོ་པའི་ས་སྦྱང་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་བ ་གསང་བའི་ཞལ་སྔ་ན་ས~ཾ་མཛད་པ་རྫོགས་སོ།། ། རྒྱ་བར་གྱི་མཁན་བཀྲྀཥྞ་བ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་