| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་ཆེན་པོ་བླ་མ་སུན་ཡ་ཤྱཱ་མི་ཏཱ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་དརམ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། @། རྒྱ་གར་སྐད་དུ། བོ་དྷི་ཙིཿ ་ད་བི་དྷི། བོད་སྐད་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚ་ལོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས ་པི་དགེ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བས། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་ཚེ། ལུས་དང་ངག་དང་ཡིད་ཀྱིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཕ་མ་དང་། སེམས་ཅན་གཞན་དག་ལ་སྡིག་པ་མི ་དགེ་བའི་ལས་བགྱིས་པ་དང་། འགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེ་སུ་སེ་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི ་སོ་སོར་བཤགས་པས་འཆག་སོ།། མི་འཆབ་བོ།། སླན་ཆད་འདི་ལྟ་བུ་མི་བགྱིདདོ།། དེ་སྐད་ལན་གསུམ་བཟླས། སྡིག་པ་བཤགས་པའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངསུ་གསོལ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདུ ་རྣམས་ཀྱིས་བསོད་ནམས་ཀྱི་རྗེ་སུ་ཡི་རང་བ་བླ་ན་མེད་པ་ཐུགསུ་ཆུད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། འགྲོ་བ་མ་ལུས་པའི ་བསོད་ནམས་ཐམས་ཅད་ལ་རྗེ་སུ་ཡི་རང་ངོ་།། དེ་སྐད་ལན་གསུམ་བཟླས། བསོད་ནམས་ལ་རྗེ་སུ་ཡི་རང་བའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་ངས་སངས་རྒྱས་ཀྱི ་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་མཆོག་ལ་སྐྱབསུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ་ཐམས་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ། སྐྱེས་བུ་ཁྱུ་མཆོག། སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབ་སུ་མཚོའོ།། ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབ་སུ་མཆི་སྟེ། ་བླ་ན་མེད་པ། དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ་སོ་སོར་རང་གིས་རིག་པ་ལ་སྐྱབ་སུ་མཆིའོ།། དགེ་འདུན་དུལ་བ་ཚོགས་ཀྱི་མཆོག་ལ་སྐྱབ་སུ་མཆི་སྟེ། ཕྱོགས་པའིའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ ་འདུན་ལྷ་སྐྱབསུ་མཆིའོ།། དེ་སྐད་ལན་གསུམ་བཟླས། སྐྱབསུ་འགྲོ་བའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཇི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་བཞེསུ་གསོལ། དེ་སྐད་ལན་གསུམ་བཟླས། བདག་དབུལ་བའོ།། སངས་རྒྱས ་དུང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགོངསུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། ་སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངསསུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅང་། ཐམས་ཅད་མཁྱེན་པོའི་ཡེ་ཤེས་ལ་དགོད་པའི་སླད་དུ། ཇི་ལྟར་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བསྒྲལ་པ་དང་། སེམས་ཅན་ཐམས་ཅད་དགྲོལ་བ ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངསུ་མྱ་ངན་ལས་བཟླ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོག ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་རྣམ་པར ་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེའོ།། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བདུད་དཔུང་དང་བཅས་པ་ཕམ་མཛད་དེ། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱིས་ཏེ། བདག་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ།། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་དེ་དག་གིས། ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མདོ་ན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བགྱིའོ།། ཇི་ལྟར ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚེགས་ཡོངསསུ་བསྡུས་པ་དེ་བཞིན་དུ། བདག་མྱིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས ་ཏེ་ཚོགས་ཡོངསུ་བསྡུ་བར་བགྱིའོ།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡོད་འོང་སྤྱད་པར་བགྱི།། འགྲོ་ལ་ཕར་ཕྱིར་སངས་རྒྱས་འགྲུབ་པར་ཤོག། དེ་སྐད་ལན ་གསུམ་བཟླས། བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང་། གཞན་ཡང་བདག་གིས་བསོད་ནམས་ཅུང་ཟད་ཅི་བགྱིས་པ་དང་། བགྱིད་པ་དང་། བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཕ་མ་ལ་སོགས ་སེམས་ཅན་ཐམས་ཅད་དང་། བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོའོ།། བདག་གིས་བསོད་ནམས་འདི་ཡིས་པ་མ་ལ་སོགས་པ་སེམས་ཅན་མ་རྒལ་བ་རྣམས་ནི་བསྒྲལ་ལོ།། མ་གྲོལ་བ་རྣམས་ནི ་དགྲོལ་ལོ།། དབུགས་མ་ཕྱུང་བ་རྣམས་ནི་དབུགས་དབྱུང་ངོ་།། ཡོངསུ་མྱ་ངན་ལས་འདས་པ་རྣམས་ནི་ཡོངསུ་མྱ་ངན་ལས་བཟླའོ།། མངོན་པར་རྫོགས་པར་སངས་རྒྱས་པ་ནི། མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ།། སྐྱབས་མ་མཆིས་པ་དང་། ་གནས་མ་མཆིས་པ་དང་། དཔུང་གཉེན་མ་མཆིས་པའི་འཇིག་རྟེན་གྱི་སྐྱབས་དང་། གནས་དང་། དཔུང་གཉེན་དུ་གྱུར་ཅིག། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། ཐོབ་ནས་ཉེ་བའི་ངགྲ་རྣམས་པ་མ་བྱས་ཏེ།། རྒ་ན་འཆི་བའི་རླབས་ཆེན ་@འཁྲུགས་པ་ཡི།། སྲིད་པའི་མཚོ་ལས་འགྲོ་བ་གདོན་པར་བགྱི།། དེ་ནས་བདག་སྦྱིན་པ་བརྩོལ་བ་དང་།། ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་བསྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་བཞག་པ ་བ་དང་། ཤེས་རབ་ལ་རྣམ་པར་སྤྱོད་པ་དང་། ཐབས་མཁས་པ་ལ་སློབ་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ས་ཆེན་པོ་ལ་གནས་པ་རྣམས་ཀྱི་རྗེ་སུ་མཐུན་པར་འཇུག་གོ།། འཕགས་པ་དག་བདག་བྱང་ཆུ ་སེམས་དཔའ་ལྕགས་ཀྱིས། བྱང་ཆུབ་སེམས་དཔའ་ལེགས་པར་གཟུང་དུ་གསོལ། ས་དང་ཆུ་དང་མེ་དང་རླུང་།། རྩི་དང་ནགས་ཀྱི་ཤིང་ལྟ་བུར།། རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱིས།། འདོད་དགུར་དགག་མང་སྤྱོད་པར་ཤོག། མཐོང་བ་དང་ནི་རེག་པ་དང་།། ་ཐོས་པ་དང་ནི་དྲན་པས་ཀྱང་།། བློ་དག་ནི་སེམས་ཅན་ཐམས་ཅད་ཀྱི།། ནད་རྣམས་གསོ་བར་བགྱིད་གྱུར་ཅིག། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག། ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོ་གོ།། བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས ་བ། དེ་དག་ཀུན་གྱི་སྨོན་ལམ་གྲུབ་ཅིག། དེ་སྐད་ལན་གསུམ་བཟླས།། བསོད་ནམས་བསྔོ་བའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག། སློབ་དཔོན་མཁས་པ་ཆེན་པོ་འཕགས་པ་གླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་རྒྱུ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། @#།། རྒྱ་གར་སྐད་དུ། བོ་དྷི་ཙིཏྟོདྦྷ་ད་ས་མ་ང་ནཱ་བི་དྷི། བོད་སྐད་དུ། བྱང་ཆུབ་ཀྱི ་