| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། གུ་རུ་ཀྵ་ཡ་ཀྲ་མ། བོད་སྐད་དུ། བླ་མའི་བྱ་བའི་རིམ་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དང་པོར་ཆང་དང་ལྡན་པའི་སློབ་དཔོན་གྱིས་སློབ་མ ་ལ་དང་པ་དང་། ཡིད་ཆེས་པ་དང་། འདོད་དེའི་དད་པ་བསྐྱེད་ལ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བརྗོད་ལ་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་གནས་ཁང་ཁྱད་པར་ཅན་དུ་མཆོད་པའི་ཚོགས་ཁྱད་པར་ཅན་བཤམས་ལ་འཕགས་པའོ་ཆོག ་ན་དྲངས་ཏེ། ཕྱག་འཚལ་བ་དང་། ཞབས་བསིལ་ཞིང་གངན་དབུལ་བ་དང་། བླ་ན་ཡོད་པ་དང་། བླ་ན་མེད་པའི་མཆོད་པའི་ཚོགས་ཀྱིས་ལགས་པར་མཆོད་ཅིང་། མཆོད་པའི་སྤྲིན་གྱི་སྔགས་ཀྱང་ལན་གསུམ་བརྗོད་དོ།། བསྟོད་པ་བྱེད ་པོས་བདེ་བར་གཤེགས་པའི་ཡོན་ཏན་ཁྱད་པར་ཅན་དྲན་པའི་སྒོ་ནས་གུས་པས་བསྟོད་ཅིང་། དེ་དང་དེ་འཕེལ་བའི་ཚིག་ཀྱང་བརྗོད་དོ།། དེ་ནས་བཤགས་པ་དང་། རྗེ་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། ་སྔོ་བ་ལ་སོགས་པ་བྱ་སྟེ། དེ་ནས་སློབ་དཔོན་ལ་ཕྱག་བྱས་ལ། གསེལ་བ་གདབ་པ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལེགས་པར་བསྐྱེད་ལ། དེ་དག་གི་རང་གི་ངོ་བོ་དང་། དབྱེ་བ་དང་། ཁྱད་པར་ཡང་བརྗོད་དོ།། དེ ་ནས་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་། ཚད་མེད་པ་བཞི་པོ་ལ་སོགས་པའི་མཚན་ཉིད་དང་། རྒྱུ་དང་། འབྲས་བུ་དང་། བསླབ་པའི་གོ་རིམ་དང་། ཉམས་པ་དང་། མ་ཉམས་པའི་སྐྱོན་ཡོན་དང་། ་ཚུལ་ཇི་ལྟར་བསླབ་པ་ལ་སོགས་པ་ཡང་རྒྱས་པར་བསྟན་པར་བྱའོ།། དེ་ཡང་བག་ཡོད་པ་དང་། ཤེས་བཞིན་དང་། དྲན་པས་ཟིན་པར་བྱའོ་ཞེས་བསླབ་པར་བྱའོ།། དེ་དག་གི་མཚན་ཉིད་དང་། གོ་རིམ་དང་། ཉམས ་པ་དང་མ་ཉམས་པའི་སྐྱོན་ལ་སོགས་པ་ཡང་བསླབ་པར་བྱའོ།། དེ་དག་བྱེད་པ་ལ་ཡང་བརྩོན་འགྲུས་དྲག་པོས་བསྐྱོད་ལ།། ཇི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པོའི་བཟོད་པ་དང་། མ་ཡེངས་པའི་བསམ་གཏན་དང་། ཤེས་རབ་ཀྱི་རང་བཞིན ་མེད་པར་ཤེས་པར་བྱས་ལ། བསླབ་པ་གསུམ་མམ། ཤེས་རབ་རྣམ་པ་གསུམ་ལ་མཉམ་པར་བཞག་པ་དང་། སྤྱོད་ལམ་གྱི་ཚུལ་གྱིས་བསླབ་པར་བྱའོ་ཞེས་བསྟན་པར་བྱའོ།། མཐོར་སྨོན་ལམ་གྱིས་ཡོངསུ་རྫོགས་པར་གྱིས་ཤིག་ཅེས་ཀྱང་བརྗོད་པར ་བྱའོ།། འདི་ནི་སློབ་དཔོན་གྱི་རང་བཞིར་བསྟན་པའི་ལས་ཀྱི་གོ་རིམ་སོ།། སློབ་མས་ཀྱང་ཚུལ་ཇི་ལྔ་ར་བསྟན་པ་དེ་བཞིན་དུ་བསླབ་པར་བྱའོ།། འདི་ནི་མཚན་ཉིད་ཐེག་པ་ཆེན་པོའི་སེམས་བསྐྱེད་པ་དང་། བསླབ་པ་བསྟན་པའི་ཚུལ་ལ་མ་གོ་རིམ་ཆེ་ལོང་ཙམ་བསྟན་པ ་ཡིན་ནོ།། རྒྱས་པར་ནི་གཞན་ནས་ཤེས་པར་བྱའོ།། བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་