| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ས་མཱ་དཱི་སཾ་བྷཱ་ར་བཱ་རི་བརྡྷ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། དང་པོ་སྙིང་རྗེའི་སྟོབས་ལས་བྱུང་།། རྫོགས་པའི་བྱང་ཆུབ་སེམས་བརྟན་བྱས།། སིད་པའི་ལོངས་སྤྱོད་བདེ་མ་ཆགས། ་ཡོངསུ་འཛིནི་ལེ་རྒྱབ་ཀྱིས་ཕྱོགས།། དང་སོགས་ནོར་ནི་ཕུནི་སུམ་ཚོགས།། བླ་མ་སངས་རྒྱས་དང་མཉམ་གུས།། དེས་བསྟན་དམ་ཚིག་སྤྱོད་པ་ནི།། ཡོངསུ་བསྐྱང་ལ་རབ་ཏུ་བརྩོན།། བུམ་པ་གསང་པོའི་དབང་བསྐུར་བ།། བླ་མའི་དྲིན་གྱིས་ཡོངས་སུ་ཐོབ།། ལུས ་ངག་སེམས་ནི་རྣམ་དག་པའི།། སྒྲུབ་པ་པོ་དེ་དངོས་གྲུབ་སྣོད་།། ཏིང་འཛིན་ཡན་ལག་ལས་བྱུང་བའི།། ཚོགས་ནི་ཡོངསུ་རྫོགས་པ་ལས།། མྱུར་དུ་དངོས་གྲུབ་ཐོབ་འགྱུར་ལ།། དེ་ལྟར་གསང་སྔགས་ཚུལ་གནས་ཡིན།། ཏིང་འཛིན་ཡན་ལག་ཉམས་གྱུར་ཅིང་།། ་དེ་ཡི་མི་མཐུན་ཕྱོགས་གནས་ན།། སྐྱེ་བ་བྱེ་བ་སྟོང་གིས་ཀྱང་།། ཏིང་འཛིན་རབ་ཏུ་གྲུབ་མི་འགྱུར།། ཏིང་ངེ་འཛིན་ནི་རབ་གྲུབ་ཕྱིར།། གསང་སྔགས་སྤྱོད་གནས་རྣལ་འབྱོར་པས།། དེ་ལས་གཞན་པའི་སེམས་སྤངས་ཏེ།། གཡེང་མེད་བརྩོན་པས་འབད་པར་བྱ། ་ཏིང་ངེ་འཛིན་གྱི་ཡན་ལག་དང་།། མི་མཐུན་ཕྱོགས་གང་ངེས་བྱའི་ཕྱིར།། ཏིང་འཛིན་ཡན་ལག་མི་མཐུར་ཕྱོགས།། དེ་ནི་མདོར་བསྡུས་ནས་བཤད་བྱ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། ལོངས་སྤྱོད་རྣམས་ལ་བལྟོས་མེད་ཉིད།། བཟོད་ལྡན་དམ ་བཅའ་བརྟན་པ་དང་།། སྐྱེ་བོའི་འདུ་འཛི་རྣམ་པར་སྤོང་།། ལུས་དང་ངག་ཡིད་ལས་རྣམས་ལ།། ཤེས་བཞིན་དང་ནི་ལྡན་པ་དང་།། སངས་རྒྱས་བཀུར་པོསྟོད་དྲན་པ་ཡི།། ལུས་ཀྱི་རྗེས་དྲན་ཡང་དག་ལྡན།། དུས་གང་དུ་ནི་གང་བྱ་བའི།། རྗེས་དྲན་དེ་ལ་བརྟན་པ་དང་།། ། ་སྒྲིབ་པ་ལྔ་ནི་སྤངས་པ་དང་།། ཟས་ཀྱི་ཚོད་རིག་སྤྱོད་ལམ་རན།། འཇིག་རྟེན་ཆོས་ནི་ཐམས་ཅད་ལ།། རྟག་ཏུ་སེམས་ནི་བཏང་སྙོམས་དང་།། ཡོ་བྱད་བསྙུངས་འདི་ཡན་ལག་སྟེ།། གོ་བཟློག་པ་ནི་མི་མཐུན་ཕྱོགས།། ཏིང་ངེ་འཛིན་ཚོགས་ལེའུརུ་བགྲོད་པའི་བསོད་ནམས ་ངེས། འགྲོ་བས་ཏིང་འཛིན་རྡོ་རྗེ་ལྟ་བུ་ཐོབ་པར་ཤོག། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུས་ཆེན ་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྵ་བློ་གྲོས་ཀྱི་བསྒྱུར་ཅིང་ཞུས་ཚེ་གཏན་ལོ་བབ་པའོ།། རྒྱ་གར་སྐད་དུ། ལོ་ཀ་ཨུཏྟར་ཨཾ་བ་སཔྣ་ཏ་ཀ་བི་དྷི། བོད་སྐད་དུ། འཇིག་རྟེན་ལས་འདས་པའི་ཡན ་