CLOSE WINDOW

GT3400: las rnam par 'byed pa zhes bya ba
Wyliee-texts produced with BDRC’s OCR application

སུ་རྗེན་གྱིས་སྣང་ངའི་སླི་མུ་ག་བྱིམས་རྒྱམི་བས་སྡུ་ཆིང་དུ་ལ་འི་འངས་ལ་། རྒྱམ་མང་དུ། རྗེགས། པོ་སྐྱེད་། ས་པར་བྱེད་པཔས་བྱག་གསུས་ལ་ཕྱན ་སང་དུས་ཀྱི་སྐྱེ་བོ་འདི་དག་གིས།། མཐོ་རིས་བདེ་བ་དག་ཀྱང་ཐོབ་དཀའ་ན།། མྱ་ངན་འདས་ལ་རེ་བ་ཡོད་མིན་པས།། བདག་ཉིད་ཁོ་ན་དྲན་ཕྱིར་བྲི་བར་བྱ།། ཡོད་མེད་རྟག་ཆང་དང་བྲལ་བ།། བདེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས།། འགྲོ་རྣམ ་ཡོངསུ་སྨིན་མཛད་པ།། དམ་པ་སྐྱེས་མཆོག་དེ་ལ་འདུད།། བཅོམ་ལྡན་འདས་གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆེན་པོ་ལས་ཀྱང་ཕུལ་དུ་བྱུང་ཞིང་ཁྱད་པར་དུ་འཕགས་པ་དེ་ལ་ཕྱག་འཚལ་ནས་ཇི་ལྟར་བྱ་ཞེ་ན། ལས་དགེ་བ་དང་མི་དགེ་བ་རྣམ ་བར་དབྱེ་བར་བྱ་སྟེ། མངོན་པར་མཐོ་བ་མཐོ་རིས་ལྷ་དང་གི།། ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན།། དེ་ཉམས་གྱུར་པས་ངན་སོང་འགྲོ་བ་ནི།། དམྱལ་བ་ཡི་དགས་བྱོལ་སོང་འདི་དག་གོ།། ལྷ་དང་མིའི་གཏམ་རྒྱས་པ་འདི་ནི་འཇིག་རྟེན་གཞག་པ ་དང་། འཇིག་རྟེན་གདགས་པ་དང་བྱེ་བྲག་ཏུ་བཤད་པ་ཆེན་པོའི་ནང་ནས་ཚེ་ལོང་དུ་བཏུས་པ་མཛོད་ཀྱི་གནས་གསུམ་པ་ལ་སོགས་པར་བལྟ་བར་བྱའོ།། འདི་ལྟར་ཚ་བའི་སེམས་ཅན་དམྱལ་བ་ནི་འཛམྦུའི་གླིང་འདིའི་འོག་ན་དཔག་ཚད་ཁྲི་ཕྲག་གཉིས་ན། སེམས ་ཅན་དམྱལ་བ་ཆེན་པོར་གནས་སོ།། གཞན་བདུན་ནི་དེའི་སྟེང་ན་རིམ་པ་བཞིན་དུ་གནས་སོ།། དེ་དག་གི་ཚེའི་ཚད་ཀྱི་རིམ་པ་ནི་མི་རྣམས་ཀྱི་ལོའི་རིམ་པ་རྣམས་ལ་འདོད་པའི་ཁམས་ཀྱི་ལྷ་རྣམས་དང་། ཡང་སོས་པ་ལ་སོགས་པ་དམྱལ་བ་རྣམས་ཀྱི་ཉིན་ཞག ་དང་ཟླ་བ་དང་ལོའི་རིམ་པ་རྣམས་བསྒྲེས་ནས་བཤེས་པར་བྱ་སྟེ། འདི་ལྟར་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ་སོགས་པ་ལས་བསྒྱུར་ནས་ཤེས་པར་བྱའོ་ཞེས་བཤད་པས་སོ།། གྲང་བའི་སེམས་ཅན་དམྱལ་བ་ཡང་ཏི་སེའི་འོག་ན་སྔ་མོ་དེ་དག་གི་ཐང་ན་གནས་པ ་སྟེ། དེ་དག་གི་ཚེའི་ཆེད་ཀྱང་ཡུལ་དབུས་ཀྱི་བྱེས་བཅལ་བའི་ཏིལ་ཁལ་བརྒྱད་ཅུས་བྱུར་བུར་བཀང་བའི་ནང་ནས། སྐྱེས་བུ་ཞིག་གིས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ན་སེམས་རྩོན་དམྱལ་བ་ཆུ་གྷུཎྜ་དྷ\ུ0f88\ུ0f90་གྱི་ཚོ་ཞྭ་ག་། ཨིནྡ་ཏེ། ཏོག་ན ་རྣམས་ཀྱི་ཚེ་ནི་ཉི་ཤུར་བསྒྱུར་རོ།། འདི་དག་གི་དོན་ཡང་ཅུང་ཟད་ཙམ་ཞིག་མདོ་ལས་བཤད་པ་བྲི་བར་བྱའོ།། དེ་ལྟར་དེ་དག་དམྱལ་བ་ནི།། བཅུ་དྲུག་ཅེས་བྱ་རྒལ་བར་དཀའ།། དྲག་པོའི་ལས་ཀྱི་ཀུན་ཏུ་གང་།། མ་ལྷགཅུ་བྷཿ། བྷག་བྷ་བཞི ་ཎྜཱི། རྒྱུང་། མྱེད་དུས་སྨྲ་སུ་། གྱུ་མྦྷིཥྚ་རྒྱ་སྟེ་གྶགས་རྒྱུ ་ཀྱང་དེ་དག་གིས་ནི་ངོས་བཞིན།། མི་མར་མུར་དང་རོ་མྱགས་དང་།། སྤུ་གྲྀ་ལཱམ་སོགས་ཆུ་བོ་ཡིན།། ཞེས་བཤད་དོ།། སྔོན་གྱི་མཁས་པ་ཆེན་པོ་ཁ་ཅིག་ན་རེ་ཚ་བ་ལ་སོགས་པ་བདུན་པོ་འདི་དུག་ནི་མུནར་མོ་དྷའི་སེམ་པའི་གྲཝ་ཡས ་ངོས་དང་གཡོན་ངོས་ན་གནས་སོ་ཞེས་ཟེར་རོ།། ཉི་ཆེ་བ་དང་། ཉེ་འཁོར་བའི་སེམས་ཅན་དམྱལ་བ་དག་ལ་གནས་ཀྱི་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངན་ལ་སོགས་པའི་ཕྱིང་དང་། སྟེང་ན་གནས་སོ།། གཏམ་སྐྱེས། བར་ནི་རྟེན་པ་ཉེ་བར ་གཞག་པ་དང་། འཇིག་རྟེན་གཞག་པ་དང་། འཇིག་རྟེན་གདགས་པ་ལ་སོགས་པར་བལྟའོ།། ཡི་དགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་འོག་དཔག་ཚད་ལྔ་བརྒྱ་མ་ཡོད་དེ། དེ་ནི་ཡི་དགས་ཀྱི་རྒྱལ་པོ། ཤིན་རྗེ་གན་སོ།། ་བཙུན་ནི་དེ་ལས་འཕྲོས་པ་ཡིན་ནོ།། གཏམ་རྒྱུས་ག་མས་དགུས་ཀྱི་རྟོགས་པ་བརྗོད་པར་བལྟ་བར་བྱ།། བྲལ་སོང་གི་རྫ་བྱའི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་མོ།། རང་དག་ཆུང་ག། རི་ད་། དུང་ཁྲོད་ལ་སོགས་པ་ན་གན ་པ་ནི་དེ་ལས་འཕྲོས་པ་ཡིན་ཏེ། རྒྱས་པར་ནི་དེ་དང་དེ་དག་ཏུ་བལྟ་བར་བྱའོ།། གནས་གསུམ་པོ་ན་བདེ་བ་མེད།། སྡུག་བསྔལ་རྒྱུ་དང་བཅས་པའི་གཏམ།། མདོ་དང་བསྟན་བཅོས་དག་ན་གསལ།། བློ་དང་ལྡན་པས་བལྟ་བར་གྱིས།། དམྱལ་བ་དང་། ཡི་དགས ་དང་། བྱོལ་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་མདོ་དང་བསྟན་བཅོས་དག་ན་གསལ་ལོ།། མིའི་སྡུག་བསྔལ་བརྒྱ་རྩ་བཅུ་དག་ནི། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཡོ་ག་ཙཨཱརྱ་བལྟ་བར་བྱའོ།། ལྷ་རེག་ལ་ནི་སྡུག་བསྔལ་གཞན་ནི་མེད་ཀྱི།། འོན་ཀྱང་འཆི ་ལྟས་ལྔ་དང་། ཉེ་བའི་འཆི་ལྟས་ལྔ་འབྱུང་སྟེ།། འདི་ལྟར་གོས་ལ་དྲི་མ་འཆགས་པ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། མཆན་ཁུང་ནས་རྡུལ་འབྱུང་བ་དང་། ལུས་ལ་དྲི་མ་འབྱུང་བ་དང་། རིང་གི་སྟན་ལ་མི་དགའ་བར་འགྱུར་བའོ།། ཉེ་བའི་འཆི་ལྟས་ལྔ་ནི ་གོས་དང་རྒྱན་དག་ལས་ཡིད་དུ་མི་འོང་བའི་སྒྲ་འབྱུང་བ་དང་། ལུས་ཀྱི་འོད་ཆུང་བར་འགྱུར་བ་དང་། ཁྲུས་བྱས་པའི་ཆུའི་ཐིགས་པ་ལུམ་ལ་འཆགས་པར་འགྱུར་བ་དང་། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་འཆགས་པར་འགྱུར་བ་དང་། ནཱ་གེ ་འབྱེད་པ་དང་འཛུམ་པ་སྲིད་པར་འགྱུར་བ་དག་སྟེ། ཉ་བ་ལྔ་ནི་མ་ངེས་པའོ།། སྡུག་བསྔལ་དེ་དག་ཅི་ལས་བྱུང་ཞེ་ན། ལས་ནི་ལྕི་དང་ཡང་བ་དག། ཡུལ་དང་བསམ་པའི་དབྱེ་བ་ཡིས།། ཉན་ཐོས་ཐེག་པ་ཆེན་པོའི་ལུགས།། རྣམ་པ་གཉིསུ་ཤེས་པར་བྱ།། ལྕི ་ཤྱཾ་ནི་གཉིས་ཏེ། ཡུལ་གྱིས་ལྕི་བ་དང་། བསམ་བས་ལྕི་བའོ།། ཡང་བ་ཡང་དེ་དང་འདྲའོ།། དེ་ཡང་ཉན་ཐོས་དང་ཐེག་པ་ཆེན་པོའི་ལུགས་ཀྱི་ལྕི་བ་དང་ཡང་བསོ་སོར་ཐ་དང་པར་ཤེས་པར་བྱའོ།། ལ་ཡང་ཉན་ཐོས་ཀྱི་ཡུལ་གྱི་ལྕི་བ་ནི། འདི་ལྟར ་མཚམས་མེད་པ་ལྔ་ལས་ཕ་བསད་པ་མ་གཏོགས་པ་བཞིན།། དེ་ལས་ཀྱང་དགེ་འདུན་གྱི་འཁོར་ལོའི་དབྱེན་ལྕི་བའོ།། གཞན་ཡང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སྲིད་པའི་རྗེ་མོའི་ཏིང་ངེ ་འཛིན་ལས་ལངས་པའི་རྣལ་འབྱོར་པ་དང་། མཁན་པོ་དང་། སློབ་དཔོན་དང་། དགེ་སློང་དང་། དགེ་སློང་མོ་དང་། ཕ་དང་མ་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དང་། ནད་པ་དང་། ཆོས་སླུ་བ་དང་། ངེས་པའི་ས་ལ་གནས་པའི་བྱང་ཆུབ ་སེམས་དཔའ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་གསོད་པ་དང་། དེ་དག་ལ་རྡེག་པ་དང་། ལྕགས་སྒྲོག་ལ་སོགས་པས་སྡོམ་པ་དང་། དེ་དག་གི་ཡོ་བྱད་རྐུ་བ་དང་། མཆོད་རྟེམྦ་གྱི་དང་། ་དགེ་འདུན་གྱི་དང་། ཆོས་ཀྱི་དང་། སངས་རྒྱས་ཀྱི་ཡོ་བྱང་ཆུབ་དང་། གང་ཟག་སྔ་མ་དེ་དག་དང་། དཀོན་མཆོག་གསུམ་ལ་བརྫུན་དུ་སྨྲ་བ་དང་། ཚིག་རྩུབ་པོ་དང་། དེ་དག་ཕན་ཚུན་འབྱེད་པ་དང་། ཚིག་སུ་བོརྞྞ་ད་པེ་མ་ཡིན་པ་སྨྲ་བ་ནི་ཡུལ་གྱིས ་ལྕི་བའོ།། བསམ་པས་ལྕི་བ་ནི་ལོག་པར་ལྔ་པ་ཆེན་པོ་སྐྱེས་པ་དང་། ཡིད་ཀྱི་ཉེས་པ་ཆེན་པོའོ།། ཡུལ་གྱིས་ཡང་བ་ནི་བྱོལ་སོང་དང་། དུར་ཁྲོད་ཀྱི་ཤ་ཟ་གསོད་པ་ལ་སོགས་པའོ།། ཁེསམ་པས་ཡང་བ་ནི་དེ་ལས་ནིགཉེན་པ་རྣམ་སོ།། དེ་ལ་ཐེག་པ་ཆེན ་པོའི་ཡུལ་གྱིས་ལྕི་བི་ནི་འདི་ལྟར་བླ་མ་རྣམས་དང་། སེམས་དང་པོ་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། ཕ་དང་མ་དང་། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དང་། རང་གི་ལྷ་དང་། དཀོན་མཆོག་གསུམ་ལ་སོགས ་པ་ལ་སྔ་མའི་ཚུལ་རྣམས་བཞིན་དུ་བྱེད་པའོ།། དོན་དེ་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་ཞེས་བྱ་བ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཇི་སྐད་དུ། གསང་བའི་བདག་པོ་ཉེས་པར་སྤྱོད་པ་དེ་དག་ནི་ལྕི་བར་གྱུར་པ་དང་། ་ཐ་མལ་པར་གྱུར་པའོ།། དེ་ལ་ཕ་མ་ལོ་སོགས་པ་གསོད་པ་དང་། རྡེག་པ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ལྕི་བའོ།། སྲོག་གཅོད་པ་ལ་སོགས་པ་གཞན་གསུམ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ཐ་མལ་པའོ།། དམ་པའི་ཆོས་སྤོང་བ་དང་། ལྷ་རྣམས་ལ་ཚིག ་རྩུབ་པོ་སྨྲ་བ་དང་པ་མ་དང་བླ་མར་གྱུར་པ་ལ་སྩོགས་པ་ལ་ཚིག་ངན་པ་སླུ་བ་ནི་ངག་གི་ཉེས་པར་སྤྱོད་པ་ལྕི་བའོ།། སྐྱེས་བུ་འགའ་ཞིག་དང་པས་དགེ་བ་ཉམས་སུ་ལོན་ཅིང་རྩོམོ་པའི་པཏམ་གྱི་སྐབསུ་འཇིག་རྟེན་ཕ་རོལ་མྱེད་དོ་ཞེས་བྱ་བའི ་གིའཇིག་རྟེན་ལས་འདས་པའི་བརྫུན་སྨྲ་བ་ནི།། ངག་གི་ཉེས་པར་སྤྱོད་པའི་ལྕི་བའོ།། དག་པའི་བར་ཆད་བྱེད་པའི་ཚིག་འཁྱལ་པ་སླུ་བ་དང་། ལྐོག་འཕྱས་བྱེད་པ་དང་། མི་དགེ་བའི་ལས་ཀྱི་གང་མ་རྣམས་ནི་ངག་གི་ཉེས་པར་སྤྱོད་པ་ཐ་མལ་པའོ།། ་ཡིད་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་སྟེ། དེ་ཉིད་ལས་སེམས་ཀྱི་ཉེས་པ་དང་། སེམས་ལས་བྱུང་བའི་ངེས་པ་དང་། མ་རིག་པའི་ཉེས་པའོ།། དེ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དེ་ཉིད་ལ་མ་ཆགས་པ་ཉིད་ནི། སེམས་ཀྱི་ཉེས་པར་སྤྱོད་པའོ།། དྲེགས་པ ་དང་རྡུང་རྒྱལ་དང་། ཁྲོ་བ་དང་། སེམས་ཅན་རྣམ་པར་འཇིག་པ་དང་། འདོད་ཆགས་ཀྱི་སེམས་ཀྱིས་གཞན་གྱི་བུད་མེད་ལ་ཆགས་པ་དང་། གཞན་གྱི་སྲོག་འཕྲོག་པ་དང་། བླ་མར་གྱུར་པ་ལ་སེམས་གྱ་བྷུ་ཞིབ་ར་ནི་དུ་སྡང་དུ་ནི་སེམས་ནས ་དཱའི་ཉེས་པའོ།། དཔེ་བྱ་བཅུའི་ལས་ཀྱི་ལཱམ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་འདོར་ཞིང་བརྗིད་ངས་པ་དང་། སོམ་ཉིར་གྱུར་པ་དང་། ཡིད་ཤིན་ཏུ་རྨོངས་པར་གྱུར་པ་ནི་མ་རིག་པའི་ཉེས་པར་སྤྱོད་པའོ།། ཞེས་གསུངས་སོ།། དེ་ལྔ་བསམ་པས ་ལྕི་བ་ནི་ཐེག་པ་ཆེན་པོ་པ་སེམས་སྙིང་རྗེའི་དབང་དུ་གྱུར་པ། སེམས་ཅན་ཐམས་ཅང་མི་གཏོང་བར་རྗེསུ་འཛིན་པའི་ལྕི་བ་ནི།། འདི་ལྟར་ཞེ་སྡང་ཁོ་ན་ཡིན་ཏེ། སློབ་དཔོན་ཞི་བ་ལྔའི་ཞལ་སྔ་ནས། བསྐོལ་པ་སྐྱོང་དུ་བསྲེགས་པ་ཡི།། སྦྱིན་དང་འདེ ་མཆོད་ལ་སོགས།། ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།། ཅེས་གསུངས་སོ།། འདི་ཁོ་ན་ལྕི་བ་ཡིན་པའི་ཁུངས་མང་དུ་ཡོད་མོད་ཀྱི། རེ་ཞིག་བཞག་གོང་ཡོང་བའི་ལོས་རྒྱ་ཚུལ་འདི་ལས་ཤེས་པ་དྨའོ།། ་ཐེག་པ་གཉིས་པོ་འདི་དག་ཏུ།། ལྕི་དང་ཡང་བའི་ལུས་རྣམས་བཤད།། འདོད་ཆགས་ཞེ་སྡང་གཏི་མུག་གིས།། རྣམ་པ་གསུམ་དུ་འགྱུར་བའོ།། དེ་ལྟས་སྐྱོག་གཅོད་པ་འདོད་ཆགས་ལས་སྐྱེས་པ་ནི། འདི་ལྟར་ལུས་ཀྱ་ཡོན་ལྡེག་གཾ་ཕྱྀར་རིམ། ནོར་གྱི་ཕྱིར ་ཛམཱ། རྩེད་མོའི་ཕྱིར་རམ། བདག་དང་མཛའ་བོ་ཡོངསུ་བསྒྲུབ་པའི་ཕྱིར་སྲོག་གཅོད་པའོ།། ཞེ་སྡང་ལས་བྱུང་བ་ནི་གསོད་པ་དང་འཁོརན་གྱིས་བྱས་པའོ།། གཏི་མུག་ལས་བྱུང་བ་ནི་མཆོ་དེ་སྦྱིན་བྱེང་པོ་དང་། རྒྱལ་པོའི་ཆོས་འདོན་པ་ཚད་མ་རུ་ངས་ནས ་ཆོས་ཀྱི་བློས་གསོང་བ་དང་། མི་མི་བསྲུངས་པ་དག་ལ་ཆང་པས་བཅད་ནས་རྒྱལ་པོའི་བསོད་ནམས་ཀྱི་སྣོད་དུ་འོང་ཞེས་ཟེར་ནས་གསོད་པ་ལྟ་བུ་དང་། བར་སྡིག་པ་དག་ཇི་སྐད་དུ། པ་དང་མ་རྒས་སམ། ནང་ཚབས་པོ་ཆེས་ཐབ ་ན་བསད་དོ།། སྦྲུལ་དང་། སྡིག་པ་དང་སྦྲང་བུ་ཏྲཾ་མ་བུ་ཀ་ལུ་སོགས་པ་ནི། མི་རྣམས་ལ་གནོད་པར་བྱེད་པས་བསད་དོ།། རི་དྭགས་དང་ཕྱོགས་དང་བྱ་དང་མ་ཧེ་ལ་སོགས་པ་ནི་ལོངས་སྤྱོད་པའི་ཕྱིར། བསད་དོ་ཞེས་ཟེར་བ་ལྟ་བུའོ།། མ་བྱིན་པར་ལེན་པ་ཆགས ་པ་ལས་བྱུང་བ་ནི་གང་ཞིག་གང་དོན་དུ་གཉེར་བ་དེས་འཕྲོགས་པའམ། གཞན་གྱི་རྙེད་པའོ།། བཀུར་སྟི་འམ། གྲགས་པའི་ཕྱིར་རམ་བདག་དང་མཛའ་བོ་ཡོངསུ་བསྐྱབ་པའི་ཕྱིར་འཕྲོགས་པའོ།། ཞེ་སྡང་ལས་སྐྱེས་པ་ནི་སྔར་བཞིན་ནོ།། གཏི་མུག་ལས་བྱུང་བ ་ནི་རྒྱལ་པོའི་ཆོས་བདོན་པ་ཚང་མར་བྱས་ནས་མི་འགྲུངས་པ་དག་ཆད་པས་བཅད་ནས་འཕྲོག་པ་ལྟ་བུ་དང་། བྲམ་ཟེ་དག་ན་རེ་འདི་ཐམས་ཅང་རྨོངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་པ་ལས། དེ་ལྟར་བྲམ་ཟེ་རྣམས་ཉམས་པས་རིགས་གཞན་སྤྱོད་དུ ་ཟད་མོད།། དེ་བས་ན་བྲམ་ཟེ་འཕྲོག་པ་ནི་རྐུ་བ་མ་ཡིན་གྱི།། བྲམ་ཟེ་བདག་ཉིད་ཀྱི་ལེན་པར་བྱེད་པར་ཟད་པས་བདག་ཉིད་ཀྱི་ཟ་བ་དང་། བདག་ཉིད་ཀྱིས་འཐུང་བ་དང་། བདག་ཉིད་ཀྱིས་གྱོན་པ་དང་། བདག་ཉིད་ཀྱིས་སྦྱིན་པ་ཡིན་ནོ།། ཞེས་ཟེར་བ་ལྟ་བུའོ།། ། ་དེ་ལས་འདོད་པས་ལོག་པར་གཡེམ་པ་འདོད་ཆགས་ལས་བྱུང་བ་ནི། གཞན་གྱི་ཆུང་མ་ལ་ཚོགས་པ་འམ། རྙེད་པ་འམ། བཀུར་སྟིའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངསུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ།། ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ།། ་གཏི་མུག་ལས་བྱུང་བ་ནི་བར་སིག་པ་དག་ན་རེ། མ་ལ་སོགས་པ་ལ་ཉལ་བ་དང་། བ་ལང་འབྲང་གི་མཆོད་སྦྱིན་ལ་ཆོ་ག་ཅན་གྱི་ཆུང་འཐུང་ངོ་།། རྩ་བཅང་ངོ་།། མའི་གར་དུ་རྒྱལ་པོ་ལ་འགྲོའོ།། སྲན་མོའི་གན་དུ་དང་། རུས་གཅིག་པའི་གན་དུ་འགྲོ་བར་བྱའོ་ཞེས ་བྱ་བ་དང་། བ་ལང་ལ་སོགས་པ་ལ་ཡང་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ།། དེ་ལྟ་བས་ན་འདི་ལྟ་བུ་བྱུང་བ་ན་ནོ།། རྒྱལ་པོ་བཞད་གང་ལྟ་བུ་བྱེད་པ་དང་། ངག་མ་ལེན་པའི་ཚེ་དང་གསོད་པ་དང་། ནོར་ཀུན་འཕྲོག་ཚེ་བརྫུན་སྨྲས་གནོད་མེད་དེ།། བརྫུན་ལྔ་ལྷུང ་བར་བྱེད་པ་མིན་ཞེས་བཤད།། ཅེས་ཟེར་བ་དང་། གང་ཡང་ལོག་པར་ལྟ་པའི་བརྫུན་དུ་སླ་བའོ།། མི་དགེ་པ་ལྷག་མ་དག་ཀྱང་སྔ་མ་བཞིན་ནོ།། ཡིད་ཀྱི་གསུམ་ནི་འདོད་ཆགས་ལ་སོགས་པ་གསུམ་གྱི་མཇུག་ཏུ་སྐྱེས་པའོ།། སྲོག་གཅོད་པ་ནི་བསམས་བཞིན ་དུམ་ནོར་བར་ནི་གཞན་བསྲུང་ནའོ།། མ་བྱིན་ལེན་པ་གཞན་གྱི་ནོར།། མཱརྡྷ་དང་འཛབ་བུས་བདག་གིར་བྱེད།། ལོག་གཡེམ་བགྲོང་མིན་པ་ལ་འགྲོ།། འདུ་ཤེས་གཞན་བསྒྱུར་བརྫུན་ཚིག་དོན།། ཉིན་མོངས་སེམས་ཀྱིས་ཕ་རོལ་འབྱེད།། ཚིག་རྩུབ་པོ་ནི་མི་སྙན ་པའོ།། ངག་འཁྱལ་གླུ་དང་ཟློས་པར་དང་།། བསྟན་བཅོས་ངན་དང་འདུ་འཛིའི་གཏམ།། བརྣབ་སེམས་གཞོན་གྱི་ནོར་ལ་ཆགས།། གནོད་སེམས་སེམས་སན་ལ་སྡང་བའོ།། རྒྱུ་བྲས་མེད་ཟེར་ལོག་ལྔའོ།། དེ་ལྟར་ཐེག་པ་ཆེན་པོའི་འོད་ལྟར་ཡིན་ཏེ། དེ་ཡང་རྣམ ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེད་དུ་བསམ་ནས་སྲོག་གཅོད་པ་ལས་སླར་ལོག་པར་བྱའོ།། དབྱུག་པོ་སྤང་ཞིང་ཁོན་དུ་བཛིན་པ་ཡང་སྤང་བར་བྱའོ།། དེས་བདག་ཉིད་ལ ་ཇི་ལྟ་བ་དེ་བཞིན་དུ་གཞན་གྱི་སྲོབ་ཀྱང་ཡོངསུ་བསྲུང་བར་བྱའོ།། མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། ངེས་གཞན་གྱི་ཡོངས་སུ་བཟུང་བབ་ལོངས་སྤྱོད་ལ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། གཞན་གྱིས་ཡོང ་བཟུང་བའི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་ཅི་སྨོས། འདོད་པས་ལོག་པར་གཡེམ་པ་ལས་ལྡོག་པར་བྱ་སྟེ། དེས་གཞན་གྱི་སེམས་ཡོངས་སུ་བཟུང་བའི་ཆུང་མ་དང་། རིགས་དང་། མཚན་མ་དང་། ཆོས་ཀྱིས་བསྲུངས་པ་རྣམས་ལ་ཆགས་པ་བསྐྱེད་པར ་ཡང་མི་བྱ་ན། ཡན་ལག་མ་ཡིན་པར་སྤྱོད་པ་དང་། དབང་པོ་གཉིས་སྤྱོད་པ་ལྟ་ཅི་སྨོས། བརྫུན་དུ་སྨྲ་བ་ལས་ལྡོག་པར་བྱ་སྟེ། དེའི་ཆེད་དུ་བསམས་ནས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་བསླུ་བར་འགྱུར་བའི་བརྫུན་གྱི་ཚིག་སྲོག་གི་ཕྱིར་ཡང་སྨྲ་བར་མི་བྱའོ།། ་ཚིག་རྩུབ་པོ་ལས་ལྡོག་པར་བྱ་སྟེ། དེས་སེམས་ཅན་རྣམས་ལ་མཉན་པ་དང་། འཇམ་པོ་དང་། ཡིད་ལ་འབབ་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱི་བའི་ཐོག་མར ་འགྲོ་བ་ནི་ཚིག་སྨན་པ་ཡིན་པའི་ཕྱིར་རོ།། ཕྲ་མ་ལས་ལྡོག་པར་བྱ་སྟེ། དེས་རི་ནས་ཀྱང་དབྱེན་དུ་མི་འགྱུར་བའི་ཚིག་དང་། གནོད་པར་མི་འགྱུར་བའི་ཚིག་དེ་ལྟར་བསྒྲུབ་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་དབྱེ་བ་ལ་ཞུགས་པ་མ་ཡིནོ།། ་ཚིག་འཁྱལ་བ་ལས་ལྡོག་པར་བྱ་སྟེ། ངེས་ཡུལ་དང་དུས་དང་དོན་དང་ལྡན་པའི་རྗེསུ་འཇུག་པས་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བ་དང་། རན་པར་སྤྱོད་པའི་ཆོ་ག་སྨྲ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཚིག་བཟང་པོ་དང་ལྡན་པའི་ངོ ་བརྣབ་སེམས་ལས་ལྡོག་པར་བྱ་སྟེ། དེས་གཞན་གྱི་ལོངས་སྤྱོད་དང་། གསན་གྱི་ནོར་ལ་ཆགས་པའི་སེམས་ཅན་བསྐྱེད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་མ་ཆགས་པ་མ་ཆགས་པ་ཡིན་ནོ།། གལ་ཏེ་བྱང་ཆུབ་སེམས་དཔའ ་བདག་སེམས་ཆགས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་གཅིག་ལས་ཉམས་པར་འགྱུར་རོ།། གསང་བའི་བདག་པོ་བྱང་ཆུབ་སེམསོ་དཔའི་རབ་ཏུ་དཔེའང་དུསྐྱེད་པ་དེས་འདི་ལྟར་བར་མ་བཱར་བྱ་སྟེ། གང་བདག་གིས་བྱ་དགོས་པ་དེ་དང་དེས་རང་འབྱོར ་པར་གྱུར་པ་དེ་ལེགས་སོ་སྙམ་ནས། སེམས་ཅན་དེ་དག་གི་ལོངས་སྤྱོད་དེ་དག་ཆུད་མི་ཟག་བརྗི་དེ་ཡང་དུ་དགའ་བ་བསྐྱེད་པར་བྱའོ།། གསང་བའི་བདག་པོ་གཞན་ཡང་གནོད་སེམས་ལས་ལྡོག་པར་བྱ་སྟེ། དེས་ཐམས་ཅད་ལ་བཟོད་པ་དང་ལྡན་པ་དང་། བྱམས་པ ་དང་། ཁོང་ཁྲོ་བ་མེད་ཅིང་སེམས་སྙོམས་པར་བྱའོ།། དེས་མཛའ་བོ་ལྀ་ཛཾ་ལྟ་བ་བཞིན་དུ་དགྲ་ལ་གྱང་དེ་བཞིན་དུ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡིད་ཀྱི་གནས་ངན་ལེན་དང་ལྡན་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱི ་བསམ་པ་ཡོངསསུ་དག་པ་ཡིན་ནོ།། གསང་བའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གནོད་སེམས་དང་བྲལ་བར་བྱའོ།། གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལོག་པར་ལྟ་བ་ལས་ལྡོག་པར་བྱ་སྟེ། ངོས་ཡང་དག་པའི་ལྟ་བ་དང་། ་འཇིག་རྟེན་ཕ་རོལ་ལ་འཇིག་པར་ལྟ་བ་དང་། གཡོ་མེད་པ་དང་། གྱ་གྱུ་མེད་པ་དང་། དྲང་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་བསམ་པ་ངེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཁ་ན ་མ་ཐོ་བ་ཆེན་པོ་སྟེ། དགེ་བའི་རྩ་བ་ཐཾད་གཅོད་པར་འགྱུརརོ།། འདི་ན་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མོའོ།། གསང་བའི་བདག་པོ་དེ་ལྟ་བས་ན་ཐ་ན་བཞད་གང་ཙམ་དུ་ཡང་ལོག་པར་ལྟ་བ་བསྐྱེད་པར་མི་བྱེད་པའོ།། ཞེས་གསུངས་སོ།། ་ཡུལ་དང་བསམ་པ་ཉོན་མོངས་དང་། དུས་དང་གྲངས་དང་ཡན་ལག་སོགས།། ཆུང་དང་འབྲིང་དང་ཆེན་པོ་སྟེ། རྣམ་པ་གསུམ་དུ་ཤེས་པར་བྱ། ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་ཡུལ་ལ་སོགས་པ་དེ་དག་གི་དབང་གིས་ཆུང་ངུ་དང་། འབྲིང་པོ་དང་། ཆེན ་པོར་འགྱུར་རོ།། དེ་ལ་ཡུལ་གྱིས་འགྱུར་བ་ནི་སྔར་ཇི་སྐད་བརྗོད་པའི་ཚུལ་དེ་ལས་ཤེས་པར་བྱའོ།། དེ་ལ་བསམ་པས་གསུམ་དུ་འགྱུར་བ་ན་མི་ཤེས་པས་བྱས་པ་ནི་ཆུང་ངུའོ།། བག་མེད་པས་བྱས་པ་ནི་འབྲིང་ངོ་།། མ་གུས་པས་བྱས་པ་ནི་ཆེན་པོའོ།། ་དེ་ལ་ཉོན་མོངས་པས་གསུམ་དུ་འགྱུར་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཆུང་ངུ། འབྲིང་དང་ཆེན་པོས་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱེད་པའོ།། དེ་ལ་དུས་ཀྱིས་འགྱུར་བ་ནི་སྦྱོར་བ་དང་། དངོས་གཞི་དང་། ་མཇུག་རྣམས་ལས་གཅིག་དང་ལྡན་པ་ནི་ཆུང་བའོ།། གཉིས་དང་ལྡན་པ་ནི་འབྲིང་པོའོ།། དེ་དག་གསུམ་ཀ་རྫོགས་པ་ནི་ཆེན་པོའོ།། དེ་ལ་ལས་ཀྱི་ལམ་བཅུ་པོ་དེ་དག་གྲངས་ཀྱིས་འགྱུར་བ་ནི་ལན་ཅིག་བྱས་པ་ནི་ཆུང་བའོ།། ལན་གཉིས་བྱས་པ་ནི ་འབྲིང་པོའོ།། ལན་གསུམ་ཕན་ཆད་བྱིས་པ་ནི་ཆེན་པོའོ།། དེ་ལ་ཡན་ལག་གིས་འགྱུར་བ་ནི་སྲོག་གཅོད་པ་ལ་སོགས་པ་དེ་དག་གི་ཡན་ལག་ཕལ་ཆེར་མ་ཆེང་བ་ནི་ཆུང་བའོ།། ཕལ་ཆེར་ཚང་བ་ནི་འབྲིང་པོའོ།། ཐམས་ཅད་རྫོགས་ཤིང་ཚོང་བ་ནི་ཆེན ་པོའོ།། སོགས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་དེ་དག་ལས་གང་ཡང་རུང་བ་ལན་ཅིག་བྱས་པ་ཙམ་ནི་ཆུང་བདྨོ།། སྦྲེ་ལ་འགྱོད་པ་མེད་པ་ནི་འབྲིང་པོའོ།། དེ་ལ་གཉེན་པོ་མི་བསྟེན་པ་ནི་ཆེན་པོའོ།། བསྡམ་པར་བྱ་བ་ནི་ཆུང་ངུའོ།། བཤགས་པར་བྱ ་བ་ནི་འབྲིང་པོའོ།། བམ་པ་ནི་ཆེན་པོའོ།། རྩེད་མོ་དང་། གཞན་གྱི་གཡམ་ལ་རྒྱུ་གིས་ཀྱིས་བྱས་པ་ནི་ཆུང་ངུའོ།། རང་ཉིད་ལ་ཉོན་མོངས་པ་དང་ཉེས་པ་མིང་ཀྱང་གཞན་དཔྱ་ཞིང་གཞན་གྱི་སྡིག་པ་བྱེད་པའི་རྐྱེན་བྱེད་པ་ནི་འབྲིང་པོའོ།། རང་ཉིད་ལ་ཉེས་པ ་ཡོད་ཅིང་གཞན་གྱིས་དྲུབས་པ་ནི་ཆེན་པོའོ།། གཞན་ཡང་སྡིག་པའི་གྲོགས་པོ་དང་མི་དགེ་བའི་བཤིས་གཉེན་གྱི་དབང་གིས་རང་དབང་མེད་པར་བྱས་བྱ་ནི་ཆུང་བའོ།། གྲགས་པ་དང་སྙན་པའི་ཕྱིར་བྱས་པ་ནི་འབྲིང་པོའོ།། རྣམ་པར་སྨིན་པ་ལ་མི་འཇིགས ་པབ་ནི་ཆེན་པོའོ།། གཞན་ཡང་ལས་ཀྱི་ལམ་བཅུ་པོ་འདི་དག་གི་དོན་རྒྱས་པར་ནི།། འཕགས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མདོ་སྡེ་དང་། སློབ་དཔོན་བྲམ་ཟེ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་དང་། འཕགས་པ་ཐོགས་མེད་ཀྱིས ་མཛད་པའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པ། གཡོ་ག་ཙཨཱརྱའི་ས་ཆེན་པོར་བལྟའོ།། གཞན་ཡང་། བསམ་བཞིན་པ་དང་རྫོགས་པ་དང་།། མི་འགྱོད་གཉེན་པོ་མེང་པ་དང་།། འཁོར་དང་རྣམ་པར་སྨིན་པ་ལས། བསགས་པའི་ལས་ཞེས ་བྱ་བ་ཡིན་ཡང་།། འཁོར་བར་ལས་ནི་ལྕི་གང་དང་། ཉེ་བ་ཡང་དང་གོམས་པ་གང་།། སྔོན་བྱས་དེ་དག་གང་ཡིན་ལས།། སྔ་མ་སྔ་མ་རྣམ་སྨིན་འགྱུར།། ཡང་། ཤིན་ཏུ་ཡིད་ལ་གཅགས་པ་དང་།། ལས་དེ་གསར་དུ་བྱས་པ་དང་།། ཡང་དང་ཡང་དུ་བྱས་པ ་གོམས།། དེ་ལས་གང་རུང་སྔར་མྱོང་འགྱུར།། མཐོང་བའི་ཆོས་ལ་མྱོང་བར་འགྱུར།། སྐྱེས་ནས་མྱོང་བར་འགྱུར་བ་དང་།། ལན་གྲངས་གཞན་དུ་མྱོང་འགྱུར་བ་དང་།། མྱོང་བར་འགྱུར་བར་མ་ངེས་པའོ།། ལས་ནི་དཀར་དང་གནགས་པ་དང་།། ་འདྲེན་མའི་ལས་དང་རྣམ་པ་གསུམ།། མདོ་དང་བསྟན་བཅོས་དག་ན་གསལ།། དེ་བས་ན་ལས་རྣམས་བསྐལ་པ་བརྒྱར་ཡང་ནི།། ཆུད་མི་ཟ་བར་ངེས་བསགས་ནས།། སྨིན་ནས་ལུས་ཅན་རྣམས་ལ་ནི།། འབྲས་བུ་ཉིད་དུ་སྟོན་པར་བྱེད།། ཅེས་བྱ་སྟེ། དེ་ལྟ་བུ་ལ ་ཡང་ངེས་པར་ཡིད་ཆེས་པར་བྱའོ།། འགྲོ་རྒྱུད་ལྔ་ཡི་སེམས་ཅན་ཐམས་ཅད་དག། བཛམ་གླིང་འདིར་སྐྱེས་དགེ་བ་བཅུ་སྤྱད་དེ།། མཐེར་གྱིས་བླ་མ་བཟང་པོ་བསྟེན་བྱས་ཏེ།། ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་གྱུར་ཅིག། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་