| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སཱུ་ཏྲ་ཨནྡྲ་ས་མུ་ཙུ་ཡོ་བ་དེ་ཤ། བོད་སྐད་དུ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། རྒྱ་མཚོན་མཁའི་ལྷུར་ཟབ་རྒྱ་ཆེ་བའི།། མདོ་སྡེའི་སྡེ་སྣོད་མ་མོ་ལ་བལྟས་ཤིང་།། དཔལ ་ལྡན་བླ་མའི་ཞལ་ནས་བྱུང་བ་ཡི། རྙེད་པ་དགའ་བའི་དོན་རྣམས་བྲི་བར་བྱ།། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནོར་བུ་ལྟ་བུའི་ཆོས་ནི་ལྔ་བཅུ་སྟེ།། སྲོག་ལྟ་བུ་ལ་སོགས་པའོ།། དེ་རྣམས་ཅུང་ཟད་བཤད་པར་བྱེ་སྟེ། ཇི་སྐད་དུ། སྲོག་ནི་ཚེ་ཡིན ་དྲོད་དང་ནི།། རྣམ་ཤེས་རྟེན་ཉིད་ཡིན་པའོ།། ཞེས་སོ།། དེ་ལྟར་སེམས་ཅན་རྣམས་ལ་སྲོག་གནས་ཤིང་།། སྲོག་ལ་བརྟེན་པ་དེ་བཞིན་དུ།། བྱང་ཆུབ་སེམས་དཔའ་ལ་ཡང་སྲོག་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཅེས་ཤིང་དེ་ལ་བརྟེན་པའོ།། ཕ་མ་ལྟ་བུའི་ཆོས་ནི་སྟོང ་པ་ཉིད་དང་སྙིང་རྗེ་ཡིན་ཏེ། ངེས་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་མི་འགྱུར་རོ།། བྲན་མོ་ལྟ་དུ་ནི་འཆི་བ་དང་།། བསླབ་པ་དང་། ལས་ཀྱིས་བསགས་པ་བགྲང་བ་རྣམས་ཏེ། ཉིན་མཚན་ལན་གསུམ་དུ་འགྲོགས་དགོས་པའོ།། ཁང་པ་ལྟ་བུ་ནི་དགེ ་པ་བཅུ་པོ་ཡིན་ཏེ། འདི་ནི་ཁང་པ་ཉིད་དེ་ངན་འགྲོ་དག་གི་སྒོ་གཅོད་པའི་བྱར་རོ།། ནོར་ལྟ་བུ་ནི་འཕགས་པའི་ནོར་བདུན་དང་།། འདོད་པ་ཆུང་བ་དང་། ཆོ་ག་ཤེས་པའོ།། གྲོགས་པོ་ལྟ་བུ་ནི་སྦྱོར་བ་ཁམས་གསུམ་ན་བྱེད་ཀྱང་བསམ་པ་མྱ་ངན་ལས་འདས་པ་དང་། ་སྦྱིན་པ་རྒྱ་ཆེན་པོ་གཏོང་ཡང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ནི་འདོར་བ་དང་། ཆོས་ཐམས་ཅད་བདག་མེད་པར་ཤེས་ཀྱང་། སེམས་ཅན་ལ་སྙིང་རྗེ་བསྐྱེད་པའོ།། རྩཝ་བ་ལྟ་བུ་ནི་དད ་པོ་དང་། ཐོས་པ་དང་། གཏོང་བ་དང་། བཟོད་པའོ།། ཤིང་ལྟ་བུ་ནི་ཆུབ་ཁྲིམ་སོ།། ཉེ་དུ་ལྟ་བུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ།། སློབ་དཔོན་ལྟ་བུ་ནི་རྗེསུ་དྲན་པ་དྲུག་གོ།། མཁན་པོ་ལྟ་བུ་ནི་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོའི་བྱང་ཆུབ་ཀྱི་སེམས་མི་བརྗོད ་པར་འགྱུར་བའི་ཆོས་བཞིའོ།། ཚོང་དཔོན་ལྟ་བུ་ནི་བསླབ་པ་ཀུན་ལས་བཏུས་ཀྱི་གནོད་པ་བཅུ་བཞིའི་གཉེན་པོ་རྣམས་སོ།། སྲིང་མོ་ལྟ་བུ་མ་ཆད་མེད་པ་བཞིའོ།། བྲན་ལྟ་བུ་ནི་བསྡུ་བའི་དངོས་པོ་བཞིའོ།། འབངས་ལྟ་བུ་ནི་ཁྱི་དང་བྲན་དང་གདོལ་པ་ལྟ་བུར་ང་རྒྱལ ་བཅག་པའོ།། མིག་ལྟ་བུ་ནི་བསམ་པ་དང་། ལྷག་པའི་བསམ་པ་རྣམ་པར་དག་པའོ།། ཨ་མ་ལྟ་བུ་ནི་དགེ་བའི་བཤེས་གཉེན་ཡིན་ནོ།། རྒྱལ་པོ་ལྟ་བུ་ནི་དཀོན་མཆོག་གསུམ་ཡིན་ནོ།། ཆུ་ལུང་ལྟ་བུ་ནི་འཁོར་གསུམ་ཡོངསུ་དག་པ་ཡིན་ནོ།། ་ལམ་མཁན་ལྟ་བུ་ནི་དྲན་པ་དང་། ཤེས་བཞིན་དང་། ཚུལ་བཞིན་སྙོམས་པ་དང་། བག་ཡོད་པ་དང་། ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྟེན་པའོ།། པགས་པ་ལྟ་བུ་ནི་སེམས་ཅན་མི་གཏོང་ཞིང་རྗེསུ་འཛིན་པའོ།། རྒྱན་ལྟ་བུ་ནི་དད་པ་དང་། ཚུལ་ཁྲིམས་དང་། གཏོང་བ ་དང་། ཐོས་པ་དང་། ཤེས་རབ་བོ།། ནང་དང་ཟུག་རྩུ་རྟ་བུ་ནི་ཕྱི་ནང་གི་དངོས་པོ་ལ་བེན་པའི་སེམས་སོ།། སྐྱེས་བུ་མནར་སེམས་ཝ་བུ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ། བདག་ནམ་ཞིག་ན་ཚངས་པར་སྦྱོང་བར་འགྱུར་ཞིག་གུ་ཞེས་པ་དང་། རབ་ཏུ ་བྱུང་བ་འདི་སྙམ་དུ་ནམ་ཞིག་ན་བདག་གིས་འགྲོ་བ་རྣམས་སྡུག་བསྔལ་ལས་ཐར་ནུས་ཤེས་པའོ།། ལེ་ལོ་ཅན་ལྟ་བུ་ནི་ཁྱིམ་པས་ཞིང་ལ་སོགས་པ་མ་སྤངས་པའོ།། རབ་ཏུ་བྱུང་བས་ཚུལ་འཆོས་ལ་སོགས་པ་མ་སྤངས་པའོ།། ཚུལ་ཁྲིམས་ཀྱི་ཕུང་པོ ་མདོ་ལས། དགེ་སློང་དག་རབ་ཏུ་བྱུང་བས་གླང་པོ་ཆེ་འབབ་པ་ལ་བལྟས་ན་ཡང་ལོག་པའི་འཚོ་བ་ཡིན་ནོ་ཞེས་གསུང་སོ།། གཤིས་བཟང་པོ་ལྟ་བུ་ནི་ཚུལ་བཞིན་སེམས་པ་དང་ལྡན་པའོ།། དག་པ་ལྟ་བུ་ནི་གཞན་གྱི་ཉེས་པ་དང་འཁྲུལ་པ་མི་བརྗོད་པ་དང་། ར ་གི་ཡོན་ཏན་མི་བརྗོད་པ་དང་། གཞན་ལ་མི་སྨོད་པའོ།། ལོང་བ་ལྟ་བུ་ནི་གཞན་གྱི་འཁྲུལ་པ་མི་ལྟ་བའོ།། རྐུན་མ་ཟིན་པ་ལྟ་བུ་ནི་དམ་པའི་ཆོས་འཇིག་པ་ན་ད་པའི་ཆོས་འཛིན་པའོ།། བྱིས་པ་ལྟ་བུ་ནི་བཀའ་བློ་བདེ་བ་དང་། ང་ལོ་ཡང་བ་དང་། འགྲོགས་ན ་བདེ་བ་དང་། མགུ་སླ་བ་དང་། གསོ་སླ་བ་དང་། དགང་སྨྲ་བ་དང་། ཆོག་ཤེས་པའོ།། ཕོ་ཉ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་དོན་མང་བ་དང་། བྱ་བ་མང་བ་དང་། སྙིང་ལས་ཆེ་བའོ།། བློན་པོ་ལྟ་བུ་ནི་དམ་བཅའ་བརྟན་པའོ།། འཛངས་པ་པ་ལྟ་བུ་ནི་སེམས་ཅན་དང་ཞེ་འགྲས་པ ་མེད་པ་དང་། བཅོ་སུ་བཏུབ་པའོ།། སློབ་མ་ལྟ་བུ་ནི་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་མ་ལ་བསྙེན་བཀུར་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྡོམ་པ་གསོ་བའོ།། བསུ་སྐྱེལ་བ་ལྟ་བུ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱས་ནས ་གདོད་བདག་ཉིད་འཚང་རྒྱ་བར་འདོད་པའོ།། ལོང་བ་ཁྲིད་པ་ལྟ་བུ་ནི་བདག་སངས་རྒྱས་པར་བྱས་ནས་གདོད་གཞན་གྱི་དོན་བྱེད་པའོ།། བསྐལ་པ་དང་པོའི་མི་ལྟ་བུ་ནི་སྤྱོད་ལམ་དང་། ཚུལ་ཁྲིམས་དང་། འཚེ་བ་དང་། ཆོ་ག་དང་། ལྟ་བ་ཕུན་སུམ་ཚོགས་པའོ།། སྐྱེས་བུ ་འདོད་པ་ཅན་ལྟ་བུ་ནི་སྤྱོད་ལམ་ཐམས་ཅན་གཞན་ལ་བསྔོ་བ་སྟེ། འཕགས་པ་དཀོན་མཆོག་སྦྱིན་ལས་འབྱུང་བ་ལྟ་བུའོ།། མུན་པ་ལྟ་བུ་ནི་དབུ་མ་ཆེན་པོའི་དོན་ལ་རྟོག་ཏུ་གནས་པའོ།། གཤེད་མ་ལྟ་བུ་ནི་ལོག་པར་ལྟ་བ་སྐྱེས་པ་སྟེ་སྤང་བར་བྱའོ།། ཆོམ་རྐུན་ལྟ་བུ ་ནི་བག་མེད་པ་དང་། མོ་གུས་པ་སྟེ་སྤང་བར་བྱ་བའོ།། དགྲ་ལྟ་བུ་ནི་ངོ་ཚ་མེད་པ་དང་། བག་མེད་པའོ།། གླེན་པ་ལྟ་བུ་ནི་དྲན་པ་དང་ཤེས་བཞིན་མེད་པའོ།། ར་རོ་བ་ལྟ་བུ་ནི་ནག་པོར་གྱུར་པ་བཞིའོ།། བྱོལ་སོང་ལྟ་བུ་ནི་བསླབ་པའི་ཚུལ་རྣམས་མི་ཤེས་པའོ།། གཤ ་པ་ལྟ་བུ་ནི་སྙིང་རྗེ་དང་བྲལ་བའི་སྤྱོད་ལམ་ཅན་ནོ།། བྱས་པ་ལ་དྲིན་དུ་མི་གཟོ་བ་ལྟ་བུ་ནི་སོ་སོར་ཐར་པའི་སྡོམ་པ་བཞག་པའོ།། ང་ཕྲུག་ལྟ་བུ་ནི་ཐབས་མཁས་པ་དང་བྲལ་བའོ།། སྨྱོན་པ་ལྟ་བུ་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ།། བདུད་ཀྱིས་བརླམས་པ ་ལྟ་བུ་ནི་བར་དུ་གཅོད་པའི་ཆོས་ལྔ་བཅུ་རྩ་ལྔ་དང་། སུམ་ཅུ་རྩ་གནས་མ་ཤེས་པའོ།། ལྔ་བཅུ་རྩ་ལྔན་སང་གང་ཞེན། འཕགས་པ་བྱང་ཆུབ་སེམས་དའ་སྡེ་གནོད་ལས་འབྱུང་བ་ལྟ་བུ་སྟེ། འདི་ལྟར་བར་དུ་གཅོད་པའི་ཆོས་ནི་གཅིག ་ངག་མེད་པའོ།། བར་དུ་གཅོད་ངའི་ཆོས་མི་གཉིས་ཏེ། ངོ་ཚ་མེད་པ་དང་། ཁྲེལ་མེང་པའོ།། གསུམ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གོ།། བ་སྟེ། དམ་པ་མ་ཡིན་པའི་འགྲོ་བ་བཞིའོ།། ལྔ་སྟེ། སྲོག་གཅོད་པ་དང་། མ་ཁྱེན་པར་ལེན་པ་དང་། འདོད ་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་བའོ།། དྲུག་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། སློབ་དཔོན་དང་། རྒན་པ་རྣམས་ལ་མ་གུས་པའོ།། བདུན་ཏེ། ང་རྒྱལ་རྣམ་པ་བདུན་ནོ།། བརྒྱད་དེ། ལོག ་པ་བརྒྱད་དོ།། དགུ་སྟེ། ཀུན་ནས་མནར་སེམས་ཀྱི་དངོས་པོ་རྣམས་དགུའོ།། བཅུ་སྟེ། མི་དགེ་བ་བཅུའོ་ཞེས་འབྱུང་ངོ་།། བར་དུ་གཅོད་པའི་ཆོས་སུམ་ཅུ་རྩ་གཉིས་ཀྱང་།། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས་འབྱུང་བ་ལྟ་བུ་སྟེ། ཇི་སྐད་དུ། བུ་མོ ་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཆོས་ནི་སུམ་ཅུ་རྩ་གཉིས་ཏེ། བྱར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པར་མྱུར་དུ་ངེས་པར་མི་འབྱུང་ངོ་།། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང་། བརྒྱ་བྱིན ་དང་མ་ན་བྱེ་ཆོས་སྤྱོད་པ་དག་དེ་མཅིས་ས་རྣགས་པ་དང་སོང་འི་སྦྱོང་ལན་པ་རྣམ་བྱེད་པ་དག་སེམས་མཉམ་མམ་སྐྱེ་མར་ས་སུས་ས་པ་སྟོང་བ་ན་དོ། ་གྱི་སེམས་མི་བསྲུང་བ་དང་། གནོད་སེམས་དང་། ཁོང་ཁྲོ་བའི་བག་ལ་ཉལ་བྱེད་པ་དང་། དེས་སེམས་ཞུམ་པ་དང་། རྗེད་ངས་པ་དང་། ཐོས་པ་དོན་དུ་མི་གཉེར་བ་དང་། སྤྱོད་པ་མེད་པ་དང་། འཕགས་པ་མ་ཡིན་པའི་སྤྱོད་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་འཕེལ་བ ་དང་། ལུས་དང་ངག་དང་སེམས་ཀྱི་ལས་ཡོངས་སུ་མ་དག་པ་དང་། དམ་པའི་ཆོས་ཡོངས་སུ་མི་བསྲུང་བ་དང་། སློབ་དཔོན་དང་འཆབ་པ་དང་། བསྡུ་བའི་དངོས་པོ་རྣམས་འདོར་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་གཏོང་བ་དང་། སྡིག་པའི་གྲོགས ་པོ་བསྟེན་པ་དང་། བྱང་ཆུབ་ཏུ་ཡོངསུ་མི་བསྔོ་བ་སྟེ་ཕུང་པོ་གསུམ་དང་མི་མཐུན་པ་དང་། དགེ་བའི་རྩ་བ་ཆུང་ངུས་རློམ་སེམས་སུ་བྱེད་པ་དང་། ཐབས་མེད་པར་ལྟུང་བའི་བློ་དང་། ཕྱིར་ཞིང་དཀོན་མཆོག་གསུམ་གྱི་བསྔགས་པ་མི་སྨྲ་བ་དང་། བྱང་ཆུབ་སེམས ་དཔའ་ལ་གནོད་པར་སེམས་པ་དང་། མ་ཐོས་པའི་ཆོས་སྤོང་བ་དང་། བདུད་ཀྱི་ལས་ཁོང་དུ་མི་ཆུད་པ་དང་། འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་དང་། སེམས་ཅན་ཡོངསུ་སྨིན་པར་མི་བྱེད་པ་དང་། འཁོར་བས་ཡོངསུ་མི་སྐྱོ་བ་སྟེ། བུ་མོ་སུམ་ཅུ་རྩ ་གཉིས་པོ་འདི་དག་ནི་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཡང་དག་པའི་ཕུལ་ཡིན་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པར་ངེས་པར་མི་འབྱུང་ངོ་།། དེ་ལྟ་མོད་ཀྱི་འོན་ཀྱང་བུ་མོ་ཐེག་པ་ཆེན་པོའི་ཡོན་ཏན་ཇི་ཙམ་པ་དེ་ཙམ་དུ་བར་དུ་གཅོད་པ་ཡང ་དེ་ཙམ་མོ་ཞེས་གསུང་སོ།། གཞན་ཡང་བར་དུ་གཅོད་པའི་ཆོས་དཔག་ཏུ་མེད་པ་དག་མདོ་སྡེ་དུ་མར་མཐོང་མོད་ཀྱི། འདིར་གཞུང་མངས་པར་འགྱུར་བས་མ་བཀོད་དེ། ལམ་འདི་ལ་ཆེད་ཆེར་བྱེད་པའི་བྱང་ཆུབ་སེམས་དཔབ་ལས་དང་པོ་པས། མདོ་དེ་དང་དེར་བལྟ ་བར་བྱ་ཞིང་ཉམ་སུ་བླང་བ་ལ་བརྩོན་པར་བྱའོ།། གཏམ་དུ་བྱ་བ་གཞན་ཡང་མང་དུ་ཡོད་དེ། རྩུབ་ཤིང་དྲག་ལ་ཡུན་རིང་སྡུག་བསྔལ་བཟོད་དཀའ་བཟོད་པར་བྱེད་པ་འདི་ཡང་ངོ་མཚར་ཆེ། ཆུ་བོ་བཞིས་གཡེངས་ཡང་དང ་ཡང་དུ་ཀེང་རུས་བཞོན་པ་ཞོན་པ་དེ་ཡང་ངོ་མཚར་ཆེ། ཆུང་མ་ཁྱིམ་སྤངས་བརྟུལོ་ཞུགས་བཟང་བླངས་དག་ཏུ་ལུས་ངག་ཡིད་གཡེངས་འདི་ཡང་ངོ་མཚར་ཆེ། དགེ་བའི་རྩ་བ་ཆུང་ངུ་ཙམ་ཡང་མེད་པར་དེ་ཉིད་དོན་གྱི་སངས་རྒྱསུ་ཡེ་ཤེས་རྩད་གསོ།། ་ཚོལ་བུ་འདི་ཡང་ངོ་མཚར་ཆེ། སོ་སོར་ཐར་པའི་སློབ་པ་མེད་པར་ཐེག་ཆེན་བྱང་ཆུབ་མཆོག་གཉིས་རྩད་གཅོད་ཚོལ་བ་འདི་ཡང་ངོ་མཚར་ཆེ། དེ་ལ་སོགས་པ་ངོ་མཚར་ཆེ་བ་མང་དུ་ཡང་མོད་ཀྱེ།། འཛམ་གླིང་སྐྱེ་བོའི་རྟོག་དང་སྤྱོད་པ་སྨྲ་བ་ག་ལ ་ནུས་དེ་བྱས་ཐུར་འདོད་མཁས་པ་ཁྱེད་ནས་སྨོན་པ་དེ་དག་དང་།། ན་ཀ་འདྲེ་བར་མི་བྱེད་བག་ཡོད་གནས་པར་གྱིས།། འདི་ལྟར་དེ་དག་སྙིང་རྗེའི་ཡུལ་དུ་བྱ་བ་མ་གཏོགས་པར།། ལམ་མཆོག་བཤད་ཀྱང་དེ་ལ་འཇུག་པར་མི་འགྱུར་བ་དོག་གིས་ཇི་ལྟ ་བྱད་རྗེ་སྲིད་མངོན་པར་བྲིས་པ་མ་བ་དར་དུ་གཞན་དག་སྨོན་པར་མི་རུས་པསེ་རུ་ལྟ་བུར་གནས་པར་བྱ།། ཟླལ་བཟང་པོ་བརྟུལ་བྱ་རྟག་ཏུ་མྱང་སྡེ་དག་ལ་བལྟ་བར་བྱ།། མདོ་སྡེའི་དོན་གྱུར་ལས་བཏུས་པའི་མན་ངག། སློབ་དབེན་མཁས་པ་ཆེན་པོ ་དཔལ་མེ་མཇེད་ཡིང་ངེས་ཀྱིས་མཛད་པ་རྫོག་ས། རྨྨ་གར་གྱི་མཁན་ཐོང་ཉིད་དང་ལུས་ཆེན་གྱི་ལེ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་ག་རལ་པའི་པའོ།། ་