CLOSE WINDOW

GT3397: rang gi bya ba'i rim pa bskul ba dang bcas pa yi ger bris pa
Wyliee-texts produced with BDRC’s OCR application

ཤེས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མའམ་པོ་བཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། ། རང་གི་བྱ་བའི་རིམ་པ ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འཁོར་བ་ཐོག་མ་མེད་པ་ནས།། ཉོན་མོངས་པག་ཆགས་ཚད་མེད་པས།། ཡུལ་ངན་རྐྱེན་དང་ཕྲང་བ་ལས། ཉོན་མོངས་སྡུག་བསྔལ་སྐྱེ་བའི ་ཚེ། རང་གི་དྲན་པའི་ཕྱིར་དུ་འདི།། བྱས་པས་དེ་ཚེ་དྲན་པར་ཤོག། ནང་གི་སེམས་ནི་དུལ་གྱུར་ན།། ཕྱི་ཡི་དག་འདིས་གནོད་མི་ནུས།། རང་གི་ནང་སེམས་གཡོ་བ་ན།། ཕྱི་ཡི་དགྲ་འདིས་རྐྱེན་བྱས་ནས།། ནང་གི་ངགྲ་འདིས་རང་རྒྱུད་སྲེག། ངས་ནོ་ན ་གཱི་དགྲ་འདི་གཞོམ།། དུག་ཅན་སྣོད་ཀྱིས་ཟག་བརླག་བཞིན།། ནང་གི་དྲི་མས་དགེ་ཚེགས་བརླག། གཉེན་པོའི་ཆུ་ཡིས་ཁྲུས་བྱས་ན།། དག་པས་བདེ་བ་ཆེན་པོ་འཐོབ།། གང་ན་གནས་ཚེ་གུང་གི་ཚེ།། གང་གི་དྲི་མ་ལྡང་བ་དང་།། རང་གི་དགྲ་འདི་འབྱུང ་བའི་ཚེ།། ཐབས་ནི་སྣ་ཚོགས་གསུངས་པས་སྤངས།། དགྲ་གཞོམ་དྲི་མ་བཀྲུ་བའི་ཕྱིར།། དེ་ཚེ་འབདེ་བ་ཆེན་པོ་བྱ།། གོང་གིས་རང་གི་རྒྱུད་འདི་ལས།། ནང་དུ་བལྟས་ཏེ་རང་སེམས་བརྟག། དེ་ཚེ་ཡུལ་ལས་ཤེས་པ་སྐྱེ།། ཤེས་པ་སྐྱེ་བའི་ཡུལ་རྣམ ་གསུམ།། ཉོན་མོངས་པར་མ་དག་པ་སྐྱེ།། རྒྱུ་རྐྱེན་ཡུལ་གྱི་བྱེ་བྲག་གིས།། ཉོན་མོངས་སྐྱེ་བ་དག་ལ་གསུམ།། ཆེན་པོ་འབྲིང་དང་ཆུང་ངུའོ།། གཉེན་པོའི་རིམ་པའང་དེ་བཞིན་ཏེ།། ཆེན་པོ་སྐྱེ་བའི་ཡུལ་དེ་ལ།། བརྟེན་ཏེ་ཚོགས་ཆེན་འབོད་པས་བསྐྱེད།། ་འབྲིང་གི་ཡུལ་ལ་འབྲིང་ཡིན་ཏེ།། ཆུང་ངུ་ལས་ནི་ཆུང་ངུའོ།། ཆེན་པོ་ཀུན་ལ་སྐྱེ་ན་མཆོག། བར་མ་ལུང་མ་བསྟན་པར་ཡང་།། དྲན་པས་ཟིན་པའི་སེམས་དེ་ཡིས།། ཀུན་སློང་རྗེས་ཀྱིས་དགེ་བར་བསྒྱུར།། ཐངས་སྒོ་སྣ་ཚོགས་པ་ཡོས་སོ།། དགེ་བ་ཆེ་འབྲིང་ཆུང་ངུ་དག། ་དང་གིས་སྐྱེས་པའི་ཡུལ་དེ་ལ།། སྦྱོར་བ་དངོས་དང་རྗེས་ངག་ལས།། བྱང་འཕག་ས་བསོད་ནམས་ཕུན་བསྔོ་བྱ།། ཤེས་ན་གང་ལའང་ཚོགས་འབྲེལ་འགྱུར།། ཐོག་ལྟུང་དུས་ནས་ཇི་སྲིད་དུ།། ག་ནི་དུས་གསུམ་ཞེན་དུལ་འཁོར།། དེ་སྲིད་སྐྱེ་ཤི་ཁ་བརྒྱུད་པས།། དེ ་སྲིད་ལས་རྣམས་ཆུད་རེ་ཟོས།། ཇི་སྲིད་དགེ་སེམས་འཕེལ་འགྱུར་བ།། དེ་སྲིད་སངས་རྒྱས་མངོན་སངས་རྒྱས།། བདག་ནི་གཏི་མུག་མུན་པས་བསྒྲིབས།། མུན་ནག་གློག་འགྱུ་སྣང་བ་ཙ་མ?།། ཅི་ཞིག་ལྟར་ཏོ་དྲན་རྙེད་ཚེ།། དེ་ཚེ་འབད་པས་བསྒྲུབ་པར་བྱ།། འཆི་བར ་ངེས་པ་ཆ་ཡོད་ཅིང་།། གནས་པའི་དབང་སྟེར་མེད་མོད་ཀྱི།། བདག་ནི་རེ་ཞིག་མི་འཆི་སྔམ།། དྲན་པ་བཏང་སྟོ་བྱང་ཆུབ་བསྒྲུབ།། གཞན་དག་ལ་ཡང་བསྒྲུབ་པར་གྱིས།། དཔེར་ན་བྱིས་པ་རིག་མེད་པས།། མེ་དང་གཡང་སོགས་འཇིགས་པ་མེད།། དེ་བཞིན་འགྲོ་བ་གཏི ་མུག་རྣམས།། ངན་སོང་དག་ལའང་འཇིགས་པ་མེད།། དཔེར་ན་ཟས་མཆོག་རོ་དང་ལྡན།། ནད་པ་དག་ལ་བྱིན་དེའི་ཚེ།། ཟས་ལ་སྨོད་ཅིང་མི་འདོད་བཞིན།། ཐབས་ཀྱི་བྱེ་བྲག་འདི་དག་ཀྱང་།། རྨོངས་པ་ཉོན་མོངས་ལྡན་པ་ལ།། བསྟན་ཀྱང་དེ་འདྲ་ཉིད་དུ་འོང་།། དཔེར་ན ་བཟའ་ལ་དགའ་བའི་མི།། ཟོས་བརླག་བསགས་པ་ན་ཆ་ཡོད་ཀྱང་།། འདོད་པས་མི་ཚུགས་ཟ་བ་བཞིན།། སྔ་ཕྱི་རྒྱུ་འབྲས་ཆ་ཡོད་ཀྱང་།། ཉོན་མོངས་ཞེན་པ་སྟོབས་ཆེ་བས།། དགེ་མེད་སྡིག་པ་སྣ་ཚོགས་སྤྱང་།། དཔེར་ན་ཁ་བྱ་མཁན་དག་གི། ཁ་ལ་བྱ་དགོས ་ཀུན་བསྒྲུབ་ཟེར།། གཞན་གྱིས་དྲན་པ་བསྐྱེད་པ་ཚེ།། དེ་བཞིན་དགེ་བ་བྱང་དགས་ཟུར།། ཁ་ཙག་ཁལ་གླེང་བྱེད་ཅིང་།། ན་ལ་དོན་དུ་སྒྲུབ་མ་བྱེད།། ཁ་ཅིག་འབྲས་བུ་དོན་ཆེན་པོ།། བཏང་ནས་བྱ་བ་ཆུང་ངུ་སྒྲུབ།། དེ་ཡང་རྒྱུ། ་བའི་སྤྱོད་པ་ཅན།། ཁ་ཅིག་བསམ་པ་རླུང་བཞིན་གཱཡོ།། རུང་དྲུང་མི་རུང་གཉིས་ཀ་བྱེད།། ཁ་ཅིག་ཁ་དོག་དཀར་པོ་བཞིན།། རྐྱེན་གང་ལྡན་པ་དེ་ལྟར་འགྱུར།། ཁ་ཅིག་རང་ཉིད་དང་གིས་དགེ། གྲོགས་ཀྱིས་རྦད་པས་ཉོན་མོངས་སྐྱེ།། ཁ་ཅིག་རྟེན་མེད ་xxx ་ཀྱི་ཕལ་སྔ་ནས་མཛད་པ་རྫོགས་སོ།། །། རྒྱུ་བར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་