CLOSE WINDOW

GT3394: skyabs su 'gro ba bstan pa
Wyliee-texts produced with BDRC’s OCR application

xxx ་ལ་བདུད།། འདིར་སྦྱང་སུ་འགྲོ་བ་བཤད་པར་བྱ་སྟེ།། སྡོམ་ལ་བརྟེན་དང་གནས་དང་བསམ་པ་དང་།། དུས་དང་རང་བཞིན་ཚད་དང་ནི།། ཚུལ་དང་བརླབ་པ་ངེས་པའི་ཚིག། ལས་དང་དཔེ་དང་དབྱེ་བ་དང་།། ཉེས་དམིགས་དགོས་པ་ཕན་ཡོན་ཏེ།། རྣམ་པ་བཅོ་ལྔ ་དག་ཏུ་བརྗོད།། དེ་ལ་རྟེན་གྱི་གང་ཟག་ནི་གཉིས་ཏེ།། ཐེག་པ་ཆེན་པོའི་རིགས་ཅན་དང་།། ཐེག་པ་ཆུང་ངུའི་རིགས་ཅན་ནོ།། གནས་ནི་རྣམ་པ་གཉིས་ཏེ། ཐེག་པ་ཆེ་ཆུང་གི་བྱེ་བྲག་གིས་སོ།། དེ་ལ་ཐག་པ་ཆེན་པོ་པའི་གཞུང་གིས་ནི་དཀོན་མཆོག་གསུམ ་སྭཱ་བྷཱུ་ཡྀན་ཏེ། དེ་ཁྱོན་རྙི་ཀྱི་དན་མཆོག་གསུས་དང་། མངོན་པར་རྟོགས་པ་ནམཆོག་གསུམ་དང་།། མདུན་དུ་བཟུགས་པཟོད་མཆོག་གསུམ་སྷོ།། ཇི་ཡིང་ལྟར་ཤེས་བྱ་བྱིན་ཙ་མལག་པར་མཁྱེན་གྱི།། རྣམ་པར་མི་རྟོག་པ་གནས ་མེད་པའི་ཡེ་ཤེས།། ཆོས་ཀྱི་དབྱིངས་ལ་གནས་པ་དང་།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དང་། མཉམ་པར་བཞག་པའི་དུས་སུ་ཆོས་ཐམས་ཅད་ན་མཁའི་དཀྱིལ་ལྟ་བུར་ཤེས་པའི་བྱང་ཆུབ་སེམས་དཔའ་ས་ཆེན་པོ ་གནས་པ་དང་། ཡང་འདི་ལྟར་གཟུགས་ཀྱི་སྒྱུ་རྣམ་པ་གཉིས་དང་། བངོན་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། སྭཱ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོམ་རྒྱུད་ལ་གནས་པ་དང་། སྦྱོར་བ་རྣམ་པའི་བྱང་ཆུབ་སེམས་དཔའ་བ།། ་ཡང་འདི་ལྟར་རི་མོ་བྲིས་པ་དང་། འབུར་དུ་གཏོད་པ་དང་། ལུགས་མ་དང་། ལྡེར་སོ་ལ་སོགས་པ་དང་། གསུང་རབ་ཡན་ལག་དགུའི་པོ་ཏི་དང་། གླེགས་བམ་ལ་སོགས་པ་དང་། ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའོ།། ཐེག་ཆུང་ངུའི་གཞུང ་ནི། གང་ཞིག་གསུམ་ལ་སྐྱབས་སུ་འགྲོ་བ།། སངས་རྒྱས་དགེ་འདུན་བྱེད་པའི་ཆོས།། མི་སློབ་པ་དང་གཉིས་ཀ་དང་།། མྱ་ངན་འདས་ལ་སྐྱབསུ་འགྲོ།། ཞེས་བྱ་བ་ཡིན་ནོ།། དེ་ལ་བསམ་པ་ནི་ཐེག་པ་ཆེན་པོ་པའི་ནི།། སེམས་ཅན་མ་ལུས་པའི་དོན་དུ་སེམས ་པའོ།། གཅིག་ནི་བདག་བབའ་ཞིག་གི་དོན་དུ་སེམས་པའོ།། དེ་ལ་དུས་ནི་ཐེག་པ་ཆེན་པོ་པའི་ནི་བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ།། གཅིག་ནི་ཇི་སྲིད་འཚེའི་བར་དུ་དམ་འཆའ་བའོ།། དེ་ལ་རང་བཞིན་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པ་དང་། ་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེས་པའོ།། དེ་ལ་ཚད་ནི་ལས་བླངས་པ་དང་། སྐྱབས་བྱེད་པ་དང་། རྣམ་པར་རིག་བྱེད་སྐྱེས་པའོ།། དེ་ལ་ཚུལ་ནི་སྐྱབསུ་འགྲོ་བའི་ཆོ་ག་ཡིན་ཏེ། དེ་ནི་བླ་མ་ལ་ཞུ་བར་བྱའོ།། དེ་ལ་བསླབ་པ་ནི་ཐུན་མོང་དང་། ཐུན་མོངས ་ཡིན་པ་སྟེ། བླ་མའི་ཞལ་སྔ་ནས་ཤེས་པར་འགྱུརརོ།། དེ་ལ་ངེས་པའི་ཚིག་ནི་འབངས་ཡིན་པ་འམ། དེ་ལས་གསན་པའི་ཇོ་བོ་མི་ཚོལ་བས་སྐྱབས་སུ་སོང་བའོ།། དེ་ལ་ལས་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བའི་རྩ་བར་གྱུར་པ་དང་། ་ཐར་པའི་གྲོང་ཁྱེར་ཆེན་པོའི་སྒོར་གྱུར་པ་དང་། བསྙེན་གནས་ལ་སོགས་པའི་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ།། དེ་ལ་དཔེ་ནི་རྒྱལ་པོ་འམ། བློན་པོའི་འབངས་ངག་དེ་ཡི་བཀའ་ལས་མི་འངར་ཞིང་ཅི་ནས་ཀྱང་དེ་མགུ་བར་བྱེད ་པ་བཞིན་ནོ།། དེ་ལ་དབྱེ་བ་ནི་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་བྱེ་བྲག་གོ།། དེ་ལ་ཉེས་དམིགས་ནི་གཉིས་ཏེ། སྐྱབས་ཉམས་པ་འམ། མི་ཤེས་པའོ།། སྤངས་པ་འམ། ཉམས་པ་ནི་ཇི་སྐད་དུ། ཟླ་གྲགས་ཀྱི་ཞལ་སྔ་ནས། རྟེན་གྱི་ངོམ ་པ་བླངས་ནས་ནི། སླར་ཡང་སྨན་ལ་བསྟེན་གྱུར་ན། ཉམས་བཅས་ཕྱོགས་ལ་གནས་པས་ན། དེ་ནི་དམ་པའི་བཞད་གོད་འགྱུར། ཞེས་གསུངས་ཏེ་མཚོན་པ་ཙམ་མོ།། དེ་ལ་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འཇིགས་པས་སྐྲག ་པའི་མི་རྣམས་ནི།། ཕལ་ཆེ་རེ་རི་དང་ནགས་ཚལ་དང་།། ཀུན་དགབ་དང་ནི་མཆོད་གནས་ཀྱི།། ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ།། སྐྱབས་དེ་གཙོ་བོ་མ་ཡིན་ཞིང་།། སྐྱབས་དེ་མཆོག་གྱུར་མ་ཡིན་ལ།། སྐྱབས་དེ་ལ་ནི་བརྟན་ནས་སུ།། སྡུག ་བསྔལ་ཀུན་ལས་མི་གྲོལ་ཞིང་།། གང་ཚེ་གང་ཞིག་སངས་རྒྱས་དང་།། ཆོས་དང་དགེ་འདུན་སྐྱབས་སོང་ནས།། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་།། སྡུག་བསྔལ་ཡང་དག་འདས་པ་དང་།། འངགསོ་ལམ་ཡན་ལག་བརྒྱད་བདེ་བ།། མྱ་ངན ་འདས་པར་འགྲོ་འགྱུར་དང་།། འཕགས་པའི་བདེན་པ་བཞི་པོས་ན་བྱེད་ས་བྱ་མ་ད་མ་རྣཾ་བ་སྷོ།། སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན།། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཞེས་གསུངསོ།། སྐྱབསུ་འགྲོ་བའི ་དགོས་པ་ནི་དེ་ལྟ་བུའོ།། དེ་ལ་ཕམ་མན་ནི་གསུམ་སྟེ། རྒྱུའི་དུས་ཀྱི་ཕན་ཡོན་དང་། ལམ་གྱི་དུས་ཀྱི་ཕན་སོན་དང་། འབྲས་བུའིནི་དུས་ཀྱི་ཕན་ཡོན་ནོ།། རྒྱུའི་དུས་ཀྱི་ལ་ཆེ་འདིའི་དང་། ཚེ་རབས་གཞན་གྱིའོ།། ཚེ་འདིའི་ཕན་ཡོན་ནི་འཇིགས་པ་ཆེན་པོ་བརྒྱད ་ལས་ཐར་བར་བྱེད་པ་དང་། བར་ཆད་མེད་པ་དང་། བསྟེན་པ་ལ་དགའ་བའི་ལྷ་དག་སྟོང་གྲོགས་བྱེད་པ་དང་། འཆི་བའི་དུས་སུ་ཡིད་དགའ་བ་ལ་སོགས་པའོ།། ཚེ་རབས་གཞན་གྱི་ནི་འཁོར་བའི་སྡུག་བསྔལ་དང་། ངན་སོང་གི་སྡུག་བསྔལ་ལས་འདྲེན་པར ་མཛད་པ་དང་། མྱ་ངན་ལས་འདས་པ་དང་། མཐོ་རིས་ཀྱི་བདེ་བ་སྩོལ་བའོ།། ལམ་གྱི་ཕན་ཡོན་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སོགས་པ་ལ་སྦྱོར་བར་མཛད་པའོ།། འབྲས་བུའི ་ཕན་ཡོན་ནི་མྱ་ངན་ལས་འདས་པ་གཉིས་དང་། སྐུ་གསུམ་ཐོབ་པར་བྱེད་པའོ།། འདི་དག་ནི་མདོར་བསྡུས་པ་ཡིན་ལ། རྒྱས་པར་གཞུང་དང་བླ་མ་ལས་ཤེས་པར་བྱའོ།། སྐྱབ་བུ་འགྲོ་བ་བསྟན་པ་ཞེས་བྱ་བ། བླ་མོ་བྱང་ཆུབ་སེམས་དཔའ་དཱི་པཾ་ཀ ་རཤྲཱི་ཛྙཱ་ན་པ་མཛད་པ་རྫོག་སོ།། ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པ་ཐཱ་སཱ་དྷ་ན་ཝརྞ་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། སངས་རྒྱས་དང ་