CLOSE WINDOW

GT3392: dran pa gcig pa'i man ngag
Wyliee-texts produced with BDRC’s OCR application

བས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨེ་ས་སྨི་ཙྪ་པ་དེ་ན། བོང་སྐད་དུ། དྲན་པ་གཅིག་པའི་མན་ངག། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལོ།། ཐམས་ཅད་མཁྱེན་ལ་གུས་བཏུད་དེ།། འཕགས་པ ་ཀླུ་སྒྲུབ་ཕྱག་འཚལ་ནག།། ཨ་བ་དྷཱུ་ཏི་བདག་གིས་ནི།། ཅིག་ཅར་འཇུག་པའི་མན་ངག་བྲི།། འདིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ་དབང་བསྐུར་བ་ཆེན་པོ་མ་ཐོབ་ཀྱི་བར་དེ་སྲིང་དུ་དེའི་བྱ་བ་ནི་གཉིས་ཏེ།། ཤེས་རབ་ཀྱི་བྱ་བ་དང་། ་ཐབས་ཀྱི་བྱ་བའོ།། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་གདོད་ས་ནས་མ་སྐྱེས་པ་དང་པོ་ཉིད་ནས་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པའོ།། དེའི་བྱ་བ་ནི་ལས་དང་པོ་པ་དེ་ཉིད་ནས་ཇི་སྲིད་དབང་བསྐུར་བ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཉིན་མཚོན་དུས་རྟག་དུ་དེ་ཉིད་བསྒོ། ་པའོ།། ཐབས་ནི་སེམས་ཅན་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ།། དེའི་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་ཆེད་མ་ཡིན་པ་ཅི་ཡང་མེད་དེ།། དངོས་སམ་བརྒྱུད་པས་སོ།། འདིར་ཡང་སེམས་ཅན་ལ་དམིགས ་བ་དང་།། དམིགས་པ་མེད་པའི་རིམ་པའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། མི་མཁས་པ་རཔེ་རིབ་ཅན་དང་།། མཁས་པ་རབ་རིབ་དངས་པའོ།། གང་གི་ཚེ་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་པན་ཆད་ཤེས་རབ་མངའ་སྟེ།། ཡེ་ཤེས་ཉིད་དུ་གྱུར་ནས་གནས་སོ།། ་ཤེས་རབ་ཀྱི་བྱ་བ་ནི་མི་མངའ་སྟེ་གོམས་ནས་མཐར་ཕྱིན་པའི་ཕྱིར་རོ།། ཐབས་དེའི་བྱ་བ་ནི་དམིགས་པ་མེད་པ་རང་གི་ངང་གིས་ལྷུན་གྱིས་གྲུབ་པ་དང་།། འབདེ་པ་དང་རྩོལ་བ་མེད་པར་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ནི་གང་ཟག ་གི་བདག་ཡོང་བས་སེམས་ཅན་ཞེས་བརྟགས་ནད་།། དེས་སྡུག་བསྔལ་བ་ལ་སྙིང་རྗེ་བསྒྲེང་ངོ་།། དེ་ནས་གོམས་ནས་ནི་སེམས་ཅན་ཞེས་བྱ་བ་ནི་དང་པོ་ཉིད་ནས་མེད་ཀྱི། གློ་བུར་དུ་བརྟགས་པར་ཟང་ངོ་།། གཞན་དུ་ན་རྟེན་འབྲེལ་གྱི་ཕུང་པོ་དང་ཁམས་དང ་སྐྱེ་མཆེད་ཙམ་ཞིག་ལས་གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོགས་པ་དང་། ཡང་འདི་དག་ནི་རང་གི་སེམས་འབའ་ཞིག་ཏུ་ཟད་ཀྱི་གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོགས་ནས།། དེས་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེར། ་གང་གི་ཚེ་སངས་རྒྱས་ཀྱི་ས་ལ་ནི་དམིགས་པའི་ཡུལ་མེད་དེ།། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལས་ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་ཅི་ཡང་མི་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ ་བའི་ཕྱིར་རོ་ཞེས་གསུངས་སོ།། བོ་ན་དུས་དེ་ན་ཡེ་ཤེས་ཡོད་དམ་མེད་ཅེ་ན། འཕགས་པ་ཀླུ་སྒྲུབ་མི་བཞེད་དེ། ཇི་སྐད་དུ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས།། མ་གཟིགས་མི་གཟིགས་གཟིགས་མི་འགྱུར།། རང་བཞིན་མེད་པའི་རང ་བཞིན་ལ།། ཅི་ལྟ་བུ་ཞིག་གཟིགས་པར་འགྱུར་ཞེས་གསུངས་པ་དང་། ངརྒྱུད་པའི་མན་ངག་འདི་ཡིན་ནོ།། དེས་ན་གཞན་གྱི་དོན་ལས་མ་གཏོགས་པ་བྱེ་བ་གཞན་ཅི་ཡང་མི་མངའ་ལ།། འདི་ལྟར་གཞན་གྱི་དོན་ནི་འདོད་པར་བྱ་བའི་དོན་གྱི་འབྲས་བུའི ་གཙོ་བོ་ཡིན་ཏེ།། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི།། འབྲས་བུ་སྤྱིའི་གཙོ་བ་ཡིན་པར་འདོད།། སངས་རྒྱས་ཉིད་སོགས་དེ་ལས་གཞན།། དེ་དེ་དག་དོན་གྱི་འབྲས་བུར་འདོད།། ཅེས་གསུངས་སོ།། ། ་དེ་ཁོ་ན་ཉིད་ལོ་འཇུག་པའི་མན་ངག་ཀྱང་བློ་ལ་གནས་པར་བྱའོ།། ཚུལ་ཁྲིམས་རྒྱལ་བས་བསྐུལ་བ་ཡིས།། འདིར་ནི་བསྡུས་ནས་བསྟན་པ་ཡིན།། རྒྱས་པར་ཀླུ་སྒྲུབ་གདམས་ངག་དང་།། ཐེག་ཆེན་མདོ་སྡེ་བལྟ་བར་གྱིས།། ཅིག་ཅར་འཇུག་པའི ་མན་ངག། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ། @#། རྒྱ་གར་སྐད་དུ། བོ་དྷི་ས་ཏྲ་ཀརྨྨ་དི་མརྦྦ་བ་དྷཱ་ར ་