CLOSE WINDOW

GT3391: chos kyi dbyings su lta ba'i glu
Wyliee-texts produced with BDRC’s OCR application

ཁྲིམས་ཀྱི་སྤྱོད་པ་གྱུར་བླངས་པ་རྫོགས་སོ།། པཎྜི་ཏ་བཛྲཱི་ཎ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་ག་སྐད་དུ། དྷརྨ་དྷཱ་དྷ་པ་ར་གཱི་ཏི། བོད ་སྐད་དུ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།། གང་ཞིག་ཀུན་ཏུ་མ་ཤེས་ན།། སྲིད་པ་གསུམ་དུ་རྣམ་འཁོར་བ།། སེམས་ཅན་ཀུན་ལ་ངེས་གནས་པའི།། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ནས།། ཆོས་དབྱིངས ་ལྟ་ཞིང་གཞན་མིན་པ།། དེ་དག་རིམ་བཞོན་བརྗོད་པར་བྱ།། བ་ནི་སྤོས་བྲལ་དེ་བཞིན་ཉིད།། རིདི་གསལ་འདུས་མ་བྱས་པ་གང་།། མོ་སྐྱེས་མ་འགགས་གཟོད་ནས་དག། རང་བཞིན་མྱ་ངན་འདས་པ་ཡི།། ཆོས་དཔྱི་སྣ་མཐའ་དང་དབུས་མོད་ག། ་བློ་མིག་ཞིབ་མོ་རྟོག་བྲལ་བ།། བྱིང་རྒོད་རབ་རིབ་མེད་བོས་བལྔ།། གང་ཞིག་འཁོར་བའི་རྒྱུ་གྱུར་པ།། དེ་ཉིད་སྦྱང་བ་བྱས་པ་ལས།། དག་པ་དེ་ནི་མྱ་ངན་འདས།། ཆོས་ཀྱི་སྐུ་ཡང་དེ་ཉིད་དོ།། ཇི་ལྟར་འོ་མ་དང་འདྲེས་པས།། མོར་གྱི་སྙིང་པོ་མི་སྣང་བ།། དེ་བཞིན ་ཉོན་མོངས་དང་འདྲེས་པས།། ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་།། ཇི་ལྟར་འོ་མ་རྣམ་སྦྱངས་པས།། མར་གྱི་སྙིང་པོ་དྲི་མི་འགྱུར།། དེ་བཞིན་ཉོན་མོངས་རྣམ་སྦྱངས་པས།། ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར།། ཇི་ལྟར་མར་མེ་བུམ་ནང་གནས།། ཅུང་ཞིག་སྣང་བར ་མི་འགྱུར་བ།། དེ་བཞིན་ཉོན་མོངས་བུམ་ནང་གནས།། ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་།། ཕྱོགས་ནི་གང་དང་གང་དག་ནས།། བུམ་པའི་བུ་ག་བཏོད་གྱུར་པ།། དེ་དང་དེ་ཡི་ཕྱོགས་ཉིད་ནས།། འོད་ཀྱི་རང་བཞིན་འབྱུང་བར་འགྱུར།། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས ་བུམ་པ་དེ་ཉིད་བཅག་གྱུར་པ།། དེ་ཚེ་དེ་ནི་ན་མཁའ་ཡི།། མཐར་ཐུག་བར་དུ་སྣང་བར་བྱེད།། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན།། ནམ་ཡང་འགག་པར་འགྱུར་བ་མེད།། དུས་རྣམས་ཀུན་ཏུ་ཉོན་མོངས་མེད།། ཐོག་མ་པར་མཐའ་དྲི་མ་བྲལ།། ཇི་ལྟར་རིན་ཆེན་བཻ་ཌཱུརྱ།། ་དུས་རྣམས་ཀུན་ཏུ་འོད་གསལ་ཡང་།། རྡོ་ཡི་ནང་ན་གནས་གྱུར་ན།། དེ་ཡི་འོད་ནི་གསལ་མ་ཡིན།། དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི།། ཆོས་དབྱིངས་ཤིན་ཏུ་དྲི་མེད་པས།། འཁོར་བར་འོད་ནི་གསལ་མ་ཡིན།། ཇི་ལྟར་སྦྲན་པས་གཡོགས་གྱུར་པ།། ་སོ་བ་འབྲས་ཉིད་མི་འདོད་ལྟར།། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པ།། དེ་ནི་སངས་རྒྱས་ཤེས་མི་བརྟག། ཇི་ལྟར་སྦུན་པ་ལས་གྲོལ་ན།། འབྲས་ཉིད་སྣང་བར་འགྱུར་བ་ལྟར།། དེ་བཞིན་ཉོན་མོངས་ལས་གྲོལ་ན།། ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ།། ཇི་ལྟར ་སྦྲུམ་མའི་ལྗོན་བུ།། ཡོད་ཀྱིང་མཐོང་བ་མ་ཡིན་པ།། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི།། ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན།། ཆོས་དབྱིངས་གང་ཕྱིར་བདག་མ་ཡིན།། བུད་མེད་མ་ཡིན་སྐྱེས་མ་ཡིན།། གཟུང་བ་ཀུན་ལས་རྣམ་གྲོལ་བས།། ཇི་ལྟར་འ ་རྟག་པར་བྱ། མ་གཙང་མི་རྟག་སྡུག་བསྔལ་ཞེས།། ཁྱ་བ་གསུམ་པོས་སེམས་སྐྱོང་ཞེས།། སྟོང་པ་ཉིད་ནི་སྟོན་པའི་མདོ།། རྒྱལ་བས་ཇི་སྐད་གསུངས་པ་སྟེ།། དེ་དག་ཀུན་གྱིས་ཉོན་མོངས་ལྡོག། ཁམས་དེ་ཉམས་པར་བྱེད་མ་ཡིན ་མཆོག་ཏུ་སེམས་ཞི་སྦྱོང་བྱེད་པའི།། ཆོས་ནི་རང་བཞིན་མེད་པ་ཡིན།། ཇི་ལྟར་རི་བོང་མགོ་བོའི་རྭ།། བརྟགས་པ་ཉིད་དེ་མེད་པ་ལྟར།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་།། རྟགས་པ་ཉིད་དེ་ཡོད་མ་ཡིན།། ཕྲ་རབ་རྡུལ་གྱིས་ངོ་བོ་ཡིས།། གླང་གིར ་ཡང་དམིགས་མ་ཡིན།། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན།། དེ་ལ་ཇི་ཞིག་བརྟག་པར་བྱ།། བརྟེན་ནས་འབྱུང་བར་འགྱུར་བ་དང་།། བརྟེན་ནས་འགག་པར་འགྱུར་བ་དང་།། གནས་པ་དག་ཀྱང་ཡོད་མིན་ན།། བྱིས་པ་ཇི་ལྟར་རྟོག་པར་བྱེད།། ཆོས་དབྱིངས་རང ་བཞིན་ན་མཁའ་ཡི།། ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ།། སྐྱེ་དང་རྒ་དང་གནས་པ་དང།། འཇིག་པ་མེད་པ་འདུས་མ་བྷུ་།། སངས་རྒྱས་ཆོས་དབྱེར་མེད་པ་དང་།། དེ་རིགས་དེ་བཞིན་ཐོབ་པ་དང་།། བརྫུན་མེད་བསླུ་མིང་འཚོ་མེད་པས།། གདོད་ནས་རང་བཞིན་ནི་ཉིད་དོ།། ་གང་ཕྱིར་དེ་ནི་རྒྱ་མཚོ་ལྔ་པ་ཨཱ་ད་ང་བ་དང་རྡོ་རྣམས་ཀྱིག། ང་དང་མྱོ་མི་རྙེད་པ།། དེ་ཕྱིར་རཱག་ཟབ་པ་ཉིད།། ཚུལ་གྱི་ས་ལྱཱ་མྱེར་རྨེ་པྱིར།། ལྟ་བ་བ་ད་རྒྱུ་མ་ཡིས། ཁོ་ཀྱང་ཀྱི་ས~ཾ་བྱཻ་བྲག་གྀས།། བྱ་བ་དྲང་དུང་བད་བརྗོད།། དུ་མ་ཉིད་དུ ་ས་མིང་ངེན་བན་པའི་ས་སོང།། ཕྱིན་རྫོ་པ་འི་ན་ན་གཉིས་མོ་ཕྱོཤེས་པ་དང་མ་གྱི་ཁངས་ས་འམ་ཆགས་པསས་ས། ཚོགས ་ཉོན་མོངས་རྣམས་བྱང་རྒྱུ་འབྲས་དང་།། གཟུང་དང་འཛིན་པར་གང་སྤྲོས་པ།། འདི་ནི་ཀུན་རྫོབ་བདེན་པའོ།། སྟོང་ཉིད་བདག་མེད་ཞི་བ་གང་།། སྤྲོས་པ་རྣམས་ཀྱི་མ་གོས་པ།། ཐ་དད་དོན་མིན་རྣམས་མི་རྟོག། འདི་ནི་དོན་དམ་བདེན་པའོ།། ཡང་དག་ཡང་དག་མ ་ཡིན་དང་།། རྣམ་གྲངས་རྣམ་གྲངས་མ་ཡིན་པས།། དེ་གཉིས་སོ་སོར་དབྱེ་བ་བྱས།། བཏགས་ཙམ་སྣང་གྲགས་དངོས་པོ་དང་།། ཐ་སྙད་འཁྲུལ་པ་སྒྱུ་མ་དང་།། ཀུན་རྫོབ་ཉིད་ནི་རྣམ་གྲངས་སོ།། སྟོང་པ་ཉིད་དང་ཡང་དག་མཐའ།། མཚན་མ་མེད་དང་དོན ་དམ་དང་།། ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ།། གང་ཕྱིར་སྒྲིབ་པ་ཀུན་རྫོབ་སྟེ།། འགྱུར་བ་མེད་ཕྱིར་དོན་དམ་མོ།། ཡང་དག་ཡང་དག་མ་ཡིན་པའི།། ཤེས་པ་གཉིས་ཕྱིར་བདེན་པ་གཉིས།། ཡང་དག་ཤེས་པ་མེད་ཅེ་ན།། བདེན་ཏེ་ཐ་སྙད་ཙམ་དུ་ཡོད།། ་དེ་ཉིད་ཚོལ་ལ་ཐོག་མར་ནི།། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ།། དོན་དམ་རྟོགས་ཤིང་ཆགས་པ་མེད།། ཕྱིས་ནི་རྣམ་པར་དབེན་དོན་ཉིད།། བདེན་གཉིས་གཅིག་དང་ཐ་དད་མིན།། ཉེས་པ་བཞི་བཞི་གསུངས་ཕྱིར་རོ།། གཅིག་དང་ཐ་དད་གང་རྟོག་པ།། ། ་དེ་ནི་ཚུལ་མིན་ཞུགས་པ་ཡིན།། དངོས་པོར་ཁས་ལེན་ཡོད་ན་ནི།། འདོད་ཆགས་ཞེ་སྡང་མི་བཟང་འབྱུང་།། ལྟ་བ་མ་རུངས་ཡོངསུ་འཛིན།། དེ་ལས་བྱུང་བའི་རྩོད་པར་འགྱུར།། དམིགས་པའི་འདུ་ཤེས་ཅན་ལ་ནི།། ཐོབ་པ་མེད་ཅིང་མངོན་རྟོགས་མེད།། རྗེས ་མཐུན་བཟོད་པའང་ཡོད་མིན་ན།། མྱ་ངན་འདས་པའང་སྨོས་ཅི་དགོས།། སྟོང་པ་ཉིད་ལ་ལྟ་ཉེས་ན།། ཤེས་རབ་ཆུང་ལྡན་འཕུང་བར་འགྱུར།། ཇི་ལྟར་སྦྲུལ་ལ་གཟུང་ཉེས་དང་།། རིག་སྔགས་ལོག་པར་བསྒྲུབས་པ་བཞིན།། རྒྱལ་བ་ཀུན་གྱིས་སྟོང་ཉིད་ནི།། ལྷ ་ཀུན་ངེས་པར་འབྱིན་པར་གསུངས།། གང་དག་སྟོང་པ་ཉིད་ལྟ་བ།། དེ་དག་བསྒྲུབ་ཏུ་མེད་པར་གསུངས།། གང་དག་རང་དངོས་གཞན་དངོས་ཀྱི།། དངོས་དང་དངོས་མེད་ཉིད་མཐོང་བ།། དེ་དག་སངས་རྒྱས་བསྟན་པ་ལ།། ཡང་དག་མཐོང་བ་མ ་ཡིན་ནོ།། མེད་པ་ཡོད་པའི་ཟླས་དྲངས་ཏེ།། ཡོད་པའང་མེད་པའི་ཟླས་དྲངས་པས།། དེ་ཕྱིར་མེད་པར་བརྗོད་མི་བྱ།། ཡོད་པ་ཉིད་དུའང་མི་བརྟག་གོ། ཡོད་པ་པ་ནི་བདེ་འགྲོར་འགྲོ།། མེད་པ་པ་ནི་ངན་འགྲོར་འགྲོ།། ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར།། གཉིས་ལ་མི ་བརྟེན་ཐར་པར་འགྱུར།། ཚུལ་གཉིས་ནཤིང་རྟ་ཞོན་ནུ་སུ།། རིགས་པའི་སྲིབ་སྐྱོབས་འཇོག་བྱེད་པ།། དེ་དག་དེ་ཕྱིར་ཇི་བཞིན་དོན།། ཐེག་པ་ཆེན་པོ་པ་ཉིད་འཐོབ།། གཟུགས་སོགས་ཇི་ལྟར་སྣང་བ་ནས།། བདེ་གཤེགས་པར་གྱི་ཆོས་རྣམས་ཀུན།། རི་བོང་བ་ལད་ར་ཡཾ ་དཔེས།། དབུ་མ་ཉིད་དུ་གོམས་པར་བྱ།། ཡོང་མིན་མེད་མིན་ཡོད་མེད་མོན།། གཉིས་མིན་བདག་ཉིད་དུ་ཡང་མེད།། མཐའ་བཞི་ཡང་ནི་ངེས་གྲོལ་བས།། དེ་ཉིད་དབུ་མར་མཁས་རྣམས་བཞེད།། དབུ་མ་མཐའ་ལས་རྣམ་གྲོལ་ན།། མཐའ་དང་བྲལ་ཕྱིར་དབུ་མའང་མེད།། ་མཐའ་དབུས་མེད་པར་གང་ལྔ་པ།། དེ་ཡི་ཡང་དག་ལྟ་བ་སྟེ།། བླ་ན་མེད་པའི་ལྔ་བ་ཡིན།། བློ་ལྡན་རྣམས་ཀྱིས་རྟག་ཏུ་བསྒོམ།། གང་ཞིག་ལྟ་བ་དེར་ཞུགས་པ།། དེས་ནི་ཐམས་ཅད་མཁྱེན་པ་ཐོབ།། རྣམ་རིག་ཙམ་དུ་སླུ་བ་རྣམས།། ངོ་བོ་ཉིད་ནི་གསུམ་དུ་འདོད།། ཀུན ་བརྟགས་གཞན་དབང་ཡོངས་གྲུབ་པོ།། རྔག་དང་རྒྱུ་ལས་སྐྱེ་བ་དང་།། མི་འགྱུར་ཕྱིར་ན་གོ་རིམ་བཞིན།། རྣམ་པར་རྟོག་པ་གང་གང་གིས།། དངོས་པོ་གང་གང་རྣམ་བརྟགས་པ།། དེ་ཉིད་ཀུན་ཏུ་ཆགས་པ་ཡི།། ངོ་བོ་ཉིད་དེ་དེ་མེད་དོ།། གཞན་གྱི་དབང་གི་ངོ་བོ་ཉིད།། རྣམ ་རྡོག་ཡིན་ཏེ་རྐྱེན་ལས་བྱུང་།། གྲུབ་ནི་དེ་ལ་སྔ་མ་པོ།། རྟག་ཏུ་མེད་པར་གྱུར་པ་གང་།། ཡོད་དང་མེད་པའི་མཐའ་གཉིས་ཀྱིས།། དེ་ཕྱིར་དེ་ཉིད་གཞན་དབང་ལས།། གཞན་མིན་གཞན་མ་ཡིན་པའང་མིན།། མི་རྟག་ལ་སོགས་བཞིན་དུ་བརྗོད།། ཆུ་ཤེལ་བཻ་ཌཱུརྱ་ཡི་དཔེས།། ངོ་བ ་ཉིད་གསུམ་ཤེས་པར་བྱ། བདག་དང་ཆོས་སུ་བརྟགས་པ་དང་།། རྣམ་པར་དག་དང་ས་ངག་དང་།། འགྱུར་མེད་ཕྱིན་ཅི་མ་ལོག་པ།། རིམ་བཞིན་རེ་རེ་འདུ་གཉིས་གཉིས་སོ།། བློ་གྲོས་བཟང་པོ་ཐམས་ཅད་ནི།། ནང་སེམས་པ་ལ་བརྩོན་པ་ཡིན།། གཟུང་དང་འཛིན་པ་ལས ་གྲོལ་བའི།། རྣམ་ཤེས་དམ་པའི་དོན་དུ་ཡོད།། ཆོས་རྣམས་གང་ཡང་སྐྱེ་བ་དང་།། འགག་པ་ཅུང་ཟད་ཡོད་མིན་པ།། ཤེས་པ་འབའ་ཞིག་ཁོའི་ནི།། སྐྱེ་བ་དང་ནི་འགག་པར་འགྱུར།། ཡོད་མིན་ཆོས་རྣམས་དེ་དག་སྣང་།། བྲེམ་པོ་ལས་མིན་གཞན་ལས་མིན།། མེད་པ ་ལུས་མིན་ཉེས་གཉིས་ཕྱིར།། དེ་ཕྱིར་ཤིས་པའི་བདག་ཉིད་ཡོད།། རྣམ་ཤེས་བམ་པོའི་རང་བཞིན་ལས།། བཟློག་པར་རབ་ཏུ་སྐྱེ་བར་འགྱུར།། བམ་མིན་རང་བཞིན་གང་ཡིན་པ།། དེ་འདིར་བདག་ཉིད་རིག་པར་འདོད།། ནི་མཁའ་ས་རླུང་ཉི་མ་དང་།། རྒྱ་མཚོ་ཕྱོགས་འབབ ་ཆུ་ནི། ནང་གི་ཤེས་པ་ཡང་དག་གི། ཆ་ཡིན་ཕྱི་རོལ་ལྟར་སྣང་ངོ་།། གསལ་བའི་རང་བཞིན་དུ་སྣང་བས།། དེ་དག་འབྲེལ་པོ་ལྐོག་གྱུར་མིན།། གང་དང་འབྲེལ་པས་གང་རིག་པ།། དེ་ཡིས་རིག་བྱ་དེ་རིག་འགྱུར།། རལ་གྲིའི་སོ་དྲང་སྲོར་རྩེ་བཞིན།། བློ་ཡིས་རང་འཛིན་དོར ་ན། རང་ཉིད་སྣང་བ་དོར་མིན་པར།། དགོངས་པོ་ངེས་པར་འབྲེལ་ལས་གསུངས།། དེ་ཕྱིར་བློ་ཡི་མཚན་ཉིད་ནི།། རང་རིག་པར་ནི་གྲུབ་པ་ཡིན།། དེ་ཉིད་རྟོགས་པར་དཀ་བས་ན།། འདི་ཡི་ངོ་བོ་སྤྱད་འི་ནུས།། རང་རིག་དེ་ཡང་ཕྲ་བའི་ཕྱིར།། སངས་རྒྱས་རྣམས་ཀྱི་ཕྲ་བར་གཟིག།། ་དང་ལ་གནས་ཀྱང་བདམ་འདྲ་བས།། རྨོངས་པའི་བྱེ་མ་མཐོང་ངམང་།། གས་པ་དང་བླན་བདག་ཉིད་ཀྱི་བྲེལ་བ་སོད་བྱེར་བློ་ཙམ་ཡིན། ནས་པའི་རང་བཞིན་བདེན་པ་སྟེ། རྣམ་པ་བརྫུན་ཞིང་བཁྲུལ་པ་ཡིན།། སེམས་ནི་རྣམ་པར་བསྒྲུ ་བའི་ཕྱིར།། གཅིག་ཉིད་དའིས་སྣང་བ་ཡིན།། གཟུང་དང་འཛིན་པའི་བྱེ་བ་ལས།། ཅིང་དུ་མཁས་པ་ཅིས་མ་ཡི་མ། གཟུང་བའི་རྣམ་པ་མཱི་གཡོ་བྱ་།། ཕྱི་རོལ་ལྟ་བུར་སྣང་བ་ཡིན།། འཛིན་པའི་རྣམ་པར་རབ་གཡོ་བས།། ནང་ལྟ་བུར་ནི་སྣང་བ་ཡིན།། མཚན ་མ་དེ་ནི་སྤངས་ནས་སུ།། ཡེ་ཤེས་ན་མཁའ་ལྟ་བུར་བསྒོམ། སེམས་ཀྱི་རང་བཞིན་ཟག་པ་མེད།། ཟག་བཅས་ས་བོན་མ་ཟད་པར།། ཀུན་གཞི་གནས་སྐབས་དེ་བདག་ཉིད།། ཟང་ནས་ཟག་པ་མེད་པའི་དབྱིངས།། རྣམ་པར་གྲོལ་བའི་སྐུ་དང་ནི།། རྟག་ཏུ་ཉི་ཟེར་ཉི་མ ་བཞིན།། སངས་རྒྱས་ཆོས་རྣམས་གནས་ཡིན་པས།། སྐྱོབ་པ་རྣམས་ཀྱིས་ཆོས་སྐུའོ།། ཉན་ཐོས་ཕག་པར་ཞུགས་པ་རྣམས།། བདག་དང་བདག་གི་དབེན་པ་ཡི། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། བཞི་ལྔ་འམ་དུས་ནི་གསུམ་ཡང་རུང་།། ཡོད་པ་ཐམས་ཅད ་གཟུང་བྱ་ཡིན།། དམིགས་དང་བཅས་བྱས་འཛིན་པར་བྱེད།། དེ་གཉིས་དམ་པའི་དོན་དུ་འདོད།། བདེན་པ་མཐོང་དང་གོམས་པ་ལས།། ཉོན་མོངས་སྤངས་པ་ཞེས་བཤད་པ།། དདེན་པོ་དག་ནི་རྣམ་པཞི་སྟེ།། སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་།། འགོག་པ ་ལམ་སྟེ་དེ་ལྟ་ན།། དེ་དག་ཇི་ལྟར་མངོན་རྟོགས་རིམ།། སྡུག་བསྔལ་ཉེར་ལེན་ཕུང་པོའོ།། ཀུན་འབྱུང་ལས་དང་ཉོན་མོངས་པ།། འགོག་པ་མྱ་ངན་འདས་པ་གཉིས།། ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན།། ཚུ་ལ་གནས་ཐོས་དང་བསམ་ལྡན་པ།། བསྒོམ་པ ་ལ་ནཱི་རབ་ཏུ་སྦྱོར།། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ།། འབྲས་བུ་འདུས་བྱས་འདུས་མ་བྱས།། དེ་དག་བརྒྱད་ཅུ་རྩ་དགུའོ།། གྲོལ་ལམ་ཟད་པ་རྣམས་དང་བཅས།། འབྲས་བུ་བཞི་རྣམས་བཞག་པ་ནི།། རྒྱུ་ལྷ་དྲག་ནི་སྲིད་ཕྱིར་རོ།། ཉན་ཐོས་རྣམ་བཞི་སྤྲུལ་པ་དང་།། རྫོགས ་པའི་བྱང་ཆུབ་འགྱུར་བ་དང་།། ཞི་བགྲོད་གྲུབ་མཐའ་འཛིན་པའོ།། དེ་ནི་གཉིས་བཞི་བཅོ་བརྒྱད་དོ།། གཉིས་ནི་ཏེ་བྲག་སྨྲ་བ་དང་།། དེ་བཞིན་མདོ་སྡེ་སྨྲ་བའོ།། རྣམ་པ་མེད་པའི་ཤེས་པ་ཡིས།། གཟུགས་ལ་སོགས་པའི་དོན་རིགས་འདོ་།། ངོ་ནི་བྱེ་བྲག་སྨྲ་བ་ཡིན། ་གང་ཞིག་དོན་གྱིས་པན་བཏགས་པའི།། གཟུགས་བརྙན་རྣམས་ལ་ཉམས་མྱོང་བས།། དོན་རིག་འདོད་པ་མདོ་སྡེ་པའོ།། བཞི་ནི་དགེ་འདུན་པ་ལ་ཆེན་པ།། ཐམས་ཅད་སོང་སྨྲ་གནས་བརྟན་པ།། མང་པོས་བཀུར་བའོ་བཅོ་བརྒྱད་ནི།། ཤར་དང་ནུབ་དང་གངས་རིང ་གནས།། འཇིག་རྟེན་འདས་པར་སྨྲ་བའི་སྡེ།། བཏགས་པར་སྨྲ་བའི་སྡེ་པ་དང་།། ལྔ་ཚན་དགེ་འདུན་པ་ལ་ཆེན་པ།། གཞི་ཀུན་ཡོད་སྨྲ་འོད་སྲུངས་ཏེ།། ས་སྟོན་སྡེ་དང་ཆོས་སྲུང་སྟེ།། མང་ཐོས་གོས་དམར་སློབ་མ་དང་།། རྣམ་པར་ཕྱེ་སྟེ་སླུ་བའི་སྡེ།། ཐམས་ཅད ་ཡོད་པར་སྨྲ་བ་ཡིན།། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས།། གཙུག་ལག་ཁང་ཆེན་གནས་བརྟན་པ།། སར་སྒྲོགས་རིས་དང་སྲུང་བ་པ།། གནས་མ་བུ་ཡི་སྡེ་པ་ནི།། ཀུན་གྱིས་བཀུར་བ་རྣམ་པ་གསུམ།། ཡུལ་དོན་སློབ་དཔོན་བྱེ་བྲག་གིས།། ཐ་དད་རྣམ་པ ་བཅོ་བརྒྱད།། རང་རྒྱལ་བྱང་ཆུབ་དོན་གཉེར་བས།། གཟུང་བའི་རྡོག་པ་སྤངས་ཕྱིར་དང་།། འཛིན་པ་མ་སྤངས་ཕྱིར་ན་དེ།། རྟེན་གྱིས་བསེ་རུ་ལྟ་བུའི་ལམ།། བསྐལ་པ་བརྒྱ་ཡི་མཐར་ཐུག་པར།། བསྒོམས་པས་བྱང་ཆུབ་རིག་པར་འགྱུར།། དེ་ནི་བརྟེན་ཅིང་འབྲེལ ་འབྱུང་བ།། ཡན་ལག་བཅུ་གཉིས་ཆ་གསུམ་མོ།། སྔོན་དང་ཕྱི་མཐར་གཉིས་གཉིས་དང་།། བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ།། མ་རིག་ཉོན་མོངས་སྟོན་གནས་སྐབས།། འདུ་བྱེད་དག་ནི་སྔོན་ལས་ཀྱི།། རྣམ་ཤེས་མཚམ་སྦྱོར ་xxx ་ཀྱི། ཉེ་བར་ལེན་པ་ལོངས་སྤྱོད་རྣམས།། ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི།། དེ་སྲིད་འབྲས་བུ་འབྱུང་འགྱུར་བའི།། ལས་དེ་ཉིད་ནི་སྲིད་པ་ཡིན།། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན།། ཚེར་བའི་བར་ནི་རྒ་ཤི་ཡིན།། འདི་ནི་གནས་སྐབས་པར་འདོད་དོ།། ་ངོའི་ཕྱིར་ན་ཡན་ལག་བསྒྲགས།། སྔོན་དང་ཕྱི་མ་བར་དག་ལ།། རྨོངས་པ་རྣམ་པར་བཟློག་ཕྱིར་རོ།། ཉོན་མོངས་གསུམ་མོ་ལས་གཉིསོ།། བཞི་བདུན་དེ་བཞིན་འབྲས་བུ་ཡིན།། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ།། བར་མའི་རྗེསུ་དཔག་པ་ལས།། འདིར ་ནི་འབྱུང་བ་རྒྱུ་ཡིན་ཏེ།། བྱུང་བ་འབྲས་བུ་ཉིད་འདོད།། ཡན་ལག་བཅུ་གཉིས་དེ་དག་ལས།། རྒྱུ་ནི་འབྲས་བུ་རྣམ་ལྔ་འབྲས་བུ་བདུན།། འཕེན་པར་བྱེད་དང་འཕངས་པ་དང་།། མངོན་པར་འགྲུབ་བྱེད་གྲུབ་པ་དང་།། ཉེས་དམིགས་ཀྱིས་ནི་ཡན་ལག་སྟེ།། གསུམ ་བཞི་གསུམ་གཅིག་གཅིག་རིམ་བཞིན།། འདུ་བྱེད་སྡུག་བསྔལ་འགྱུར་བ་ཡི།། སྡུག་བསྔལ་ཉིད་ནི་རིམ་བཞིན་དུ། ལྔ་དང་གཉིས་དང་ལྔ་ཡི་མོ།། ཁམས་གསུམ་དུ་ནི་རིམ་བཞིན་དུ།། བཅུ་གཉིས་བཅུ་གཅིག་བཅུ་ཡིས་འཇུག། རྫུས་སྐྱེས་ཡན་ལག་བཅུ ་གཅིག་གིས།། མངལ་དང་སྒོ་ང་སྐྱེས་བཅུ་གཉིས་ཀྱིས།། དྲོད་གཤེར་ལས་སྐྱེས་ཅི་རིགས་འཇུག། དེ་བཞིན་འགྲོ་བ་ལྔ་ལ་སྦྱར།། གསུམ་པོ་དག་ལས་གཉིས་འབྱུང་སྟེ།། གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་།། གསུམ་འབྱུང་སྲིད་པའི་འཁོར་ལོ་དེ།། ་ཉིད་ནི་ཡང་དང་ཡང་དུ་འཁོར།། འཁོར་བའི་ངོ་བོ་རྣམ་པ་དང་།། གང་ཞིག་གང་དུ་གང་གིས་དང་།། ཇི་ལྟར་ཇི་སྲིད་ཉེས་དམིགས་ནི།། མཐའ་ཡས་ཚོགས་ཀྱིས་རབ་ཏུ་འཇུག། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས་འདུལ་འདི་ལ་སྤྱོད་གྱུར་པ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། མྱ་ངན་གང་ལས་འདའ་བ་དང་།། གང་ཞིག་གང ་གིས་གང་གི་ཚེ།། གང་དུ་གང་ཕྱིར་ཇི་ལྟ་བུ་རེ།། ཇི་སྲིད་ངོ་བོ་རྣམ་པ་དང་།། ཐོབ་པ་དབྱེ་བ་ཕྲིན་ལས་དང་།། ཡོན་ཏན་ཚོགས་ཀྱིས་ལྡོག་པོའོ།། མུ་སྟེགས་པ་ནི་རྣམ་པ་གཉིས།། སྤྲུལ་པ་པ་དང་རང་རྒྱུད་པ།། དེ་ཡང་སྐྱེ་ས་ཐོབ་སྦྱོར་བྱུང་ངོ་།། སྐྱེས་ཐོབ་རིགས་ཆད ་ལོག་སྲེད་ཅན།། སྦྱོར་བྱུང་བསམ་གཏན་རྟོག་གེ་བ།། བསམ་གཏན་པ་ནི་མངོན་ཤེས་མཐུས།། ལྟ་བ་དྲུག་ཅུ་གཉི་སུ་རྟོག། རྟག་པར་སྨྲ་བ་རྣམ་བཞི་དང་།། ཁ་ཅིག་རྟག་པར་སྨྲ་བ་བཞི།། མཐའ་ཡོད་སོགས་པའི་མོ་སྤོང་བའོ།། རྒྱུ་མེད་གཉིས་ནི་སྔོན་མཐར ་རྟོག། འདུ་ཤེས་ཡོད་སྣ་བཅུ་དྲུག་དང་།། མེད་སྨྲ་བརྒྱད་དང་དེ་བཞིན་དུ།། ཡོད་མིན་མེད་མིན་སྨྲ་བ་བརྒྱད།། ཚད་སྨྲེ་བདུན་དང་ཚེ་འདི་ལ།། མྱ་ངན་འདའ་བར་སྨྲ་བ་ལྔ།། ཕྱི་མའི་མཐར་རྟོག་ལྟ་བའོ།། རྟོག་གེ་བ་ནི་གྲངས་ཅན་སོགས།། ཚད་མས་གྲུབ་མཐའ ་འཛིན་པའོ།། གྲངས་ཅན་ཡོན་ངན་གསུམ་དུ་བརྗོད།། སྙིང་སྟོབས་རྡུལ་དང་མུན་པའོ།། རངས་དང་མགུ་དང་ཀུན་དགའ་དང་།། བདེ་དང་ཞི་བའི་སེམས་ཉིད་དྲག། རེས་འགའ་ཡང་ནི་སྣང་འགྱུར་བ།། དེ་དག་སྙིང་སྟོབས་ཡོན་ཏན་ནོ།། མི་དགའ ་བ་དང་ཡོངས་གདུངས་དང་།། མྱ་ངན་འདོད་དང་མི་བཟོད་དག། གང་དུ་སྣང་བའི་གཏན་ཚིགས་ཀྱིས།། དེ་དག་རྡུལ་གྱི་རྟག་སུ་འདོང་།། རྨོངས་དང་དེ་བཞིན་གཏི་མུག་དང་།། བག་མེད་གཉིད་དང་གཡེལ་བ་དང་།། ལན་འགའ་ཡང་ནི་སྣང་གྱུར་པ།། དེ་དག་མུན་པའི ་ཡོན་ཏན་ནོ།། ཡོན་ཏན་གསུམ་གྱི་རང་བཞིན་མཆོག། མཐོང་བའི་ལམ་དུ་འགྱུར་མ་ཡིན།། མཐོང་བའི་ལམ་དུ་གང་གྱུར་པ།། སྒྱུ་མ་བཞིན་དུ་ཤིན་ཏུ་གསོག། རང་བཞིན་ལས་ནི་ཆེན་པོ་སྟེ།། དེ་ལས་ང་རྒྱལ་རྣམ་གསུམ་འབྱུང་།། དེ་ལས་དབང་པོ་བཅུ་གཅིག ་དང་། དེ་ཙམ་ལྟ་འོ་དེ་ལྷ་ལས།། འབྱུང་བ་ལྔ་སྐེ་ཉི་ཤུ་དས།། གཙོ་བོ་ཉིད་དང་རྣམ་འགྱུའོ།། དེ་དག་སེམས་པ་ཡོད་མ་ཡིན།། སྐྱེས་བུ་ཀུན་རིག་སེམས་པ་ཅན།། དེ་ཉིད་ཉི་ཤུ་ལྔ་ཤེས་ན།། རལ་པའམ་སྤྱི་བོ་འམ་གཙུག་ཕུད་ཀྱིས།། བསྟི་ནས་གང་དུ་དགའ་བ་དེར། ་གྲོལ་འགྱུར་འདི་ལ་ཐ་ཚམ་མེད།། བྱེ་བྲག་པོ་ནི་དྲུག་ཏུ་འདོད།། རྫས་དང་ཡོན་ཏན་ལས་དང་སྐྱེ།། བྱེ་བྲག་འདུ་བ་རྣམ་པ་དྲུག། རྫས་དགུ་ཡོན་ཏན་ཉི་ཤུ་བཞི།། ལས་ལྔ་སྤྱི་གཉིས་བྱེ་བྲབ་གཉིསོ།། དེ་བཞིན་འདུ་བའང་རྣམ་གཉིས་ཏེ།། དེ་ཉིད་དྲུག་ཤེས ་རིག་པའི་མཆོག། རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན།། གཅེར་བུ་པ་རྣམས་དོན་དབུ་སྐྲ།། སྲོག་ད་ཟག་པོ་སྡོམ་པོ་དང་།། ངེས་པར་མ་དང་འཆི་བ་དང་།། ལས་དང་སྡིག་དང་བསོད་ནམས་དང་།། ཐར་པ་ཞེས་པ་དོན་དགུ་པིའི་གང་གིས་མཐོང་ངོ་རྣམ་པར་དག། རིགས ་པ་ཅན་དོན་བཅུ་དྲུག་འདོད།། ཚད་མ་གཞལ་བྱ་ཐེ་ཚོམ་དང་།། དགོས་པ་དཔེ་དང་གྲུབ་མཐའ་དང་།། ཆ་ཤས་རྟོག་གེ་གཏན་ལ་དབུག། རྩོད་དང་བརྗོད་དང་རྒོལ་བ་དང་།། རྒྱུ་ལྟར་སྣང་བ་ཚིག་དོར་དང་།། ལྷག་ཆོད་ཆད་པའི་གནས་རྣམས་ཏེ།། བཅུ་དྲུག་གིས་ནི ་ངེས་པར་འབྱུང་།། དཔྱོད་པ་པ་ནི་དོན་བཞིར་བརྗོད།། ས་དང་ཆུ་དང་མེ་དང་རླུང་།། དེ་དག་འདུས་མ་བྱས་པ་སྟེ།། རྟག་ཏུ་སྐྱེ་འགག་མེད་པར་གནས།། དེ་བས་ལས་འབྲས་ཡོང་མ་ཡིན།། སྔོན་དང་ཕྱི་མཐའ་དེ་བཞིན་མེད།། གང་ཞིག་དེ་ལྟར་རྣམ་སྤྱོད་པ།། མཐོང ་པ་ཙམ་གྱིས་རྣམ་གྲོལ་འགྱུར།། ཁྱབ་འཇུག་བྱེད་རྒྱུར་སྨྲ་བ་རྣམས།། ཉི་མའི་ནང་ན་བདག་ཁྱབ་འཇུག། སྐར་ནང་འོད་གནས་ཟླ་བ་ཡིན།། རླུང་ནང་ང་ནི་འོད་ཟེར་ཅན།། སྣང་བ་ཅན་ན་ཉི་མ་ཡིན།། རིག་བྱེད་ནང་ན་སྨན་ཚིག་དང་།། ལྷ་ནང་ང་ནི་བོརྒྱ་བྱིན་ཏེ།། ། ་དབང་པོའི་ནང་ན་ཡིད་ཡཾ་ནོ།། འབྱུང་བའི་ནང་ན་ས་ཡིན་ཞིང་།། དཱ་ནི་བདེ་བྱེད་དྲག་པོ་འདྨ་ཡིན།། སྲིན་པོ་གནོད་སྦྱིན་ནང་ནོར་བདག། ནོར་ལྷོའི་ནང་ན་མེ་ལྷ་ང་།། རི་བོའི་ནིང་ན་ད་རཱི་རབ།། ད་ནཱི་ཡཾ་གེའི་ནང་ན་ཨ།། ཉཝ་དང་རུལ་སྦལ་ཕག་དང་ནི། ཨོཾ་ཡི་སེངྒེ ་མིའུ་ཐུང་དང་།། དགུའ་བྱེད་རཱ་མ་ཎ་ནག་པ།། སངས་རྒྱས་ཀར་ཀྲི་ཀེ་དང་བཅུ།། གང་གིས་ཁྱབ་འཇུག་ཡོན་ཏན་རྣམས།། རྟག་ཏུ་བསྒོམས་ན་བདེ་ཐོབ་འགྱུར།། དབང་ཕྱུག་བྱེད་རྒྱུར་འདོད་པ་རྣམས།། འགྲོ་བ་འདི་དག་ཐམས་ཅད་ཀྱི།། བྱེད་པ་པོ་ནི་དབང ་གྲོ་སྲིམ།། ངན་ཡོན་ཏན་བ་རྒྱང་དང་ལྡན།། རབ་ཕྲ་སོང་བ་མཆོང་བར་ཐོས།། བདག་པོར་གྱུར་དང་དབང་དུ་གྱུར།། གར་ཡང་ཕྱིན་དང་འདོད་དགུར་ལྡན།། དེ་བཞིན་དག་འོ་མ་གུར་གནས་པའོ།། ལག་པ་དག་དང་རྐང་པ་དང་།། མིག་དང་གདོང་དུ ་རྣམས་ཀྱིས།། མང་པོ་བསྐྱེད་ཅིང་འཇིག་བྱེད་པས།། དེས་ན་ཕྲ་བར་བརྗོང་པ་ཡིན།། མཁའ་དང་རླུང་རངས་པ་མི།། ཆུ་ང་མ་ངག་གནས་བྱེད་ཅིང་།། སྣང་བ་དང་ནི་རྒྱས་བྱེད་པས།། དེས་ན་ཡང་བར་བརྗོད་པ་ཡིན།། འཇིག་རྟེན་ལས ་ན་མཆོད་གྱུར་ཅིང་།། གནས་པ་དག་དང་རྒྱུ་བ་དང་།། འབྱུང་པོ་ཀུན་གྱིས་རྙེད་པས་ན།། དེས་ན་མཆོད་པར་འོས་པ་ཡིན།། འབྱུང་པོ་ཀུན་ལ་དབང་བྱེད་ཅིང་།། གནས་པ་དག་དང་རྒྱུ་བ་དང་།། གང་དང་ཡང་འདོད་དེས་བྱེད་པས།། དེས་ན་བདག་པོར ་གྱུར་ཅེས་བྱ།། བདག་ལ་རག་ལས་རང་དབང་ཅན།། འགའ་ལ་འདི་འཇིགས་པ་ཡོང་མི་ཡིན་ཏེ།། ཐམས་ཅད་དབང་དུ་གྱུར་པས་ན།། དེས་ན་དབང་དུ་གྱུར་ཅེས་བྱ།། མཐོ་རིས་ངན་སོང་ཀུན་ཁྱབ་པས།། དེས་ན་གར་ཡང་ཕྱིན་ཅེས་བྱ།། སྙིང ་སྟོབས་རྡུལ་དང་མུན་པ་གསུམ།། དེ་དག་གང་ལས་གནས་གྱུར་པ།། མིག་འབྱེད་ཙམ་གྱིས་བྱེད་འགྱུར་པས།། དེས་ནི་འདོད་དགུར་ལྡན་ཞེས་བྱ།། ཐར་པ་འམ་ཡང་ན་ལྷ་ཡི་ལུས།། གང་དུ་བདག་ཉིད་འདོད་པ་དག། ཐམས་ཅད་འདོད། ་བཾསྡུ་ཐོ་བ་འགྱུར་བྱས།། དེས་ན་དགའ་མགུར་གནས་ཤེས་བྱ།། གང་ཞིག་ཕྲ་གྱུར་ཅིག་པུ་སྐྱེས་གནས་འདུག། དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད།། དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ།། ཡོན་ཏན་བྱེད་པོ་ཤིན་ཏུ་ཞི་བ ་འཐོབ།། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ།། བདག་གི་བདེ་སྡུག་བདག་ལ་རང་དབང་མེད།། དབང་ཕྱུག་གིས་བཏང་ཡང་ན་མཐོ་རིས་སམ།། གཡང་ས་ངག་ཏུ་འགྲོ་བ་ཁོ་ནར་འགྱུར།། དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་པདི་སྤྲུལ ་བྱེད་པོར་མ་གྱུར་ན།། རི་རབ་འདི་མི་འགྲུབ་ཅིང་ས་གཞི་འདི་མིན་རྒྱ་མཚོའང་མ་ཡིན་ཏེ།། ཉི་ཟླ་སྐར་ལྡན་འདི་ལྟར་བཀོད་པ་འདི་དག་མིག་ཡུལ་དུ་མི་འགྱུར།། ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་འགའ་ཞིག་སྒྲ།། ཕྲ་ཞིང་བསམ་གྱིས་མི ་ཁྱབ་རབ་སྲབ་བྱེད་པ་ཀུན་རིག་ཀུན་བྱེད་པ།། རྣལ་འབྱོར་གོམས་པས་ཐོབ་པ་བློ་ཅན་བསམ་གངན་པ་ཡི་བསམ་གཏན་ཡུལ།། ཉི་མ་ཟླ་བས་ཆུ་མེ་རླུང་ཕྱོགས་དང་ན་མོཁའི་ལུས་དངན་པ། ཞི་བའི་བདེ་དགའ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ།། ་དུས་ལྟ་བལྟོས་པར་སྨྲ་བ་རྣམས།། དངོས་ཀུན་དུས་ཀྱིས་བསྐུར་བ་སྟེ།། གང་གིཞང་པོ་ནོར་ལྔ་དང་།། གང་པ་ནོར་རྒྱལ་ཡིན་པ་ཡི།། འཇིགས་མོད་ཁྲོ་བོའང་བསད་གྱུར་པས།། དུས་ན་འདབ་པར་དཀའ་བ་ཡིན།། འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན།། སྐྱེ ་དགུ་རྣམས་སྡུང་དུས་ཀྱིས་བྱེད།། དུས་ཀྱིས་གཉིད་ལོག་སད་པར་བྱེད།། དུས་ནི་འདའ་བར་དཀའ་བ་ཡིན།། སྲུང་བ་གསུམ་རྩིགས་འོབས་ནི་རྒྱ་མཚོ་དང་།། དམག་མེ་སྲིན་པོ་ནོར་ནི་ནོར་སྦྱིན་སྦྱོར།། གང་གི་བསྟན་བཅོས་པ་སངས་ཚད་མཉམ་པའོ།། སྒྲ ་སྒྲོ་སྟེ་བུ་དེ་ཞིང་དུས་ཀྱི་དབང་གིས་ཉམས།། ངོ་བོ་ཉིད་རྒྱུར་སྒྲ་དངོས་རྣམས།། ངོ་བོ་ཉིད་ཀྱིས་འགྲུབ་པར་བྱེད།། མེ་ཡི་དམར་བ་ཉིད་དང་ནི།། དམ་པ་གཞན་དོན་བྱེད་ཉིད་དང་།། དམ་པོ་མིན་པའི་བརྩེ་མིན་ཉིད་།། གསུམ་པོ་ངོ་བོ་ཉིད་ཀྱིས་གྲུབ། ཚར ་མེ་རྣོ་བར་གྱུར་པ་སུ་ཡོས་བྱས།། རི་དགས་བྱ་ཡི་རི་མོ་སུ་ཡིས་བྱས།། བུ་རམ་ཡིང་ཡངར་ནིམ་པ་ཁ་བ་དག། འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ།། ཉི་མ་ཆེ་ཞིང་ཟླ་བ་རབ་བསིལ་དང་།། སྐྱེ་བོ་ཆགས་ཤིང་ཐུབ་པ་དི་མིན་ལ།། བདེ་བ་རབ་ཆོས་སྡུ ་བསྔལ་རབ་གདུང་ལ། དྲུག་པོ་འང་དག་ངོ་བོ་ཉིད་ཀྱིས་གྲུབ་།། གང་དག་རྒྱུ་མེད་སྨྲ་བ་ནི།། ཐམས་ཅད་རྒྱུ་ལ་བལྟོས་མེད་པར།། དངོས་པོ་རྣམས་ནི་སྐྱེ་བ་སྟེ།། སི་མ་པ་དྨའི་གེ་སར་སོགས།། སྣ་ཚོགས་གང་གིས་བྱས་པ་ཡིན།། རྨ་དྱ ་ངས་ལ་སོགས་པ་ཡང་།། སྐུ་ཚོགས་གང་གིས་སྤྲུལ་པ་ཡིམ།། ཇི་ལྟར་ཆར་རླུང་ལ་སོགས་པ།། གློ་བུར་འབྱུང་ཕྱིར་རྒྱུ་མ་ད་ལྟར།། སྡུག་བསྔལ་ལ་སོགས་རྣ་མེད་ཉིང་།། ཤིན་ཏུ་རྒྱ་ཆེན་རབ་ཟབ་ལ།། སྦྲིད་ལུག་ཤིན་ཏུ་མ་སྦྱངས་པ།། བདག ་གཞན་སྨྲ་དག་གཏི་མུག་གིས།། དེ་ལྟར་ཐེག་པ་ཆེན་ལོ་སློང་།། ཚུལ་ཁྲིམས་ལས་ནི་ཉམས་བློ་ཡི།། ལྷ་ལས་ཅིས་ཀྱང་མ་ཡིན་ཏེ།། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འགྲོ།། ལྟ་བས་གོ་འཔངས་མཆོག་ཏུ་འགྱུར།། གཽ་ཏི་མུག་དབང་གིས་བསྒྲིབས་འགྱུར་ཏེ།། ་གང་ཞིལ་ཡང་དག་གེགས་བྱེད་པ།། དེ་ལ་དགེ་བའི་འགྲོ་བའང་མེད།། ཐར་པ་མེད་པ་སྨོས་ཅི་དགོས།། གནོད་པའི་ས་བོན་གྱུར་པ་ཡི།། མུ་སྟེགས་བྱེད་མང་མཐོང་ནས་ནི།། ཐར་འདོད་སྐྱེ་བ་པོ་རྣམས་ལ།། སྙིང་རྗེར་མི་འགྱུར་སུ་ཞིག་ཡོད།། དེ་ཕྱིར་ཐར་པ་དོན ་གཉེར་རྣམས།། ཆོས་ཀྱི་དབྱིངསུ་བལྟ་བར་གྱིས།། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་ཚུལ་ཁྲིམས་རྒྱལ ་བས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨེ་ས་སྨི་ཙྪ་པ་དེ་ན། བོང་སྐད་དུ། དྲན་པ་གཅིག་པའི་མན་ངག། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལོ།། ཐམས་ཅད་མཁྱེན་ལ་གུས་བཏུད་དེ།། འཕགས་པ ་