| Wylie | e-texts produced with BDRC’s OCR application |
ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕ་པའོ།། རྒྱ་གར་སྐད་དུ། ཙཱརརྱ་གྲི་། བོང་སྐད་དུ་སྟོང་པོའི་གླུ་འཕགས་པ་འཇིམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔལ་རྡོ་རྗེ་གང ་ལྷ་ཕྱག་འཚལ་ལོ།། གཟུགས་བརྙན་ཅི་འདྲ་འགྲོ་བ་སྲིད་པ་དེ་འདྲ་སྟེ།། རང་གི་ངོ་བོ་བརྟགས་ན་རང་བཞིན་ཡོད་མ་ཡིན།། རང་གི་ངོ་བོ་གཟུགས་བརྙན་འདྲ་ཤེས་མ་སྐྱེས་པསྟ།། ཀཱ་སྱེ་རྨོངས་པའི་སེམས་ཁྱོད་མི་ཤེས་མ་བྱེད་ཅིག། དྲི་མེད་མ་འབྲུ་དང་རྒྱས་དྲནྡྷ ་ནོར་བུ་མེ་ལོང་ལ།། དེ་ལ་གསལ་བར་སྣང་བ་བདག་དང་འགྲོ་བ་ཀུན།། དེ་ལྟར་བྱིས་པ་རང་གི་གཟུགས་བརྙན་ལ་འཁྲུལ་ལྔར། བདག་གཞན་འབྱེད་པའི་འཁྲུལ་པ་ལ་ནི་ཅི་ཕྱིར་གནས།། གང་གིས་གཟུགས་བརྙན་ལོ་ནི་རྟག་པར་ཤེས་ཤིང་རྟོགས།། དོ་ན ་ཕྱུགས་དང་འདྲ་སྟེ་གྲིབ་མ་ལ་རྒོལ་ཡིན།། དཀྱིལ་འཁོར་འཁོར་ལ་བསྒོམ་པ་བརྟན་པར་བྱ་བ་སྟེ།། དེ་ཉིད་ཤེས་པའི་རྣལ་འབྱོར་པ་ཡིས་དེར་མི་ག་རས།། མཚོན་པར་བྱ་བ་མཆོག་ཏུ་བདེ་ཚོན་གཉིས་པ་སྟེ།། དཀྱིལ་འཁོར་དེ་ལ་བསྡུས་ཏེ་བསྟན་པར་བྱ། ་བ་ཡོན།། ཁྱེད་ཀྱིས་བརྟགས་ཤིང་བསྐྱེད་པའི་ཚུལ་ནཱི་གང་ཡིན་པ།། དེ་ལ་དེ་ཉིད་རང་བཞིན་ཡིན་པར་ཇི་ལྟར་སེམས།། ཇི་སྲིད་དེ་ཉིད་རང་བཞིན་ཡོངསུ་མ་ཤེས་པ།། ད་སྙིང་བྱང་ཆུབ་བླ་ན་མེ་པ་དྷི་མར་འགྲུབ།། རྣམ་རྟོག་སྤྲོས་པ་མ་ལྷས ་དངོས་པོ་མེད་པ་སྟེ།། དེ་དག་མཆོག་ཏུ་བོང་བ་ཆེན་པོའི་རང་བཞིན་ཡིན།། འཇིག་རྟེན་ཆོས་བརྒྱད་དགུ་ལ་སེམས་ནི་མཉམ་པ་དང་།། དགེ་འཛིན་གྱི་ཚོགས་ལེ་གནས་པར་འགྱུར་བྱེད་གྱིས།། གནས་ན་ཤིན་ཏུ་རྣམ་པར་དྲག་པར་འགྱུར་བ་སྟེ།། ་སྤྲོས་པའི་སྤྱོད་པ་མ་ལུས་ཡོངསུ་སྤོང་བ་ཡིན།། རྣམ་པར་རྟོག་པ་སྣང་ཚོགས་ཀྱིས་ནི་དངོས་གོང་བསྐྱེད།། དེ་ནི་མཆོག་ཏུ་རྣམ་པར་དག་པའི་རང་བཞིན་མིན།། སྤྲོས་པ་དང་ནི་རྣམ་རྟོག་མ་ལུས་ཡོད་མིན་པ།། དེ་ནི་དེ་བཞིན་ཉིད་དེ་མཆོག་ཏུ་རྣམ་དག ་དངོས།། དེ་བཞིན་ཉིད་ཀྱི་ཏིང་འཛིན་མེ་ཆེན་འབར་བ་སྟེ།། ཉོན་མོངས་སོག་མ་མ་ལུས་སྲེགས་པར་བྱེད་པར་ཡིན།། གང་ཚེ་འཇིག་རྟེན་ཡོངས་སུ་ཤེས་པར་གྱུར་པ་ན།། དེ་ཚེ་འགྲོ་བ་ཐམས་ཅད་ན་མཁའ་བཞིན་དུ་འགྱུར།། ་འགྲོ་བའི་རང་བཞིན་མཁའ་འདྲ་བ་ལ་མི་འཁྲུལ་ཅིང་།། རྣམ་རྟོག་རབ་རིད་ཀྱིས་རྨོངས་ལྡོངས་པར་མ་བྱེད་ཅིག། འགྲོ་བ་སྔོན་ཚད་ཅི་འདྲ་ཕྱིས་ཀྱང་དེ་འདྲ་སྟེ།། སྔ་ཕྱི་དག་དང་བར་ལ་ཁྱད་པར་ཡོད་མ་ཡིན།། རབ་རིབ་ཅན་གྱིས་ཇི་ལྟར་མཁའ་ལ་སྒྲ་མཐོང ་དང་། རྣམ་རྟོག་རབ་རིབ་འཇིག་རྟེན་མཐོང་ལ་ཁྱད་པར་མེད།། རྣམ་རྟོག་རང་བཞིན་མཁའ་དང་མཉམ་པའི་རང་བཞིན་དུ།། བརྟགས་པའི་རང་བཞིར་མ་ལུས་པ་དག་བསྒོམ་པར་གྱིས།། སྡིག་པའི་རྣམ་སྨིན་ཆོམ་རྐུན་འཇིགས་པ་མཐོང་བ་ཡིས།། ཀཱ་ཡེ ་ཚུལ་ཁྲིམས་ནོར་ཆེན་བསྲུང་ཕྱིར་མེལ་ཚེ་བྱོསོ།། སྲིཧྲིཾ་མཚན་རིང་དག་ལ་གཏི་མུག་གཉིད་ལོག་གས།། ཀྲ་ཡེ་སེམས་ནི་བག་མེད་མ་བྱེད་མེ་ལ་ཚེ་བྱོས།། ཉི་མ་མེད་ན་ཉིན་མོ་ཡོད་པ་མིན་པ་ལྟར། ཚུལ་ཁྲིམས་ནོར་དང་བྲལ་ལ་བསམ་གཏན་ག་ལཱ་ཡོད།། ་གཉིད་ལོག་པ་ཡི་ཁང་པར་ཚོམ་རྐུན་ཞུགས་པ་ཡིས།། གྷ་ཡེ་ཁྱོད་ཀྱི་ཚུལ་ཁྲིམས་ནོར་ཆེན་ཕྱོགས་ས་རེ།། སྐད་ཅིག་ཙམ་ཡང་བྱེ་བ་ངན་ལ་མ་ཆགས་པར།། དེ་ཉིད་ཉི་མ་ལ་ཤར་བར་དུ་མེ་ལེ་ཚེ་བྱོས།། ཇི་སྲིད་དོ་ཉིད་ཉི་མ་དག་ནི་ཤར་བ་ན།། དེ་སྐྱིད་སྲིད ་ང་ནོར་བུ་བཞིན་དུ་ཅི་དགའ་སྤྱོད།། བདག་ནི་གང་ཡིན་འགྲོ་བ་ཁྱེད་རྣམས་དེ་ཡིན་ཏོ།། རང་གཞན་འབྱེད་པའི་རང་གི་གནོད་པ་མ་བྱེད་ཅིག། རྣམ་རྟོག་ནང་གི་གནོད་པ་འདི་ནི་གཞོམ་བྱ་སྟེ།། སྦྲུལ་གདུགས་ལྟ་བུ་དེ་ནི་བདུད་རྩིའི་རོས་ཞི་བྱ།། ནང་གི་གནོད་པ ་སྦྲུལ་གདུག་མགོ་མངས་ལྟ་བུ་སྟེ།། འགྲོ་བ་མ་ལུས་སྣ་ཚོགས་རྟོག་པར་ཤེས་ནས་ནི།། དེ་བཞིན་ཉིད་དུ་བདུད་རྩི་ཆེན་པོའི་རོ་ཞེས་བྱ།། རྣལ་འབྱོར་ཆེན་པོའི་སེམས་ཀྱི་ངལ་སོའི་གནས་གང་ཡིན།། བདུད་རྩི་ཆེན་པོའི་རོ་ནི་རྟག་ཏུ་བཏུ་བྱས་ན།། བདེ་བ་ཆེན་པོའི་མྱ ་ངནན་འདས་མཆོག་ཤེས་པར་འགྱུར།། གཅེར་བུ་སྦྱིན་སྲེག་བྱེད་པ་བྲམ་ཟེ་མ་ཡིན་ཞིང་།། རལ་པ་འཛིན་པ་དང་ནི་རིགས་དང་རྒྱུད་ཀྱིས་མིན།། གང་ཞིག་ལུས་དང་ངག་དང་ཡིད་ནི་ཡོངས་དག་ནི།། དེ་ལྟ་བུ་ནི་བྲམ་ཟེ་ཡིན་པར་སངས་རྒྱས་གསུངས།། སྡིག ་པ་བཅུ་པོ་གང་ཡིན་པ་ནི་སྤང་བྱ་ཞིང་།། དགེ་བ་བཅུ་པོ་ཡོན་ཏོན་སྟོབས་དང་ལྡན་པར་བྱ།། དམན་པའི་རིགས་སུ་སྐྱེས་ཀྱང་འདི་ནི་གང་གི་ཚེ།། མ་ཤི་བར་དུ་ཆོས་མ་ཡིན་པ་སྤྱད་མི་བྱ།། བཟོད་པའི་ཆོས་འཛིན་པ་ཡི་ཁྲོ་བ་ལས་རྒྱལ་ཞིང་།། ཡུལ་གྱི་བདེ་བ ་འདོད་པ་མ་ལུས་སྤང་བར་བྱ།། པདྲ་བའི་ཆོས་ཀྱི་མཚོ་ལ་རྟག་ཏུ་ཁྲུས་བྱ་ཞིང་།། འདུན་པའི་སྐྱོན་དང་འཇིགས་དང་གྲོཏ་མུག་བསྐྱེད་མི་བྱ།། ཡང་དང་ཡང་དུ་ཀེང་རུས་བཞོན་པ་ལ་ཞོན་ཅིང་།། རྟག་ཏུ་མི་གཙང་འཛག་པ་རྨོངས་པས་མ་ཚོར་རམ།། འདོད་དང་གཏི ་མུག་ངན་འགྲོའི་ལས་ནི་སྤོང་བྱ་ནག། ཁྭ་ཡེ་སེངས་ཁྱོད་རང་གི་དྲི་མོ་བཀྲུ་བར་བ་གྱིམ། གུས་པས་བླ་མ་དམ་པའི་ཆུ་རོག་བསྔོན་པོ་ནག།། ག་སུས་ཆེན་པོའི་དྲི་མས་གང་གོས་ཟང་བར་བྱ།། བླ་མའི་མན་དག་དེ་ཉིད་དྲི་མེད་ཆུ་ཡིན་པས།། དེ་ཋཱ་ས་ནས ་རང་ཉིད་བཀྲུ་བར་ཤེས་པར་བྱ།། སེམས་ཁྱོད་ཡོངསུ་གོ་བར་གྱིས་ལ་རང་ལ་ནི།། ཡོངསུ་བལྟ་ཞིང་གཏི་མུག་དྲི་མ་ཆེན་པོ་སྦྱོངས།། མི་ནི་གང་ཞིག་ཐུབ་པའི་ཆོས་གཏམ་མི་མཉན་པ།། དེ་ནི་ཆུ་དང་ནགས་ཀྱི་མི་དང་མཉམ་པ་ཡིན།། ངེས་པར་འཇིག་རྟེན་མ ་འོངས་པ་ཆོལ་འགྲོ་བས་མ།། ཐུབ་པ་ཆོས་ཀྱི་གཏམ་ནི་མཉན་པར་བྱ་བ་ཡིན།། ཐུབ་པའི་རྒྱས་ཐོས་ནས་ནི་ཆོས་མིན་གནས་མི་བཱ།། མན་སྟེད་གྷོ་ལ་ལུས་ཀྱང་གཟུང་བར་མི་ནུས་པས།། ཆོས་ཐོས་ནས་ནི་ཆོས་ཀྱི་དོན ་བཞིན་གང་སྒོམ་པ།། དེས་ནི་བདེ་བར་མཐོ་རིས་ཐར་པའི་འབྲས་བུ་ཐོག།། གཏི་མུག་མུན་ནག་དག་ལཾ་ཆོས་ནི་སྒྲོན་མ་སྟེ།། སྐྱིད་པའི་མཚོ་ལས་སྒྲོལ་བར་བྱེད་པའི་གཟངས་ཡིན་ནོ།། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་ཆུ ་ཁྲིམས་ཀྱི་སྤྱོད་པ་གྱུར་བླངས་པ་རྫོགས་སོ།། པཎྜི་ཏ་བཛྲཱི་ཎ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་ག་སྐད་དུ། དྷརྨ་དྷཱ་དྷ་པ་ར་གཱི་ཏི། བོད ་