| Wylie | e-texts produced with BDRC’s OCR application |
འབྱུང་གནས་ཞི་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོའོ།། ། རྒྱ་གར་སྐད་དུ། ཧྲྀ་ད་ཡ་ནི་ཀྲིབ་ཏ་ནཱ་མ། བོད་སྐད་དུ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། མངོན་མཐོ་ངེས ་པར་འབྱུང་སྟེར་བ།། དཀོན་མཆོག་གསུམ་ལ་གུས་པཏཱ་ནས།། འཁོར་བའི་འཇིགས་པ་སེལ་བ་ཡི།། སྙིང་པོ་བསྡུ་བ་བཤད་པར་བྱ།། འཁོར་བའི་མཚན་ཉིད་སྡུག་བསྔལ་དང་།། ལས་དང་ཉོན་མོངས་རྣམ་རྟོགས་ཏེ།། དེ་དག་རྒྱུ་འབྲས་གོ་རིམ་ཅན།། ་འཁོར་བ་བསྡུས་ནས་བསྟན་པ་ཡིན།། བར་པའི་མཚན་ཉིད་བྱང་ཆུབ་སྟེ།། ཤེས་རབ་ཐབས་དང་སྤྱོད་པ་དང་།། ལམ་ལྔ་དང་ནི་ཚོགས་གཉིས་ལས།། མྱ་ངན་འདས་པའི་སྐུ་གསུམ་འབྱུང་།། དེ་ཡང་རྒྱུ་འབྲས་གོ་རིམ་ཅན།། ཐར་པ་བསྡུས་ནུས་བསྟན་པའོ།། ཁམས ་གསུམ་སྡུག་བསྔལ་རྒྱ་མཚོ་ཆེ།། དཔའ་རླབས་ཤིན་ཏུ་འཁྲུགས་པ་ནི།། དགེ་དོང་མི་དགེ་ལ་སྩོགས་པོའི།། ཟག་བཅས་ལས་ལས་ངེས་པར་འབྱུང་།། དེ་དག་གཏི་མུག་ཆགས་སྡང་སོགས།། ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ།། ཡིད་འོང་མི་འོང་ལ་སོགས་པའི།། ་གཉི་སུ་འཛིན་པ་ཉིད་ལས་བྱུང་།། ཐམས་ཅད་འབྱུང་པོའི་རྒྱུ་ཉིད་ནི།། ང་དང་བདག་ཏུ་འཛིན་ལས་བྱུང་།། གཞན་ཡང་འབྱུང་བའི་རྒྱུ་ཉིད་ནི།། རྟག་དང་གཅིག་པུ་ཁྱབ་ལ་སོགས།། དངོས་པོར་འཛིན་པའི་གདོན་ཡོན་ཏེ།། ཤེས་རབ་ལྡན་པས་སྤང་བར་བྱ།། དེ་བས ་སྐལ་ལྡན་སྐྱེ་བ་བུ་ནི།། བདག་གཞན་མ་ལུས་གྲོལ་བྱའི་ཕྱིར།། མེ་སླུ་བ་ཡི་ལུས་ངག་དང་།། རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི།། རིགས་པ་གང་ལ་གོམས་པ་ཡིས།། དངོས་པོར་འཛིན་པའི་གདོན་ཆེན་པོ།། མ་ལུས་པར་ནི་བཟློག་པར་བྱ།། འདི་ལྟར་ཕྱི་ནང ་ཆོས་རྣམས་ནི།། མཚན་མ་ཀུན་བྲལ་རང་བཞིན་ནི།། ནམ་མཁའ་ལྟ་བུར་ཤེས་བྱས་ལ།། རྟག་ཏུ་གོམས་པར་བསྒྲུབ་པར་བྱ།། འཁོར་བ་ཐོག་མ་མེད་པ་ནས།། དངོས་འཛིན་གདོན་གྱིས་བརླམས་པ་ཡི།། འགྲོ་ཀུན་ཡུལ་དུ་བྱས་ནས་ནི།། ཐམས་ཅད་རྗེ་སུ་འཛིན་པ ་ཡི་བྱམས་ཆེན་ཚད་མེད་སྔོན་འགྲོ་བས།། སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པའི།། སྙིང་རྗེ་ཆེན་པོ་ཚད་མེད་པས།། བདག་དང་གཞན་དོན་འགྲུབ་པ་ཡི།། བྱང་ཆུབ་སེམས་ནི་རིན་པོ་ཆེ།། ཡང་དག་བསྟན་པ་བསྐྱེད་པར་བྱ།། བདག་གཞན་འབྱོར་པ་བཅུ་ལྡན་པས།། འཁོ ་བའི་ཆོས་ལས་ཡིད་འབྱུང་བྱ།། འཇིགས་པ་ཀུན་ལས་སྐྱོབ་པ་ཡི།། སྐྱབས་གསུམ་པོ་དང་ལྡན་པ་དེས།། སོ་སོར་ཐར་ལ་ལེགས་གནས་བྱ།། ཚུལ་ཁྲིམས་བཟང་པོ་དང་ལྡན་ཅིང་།། ཐེག་ཆེན་རིགས་ཡོད་སྐྱེས་བུ་དེས།། འགྲོ་བ་སྐྱབས་མེད་བསྐྱབ་པའི་ཕྱིར།། སྐྱབསུ་འགྲོ་བ ་སྔོན་འགྲོ་བས།། སྨོན་པའི་སེམས་ནི་བསྐྱེད་པར་བྱ། ལྷག་པའི་བས་མོ་པ་དང་ལྡན་པས།། འཇུག་པའི་སེམས་ནི་བསྐྱེད་བྱས་པཔ།། སྔར་གྱི་སྨན་པའི་སེམས་དེ་ཉིད།། རྒྱ་ཆེར་རབ་ཏུ་འཕེལ་བར་འགྱུར།། བྱང་ཆུབ་སེམས་དཔའ་སྤྱོད་པ་ནི།། རླབས་ཆེན་ཕ་རོལ་ཕྱིན་དྲུག་སོག། ་མཉམ་གཞག་ལོངས་པའི་རྣལ་འབྱོར་གྱི།། ཚོགས་ཀྱི་ལམ་འདི་བསྟན་པར་གྲུབ་ལམ་ལྔ་རིམ་གྱིས་བགྲོད་བྱས་ཏོ།། སྒྲིབ་པ་གཉིས་ནི་བསིལ་བྱས་ནས། འདི་ལྟར་ཚོགས་གཉིས་རྫོགས་བྱས་ཏེ།། འབྲས་བུ་སྐུ་བསྒྲུབས་གསུམ་གྲུབ་པར་བྱ།། ཆོས་སྐུ་གསུམ་བཅུ ་འི་མཚན་ཅིང། རློས་ཀུན་སྦྱི་ལ། མེང་དུན་འི་སྒྱུར་ཟུང་བྱ། ན་གཉི་རྒྱུན་གྱིས་ཁམས་ག་པ་རྒྱུ་ནྟེ། བྷྱ་ཆུ་སྣང་པ་དོན་གྱི་གདོག་པར་ལོ་ག་སྦྱིན་པར ་དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི།། སྙིང་པོ་ཏཱི་དཱིརྱཱ་ནཱི་བསྡུས་པ་ཡིན།། འཁོར་བུའི་སྡུག་བསྔལ་སྤྲོད་འདོད་ན།། དེ་ལ་བརྩོན་འགྲུས་འབད་པར་བྱ།། རྩོད་པའི་དུས་ཀྱི་ཐ་མ་ལ།། ཚེ་ཐུང་ནད་མང་ལོངས་སྤྱོད་དམན།། རྐྱེན་ངན་བར་ཆད་མོང་བ་ཡིས།། ཡུན ་རིང་གནས་པའི་མཐུ་མེད་པས།། ཚིག་རྗེས་བཙད་པར་མྱི་ནུས་ཀྱིས།། རིགས་ལ་གནས་པའི་གང་ཟག་དེས།། བཤེས་གཉེན་དམ་པ་བསྟེན་བྱས་ལ། ཤིན་ཏུ་བརྩོན་པའི་སེམས་ཀྱིས་ནི།། འཁོར་བའི་སྡུག་བསྔལ་དྲན་བྱས་ལ།། བདག་གཞན་གྲོལ་བར་བྱ། ་དེའི་ཕྱིར།། སྙིང་པོ་མྱུར་དུ་བསྡུ་བར་བྱ།། བརྩེ་བས་འདི་བྱསྨཱི་དྷྲྀགྲཱྀ་བ་ཡིས།། སྐལ་ལྡན་སེམས་ཅན་མ་ལུས་ཀུན།། བྱང་ཆུབ་སེམས་ཀྱིས་རྒྱུད་བརློན་ཏེ།། སྙིང་པོ་མྱུར་དུ་སྡུད་པར་ཤོག། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ ་མར་མེ་མཛད་ཡེ་ཤེས་ཀྱི་ཞལྔ་སྔ་ནས་དབུས་ཀྱི་སྙེ་རཱདྷྲྀ་གྷཱ་ཙུག་ལག་ཁང་དུ་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར ་ཅིང་འུས་ཏེ་གཏན་ལ་ཕབ་པའོ།། །། ། རྒྱ་གར་སྐད་དུ། བོ་དྷི་སཏྭ་མ་ཛྙཱ་བ་ལི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ནོང་བུའི་ཕྲེང་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚའོ།། དད་པའི་ལྷ་ལ་ཕྱག་འཚལ་ལོ།། ཐེ་ཚོམ་ཐེ་མོསེཾ ་