CLOSE WINDOW

GT3385: snying po bsdu pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཤུས་ཆེན་གྱི་ལོ་ཙྪ་བ~ཾ་དགེ་སློང་ཚུལ་ཁྲིམས་རྒྱལ་པོས་ལྷས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། སཾ་གྲ་ཧ་གརྦྷ་ནཱ་མ། བོད་སྐད་དུ། ་སྙིང་པོ་བསྡུ་པོ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ།། ཁམས་གསུམ་སྡུག་བསྔལ་རྒྱ་མཆིཆེ་ཆེའི།། དབའ་རླབས་ཤིན་ཏུ་འཁྲུགས་པ་ནི།། དགེ་དང་མི་དགེ་ལ་སོགས་པའི།། ཟག་བཅས་ལས་ལས་ངེས་པར་འབྱུང་།། དེ་དག་ཆགས་སྡང་ལ ་རིགས་པའི།། ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། དེ་དག་འབྱུང་བའི་རྒྱུ་ཉིད་ཀྱང་།། ཡིད་དུ་འོང་དང་མི་འོངས་སོགས།། གཉི་སུ་འཛིན་པ་འདི་ལས་བྱུང་།། ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི།། རྟག་དང་ཁྱབ་དང་གཅིག་པུ་སོགས།། དངོས་པོར་འཛིན་པའི་གདོན་ཡིན་ཏེ།། ་དེ་བས་སྐལ་ལྡན་སྐྱེས་བུ་ནི།། བདག་གཞན་གྲོལ་བ་དོན་གཉེར་བས།། རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི།། རིགས་པ་གང་ལ་གོམས་པ་ཡིས།། དངོས་པོར་འཛིན་པ་བཟློག་པར་བྱ།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན།། མཚན་མ་ཐམས་ཅད་དང་བྲལ་བའི།། ནམ ་མཁའ་ལྟ་བུར་ཤེས་བྱས་ལ།། དངོས་འཛིན་གདོན་གྱིས་བརླམས་པ་ཡི།། འགྲོ་ཀུན་ཡུལ་དུ་བྱས་ནས་ནི།། སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པ།། སྙིང་རྗེ་ཆེན་པོ་སྔོན་འགྲོ་བས།། བདག་གཞན་དོན་ཀུན་འབྱུང་བ་ཡི།། རིན་ཆེན་བྱང་ཆུབ་སེམས་བསྐྱེད་པ།། བྱང་ཆུབ ་སྤྱོད་པ་རླབས་ཆེན་པོ།། ཕ་རོལ་ཕྱིན་དྲུག་ལ་སོགས་ལ།། མཉམ་གཞག་ལངས་པའི་སྦྱོར་བོ་ཡིད།། ལམ་ལྔ་རིམ་གྱིས་བགྲོད་བྱས་ཏེ།། སྒྲིབ་པ་རྣམ་གཉིས་བསལ་བྱས་ནས།། ཚེགས་གཉིས་ཡོངསུ་རྫོགས་པ་ལས།། འབྲས་བུ་སྐུ་གསུམ་བསྒྲུབ་པར་བྱ།། ་སྐུ་གསུམ་འབྱུང་བའི་མཚན་ཉིད་ཀྱང་།། སྟོང་ཉིད་ན་མཁའ་ལྟ་བུ་ལས།། བཙལ་མེད་ཐུགས་རྗེའི་སྤྲིན་འབྱུང་ཞིང་།། སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱི་ས།། ཁམས་གསུམ་ཐ་བའི་རྒྱུད་བརྙན་ཏེ།། བྱང་ཆུབ་སྙིང་པོའི་ས་བོན་ལས།། དགེ་བའི་ལོ་ཏོག་སྨིན་པར ་འགྱུར།། སངས་རྒྱས་ཀུན་གྱི་སྙིང་པོ་དེ།། འདི་ནི་སྙིང་པོ་བསྡུས་པ་ཡིན།། ཐ་མིའི་དུས་སུ་གྱུར་པས་ན།། ཚེ་ཐུང་ནད་མང་ལོངས་སྤྱོད་དམན།། རྐྱེན་ངན་པར་ཆད་མང་བ་ཡིས།། ཡུན་རིང་གནས་པའི་མཐུ་མེད་པས།། ཚིག་རྗེས་བཅད་པར་མི་ནུས་ཀྱིས།། བཤེས ་གཉེན་དམ་པ་བསྟན་བྱས་ཏེ།། ཤིན་ཏུ་བརྩོན་པའི་སེམས་ལྡན་པས།། གཡང་ས་རབ་ཏུ་དྲན་བྱ་སྟེ།། བདག་གཞན་གྲོལ་བར་བྱ་བའི་ཕྱིར། སྙིང་པོ་མྱུར་དུ་བསྡུ་བ་ཡིན།། བརྩེ་བས་འདི་བྱས་བསོད་ནམས་ཀྱིས།། སྐལ་ངན་སེམས་ཅན་ཐམས་ཅད་ཀྱང་། བྱང་ཆུབ ་སེམས་དང་ལྡན་གྱུར་ནས།། རླུང་པོ་མྱུར་དུ་དྲུད་ག། བཅཝ་ག་ནས་བྱ་སློང་དཔོན་མོ་ལ་མ་མ་མཛད་པོ་ནས་ཀྱིས་མཛད་པ་རྫོགས་པ་ཏན་ཉིད་དང་། མན་བ་དགེ་སློང་ཚུལ་མ ་འབྱུང་གནས་ཞི་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོའོ།། ། རྒྱ་གར་སྐད་དུ། ཧྲྀ་ད་ཡ་ནི་ཀྲིབ་ཏ་ནཱ་མ། བོད་སྐད་དུ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། མངོན་མཐོ་ངེས ་