| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་ག། བོད་སྐད ་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་སེམས་དཔའ ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང་། ་དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ།། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས།། བྱང་ཆུབ་ལམ ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ།། ཆུང་ངུ་འདིང་དང་མཆོག་གྱུར་པས།། སྐྱེས་བུ་གསུམ་དུ་ཤེས་པར་བྱ།། དེ་དག་མཚན་ཉིད ་རབ་གསལ་ག། སོ་སོའི་དབྱེ་བ་བྲི་བར་བྱ།། གང་གི་ཐབས་ནི་གང་དག་གིས།། འཁོར་བའི་བདེ་བ་ཙམ་དག་ལ།། རང་ཉིད་དོན་དུ་གཉེར་བྱེད་པ།། དེ་ནི་སྐྱེས་བུ་ཐ་མར་ཤེས།། སྲིད ་པའི་བདེ་ལ་རྒྱབ་ཕྱོགས་ཤིང་།། སྡིག་པའི་ལས་ལས་ལྡོག་བདག་ཉིད།། གང་ཞིག་རང་དོན་ཙམ་དོན་གཉེར།། སྐྱེས་བུ་དེ་ནི་འབྲིང་ཞེས་བྱ།། རང་རྒྱུ་གཏོགས་པའི་སྡུག་བསྔལ ་གྱིས།། གང་ཞིག་གཞན་གྱི་སྡུག་བསྔལ་ཀུན།། ཡང་དག་ཟད་པར་ཀུན་ནས་འདོད།། སྐྱེས་བུ་དེ་ནི་མཆོག་ཡིན་ནོ།། སེམས་ཅན་དམ་པོ་བྱང་ཆུབ་མཆོག། འདོད་པར་གྱུར་པ ་དེ་དག་ལ།། བླ་མ་རྣམས་ཀྱིས་བསྟན་པ་ཡི།། ཡང་དག་ཐབས་ནི་བཤད་པར་བྱ།། རྫོགས་སངས་བྲིས་ན་སྐུ་ལ་སོགས་དང་།། མཆོད་རྟེན་དམ་པ་མངོན་ཕྱོགས ་ཕྱོགས་ནས།། མེ་ཏོག་བདུག་སྤོས་དངོས་པོ་དག། ཅི་འབྱོར་པ་ཡིས་མཆོད་པར་བྱ།། ཀུན་བཟང་སྤྱོད་ལས་གསུངས་པ་ཡི།། མཆོད་པ་རྣམ་པ་བདུན་དག་ཀྱང་།། བྱང་ཆུབ་སྙིང་པོའི་མཐར་ཐུག་པར།། མི་ལྡོག ་པ་ཡི་སེམས་དག་གིས།། དཀོན་མཆོག་གསུམ་ལ་རབ་དད་ཅིང་།། པུས་མོའི་ལྷོ་ང་སར་བཙུགས་ནས།། ཟོལ་མོ་སྦྱར་བ་བྱས་ནས་ནི།། དང་པོར་སྐྱབས་འགྲོ་ལན་གསུམ་བྱ།། དེ་ནས་སེམས་ཅན་ཐམས་ཅད་ལ།། ཕྱིའི་ཅོ་ནི་སྔོན ་འགྲོ་བས།། ངན་སོང་གསུམ་དང་སྐྱེ་སོགས་དང་།། འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི།། འགྲོ་བ་མ་ལུས་ལ་བལྟོས་ཏེ།། སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ།། སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས།། འགྲོ་བ་བར ་བར་འདོད་པ་ཡིས།། ལྡོག་པ་མེད་བོར་དམ་འཆའ་བའི།། བྱང་ཆུབ་སེམས་ནི་བསྐྱེད་པར་བྱ།། དེ་ལྟར་སྨོན་པའི་སེམས་དག་ནི།། བསྐྱེད་པའི་ཡོན་ཏན་གང་ཡིན་པ།། དེ་ནི་སྡོང་པོ་བཀོད་པ་ཡི།། མདོ་ལས་བྱམས་པས་རབ་ཏུ་བཤད ་དེ་ཡིས་མདོ་ཀློག་པ་འམ་བླ་མཱ་ལ་མཉན་ཏེ།། རྫོགས་པའི་བྱང་ཆུབ་སྙེམས་ཀྱི་ཡོན་ཏན་མཐའ་མེད་པ། རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ།། དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ།། དཔས་སྦྱིན་གྱིས ་ཞུས་མདོ་ངག་ལས།། འདི་ཡི་བསོད་ནམས་རབ་བསྟན་པ།། གང་དེ་ཚིག་བཅད་གསུམ་ཙམ་དུ།། མདོར་བསྡུས་འདིར་ནི་བྲི་བར་བྱ།། བྱང་ཆུབ་སེམས་ཀྱི་བསི་ནམས་གང་།། དེ་ལ་གལེ་ཏེ་གཟུགས་མོ་ཆེས་ནོ།། ན་མཁའི་ཁམས་ནི ་ཀུན་གང་བྱ།། དན་དེ་བས་ལྷག་པར་འགྱུར།། གཎྜཱི་བྱེ་མའི་གྲངས་སྙེད་ཀྱི།། སངས་རྒྱས་ཞིང་རྣམས་མི་གྲང་གྲོས།། རན་ཆེན་དག་གིས་ཀུན་བཀད་སྟེ།། འཇིག་རྟེན་མགོན་ལ་ཕུལ་བ་བས།། གང་གིས་ཐལ་མོ་སྦྱར་བགྱི་སྟེ།། བྱང་ཆུབ་དུ་ནི་སེམས་བཏུད ་ན། མཆོད་པ་དེ་ནི་ཁྱད་པར་འཕགས།། དེ་ལ་མཐའ་ནི་མ་མཆིས་སོ།། བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི།། འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང་།། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ།། ཇི་སྐད་བཤད་པའི་བསླང་པའང་ཡོངས་སུ ་བསྲུང་།། འཇུག་སེམས་བདག་ཉིད་སྡོམ་པ་གཏོགས་པར།། ཡང་དག་སྨོན་པོ་འཕེལ་བར་འགྱུར་མ་ཡིན།། རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པས།། དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང་།། སོ་སོར་ཐར་པ་རིས་བདུན་གྱི།། རྟག་ཏུ ་སྡོམ་གཞན་ལྡན་པ་དག། བྱང་ཆུབ་སེམས་དཔའི་སྡོམ་པ་ཡི།། སྐལ་བ་ཡོད་ཀྱི་གཞན་དུ་མིན།། སོ་སོར་ཐར་པ་རིས་བདུན་དུ།། དེ་བཞིན་གཤེགས་པས་བཤད་པ་ལ།། ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ།། དགེ་སློང་སྡོམ་པ་དག་ཏུ་བཞེད ་བྱང་ཆུབ་སེམས་དཔའི་ས་དག་གིས།། ཚུལ་ཁྲིམས་ལེའུར་གསུངས་ཆོ་ག་ཡིས།། ཡང་དག་མཚན་ཉིད་ལྡན་པ་ཡི།། བླ་མ་བཟང་ལས་སྡོམ་པ་བླངས།། སྡོམ་པའི་ཆོ་ག་ལ་མཁས་དང་།། བདག་ཉིད་གང་ཞིག་སྡོམ་ལ་གནས།། སྡོམ་པ ་འབོགས་བཟོད་སྙིང་རྗེར་ལྡན།། བླ་མ་བཟང་པོར་ཤེས་པར་བྱ།། དེ་ལ་འབད་པས་འདི་འདྲ་བའི།། གལ་ཏེ་བླ་མ་མ་རྙེད་ན།། དེ་ལ་གཞན་སྡོམ་ནོད་པ་ཡི།། ཆོ་ག་ཡང་དག་བཤད་པར་བྱ།། དེ་ལ་སྔོན་ཚེ་འཇམ་པའི་དཔལ།། ཨམྦ་རཱ་ཛར ་གྱུར་པ་ཡིས།། ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ།། འཇམ་དཔལ་མ་ནི་སངས་རྒྱས་ཞིང་།། རྒྱན་གྱི་མདོལས་བཤང་བ་ལྟར།། དེ་བཞིན་འདིར་ནི་རབ་གསལ་བྲི། མགོན་པོ་རྣམས་ཀྱི་སྤྱན་སྔ་མུ།། རྫོགས་པའི་བྱང་ཆུབ་སེམས ་བསྐྱེད་ཅིང་།། འགྲོ་བ་ཐམས་ཅད་འགྲོན་དུ་གཉེར།། དེ་དག་འཁོར་པོ་ལས་བསྒྲལ་ལོ།། གནོད་སེམས་ཁྲོ་བའི་སེམས་ཉིད་དང་།། སེར་སྣ་དང་ནི་ཕྲག་དོག་ཉིད།། དེང་ནས་བཟུང་ནས་བྱང་ཆུབ་མཆོག། ཐོབ་ཀྱི་བར་དུ་མི་བྱའོ།། ཚངས་པར་སྤྱོད་པ་སྤྱད ་བྱ་ཞིང་།། སྡིག་དང་འདོད་པ་སྤང་བར་བྱ།། ཚུལ་ཁྲིམས་སྡོམ་པ་ལ་དགའ་བས།། སངས་རྒྱས་རྗེས་སུ་བསླབ་པར་བྱ།། བདག་ཉིད་མྱུར་བའི་ཚུལ་གྱིས་ནི།། བྱང་ཆུབ་ཐོབ་པར་མོ་སྤྲོ་ཞིང་།། སེམས་ཅན་གཅིག་གི་རྒྱུ་ཡིས་ནི།། ཕྱི་མའི་མུ་མཐར ་གནས་པར་བགྱི།། ཚད་མེད་བསམ་གྱིས་མི་ཁྱབ་པའི།། ཞིང་དག་རྣམ་པར་སྦྱང་བར་བྱ།། མིང་ནས་བཟུང་དུ་ངེས་པ་དང་།། ཕྱོགས་བཅུ་དག་ཏུ་རྣམ་པར་གནས།། བདག་གི་ལུས་དང་ངག་གི་ལས།། ཐམས་ཅད་དུ་ནི་དག་པར་བྱ།། ཡིད་ཀྱི་ལས ་ཀྱང་དག་བྱ་སྟེ།། མི་དགེའི་ལས་རྣམས་མི་བྱའོ།། རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ།། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས།། ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་པས།། ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས ་ཆེར་འགྱུར།། དེ་བས་རྣམ་དག་རྫོགས་དང་ཆུ་།། སེམས་དཔའི་སྡོམ་པའི་སྡོམ་དག་ནི།། འབད་པས་བྱས་པས་རྫོགས་བྱང་ཆུབ།། ཆོ་གའི་ཡོངས་སུ་རྫོགས་པར་འགྱུར།། བསོད་ནམས་ཡེ་ཤེས་རང་བཞིན་གྱིས།། ཚོགས་ནི་ཡོངས་སུ ་རྫོགས་པ་མ།། རྒྱུ་ནི་སངས་རྒྱས་ཐམས་ཅད་ངམ། མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད་།། ཇི་ལྟར་འདབ་གང་ཤོག་མ་སྐྱེས་པའོ།། བྱ་མ་མཁའ་ལ་འཕུར་མ་ནུས།། དེ་བཞིན་མངན་ཤས་རྦཱ་ས་བྲལ་བས།། སེམས་ཅན་དོན་བྱེད་ནུས་མ་ཡིན།། མངོན ་ཤེས་ལྡན་པའི་ཅན་མཚན་གྱིས།། བསོད་ནམས་ངག་ནི་གང་ཡིན་ཏེ།། མངོར་ཤེས་དག་བདྲ་འགྱུར་ལ།། སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན།། མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས།། ཡོངས་སུ་རྫོགས་པར་འདོད་གྱུར་པ།། དེས་ནི་བྱང་འབང་པ་མངོན་ཤེས ་དག། འགྲུབ་པར་འགྱུར་གྱིས་ལི་ལོས་མིན།། ཞི་གནས་གྲུབ་པ་མ་ཡིན་པས།། མངོན་ཤེས་འབྱུང་བར་མི་འགྱུར་བས།། དེ་ཕྱིར་ཞི་གནས་བསྒྲུབ་པའི་ཕྱིར།། ཡང་དང་ཡང་དུ་འབད་པར་བྱ།། ཞི་གནས་ཡན་ལག་རྣམ་ཉམས་པས།། རབ་ཏུ་འབད་དེ་བསྒོམ ་བྱས་ཀྱང་།། ལོ་ནི་སྟོང་ཕྲག་དག་གིས་ཀྱང་།། ཏིང་འཛིན་འགྲུབ་པར་མི་འགྱུར་རོ།། དེ་ཕྱིར་ཏིང་འཛིན་ཚེགས་ལེའུ་ལས།། གསུངས་པའི་ཡན་ལག་ལ་ལེགས་གནས།། དམིགས་པ་གང་རུང་ཅིག་དག་ལ།། ཡིད་ནི་དགེ་ལ་བཞག་པར་བྱ།། རྣལ་འབྱོར་ཞི ་གནས་གྲུབ་གྱུར་ན།། མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང་།། བྲལ་བས་སྒྲིབ་པ་ཟད་མི་འགྱུར།། དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི།། སྒྲིབ་པ་མ་ལུས་སྤང་བའི་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར།། རྟག་ཏུ ་ཐབས་བཅས་བསྒོམ་པར་བྱ།། ཐབས་དང་བྲལ་བའི་ཤེས་རབ་དང་།། ཤེས་རབ་བྲལ་བའི་ཐབས་དག་ཀྱང་།། གང་ཕྱིར་འཆིང་བ་ཞེས་གསུངས་པ།། དེ་ཕྱིར་གཉིས་ཀ་སྤང་མི་བྱ།། ཤེས་རབ་གང་ཐབས་གང་ཞེས།། ཐེ་ཚོམ་དག་ནི་སྤང་བྱའི་ཕྱིར།། ་ཐབས་རྣམས་དང་ནི་ཤེས་རབ་ཀྱི།། ཡང་དག་དབྱེ་བ་གསལ་བར་བྱ།། ཤེས་རབ་ཕ་རོལ་ཏུ་ཕྱིན་སྤངས་པའི།། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས།། དགེ་བའི་ཚོགས་རྣམས་ཐམས་ཅད་དག། རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད།། ་ཐབས་བསྒོམས་དབང་གི་ཀ་ཉིད་ཀྱི།། གང་ཞིག་ཤེས་རབ་རྣམ་བསྒོམ་པ།། དེས་ནི་བྱང་ཆུབ་མྱུར་དུ་འཐོབ།། བདག་མེད་གཅོག་པུ་བསྒོམས་པས་མིན།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། སྐྱེ་བ་མེད་པར་རྟོགས་གྱུར་པའི།། རང་བཞིན་སྟོང་ཉིད ་པ་ནི། ཤེས་རབ་ཅེས་ནི་ཡོངས་སུ་བཤད།། ཡོད་པ་སྐྱེ་བ་རིགས་མིན་ཏེ།། མེད་པའང་ན་མཁའི་མེ་ཏོག་བཞིན།། ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར།། གཉིས་ཀ་དག་ཀྱང་འབྱུང་བ་མིན།། དངོས་པོ་རང་ལས་མི་སྐྱེ་ཞིང་།། གཞན་དང་གཉིས་ཀ ་ལས་ཀྱང་མིན།། རྒྱུ་མེད་ལས་མིན་དེ་ཡི་ཕྱིར།། ངོ་བོ་ཉིད་ཀྱི་རང་བཞིན་མེད།། ཡང་ན་ཆོས་རྣམས་ཐམས་ཅད་དག། གཅིག་དང་དུ་མས་རྣམ་དཔྱད་ན།། ངོ་བོ་ཉིད་ནི་མི་དམིགས་པས།། རང་བཞིན་མེད་པ་ཉིད་དུ་ངེས།། སྟོང་ཉིད་བདུན་ཅུའི་རིགས་པ་དང་། ་དབུ་མ་རྩ་བ་སོགས་ལས་ཀྱང་།། དངོས་པོ་རྣམས་ཀྱི་རང་བཞིན་གྱིས།། སྟོང་པ་ཉིད་ནི་གྲུབ་བཤད་པ།། གང་ཕྱིར་གཞུང་ནི་མངས་འགྱུར་བས།། དེ་ཕྱིར་འདིར་ནི་མ་སྤྲོས་ལ།། གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ།། བསྒྲིམ་པའི་ཕྱིར་ནི་རབ་ཏུ་བཤད།། ་དེ་བས་ཆོས་རྣམས་མ་ལུས་པའི།། རང་བཞིན་དག་ནི་མི་དམིགས་པས།། བདག་མེད་པ་ནི་སྒོམ་གང་ཡིན།། དེ་ཉིད་ཤེས་རབ་བསྒོམ་པ་ཡིན།། ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན།། གང་གི་རང་བཞིན་མ་མཐོང་ཞིང་།། ཤེས་རབ་དེ་ཉིད་རིག ་བཤད་པ།། རྣམ་རྟོག་མེད་པར་དེ་བསྒོམ་བྱ།། རྣམ་རྟོག་ལས་བྱུང་སྲིད་པ་འདི།། རྣམ་པར་རྟོག་པའི་བདག་ཉིད་དེ།། དེ་ཕྱིར་མ་ལུས་རྟོག་སྤངས་པ།། མྱ་ངན་འདས་པ་མཆོག་ཡིན་ནོ།། དེ་ལྟར་ཡང་ནི་བཅོམ་ལྡན་གྱིས།། རྣམ་རྟོག་མ་རིག་ཆེན་པོ་སྟེ།། འཁོར ་བའི་རྒྱ་མཚོར་ལྟུང་བར་བྱེད།། རྟོག་མེད་ཏིང་འཛིན་ལ་གནས་པས།། ནམ་མཁའ་བཞིན་དུ་རྟོག་མེད་གསལ།། ཞེས་གསུངས་སོ།། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང་།། དམ་ཆོས་འདི་ལ་རྒྱལ་བའི་སྲས།། རྣམ་པར་མི་རྟོག་བསམས་གྱུར་ན།། ་རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ།། རིམ་གྱིས་མི་རྟོག་ཐོབ་པར་འགྱུར།། ཞེས་གསུངས་སོ།། ལུང་དང་རིགས་པ་དག་གིས་ནི།། ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི།། རང་བཞིན་མེད་པ་ངེས་བྱས་ནས།། རྣམ་པར་རྟོག་མེད་བསྒོམ་པར་བྱ།། དེ་ལྟར་དེ་ཉིད་། ་བསྒོམ་བྱས་ནས།། རིམ་གྱིས་དྲོད་སོགས་ཐོབ་བྱས་ནས།། རབ་དགའ་ལ་སོགས་ཐོབ་འགྱུར་ཏེ།། སངས་རྒྱས་བྱང་ཆུབ་ཡུན་ནི་རིང་།། སྔགས་མཐུ་ཉིད་ལས་གྲུབ་པ་ཡི།། ཞི་དང་རྒྱས་སོགས་ལས་རྣམས་ཀྱིས།། བུམ་པ་བཟང་པོ་གྲུབ་ལ་སོགས་པ།། ་གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང་།། བདེན་པ་ཡི་ནི་བྱང་ཆུབ་ཚོགས།། ཡོངསུ་རྫོགས་པར་འདོད་པ་དང་།། བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི།། གལ་ཏེ་གསང་སྔགས་སྤྱོད་འདོད་ན།། དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར།། བསྙེན་བཀུར ་རིན་ཆེན་སོགས་སྦྱིན་དང་།། བཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས།། བླ་མ་དམ་པ་མཉེས་པར་བྱ།། བླ་མ་མཉེས་པར་གྱུར་པ་ཡིས།། ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས།། སྡིག་ཀུན་རྣམ་དག་བདག་ཉིད་ནི།། དངོས་གྲུབ་སྒྲུབ་པའི་སྐལ་ལྡན ་འགྱུར།། དང་བློ་སངས་རྒྱས་རྒྱུད་ཆེན་ལས།། རབ་ཏུ་འབད་པས་བཀག་པའི་ཕྱིར།། གསང་བ་ཤེས་རབ་དབང་བསྐུར་མ།། ཆུངས་པར་སྤྱོང་བས་དྷཱད་ནྱ་བྱ།། གལ་ཏེ་དབང་བསྐུར་རྡོ་ན་རྫུན་ན།། རྨས་སྤྱོད་ད་ཀན་ཐུབ་མ་གྷ་ནས་བྷཱས?། ་བཀག་པ་སྤྱད་པར་གྱུར་པའི་ཕྱིར།། དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ།། བརྟུལ་ཞུགས་ཅན་དེ་ཕམ་པ་ཡི།། ལྟུང་བ་དག་ནི་འབྱུང་འགྱུར་ཞིང་།། དེ་ནི་ངན་སོང་ངེས་ལྟུང་བས།། གྲུབ་པ་ནམ་ཡིང་ཡོད་མ་ཡིན།། རྒྱུད་ཀུན་ཉན་དང་འཚོད་པ་དང་།། སྤྱི་སྲེག ་མཆོག་སྦྱིན་སོགས་བྱེད་པ།། སློབ་དཔོན་དབང་བསྐུར་རྙེད་གྱུར་ཅིང་།། དེ་ཉིད་རིག་ལས་ཉེས་པ་མེད།། གནས་བརྟན་མར་མེ་མཛད་དཔལ་གྱིས།། མདོ་སོགས་ཆོས་ལས་བཤད་མཐོང་བྱ།། བྱང་ཆུབ་འོད་ཀྱིས་གསོལ་བཱཏབ་ནས།། བྱང་ཆུབ་ལམ ་ས་ས། བྱང་ཆུབ་ལ་བྷྲཱུ~ཾ་ཙྪིན་མ་སློབ་མོ་ཆེན་པོ་དང་ལ་མར་མེ་མཛད་མྱི་ཤིས་ཀྱིས་མཛུད་པ་རྫོགས་།། རྨུག་ས་དི་ཧཱུ~ཾ། རྐྱེན་གྱི་ཡོ་ན་པ་ག ་བསྒྱུར་ཅིང་ཞུས་ཏེ་གཏོན་ལ་ཕབ་པ། ཆོས་འདི་ནི་ཞང་ཞུང་གི་པོ་ལྡིང་གཙུག་ལག་ཁང་དུ་མཛད་དོ།། རྒྱ་གར་སྐད་དུཙཨཱརྱ་སཾ་གྲ་ཧ་པྲ་དཱི་པཾ། བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ། ་