CLOSE WINDOW

GT3379: kha ton dang glegs bam bklag pa'i sngon du bya ba'i cho ga
Wyliee-texts produced with BDRC’s OCR application

@ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཨ་ཏུ་ལྱ་དཱ་ས་དང་། ཞུ་ཆེན་གྱི་ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ། ཏོད་ཟླ་ས་རློག་པ་རྗོན་དུ་རྒྱ་ན་འནས། ་ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དང་པོ་རེ་ཞིག་བྱང་ཆུབ་སེམས་དཔའ་ཆོས་ཨོཾ་བ་ཏོན་དུ་བྱ་བར་འདོད་པ་དང་། གླེགས་བམ་དུ་བྱ་བ་ཀློག ་པར་འདོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་སྟེ། ཡིད་ཀྱིས་ཀུན་དུ་དམིགས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད ་བའི་སྨོན་ལམ་གྱི་ཆོག། ཕྱག་བཙལ་བ་ལ་སོགས་པ་ཡན་ལག་བདུན་གྱི་ཚུལ་དུ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ།། དེའི་རྗེས་ལ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག་སྟེ། ཡང་དག་པའི་ལྷག ་བའི་བསམ་པས་དེ་ལྟར་བསམས་པའི་རྗེས་ལ། ཚིག་ལན་གསུམ་བརྗོད་པར་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཚིག་གཅིག་གི་དོན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ཡང་ཡིན་ན། འོན་ཀྱང་བདག་ནི་རང ་གི་ལས་ཀྱིས་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞན་ཏེ། དེ་ལྟ་ཡིན་དུ་ཟིན་ཀྱང་། གོང་བཅོམ་ལྡན་འདས་ཀྱི་གསུང་རབ་བཟུང་ནས་དེ་བདག་གི་ཁ་ཏེན་བྱས་ཏེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་གི་རྣ་ལམ་དུ་གྲགས་པ་དེ། དེ་བཞིན་གཤེགས ་འི་སྤོབས་པ་ཐོབ་པར་གྱུར་པར་གྱུར་ཅིག། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚིག་གཅིག་གི་ངན་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་ཡང་ཡིན་ན། འོན་ཀྱང་བདག་ནི་རང་གི་ལས་ཀྱིས་ཉེས་པས་ཤེས ་ཆུང་ཞིང་བྲོ་ཞན་ཏེ། དེ་ལྟར་ཡིན་དུ་ཟིན་ཀྱང་། གང་བདག་གིས་གྲོགས་བམ་དུ་བྱས་པའི་ཆོས་བཀླག་པར་བྱ་སྟེ། ཆོས་ཀྱི་སྒྲ་དེ་སེམས་ཅན་གང་རྣམས་ཀྱི་རྣ་ལམ་དུ་གྲགས་པ་དེ་དག། དེ་བཞིན་གཤེགས ་པའི་སྐབས་འཐོབ་པར་གྱུར་ཅིག། ཅེས་ལན་གསུམ་དུ་བརྗོད་པར་བྱ།། དང་གླེགས་བམ་པ། ག་པའི་ཆོ་ག་སློའི་དབེན་མཁས་པ་ཆེན་པོ་དཔལ་མར་མི་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་