CLOSE WINDOW

GT3375: byang chub sems dpa'i lam gyi rim pa mdor bsdus pa
Wyliee-texts produced with BDRC’s OCR application

ཆེན་པོ་ཤཱཀྱ་ཤྲཱི་བྷ་དྷུས་མཛད་པ་རྫོགས་སོ།། པཛྲོ་ཏ་ཆེན་པོ་དེ་ཉིད་དང་། བོད་ཀྱི་ལ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ས་མ་ཀྱི་ཀྱི་མ་ལ་མངས་སུ་པ་ས ་རྒྱ་གར་སྐད་དུ། བི་དྷི་སཏྭ་སྱ་མརྒ་ཀྲ་མ་སཾ་གྲ་ཧ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་མདོར་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སྐུ་གསུམ་བདག་ཉིད་ཀུན་ཁྱབ ་རྟག། ཡེ་ཤེས་ཐུགས་རྗེ་དབྱེར་མེད་པས།། སེམས་ཅན་དོན་ཀུན་བསྒྲུབ་མཛད་པ།། རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ།། གདུལ་བྱའི་སྐྱེ་བོ་རྗེས་བཟུང་ཕྱིར།། བྱམས་དཔལ་ལོ་ཙཱིས་རབ་བསྐུལ་བས།། རྒྱལ་སྲས་ལམ་རིམ་མདོར ་བསྡུས་ནི།། བདག་གིས་ཇི་ལྷོར་བཟོད་ལྟར་བརྗོད།། ཐོག་མར་བཤེས་གཉེན་བསྟེན་བྱ་སྟེ།། དེ་ཡི་ལེགས་སྤྱད་ཡོན་ཏན་བླང་།། དེ་ཡང་སེམས་ཅན་དོན་བཙུན་ནུས།། ཤེསོ་སོགས་ཡོན་ཏན་ཕ་རོལ་ཕྱིན།། ཕུན་ཚོགས་ངལ་བ་མྱུར་དུ་འཇིག། ་ལས་དང་དེ་འབྲས་སྡུག་བསྔལ་ཡིན།། དེ་སྤོང་ཤེས་རབ་སྙིང་རྩེ་བསྒོམ།། ཀུན་མཁྱེན་བསྟན་པའི་སྙིང་པོའོ།། མི་ཁོམ་བརྒྱད་སྤངས་འབྱོར་བཅས་པའི།། ངལ་བ་ཕུན་ཚོགས་རྙེད་དཀའ་སྟེ།། རྒྱ་མཚོ་ཆེ་རོ་ཡངས་ཤིང་བུག་ཏུ།། རུས་སྦལ་མགྲིན ་ཆུང་དང་མཚུངས་གསུངས།། དེ་ཡང་མི་རྟག་མདུན་གནས་ཏེ།། སྐད་ཅིག་མི་སྡོང་རྣམ་པར་འཇིག། འདུ་བྱེད་སྡུག་བསྔལ་རང་བཞིན་འདིར།། ཆོས་དང་གང་ཟག་བདག་མེད་ཉིད།། དེ་བཞིན་ཉོན་མོངས་ཉེ་ཉོན་མོངས ་ལུས་ངག་ཡིད་ཀྱིས་བསྐྱེད་པ་ཡི།། དགེ་དང་མི་དགེ་ཀུན་འབྱུང་བ།། ལས་དང་ཉོན་མོངས་མིང་གིས་གདགས།། སྡིག་པས་ངན་འགྲོར་ལྷུང་འགྱུར་ཏེ།། སྡུག་བསྔལ་སྡུག་བསྔལ་འཐོབ་པར་འགྱུར།། དགེ་བས་ལྷ་དང་མིར་འཕེན་མོང་།། དེ་ཡང ་ཡོངས་འགྱུར་སྡུག་བསྔལ་ཉིད།། དེ་བས་སེམས་ཅན་དོན་སྒྲུབ་ཕྱིར།། བྱང་ཆུབ་སེམས་བསྐྱེད་དེ་ཡི་རྒྱུན།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། བསྒོམ་བྱ་ལམ་གྱི་མཆོག་ཡིན་ནོ།། ལུས་དང་ཚོར་བ་སེམས་དང་ཆོས།། ཕྱི་ནང་གཉིས་བདག ་ཚུལ་ལུས་ཀྱི།། མ་ཚན་ཉིད་རྗེས་རྟགས་མཉམ་འཇོག་པ།། དྲན་པ་ཉེ་བོར་གཞག་བཞི་པ་སྒོམ།། དགེ་ཆོས་བསྐྱེད་ཅིང་རྣམ་འཕེལ་དང་།། སྡིག་སེམོས་མི་སྐྱེད་ཉེར་འཇོམས་པ།། བདེ་གཤེགས་ཀྱིས་གསུངས་སྐྱོན་སེལ་ཕྱིར།། ཡང ་དགེ་སྤོང་བ་བཞི་རབ་བསྒྲགས།། འདུན་དང་བརྩོན་འགྲུས་སེམས་དང་ནི།། དཔྱོད་པའི་བྱེ་བྲག་གིས་ཕྱེ་བ།། མི་མཐུན་མཉེན་པོའི་ཕྱོགས་དབང་གིས།། རྫུ་འཕྲུལ་རྐང་པ་བཞིར་འདོད་དོ།། དྲང་དང་བརྩོན་འགྲུས་དྲན་པ་དང་།། ཏིང་འཛིན་ཤེས ་རབ་ཅེས་གྲགས་པ།། ཐར་པའི་རྒྱུ་ཡི་སྦྱོར་བ་ཡིས།། རྒྱལ་སྲས་དབང་པོ་ལྔ་རོ་གསུངས་སོ།། དད་སོགས་རྣམ་འཕེལ་ལྔ་ཐོབ་པ།། མི་མཐུན་ཕྱོགས་འཇོམས་ཟག་བཅས་དང་།། ཟག་པ་མེད་མཐའ་བསས་འདི་དག། སངས་རྒྱས་རྣམས ་ཀྱིས་སྟོབས་ཞེས་བསྟན།། དྲན་དང་ཤེས་རབ་འབྱེད་བརྩོན་འགྲུས།། དགའ་དང་ཤིན་ཏུ་སྦྱངས་པ་དང་།། ཏིང་ངེ་འཛིན་དང་བཏང་སྙོམས་རྣམས།། བྱང་ཆུབ་ཡན་ལག་བདུན་དུ་འདོད།། ཡང་དག་ལྡན་དང་རྟོག་པ་དང་།། ངག་དང་ལས ་མཐའ་འཚེ་བ་དང་།། བརྩོན་འགྲུས་དྲན་དང་ཏིང་འཛིན་ནི།། འཕགས་ལམ་ཡན་ལག་བརྒྱད་དུ་བཞེད།། སངས་རྒྱས་ཀུན་གྱི་བགྲོད་པའི་ལམ།། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན།། བློ་ལྡན་རྣམས་ཀྱིས་མཉན་རྗེས་སུ།། ཟབ་ཡང ་རྗེས་འབྲེངས་རྟག་ཏུ་བསྒོམ།། དེ་ལ་གསུམ་ནི་ཚོགས་ཀྱི་ལམ།། གཉིས་རིམ་ངེས་འབྱིན་ཡན་ལག་དང་།། བྱང་ཆུབ་ཡན་ལག་མཐོང་ལམ་སྟེ།། ཡན་ལག་བརྒྱད་ནི་བསྒོམ་ལམ་དུའོ།། སྡུག་བསྔལ་མེ་གསུམ་གྱིས་སྐྲག་པས ་སྐྱེ་བོ་འཁོར་བ་ལས་དབྱུང་ཕྱིར།། སྙིང་བརྩེ་བརྩོན་འགྲུས་དང་ལྡན་གྱིས།། སངས་རྒྱས་ཉིད་བསྒྲུབ་བློ་གྲོས་བསྐྱེད།། ཕུང་པོ་བདག་མིན་དེ་ལ་བདག། ལྡན་མིན་བདག་ཀྱང་དེ་མིན་ཏེ།། དེ་ལྡན་མ་ཡིན་བྱ་བྱེད་ཀྱིས།། མཐུན་དངོས ་མོན་བདག་སྟོང་པ་ཉིད།། ཁྱོབ་དང་རྟག་དང་བྱེད་པོ་དང་།། རང་དབང་ལོངས་སྤྱོད་ཆོས་ཉིད་ཅན།། བདག་ནི་ཕུང་པོ་དང་འགལ་བས།། དེ་ཕྱིར་དེ་གཅིག་ཇི་ལྟར་འགྲུབ།། བྱ་དང་བྱེད་པའི་དངོས་པོ་ནི།། རྟོག་ཏུ་ལྷན་ཅིག་སྲིད ་མ་ཡིན།། དེ་ཡང་དེ་ལྡན་མོ་ཡིན་པས།། དེ་ཡི་གཞན་ཕྱོགས་གསུམ་ཡང་ངོ་།། ཕུང་པོ་ཡང་དེར་རིགས་མིན་ཏེ།། དེ་ཡིས་དེ་ལྟར་འདོད་བྱས་ནས།། རྟག་ཏུ་ཐར་པ་ཐོབ་འགྱུར་ཏེ།། གཟུགས་སོགས་དངོས་བྲལ་མ ་ཕྱིར་རོ།། རྒྱུ་འདྲའི་ཕྱི་རོལ་གཟུང་དོན་མེད།། དེ་མེད་དེར་འཛིན་ཡོད་མ་ཡིན།། རྣམ་རིག་ཙམ་དེ་ཤེས་དེ་ཡང་།། གདོང་ནས་མ་སྐྱེས་དེ་བདག་མེད།། བརྩེ་བ་ཙམ་གྱིས་སྲིད་པར་འཕེན།། ཤེས་རབ་དམན ་བས་མྱ་ངན་འདའ།། དེ་ཕྱིར་ཕན་ཚུན་མཉམ་ལྡན་པས།། རྒྱལ་བས་བླ་མེད་ལམ་དུ་གསུངས།། ཐེ་གུ་ལས་སྦྲུལ་འདིར་བསལ་མེད།། ཐེ་གུའང་གསར་གཞག་ཅི་ཡང་མེད།། མར་མེས་ཐེ་གུ་ཡང་དག་མཐོང་།། དེ་མཐོང་འཇིགས་པ ་རྣམ་པར་སྤངས།། འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བའང་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ནས་རྣམ་གྲོལ་བཤད།། འདི་དག་དམན་པར་བསྒོམས་ན་ནི།། འཕགས་ལམ་བྱང་ཆུབ་དམན ་ཉིད་འཐོབ།། བསམས་སོགས་ཡང་ནི་དམན་ཉིད་ཀྱིས།། བདག་ཏུ་ལྟ་བ་སྤང་བར་བྱེད།། རྒྱ་ཆེན་འགྲོ་བའི་དོན་བསྒྲུབ་པས།། བྱང་ཆུབ་སེམས་དཔའ་ཉིད་ཁོ་ནས། སྐུ་གསུམ་བྱང་ཆུབ་འཐོབ་པར་འགྱུར།། བདག་གིས་འདི་བསྡུས ་བསོད་ནམས་ནི།། བསྐྲུན་གྱུར་གང་དེས་སྐྱེ་བོ་ཀུན།། རྫོགས་པའི་བྱང་ཆུབ་མཆོག་ཐོབ་ནས།། འགྲོ་ལ་བླདེ་སྦྱིན་པར་ཤོག། དགེ་སློང་ཤཱཀྱའི་དཔལ་བཟང་མིང་།། བདག་ཀྱང་གདུལ་བྱ་ལྷན་ཅིག་ཏུ།། བྱམས་མགོན་འཕགས་པའི་ཞབས ་པད་དྲུང་།། སྐྱེས་ནས་དེ་དགོངས་གསལ་བྱེད་ཤོག། བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་དེ་ཁོ་ན་ཉིད་བསྡུས་པ།། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་བྲལ་བའི་པཎྜི་ཏ་ཆེན་པོ། མ་བྱོན་པའི་སངས་རྒྱས་གསུམ་པར་ཡོངས་སུ་གྲགས ་ཡྻཱ་སྨཻ་\ུ0f88\ུ0f90ས་ཀྵི་བ་ཡང་བསྡུ་མ་དང་བ་རྫོགས་སུ། ནཱ་པནྡྷ་རྒྱུན་པ་དེཉྀད་དང་ཨཱརྦཱད་བྱཟླས་པའི་དཔལ་ལྡན་གྱིས་རྒྱུད་ནས་ལྔའི་གཙུག་ལག་ཁང་དུ་བསྐྲུན་པ་། ཤྩཥྨཎྜཱ་བྱུང་ཆུབས་དང་། ་ད་མ།། མྱེ་དེར་བསྡུས་རིམ་པ་ལེགས་མཐུན་པ་ཧཱུ~ཾ།། བསོད་ནམས་བདག་གིས་གང་བསྒྲུབས་དེས། འགྲོ་ཀུན་བ་གཤེགས་མྱུར་ཐོ་ཤིག། ལྔ་རིག་བརྟུལ་ཞུགས་དྲིའི་ཡང་རྣམ་པར་རླུང་།། བསྐྲུན་པའི་སྙིང་པོ་བསྲུ་པཱཥྚ ་མྱཛད་པ།། ཉི་འོག་ཁམས་ནས་ཚུངས་མེད་གཅིག་འ་འི།། གསུང་འདི་ཕྱོགས་སུ་ཉྩི་ལྟར་རྒྱས་མྱུར་ཅི་འཐེག་པའི ་