| Wylie | e-texts produced with BDRC’s OCR application |
ཞུས་ཏེ་གཏན་ལ་ཕབ་བོ།། ། རྒྱ་གར་སྐད་དུ།། ཥ་ཊྭཱ~ཾ་ག་ས་རྀ་ཎཾ། བོད་སྐད་དུ། སྐྱབས་འགྲོ་ཡ་ན་ལག་དྲུག་པ། དཀོན་མ་པོ་ཆོ་ག་གསུམ་ལ་ཕྱག་འཚལ་ལོ།། སྐྱབསའགྲོ ་ཡོན་ལག་དྲུག་པ་བཤད། ཅིས་འགྲོ་དགོས་དང་ཡུལ་དུས་དང་། ཕན་ཡོན་བསླབ་བྱ་བླང་བ་རྣམས།། རྩོ་བ་སྡོམ་དུ་བཤད་པ་ཡིན། འཇིགས་དང་ཡོན་ཏན་དྲན་པས་འགྲོ། གནས་གསུམ་བསྟན་པའི ་ཡུལ་དེ་ལ། འདི་ནས་བྱང་ཆུབ་ཐོབ་པར་རོ།། མུ་སྟེགས་སྤྱོད་ལས་ལོག་པ་ཡིན། གསུམ་དུ་མི་སྐྱེ་རྟེན་དུ་འགྱུརར། བར་ཆད་མེད་པས་ནད་མྱུང་རིང་། འབྱུང་ཞིང་སོགས་པའི་ཕན་ཡོན་ནི། སྐྱབས ་གསུམ་དང་པོའི་བསླབ་བྱ་ནི། གནོད་སྦྱིན་མི་བསྟེན་ཕྱག་མི་འཚལ།། གཉིས་པ་སེམས་ཅན་ཐམས་ཅད་ལ། འཚེ་བ་སྤང་ཞིང་བརྩེ་བར་བྱ། གསུམ་པོ་བདག་དང་གཞན་གྱི་ཡུལ།། སྡིག་པ་ཅན ་དང་འགྲོགས་པ་མིན།། སྐུ་གཟུགས་ཚིགས་སུ་བཅང་པོ་དང་། ལྡན་པ་སེར་པོ་བཏབ་པ་ལ། དང་མོས་སྒོ་ནས་བརྟན་པར་བརྟག། ཞལ་ནས་གསུངས་པ་མཐའ་དག་ལ། སྐུར་པ་མི་གདུབ་སྤྱི་བོར་བླང ་གང་ཟག་དག་དང་མ་དག་ལ། དམ་པར་བལྟ་བར་བྱ་བ་ཡིན།། ལུས་སྲོག་ཕྱིར་ཡང་གསུམ་མི་སྤང་། དུས་འདིར་རྐྱེན་ཡང་ཅི་བྱང་ཡང་། མགོན་སྐྱེབས་གཞན་དུ་བཙལ་བ་མིན། ཆེ་བའི་ཡོ་ན་ཏན་ཟད ་དག་གིས། རྟག་ཏུ་དྲན་ཅིང་མཆོད་པ་ཡིན། རྐྱེན་གྱི་སྟོབས་འགྲོ་བརྗོད་བྱ་བྱ། དུས་དྲུག་རྒྱུན་གྱིས་བསྐུལ་མ་ཡིན། བླང་བ་དང་པོར་ཤེས་བྱ་བ། འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། རྒྱུད་ལ་ཤེས ་བྱ་མང་མཆིས་ཀྱིང་།། རྒྱལ་བློན་ཡིད་ཆེས་མ་གྱུར་པས།། སྐྱབས་འགྲོའི་ཆོ་ག་པ་དག་གིས་བཤད་།། ལེགས་པར་བྲིས་ཤིག་ཀུ་མཱ་ར། བསོད་ནམས་འགྲོ་བ་ཡོངས་ལ་བསྔོ།། སྐྱབས་འགྲྀ་ཡན་ལག ་དྲུག་པ། སློབ་དཔོན་བི་མ་ལས་མཛད་པ་རྫོགས་སོ།། ། ལྟུང་བ་བཞགས་པའི་ཆོ་ག་པཎྜི་ཏ་དེ་བ་ཤཱནྟི་ས་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། ཨ་པཏྟི་དེ་ཤཱ་ན ་